CLOSE WINDOW

GT1084: de kho na nyid bcu pa zhes bya ba
Wyliee-texts produced with BDRC’s OCR application

གནས་པ་གསལ་བར་བསྟན་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། ། བཛྲ་པཱ་ཎི་དང་། ནགས་ཆོས་བསྒྱུར་བའོ།། །། རྒྱུ་གར་སྐད་དུ། ཏཏྟ་ད་ཤ་ཀ་ནཱ་མ། ཁྱོད་སྐད་དུ།། དེ་ཁོ་ན་ཉ། ་བཅུ་པ་ཞེས་བྱ་གཱ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཡོད་དང་མེད་པའི་སྦྱོར་བས་ཀྱང་།། སྤངས་པ་གང་ཞིག་དྲི་མེད་པ།། བྱང་ཆུབ་རང་བཞིན་རྟོགས་པ་གང་།། དེ་བཞིན་ཉིད་དེ་ཕྱག་འཚལ་འདུད།། དེ་བཞིན་ཉིད་ནི་ཤེས་འདོད་པས ་རྣམ་བཅས་མ་ཡིན་རྣམ་མེད་མིན།། བླ་མའི་ངག་གིས་མ་བརྒྱན་པའི།། དབུ་མའང་འབྲིང་པོ་ཙམ་ཉིད་དོ།། དངོས་པོ་འདི་ནི་བྱང་ཆུབ་འགྱུར།། ཆགས་པ་སྤངས་པའི་རང་བཞིན་ཉིད།། འཁྲུལ་པ་ལས་ནི་ཆགས་པ་མེད་འགྱུར།། འཁྲུལ་པའང ་གནས་པ་མེད་པར་འདོད།། དེ་ཉིད་ཅི་ནས་དངོས་རང་བཞིན།། དངོས་པོ་དངོས་མེད་གང་ཡིན་པའོ།། དངོས་པོ་མེད་པའང་དངོས་པོར་འགྱུར།། རྒྱུ་དང་འབྲས་བུའི་རང་བཞིན་གྱིས།། དེ་ལྟར་ཆོས་རྣམས་རོ་གཅིག་སྟེ།། ཐོགས་པ་མེད་ཅིང་གནས ་མེད་པར།། ཇི་ལྟ་བ་ཡི་ཏིང་འཛིན་གྱིས།། འདི་དག་ཐམས་ཅད་འོད་གསལ་ཏེ།། ཇི་ལྟ་བ་ཡི་ཏིང་འཛིན་ཡང་།། རབ་ཏུ་འཇུག་པའི་སེམས་ཉིད་ཀྱིས།། གང་ཕྱིར་དེ་ཡི་གནས་རིག་པས།། དེ་ཉིད་རྒྱུན་མི་འཆང་ལས་སྐྱེས།། ཤེས་དང་ཤེས ་བྱ་རྣམ་བྲལ་བའོ།། འགྲོ་བ་ཉིད་ནི་གཉིས་མེད་འདོང་།། གཉིས་དང་བྲལ་བ་རློམ་པ་ཡང་།། དེ་ལྟར་འོད་གསལ་བ་ཉིད་དོ།། དེ་ལྟའི་དེ་ཉིད་ངེས་རྟོགས་ན།། ཇི་ལྟ་དེ་ལྟར་གང་དེ་ན།། རྣལ་འབྱོར་མིག་ནི་རྒྱས་འགྱུར་བས།། ཀུན་ཏུ་སེང་གེ་ཇི ་བཞིན་ནོ།། འཇིག་རྟེན་ཆོས་ལ་རྣམ་ལོག་འདིས།། སྨྱོན་པའི་སྤྱོད་པ་ལ་བརྟེན་ནས།། བདག་བྱིན་བརླབ་པས་རྣམ་བརྒྱན་ནས།། དམིགས་པ་མེད་པར་ཐམས་ཅད་བྱེད།། དྲི་མེད་དེ་ཉིད་གང་བསྟན་ཅིང་།། གཉིསུ་མེད་པར་གང་སྨྲས་པ།། མཉམ་དང་། ་མི་མཉམ་འདི་སྤངས་ནས།། བློ་ཆེན་རྣམས་ཀྱིས་རྟོགས་བྱའི་རིགས།། དེ་ཁོ་ན་ཉིད་བཅུ་པ།། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། བླ་མ་ཕྱག་ན་དང་། མཚུར་གྱིས་བསྒྱུར་བའོ།། ཕྱིས་ལོ་ཙ་བ་ཚུལ་ཁྲིམ་རྒྱལ་བས་བསྒྱུརརོ།། ་རྒྱ་གར་སྐད་དུ། ཛུ་ག་ན་དཱ་པྲ་ཀ་ས་ནཱ་མ། བོད་སྐད་དུ། ཟུང་དུ་འཇུག་པ་རབ་ཏུ་གསལ་བ་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་དྲང་གང་སྣང་དེ་དྲག་པར།། རྟོགས་པར་གྱུར་ན་མི་འགྱུར་ཉིད།། ་རྐྱེན་ལས་སྐྱེས་པ་དེ་འགྱུར་བ།། དེ་ཡང་རྐྱེན་ལས་དེ་མ་སྐྱེས།། གཟུགས་ལས་གཟུངས་ནི་ཡོད་མ་ཡིན།། མིག་ལ་ཡང་ནི་ཡོད་མ་ཡིན།། དེ་སྐྱེས་རྣམ་ཤེས་ལ་ཡང་མིན།། ཇི་ལྟར་གཙུབ་ཤིང་མི་སྟན་བཞིན།། གཙུབ་ཤིང་དང་ནི་གཙུ ་གཏན་དང་།། སྐྱེས་བུའི་ལག་པ་མ་བརྟེན་པར།། སྔོན་དུ་མོ་ནི་གྲུབ་པ་མེད།། དེ་ནི་འདི་དག་བརྟེན་ནས་འབྱུང་།། བདག་གི་བུ་བས་སྔར་རྨོངས་སམ།། འོན་ཏེ་བུ་ལས་རྨོངས་པར་འགྱུར།། བུ་ཉིད་ལ་ནི་སྔར་ཞེན་པ།། དེ་ནི་རྫ་སུ་ཡོད་མ ་ཡིན།། དེ་ལྟར་རྐྱེན་ཉིད་འབའ་ཞིག་ཕྱིར།། ཆོས་རྣམས་རང་བཞིན་མེད་པ་ཉིད།། དེ་ལ་གནས་པའི་རྣལ་འབྱོར་པས།། བདེ་མཆོག་ལས་ནི་ཉམས་མི་འགྱུར།། ཐམས་ཅད་བླང་དང་དེར་མེད་ཀྱང་།། ཐ་སྙད་དུ་ནི་འཇུག་པར་འགྱུར།། འདི ་