| Wylie | e-texts produced with BDRC’s OCR application |
ཅེས་བྱ་བ་སློབ་དཔོན་ཆེན་པོ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། བྱ་ག་ཏ་བྷཱ་བ་ཨ་ནུ་ག་ཏ་ཏརྞྞ་སིདྡྷི། བོད་སྐད་དུ། དངོས་པོ་གསལ་བའི་རྗེསུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ། དཀོན་མཆོག་གསུམ་ལ་ཕྱག ་འཚལ་ལོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། འགྲོ་བ་རྣམས་ཀྱི་བདེ་ཆེན་རྒྱལ་པོ་གཅིག་པུ་ཉིད།། རྒྱུ་རྣམས་དང་བྲལ་རྟག་ཏུ་འབྱུང་བར་གྱུར་པ་སྟེ།། གང་ཞིག་གིས་ནི་ཉེ ་བར་བརྗོད་པའི་དུས་དག་ཏུ།། ཐམས་ཅད་མཁྱེན་པ་ཚིག་གི་དབུལ་གྱུར་རྒྱལ་གྱུར་ཅིག། བླ་མ་དམ་པའི་ཞབས་ལ་ཡུན་རིངས་སུ།། རྟག་ཏུ་གུས་པས་བཀས་གནང་ཁྱད་པར་གྱི།། བདག་ཉིད་དྲན་ཕྱིར་བདག་ཉིད་བྲིས་འདི་ལ།། སྐྱེ་བོ་མཁས་པ་སུ་ཞིག། ་སྡང་བར་བྱེད།། འདིར་གཉིསུ་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་པའི་ལྷན་ཅིག་སྐྱེས་པའི་གནས་སྐབས་སུ། བདག་ཉིད་ཀྱི་དོན་དེ་རྟོག་པར་བྱ་བའི་ཕྱིར། བདག་ཉིད་སྐྱེས་པ་དང་། བུད་མེད་ཀྱི་གཟུགསུ་མངོན་པར་སྤྲུལ་ཏེ།། རང་གི་ངོ ་པོ་ཉིད་འབྱིན་པ་པོའི་རང་བཞིན་དུ།། དངོས་པོ་གསལ་བའི་རྗེསུ་སྟོན་པར་མཛད་དེ། ལྷན་ཅིག་སྐྱེས་པའི་རྣམ་པར་སྤྲུལ་པའི་ཉམས་དགའ་བའི་བུ་མོ་ལ་ཀུན་ཏུ་བལྟས་ནས།། དགའ་བ་དང་བདེ་བའི་འདོད་པའི་ཡིད་གྱུར་ནས།། བཅོམ་ལྡན ་འདས་ཤིན་ཏུ་ཆགས་པ་དང་བཅས་པས་རོལ་པ་དང་བཅས་ཀུན་ཏུ་གཟིགས་པར་མཛད་དོ།། དེ་ནས་ཤིན་ཏུ་འཇམ་ཞིང་ངེས་པའི་གསུང་གིས་ཐུགས་འཛིན་པར་མཛད་ཅིང་།། དེའི་འོག་ཏུ་དེ་ལ་དྲི་ཞིམ་པོས་འཐུག་པོར་བྱུགས་པའི་དྲི་བསུ ་ཆགས་པ་བསྣམས་པས་ཐུགས་ཚིམ་པར་མཛད་དོ།། དེ་ནས་ཐུགས་ཉམ་སུ་ལོན་པའི་བདུད་རྩིའི་བུམ་པ་བརྒྱས་བཀྲུས་པ་བཞིན་དུ།། དགའ་བ་དང་བདེ་བ་ཆེན་པོ་ཐོབ་ནས། ཚམ་ཚེམ་མེད་པར་བདེ་བའི་བྱེ་བྲག་དག་གིས་འཁྱུད་ངོ་།། དེ་ནས ་བདག་ཉིད་དོན་བྱས་པ་བཞིན་དུ་ཡིད་ལ་སེམས་ཤིང་།། དཔེ་མེད་པའི་རོ་མྱང་བའི་ཕྱིར། འོ་བྱ་བའི་རྣམ་པ་དག་མཛད་དོ།། དེ་ལས་ཀྱང་སོས་འདེབས་པས་མཆོད་པ་དང་། འབིགས་པ་ལ་སོགས་པའི་བྱེ་བྲག་དག་ཁྱད་པར་དུ་མཛད ་དོ། དེའི་རྗེས་ལ་ཡང་ཤིན་ཏུ་བདེ་བ་སྐྱེས་པས་རྨོངས་པ་བསལ་བའི་ཕྱིར། སྐབས་སྐབས་སུ་ཤིན་ཏུ་འཇམ་པའི་སེན་མོ་འདེབས་པས་སད་པར་བྱེད་དོ།། དེ་ནས་ཀྱང་མགྲིན་པ་ནས་གྱ་གྱུའི་སྒྲ་ཟབ་མོ་སྒྲོག་པ་ལ་སོགས་པ་རོལ་པའི་རང ་བཞིན་གྱིས་རྣམ་པ་ལྔ་རྨི་ལམ་ལྟ་བུ་ལ་བདག་ཉིད་གར་མཁན་ལྟ་བུས་ཀུན་ཏུ་རྩེ་བར་མཛད་དོ།། དེ་དག་གིས་ནི་དེའི་སེམས་ཀྱི་ཁྱད་པར་ཐོབ་པར་བྱ་བའི་ཕྱིར།། རབ་ཏུ་སྤྱོད་པའི་སྒྲུབ་པས་སྤྱོད་པས་རྗེསུ་སྤྱོད་པར་མཛད་པར་གྱུར་པ ་ཡིན་ནོ།། མཛའ་བོས་ཆགས་པས་ཀུན་ཏུ་ལྟ་ཞིང་དེའི་རྗེ་སུ་སྦྲང་རྩི་འཛག་འདྲའི་ཚིག་འཇམ་དང་།། དེ་ནས་དགའ་བའི་ཆརཱ་འབེབས་ལག་པའི་མཚོ་སྐྱེས་སྐྱོང་བས་དེ་ལ་ཀུན་འཁྱུད་པའི།། རི་མོ་གྱིས་ཆགས་པའི་རོ་ཡིས་དེ་ནི་སུ་ཡིན། ་བདག་ཅིར་གྱུར་པ་མ་ཤེས་ཏེ།། གྲོགས་རྣམས་སྔར་མེད་བདྲི་བ་ཚིག་གིས་བརྗོད་དུ་མི་བཏུབ་པ་ཅིག་སྐྱེས་པར་འགྱུར།། འཛིན་པ་དང་བཅས་པའི་སྤྱོད་པ་ལོ་འཇུག་གོ།། ཡིད་ལས་བྱུང་བ་ལས་སྐྱེས་པའི་སྤྲོས་པའི་རྒྱུན་གྱི་འཆིང་བ་འདིས ་གཉིས་ཀ་བཅིངས་ཏེ། གང་གི་གཉི་གའི་སེམས་ཀྱི་འཇུག་པ་ཇི་སྲིད་དུ་གཞན་མི་རྔམ་ཞིང་དགའ་བའི་དྲན་པོ་ལ་ཕྱོགས་པ་སྟེ། འཇུག་པས་དགའ་བའི་གདུང་བས་ཆགས་ཏེ་ཞུ་བར་གྱུར་ནས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་ལྟོས་པ་མེད་པར ་རྒྱུན་མི་འཆད་པར་འགྱུར་རོ།། དེའི་འོག་ཏུ་ནང་དུ་གྱུར་པའི་སེམས་ཀྱི་འཇུག་པའི་སྟོབས་ཀྱིས་བརྩོན་འགྲུས་ལ་འཇུག་པར་འགྱུར་རོ།། མ་བསམས་པཱར་ཀ་ར་ནཱའི་བྱེ་བྲག་དག་ལས་གསལ་བར་བྱེད་ཅིང་། གཉིས་ཀ་ཡང་སིད་ཅེས་ཟེར་ཞིང ་ཐམས་ཅད་ལ་ཆེར་ལྟོས་པ་མེད་ཅིང་ཚམ་ཚོམ་མེད་པ་དང་བཅས་པས་ཤིན་ཏུ་རྒྱུ་ཆེ་བའི་དགའ་བའི་སྒྲུབ་པ་སྤེལ་བར་གྱུར་ཏོ།། དེ་ལས་ཀྱང་བདེ་བའི་བྱ་བ་ཤིན་ཏུ་གོམས་པས་ལོངས་སྤྱོད་ཀྱི་ཐིགས་པ་སད་པར་བྱས་ཏེ། དགའ་བ་དང ་བདེ་བས་ཡང་དག་པར་སྤེལ་བ་འཇུག་པས་བསྐྱེད་པ་ནི། དབང་པོ་ལས་འདས་ཤིང་རང་གི་རྟོགས་པའི་སྤྱོད་ཡུལ་འཁོར་བའི་སྙིང་པོར་གྱུར་པ་བདེ་བའི་ཕུང་པོ་བསྐྱེད་པར་གྱུར་ཏོ།། འགྲོ་བ་རྣམས་ཀྱི་བདེ་བ་མཚན་མར་བཅས་པ་ནི། གང ་ཡིན་དེ་ཉིད་མཚན་མ་སྤངས་པར་གྱུར་པ་ན། རང་འབྱུང་ཡེ་ཤེས་ཉིད་ཀྱི་ངོ་བོར་གྱུར་པ་སྟེ། རྟོག་པ་རྣམས་ཀྱི་སྟོང་པའི་བདེ་བ་ཆེན་པོ་ཡིན།། བག་ཆགས་དང་བཅས་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་འབྱུང་བའོ།། དེ་ལྟ་བུ་འདི་ལས་སྒྱུ་མ་ལྟ་བུ ་ཐོག་མ་མེད་པ་ནས་རང་གི་བྱས་པའི་འཁོར་བ་ན་བག་ཆགས་ཀྱི་རྒྱུན་ཤིན་ཏུ་ཕྲ་བས་ཤིན་ཏུ་གཡོ་ཞིང་བཟུང་དུ་མེད་པའི་སེམས་ཀྱི་རྒྱུན་གྱི་འཇུག་པས་ཉམས་པའི་གནས་སྐབས་ཀྱི་དུས་བླངས་པར་གྱུར་པས། ཕྱི་རོལ་ཏུ་བཞག་པའི་རྟོག་པ ་མཐའ་དག་གི་སྒྲིབ་པས་གཡོགས་ཏེ།། མི་མངོན་པར་གྱུར་པའི་བདེ་བའི་བདག་ཉིད་དག་པའི་རང་བཞིན་སྐྱེ་འགྲོའི་གཙོ་བོ་གང་ཡིན་པ་དེ་རླུང་དང་བཅས་པའི་ཁུ་བའི་ཐིག་པ་རྣམས་དང་ལྷན་ཅིག་ཏུ་བཙུན་མོའི་ཚིག་ལ་བབ་པ་རྙེད་པ་ན། ལྟེ་བྲི ་འོག་ཏུ་ཁ་ཐུར་ལ་ལྟས་པའི་པདྨ་དམར་པོ་འདབ་མ་བརྒྱུད་པའི་ནང་དུ་ཁྲག་འཛག་པའི་ལྕུག་མ་ཀུན་ཏུ་བཟུང་བ་སྟེ། དེའི་རྗེས་ལ་ཡང་དག་པར་པདྨ་ཁ་ཟུམ་པར་གྱུར་ཏོ།། དེ་ཡང་ཁྲག་དང་ཁུ་བ་གཉིས་ཀ་ཡང་ཆུ་དང ་འོ་མ་འདྲེས་པ་བཞིན་དུ་གྱུར་ནས་གོང་བུ་གཅིག་ཏུ་གྱུར་ཏེ། རང་གི་རང་བཞིན་རྩོམ་པར་བྱེད་དོ།། དེ་ནས་རྗེསུ་འགྲོ་བའི་རིམ་གྱིས་ནུར་ནུར་བུ་ལ་སོགས་པ་ཡོངསུ་བརྒྱུད་པས་རིམ་གྱིས་སྐྱེ་སྟེ། འབྱུང་བ་མཐའ་དག་ཚོ་གས་ཉེ་བར་བསགས ་པ་རྙེད་ནས་གང་དུ་ས་ལ་སོགས་པ་ལྔ་པོ་འདུས་པ་དེར་ཚོར་བ་དེས་དངོས་པོ་གསལ་བའི་དེ་ཁོ་ན་ཉིད་འདི་སྟོན་པར་བྱེད་ཅིང་།། ཕུང་པོ་ལྔ་དང་ལྡན་པའི་བདག་ཉིད་ཀྱི་ལུས་སུ་འགྱུར་རོ།། ནང་གི་ཚོར་བ་དེ་སོ་སོར་ཉེ་བར་འགྲོ་བ་འགྲེལ་པ་ཤིན ་ཏུ་ངེས་པ་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དུ་འགྲོ་བ་ཡང་ཤིན་ཏུ་གཡོ་བའི་ཡིད་དང་། འབྱུང་བར་ཡང་དག་པར་ལྡན་པས་དེ་ཕྱོགས་གཅིག་པར་གྱུར་ནས། ཕྱི་རོལ་དབང་པོ་ལྔའི་གྲོང་གི་རྗེསུ་འགྲོ་ཞིང་ཡིད་ཀྱིས་བརྟགས་པའི་ཕྱི་རོལ་ཏུ ་གྱུར་པའི་གཟུགས་ལ་སོགས་པ་གཟུང་བ་དང་།། འཛིན་པར་གྱུར་པས་མངོན་པར་ཟིལ་གྱིས་མནན་ཏེ། ང་རྒྱལ་དང་གཏི་མུག་དང་སྟེར་སྣ་དང་། འཇིགས་པ་དང་། མྱ་ངན་དང་། ཕྲག་དོག་དང་། བརྩེ་བ་དང་། སྲེད་པ་དང་།། སྡུག་པ་དང་། ་མེ་སྡུག་པ་ལ་སོགས་པ་ཤིན་ཏུ་ཡིད་དུ་མི་འོང་བའི་འཁོར་ལོར་འཁྱམས་པར་འགྱུར་བ་ཡིན་ནོ།། སྐྱེ་བ་སྔ་མར་བྱས་པའི་ལས་ཀྱི་རྒྱུ་ལས་ནི།། སེམས་དེ་འདི་རུ་སྐྱེ་བ་ཡོངསུ་ལེན་ཅིང་འགྲོ། དེ་ཡི་རྒྱུ་ཡིས་མ་ལུས་འདི་དག་ཐམས ་ཅད་ནི།། བག་ཆགས་བཅས་པའི་སེམས་ཀྱིས་བྱེད་པར་འགྱུར་བ་ཉིད།། འཁོར་བའི་གནས་སྐབས་སོ།། དེ་ལྟར་འཁོར་བའི་རྒྱ་མཚོ་འཇིག་སུ་རུང་ཞིང་རྒལ་དཀའ་བ། ང་རྒྱལ་ཆུ་བོ་གཏིང་ཟབ་པ་ཡུལ་གྱི་རླུང་ཤིན་ཏུ་དྲག་པས་གཅིག ་ནས་གཅིག་ཏུ་ཕན་ཚུན་རླབས་པས་རྦ་རླབས་ཤིན་ཏུ་འཁོར་ཞིང་འཁྲིགས་པས་སྟེང་དུ་འགྲོ་བ་དང་འོག་ཏུ་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་རྒྱུན་ཆགས་པའི་འཁོར་བའི་ལས་ཤིན་ཏུ་སྒྲོལ་བར་བྱེད་པའི་གྲུ་ཐུགས་བརྩེ་བའི ་བདག་ཉིད་ཅན། མཆོག་ཏུ་མཉེས་གཤིན་པའི་བདག་ཉིད་རང་བཞིན་ཐུགས་རྗེ་ཆེན་པོ་དང་ལྡན་པ། སྨོན་ལམ་རྒྱ་ཆེན་པོར་བཏབ་པའི་བླ་མ་དམ་པ་ཞབས་ཀྱི་པདྨ་དག་ལ་འཁོར་བ་པ་གང་ཞིག་མཆོག་ཏུ་གུས་པས་ཕྱག་འཚལ་བར་མི ་བྱེད། བསྟོད་པར་མི་བྱེད་རྟེན་པར་མི་བྱེད། མཉེས་པར་མི་བྱེད་པ་དེ་དག་ནི་བརྒལ་དཀའ་བའི་འཁོར་བའི་རྒྱ་མཚོ་ཕུན་སུམ་ཚོགས་པ་མ་ཡིན་པ་ལས་རྒལ་བར་མི་འགྱུར་བས་ཡོངསུ་བརྟག་པར་བྱའོ།། དེ་བས་ན་རྣམ་པ་ཐམས་ཅད ་ཀྱི་ཐམས་ཅད་དུ་བླ་མ་དམ་པའི་ཞབས་ཀྱི་པདྨ་དག་ལ་ངེས་པར་ལེགས་པ་དྲོན་དུ་གཉེར་བས་བརྟེན་པར་བྱ་བ་ཁོ་ན་ཡིན།། ཤིན་ཏུ་འཇིག་སུ་རུང་བ་འཁོར་བའི་རྒྱ་མཚོ་མཐའ་མེད་ཡུལ་དང་གདུལ་དཀའི་དུས་ཀྱི་གང་།། རྣམ་རྟོག ་ཚོགས་ཀྱི་སྤྲུལ་སོགས་མང་པོས་ཀུན་ཏུ་འཁྲུགས་ལས་སྐྱེ་བོ་འདི་དག་ནི།། ཇི་སྟེ་གྲུ་དང་འདྲ་བའི་བླ་མ་དམ་པ་སྐྱོབ་པ་དེ་ནི་མེད་གྱུར་ན།། མཆོག་ཏུ་བདེ་བ་གཅིག་པུའི་གནས་གྱུར་སངས་རྒྱས་འདི་ནི་འདི་རུ་ཇི་ལྟར་འཐོབ།། བླ ་མ་དམ་པའི་དབང་བསྐུར་རོ།། །། འདི་ལྟར་རྣམ་པར་ཤེས་པའི་བདག་ཉིད་རླུང་ཤིན་ཏུ་གཡོ་ཞིང་བཅིངས་མི་ནུས་པ།། དབང་པོའི་གྲོང་ཁྱེར་མཐའ་དག་ཟིལ་གྱིས་མནན་པ། དཔེ་མེད་པའི་ཡུལ་གྱི་བདེ་བས་བྲེལ་ཞིང་ཟིན་པ། དཔེར་མ ་རི་མོ་མཁན་གྱིས་རང་གིས་བྲིས་པའི་རི་མོ་ཤིན་ཏུ་འཇིག་སུ་རུང་བ་མཐོང་ནས། བདག་ཉིད་འཇིགས་ཤིང་དང་དྭ་ཏེ་ཛཱ་པྲ་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ། འདིར་ཡང་རང་ཉིད་ཀྱི་བདེ་བ་མ་ཡིན་པའི་རྟོག་པའི་ཚོགས་ཀྱིས་ཡོངསུ་བརྟགས་པའི་འདོད་པ་དང་། ་མི་འདོད་པ་ལ་སོགས་པའི་རྒྱུར་གྱུར་པས་ལས་བྱས་པའི་ཆགས་པས་ཟིལ་གྱིས་ནོན་པའི་དབང་གིས་རང་གི་རང་བཞིན་མ་མཐོང་སྟེ། འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམ་ཞིང་འབྱུང་བའི་དབང་པོ་གང་ཡིན་པའི་རྣམ་པར་ཤེས་པ་འབྱུང ་བ་འདི་ལ་གནས་ཤིང་སྣ་ཚོགས་བཟུང་སྟེ་གནསོ།། དེ་ཡོངསུ་མཉེས་པ་ལས་དེའི་བཀའ་ལུང་གིས་དེ་ལྟ་བུའི་རླུང་དབང་པོ་རྣམས་ལས་བཀུག་སྟེ། རྒྱུན་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་ལམ་ལ་རྣལ་མ་ཉིད་དུ་གནས་པར་བྱེད་དོ།། དེས་ནི་ཡང ་དག་པ་མ་ཡིན་པའི་རྟོག་པའི་ཚོགས་མཐའ་དག་གི་འོབས་ཀྱིས་བསྐོར་བའི་ནང་དུ་དྲི་མ་དང་བཅས་པའི་སྙིང་པོའི་ཆུའི་ཚོགས་ཀྱིས་བཀང་སྟེ། སྦྲིད་པའི་ཤིང་སྤངས་གཏོར་བས་བསྐྱོད་དེ། ཤིན་ཏུ་རིང་བར་སྐྱེས་པས་འདོད་པའི་འབྲས་བུ་མི་དགའ་བ ་བསྐྱེད་པ་དང་། དྲི་ཞིམ་པ་དང་། རོ་ཞིམ་པ་དང་། མཁྲང་ཞིང་སྦོམ་ལ་སྣ་ཚོགས་པ་རྣམ་པ་མང་པོ་ཉམ་སུ་མྱོང་བར་བྱེད་པའི་རྒྱུག་སར་དུ་སྐྱེ་བའི་སྲེད་པ་ལྡོག་པར་འགྱུར་རོ།། དེ་ཡང་ལྷན་ཅིག་སྐྱེས་པའི་རྗེ་སུ་ཚོལ་ཏེ། དེར་གནས་ནས་ཕྱི་རོལ་ཐམས ་ཅད་སྤོང་མོད་ཀྱི། དེ་ཡང་ལྷན་ཅིག་སྐྱེས་པའི་བྱ་བ་ཡོད་དེ། དེ་ཉིད་ཀྱི་འབྲེལ་ཞིང་ཉམ་སུ་མྱོང་བ་གཡོ་བའི་བདག་ཉིད་རྣམ་པར་གནས་སོ།། དེར་ཡང་ཁྱད་པར་མ་དམིགས་པས། ཉམསུ་མྱོང་བའི་དངོས་པོ་སླར་ཡང་ཉམ་སུ་མྱོང་བར་བྱ་བའི་རྗེསུ ་ཆགས་པའི་འཇུག་པ་ལྷོད་པར་བྱེད་དོ།། མང་པོས་ཅི་ཞིག་བྱ་སྟེ། གང་གི་ཚེ་ན་ཕྱི་རོལ་ཏུ་གྱུར་པའི་བརྟགས་པའི་རང་བཞིན་རྣམ་པར་གཅད་པ་དེའི་ཚེ། འདི་རང་གི་ངོ་བོ་ལ་གནས་པར་འགྱུར་རོ།། དེར་ཡང་གཉུག་མའི་ཡུལ་ཕྲ་མོ་འཇུག་པ་ལ་རྗེསུ ་ཆགས་པ་ཟད་པས་འབད་པ་བཅོམ་ནས། བདག་ཉིད་ཀྱི་གནས་ལ་མངོན་པར་ཕྱོགས་པར་འགྱུར་རོ།། དེས་ནི་ཡོན་ཏན་མཐའ་དག་དང་ལྡན་པར་འགྱུར་བས།། བརྟན་པར་ཡོན་ཏན་དང་ལྡན་པར་འགྱུར་ཏེ། བརྟན་པས་ན་གཞན་གྱི་ཡོན་ཏན ་དུ་འགྱུར་རོ།། དཔེར་ན་ན་མཁའི་དངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེངས་པར་གྱུར་པ་ན། གང་དུ་སོང་བ་མི་ཤེས་པ་དེ་བཞིན་དུ། རླུང་འདི་ཡང་སྔར་རྒྱུན་མ་ཆད་པ་འབྱུང་བ་ལས། དེ་ལྟར་ཐིམ་པར་གྱུར་ན། མཆོག་ཏུ་ལྡོག་ཅིང ་ཚིམ་པ་ཐོབ་པས་གང་དུ་ཡང་འགྲོ་བར་མི་འགྱུར་རོ།། ལྷན་ཅིག་སྐྱེས་པའི་རླུང་རང་གི་གནསུ་གནས་པས་རྟོགས་པར་འགྱུར་རོ།། ལྷན་ཅིག་སྐྱེས་པའི་རླུང་རང་གི་གནསུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང་། སྟོང་པ་ཉིད་ཀྱི་རང་བཞིན་གྱིས ་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེ་སྟེ། འདི་ལས་འཁོར་བ་འདིར་ཐུགས་རྗེ་ཆེན་པོ་མང་དུ་རྒྱུན་མི་ཆད་པར་གོམས་པར་བྱས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་རྒྱུ་ཐོབ་པ་ཡིན་ནོ།། སེམས་བརྟན་པར་བྱའོ།། འདི་ལྟར ་ཉོན་ཅིག་། གཡོ་བ་དང་ལྡན་པས་དབང་པོར་མངོན་པར་འགྲོ་ག། དབང་པོར་མངོན་པར་འགྲོ་བས། དབང་པོ་དང་དོན་ཕྲད་པར་གྱུར་ལ། དབང་པོ་དང་དོན་ཕྲད་པས་དངོས་པོར་དམིགས་པར་འདོད་པ་དང་། མི་འདོད་པ་ལ་སོགས་པ ་མངོན་པར་ཞེན་པ་ཤིན་ཏུ་མང་བའི་དོན་གྱིས་ཟིན་པས་ཤིན་ཏུ་རྒལ་དཀའ་བའི་འཁོར་བར་འཁོར་རོ།། བསྟན་པ་ལས་ནི་སྤྲོས་པའི་ཁྱད་པར་སྐྱེས་པ་རྣམས་སྤངས་ཏེ། གཉུག་མའི་རང་བཞིན་བྱང་ཆུབ་ཀྱི་ངོ་བོ་ཤིན་ཏུ་གཟི་བརྗིད་དང་ལྡན་པའི་བློ་རྗེསུ ་འཚོལ་ཏེ། གང་གི་ཚེ་ངེས་ཀུན་ཏུ་འཁྱུད་པར་གྱུར་ན། དེའི་ཚེ་ན་ན་མཁའ་དང་ན་མཁའ་བཞིན་དུ་འདྲེས་པར་གྱུར་ཏེ། སྔར་ཡུལ་རྣམས་ལ་དགའ་བ་དང་། ཆགས་པ་དང་ལྡན་པའི་རྣམ་པར་གཡེང་བའི་ཁྱད་པར་སྐྱེ་བ་རྣམས་མེད་ཅིང་། ན་མཁའ་དང ་མཚུངས་པར་རྟོག་པ་དང་བྲལ་བས་ཕྱུག་རྒྱ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། དབང་པོ་ལས་འདས་པ་སྐྱེ་བ་མེད་པ་དང་ལྡན་པ་རང་གིས་རིག་པའི་སྤྱོད་ཡུལ་ཅན། ཐ་སྙད་ལས་འདས་པ་སྔར་མངོན་དུ་མ་བྱས་པའི་ཐབས་དང་། ཤེས་རབ ་ཀྱི་རང་བཞིན་བདེ་བའི་བདག་ཉིད་གཙོ་བོར་གྱུར་པ་སྐྱེ་བར་འགྱུར་རོ།། རླུང་གིས་བློ་ནི་རྗེ་སུ་བཙལ་བས་ན།། བདེ་བ་དམ་པའི་ངོ་བོ་རང་སེམས་ནི།། ཚིམ་བྱེད་དེ་དག་ལས་གཞན་མི་གཡོ་བ།། ཤེས་རབ་ཐབས་ཀྱི་རང་བཞིན་འགའ་ཞིག་ཡིན།། ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གསལ་བ་དེ་ཁོ་ན་ཉིད་དུ་སེམས་གནས་སོ།། དེས་སྔོན་ཡོངསུ་བཏང་བའི་དབང་པོ་དེ་ཡང་ཡིད་དང་བྲལ་བས་བྱེད་པོ་མེད་པར་འགྱུར་ཏེ། ཨ་མས་བོར་བའི་བེའུ་མ་ཉིད་རྗེ་སུ་ཚོལ་བ་དེ་བཞིན་དུ། དེ་ཡང་དཔང ་པོ་རྣམས་ནི་ཡིད་ཀྱི་རྗེ་སུ་འབྲངས་པར་འགྱུར་རོ།། གང་དུ་ཡིད་འཇུག་པ་དེར་རབ་ཏུ་འཇུག་སྟེ། གང་གི་ཕྱིར་མ་གཏོགས་པར་དེ་དག་རབ་ཏུ་སྦྱོར་བ་མེད་པ་ཡིན་ནོ།། འདིར་བྱེ་བྲག་ནི་འདི་ཡིན་ཏེ། འདི་ནི་ཐབས་དང་ཤེས་རབ་ལས་སྐྱེས་པའི་བདེ་བ ་ཆེན་པོའི་སྣང་བ་གནས་པ་ཡིན་ཏེ། རྣམ་པར་རྟོག་པའི་ཚོགས་མཐའ་དག་སྤུངས་ནས། བླ་ན་མེད་པའི་ལོངས་སྤྱོད་དུ་ཉེ་བར་འགྲོ་ཞིང་བྱེད་པའི་གྲོང་ཁྱེད་རྣམས་རྗེ་སུ་ཞུགས་པ་དང་ལྡན་པས། འགྲོ་བ་འདི་དག་ཉིད་བདེ་བ་ཆེན་པོའི་རྣམ་པར་རོ ་གཅིག་པར་འགྲོ་བར་འགྱུར་ཏེ། དཔེར་ན་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་ཕོག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བཞིན་དུ་འགྲོ་བ་རྣམས་སྙིང་པོ་མེད་པར་སྣང་ངོ་།། དེ་ལྟར་བྱིད་པའི་གྲོང་ཁྱེར་རྣམས་འཛིན་པས་སྟོང་ཞིང་སེམས་དང ་ལྷན་ཅིག་འདྲེས་པས། གཡོ་བ་དང་མི་གཡོ་བ་སྣ་ཚོགས་མཐའ་དག་འདི་མཉམ་པ་མེད་པའི་མཉམ་པའི་རོ་བདེ་བ་ཕུན་སུམ་ཚོགས་པ་སྐྱེ་བ་མེད་པའི་དཔལ་བདེ་བ་ཆེན་པོའི་རང་རྣམ་པར་འགྱུར་རོ།། དེ་དག་གིས་འདི་སྐད་དུ་བསྟན་པར ་འགྱུར་ཏེ། དབང་པོའི་གྲོང་ཁྱེར་མི་སྣང་བར་གྱུར་ནས། རོ་དང་འདྲ་བ་རྗེ་སུ་འཐུན་པར་ལྷན་ཅིག་ཏུ་འཇུག་པས་འགྲོ་བ་རྣམས་ཀྱི་གཙོ་བོ་ཉིད་འཐོབ་སྟེ། བློའི་དབང་ཕྱུག་གི་གཙོ་བོ་རང་དབང་ཅན་གང་དུ་འཇུག་པ་དེར་འཛིན་སྟོང་པའི་དབང ་པོ་རྣམས་དང་སྐྱེས་པའི་དབང་པོ་དང་འདྲ་བར་འཇུག་སྟེ། དེའི་རྗེ་སུ་འབྲང་བའི་སྤྱོད་པ་རྣམས་མཛེས་ཤིང་རྗེ་སུ་འཐུན་པར་ཉེ་བར་སྤྱོད་ལ། གསལ་བ་ཉིད་དུ་སྟོན་ཅིང་ཉེ་བར་བརྟེན་པས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་གཙོ་བོ་རང ་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྣམ་པ་གང་ཡིན་པ་དེར་བྱེད་པའི་གྲོང་ཁྱེར་འདི་དག་ཁྱད་པར་ཅན་དུ་གྱུར་ནས་རྗེ་སུ་འགྲོ་ཞིང་ཞུགས་པས་འབྲང་བར་འགྱུར་ཏེ། རྣམ་པ་དེ་ལྟར་བྱེད་པའི་གྲོང་ཁྱེར་རྣམས་སེམས ་ཀྱིས་མེད་པར་འགྱུར་རོ།། གལ་ཏེ་སེམས་མེད་པར་འགྱུར་ན་དེའི་ཚེ་སྣ་ཚོགས་འདི་དག་ཉེ་བོར་ཞིག་པསྣ་ནི། གང་དུ་གནས་པར་འགྱུར། དེ་བས་ན་སེམས་ལས་གཞན་པའི་མཆོག་ཏུ་གྱུར་པ་ཡོད་པ་མ་ཡིན་ནོ།། དབང་པོའི་ཚོགས་རྣམས ་ཐིམ་ཞིང་རྣམ་རྟོག་ནོ།། ཟད་པ་སྲིད་པའི་ས་བོན་མི་མཐུན་བྲལ།། དགའ་དང་གསལ་བའི་རང་བཞིན་བསིལ་གྱུར་པའི།། འདི་ནི་ན་མཁའ་ལྟ་བུར་ཤིན་ཏུ་མཚར།། དབང་པོའི་གྲོང་ཁྱེར་རྣམ་པར་ཞུགས་པས་ཤེས་རབ་ཐབས་ཀྱི་རྗེ་སུ་འགྲོ་བ ་བདེ་བ་ཆེན་པོའི་སེམས་སོ།། ཡང་ཐོག་མ་མེད་པའི་བག་ཆགས་ཀྱི་ཚོགས་ཀྱི་ཟིལ་གྱིས་མནན་པའི་བྱིས་པ་རྣམས་འབྱེད་པར་བྱེད་པས་ཅི་ཞིག་བྱ་སྟེ། གལ་ཏེ་སེམས་ཉིད་དངོས་པོའི་རང་བཞིན་དུ་མ་གྱུར་ན། དེ་ལྟར་ན་ནི་གང་ལས་ཕྱི་རོལ ་གྱི་དོན་ཤེས། ཇི་སྟེ་སེམས་ཉིད་དངོས་པོའི་བདག་ཉིད་དུ་གྱུར་ན། དེ་ལྟར་ཡང་འདི་དག་སེམས་ཉིད་ཡིན་པས་རྣམ་པ་ཐམས་ཅད་དུ་ཕྱི་རོལ་གྱི་དོན་སྐྱེ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་མ་ལུས་པ་འདི་དག་བརྟགས་པས་སྟོང་པའི་སེམས ་ཉིད་དེ་སྐྱེ་བ་དང་། འགག་པ་དང་བྲལ་ཞིང་རང་བཞིན་དག་པའི་གཉི་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་ཡོངསསུ་གསལ་བ་ཡིན་ནོ།། དེ་དོག་གིས་འདི་སྐད་དུ་བསྟན་པར་འགྱུར་ཏེ། རང་བཞིན་གྱིས་དག་པའི་བྱང་ཆུབ་ཀྱི་སེམས་གང་ཡང ་ལྷན་ཅིག་སྐྱེས་ཤིང་རྣམ་པར་སྤྲུལ་པའི་ཡན་ལག་བསྐྱོད་པ་ཇི་སྙེད་པ་དེ་དག་ཕྱག་རྒྱ་རབ་ཏུ་དབྱེ་བར་འགྱུར་ལ། གང་ཡང་ངག་གི་བརྗོད་པའི་ཇི་སྙེད་པ་དེ་སྙེད་སྔགས་ཀྱི་རྣམ་པའོ།། གང་ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བའི་རྒྱུན་མི་འཆད་པར ་རྣམ་པར་གཡོ་བ་མངོན་པར་འདུས་མ་བྱས་ལ་རི་སུ་ཆོད་པ་མེད་ཅིང་དཔག་ཏུ་མེད་པ་རྣམས་སྣ་ཚོགས་པའི་རོ་དང་ལྡན་པ་དགོངས་པ་དང་། བྱ་བ་རྣམས་འདི་ལྟར་སྒེག་པ་དང་། དཔའ་བ་དང་། འཇིག་སུ་རུང་བ་བྱེད་པ་དང་། སྙིང་རྗེ་དང་། ་ངམ་པ་དང་། ཞི་བ་ལ་སོགས་པའི་འདོད་ཆགས་དང་། ཞེ་སྡང་དང་། དྲེག་པ་དང་། སེར་སྣ་དང་། ཕྲག་དོག་ལ་སོགས་པ་ཅུང་ཟད་སྐྱེས་པ་དེ་དག་མ་ལུས་པར་རང་བཞིན་དག་པའི་ཡེ་ཤེས་ཀྱི་རྣམ་པར་ཡོངསུ་རྫོགས་པ་ཡིན་ནོ།། ཁམས་གསུ ་སྣ་ཚོགས་འདི་དག་ཐམས་ཅད་སེམས་ཀྱིང་རང་བཞིན་དུ་གནས་པའོ།། སྤྱོད་པ་ཡང་ངེས་བརྗོད་དུ་བསྟན་ཏོ།། དེ་ལྟར་ལ་ལར་སྙིང་རྗེའི་བདག་ཉིད་དོ།། ལ་ལར་ཁ་ཅིག་ཏུ་ནི་སྲིན་པོ་དང་མཚུངས་པར་རོ།། ལ་ལར་ནི་སྨྲ་བར་མཛད་དོ།། ལ་ལར ་ནི་མུ་ཅོར་སྨྲ་བར་རོ།། ལ་ལར་ནི་སྲིད་པར་རོ།། ལ་ལར་ནི་ཡིད་བཞིན་ནོར་བྲོ་དང་མཚུངས་པར་རོ།། ལ་ལར་ནི་གཉིད་ལོག་པར་རོ།། ལར་ལར་ནི་གཉིད་སད་ཅིང་བསྡམས་པར་རོ།། ལ་ལྔར་ནི་ཞིམ་པས་ཚིམ་པར་རོ།། ལ་ལར་ནི་རུལ་པ་ལ ་སོགས་པས་སྲིད་པར་རོ།། ལ་ལར་ནི་ཆགས་ཤིང་ཞེན་པར་རོ།། ལ་ལར་ནི་གཅིག་པུ་འདོད་ཆགས་དང་བྲལ་བར་གནས་པར་རོ།། ལ་ལར་ནི་ཚུལ་ཁྲིམས་ཀྱི་གནས་པར་རོ།། ལ་ལར་ནི་ཚུལ་དང་སྤྱོད་ལམ་ངན་པར་རོ།། ལ་ལར་ནི་བརྟན ་བར་གནས་པར་རོ།། ལཱ་ལར་ནི་རབ་ཏུ་གཡོ་བར་རོ།། ལཱ་ལྟར་ནི་རོལ་པ་ཆགས་པར་རོ།། ལ་ལར་ནི་དགོད་པ་གཅིག་པུ་ལའོ།། ལ་ལཪྵ་ནི་དྱཱ་བར་རོ།། ལྱཱ་ལར་ནི་རང་དགའི་བདག་ཉིད་དོ།། ལཱ་ལར་ནི་གཞན་མྦྷི་དབང་དུ་གྱུར། ་པའོ།། ལ་ལར་ནི་མི་གཙང་བར་གནས་པར་རོ།། ལ་ལར་ནི་ཤིན་ཏུ་གཙུང་སྒྲའི་སྤྱོད་པའི་ལུས་སྨྲའོ།། ལ་ལར་འཆང་པ་ལ་འཁོར་བ་ལའོ།། ལཱ་ལར་ནི་རྨོངས་ཤིང་གླེན་པར་རོ།། ལ་ལར་ནི་ཅུང་ཟད་ཀྱི་ཚིམ་པར་རོ།། ལར་ལར་ནི་ཚིམ་པ་མིང ་པར་རོ།། ལ་ལར་ནི་གར་བྱ་བའི་ལུས་གློད་པ་ཡིད་ཀྱིས་འཇུག་པར་པོ།། ལ་ལ་ར~ཾ་ནི་གླུ་ལེན་པའི་གསང་མཐོན་པོ་ལའོ།། ལ་ལར་ནི་བདེ་བའི་གནས་སུའོ།། ལ་ལར་ནི་གཅིག་པུ་སྡུག་བསྔལ་གྱི་གནསུ་གྱུར་པར་རོ།། ལ་ལར་ནི་རྒྱལ་པོ་རྒྱན ་རྩེ་བ་ལ་གོམས་ཤིང་དགའ་བར་རོ།། ལ་ལར་ནི་རྡུལ་གྱིས་གོམས་པར་རོ།། ལ་ལར་ནི་ཁྲུས་ཀྱིས་གནས་པ་དང་སྐལ་བ་བཟང་པོར་རོ།། ལ་ལར་ནི་གཅེར་བུར་རོ།། ལ་ལར་ནི་རི་མོ་ཅན་གྱི་གོས་བགོས་པར་རོ།། ལ་ལར་ནི་སྦྱིན་པ་པོ་དང ་ལོངས་སྤྱོད་པར་རོ།། ལ་ལར་ནི་ཤིན་ཏུ་ཕོངས་པར་རོ།། ལ་ལར་ནི་ཤིན་ཏུ་ངེས་པར་རོ།། ལ་ལར་ནི་བརྫུན་དུ་སྨྲ་བར་རོ།། ལ་ལར་ནི་བདེན་པ་གཅིག་པུ་སྨྲ་བར་རོ།། ལ་ལར་ནི་ཆོས་ཀྱི་བཀོད་པ་དང་ལྡན་པར་རོ།། ལ་ལར་ནི་སྡིག་པ་ཆེན་པོ་བྱེད་པར་རོ།། ་ལ་ལར་ནི་སྦྱིན་པ་པོར་རོ།། ལ་ལར་ནི་དུལ་ཞིང་ངེས་པར་རོ།། ལ་ལར་ནི་རྒྱུའི་གནས་པར་རོ།། ལ་ལར་ནི་བློ་བཟང་ཞིང་དག་པར་རོ།། ལ་ལར་ནི་སྣང་བར་རོ།། ལ་ལར་ནི་མི་མཐོང་ཞིང་མི་སྣང་བར་རོ།། ལ་ལར་ནི་བདག་ཉིད་ཆེན་པོར་རོ།། ་ལ་ལར་ནི་མངོན་པར་ཤེས་པར་རོ།། ལ་ལར་ནི་དེ་ཉིད་ཐིམ་པར་རོ།། ལ་ལར་ནི་འབྱུང་བ་ལ་གནས་པར་རོ།། ལ་ལར་ནི་འབྱུང་བ་དང་བྲལ་བར་རོ།། ལཱ་ལཱ་རཱ་ནི་རྣམ་པ་དང་ལྡན་པར་རོ།། ལ་ལར་ནི་ངག་གི་ཡུལ་ལས་འདས་པར་རོ ་དེ་ལྟར་གང་ཞིག་ལྷན་ཅིག་སྐྱེས་པའི་རྣམ་རྟོག་དང་བྲལ་དམིགས་མེད་པར།། སྣ་ཚོགས་འདི་དག་རང་དྲགས་སྤྱོད་པའི་དགོངས་ལྡན་མཁས་པ་ནི། དེ་ཡི་ལག་ན་བདེ་བཤེགས་གོ་འཕང་བདག་ཆེན་རྩོམ་པ་ཆེར་ལྡན་པ།། རབ ་དགས་གཞན་དོན་ལ་དགའ་མཆོག་གི་བདེ་བ་དམ་པ་ལེགས་པར་གནས།། སྐྱེ་བ་མེད་ཅིང་དགའ་བ་གཅིག་པུའི་རོ་དང་ལྡན་པའི་སེམས།། དངོས་པོ་ཀུན་གྱི་རང་བཞིན་མཆོག། ཆོས་ཀུན་མཉམ་དང་མི་མཉམ་པ།། ཀུན་མཁྱེན་ཀུན་འགྲོ ་ཐམས་ཅད་ལ།། ཆོས་རྣམས་ཀུན་གྱི་རང་བཞིན་འཛིན།། མི་གནས་མྱ་ངན་འདས་པ་པོ།། མཉམ་ཉིད་འགྲོ་བའི་དོན་མཛད་པ།། གཅིག་དང་དུ་མའི་རང་བཞིན་གནས།། ཚོར་མི་གཡོ་བ་རང་བཞིན་མེད།། བཅོམ་ལྡན་སོ་སོ་རང་རིག་པ།། གཙོ། ་བོ་དཔེ་དང་བྲལ་བ་སྟེ།། བདག་པོ་ཀུན་འགྲོ་ཀུན་ཁྱབ་པ།། བྱེད་པ་པོ་དང་འཕྲོག་པ་ཡིན།། འདི་ནི་དཔལ་ལྡན་རྡོ་རྗེ་སེམས།། དངོས་པོ་གསལ་བ་གསལ་མཛད་ཡིན།། དཔལ་ཨུ་རྒྱན་གྱི་རྡོ་རྗེ་ཆེན་པོ་མཆོག་གི་གནས་སུ་རང་བྱུང་གི་ཡེ་ཤེས་ཕུན ་སུམ་ཚོགས་པའི་དཔལ་རྣལ་འབྱོར་མ་རྣམས་འདུས་ནས།། ཡང་དག་པའི་དོན་ལ་གཟིགས་མོ་ལས་བྱུང་བའི་མ་ནོར་བའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་མོས་པ་བྱིན་གྱིས་རློབ་པར་བྱེད་པ། ས་གསུམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པའི་དུས་སུ།། ནེམ་ནུར་མི་མངའ་བར་ཞལ་གྱི་པདྨ་རབ་ཏུ་རྒྱས་པ་ལས་བདེ་བ་ཕུན་སུམ་ཚོགས་པའི་སྦྲང་རྩིའི་རྒྱུན་འབབ་པར་གྱུར་པ། དངོས་པོ་གསལ་བའི་རྗེ་སུ་འགྲོ་བ་དེ་ཁོ་ན་ཉིད་གྲུབ་པ་རྫོགསོ།། །། དེ་ལྟར ་འདི་ནི་བཅོམ་ལྡན་འདས་དེའི་བཀའ་བསྒོ་བའི་རྗེསུ་འགྲོ་བས་དོན་ཆེན་པོ་འདི་རྣམས་ཀྱིས་ཡང་དག་པར་བསྡུས་ནས།། སྐྱེ་བོ་ཉན་འདོད་པ་རྣམས་ལ་ཇི་ལྟར་དེ་རྣམས་ཀྱི་མིག་གི་ཡུལ་དུ་གྱུར་པའི་གཟུགས་སྣང་ཞིང་གསལ་བར་མཛད་ནས།། ་སྔར་ཇི་ལྟར་ཉམ་སུ་མྱོང་བ་བཞིན་ཏུ་གསལ་བར་མཛད་དེ།། མངོན་པར་བསྟོད་པ་ཡིན་ནོ།། གང་ཞིག་འབྱུང་བའི་ཚོགསུ་བགྲང་བར་མ་ཆུད་པ་དེས་ཀྱང་བདག་ཉིད་འབའ་ཞིག་དག་པར་བྱེད་པའི་བློས།། དགའ་བ་འདི་ནི་གྲགས་པར་གྱུར ་པ་རྣམ་པར་དག་པའོ།། བདེ་བ་དམ་པ་ཐོབ་གྱུར་འདི་ནི་ངོ་མཚར་ཆེ།། རྣལ་འབྱོར་མ་ཚུལ་མཚོ་ཆེན་གྱི་གྲུར་གྱུར་པ།། བདེ་བ་དམ་པའི་གན་སུ་སྒྲོལ་བྱེད་གང་ཡིན་པ།། དེ་ཉིད་གྲུབ་པ་བྲིས་པ་འདི་ཡིས་ནི།། སྐྱེ་འགྲོ་གསུམ་པོ་རྣམས་ཀྱི་དངོས ་གྲུབ་འགྲུབ་པར་ཤོག། དངོས་པོ་གསལ་བའི་རྗེ་སུ་གྲུབ་པ་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཙི་ཏོས་མཛད་པ་རྫོགསོ།། །། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་།། ཞུ་ཆེན་གྱི་ལོ་ཙ་བ་བགོས་ལྷས ་བཅས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རང་རིག་ཙམ་གྱི་ཡེ་ཤེས་ནི།། ནམ་མཁའ་འདྲ་བར་མཚན་ཉིད་མེད།། འོན་ཀྱང་དེ་ལ་དབྱེ་ཡོད་དེ།། བར་མཚམས་ཉིད་དང་མཚན་མོའི་བར།། སྣང་བ་དང་ནི་སྣང་བ་མཆེད།། དེ་བཞིན ་སྣང་བ་ཐོབ་པ་ཅན།། སེམས་ནི་རྣམ་པ་གསུམ་དུ་བཤད།། དེ་ཡི་གཞི་ནི་བཤད་པར་བྱ།། ཕྲ་བའི་གཟུགས་ཅན་རླུང་དང་ནི།། ཡེ་ཤེས་དག་ནི་འདྲེས་གྱུར་པ།། དབང་པོ་ལམ་ནས་བྱུང་ནས་ནི།། ཡུལ་རྣམས་ལ་ནི་སྨིན་པར་འགྱུར།། གང་ཚེ་སྣང ་བ་ལྡན་གྱུར་པ།། རླུང་ནི་བཞོན་པར་གྱུར་པ་ཡིན།། དེ་ཚེ་རང་བཞིན་དེ་ཐམས་ཅད།། མ་ལུས་ལུས་པ་མེད་པར་འབྱུང་།། རླུང་ནི་གང་དང་གར་གནས་པ།། རང་བཞིན་དེ་དང་དེ་རྗེས་སྤྱོད།། ཅེས་དགོངས་པ་ལུང་སྟོན་པས་སོ།། ་