| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སྠི་ཏི་ས་མུརྒྷཾ་ཡ། བོད་སྐད་དུ། གནས་པ་བསྡུས་པ། བཅོམ་ལྡན་འདས་དཔའ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། མདོ་སྡེ་བྱེ་བྲག་སྨྲ་རྣམས་རིག། དབུ་མའི་རིམ་བཞིན་གསལ་བ་ཡི།། ་ཆོས་དང་གང་ཟག་བདག་མེད་ལ།། བཏུད་དེ་དེ་ཉིད་བཤད་པར་བྱ།། ཁ་ཅིག་གང་ཟག་ཅེས་བྱ་སྐྱེ།། རྟག་མིན་མི་རྟག་མ་ཡིན་ཟེར།། ནམ་མཁའ་དང་ནི་འགོག་པ་གཉིས།། འདུས་མ་བྱས་གསུམ་རྟག་པ་ཡིན།། འདུས་བྱས་ཐམས་ཅད་མི་རྟག ་སྟེ། འགྲོ་བ་ཕུང་པོ་ལྔ་བདག་ཉིད།། སྲིད་པ་སྡུག་བསྔལ་བདེན་པ་སྟེ།། དེ་ནི་འབྲས་བུ་ཤེས་པར་བྱ།། རྒྱུ་ནི་ཀུན་འབྱུང་བདེན་པ་སྟེ།། ལས་དང་ཉོན་མོངས་བདག་ཉིད་དོ།། བདེན་པ་དེ་གཉིས་ཟག་བཅས་ཏེ།། ཕྱི་མ་གཉིས་ནི་ཟག་པ་མེད།། ལས་དང ་ཉོན་མོངས་ཡོངས་ཟད་ནས།། ཤིན་ཏུའང་འགོག་པར་གྱུར་པ་ན།། དམ་པའི་རྣམ་ཐར་མངོན་སུམ་དོན།། ཞི་བ་སྡུག་བསྣོལ་ཟད་པ་ཡིན།། འཕགས་ལམ་ཡན་ལག་བརྒྱད་དེ་ནི།། གོམས་པས་ངེས་པར་འབྱིན་པའི་མཆོག། ཡང་དག་བསྟན་པ ་ལ་སོགས་ཞེས།། ཡན་ལྷག་བརྒྱད་ལ་མ་ཐུབ་པས་གསུངས།། དེ་ཉིད་ཉན་ཐོས་མྱ་ངན་འདས།། རང་སངས་རྒྱས་ཀྱི་བསྒོམ་པ་ཡང་།། ལུང་བསྟན་པ་ལ་མི་ལྟོས་པར།། རང་གི་སྔོན་གྱི་སྨོན་ལམ་གྱིས།། དོན་མངོན་བྱས་ནས་མྱ་ངན་འདས།། ལྷག ་མར་བཅས་པའི་ལུས་འདིས་སུ།། བདག་ཉིད་ཆེན་པོ་དེ་ཀུན་ནས།། བདག་དང་གཞན་དོན་ནུས་པ་ཉིད།། རང་གི་འདོད་པས་བསྟན་ནས་སུ།། མར་མེ་ལྟར་ཡོངས་མྱ་ངན་འདས།། འདི་ནི་འབྲིང་པོའི་སངས་རྒྱས་ཏེ།། བྱེ་བྲག་སྨྲ་བའི་གནས་པའོ།། ། ་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། འདུས་བྱས་ཐམས་ཅད་སྐད་ཅིག་མ།། དེ་དག་བདག་མེད་པ་རུ་ནི།། ཡང་དག་ཤེས་པའི་ཡུལ་དུ་བྱས།། དམ་པའི་ཤེས་པ་གཉིས་ཀྱི་ཚུལ།། མངོན་སུམ་དང་ནི་རྗེས ་དཔག་སྟེ།། ཡུལ་གྱི་རང་གི་མཚན་ཉིད་ལ།། མངོན་སུམ་ལྐོག་ཏུ་གྱུར་པའོ།། ཡུལ་དང་དུས་ནི་ཉི་ཚེ་བ།། ཕྲ་རབ་རྡུལ་དང་སྐད་ཅིག་མས།། དོན་གྱི་བྱ་བ་ནུས་པའི་ཕྱིར།། དེ་ཉིད་དོན་དམ་དངོས་པོ་ཡིན།། ན་མཁའ་ལ་སོགས་ལྷ་ཞོག ་གི། བྱ་བའི་དོན་ཀུན་འདོད་པ་ཡིས།། ཚད་མའི་ཡུལ་དུ་བྱས་ནསུ།། དེ་ཉིད་འདོར་ནི་ཡོང་སུ་བརྟག། འདྲི་ལྟར་བུམ་པ་ལ་སོགས་གཟུགས།། རྟག་ཏུ་དོན་གྱི་བྱ་བྱེད་པས།། སོ་སོའི་སྐད་ཅིག་དེ་ཉིད་ལ།། རང་གི་དངོས་པོ་ཉིད་བྱེད ་པའོ།། བྱ་བའི་དོན་ཅིག་བྱས་ནས་ནི།། དེ་ཉིད་བྱེད་པ་མ་ཡིན་ལ།། བྱེད་པ་བྱེད་པར་མི་སྦྱོར་ཏེ།། བྱས་ན་དེ་ཉིད་གཞན་དུ་འགྱུར།། སྔ་མའི་རང་བཞིན་རྣམས་ཀུན་ཏུ།། སྐད་ཅིག་གཞན་གྱི་རྗེས་མི་འཇུག། སྐད་ཅིག་མ་ཡི་རྒྱུན་འདྲ ་བས། མངོན་ཤེས་ལ་སོགས་སོ་སོར་གནས།། ད་ལྟ་མངོན་སུམ་གྱུར་པའི་དོན།། ཡོངསུ་སྤྱོད་པ་དེ་བཞིན་ཡང་།། དེ་ནི་རྣམ་པར་གཅོད་པ་སྟེ།། མངོན་སུམ་ལས་བྱུང་བསྒོམ་པ་ཡིན།། སྣང་བ་རྣམ་པར་ཉམས་ནས་ནི།། ་རྒྱུད་གཞན་དགོས་པ་མ་ཡིན་ཏེ།། བསྐྱེད་པ་གཞན་ནི་འཇིགས་པས་ན།། རང་རིག་རྒྱུ་ཡི་ཉམས་པར་འགྱུར།། ཕྲ་རབ་རྡུལ་ནི་འདུས་པ་ལས།། རིགས་པའི་གཟུགསུ་མཐོང་བ་ཡི།། ལུས་ལ་ཤིང་དང་ས་ལ་སོགས།། རགས་པ ་ཆུང་ཟད་གཅིག་པ་མིན།། ཇི་ལྟར་དེ་བཞིན་བདེ་དང་སྤྱུག། བུམ་པ་ལ་སོགས་སོ་སོར་རོ།། གཅིག་ལ་བསྐྱོང་དང་དམར་བསྡུ་འོ།། ཀུན་བསྐྱོད་པ་དང་དམར་པོར་འགྱུར།། གཅིག་ལ་གཡོསླ་བར་གྱུར་པ་ཡིས། ཨཱ་ཀུན་བྱང་འགྱུར་དེ་བནནོ།། འོན་ཀྱང་མ་བླ་རྒྱད་པོ ་ལན་ལག་ཅན་ལ་མིད་ཤེས།། ཡན་ལག་ཅན་ཉིད་མི་བསྐྱོད་ནོ།། ཇི་ལྟར་ཡུལ་གཞན་ཐོབ་པར་འགྱུར།། རྡུལ་ཕྲན་འདུས་པར་ཕྱི་རོལ་གྱི།། སྣང་བ་སྐད་ཅིག་གང་ཡིན་པ།། ཤེས་པ་རང་གི་རྣམ་པ་ནི།། སྐྱེས་པས་ཡུལ་ཉིད་ཐོབ་པར་འགྱུར ་དེ་ཉིད་ཙམ་གྱིས་སྤྱོད་ཡུལ་གྱིས།། ཐམས་ཅད་མཁྱེན་པ་ཐོབ་མིན་ཏེ།། ཚོགས་པ་གཅིག་ལ་རག་ལུས་པས།། རྒྱུ་ནི་དབང་པོ་དང་མཉམ་འགྱུར།། ཕྱེ་དང་མ་ཕྱེ་རྣམ་རྟགས་པས།། ཤེས་པའི་བྱེ་བྲག་སྐྱེས་དོན་མེད།། བེམས་པོ་སེམས ་མིན་རྣམ་བརྟགས་པས།། ཀུན་ནས་སྐྱེ་བ་ཡོད་མ་ཡིན།། འཕགས་པའི་བདེན་པ་བཞི་པོ་ཡང་།། འདི་ལ་བློ་དང་ལྡན་པས་བསྒོམ།། ཡང་དག་རྫོགས་པའི་བྱང་ཆུབ་སེམས།། ཚོགས་མ་རྫོགས་ན་ཡོད་མ་ཡིན།། མངོན་དུ་བྱེད་པ་མི ་བྱ་སྟེ།། བྱས་ན་ཐེག་པ་དམན་པར་འགྱུར།། ཟབ་མོའི་རིམཱ་ལཱ་གོམས་པ་ཡིས།། བྱང་ཆུབ་རྩཝ་བ་སྙིང་རྗེ་ཡིན།། སྙིང་རྗེ་རྩ་བ་རབ་སྦྱོར་བས།། བྱེ་བྲག་སྨྲ་བའང་དེ་བཞིན་ཏེ།། ཐག་ཆེན་རིམ་པས་གོམས་པ་ཡིས།། རྫོགས་པའི་བྱང ་ཆུབ་ཅིས་མི་འགྱུར།། གཞན་དུ་མདོ་སྡེ་རྟོགས་པ་ཡི།། བློ་དེ་ཇི་ལྟར་ཐེག་ཆེན་ཡིན།། གང་ཕྱིར་དབུ་མ་དང་བྲལ་བས།། དེ་ལའང་སངས་རྒྱས་ཡོང་མ་ཡིན།། གནས་པ་ཙམ་གྱི་བྱེ་བྲག་གིས།། ཐེག་པ་ངེས་པ་མེད་པའི་ཕྱིར།། ། ་ཤེས་ར་བྱུ་ཞྀག་གཱ་བཇམ་དང་།། དབུས་པས་ཀྱང་མཐོང་བ་ལ།། བྷག་ཅན་སྙིད་རྡོ་སྦྱོར་བ་ལས།། སྤྱན་མགས་ལམ་ནི་ལྷག་པར་འགྱུར།། སྡུག་པསྔལ་ལ་གས་བདེན་པ་རྣམས།། གནས་པའི་དབྱེ་བ་གཀུན་དུ ་འགྱུར།། གལ་ཏེ་ཆུང་ངུ་འབྲིང་སོགས་པའི།། དབྱེ་བ་བྱེ་སྐྱེ་རབ་བརྟགས་ནས།། དེ་ནི་སོ་སོ་རྣམ་པ་དག། དྲི་ནི་ཐེག་པ་གནས་པར་ཕྱེ།། མདོ་སྡེ་པའི་གནས་པ་བསྡུས་པའོ།། ། རྡུལ་ཕྲན་ཆ་ཤས་མེད་པའི་ཕྱིར།། ་ཕན་ཚུན་ཡང་དག་སྦྱོར་བ་མེད།། ཐམས་ཅད་འབྲེ་ལ་མྱེད་བདག་ཉིད་པས།། རགས་པ་ཅུང་ཟད་ཙམ་ཡང་མེད།། དབང་པོ་ལས་འདས་རང་རྒྱུད་པས།། འདུས་པ་ཡང་ནི་དེ་བཞིན་ནོ།། གལ་ཏེ་རགས་པའི་ཆོས་ཀྱི་དོན།། ཤེས་པ་ཇི་ལྟར་དངོས ་མེད་འགྱུར།། ཕྱེ་དང་མ་ཕྱི་རབ་བརྟགས་པས།། དོན་གྱི་ཆོས་དེ་མེད་པ་སྟེ།། ཕྲ་མོའི་དབྱེ་བས་ཕྱེ་བ་ནི།། རྫས་དེ་ཇི་ལྟར་རགས་པ་ཡིན།། དངོས་དང་དངོས་མེད་འགལ་བས་ན།། ཕྱེ་དང་མ་ཕྱེ་གཅིག་པ་མེད།། འགུལ་དང་མི་འགུལ་སོགས ་སྨྱོན་པས།། གཅིག་ལ་འང་མ་ཤས་ཡོད་མཱ་ཡིན།། ཕྱོགས་དང་སྣམ་སོགས་བྱེ་བྲག་གིས།། བསྒྲུབ་པའི་དོན་ལ་ངེས་པ་མེད།། གང་ཕྱིར་འདྲི་དོན་དངོས་མེད་དེ།། རྨི་ལམ་གཟུགས་བརྙན་ལ་སོགས་བཞིན།། སྔོན་པོ་ལ་སོགས་དོན ་མོད་ཕྱིར།། རྣམ་པར་ཤེས་པ་འཐད་མ་ཡིན།། སྣ་ཚོགས་རྣམ་པར་སྣང་བས་ན།། ཇི་སྲིད་སྔོ་སོགས་གཅིག་པ་མིན།། ཕན་ཚུན་འཐད་པ་མ་ཡིན་པས།། རྣམ་ཤེས་སྣ་ཚོགས་མ་ཡིན་ནོ།། བག་ཆགས་སྟོབས་ཀྱིས་བཟུང་བ་དང་།། འཛིན ་པ་ལྟ་བུར་ཕྱེ་བའི་ཕྱིར།། སྣང་བའི་བྱེ་བྲག་སྔོན་པོ་སོགས།། བདེན་མིན་འཁྲུལ་པས་རྣམ་པ་མེད།། འགྲོ་བ་རྣམ་རིག་ཙམ་དུ་ནི།། དེ་བཞིན་བཅོམ་ལྡན་འདས་ཀྱིས་གསུངས།། དེ་ལྟར་བུས་པས་རྣམ་བརྟགས་པའི།། བག་ཆགས་ཀྱིས ་ནི་དཀྲུགས་པོའི་སེམས།། དོན་དུ་རབ་ཏུ་སྣང་བར་འཇུག། རྣམ་པ་མེད་པར་མོས་པ་ཡིན།། གསུམ་པོ་དམིགས་པ་མེད་པ་སྟེ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། སོ་སོར་འཁོར་གསུམ་རྩེ་གཅིག་བྱ།། ཐོས་དང་བསམ་པ ་ལས་བྱུང་དང་།། བསྒོམ་པ་ལས་སྐྱེས་ཤེས་རབ་ནི།། བསམ་གཏན་ལས་སྐྱེས་རྣལ་འབྱོར་གྱིས།། ཞི་གནས་དང་ནི་ལྷག་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་གསུངས་པ།། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དུ་ནི་མི་རྟག་གོ།། དེ ་བཞིན་ཉིད་ལ་གནས་བཅས་ནས།། སེམས་ཙམ་ལས་ཀྱང་འདའ་བར་བྱ།། སེམས་ཙམ་ཉིད་ལ་འདས་ནས་སུ།། སྣང་བ་མེད་ལས་འདའ་བར་བྱ།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེས་ནི་ཐེག་པ་ཆེན་པོ་མཐོང་།། འཇུག་པ་ལྷུན་གྱིས ་གྲུབ་ཅིང་ཞི།། སྟོནྡྲ་ལཱམ་རྣམ་པར་དྲག་ནས་ནི།། ཡེ་ཤེས་དམ་པ་བདག་མྱེད་པ།། སྣང་བྱ་མེད་པ་མཐོང་བ་ཡིན་ཞེས་གསུངས་སོ།། སྣ་ཚོགས་གསལ་བ་དེ་ཉིད་ཀུན་ཏུ་བརྟགས་པ་སྡུག་བསྔལ་ཏེ།། ཀུན་འབྱུང་གིས་ནི་བག་ཆགས་གཞན ་གྱི་དབང་གི་རང་བཞི་ནོ།། སྦྱིན་པ་ལ་སོགས་ལམ་ཉིད་ཡོངསུ་རྫོགས་པ་འགོག་པ་སྟེ།། རྫོགས་པར་ཡོངསུ་གྲུབ་པ་རྣམས་མེད་རྣམ་པར་རིག་པ་ཙམ།། རྣལ་འབྱོར་སྤྱོད་པའི་ལམ་རྣམ་པ་མེད་པའི་གནས་པ་བསྡུས་པའོ།། ་གང་གང་ཆུང་ཟད་སྣང་བ་ནི།། དེ་དེ་སེམས་ལ་ཤིན་ཏུ་སྨྲས་པ།། སྒྱུར་དེ་བཞིན་གྱི་ལས་སོམས།། གཟུགས་ལ་སོགས་པ་མ་སྦྱོར་སྤྱང་།། ཛལྟར་སོ་སོར་སྣང་བའི་སེམས།། བདྨ་ནགས་ལ་ནི་རྣམ་སྨྲས། ་གཚོ་སྟེ་དོན་མེད་རྣམ་ཤེས་ནི།། ཇི་ལྟར་གཞན་ལས་ཤེས་པར་འགྱུར།། དྲིན་གྱི་སྣང་བའི་ཕྱི་རོལ་ནཱ།། བསེ་རུ་ལྟ་བུར་ཐུབ་པས་གསུངས།། གཟུང་དང་འཛིན་པ་སྟོང་པར་ནི།། སྣང་མེད་པ་དག་འདོད་པ་ཡིན།། རྣམ་ཤེས་སོ་སོར ་སྦྱང་བས་ན།། སྔོན་པོ་ལ་སོགས་དོན་མེད་དེ།། དེ་ཕྱིར་ཀུན་གྱི་རྣམ་པ་བསྒོམ།། མེ་ཏོག་ཧཱུ~ཾང་ཆེན་པོ་ཡིན།། ཀུན་འབྱུང་བག་ནགས་བསྟན་པ་ནི།། སྦྱིན་པ་ལ་སོགས་བག་ཆགས་སྤྱངས།། སྡུག་བསྔལ་ཐམས་ཅད་འགོག་པ་ཡང་། ་སྣ་ཚོགས་གཉི་སུ་མྱེད་པ་མཐོང་།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། གཟུང་དང་འཛིན་པ་སྟོང་པ་ཉིད།། གསལ་བར་བྱེད་པའི་ཆོས་སྐུ་ལྷས།། ལྗོངས་སྤྱོད་རྫོགས་དང་སྤྲུལ་པ་འཕྲོ།། གཟུང་བ་ལ་སོགས་མེད་པའི་དངོས།། སྣང ་བའི་བག་ཆགས་ཡོད་མ་ཡིན།། དེ་བཞིན་གཉིས་ཀ་ཡང་མེ་ཡིན།། གཟུགས་ལས་གཞན་དུ་མྱི་བརྟག་གོ།། མཐའ་བོཞི་ལས་ནི་རྣམ་གྲོལ་བའི།། དངོས་པོ་འདི་ནི་མེད་བྲི་མིན།། རྣམ་པར་མི་རྟོག་རང་བཞིན་ཡང་།། ཡེ་ཤེས་རིང ་རིག་ཉམས་མྱོང་ཡིན།། རྣལ་འབྱོར་སྤྱོད་པའི་ལས་རྣམ་པ་དང་བཅས་པའི་གནས་པ་བསྡུས་པའོ།། ། མུ་སྟེགས་སངས་རྒྱས་པར་མ་བཏུས།། གསུམ་ནི་མེད་པར་མི་འདོད་པས།། ལེགས་ཤིང་མཛེས་པ་དམ་པའི ་ཆོས། མེད་པར་གནས་པའི་སྡིག་པ་ཡིན།། དབུ་མ་ཆེན་པོའི་རང་བཞིན་ཉིད།། གནས་པ་ཐམས་ཅད་རྣམ་སྤངས་པ།། བཏུད་དེ་གནས་པ་ཟད་བྱེད་ཉིད།། ལུང་དང་རིག་པས་བཤད་པར་བྱ།། ཁམས་རྣམས་ཉིད་ལས་གྲུབ་པ་གང་།། རྐྱེན་ལ ་སྐྱེས་པ་སྐད་ཅིག་མ།། གཅིག་དང་དུ་མ་དང་བྲལ་བས།། དེ་ཉིད་དངོས་པོ་མེད་པས་ཡིན།། དེ་ཡང་ལུས་ལ་རྐང་ལག་དང་།། མགྲོ་དང་རྒྱབ་སོགས་ཕྱེ་བ་ལས།། ལག་པ་ལ་སོགས་གཅིག་ཀྱང་མེད།། སོ་སོར་ཕྱེ་བས་བྱུང་བ་ཡིན།། ་ཇི་སྲིད་དེ་ཡི་ཆ་ཕྱེད་སྟེ།། རྡུལ་ཕྲན་རྣམ་པར་དབྱེད་པ་ནི།། ལུས་པོ་ཉིད་ན་བཤད་པ་ལས།། རྟེན་དང་བརྟེན་པ་ལ་སོགས་ཤེས།། གཅིག་གི་དངོས་པོ་བཀག་པས་ན།། དུ་མྲའང་ཡོད་པ་མ་ཡིན་ནོ།། རྨི་ལམ་དང་ནི་མཉམ་གནས་པར།། སྔོན ་དུ་བཀག་པ་ཉིད་ཀྱི་མིན།། ཤེས་པའི་རང་བཞིན་མེད་པའི་ཕྱིར།། རིག་པ་ཉིད་དང་འགལ་བ་མིན།། གང་ཕྱིར་སྤྱི་ཡི་གཏན་ཚིགས་ཀྱིས།། བརྗོད་པ་དམ་པའི་ཆོས་ཡིན་ནོ།། །། ཀུན་རྫོབ་དོན་བྱེད་ནུས་པ་ཡི།། སྣ་ཚོགས་འདི་ནི་རང ་བཞིན་མེད།། དེ་ནི་ཤེས་དང་ཤེས་བྱ་ཉིད།། ཁོ་བོས་ཅི་ཞིག་ཡོངསུ་བརྟག། གཟུགས་སོགས་སོ་སོར་སྣང་པོ་ལ།། དེ་ཉིད་རྣམ་པ་ཤེས་པ་ལ།། དེ་ལྟར་སྒྲུབ་ཐབས་ལྟ་བྱས་ཏེ།། བློ་ལྡན་རིག་པས་མི་འགྲུབ་མེད།། ཀུན་རྫོབ་དུ་ནི་སྐྱེ་བ་གང་།། ་དེ་ནི་སྐྱེ་བ་མེད་པའི་དོན།། དེ་ཕྱིར་སྐྱེ་བ་མེད་པའི་སེམས།། རང་བཞིན་མེད་པའི་ཕྱིར་བཞི་ནོ།། སྐྱེ་བ་གྲུབ་པས་ཡོད་པ་ཡིན།། ཡོད་པ་ཡིན་པས་མེད་པའང་མེད།། རྒྱུ་ཡི་དངོས་པོ་མེད་པས་ན།། རང་བཞིན་གཞན་ལས་སྐྱེ་བ ་ཨཱིན། ཇི་ལྷུར་གཟུགས་བརྙན་འབྱུང་བ་ལྟར།། བདེན་མིན་བརྫུན་པ་མ་ཡིན་གཟུགས།། དེ་ཉིད་ཆོས་རྣམས་རྣམས་དད་དེ།། རང་བཞིན་རིག་པ་རྣམས་ཀྱི་ལུགས།། འདུས་པ་མཁར་དྲུང་གས་ལ་སོགས།། རྩམ། ་པ་ཀུན་རྫོབ་དངོས་པོ་སྟེ།། འདི་ནི་རང་བཞིན་མ་སྨྲས་པས།། འདུས་པ་ཉིད་ཀྱང་དེ་བཞིན་མོ།། དེ་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས།། འགྲོ་བ་འདི་དག་མིང་ཙམ་གསུངས།། གཞན་གྱིས་སྨྲས་པ་འདི་དག་ཀུན།། བདག་གིས་ལེགས ་པར་བརྗོད་པ་ཡིན།། ཕྱོགས་ནི་སྔ་མར་བརྗོད་པ་དག། དེ་ཡི་བློ་གྲོས་གས་ལྔ་ནས་སུ།། རང་གི་ཕྱོགས་ནི་བདག་གིས་བཤེད།། ཇི་ལྟར་མེ་ལོང་ལ་གཟུགས་བརྙན།། གཅིག་དང་གཞན་ཉིད་སྤངས་པ་ལྟ་རི།། སྣང་ལས་གཞན་ན་ཡོད་མིན་ཏེ།། དེ་ལྟར ་དངོས་པོའི་རང་བཞིན་ནོ།། འཇིག་རྟེན་སྒྱུ་མ་རྨི་ལམ་བཞིན།། རྒྱུ་དང་རྐྱེན་ནི་རྣམ་པར་སྤང་ས།། རྟག་ཏུ་རྒྱུ་མེད་པར་སྣང་བས།། རྣམ་པར་རྟོག་པ་མི་འཇུག་གོ།། གང་ལ་དངོས་པོ་ཡང་མིནྡ་པས།། སེམས་ཙམ་དུ་ནི་རྟོགས་པར་བྱ།། ཇི་ལྟར་ངས ་བི་མེད་པའི་སེམས།། སེམས་ཙམ་དྷི་ནི་རིགས་པ་མིན།། གཟུང་དྲུང་འཛིན་པའི་བྱེ་བྲག་གིས།། གལ་ཏེ་སེམས་ནི་འཇུག་པ་ནི།། འཇིག་རྟེན་པ་ཡི་སེམས་འདི་དག། སེམས་ཙམྦ་དྷ་ནི་མི་རིགས་སོ།། སྲས་དང་ལོངས་སྤྱོད་དབང་པོ་ནི།། གལ ་རྨི་ལམ་ལྟར་སྐྱེས་ན།། སེམས་ནི་གཉིསུ་འགྱུར་བ་སྟེ།། སེམས་ཀྱི་མཚན་ཉིད་གཉིས་མིན་ནོ།། གང་ཕྱིར་ཇི་ལྟར་རལ་གྲིའི་སོ།། ཇི་ལྟར་རང་གི་མཛུབ་རྩེ་ཡི།། མི་ཆོད་པ་དང་མི་རིག་པ།། དེ་བཞིན་སེམས་ཉིད་རང་སྣང་པོའོ།། གཟུགས་བརྙན ་བཞིན་དུ་སྣང་བའི་སེམས།། སྔོན་དུ་གོམས་པར་གྱུར་པའི་བློས།། ཇི་ལྟར་འབྱུང་བ་རྣམ་པར་མཐོང་།། དོན་གྱི་རྣམ་པ་དོན་ཡོད་མིམ།། གང་ཟག་རྒྱུན་དང་ཕུང་པོ་དང་།། དེ་བཞིན་རྐྱེན་དང་རྡུལ་ཕྲན་དང་།། གཙོ་བོ་དབང་ཕྱུག་བྱེད་པ་པོ།། སེམས ་ཙམ་པོ་ལ་རྣམ་པར་བརྟགས།། ཕྱི་རོལ་དོན་མཐོང་ལོགས་པ་སྟེ།། དོན་གཞན་མེད་པའི་སེམས་ཉིད་དོ།། རིག་པས་ཡིད་ལ་བརྟགས་ནས་ནི།། གཟུང་དང་འཛིན་པ་འགོག་པའོ།། བློ་ཡི་རྣམ་པར་གྲ་ཞིགས་ན་ནི།། རང་བཞིན་ངེས་པར་གཟུང ་དུདུ་མེདང་།། དེ་ནི་བརྗོད་དུ་མེད་པའི་ཕྱིར།། དངོས་པོ་མེད་པར་བསྟན་པ་ཡིན།། ཡིད་ལ་བློ་ཡི་རྣམ་བརྟགས་ན།། གཞན་དབང་མེད་ཅིང་ཀུན་བརྟགས་མེད།། ཡོངསུ་གྲུབ་པའི་དངོས་མེད་ན།། ཇི་ལྟར་བློ་ཡི་རྣམ་པར་དཔྱད་།། རང་བཞིན་མེད་ཅིང ་བྱེད་མེད།། དངོས་མེད་གཞི་ཡང་ཡོད་མ་ཡིན།། ནུས་པ་རོ་དང་མཚུངས་པའི་ཕྱིར།། རྟོག་གེ་ངན་པས་འདི་དག་བརྟགས།། དངོས་པོ་མཚན་མ་རྣམ་རིག་གོ།། ཡིད་ལོག་གཡོ་བ་གང་ཡིན་ལས།། ང་ཡི་ལུས་རྣམས་འདས་ནས་སུ།། རྣམ་པར ་མི་བརྟོགས་པ་ཡི་སྤྱོད།། དེ་བཞིན་ཉིད་དང་སྟོང་ཉིད་མཐའ།། མྱ་ངན་འདས་དང་ཆོས་ཀྱི་དབྱིངས།། སྐྱེ་བ་མེད་པའི་ཆོས་རྣམས་ནི།། དམ་པའི་དོན་གྱི་རང་བཞིན་ནོ།། ཕྱི་རོལ་དངོས་དང་དངོས་མེད་དེ།། སེམས་ཀྱི་ཡོངསུ་བཟུང་བ་མེད།། ལྟ་བ་ཐམས། ་ཅད་སྤངས་པ་གང་།། སྐྱེ་བ་མེད་པའི་མཚན་ཉིད་དོ།། གང་ཕྱིར་ཚོགས་པའི་རྐྱེན་ཡོད་ན།། འཇུག་པ་དང་ནི་ལྡོག་པར་འགྱུར།། ཚོགས་པ་སོ་སོར་གྱུར་ན་ནི།། སྐྱེ་བ་མེད་ཅིང་འགག་པ་མེད།། ཡོད་མེད་དངོས་པོ་སྐྱེ་བ་མེད།། སེམས་ནི་ཡོད ་མིན་མེད་པ་མིན།། གང་ཕྱིར་ལས་གཞན་འདུས་པ་ལས།། འཇུག་པ་དང་ནི་ལྡོག་པ་མིན།། གང་ཚེ་འཇིག་རྟེན་འདི་དག་ཀུན།། འདུས་པ་ཉིད་ནི་མཐོང་བ་སྟེ།། ཚོགས་པ་ཙམ་པོ་འདི་ཉིད་ནི།། དེ་ཚེ་སེམས་ལ་མཉམ་པར་གནས།། ་གང་ལ་ཅུང་ཟད་སྐྱེ་མེད་པས།། དག་པ་ཅུང་ཟད་ཡོད་མ་ཡིན།། དེ་ནི་ཡོད་དང་མེད་མིན་ཏེ།། འགྲོ་འདི་བརྗོད་དུ་མེད་པར་ལྟའོ།། ཟུང་དུ་འཇུག་པ་ཡོངས་ཤེས་ན།། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ།། མཁས་པས་ཀུན་རྫོབ་དེ་ཉིད་ཀྱང་།། མི་སྤང ་པབར་ནི་སྤྱད་པར་བྱ།། གང་ཕྱིར་ཀུན་རྫོབ་ལོག་ན་ནི།། དེ་ཕྱིར་དེ་ཉིད་ཅི་ཡང་མེད།། ཀུན་རྫོབ་ཉིད་ཀྱིས་སྐྱེ་བ་གང་།། དེ་ཉིད་སྐྱེ་བ་མེད་པའི་དོན།། འདི་ནི་ཟུང་འཇུག་དེ་ཉིད་དོ།། རྐྱེན་ལས་སྐྱེས་པའི་མཚན་ཉིད་དོ།། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས།། ། ་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག། ཡང་དག་མཐའ་དང་སྐྱེ་བ་མེད།། མི་དམིགས་པ་དང་མྱ་ངན་འདས།། སྟོང་ཉིད་མཚན་མ་མེད་པ་དང་།། སྨོན་པ་མེད་དང་འདུས་མ་བྱས།། རྨི་ལམ་སྒྱུ་མ་ལ་སོགས་དཔེ།། དེ་ཉིད་རྒྱལ་བ་རྣམས་ཀྱིས་བསྒྲུབས།། ་ཐེག་ཆེན་འདི་ནི་མཆོག་ཡིན་ཏེ།། ངེས་དོན་མདོ་སྡེར་བསྡུས་པ་ཡི།། མདོ་སྡེ་ལྟ་ཞིང་ཉན་པ་ལ།། འདི་ལྟར་འབད་པས་བསམ་པར་བྱ།། སྙིང་རྗེ་སེམས་ཅན་ལ་བསྐྱེད་དེ།། བྱང་ཆུབ་སེམས་ནི་བརྩོན་བྱས་ནས།། བྱང་ཆུབ་སྡོམ་གནས་བརྩོན་ཆེན ་བོས། རང་བཞིན་མེད་པ་བསྒོམ་པར་བྱ།། འཕགས་པའི་ལམ་བརྒྱད་ལ་གནས་ཏེ།། སྦྱིན་དང་ཚུལ་ཁྲིམས་སོགས་ལ་འབད།། མཁས་རྣམས་གང་ཕྱིར་བདེན་གཉིས་གཉིས་མེད་འདིས།། ཇི་ལྟར་དེ་ཉིད་དོན་དེ་ཆད་པ་ལྟ་བུར་ནི།། མངོན་སུམ ་གྲུབ་པ་སྐྱེ་དང་འགག་པའི་སྣོད་ཡིན་ཏེ།། གལ་ཏེ་དོན་སྐྱེས་རྣམ་པར་ཉམས་པའི་སྐྱོན་ཡིན་ནོ།། གང་ཕྱིར་ཇི་ལྟར་མེ་ལོང་ནང་དུ་གཟུགས་བརྙན་མཐོང་།། རིག་པས་བརྟགས་པའི་སྟོབས་ཀྱིས་དེ་མེད་དེ་མཐོང་མེ་བ།། ཕྱི་ཡི་དོན་མེད་འདི ་མེད་རྣམ་པ་སྣ་ཚོགས་སེམས།། འོན་ཀྱང་རྟེན་འབྲེལ་དག་ལ་རིག་པས་འགལ་བླ་མེ་དོ།། འདི་ནི་དབུ་མོའི་གན་དུ་བསྡུས་པའི།། དེ་ལྟར་མཐའ་བཞི་རྣམ་སྤངས་པ།། བརྟགས་ཏེ་བརྟན་པར་བྱས་ནས་སུ།། སྐྱེ་བ་མེད་ཅིང་གནས་པ་མེད།། འགག ་པ་མེད་ཅིང་མཚན་ཉིད་མེད།། རང་རིག་རྐྱེན་ལས་སྐྱེས་པ་སྟེ།། དེ་ཉིད་ཕ་རོལ་ཕྱིན་པའི་ཚུལ།། ཕྱག་རྒྱ་བཞི་ཡི་རང་བཞིན་ལུང་།། སྔགས་ཀྱི་ཚུལ་ལ་བརྟེན་ནས་སུ།། བླ་མའི་ཁྱད་པར་མྱོང་བ་ཡིས།། མ་བརྟགས་པར་ཡང་སོམ་ཉི་མེད།། ་སྟོང་པ་ཉིད་ནི་རང་རིག་སྟེ།། ཐབས་དང་ཤེས་རབ་བདེ་ཆེན་པོ།། འབྲས་གནས་བཞིན་དུ་རྩོད་པ་མེད།། བྱང་ཆུབ་སེམས་ནི་རྣམ་པར་བསྒོམ།། དེ་སྐད་དུ་ཡང་། གསང་སྔགས་ཚུལ་དེ་ཤེས་པ་ཡིས།། སྔགས་ཀྱི་ལྕགས་ཀྱི་ཁྱད་པར་གསུངས།། དོན ་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོའི་དབང་བྱས་ནས།། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས།། གང་ཕྱིར་སྟོང་པ་རིགས་པ་ཉིད།། ཡེ་ཤེས་རང་བཞིན་སྐད་ཅིག་མ།། གང་ཕྱིར་རྡོ་རྗེ ་སེམས་དཔར་ངེས།། ཕུང་པོ་དེ་བཞིན་གཤེགས་པར་རྟོགས།། རིག་པའི་སྟོབས་ཀྱིས་གཞག་པོ་གང་།། མ་བརྟགས་པ་རུ་སྦྱོར་བ་དོན།། ཅི་སྟེ་ཡོངསུ་བརྟག་བྲལ་བ།། སྔགས་ཀྱི་ཚུལ་དང་བྲལ་ན་ནི།། རྣམ་པ་ཀུན་ཏུ་དཔེ་མེད་ནི།། ཟག་པ ་མེད་པའི་བདེ་བ་ཆེ།། ལྷ་ཡི་ང་རྒྱལ་ལྟ་བྱས་པ།། ཇི་ལྟར་སྟོང་ཉིད་ཉམ་སུ་མྱོང་།། ལས་ཀྱི་ཕྱག་རྒྱ་ལེགས་གྲུབ་ནས།། ཆོས་ཀྱི་ཕྱག་རྒྱ་རབ་ཕྱེ་བས།། ཕན་ཚུན་རེ་བ་མེད་ན་ནི།། དམ་ཚིག་འབྲས་བུ་ཇི་ལྟར་ཡིན།། ཐབས་ནི་མང་པོ་རྣམ ་ཀྱིས་སུ།། ཉམ་སུ་མྱོང་བའི་ཁྱད་པར་དང་།། ལས་དང་ཆོས་དང་ཕྱག་རྒྱ་ནི།། དབྱེ་བ་གཞན་དུ་ཇི་ལྟར་ཡིན།། ཤིན་ཏུ་དབང་པོ་རྣོན་པོ་ཡིས།། སྟོང་ཉིད་ཉམསུ་མྱོང་བ་འམ།། བདེ་ཆེན་མངོན་པར་བྱང་ཆུབ་ལ།། འདོད་པ་ཀུན་ལ་ལོངས་སྤྱོད་པས།། ་དེར་ནི་ཤིན་ཏུ་བདེ་བ་ཉིད།། དེ་ལྟར་ཐབས་ཀྱི་དངོས་པོ་ཡིས།། དབང་པོའི་དུསོ་ལ་གོམས་པ་ལས།། གཞན་དུ་ཇི་ལྟར་དཀའ་བ་མིན།། ཕ་རོལ་ཕྱིན་པ་ཀུན་བདག་ཉིད།། བསྒོམ་པའི་སྟོབས་ནི་རྫོགས་པ་ནི།། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ།། ་དབང་པོ་རྣོན་པོས་ཅིས་མི་འགྲུབ།། ལྷན་ཅིག་སྐྱེས་དགའ་རྟོགས་པའོ།། ཨེ་བཾ་ལ་ནི་ཕྱག་བྱས་ནས།། ཕྱག་རྒྱའི་རང་བཞིན་མདོར་བསྡུས་པ།། སྔགས་ཀྱི་ཐེག་པ་བཤད་པར་བྱ།། ཤེས་རབ་སྤྲུལ་པའི་གཟུགས་ཅན་མ།། ལས་ཀྱི་ཕྱག ་རྒྱ་བདག་མེད་ཉིད།། ལུས་དང་ངག་དང་སེམས་ཀྱི་ལས།། ཡེ་ཤེས་གཙོ་བོའི་རང་བཞི་ནོ།། གླེང་ཕྱིར་དེ་ལས་ཤེས་པ་གང་།། དགའ་བ་ལ་སོགས་རིམ་སྐྱེས་པ།། དབུས་རྣམ་པར་ཤེས་པ་སྟེ།། དེ་ནི་ཤེས་རབ་ཡེ་ཤེས་བརྗོད།། རྣམ་བཅས་དང་ནི ་རྣམ་པ་མེད།། དེ་བཞིན་དབུ་མའི་རྟོགས་པའོ།། ཇི་ལྟར་མོས་པའི་ཡེ་ཤེས་ནི།། མན་ངག་གིས་ནི་ཐོབ་པར་འགྱུར།། གསུམ་པའི་ལྷན་ཅིག་སྐྱེས་པར་རྟོགས།། བཙན་ཐབས་དབང་གིས་བཞི་པ་སྟེ།། རླུང་གི་བཀོད་པས་སྣ་རྩེ་ལ།། མི་འགྱུར། ་བ་ཡི་སྦྱོར་བ་ཡིན།། ཇི་ལྟ་ཇི་ལྟར་བདེ་ཡེ་ཤེས།། ཐབས་ཀྱིས་རབ་ཏུ་བསྒྲུབ་པ་ཡིན།། དེ་ལྟ་དེ་ལྟར་རྟོགས་པ་སྟེ།། རྟོག་པ་ལྷན་ཅིག་སྐྱེས་པ་མཆོག། གང་ཕྱིར་འབྲས་བུ་འདྲ་བའི་དབང་།། བཙན་ཐབས་ལྷན་ཅིག་སྐྱེས་པར་འདོད།། ཡུན་རིངས ་དུསུ་འབྲལ་མེད་གནས།། མ་བཅོས་པ་ཡི་ཚོགས་ཡིན་ནོ།། དེ་གསུངས་པ། དགའ་བ་ཁུ་བ་འབབ་པ་སྟེ།། གཙུག་ཏོར་སྨིན་ཕྱག་པདྨའི་ཚད།། མགྲིན་པ་སྙིང་གར་མཆོག་དགའ་སྟེ།། དེ་ནས་དགའ་བ་བྲལ་བར་འགྱུར་རོ།། སྣ་ཚོགས་རོལ་མོས་ལྟེ་བ ་ནས།། ཇི་སྲིད་གསང་བའི་པདྨར་སོན།། དེ་སྲིད་གསང་བའི་ནོར་བུ་ནས།། མ་འཕོས་བར་དུ་ལྷན་ཅིག་སྐྱེས།། མི་གནས་པ་ཡི་མྱ་ངན་འདས།། འདོད་ཆགས་ཆེན་པོའི་ཁྱབ་བདག་གཙོ།། མ་འཕོས་བདེ་བ་ཆགས་བྲལ་ཏེ།། འདི་ནི་མྱ་ངན་འདས་པར ་གནས།། ཆགས་བྲལ་ལས་ནི་སྡིག་པ་མེད།། བདེ་བ་མཆོག་ལས་བསོད་ནམས་མེད།། དེ་ཕྱིར་མི་འགྱུར་བདེ་བའི་སེམས།། རྟག་ཏུ་ངེས་གནས་མོས་པར་བྱ།། འཕོ་བ་ལས་ནི་ཆགས་བྲལ་འབྱུང་།། ཆགས་བྲལ་ལས་ནི་སྡུག་བསྔལ ་འབྱུང་།། སྡུག་བསྔལ་བས་ནི་ཁམས་ཟད་དེ།། ཁམས་ཟད་པས་ནི་འཆི་བར་འགྱུར།། ཤི་ནས་དེ་དག་གཞན་དུའང་འབྱུང་།། སྲིད་པར་འཆིང་ཞིང་སྐྱེ་བ་སྐྱེ།། དེ་ཕྱིར་འབད་པས་ཐམས་ཅད་ཀྱིས།། ཚོགས་པ་དོར་བ་རྣམ་པར་སྤངས།། ཆགས། ་བྲལ་འདོད་ལྡན་མ་ཡིན་ཏེ།། འདོད་པའི་སྦྱོར་ཐབས་མི་འདོད་ན།། ང་ཡི་བསྟན་པ་རྒྱུན་ཏུ་ཡང་།། ཅི་སྟེ་རྣལ་འབྱོར་སྡུག་བསྔལ་བསྐྱེད།། བདེ་བ་མི་འགྱུར་རོང་བཞིན་གྱིས།། མི་འགྱུར་མཆོག་ནི་བསྒྲུབ་པར་བྱ།། རྟེན་ནི་ཤོར་བར་གྱུར་པ ་ཡིས། བརྟེན་པ་ཆགས་དང་བྲལ་བ་ཡིན།། སྤྱི་བོར་རྒྱས་པའི་ཐིག་ལེ་ནཱི།། ཤེས་རབ་ཆགས་ལས་ཞུ་བར་འགྱུར།། གང་བར་གནས་པའི་གོ་འཕང་ནི།། བཅིངས་པ་དམ་པའི་དོན་ཡིནོ།། ཇི་ལྟར་ཟླ་བ་འཆར་བའི་རིམས།། འཕེལ ་བའི་དུས་ཀྱིས་རྫོགས་པར་འགྱུར།། དེ་བཞིན་སེམས་བསྐྱེད་རོམ་པ་ནི།། འཕེལ་བའི་དུས་ཀྱིས་རྫོགས་པ་ཡིན།། དེ་ནི་གཙུགས་ནས་བྱུང་ནས་སུ།། རྡོ་རྗེ་ནོར་བུར་གང་བར་འགྱུར།། དེ་ནི་ཆགས་དང་བྲལ་ན་ཉམས།། རྡོ་རྗེ་རྩེ་མོར་རབ་རྒྱས ་འགྱུར།། བདེ་ཆེན་རང་བཞིན་འདི་ཉིད་ནི།། རྫོགས་པའི་སྒོ་ཡིས་བསྟན་པ་ཡིན།། རྫོགས་པ་མི་བསྐྱོད་གྱུར་པ་ཡིས།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཇི་ལྟར་ཆུ་བོའི་ཆུ་སྣ་ཚོགས།། རྒྱ་མཚོ་ཆེན་པོར་རོ་མཉམ་འགྱུར།། དེ་བཞིན ་དངོས་པོ་སྣ་ཚོགས་ཀྱང་།། མི་འགྱུར་བ་དེ་ཉམས་པར་འགྱུར།། ཇི་ལྟར་ཁམས་རྣམསྣ་འདུས་པོ་ཉིད།། གང་ཞིག་དངུལ་ཆུས་ཕུག་པ་ལྟར།། དངོས་པོ་སྣ་ཚོགས་འདི་དག་ཀྱང་།། མི་འགྱུར་མཆོག་གིས་ཟླ་བ་ཡིན།། མི་འགྱུར་མཆོག ་གི་བདག་ཉིད་ཀྱིས།། རྣམ་པ་ཀུན་གྱི་རང་བཞིན་འཛིན།། སྟོང་པ་ལས་སྐྱེས་དངོས་པོ་རྒྱུ།། མི་འགྱུར་ལས་སྐྱེས་བདེ་འབྲསྡུ་བུ།། རྒྱུ་ལས་འབྲས་བུ་བདེ་རྒྱས་བིཏག།། འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ།། སྟོང་ཉིད་དངོས་པོ་འཛིན་པས་རྒྱུ།། ་མི་འགྱུར་སྙིང་རྗེ་འཛིན་པས་འབྲས།། བྱང་ཆུབ་སེམས་དེ་མ་འཕྲོ་སོ་ན།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པོ།། ངོ་བོ་ཉིད་ཀྱིས་མི་སྐྱེས་པས།། འབྱུང་བ་ཟད་པར་མི་འགྱུར་ཏོ།། སྣ་ཚོགས་འདི་ནི་རང་བཞིན་མེད།། དངོས་དང་དངོས་མེའོ ་མཚན་ཉིད་གཅིག། ཡུལ་དང་དབང་པོའི་སྒོ་ཡིས་སུ།། སེམས་ནི་རྫོགས་པའི་རང་བཞིན་ཏེ།། གཞན་དུ་སྦྲུལ་གྱིས་ཟོས་པ་ཡི།། སྡུག་བསྔལ་ཚོར་བ་རིག་པ་མིན།། ཇི་ལྟར་ལྕགས་ཀྱི་ཕྱོགས་གཅིག་ན།། གང་ཕྱིར་གསེར་འགྱུར་རྩི ་གནས་པ།། འབར་བའི་མེ་ཡི་བསྲེགས་ན་ནི།། ཐམས་ཅད་གསེར་དུ་འགྱུར་བ་ཡིན།། དེ་བཞིན་སེམས་ཀྱིས་ཕྱོགས་གཅིག་ཏུའང་།། མི་འགྱུར་བདེ་ལ་ལེགས་གནས་པ།། འདོད་པའི་མེ་ཡིས་རབ་བསྲེགས་ནས།། ཐམས་ཅད་བདེ ་བར་གྱུར་པ་ཡིན།། ཇི་ལྟར་ལྕགས་ནི་གསེར་གྱུར་ན།། ནམ་ཡང་ནག་པོར་འགྱུར་བ་མིན།། དེ་བཞིན་སེམས་ཉིད་རྟོགས་པ་ཡང་།། ནམ་ཡང་བག་ཆགས་འགྱུར་བ་མིན།། གང་ཕྱིར་མེ་ཡཱི་སྦྱངས་པའི་གསེར།། ལྕགསུ་གྱུར་པ་མ་ཡན། ་དེ་བཞིན་ཕྱིར་ཞིང་ཕྱིར་ཞིང་སེམས།། འདོད་ཆགས་མེ་ཡི་དྲི་མ་མེད།། འདིར་མང་སྨྲ་བ་ཅི་ཞིག་དགོས།། འཇིག་རྟེན་ཀུན་རྫོབ་བདེན་པ་ལྔ།། ལྕགས་ནི་འགྱུར་བར་བྱེད་པ་ཡི།། རྫི་ཡཽ་རང་བཞིན་བསམ་མི་ཁྱབ།། དོན་དམ་པར་ནི་རབ་བརྟ།། ་ན། གློ་བུར་དྲི་མས་བསྒོས་པ་ཡི།། སེམས་ཉིད་རྟོགས་པར་གྱུར་པ་ན།། ཡེ་ཤེས་རདྭ་བཞིན་སྨོས་ཅི་དགོས།། ཇི་ལྟར་རྩེ་ཡི་བསྒྱུར་བའི་ལྕགས།། ལྕགས་ཀྱི་རྗེ་སུ་འགྲོ་བ་མིན།། དེ་བཞིན་བདེ་བས་བསྒྱུར་བའི་སེམས།། སྡུག་བསྔལ་ཉིད ་དུ་འགྱུར་བ་མིན།། ཞེས་སོ།། ཡང་གསུངས་པ། རྡོ་རྗེ་དབྱིངས་ཕྱུག་མ་ཡི་རྩ།། བྷ་གའི་དབུས་ནི་རྣམ་པར་གནས།། འབད་པས་ཉེ་བར་ཐོབ་ནས་སུ།། བླ་མའི་བཀའ་ལ་གོམས་པ་ཡིས།། མཛུབ་མོ་ཅུང་ཟད་སྐྱོང་བ་ཡིས།། ཕྱི་ནས ་ལྕེ་དང་རྡོ་རྗེ་ཡིས།། རྩ་དེ་རྒྱས་པར་གྱུར་པ་ལས།། མཆོག་ཏུ་བདེ་བ་རབ་ཏུ་འབབ།། ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ།། སྟོབས་དང་དབང་པོ་རྣམས་དང་ལྡན།། ས་བཅུ་ལས་ནི་འདས་ནས་སུ།། དེ་ལས་རྟག་སུ་གྱུར ་པ་མེད་ཅེ་སོ།། ཡང་གསུངས་པ། གང་ཚེ་ཡེ་ཤེས་མཐོང་བ་ནི།། རྣལ་འབྱོར་པ་ནི་བདེ་བར་གནས།། འགྱུར་མེད་ཐུན་ནས་ཞག་གཅིག་གམ།། ཟླ་ཕྱེད་ཟླ་བ་ལོ་གཅིག་གམ།། བསྐལ་པ་འམ་བསྐལ་པ་སྟོང་དུ་འམ།། ཡེ་ཤེས་མངོན ་པར་སྦྱོར་བས་གནས།། ཡང་གསུངས་པ། ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས།། གཏོང་བར་བྱེད་པ་མ་ཡིན་པོས།། དེ་སྲིད་རྒྱུན་མི་འཆད་པ་འཐོབ།། དགའ་བ་ལས་སྐྱེས་བདེ་བ་ཡི།། བྱང་ཆུབ་སེམས་དེ་ལྷུང་གྱུར་ན།། དངོས་གྲུབ་ཀུན ་གྱི་གྲེ་ཏོ་ར་ཡིན་པས།། རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ནས།། དངོས་གྲུབ་མ་སྨྱུད་ག་ལ་ཡོད་ཅེས་གསུང་སོ།། ལས་དང་དམ་ཚིག་ཕྱག་རྒྱ་ཡི།། དུས་སུ་ལྷན་ཅིག་སྐྱེས་པ་རྟོགས།། ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེ།། གཉིས་ནི་ལྷན་ཅིག་སྐྱེས་པ་མཆོག། ་བྱང་སེམས་བྲལ་ན་བདེ་བ་ནི།། བརྒྱུ་ལམ་ན་ཡང་མི་འཐོབ་བོ།། བདེ་ཆེན་ཉིད་ནི་མ་རྟོགས་པ།། ནམ་ཡང་གསང་སྔགས་ཐེག་པ་མེད་།། ཤེས་རབ་ཡེ་ཤེས་ཐོབ་པས་ན།། ལས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས།། ཐ་མ་འབྲིང་སོགས་དབྱེ་བ་ཡིས།། ་དེངོ་ཉིད་རང་བཞིན་དཀྱིལ་འཁོར་བསྒོམ།། ལས་ཀྱི་ཕྱག་རྒྱ་སྙོམས་ཞུགས་པས།། དམ་ཚིག་དཀྱིལ་འཁོར་བསྒོམས་པར་བྱ།། ཐ་མས་བསྐྱེད་པ་བསྒོམ་པ་སྟེ།། ལས་ཀྱི་ཡན་ལག་དང་བྲལ་འབྲིང་།། རབ་ཀྱིས་ཀྱང་ནི་བསམ་བྱ་བོ།། མྱུར་དུ ་རྫོགས་པའི་དཀྱིལ་འཁོར་རོ།། ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ནི།། ཐ་མས་རྩ་དང་ཡཱི་གེ་རིམ།། གཏུམ་མོའི་བྱེ་བྲག་འབྲིང་གིས་སོ།། མི་ཤིགས་པ་ནི་རབ་ཀྱིས་ཏེ།། ཐིག་ལེ་ཕྲ་སོགས་རྣལ་འབྱོར་པས།། བསྡུས་པ་རིག་པར་འདོད་པ་ཡིན།། རབ་ཀྱི་ཐ་མ ་བསྒོམ་བྱ་ན།། ཁམས་གསུམ་པོ་ནི་གཞོལ་ཡས་ཁང་།། སེམས་ཅན་རྣམས་ནི་དཀྱིལ་འཁོར་བ།། རྣལ་འབྱོར་པ་ནི་དཀྱིལ་འཁོར་བདག། དེ་བཤད་པ།། འདི་ནི་གནས་གསུམ་མ་ཡིན་གཞལ་ཡས་ཁང་པ་ཡིན།། སྲོག་ཆགས་མ་ཡིན་འདི་ནི་རྒྱལ་བ ་ཡིན། འཁོར་ལོའི་བདག་པོ་ང་ཡིན་དབང་པོ་མ་ཡིན་ཏེ།། ས་ལ་སྩོགས་པའང་མ་ཡིན་གཟུགས་ལ་སོགས་པའང་མིན།། ཆོས་ཉིད་བདག་ཉིད་དེ་ཉིད་ངེས་ན་དཀྱིལ་འཁོར་པ་ཡང་ཡིན།། སྣ་ཚོགས་དཀྱིལ་འཁོར་འཁོར་ལོར་ཤེས་ན་ཅི་སྟེ་འཁྲུལ ་པར་བྱེད།། ཅེས་བསྟན་ཏོ།། ཁམས་བཞི་དང་ནི་ཕུང་པོ་དག། ལྷ་མོ་ཡེ་ཤེས་ཧེ་རུ་ཀས།། འཁོར་ལོ་རྒྱས་བཏབ་དེ་བཞིན་ཉིད།། རབ་ཀྱི་འབྲིང་པོའི་བསྒོམ་བྱ་བ།། སྣ་ཚོགས་བདག་མེད་དེ་བཞིན་ཉིད།། ཐབས་དང་ཤེས་རབ་སྟོབས་ཀྱིས་སུ།། ཟུང་འཇུག ་ལྷུན་གྱིས་གྲུབ་པ་སྟེ།། དཀྱིལ་འཁོར་སྙིང་པོ་བསྡུས་པ་ཉིད།། སེམས་ནི་རྟོག་མེད་སྦྱོར་བས་ཀྱང་།། སེམས་དེ་ཉིད་ནི་བརྟག་མི་བྱ།། ཀུན་ནས་ཐམས་ཅད་མཆོག་ཡིན་ཏེ།། རྣམ་ཤེས་དབང་པོའི་ཡུལ་ལས་འདས།། དངོས་དང་དངོས་མེད་རང ་བཞིན་ཉིད།། དངོས་དང་དངོས་མེད་རྣམ་པར་སྤངས།། མཐའ་བཞི་ལས་ནི་རྣམ་གྲོལ་ཞིང་།། མཐའ་བཞི་དག་ནི་མཉམ་པར་བརྟེན།། སྣ་ཚོགས་སྒྲོ་བཏགས་གནས་པ་མེད།། ཆགས་མེད་བདེ་བ་ཆེན་པོ་ཉིད།། འབྲས་བུ་དེ་ཉིད་མི་མཐུན་ཕྱོགས།། ་བརྟགས་པ་དེ་ཉིད་མ་བརྟགས་པའོ།། དེ་རྐྱེན་ཐོབ་པས་སྐྱེ་བ་སྟེ།། སྐྱེ་བ་མེད་པའི་རང་བཞིན་ཏེ།། བེམ་པོ་མེད་དེ་རང་རིག་པས།། མི་ཤེས་པ་དང་མ་མཐོང་བ།། བརྟགས་པས་ན་མཁའ་དངོས་མེད་དེ།། དེ་ནི་མི་འགྱུར་བརྟན་པའོ།། ་ཆད་པ་མིན་པས་དངོས་མེད་མིན།། སྐྱེ་བ་མེད་པར་རང་བཞིན་ཉིད།། ཀུན་རྫོབ་ལས་སྐྱེས་དངོས་པོ་སྟེ།། ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས།། གཉུག་མའི་དགའ་བའི་རང་བཞིན་ཉིད།། བདག་བྱིན་རླབས་པས་རང་བྱུང་སྟེ།། མི་ཉམས་པ ་པས་ན་མི་ཤིགས་པའོ།། ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེ།། གཉིས་མེད་མོས་པས་ལྡན་པའོ།། དབང་པོ་མཆོག་གི་རྣལ་འབྱོར་པ།། རབ་ཀྱི་ཡང་ནི་རབ་ཡིན་ནོ།། རྒྱུ་དང་འབྲས་བུ་དབྱེར་མེད་པས།། བསྒོམ་པའི་རིམ་པ་བདག་ལ་མེད།། ཇི་ལྟར་བསྐྱེད་པས ་ཉམས་མྱོང་བས།། དྲན་དང་དྲན་པ་ཉམས་པ་མེད།། མ་སྐྱེས་པ་ཡི་རོ་ཚོར་བས།། དེ་བཞིན་བསྒོམ་པའང་རྟོགས་པའོ།། གང་ཕྱིར་ཤེས་རབ་བསྒོམ་པ་ཡིས།། སྟོང་ཉིད་སོ་སོར་རྟོགས་པ་ཡིན།། དཔལ་ལྡན་དགྱེས་རྡོར་སོགས་རྒྱུད་དུ།། བཅོམ ་ལྡན་འདས་ཀྱིས་གསལ་བར་གསུངས།། ཆོས་རྣམས་ཐམས་ཅད་ཡོངས་ཤེས་ནས།། བསྒོམ་པ་ཉིད་ནི་སྒོམ་པ་མིན།། གང་ཕྱིར་བདག་བྱིན་བརླབ་རིམ་ངེས།། ཟུང་འཇུག་རིམ་པའང་དེ་བཞིན་ནོ།། བདེ་ཆེན་མངོན་པར་རྫོགས་བྱང་ཆུབ།། དེ་བཞིན ་ཕྱག་རྒྱ་ཆེན་པོ་མཆོག། ཆོས་ཀྱི་དེ་ཉིད་རིག་པ་ཡིས།། ངལ་བར་གྱུར་པ་མ་ཡིན་ནོ།། ཆོས་ཀྱི་དེ་ཉིད་ལ་བཞུགས་ཕྱིར།། དེ་ཡི་འབྱེད་པར་རབ་ཏུ་བསྟན།། བླ་མ་དམ་པའི་མན་ངག་གིས།། གསལ་བར་འགྱུར་གྱི་གཞན་དུ་མིན།། འདི་ལ ་གཞན་གྱིས་བསྟན་པ་ཡིས།། དོན་རྟོགས་པ་ནི་མ་ཡིན་ནོ།། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི།། ཇི་བཞིན་འདི་ལ་རྟོགས་པ་གསུངས།། རང་གི་མོས་པས་ཚིག་གི་དོན།། གཟུང་བ་དངོས་ཉིད་མ་ཡིན།། དེ་བཞིན་བཞི་པོ་ཐམས་ཅད་ཀྱང་།། ་འདི་ལ་སོགས་པ་གསུངས་པ་ནི།། ཇི་ལྟར་དེ་བཞིན་སྐུ་བཞི་པའོ།། བླ་མི་དམྦྷ་པའོ་ཐབས་ཀྱིས་གསལ།། སྟོང་ཉིད་བུང་བ་དངོས་པོ་སྟེ།། བདེ་བ་བདེ་བ་ཆེན་པོར་འདོད།། བདེ་བ་རོ་མཉམ་བདེ་བ་ཉིད།། ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ།། དེ་ཉིད་བདེ ་བའི་དོན་བྱེད་པས།། ལོངས་སྤྱོད་རྫོགསྟེ་དང་སྤྲུལ་པ་ཡང་།། རྣམ་པ་ལྔ་ཡི་རོ་དེ་ཉིད།། ཐམས་ཅད་གཉུག་མར་བྱེ་བྲག་མེད།། ཅེས་པ་དང་། སངས་རྒྱས་སྐུ་ལྔའི་བྱང་ག་ཉིད་ཅན།། ཞེས་པ་ཡི་སོགས་གསུངས་པ་ཡང་།། སྒྱུ་ལྔ་ཐོབ ་པར་གྱུར་པ་ནི།། དེ་ཉིད་རོ་གཅིག་པ་ཡི་ཚུལ།། སྐུ་བཞི་རུ་ནི་རྣམ་ཕྱེ་བ།། དབྱེར་མེད་པས་ན་རྣམ་ལྔའོ།། དེ་ཉིད་ཙམ་དུ་གཅིག་པ་འདི།། སྐུ་ཡང་དེ་ལྟར་འདོད་པ་ཡིན།། ཇི་ལྟར་འདི་ནི་བདག་གི་བློས།། སོ་སོར་རིག་པ་ཉམས་པར་འཇུག། དམ ་ས་ལ་ལ་ཤེས་རབ་ཀྱིས།། ཇི་ལྟར་བློ་གྲོས་ཀྱིས་ཐོབ་ལྟ་གཱ། འདི་ནི་རླུང་བར་བརྗོད་པ་ལས།། ཛཱི་ལྟར་བྱུང་བའི་དོན་རྟོགས་པ།། འགྲོ་རྣམས་དེ་ཡི་སྦྱོང་དུ་ཤོག། གནས་པ་བསྡུས་པ་རྫོགས་སོ།། ། སློབ་དཔོ ་ཆེན་པོ་དཔལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛང་བ། ཐ་མ~ཾ་དྷིཿ་ཤྲཱི་དྷཱི་ནའི་ཞལ་སྔ་ནས་དང་།། ཐ~ཾང་ཀྱི་ལི་ཙཾ་བ་རྨབ་ན་ཆེས་འབར་གྱིས་བསྒྱུར་བའོ།། བྱིས་པར་སྔོན་གྱིས་ཞུས་ནས་བླ་མ་རྒྱ་ག་རབ་དང་། མཆུར་ལོ་ཚ་བས་དཔེ་བྱི་མོ ་ཤྱནྟུ། གཏུགས་ཏེ་གཏན་ལ་ཕབ་པའོ།། ། མངྒ་ལེ། སམ་གྱིས་མི་ཁྱམ་པར་རིམ་པའི་མན་པག་ཅེས་བྱ་བ་ཏོག་ཆ་གམས་ཀྱིས་ཡང་དཔ་ཐུགས། རྒྱ་གར་སྐད་དུ། ཨ་ཙིནྟ་ཀྲ་མ་ཨུ་པ་དེ་ཤ་ནཱ་མཿ། བོད་སྐད་དུ། བསམ་གྱིས་མི་ཁྱབ་པའི ་