| Wylie | e-texts produced with BDRC’s OCR application |
རྒྱུ་གཪྵ་སྐད་དུ། བཛྲ་བཱ་ད་གརྦྷ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། རྡོ་རྗེ་འཛིན་པ་ཇི་ལྟ་བུ།། དེ་ལྟར་སློབ་དཔོན་གཟུགས་ཉིད་དེ།། སེམས ་ཅན་རྗེ་སྣ་སྤུ་གཟུང་བའི་ཕྱིར།། ཕལ་བཱའི་གཟུགས་ཀྱིས་གནས་པ་ཡི།། ཡང་དག་ཡེ་ཤེས་སྣང་བ་པོ།། གྲུབ་པས་བླ་མ་མངོན་ཕྱག་འཚལ།། ། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས།། རྫོགས་པ་ཡི་ཡང་རིམ་པ་ཉིད། ་ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ།། དང་པོར་གཅིག་ནི་བསྒོམ་པར་བྱ།། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་།། དེ་ཡོངས་ཤེས་པས་གྲོལ་བ་ཡིན།། དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན།། དངོས་པོ་མེད་པ་ཡོངས་ཤེས་པས།། རྟོག་པ་ཐམས་ཅད་ཡང་དག ་སྤངས།། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ།། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནཱི་རྒྷ་ཚེགས་སྤངས་པའོ།། རུ་ནི་ཚོགས་དང་བྲལ་བ་སྟེ།། ཀ་ནི་གང་དུའང་མི་གནས་པའོ།། རྫོགས་པའི་རིམ་པའི་རྣལ་འབྱོར་ལས།། དེ་ཉིད་བཅོམ་ལྡན་ཤེས ་རབ་མ།། དྲི་དང་རོ་དང་མྱ་ངན་འདས།། ལྷན་ཅིག་སྐྱེ་དགའ་བྱེད་པ་ཅན།། ཆོས་དབྱི་རེངས་ཤིན་ཏུ་རྣམ་དག་མ།། དེ་ཉིད་དཀྱིལ་འཁོར་བདག་པོ་ང།། དེ་ཉིད་བདག་མེད་རྣལ་འབྱོར་མ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན།། བདག་མེད་རྣལ་འབྱོར་ལྡན ་པའང་།། ཡང་ན་ཧེ་རུ་ཀ་དཔལ་བརྩོན།། གཞན་པོའི་སེམས་ཀྱིས་སྐད་ཅིག་ཀྱང་།། དངོས་གྲུབ་འདོད་པས་མི་གནས་སོ།། བརྩེ་བས་དངོས་གྲུབ་དོན་དུ་ཡང་།། ཟླ་བ་གཅིག་དུ་ཡོངས་སུ་རྟོགས།། བསམ་པ་ཐམས་ཅད་ཡོངས་སྤངས་ནས།། ལྷ་ཡི་གཟུགས། ་སུ་སེམས་དཔའ་ཡིས།། ཉི་མ་གཅིག་ཏུ་མ་ཆང་པར།། བསྒོམས་པས་ཡོངས་སུ་བརྟག་པར་གྱིས།། ཡང་མ་ཧེ་རུ་ཀ་དཔལ་གཟུགས།། རྣལ་འབྱོར་མ་ནི་རྣམ་པར་བསྒོམ།། རང་བཞིན་དོན་ནི་རབ་བསྒྲུབ་ཕྱིར།། འཁོར་ཐབས་གཞན་ལོང ་སྨྲ་ཡིན།། རིག་སུ་སྦྱིན་ཅྀགྶ་གོམས་བྱས་པས།། འཕྲལ་དུ་མདྲོན་དུ་བྱུང་བ་ཉིད།། བྲུག་དྷནྣ་ཙྪ་དྲོའི་དབྱུང་བ་སྒྱུ་བས།། དེ་ལྟ་གས་པའི་དུཅན་པོ།། ངོ་མ་འདི་དྷི་བྷིན་རྣམས་ཡིན།། གཞན་ལས་དཀྱིལ་འོ་ཁོར་འབྱུང་བ་མེད། ་ཙྪི་ས་པྲ་ཞིང་།། རྡོ་རྗེ་རྣམ་པའི་དཀྱིལ་ལྟོ་བུང་།། རྡུལ་བྲལ་མཐར་བྱིན་ཞི་བ་ཉིད།། ཁྱོད་རང་ཡ་ནི་དམ་པ།། སྒྲོམ་པ་བློ་མེད་བསྒོམ་པཔང་མེད།། སྐུ་མེད་སྔགས་ཀྱང་སྤོང་མ་ཡིནྡོ།། སྤྲོས་པ་མེད་པའི་རང་བཞིན་ལས།། སྔགས་དང་ནི་ཡང་དག་གནས།། གང་གྱི ་ཡིད་ཀྱིས་མི་བསྒོམ་པར།། འགྲོ་བ་ཐམས་ཅད་བསྒོམ་པར་བྱ།། ཐམས་ཅད་ཆོས་ནི་ཡོངས་ཤེས་པས།། སྒོམ་པ་ཉིད་ནི་བསྒོམ་པ་མིན།། དེར་ནི་ཐོག་མ་དབུས་མཐའ་མེད།། སྲིད་མེད་མྱ་ངན་འདས་པ་མེད།། བདག་མེད་གཞན་ཡང་མེད་པ་ཉིད།། འདིས་ནི ་མཆོག་ཏུ་བདེ་ཆེན་ཉིད།། དང་པོར་གོམས་པར་བྱེད་དུས་ཀྱི།། གནས་ནི་བཟང་པོ་ངོས་པ་བརྟག། རང་གི་ཁྱིམ་མམ་མཚན་དུས་སུ།། དབུ་མར་རངས་པའི་ལྷ་སྟངས་ཉིད།། རང་གཞན་ཡང་དག་རིག་པ་སྤངས།། མཁའ་མཉམ་རྡུལ་སྦྲུལ་སྟོང་པ་ཉིད།། ཐབས་དང ་གིས་རབ་ཤིན་ཏུ་འདྲིས།། ཆགས་དང་ཆགས་བྲལ་རྣམ་པར་འདྲེས།། ངོས་དང་པོས་མེད་བདག་ཉིད་མཆོག། དེ་ཉིད་ཡི་གེ་དམ་པ་ཡིན།། འདོད་ཆགས་མེད་ཅིང་ཆགས་བྲལ་མེད།། དབུ་མར་དམིགས་པར་མི་འགྱུར་རོ།། འདི་ལ་ཐབས་དང་ཤེས་རབ་མེ ་ཡང་དག་དེ་ཉིད་སྣང་བ་འོ།། བསྒོམ་པ་རོ་གཅིག་མཉམ་པ་ཉིད།། དང་པོར་སྦྱིན་དང་འདྲ་བ་ཡིན།། དང་པོ་དྲང་ལྟ་བུ་སྟེ།། གཉིས་པ་སྨྲིག་དྷཱའི་རྣམ་ཉིད་ཆུ།། གསུས་ལ་མེ་ཁྱེར་རྣམ་པའོ།། བཞི་པ་མར་མཱ་ཉེར་འབར་བ།། ལྟ་བ་རྟག་ཏུ་སྣང་བ་སྟེ།། སྦྱིན་མང་ནམཐའ་ལྟ་རྩཝ ་ཉིད།། དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ།། དངོས་གྲུབ་ཉེ་བར་མཚོན་པའོ།། གྲུབ་པ་སྒྱུ་མ་ལྟ་བུར་འགྱུར།། ཉལ་དང་ལོག་པའི་ཁྱད་པར་ལས།། རྟག་ཏུ་རྨི་ལམ་འདྲ་བར་འགྱུར།། རང་རིག་ཡེ་ཤེས་ཉིད་དུ་འགྱུར།། དངོས་གྲུབ་མཚན་ཉིད་མི་ཕྱེད་པ།། ཕྱག་རྒྱའི ་རྣལ་འབྱོར་པ་ཡིས་འགྲུབ།། རློམ་སེམས་མེད་པའི་རང་བཞིན་བདག། ཤིང་གཅིག་དང་ནི་དུར་ཁྲོད་དང་།། ཡང་ན་དབེན་པ་འམ་པས་མཐའ་རུ།། བསྒོམ་པ་བཟང་བར་བརྗོད་པར་བྱ།། ན་མཁའི་ཁམས་ནི་པདྨ་ལ། བྷ་ག་ཞེས་བྱ་ཡེ་ཤེས་བརྗོད།། བསྒོམ་པ་ཞེས ་བྱ་སྙོམས་འཇུག་ཉིད།། དེ་ཡི་བདེ་བ་འཁོར་ལོར་བརྗོད།། རིག་པ་ཇི་བཞིན་རང་རིག་ཉིད།། ལྷ་ཞེས་བྱ་བ་བྱང་ཆུབ་སེམས།། ཇི་ལྟར་འབྱུང་བ་ཁུ་བ་ཡིན།། བདེ་བ་གནག་ཅིང་བདེ་བ་སོར།། བདེ་བ་དམར་པོ་བདེ་བ་དཀར།། བདེ་བ་ལྗང་གུ་བདེ་བ་སྔོ།། བདི་བ་རྒྱུ་དང ་མཽ་རྒྱུ་ཀུན།། བདེ་བ་དངོས་དང་དངོས་མེད་བདེ།། རྡོ་རྗེ་སེམས་དཔའ་བདེ་བར་བརྗོད།། ཇི་ལྟར་སྒྱུ་མ་རྨི་ལམ་དང་།། ཇི་ལྟར་བར་མའི་སྲིང་ཡིན་པ།། རྟག་ཏུ་གོམས་པའི་སྦྱོར་བ་ལ་སྭཱ། དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད།། བཙུན་མོ་བྷ་གཱའི་བདེ་ཅན་དུ།། ཁུ ་བ་ཞེས་བྱའི་རྣམ་པར་གནས།། དེ་ཉིད་ཡེ་ཤེས་ཆེན་པོ་ཉིད།། ཐམས་ཅད་ལུས་ལ་རྣམ་པར་གནས།། གཉིས་དང་གཉིས་སུ་མེད་པའི་ཚུལ།། དངོས་དང་དངོས་མེ་ང་བདག་ཉིད་གཙོ།། བརྟན་དང་གཡོ་བ་ཁྱབ་ནས་གནས། སྒྱུ་མའི་གཟུགས་ཅན་ཉིད ་དུ་འདོད།། བཟའ་དང་བཏུང་དང་བླུགས་པ་དང་།། ཉལ་དང་ལོག་དང་སེམས་པ་ན།། ཕྱག་རྒྱ་ཆེན་པོ་མངོན་འདོད་པས།། དེ་ནས་མངོན་དུ་འགྲོ་བར་འགྱུར།། བརྟན་དང་གཡོ་བའི་དངོས་པོ་གང་།། རྩ་ལྕུག་འཁྲིལ་ཞིང ་ལ་སོགས་པ།། བདག་གི་དངོས་པོའི་རང་བཞིན་ལས། དམ་པའི་དེ་ཉིད་ངེས་བསྒོམ་བྱ།། དེ་རྣམས་དམ་པ་གཅིག་ཡོད་མིན། རང་རིག་བདེ་བ་ཆེན་པོ་ཉིད།། རང་རིག་ནས་ནི་བྱང་ཆུབ་འགྱུར།། རང་རིག་ཕྱིར་ན་བསྒོམ་པ་ཉིད།། གང་ཕྱིར། ་འབྱུང་བ་ཆེ་བདེ་བ།། དེ་ཕྱིར་བདེ་བ་དེ་ཉིད་མིན།། ལྷན་ཅིག་སྐྱེས་པར་གང་སྐྱེས་པ།། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད།། ཕྱག་རྒྱའི་རྒྱུ་དང་བྲལ་བ་ལས།། ཡོ་གི་སྙིང་རྗེ་ཐབས་སུ་འགྱུར།། སྟོང་དང་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས ་ཞེས་རབ་ཏུ་བརྗོད།། བྱང་ཆུབ་སེམས་ནི་མྱ་ངན་འདས།། ཀུ་ན་རྫོབ་དོན་དམོ་ཚུལ་ཅན་ནོ།། ཀུན་རྫོབ་ཀུན་དེ་ལྟ་བུ་ཉིད།། དོན་དམ་བདེ་རྣོ་བའི་གཟུགས་ཅན་མ། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན།། དེ་ཡི་བདེ་བ་འདོད་མར་བརྗོད།། གཅིག ་དང་དུ་མ་བྲལ་བ་དེ།། སྐད་ཅིག་གཅིག་ལ་མཆོག་དགའ་བ།། རང་གིས་རིག་པའི་ཡེ་ཤེས་འདི།། ངག་གི་ལམ་འདས་སྤྱོད་ཡུལ་ཏེ།། འདི་ནི་བྱིན་བརླབས་རིམ་པའི་ཕྱིར།། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ།། རང་བཞིན་གདོད་ནས་མ་སྐྱེས་པའི།། ་བརྫུན་མིན་བདེན་མིན་དེ་བཞིན་དུ།། ཐམས་ཅད་ཆུ་ཡི་ཟླ་བ་ལྟར།། འདོད་པས་རྣལ་འབྱོར་མས་ཤེས་གྱིས།། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོའང་མེད།། ལུས་ཀྱང་མེད་ཅང་གཟུང་བ་མེད་ཅིང་འཛིན་པའང་མེད།། ཤ་དང་ཁྲག་ཀྱང་མེད ་རྙིང་བ་ཤང་དདུ་གཅི་བ་འང་ཟང་།། སྡུག་གྲོ་ནངས་མང་གཙང་སྦྲ་མཚད་བྱིད་ཐོགས་མེད་དང་།། རློམ་སེམས་མང་བའི་ལྷན་ཅག་སྨྲས་པ་སྣ་ཆགས་ཉིད།། སྔགས་ཀྱི་བཟླས་མེད་དཀའ་བུང་མེད་དང་སྤྲིན་བསྲེག་མེང་།། དཀྱིལ་འཁོར་ཅན་ཡང་མེར ་ང་དཀྱིལ་འཁོར་ཡང་ནི་མེད།། དོན་སྔགས་བཟླས་དེ་དཀའ་ཐུ་དང་སྦྱིན་སྲེག། དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཉིད།། མདུར་བསྡུས་པས་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ།། ཡིད་ནི་བརྟན་ནམ་གཡོ་འམ་ཙཾ།། རང་གྱི ་སེམས་ལ་སོ་སོར་བརྟག། སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད།། རྟོག་མིང་དངོས་གྲུབ་སྦྱིན་པ་པོ།། གསུམ་ལ་ལྡན་ཅིག་སྐྱེས་པ་མེད།། གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར།། ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད།། དེས་ན་བཞི་པ་བསྒོམ་པར་བྱ།། ཆོས ་འབྱུང་ལས་སྐྱེས་ཡེ་ཤེས་ནི།། མཁའ་མཉམ་ལྷན་ཅིག་ཐབས་དང་བཅས།། ཐབས་དང་ཤེས་རབ་རང་བཞིན་ལས།། སྒྱུ་མ་གཟུགས་ཀྱིས་ཡང་དག་གནས།། ཡང་ན་དེ་ཉིད་ཐམས་ཅད་བདག། ཡང་ན་ཀུན་གྱིས་རྣམ་པར་སྤངས།། རོ་མཉམ ་དེ་ཉིད་བསྒོམས་པ་ཡིས།། འདི་ཀུན་མཉམ་པ་ཉིད་དུ་བལྟ།། དབུ་མ་གཉིས་ཀྱིས་སྤངས་པ་ཉིད།། བསྒོམ་པ་རོ་གཅིག་མཉམ་པ་ཉིད།། དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས།། རྣམ་དག་རྣམ་པའི་སེམས་ཀྱིས་ནི།། རང་བཞིན་མྱ་ངན་འདས ་པ་ཉིད།། སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འོན་ཀྱང་གློ་བུར་དྲི་མས་བསྒྲིབས།། དེ་ཉིད་བསལ་ན་སངས་རྒྱས་འགྱུར།། འཇིག་རྟེན་ཁམས་ནི་གང་དུ་ཡང་།། སངས་རྒྱས་གཞན་དུ་མི་རྙེད་དེ།། སེམས་ནི་རྫོགས་པའི་སངས་རྒྱས་ཉིད།། ་སངས་རྒྱས་གཞན་དུ་བསྟན་པ་མེད།། སྟོན་པ་སུམ་ཅུ་རྩ་གཉིས་མཚན།། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན།། ད་མང་བས་ན་བད་མང་འགྱུར།། བདེ་བ་མེད་ན་དེ་མེད་འགྱུར།། དངོས་ད་དངངོ་ས་བཽ་ང་མ་ཡིན།། དངོས་པོ ་རྟོགས་ཕྱིར་སངས་རྒྱས་པ། འཇིག་རྟེན་འཇིག་རྟེན་འདས་པ་ང་། ལྷན་ཅིག་སྐྱེས་དགའི་རང་བཞིན་ང།། གང་ཞིག་ལེ་ལོས་བསྣུན་པ་དང་།། རྨོངས་པ་གང་གིས་ང་མི་ཤེས།། མུན་པ་ལ་ནི་མར་མེ་ལྟར།། ལྷ་ཡི་རྣལ་འབྱོར་ལས་བདེ་བ།། ་དེ་ཕྱིར་སངས་རྒྱས་དངོས་པོ་མིན།། དེ་ཉིད་དངོས་མེད་ཚུལ་ཡང་མིན།། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། མཆོག་ཏུ་བདེ་བས་གཟུགས་མེད་པ།། ཆགས་དང་འཇིག་པ་དག་གིས་ཀྱང་།། ཐབས་དང་ཤེས་རབ་གནོན་མི་འགྱུར།། དེས་ན ་རབ་འཇིག་ཡོད་མ་ཡིན།། དེ་ཉིད་ལ་ནི་ཆགས་པ་མེད།། ལུས་ཀྱི་དངོས་མེད་གང་ལས་བདེ།། བདེ་བ་སྨྲ་བར་མི་ནུས་སོ།། ཁྱབ་དང་ཁྱབ་བྱེང་ཚུལ་གྱིས་ནི།། བདེ་བས་འགྲོ་ཀུན་ཁྱབ་པ་ཉིད།། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས།། གང་དུ་ཡང ་ནི་མི་རྙེད་དེ།། བླ་མའི་དུས་ཐབས་བསྟེན་པ་ལས།། བདག་གི་བསོད་ནམས་ལས་ཤེས་བྱ།། ཆུ་བོའི་རྒྱུན་ནི་རབ་འབབ་དང་།། མར་མེ་རྩེ་མོ་རབ་བཅིངས་ལྟར།། རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས།། ཉིན་དང་མཚན་དུ་མཉམ་པར་བཞག། ལྟེ་བར ་གཏུམ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་ལ་སོགས་པ་ཡང་བསྲེགས་པས།། བསྲེགས་པས་རི་བོང་ཅན་ཧཾ་འཛག། ལོངས་སྤྱོད་ཀྱིས་ནི་རླབས་གཉིས་ལ།། རང་གི་གཡས་དང་ལག་གཞན་གྱི།། མཐེ་བོང ་དང་ནི་སྲིན་ལག་གིས།། དེ་ནི་རྣལ་འབྱོར་པ་ཡིས་བཙིར།། དེ་ལས་ཡེ་ཤེས་སྐྱེ་བར་འགྱུར།། དེ་ལས་ཅི་ཞིག་སྐྱེ་ཞེ་ན།། གཞོན་ནུའི་དགའ་བ་ཇི་ལྟ་བའམ།། ལྐུག་པའི་རྨི་ལམ་ཇི་ལྟ་བའོ།། བྷོ་ལའི་བདེ་བ་ཕྱག་རྒྱ་ཆེ།། རྡོ་རྗེའི་སྐྱེ་མཆེད་ཐམས་ཅད་ཉིད།། ་འདི་ནི་གསང་བའི་སྙོམས་འཇུག་པས།། ཕྱི་རོལ་གཉིས་གཉིས་བསྟན་པ་མེད།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། དེ་ཡི་ཕྱག་རྒྱ་བདེ་བ་ཆེ།། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས།། ཐམས་ཅད་ལུས་ལ་རྣམ་པར་གནས།། མཆོག་གི་མཐའ་དང་དགའ་བྲལ་དབུས།། ་སྟོང་དང་སྦྱོང་མིན་ཧེ་རུ་ཀ། རྡོ་རྗེ་མི་ཕྱེད་ཞེས་བྱར་བརྗོད།། སེམས་དཔའ་སྲིད་པ་གསུམ་གཅིག་པ།། ཇི་ལྟར་ཕ་ལས་བདེ་ཐོབ་པ།། དེ་ཡི་བདེ་བ་རང་གིས་བཟའ།། བདེ་བ་གང་གིས་འཆིང་བ་འདིར།། དེ་ཡི་བདེ་བ་བསམ་གཏན་བརྗོད།། དེ་ཉིད་ལྷན་ཅིག ་སྐྱེས་པའི་གཟུགས།། བདེ་ཆེན་བཟང་པོའི་རྣལ་འབྱོར་མ།། དེ་ནི་མེ་ལོང་ཡེ་ཤེས་གཟུགས།། མཉམ་ཉིད་ཡེ་ཤེས་དངོས་པོ་ཅན།། ཡང་དག་གྱུར་པས་སོ་སོར་རྟོག། དེ་ཉིད་བྱ་བ་ནན་ཏན་ཏེ།། ཆོས་དབྱིངས་ཤིན་ཏུ་རྣམ་ངག་མ།། མཉམ ་པར་གཞག་པས་དངོས་གྲུབ་ཐོབ།། ཅེས་པ་རྡོ་རྗེའི་ཆོག་སྔ་མ་དང་ཕྱི་མ་བསྡེབ་པ་ནི།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་བཞེད་པའོ།། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའོ།། རྫོགས་སོ།། ་