CLOSE WINDOW

GT1076: bsam gyis mi khyab pa'i rim pa'i man ngag ces bya ba
Wyliee-texts produced with BDRC’s OCR application

ཤྱནྟུ། གཏུགས་ཏེ་གཏན་ལ་ཕབ་པའོ།། ། མངྒ་ལེ། སམ་གྱིས་མི་ཁྱམ་པར་རིམ་པའི་མན་པག་ཅེས་བྱ་བ་ཏོག་ཆ་གམས་ཀྱིས་ཡང་དཔ་ཐུགས། རྒྱ་གར་སྐད་དུ། ཨ་ཙིནྟ་ཀྲ་མ་ཨུ་པ་དེ་ཤ་ནཱ་མཿ། བོད་སྐད་དུ། བསམ་གྱིས་མི་ཁྱབ་པའི ་རིམ་པའི་མན་ངག་ཅེས་བྱ་བ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཤེས་རབ་མཆོག་གི་མངལ་ནས་འབྱུང་།། གདོད་ནས་གཉིས་མེད་གནས་པ་ལ།། ཕྱག་འཚལ་བཟང་པོའི ་ཞལ་སྔ་ཡི།། ཡང་དག་རིམ་འོང་བྲི་བར་བྱ།། ཐབས་དང་ཤེས་རབ་གསང་བ་ཆེ།། སྙིང་རྗེ་བསམ་མི་ཁྱབ་མཚན་ཉིད།། ངག་གི་སྤྱོད་ཡུལ་བསམ་ལས་འདས།། ཡེ་ཤེས་རང་ལྔས་འཆར་བར་འགྱུར།། རང་བཞིན་བདེ་བའི་འབྱུང་གནས་ཉིད།། ་རང་འབྱུང་གཉི་སུ་མེད་པའི་མཆོག། དེ་ནི་དངོས་པོའི་རང་བཞིན་དུ།། བལྟས་ཏེ་བསྒོམ་པ་དམིག་སུ་མེད།། བྱང་སེམས་རྡོ་རྗེ་ཅན་བཅས་པས།། དངོས་པོ་མེད་པས་གཟིགས་མི་འགྱུར།། རྟག་དང་ཆོད་པའི་བྱེ་བྲག་དག། དོན་དམ་དུ་ནི་གཉིས ་མེད་གཟིགས།། དངོས་པོ་དང་ནི་སྟོང་པ་ཉིད།། གཉི་སུ་མེད་པར་མཉམ་པར་བསྒོམ།། གཉིས་པོ་འདི་དག་ཡོད་མིན་པས།། རྣམ་པ་ཐམས་ཅད་གཉིསུ་མེད།། གཉིས་པོ་དག་ནི་རྣམ་སྤྱད་ན།། གཉིས་མེད་ཡེ་ཤེས་འཆར་བར་འགྱུར།། མཉམ་པ ་རོ་མཉམ་མཉམ་པ་སྟེ།། བསམ་གྱིས་མི་ཁྱབ་ཡེ་ཤེས་མཆོག། རྟོག་དང་བརྟག་པའི་སྦྱོར་བ་ཡིས།། གཉིས་མེད་མཆོག་ནི་བསྒོམ་པ་མིན།། བདེ་བའི་རྡོ་རྗེ་མི་རྟོག་པ།། བསམ་གྱིས་མི་ཁྱབ་ཀྱིས་ཐོབ་འགྱུར།། བསྐྱེད་པ་རྣམ་པར་རྟོག ་པའི་རྒྱུ།། མི་སྐྱེ་བ་ཡང་དེ་བཞིན་ནོ།། གཉིས་ཀྱི་རྣམ་པ་དང་བྲལ་བས།། བག་ཆགས་བག་ཆགས་ལྡན་པར་སྤངས།། ཡེ་ཤེས་བག་ཆགས་དང་བྲལ་བས།། བཟང་པོའི་ཞབས་ཀྱིས་རིམ་གྱིས་འོངས།། རང་བྱུང་ཁྲེམ་གཉེར་མེད་པ་ནི།། རྟོག་པ་ཐམས ་ཅད་ཡང་དག་སྤངས།། དངོས་དང་དངོས་མེད་རང་བཞིན་གྱིས།། གཉིས་ཀྱི་བག་ཆགས་འཆིང་བ་ཉིད།། མི་རྟོག་པ་ཡི་རང་བཞིན་གྱི།། བསམ་གྱིས་མི་ཁྱབ་ཉིད་ཀྱིས་གཅོད།། རྟོག་པའི་དྲི་མ་དྲ་བ་ཡིས།། རིན་ཆེན་སེམས་ནི་དྲིན་ཅན་བྱས།། ་གཉིསུ་མེད་པའི་ཡེ་ཤེས་ཉིད།། དྲི་མ་བྲལ་ཕྱིར་སངས་རྒྱས་བརྗོད།། ཐམས་ཅད་རྟོགས་མེད་བདག་ཉིད།། རྣལ་འབྱོར་པ་ཡི་རྟག་ཏུ་བལྟ།། ཏིང་འཛིན་བསྒོམ་པ་འདི་ཉིད་ནི།། བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན།། གང་གི་རང་བཞིན་མ ་སྐྱེས་ལ།། འཇིག་པ་ཉིད་ནི་ཡོད་མ་ཡིན།། ཡོ་ཤེས་དེ་ནཱི་གཉིས་མེད་མཱིམ?། རྟོག་པ་ཐམས་ཅད་རྣམ་པར་སྤངསོ།། དཔལ་ལྡན་བདེ་ཆེན་རྡོ་རྗེ་ཅན།། མི་རྟོག་དོན་བསྐྱེད་བྱེད་པ་པོ།། ཕྱི་རོལ་ནང་གི་རྣམ་རྟོག་གི། འཇིག་རྟེན་ཐམས ་ཙད་ཡང་དག་བརྟེན།། སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིས།། རྟོག་པ་ཕྱི་རོལ་ཉིད་དུ་བསྟན།། གཉིས་མེད་གཉིས་ལས་རྣམ་གྲོལ་བ།། ཡེ་ཤེས་རང་ཉིད་སྐྱེ་བར་འགྱུརརོ།། དངོས་པོ་མེད་པར་བསྒོམ་པ་མིན།། དངོས་པོར་ཡང་ནི་བསྒོམ ་པ་མིན།། འཇིག་པ་མེད་པའི་བདེ་བ་སེམས་ན།། བསམ་གྱིས་མི་ཁྱབ་གཉིས་མེད་གནས།། སེམས་ཅན་ཀུན་གྱི་བསམ་པ་གང་།། ཤེས་རབ་མངལ་ན་རྣམ་པོར་གནས།། སྙིང་རྗེ་སད་པའི་མངའ་ཡིས་ནི།། བདེ་བ་ཆེན་པོའི་འབེན་ལ ་འབིགས།། དགས་པ་ཀུན་ལས་རྣམ་པར་གྲོལ།། གཉིས་མེད་ཅིང་མཆོག་ཏུ་ཞི།། མཁའ་མཉམ་རྣམ་རྟོག་ལས་གྲོལ་བ།། དེ་ཉིད་གཉིསུ་མེད་པར་བརྗོད།། བསམ་གྱིས་མི་ཁྱབ་རྣལ་འབྱོར་གྱིས།། དངོས་པོ་ཐམས་ཅད། ་རྣམ་པར་བསྒོམ།། ཆོས་ཀྱི་ཞལ་སྣའི་རིམ་འོངས་ནི།། བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས།། རྣམ་པའི་དབྱེ་བ་གཉིས་མེད་ལ།། དཔལ་ལྡན་མགོན་པོ་བདེ་བ་ཆེ།། གཅིག་ཏུ་གྱུར་པའི་རང་བཞིན་ལས།། འགྲོ་བ་རྣམས་ནི་རྣམ་པར ་སྤྲུལ། སྟོང་པ་དམིགས་པ་སྨྲ་བ་ཡིས།། བརྫུན་དུ་སྨྲ་བ་བསླུས་པ་རྣམས།། རྣམ་རྟོག་རྨོངས་པའི་འཆིང་བ་ཡིས།། བདེ་བ་དམ་པ་གཉིས་མི་རྟོགས།། ཐབས་དང་ཤེས་རབ་རྣམ་དག་ལས།། ཕྱི་རོལ་རྟོག་པ་ངན་པས་བརྟགས།། གཉིས ་མོམིང་ཡེ་ཤེས་རྣལ་འབྱོར་ཆེ།། བདེ་བ་ཆེན་པོ་གཅིག་ཉིད་དོ།། བསྟན་དང་གཡོ་བའི་དངོས་པོ་ཀུན།། གཉིས་མེད་པའི་རྣམ་པར་གནས།། དེ་རྣམ་སཱ་རདྭ་བཞིན་རྣམ་དག་ཅིང་།། མཁའ་ལྟར་དྲི་མོང་གཉིས་མེད་ལྔ།། ང་རྒྱལ་གྱིས་ནི་ཐ་སྙད ་བརྟགས།། ཐ་སྙད་དེ་ཡང་ཡོད་མ་ཡིན།། ཚོར་དང་ཚོར་པོ་མཚོན་ཆ་བྲལ།། གཉིས་ལྡེང་བདེ་བ་ཆེན་པོ་ཉིད།། གང་ཡང་བསམ་མེད་རང་བཞིན་ཕྱིར།། སངས་རྒྱས་བློ་ཡི་སྤྱོད་ཡུལ་མིན།། ཐམས་ཅད་དེ་ཡི་རང་བཞིན་ཉིད།། ་འབྱུང་བསམ་པ་རྣམས་ལས་འདས།། ས་སྟེངས་སྲོག་ཆགས་ཐམས་ཅད་ནི།། རྟོག་པའི་དྲ་བས་ཉམས་པར་འགྱུར།། ཡེ་ཤེས་གཅིག་པུ་གཉིས་མེད་པ།། རྣམ་པར་རྟོག་པོ་རྣམ་སྤངས་པ།། རྟག་དང་ཆད་པ་ཇི་སྙེད་པའི།། ཕུང་པོ ་གཉིས་ནི་ཡོད་མིན་པས།། དབུ་མར་ཡང་ནི་མི་དམིགས་པའི།། གཉིསུ་མེད་པའི་ཡེ་ཤེས་མཆོག། གཉིས་དང་གཉིས་མེད་རྣམ་རྟོག་སྟེ།། ཐབས་དང་ཤེས་རབ་རྣལ་འབྱོར་ཆེ།། རོ་གཅིག་གཉིསུ་མེད་པར་བརྗོད།། འདོད་ཆགས་འདོད་ཆགས ་བྲལ་བ་སྤངས།། དབུ་མར་དམིགས་པར་མི་འགྱུར་རོ།། རང་རིག་པ་ཡཾ་བདེ་བ་ཉིད།། དེ་ནི་གཉིསུ་མེད་པར་བརྗོད།། མཚན་གཞི་མཚན་ཉིད་རྣམ་པར་གྲོལ།། རིག་པ་པོ་དང་རིག་བྱ་སྤངས།། བདག་མེད་སོ་སོར་རྟོགས་པ་ཡིས།། རིན་ཆེན་སེམ ་ནི་རབ་རྟོགས་བྱས།། དངོས་པོ་རང་བཞིན་མེད་པའི་ཕྱིར།། དངོས་མེད་ཉིད་ཀྱང་མཐོང་མི་འགྱུར།། དབང་པོའི་ཤེས་པས་རྟོགས་པ་ཡིས།། གཉིས་མེད་ཡེ་ཤེས་ངོ་མཚར་ཆེ།། སྤྲོས་པ་ཐམས་ཅད་རྣམ་བྲལ་ཞིང་།། ན་མཁའ་ལྟ་བུར་དྲི་མ ་མེད།། རྟོག་པའི་དྲི་མ་རྣམ་གཅོད་ཅིང་།། བསམ་གྱིས་མི་ཁྱབ་གཉིས་མེང་མཆོག། གཉིས་མེད་བཅུད་ཀྱི་ཕུག་པ་ན།། རྡོ་དང་ཤིང་ཡང་དེ་ཡི་དངོས།། ལྷ་ཡི་རྣམ་པར་འགྱུར་བ་ནི།། བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས།། ཐབས ་དང་ཤེས་རབ་སྙིང་རྗེ་ཆེ།། གཅིག་ཏུ་རོ་གཅིག་རྣམ་པ་ཉིད།། དེ་ར་ནི་ཡེ་ཤེས་སྐྱེ་བར་འགྱུར།། གཉིས་མེད་བདེ་བ་ཆེན་པོ་ཉིད།། གཟུགས་དང་སྒྲ་དང་རོ་ལས་འདས།། དྲི་དང་རེག་བྱ་ལ་སོགས་སྤངས།། ཆོས་དབྱིངས་རང་བཞིན་རྣམ་པར ་དགརྟ་གཉིས་སུ་མེད་པའི་ཡེ་ཤེས་མཆོག། དོགས་པ་ཀུན་ལས་རྣམ་པར་གྲོལ།། གཟུང་དང་འཛིན་པ་རྣམ་པར་སྤངས།། རང་བཞིན་རྣམ་དག་མ་གོས་པ།། གཉིས་མེད་དོན་ནི་དམ་པའོ།། མ་སྐྱེས་པ་དང་མི་འཇིགས་པ།། མི་འགྱུར་བ ་དང་མི་གནས་པ།། གཉིས་མེང་པའི་ཡོ་ཤེས་མཆོག་། འདིན་ཕྱག་རྒྱ་ཆེན་པོ་ཉིད།། ཡོན་ཏན་རྣམས་དང་སྐྱོན་རྣམས་ནོ།། སེམས་ཀྱི་རྣམ་པར་བརྗོད་པ་སྟེ།། དེ་ལ་དམིགས་པ་ཡེ་ཤེས་མཆོག།། ཁྲོམ་གནོར་མེང་། ་པའི་རང་བཞིན་ཅན།། ཡེ་ཤེས་རང་ལས་སྐྱེ་བར་འགྱུར།། ཅུང་ཟད་ཀྱང་ནི་བསྒོམ་པ་མེད།། གང་ཕྱིར་བསམ་མེད་ཆོས་འདི་ཉིད།། གཉིས་མེད་སངས་རྒྱས་རྣམས་ཀྱི་གནས།། ཤིན་ཏུ་དྲི་མེད་ཆེས་དག་ཅིང་།། སྒོམ་པ་པོ་དང་བསྒོམ ་བྱ་སྤངས།། དཔལ་ལྡན་བདེ་བའི་འབྱུང་གནས་ཀུན།། རྣམ་རྟོག་མེད་པས་ངེས་མཐོང་འགྱུར།། ལྷ་ཡི་གཟུགས་ནི་དུ་མ་དང་།། རྡོ་རྗེ་སེམས་དཔའ་ལ་སོགས་སྐུ།། སངས་རྒྱས་གཟུགས་བརྙན་ཐམས་ཅད་དང་།། རྣལ་འབྱོར་མ་ཡི་དཀྱི ་འཁོར་ཚོགས།། ཁྲོ་བོའི་རྒྱལ་པོ་ཐམས་ཅད་དང་།། དེ་བཞིན་རིག་པའི་ལྷ་མོ་ཉིད།། དཀྱིལ་འཁོར་འཁོར་ལོ་བཟང་པོ་རུ།། སྣང་བའི་རྣམ་པ་དྲི་མེད་ཉིད།། དེ་བཞིན་མདོ་སྡེ་སྡེ་སྣོད་དང་།། གཞན་ཡང་ཕ་རོལ་ཕྱིན་རིམ་དང་།། སྔགས་དང ་ཕྱག་རྒྱ་རིག་པ་དང་།། དེ་བཞིན་སྙིང་ཉིད་བསྐུལ་བ་དང་།། སྔགས་ཀྱི་སྨྲ་བ་མ་ལུས་པ།། དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང་།། བཟླས་དང་མཆོད་པའི་ཆོ་ག་རྣམས།། གཉིས་མེད་ལས་ནི་རང་ཉིད་སྐྱེས།། ཞི་བ་ཉི་མ་པ་ལྟ་བ།། དེ་བཞིན་མཆོད ་འོས་ཁྱབ་འཇུག་པ།། རིག་བྱེད་ཚང་མར་སྨྲ་བ་དང་།། གཞན་ཡང་རང་ཉིད་སྐྱེ་བར་འགྱུར།། ཀུན་མཁྱེན་གནས་ཀྱི་སྦྱོར་བ་འདི།། བསམ་གྱིས་མི་ཁྱབ་མི་རྟོགས་པ།། ཀུན་ཏུ་བཟང་པོ་ཞེས་བྱའི་ལྷོ།། ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་།། ་ས་འོག་རལ་གྲི་རོལ་བུ་དང་།། ཤིང་ལྷྭམ་བུམ་པ་གནོད་སྦྱིན་མོ།། བཅུང་དང་མིག་སྨན་བཟང་པོ་ཡང་།། རང་ཉིད་འགྲུབ་སྟེ་གཞན་དུ་མིན།། སྔགས་པས་དངོས་པོ་བསྒོམ་བྱ་མིན།། དངོས་མེད་ཉིད་ཀྱང་བསྒོམ་བྱ་མིན།། རྣམ་པར་མི ་རྟོག་མོས་པ་ཡིས།། ཐམས་ཅད་རང་ཉིད་སྐྱེ་བར་འགྱུར།། སངས་རྒྱས་ཀྱིས་ཀྱང་འགྲུབ་འགྱུར་ན།། ཞི་བ་ཁྱབ་འཇུག་སོགས་ཅི་སྨོས།། དེ་ལ་ཐ་སྙད་ཡོད་མ་ཡིན།། གཟུགས་དང་ཁ་དོག་མཚན་ཉིད་མེད།། སྒྱུ་མའི་རྣམ་འཛིན་བཟང་པོ་ཉིད ་རདང་བའི་རང་བཞིན་དྲི་མ་མེད།། རང་བཞིན་འོད་གསལ་རྣམ་དག་སྟེ།། རྟག་ཏུ་དགའ་བདྲིའི་འབྱུང་གནས་ཉིད།། སྐུ་དང་གསུང་དང་ཐུགས་དང་བྲལ།། མེ་ལོང་མེ་ལྕེ་འབར་བ་འདྲ།། མཆོག་དགའི་བདེ་བ་རྣམ་པ་སྟེ།། རྟག་ཏུ་བདེ་ཆེན་འབྱུང ་བའོ།། ཡི་གེ་དང་ནི་མིང་བརྗོད་པ།། སྦྱོར་བས་ཚིག་ཏུ་རབ་ཏུ་བསྟན།། གཞན་དུ་ངག་གི་ལམ་འདས་ཕྱིར།། སྨྲ་བ་ཉིད་དེ་མི་ནུས་སོ།། བྱ་བའི་ཚུལ་ལ་ཞུགས་པ་ཡ་ནི།། འདོད་པའི་དོན་ལ་རོལ་པ་ཡིན།། མཆོད་པའི་མཆོག་གི་དུསུ་ནི།། ་བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན།། ཤེས་རབ་གཉིསུ་མེད་པས་ནི།། གཅིག་བུའི་རྣམ་པའི་རང་བཞིན་ལས།། བག་ཆགས་ཟད་པར་གྱུར་པས་ནི།། སངས་རྒྱས་ཉིད་ནི་ངེས་པར་འཐོབ།། སྣ་ཚོགས་རིགས་ཀྱི་མཐུ་ཡིས་ནི།། ལྟ་བ ་སྣ་ཚོགས་སྦྱོར་བ་ལས།། བག་ཆགས་དྲི་མས་བསགས་པས་ན།། གཉིས་མེད་ཉིད་ནི་རྟོགས་པ་མིན།། ཐོག་མཐའ་དབུས་དང་ཐ་མ་བྲལ།། བསྐྱེད་པ་དང་ནི་རྫོགས་པ་སྤངས།། བསམ་དང་སེམས་པ་དང་བྲལ་བ།། གཉིསུ་མེད་པའི་ཡི ་ཤེས་མཆོག། གཉིས་མེད་ཅེས་བྱ་སངས་རྒྱས་སུ།། བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས།། དེ་ཕྱིར་སངས་རྒྱས་རྟོགས་པ་ལས།། སྒྲུབ་པོ་དམ་པ་སངས་རྒྱས་འགྱུར།། ཚིག་གི་སྦྱོར་བ་བསྟན་པས་ན།། སངས་རྒྱས་དང་ནི ་གཉིས་མེད་རྟགས།། དོན་དམ་ཐ་དད་མེད་ཚུལ་གྱིས།། གཉིས་མེད་སངས་རྒྱས་གཉིསུ་མེད།། བསྟན་པས་ཡེ་ཤེས་འཆར་བས་ན།། རྟོག་པས་རྟོག་པ་རིང་སྤངས་ཏེ།། དངོས་པོ་ལ་སོགས་རྟོག་པ་ཀུན།། དེ་ཉིད་ལས་ནི་ལྐོག་ཏུ་གྱུར།། བཟང་པོ ་ཞལ་སྔའི་བཀའ་དྲིན་གྱིས།། ཉན་པ་གོམས་པའི་སྦྱོར་བ་ལས།། གཉིས་མེད་མིང་དུ་བཟུང་བ་ལ།། བདག་ལ་འབྱོར་པས་བཟོད་པར་གསོལ།། མཁས་པས་རབ་ཏུ་འབད་པས་ཀྱང་།། བག་ཆགས་རྣམས་ནི་ཟད་པར་བྱས།། གཞན་དུ་བསྐལ་པ ་གྲངས་མེད་དུ།། བྱེ་བ་སངས་རྒྱས་ཉིད་མ་ཡིན།། ཡེ་ཤེས་གཉིས་མེད་མགོན་པོས་ནི།། བག་ཆགས་རྣམས་ནི་ཟད་པར་བྱེད།། བག་ཆགས་ཟད་པར་གྱུར་པ་ན།། གཉིསུ་མེད་པའི་སངས་རྒྱས་བརྗོད།། བག་ཆགས་བྲལ་བའི་གནས་སྐབས་ན།། སྐྱེས ་བུ་ཐ་མ་འབྲིང་པོ་དག། གང་ལ་ཕྱོགས་ནི་ཡོད་མིན་པས།། དེ་ནི་སངས་རྒྱས་བརྗོད་པར་བྱ།། རང་བཞིན་མེད་པའི་རང་བཞིན་གྱིས།། ཤེས་རབ་ཆ་ནི་ཡང་དག་གནས།། ཐབས་ནི་དངོས་པོར་སྐྱེད་པ་པོ།། བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན།། ། ་དེ་དག་འདུས་པའི་བདག་ཉིད་ཅན།། རོ་གཅིག་རྣམ་པར་སྦྱོར་བ་ལས།། འདི་ནི་གཉིསུ་མེད་པའི་མཆོག། བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས།། བསམ་དང་བསྒོམ་པ་པོར་བསྟན་མེད།། མཆོག་ཏུ་དགའ་བའི་གཟུགས་ཅན་མ།། སངས། ་ས་ཉིད་ནི་ཐོབ་བྱའི་ཕྱིར།། བཟང་པོས་བཟང་པོ་གསུངས་པ་ཉིད།། དཔེ་ནི་ཆོས་རྣམས་ཐམས་ཅད་ལ།། གཞག་པ་ཉིད་དུ་དེ་མི་ནུས།། མིག་སོགས་ཡིད་ཀྱི་རྣམ་ཤེས་ཀྱིས།། དཔེ་ཡི་དངོས་པོ་རྣམ་པར་སྤངས།། གཅིག་ཉིད་ཐོག་མ་མེད་པ་དང་།། ་ཐའ་མེད་རྣམ་པར་ཡང་དག་གནས།། བླ་མའི་ཞལ་སྔའི་བཀའ་དྲིན་ལས།། མཆོག་ཅིག་གིས་ནི་ཤེས་པར་འགྱུར།། རྣལ་འབྱོར་སྐྱེས་བུར་བཤད་པ་སྟེ།། རྗེསུ་རྣལ་འབྱོར་རིག་པའི་མཆོག། གཉིས་འདས་ཤིན་ཏུ་རྣལ་འབྱོར་ཏེ།། གཉིས་མེད ་ཤེས་རྣལ་འབྱོར་ཆེ།། རྣལ་འབྱོར་པ་ཉིད་སངས་རྒྱས་འགྱུར།། ཉི་ཟླ་གཟའ་ཡི་ཟིན་པ་ན།། ཤེས་རབ་རྡོ་རྗེའི་སྦྱོར་བས་ལས།། ཞུ་བས་གཉིས་མེད་ཡེ་ཤེས་ཀྱིས།། སྐྱེ་བ་འདིར་ནི་སངས་རྒྱས་ཉིད།། དོན་དམ་དགའ་བའི་རང་བཞིན་ཏེ།། གཟུང་དང ་འཛིན་པ་རྣམ་པར་སྤངས།། གྲུབ་པའི་གཟུགསུ་ཐེ་ཚོམ་མེད།། སྙིང་རྗེ་གཉིསུ་མེད་པའི་མཆོག། གང་ཡང་མིག་གིས་མཐོང་འགྱུར་བའི།། གཟུགས་ཀྱི་ཐོག་མ་འབྲིང་པོ་ནི།། གང་ཡང་མིག་གིས་མཐོང་འགྱུར་བ།། དོན་དམ་དོན་གྱི་རང་བཞིན་གྱི ་གཉིས་མེད་དམ་པར་ལྟ་བར་བྱ།། གང་ཡང་རྣ་བས་ཐོས་འགྱུར་བའི།། སྒྲ་དང་སྒྲ་ངན་རྣམ་ཕྱེ་བ།། སྒྲ་ལས་འདས་པའི་ཡེ་ཤེས་གཙོ།། ཐོས་པ་གཉིསུ་མེད་པའི་མཆོག། གང་ཡང་ལྕེ་ཡི་མྱོང་འགྱུར་པའི།། རོ་མཆོག་རོ་ནི་ངན་པ་ཡི།། རོ ་དྲུག་གཅིག་ཏུ་གྱུར་པ་ཡི།། གཉིས་མེད་མཆོག་ནི་རྟོགས་པར་བྱ།། སྣ་ཡི་དྲི་ནི་རྣམ་ཤེས་པའི།། རི་དགས་ལྟེ་བ་ལ་སོགས་དྲི།། གཅིག་ཏུ་གྱུར་པའི་རང་བཞིན་གྱིས།། གཉིས་མེད་མཆོག་ནི་ཤེས་པར་བྱ།། ལུས་ཀྱི་རེག་བྱའི་རང་བཞིན་རྣམས ་རིགས་བཟང་རིགས་ངན་རྣམ་ཕྱེ་བ།། ཐབས་དང་ཤེས་རབ་སྦྱོར་བ་ཡིས།། སྙོམས་འཇུག་གཉིས་མེད་པའི་མཆོག། མཐའ་མེད་ཐམས་ཅད་ཁྱབ་པའོ།། ཡེ་ཤས་སྣང་བའི་འོད་ཟེར་ལས།། བྱང་ཆུབ་མཆོག་ཏུ་དགའ་བ་ཉིད།། ་གཉིས་མེད་སངས་རྒྱས་དམ་པ་སྟེ།། འདུ་བྱེད་ཚོར་བ་འདུ་ཤེས་དང་།། གཟུགས་དང་རྣམ་པར་ཤེས་པ་ཉིད།། ཡེ་ཤེས་ལྔ་ཡི་རང་བཞིན་སྐུ།། ལྷ་མེད་གཉིསུ་མེད་པའི་བདག། རྟག་པ་མི་སྐྱོད་རིན་ཆེན་དང་།། ཚེ་དཔག་མེད་དང་དོན་ཡོད་བདག་ལྔ ་བདག་གྱུར་པའི་རིལ་བུ་ནི།། དྲུག་པ་བདེ་བ་ཆེན་པོ་ཉིད།། ས་དང་ཆུ་དང་དེ་བཞིན་མེ།། རླུང་དང་ན་མཁའ་ཉིད་དང་ནི།། འབྱུང་ལྔ་ལྷན་ཅིག་སྐྱེས་པ་ནི།། བྱང་ཆུབ་གཉིསུ་མེད་པར་འགྱུར།། མེ་ལོང་མཉམ་ཉིད་བྱ་ནན་ཏན།། སོ་སོར་རྟོག་པ་ཆོས ་དབྱིངས་རྣམས།། རྣམ་པར་རྟོག་པའི་རྐྱེན་གྱིས་བརྟགས།། རང་འབྱུང་གཅིག་པུ་གཉིསུ་མེད།། སེམས་ཅན་བསམ་པའི་དབང་གིས་ནི།། ལྟ་བ་ལ་སོགས་རྣམ་པར་ཕྱེ།། ཞི་སོགས་ཁྱབ་འཇུག་ཚངས་པ་དང་།། ཀུན་མཁྱེན་གཅིག་པུ་གཉིས ་སུ་མེད།། མིག་ལས་བྱུང་སོགས་མ་ལུས་དང་།། ཡིད་ཀྱི་སྤྱོད་ཡུལ་ལྔས་འདས་པ།། དོན་དམ་གཉིས་མེད་ཅེས་བྱ་བ།། ངག་གི་སྤྲོས་པ་ཀུན་རྫོབ་ཀྱིས།། གཉི་སུ་མེད་ལྔ་ཀུན་ཏུ་བརྟགས།། དོན་དམ་གནས་སྐབས་དབྱེར་མེད་པ།། གཉིསུ ་མེད་ལ་སངས་རྒྱས་མེད།། རྟོག་པས་ན་མཁར་སྦྱོར་བས་ནི།། ངག་གི་སྤྲོས་པ་བསྟན་པ་ཡིན།། བསྟན་བཅོས་རིམ་པས་ཚིག་ཏུ་ནི།། རྣམ་པར་ཕྱེ་སྟེ་བཤད་པ་ཡིན།། གཉིས་མེད་ལས་གཞན་སངས་རྒྱས་ནི།། སྨྲ་བ་ཉི་དུ་མི་ནུས་སོ།། ། ་སྟོང་པ་བཅུ་དྲུག་བཤད་པ་དང་།། ཤོས་རབ་བཙུ་ར་ནི་བ་རྟོགས་པ་དང་།། སངས་རྒྱས་ལཱ་ཏྲ་ཡ་ཏྲ་ཐ་ན་པ་ཛ་ཛ་ཀ་རྣམ་རག་བརྒྱད་ན་ག་ཉ་སུ་མང་།། མ་ལང་སྣང་བའི་གཟུགས་བརྙན་ན། ཛ་ཀྟ་ར་ཀུན་ཏུ་སྣང་འགྱུར་པ།། ང་བཞིན་གཉིས། ་མེད་ཡེ་ཤེས་འདིར།། སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ།། ཁམས་གསུམ་དག་ནི་ཐམས་ཅད་དུ།། སྐྱེ་དང་གནས་པའི་རྒྱུ་རྣམས་ཀྱིས།། དེ་ཀུན་གཉིས་མེད་ཡེ་ཤེས་ལས།། སྐྱེ་བོ་ཐམས་ཅད་འབྱུང་བར་འགྱུར།། རྒྱ་མཚོ་རི་དང་ཤིང་དང་ནི།། ་རྩཝ་ལྕུག་གེལ་པ་ལ་སོགས་པ།། གཉིས་མེད་ཡེ་ཤེས་ལས་འབྱུང་བ།། འདི་ལ་ཐེ་ཚོམ་ཡོད་མ་ཡིན།། ཕ་དང་མ་ཡང་གཅིག་པ་སྟེ།། འདི་ལ་གཉིས་ཡོད་མ་ཡིན་ནོ།། གཉིས་མེད་ཡེ་ཤེས་རང་བཞིན་ལས།། གཞན་ཡང་ཐམས ་ཅད་སྐྱེ་བར་འགྱུར།། འདི་ལྟར་ཐབས་དང་སྦྱོར་བ་ཡིས།། ཤེས་རབ་གཉིས་མེད་རང་བཞིན་ལས།། སྐྱེ་བ་འདིར་ནི་རྣལ་འབྱོར་པས།། སངས་རྒྱས་ཉིད་ནི་འཕྲལ་དུ་རྙེད།། ཡེ་ཤེས་དག་གི་རང་བཞིན་མཆོག། བླ་མ་རྒྱུད་པའི་རིམ ་པའི་གཞུང་།། སྙན་ནས་སྙན་དང་ཞལ་ནས་ཞལ།། བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས།། བཟང་པོའི་ཞལ་སྔའི་བཀའ་དྲིན་ལས།། བསམ་མེད་བསྒོམ་པའི་རྣལ་འབྱོར་པ།། རྫོགས་པའི་རྣལ་འབྱོར་འདི་ཡིས་ནི།། སངས་རྒྱས་ཉིད་ནི ་ངེས་པར་ཐོབ།། རྟ་མཆོག་བི་ནའི་ཞལ་སྔ་ནས།། ཨིནྡྲ་བྷཱུ་ཏི་ལཀྵྨཱི་བཅས།། སྒེག་པའི་རྡོ་རྗེ་འགུན་དི་རི།། སློབ་དཔོན་པདྨ་སྙིང་རྗེ་ཆེ།། ཆོས་ཀྱི་ཞལ་སྔའི་རིམ་པ་ལས།། བཟང་པོའི་ཞལ་སྔར་ཕྲད་པ་ཉིད།། གཉིསུ་མེད་པའི་ཡེ་ཤེས་མཆོག ་ཐམས་ཅད་ཀྱི་ནི་དགོངས་པ་གཅིག། སྔགས་ཀྱི་སྨྲ་བ་མ་ལུས་དང་།། དེ་བཞིན་ཕ་རོལ་ཕྱིན་པའི་ལུགས།། མདོ་སྡེ་སྔོ་སྣོད་ལ་སོགས་པ།། འདིར་གཅིག་གཉིས་མེད་བདེ་ཆེན་པོས།། མཆོད་འོས་ཞི་བ་ཉི་མ་སོགས།། 8། ་མའི་གྲུབ་པའི་མཐའ་ཉིད་དང་།། ཁྱབ་འཇུག་དང་ནི་ཤེད་བུའི་ཆོས།། གཉིསུ་མེད་པར་བསྟན་པའོ།། གཉིས་མེད་ཕྱི་རོལ་ཡོད་མིན་པས།། ལྷ་དང་ལྷ་མིན་ཐ་མ་ནི།། ཐམས་ཅད་གཉིས་མེད་ཡེ་ཤེས་ལས།། སོ་སོར་སྣང་བ་གསལ་བར་འགྱུར།། ་སྟོང་པའི་བྱེ་བྲག་ཏུ་ཕྱེ་བ།། སྙིང་རྗེ་དང་ནི་གཉིས་མེད་འདྲེས།། ཐབས་དང་ཤེས་རབ་མཉམ་པར་ལྡན།། སངས་རྒྱས་རང་བཞིན་ཀུན་བླ་མ།། འདི་ནི་བཟང་པོའི་ཞལ་སྔའི་གཞུང་།། ཡེ་ཤེས་རྒྱ་མཚོ་དམ་པ་ཉིད།། འོ་མའི་རྒྱ་མཚོ་བསྲུབས ་པ་ལས།། དམ་པ་ཐམས་ཅད་སྐྱེ་འགྱུར་ཞིང་།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། གང་ཡང་སངས་རྒྱས་སོགས་གླགས་དང་།། ཉི་ཟླ་གཟའ་སྐར་བཅས་པ་ཡང་།། ཡེ་ཤེས་རྒྱ་མཚོ་ལས་བྱུང་ཞིང་།། ལེགས་སྨིན་དང་ནི་དབྱངས་ཅན ་ཉིད།། རོ་ཡི་མཆོག་ནི་མྱང་བ་དང་།། ཚངས་བཅས་ལྷ་མིན་མཽ་རྣམས་ནི།། བདུད་རྩི་ལས་ནི་ཐམས་ཅད་ལངས།། རྡོ་རྗེ་འཛིན་པའི་ས་དགེ་བ།། བཅུ་གསུམ་དུ་ཡང་རྣམ་བཤད་པ།། གྲུ་གསུམ་རྣམ་པར་འབྱུང་བ་ནི།། འདི་ནི་ཆོས་ཀྱི་འབྱུང ་བ་ནི།། འདི་ནི་ཆོས་ཀྱི་འབྱུང་གནས་བརྗོད།། ཉི་ཟླ་ཆུ་ཡིས་གང་བ་ཡིས།། ཤེས་རབ་གཟུགས་ནི་ཆེར་འབར་བ།། དེ་ལས་བདེ་བ་ཆེན་པོ་ཀུན།། སངས་རྒྱས་ཉིད་ནི་ཐོབ་བྱེད་མ།། པད་ཆེན་འདབ་མ་བྱེ་བ་ཉིད།། དེ་ཡི་དབུས་ན་རྣམ་པར ་གནས།། རྟག་ཏུ་གོ་སར་བཅས་པའི་ནང་།། ཨཱ་ལི་ཀཱ་ལི་ཡང་དག་ལྡན།། ཟླ་བ་ཉི་མའི་གོས་ཀྱིས་བཀབ།། ཤེས་རབ་དགུ་དང་ཡང་དག་ལྡན།། འཛག་ཅིང་འབར་བའི་རྣམ་པ་ཉིད།། ཐིག་ལེ་ཟླ་བ་འཆར་བའི་མཆོག། དགའ་བ་སྐྱེད་བྱེད་བཟ ་མོ་སྟེ། མ་ལུས་དོན་གྱིས་འབྲས་སྟེར་མ།། དང་བའི་བདུད་རྩི་ཤིན་ཏུ་གང་།། ནོར་བུ་རིན་ཆེན་མཉམ་པར་ལྡན།། ཡོན་ཏན་མཐའ་ཡས་པ་ཡི་གཞི།། བདེ་དཔལ་རྡོ་རྗེ་ཅན་གྱི་གནས།། ཐམས་ཅད་ཚིམ་པར་བྱེད་པ་མོ།། འབྱིན་བྱེད་སྐྱེད་པར ་བྱེད་པ་མོ།། ལྷ་ཡི་གཟུགས་ནི་དུ་མ་དག། གཉིས་མེད་རྒྱ་མཚོ་ལས་ནི་འབྱུང་།། ཆོས་དང་ལོངས་སྤྱོད་རྫོགས་གཟུགས་དང་།། སྤྲུལ་པ་ཡི་ནི་སྐུ་ཉིད་ཀྱིས།། སེམས་ཅན་དུ་མ་ཀུན་གྱི་དོན།། ཕྱོགས་བཅུའི་འཇིག་རྟེན་ཁམོས་རྣམས་ཀྱི།། ་མཐའ་ཡས་མཐར་ཐུག་ཐམས་ཅད་དུ།། ཆོས་ཀྱི་འཁོར་ལོ་བསྐོར་བ་པོ།། སྟོབས་བཅུ་ཡི་ནི་ཡེ་ཤེས་ལྡན།། ཤེས་རབ་གཙོ་བོ་དམ་པོ་ཉིད།། མཁའ་འགྲོ་པདྨ་ངེས་པར་རིག། ལམ་མཆོག་བཟང་པོའི་རིམ་ལས་འོངས།། སྙིང་ག ་ལྟེ་བའི་པདྨ་དང་།། དེ་བཞིན་ལྐོག་མའི་པདྨ་ཉིད།། དྲིལ་ཅན་སྐྱེས་གནས་པདྨ་ཡི།། དངོསསུ་འཛག་པས་རྣམ་པར་གནས།། བཤང་གཅི་ཁུ་བ་འཕོ་བ་དང་།། ལྟ་དང་སྣོམ་དང་ཉན་པ་དང་།། རོ་མཆོག་རྣམས་ནི་རིག་པར་འགྱུར།། སྒོ་དགུ ་ངག་ནས་རྒྱུ་བ་ཡི།། ས་བོན་པང་བསྣོལ་རྣམ་པ་མཚུངས།། འོག་དང་སྟེང་དུ་རྣམ་པར་གནས།། འདི་ནི་ཤེས་རབ་ཅེས་བཤད་པ།། སངས་རྒྱས་ཀུན་གྱི་ཡུལ་ཉིད་དོ།། དེ་ཡི་དབུས་ན་གནས་པའི་ལྷ།། མཆོག་གི་དབང་ཕྱུག་གཉིས ་མེད་པ།། པདྨ་གསུམ་དུ་རོལ་པར་འགྱུར།། ཐམས་ཅད་མཁྱེན་པའི་བདེ་ཆེན་པོ།། མེ་དང་ཆུ་དང་དབང་ཆེན་དང་།། རླུང་གི་རྣམ་པར་བརྒྱུད་པ་ཉིད།། དལ་བུས་འཁོར་བ་སྦྱོར་བ་ཡིས།། བྱེ་བྲག་གསུམ་དུ་འདྲེན་པར་བྱེད།། དྲིལ་ཅན་བུ ་གའི་ལམ་གྱིས་ནི།། སྣ་ཡི་རྩེ་མོར་སྦྱོར་བ་ལས།། སྲོལ་གོང་རྡོ་རྗེའི་བུ་ག་རུ།། སངས་རྒྱས་འཕྲེང་བ་གཉིསུ་མེད།། འཁོར་བས་ཡོངསུ་ཉོན་མོངས་ན།། དྲིལ་ཅན་རྩེ་མོར་ངལ་སོ་ནས།། རྡོ་རྗེ་ལྕེ་ཡི་རབ་སྦྱོར་བས།། བདུད་རྩི་བཏུང་བར་བྱ་བ་ཉིད།། དེ་ནས ་ལུས་ནི་རྣམ་དག་པ།། རང་བཞིན་དྲི་མོ་མེད་པར་འགྱུར།། ཤེས་རབ་བཟང་ཞིང་ཡིད་གཞུངས་པ།། རྒས་དང་འཆི་བ་ཉམས་པར་བྱས།། བཟང་པོའི་ཞལ་སྔའི་རྣལ་འབྱོར་གྱིས།། བདག་ལ་རྣམ་པར་རོལ་པར་གསུངས།། ཏིང་འཛིན་བདུད་རྩི ་ཞེས་བྱ་བ།། བདེ་བའི་མཆོག་དེ་གཞན་དུ་མིན།། སྣ་ནས་རྔུབ་པའི་བྱེ་བྲག་གིས།། ཧཾ་གི་རྣམ་པར་མི་ཤིགས་པ།། དྲིན་ཅན་བུ་གའི་ལམ་དུ་ནི།། རྩ་རྣམས་སུམ་ཅུ་རྩ་གཉིས་གནས།། སོ་ནི་སུམ་ཅུ་རྩ་གཉིས་བརྗོད།། ཆ་དང་ཆ་མིན་གཉིསུ་མེད།། སྣ ་ཡི་རྔུབ་པའི་བྱེ་བྲག་གིས།། ཧ~ཾ་གི་རྣམ་པ་མི་ཤིགས་པ།། དྲིལ་ཅན་བུ་གའི་ལམྦ་གྱིས་ནི།། ངེས་པར་འདྲེན་པ་ལྡུམ་གྱི་མཆོག།། དེ་ལ་སྒོ་རུ་ང་ལ་སྔོ་ཞིང་།། དག་པའི་རྣམ་པར་འོད་གསལ་བ།། ཐོག་མ་མེང་ཉིད་ཅེས་བྱ་བ།། བདེ་དཔལ་རྣཾ ་པར་ཡང་དག་གནས།། དེ་ནས་རླུང་གིས་ཕུལ་བ་དང་།། དབང་ཆེན་ཡང་ནི་གསལ་བར་འགྱུར།། ངེས་པའི་ལམ་ཡང་གསལ་འགྱུར་བ།། མཆོག་གི་དབང་ཕྱུག་མི་ཤིགས་པ།། ས་ནི་བཅུ་གསུམ་དབང་ཕྱུག་མཆོག། ཐོག་མ་མེད་པར ་གྲུབ་པའི་གཟུགས།། ཆོས་ཀྱི་འཁོར་ལོ་བསྐོར་བས་སོ།། བཟང་པོའི་ཞལ་སྔའི་མན་ངག་སྟེ།། སྙིང་པོ་བརྒྱུད་པའི་རིམ་པའོ།། གང་ཡང་ཐོས་པ་ཀུན་བཟུང་ནས།། དེ་ཐོས་བསམ་པས་བསྒོམ་པ་ཡིན།། བཟང་པོའི་ཞལ་སྔའི་བཀའ་དྲིན ་གྱིས། ཉན་པ་གོམས་པའི་སྦྱོར་བ་ཡིས།། དགེ་ཅན་ཏོག་ཙེ་ཞེས་བྱ་བས།། གཞུང་འདི་དག་ནི་ཡང་དག་བསྡུས།། བདག་ནི་བཟང་པོའི་ཞལ་སྔ་དང་།། སློབ་དཔོན་གཞན་དང་རྣལ་འབྱོར་པ།། སེམས་ཅན་རྣམས་ནི་མ་ལུས་པའི།། བྲན་དུ ་སྐྱེ་དང་སྐྱེ་བར་གྱུར་ཅིག། བསམ་པ་འདི་ཡི་སྒོ་ནས་ནི།། གལ་ཏེ་བདག་ནི་སངས་རྒྱས་འགྱུར།། འོན་ཏེ་དམྱལ་བར་འགྲོ་སྲིད་ན།། དམྱལ་ཉིད་བདེ་བ་ཅན་དུ་ཤོག། བསམ་མེད་གཉིས་མེད་རྫོགས་པ་ཡི།། རིམ་པའི་མན་ངག་མཁྱེན་པ་བློ།། ་ལྷོ་ཡི་རོང་བཞིན་མ་ལུས་སྔགས་གཞུང་རྣལ་འབྱོར་མཆོག། རྣལ་འབྱོར་རྒྱས་པ་མཐའ་ཡུས་བླ་མོ་ལས་འབྱུང་དྲི་མེད་འདི།། གློན་པ་བློ་ཞན་བདག་ཉིད་དྲན་པ་ཙམ་གྱིས་བྲིས་པ་ཡིན།། བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཕྱག་རྒྱ ་ཆེན་པོ་ཐོབ་པའི་སློབ་དཔོན་ཏོག་རྩེ་ཞབས་ཀྱིས་མཛད་པ་རྫོག་སོ།། ། བདེ་བའི་མྱུ་གུ་དང་འགོས་ཀྱི་འགྱུརོ།། @#། བསྙུང་དུ་ཆོམ་སྤྱོད་ཡོང་བར་སྟོན་པ་ལྟ་བ་ངན་སེལ་ཞེས་བྱ་བ་བཅུག་གོ།། ་