CLOSE WINDOW

GT1086: dga' bcugs lnga pa
Wyliee-texts produced with BDRC’s OCR application

དགུ་སྒྱུ་མ་བཞིན་དངོས་མེད།། རྐྱེན་ལས་བྱུང་བར་རྟོགས་པའི་ཕྱིར།། མ་སྐྱེས་ཕྱིར་ན་རང་བཞིན་མེད།། རྣོན་ལས་བྱུང་བ་མི་འགག་ཉིད།། དངོས་དང་དངོས་མྱོད་ཉམས་པས་ནྱ།། ཟུང་དུ་འཇུག་པ་སྣང་བར་འགྱུར།། སྟོང་པ་སྣང་། ་རྗེ་གཅིག་གྱུར་པ།། རང་གི་རྟོགས་པས་བྱས་པ་མིན།། སྟོང་པ་ཉིད་དང་རབ་གསལ་བ།། རང་བཞིན་ཟུང་དུ་འཇུག་པ་ཉིད།། རྣམ་པ་ཀུན་མཆོག་རྒྱས་ལྡན་པའི།། ཟབ་མོ་གཉུག་མའི་སྙིང་པོ་ཉིད།། མངོན་སུམ་རིག་པ་སངས་རྒྱས་ཀྱིས།། མཆོད་པ་ལེགས ་སྦྱོར་བྱེད་པ་ཡིན།། ལུས་དང་ངག་དང་སེམས་ཀྱིས་ནི།། རྟག་ཏུ་བློ་བཟང་རབ་གནས་ན།། སྤྱོད་པ་བྱེད་དང་མི་བྱེད་ཀྱང་།། དེ་ལ་སྤྱོད་པ་བྱེད་ཅེས་བརྗིད།། ཟུང་དུ་འཇུག་པ་རབ་ཏུ་གསལ་བ་བསྟན་པ་ཞེས་བྱ་བ་སློབ་དཔོན་ཨ་བ་དྷཱུ་ཏཱིས་མཛད་པ ་རྫོགས་སོ།། ། བཛྲ་པཱ་ཎི་དང་། ནགས་ཆོས་བསྒྱུར་བའོ།། ། རྒྱོ་གར་སྐད་དུ། པྲི་ཎ་པཉྩ་ཀ། ཁོང་སྐད་དུ། དགའ་བཅུགས་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ།། སྣང་བ་མཚ ་ཏུ་བཅུགས་པ་ནི།། རྟེན་ཅིང་འབྲེལ་འབྱུང་ཙམ་ཉིད་དེ།། མེད་པར་འགྱུར་ན་སྟོང་པ་ཉིད།། འདོད་པ་མོ་དངོས་འཆིང་བར་འགྱུར།། སྟོང་ཉིད་ཤིན་ཏུ་མཆོག་གྱུར་པའི།། མཛའ་བོ་དཔེ་མེད་གཟུགས་ལྡན་གང་།། དེ་དང་རྒྱལ་བྱེད་ན་ནི།། དགའ་བ་དེ ་ཡི་གཙོ་བོ་བརླག་པར་འགྱུར།། དེ་ཕྱིར་དོགས་པས་ཁྱོ་ཤུགས་གཉིས།། བླ་མ་དམ་པའི་སྤྱན་སྔར་གནས།། དེ་ཡིས་དེ་དག་སྔོན་བཞིན་དུ།། དགའ་བས་ལྷན་ཅིག་བཙུགས་པར་མཛད།། ཨེ་མའོ་བླ་མ་མཆོག་མཁས་ནི།། འདི་ལྟ་བུ་ལ ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་