CLOSE WINDOW

GT1080: lhan cig skyes pa drug pa
Wyliee-texts produced with BDRC’s OCR application

བཛྲ་པཱ་ཎི་དང་མཚུར་གྱིས་བསྒྱུར་བ་ཡིན་ནོ།། །། @#རྒྱ་གར་སྐད་དུ། ས་ཧ་ཛ་ཥཊ་ཀ། བོད་སྐད་དུ། ལྷན་ཅིག་སྐྱེས་པ་དྲུག་པ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། རྟག་དང་ཆད་ལས་ངེས་འགྲོལ་བ།། དེ་ཉིད ་བདེ་གཤེགས་རྣམས་ཀྱིས་བཞེད།། རང་བཞིན་ལས་སྐྱེས་ཆོས་རྣམས་ལ།། སྒྲུབ་དང་སེལ་བར་ཕྱུགས་ནི་བརྗོད།། ཡོད་པར་སྨྲ་བ་རྣམས་ལ་བརྗོད།། ཐམས་ཅད་རྣམ་པར་དཔྱད་ན་མེད།། མེད་པར་སྨྲ་བ་ལ་བརྗོད་པ།། རྣམ་པར ་དཔྱད་ན་ཐམས་ཅད་ཡོད།། ཇི་ལྟ་ཇི་ལྟར་སྒྲོ་བཏགས་སོ།། དེ་ཉིད་རྣལ་འབྱོར་པ་རྣམས་སྐྱེ།། དེ་ལྟ་དེ་ལྟར་སྒྲོ་བཏགས་པ།། རྣལ་འབྱོར་དེ་ཉིད་ཀྱིས་ནི་འཇོམས།། གང་ཕྱིར་ལྷན་ཅིག་སྐྱེས་མ་བཅོས།། དེ་ཕྱིར་ངོགས་མེད་ལྷན་ཅིག་སྐྱེ། ་བདེ་བས་ལྷན་ཅིག་སྐྱེས་གཞན་མིན།། བདེ་བ་དོགས་པ་མེད་མཚན་ཉིད།། ཤེས་ཕྱིར་དོགས་པ་མེད་པའི་བདག། དབྱེར་མེད་རྟོགས་པ་དམ་པ་བདེ།། སྣ་ཚོགས་རང་རིག་རྟོགས་བྱས་པས།། ལྷན་ཅིག་སྐྱེས་པའི་རྒྱ་མཚོར་ནུབ།། སྔག ་ཀྱི་དེ་ཉིད་རྣལ་འབྱོར་པས།། ངོགས་མེད་དོན་ལ་རབ་ཏུ་གནས།། སྲིད་པ་ཡང་འདི་བླ་མར་བྱས།། ངོག་པ་མེད་པའི་ཡུལ་གྱིས་སྟོན།། ལྷན་ཅིག་སྐྱེས་པ་དྲུག་པ་བླ་མ་མཻ་ཏྲི་པས་མཛད་པ་རྫོགས།། བླ་མོ་བཛྲ་པཱ་ཎི་དང་། མཚུར་གྱིས ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སཱཔྟཱ་ནིར་དེ་ཤ། བོད་སྐད་དུ། རྨི་ལམ་ངེས་པར་བསྟན་པ་སངས་རྒྱས་ལ་ཕྱག་འཚལ་ལོ།། འདུལ་བ་དང་ནི་ཆོས་མངོན་དང་།། མདོ་ལས་རྒྱལ་བ་སྐྱེས་མཆོག་གིས།། རྨི་ལམ ་