CLOSE WINDOW

GT1082: sgyu ma nges par bstan pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཱ་ཡཱ་ནཱི་རུཀྵ་ཏཱི་ནཱ་མ། བོད་སྐད་དུ། སྒྱུ་མ་ངེས་པར་བསྟན་པ་ཞེས་བྱ་བ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། འགྲོ་རྣམས་སྒྱུ་མ་ཇི་བཞིན་དུ།། དངོས་མེད་ཚེན་མངོན་སངས་རྒྱས།། ་མཁས་པས་བདེ་བའི་བསམ་པ་ཡིས།། འགྲོ་འདི་ཅི་ཕྱིར་གྲོལ་མ་བྱས།། སྒྱུ་མ་མཁན་བྱས་སྒྱུ་མ་ནི།། ཁྱིམ་ནི་རབ་ཏུ་འབར་བ་ལ།། ཁ་ཅིག་ལ་ནི་བདེན་པར་སྣང་།། སྒྱུ་མ་མཁན་བཞིན་མཁས་པས་རིག། སྒྱུ་མར་མཐོང་བས ་འབད་མེད་པར།། འདོད་པ་གང་དེ་རང་འོང་འགྱུར།། འོ་ལྔ་ཐམས་ཅད་སྒྱུ་མི་སྤྱོད།། གང་ཀུན་སྒྱུ་མར་རྟོགས་པའི་ཕྱིར།། ཁྱོད་ཀྱིས་བརྫུན་པ་མ་རྟོགས་པར།། སྒྱུ་མ་རྟག་པར་སྨྲ་བར་གྱིས།། ཆོས་དབྱིངས་མ་སྐྱེས་པ་ཡི་ཕྱིར། ་ཆད་པར་ཐལ་བར་མི་འགྱུར་རོ།། ཆོས་རྣམས་མ་སྐྱེས་མི་འགོག་ཕྱིར།། བེམོས་པོར་གྱུར་པ་མ་ཡིནོ།། ཆོས་རྣམས་སྟོང་ཉིད་ལས་སྐྱེས་པའི།། སྟོང་ལས་ཆོས་ཉིད་གཞན་མ་ཡིན།། དེ་ཡི་ཕྱིར་ན་ཀུན་མཁྱེན་གྱིས།། སངས ་རྒྱས་ཉམས་པར་མི་མཛད་དོ།། འབད་མེད་དབང་གིས་ཐམས་ཅད་དུ།། ཆོས་ཀྱི་འཁོར་ལོ་བསྐོར་བའང་འཇུག། རྐང་པ་བརྐྱང་བ་སྤངས་ནས་ནི།། ང་རྒྱལ་ལ་སོགས་བཏང་ནས་ཀྱང་།། གནས་མཽད་གནས་ལ་ལེགས་གནས ་ཏེ། རྣལ་འབྱོར་པ་ཡི་ཆོས་ལ་སྤྱོད།། བཟའ་དང་བཏུང་བའི་རོ་རྙེད་ནས།། དག་པ་ཉིད་ཀྱི་གཏམ་སྨྲ་ཞིང་།། གང་ཞིག་སྤྱད་པ་མི་སྤྱོད་པ།། རྫོགས་པའི་བྱང་ཆུབ་སྤྱོད་འདི་མིན།། སྐྱེ་བོ་དེ་ཉིད་གཏམ་སྨྲ་ཞིང་།། ་སྤྱོད་པ་འདི་ལ་ཡི་རང་བྱེད།། རིག་པ་བསྒྲུབ་པ་ཉམས་ལེན་པའི།། འབྱོར་པའི་སྐྱེ་བོ་རྙེད་པར་དཀའ།། ས་ཡི་མལ་ལ་ཕྱོགས་ཀྱི་གོས།། སློངས་མོའི་ཟོས་ནི་ཟ་བ་དང་།། སྐྱེ་མེད་ཆོས་ལ་བཟོད་པ་དང་།། འབད་མེད་བརྩེ་བ་འཇུག་པའོ།། ་ཆོས་གང་སྐྱེ་བོ་ལས་རྒྱལ་བ།། དེ་ལས་རྒྱལ་བ་དེ་སྤྱོད་པ།། དེ་ཡི་འབྲས་བུ་ཚེ་འདིར་ལྟོས།། བླ་མེད་འབྲས་བུ་སྨོས་ཅི་དགོས།། སྒྱུ་མ་བསྟན་པའི་བསོད་ནམས་གང་།། དགེ་བའི་སེམས་ཀྱི་གང་ཐོབ་ངེས།། གཉིས་མེད་འཇིག་རྟེན ་ལས་འདས་པ།། གློ་འཕང་འཇིག་རྟེན་གྱིས་ཐོབ་ཤོག།། སྒྱུ་མ་ངེས་པར་བསྟན་པ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམ ་རྒྱལ་བས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨ་པྲ་ས་ཧཱུ་པྲྀ་ཀ་སཱ་ནཱ་མ། བོད་སྐད་དུ། རབ་ཏུ་མི་གནས་པ་གསལ་བར་སྟོན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཤེས་པ་རབ་ཏུ་མི ་