CLOSE WINDOW

GT1066: thabs dang shes rab rnam par gtan la dbab pa sgrub pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲཛྙོ་བ་ཡ་བི་ནི་ཤྭཱ་མ་སིདྡྷི། བོད་སྐད་དུ། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་སྒྲུབ་པ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚའོ།། ་རང་བཞིན་དྲི་མ་མེད་ཅིང་ཐབས་དང་ཤེས་རབ་རང་བཞིན་སེམས་གང་ལས་ནི་སངས་རྒྱས་ཀྱི།། ཡང་དག་མ་ཡིན་ཀུན་རྟོག་མཐའ་དག་དྲི་མས་མ་གིས་ཆོས་སྐུ་དང་ནི་མཚུངས་མེད་པའི།། ངོ་མོ་ཆོས་ཆར་གྱི་གཞིར་གྱུར་ལོངས་སྤྱོད་དང་ནི ་སྣ་ཚོགས་པ་ཡི་གཟུགས་དང་སྤྱོད་ལྡན་པའི།། ཡང་དག་སྤྲུལ་པ་སྐྱེ་འགྱུར་དེ་ལ་གུས་པར་ཕྱག་བྱས་ནས་ནི་དེ་ཉིད་བཤད་པར་བྱ།། དེ་ཡི་རང་བཞིན་མི་ཤེས་པའི།། སྐྱེ་བོ་མ་ལུས་ལ་ཕན་ཕྱིར།། དཔལ་ལྡན་ཡན་ལགོ་མེད་རྡོ ་རྗེ། བདག་གི་དེ་ཉིད་མདོར་བསྡུ་བྱ།། བྱིས་པས་འཁྲུལ་པའི་བདེན་མིན་པའི།། ཀུན་ཏུ་རྟོག་པ་ལས་བྱུང་དངོས།། ཀུན་ཏུ་རྟོགས་པའི་བདག་ཉིད་ཅན།། དེ་ནི་སྲིད་པར་མཁས་པས་བཤད།། དེ་ལས་བཟོད་དཀའ་རྒྱུན་ཆགས་པའི།། ཉོན ་མོངས་མ་ལུས་ཚོགས་རྣམས་དང་།། རྣམ་པ་སྣ་ཚོགས་རྒྱ་ཆེ་བའི།། ལས་ཀྱི་ཚོགས་ནི་སྐྱེ་བར་འགྱུར།། དེ་གཉིས་ལས་ནི་སྐྱེ་བ་དང་།། འཆི་བ་ལ་སོགས་རབ་རྒྱས་པ།། མི་བདེན་ལ་ཞེན་སེམས་ལྡན་པའི།། ཤིན་ཏུ་སྡུག་བསྔལ་འཁོར ་མོར་འབྱུང་།། ཤེས་རབ་ཉམས་ཆུང་དེ་དག་ནི།། ཇི་སྲིད་དངོས་འཛིན་ཆེན་པོ་ཡོད།། དེ་སྲིད་སྲིད་པའི་བརྩོན་རར་གནས།། བདག་དང་གཞན་ཕན་ག་ལ་ཡོད།། དེ་ཕྱིར་འགྲོ་བ་གསུམ་པོ་དག། དགའ་བར་བྱེད་འདོད་རང་གི་ནི།། ་འཁྲུལ་པ་གསལ་བར་འདོད་པ་ཡི།། བཤེས་གཉེན་ཅན་གྱི་དངོས་འཛིན་སྤྱང་།། གལ་ཏེ་མིང་ཙམ་ཐ་དད་ཀྱང་།། རྟོག་པ་ཉིད་དུ་དབྱེར་མྱེད་ཕྱིར།། མཁས་པས་དངོས་འཛིན་ཡོངས་བཏང་སྟེ།། དངོས་མེད་པར་ཡང ་མི་བརྟག་གོ། མར་མེ་འབར་བ་བསང་རུང་གི། ཤི་ན་ཅི་ཡང་བྱར་མེད་པར།། དངོས་པོར་འཛིན་པ་ཉིད་རུང་གི། དངོས་མེད་འཛིན་པ་དེ་ལྟར་མིན།། ཡང་དག་དངོས་པོ་མེད་རྟོག་པ།། དེ་ཡི་དངོས་པོ་མཚོན་འགྱུར་ཏེ།། གང་ཕྱིར་ན་མཁའ ་ཞིག་པ་ནི།། མེད་པས་དང་པོ་བྲལ་བ་མིན།། ཐབས་དང་བྲལ་བར་གྱུར་པ་ཡི།། དངོས་མེད་ཙམ་ཞིག་སྒྲུབ་གྱུར་ཀྱང་།། མེད་ཕྱིར་ན་མཁའི་མེ་ཏོག་བཞིན།། བདག་གཞན་དོན་ནི་ནུས་མ་ཡིན།། མིག་འཕྲུལ་ལྟ་བུར་འཁྲུལ་པའི་ཕྱིར།། དེ་ལྟར ་དངོས་པོ་ཡོངསུ་བཏང་།། སངས་རྒྱས་འབྲས་བུ་འདོད་པ་ཡི།། མེད་ཕྱིར་དངོས་མེད་དེ་བཞིན་ནོ།། དེ་གཉིས་ཇི་ལྟར་ཡོངས་བཏང་དང་།། བཏང་ནས་གང་དུ་གནས་པ་ནི།། འཁོར་མིན་མྱ་ངན་འདས་མིན་པ།། དེ་ནི་མཁས་པས་མཉན་པར་གྱིས།། ཤེས ་དང་ཤེས་བྱ་རབ་ཕྱེ་སྟེ།། སྦྱོར་བས་ཡོངས་སུ་བརྟགས་ནས་ནི།། ཆོས་རྣམས་རང་བཞིན་མེད་པ་ཉིད།། ཤེས་རབ་དེ་ཉིད་དུ་ནི་བརྗོད།། མ་ལུས་སྡུག་བསྔལ་རྒྱ་མཚོ་དང་།། སྡུག་བསྔལ་ལས་འདོན་གང་ཡིན་པ།། སྙིང་རྗེ་སེམས་ཅན་ལ་ཆགས་པས།། ་འདོད་ཆགས་ཞེས་ནི་བྱ་བར་གྲགས།། རྟག་ཏུ་རྗེས་མཐུན་སྦྱོར་བ་ཡི།། སྐྱེ་བོ་མངོན་པར་འདོད་པ་ཡི།། འབྲས་བུ་གང་ཡིན་ཉེར་སྦྱིན་པས།། དེ་ཉིད་ཐབས་ཞེས་བྱ་བར་བསྒྲགས།། ཆུ་དང་འོ་མ་འདྲེས་པ་བཞིན།། གཉིས་མེད་རྣམ་པར་སྦྱོར་བ་ཡིས།། ་གཉིས་པོ་འདུས་པ་གང་ཡིན་པ།། ཤེས་རབ་ཐབས་ཞེས་བྱ་བར་བརྗོད།། དེ་ལྟར་གང་ལ་བཞག་པ་དང་།། གསལ་བར་ནུས་པ་མ་ཡིན་ཞིང་།། བཞག་དང་བསལ་བ་སྤངས་པ་ནི།། ཆོས་རྣམས་དེ་བཞིན་ཉིད་ཅེས་བརྗོད།། བཟུང་དང་འཛིན་པ་དང་བྲལ་བ།། ་ཡོད་དང་མེད་པའི་ཕྱོགས་སྤངས་ཤིང་།། མཚན་གཞི་དང་ནི་མཚན་ཉིད་གྲོལ།། རང་བཞིན་དག་པ་དྲི་མ་མེད།། གཉིས་དང་གཉིས་མེད་ཞི་བ་དང་།། ཐམས་ཅད་ལ་གནས་དགེ་བ་སྟེ།། སོ་སོ་རང་རིག་མི་གཡོ་ཞིང་།། ཐབས་དང་ཤེས་རབ་མི་འཁྲུགས་པས།། ། ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱིས།། མཆོག་ཏུ་ངོ་མཚར་གྱུར་པའི་གནས།། ལེགས་དང་ལྷ་ཡི་ཕུན་ཚོགས་བྱེད།། ཆོས་ཀྱི་དབྱིངསུ་རབ་ཏུ་གྲགས།། དུས་གསུམ་སངས་རྒྱས་ཀྱིས་བསྟེན་པའི།། མི་གནས་མྱ་ངན་འདས་པ་སྟེ།། ཡིད་འོང་བདག་བྱིན་བརླབས་པ ་གནས།། ཤེས་རབ་ཕ་རོལ་ཕྱིན་དགེ་བ།། ཐེག་པ་གསུམ་དང་སྐུ་གསུམ་དང་།། བྱེ་བ་གྲངས་མེད་སྔགས་དང་ནི།། ཕྱག་རྒྱའི་དཀྱིལ་འཁོར་འཁོར་ལོ་དང་།། འཇིག་རྟེན་པ་དང་དེ་ལས་འདས།། ལྷ་དང་ལྷ་མིན་མི་དང་ནི།། ཡཾ་དགས་ལ་སོགས་དེ་བཞིན་གཞན ་དེ་ཉིད་ལས་ནི་བྱུང་ནས་སུ།། དེ་ཉིད་དུ་ནི་ཐིམ་པར་འགྱུར།། མ་ལུས་པ་ཡི་འགྲོ་རྣམས་ལ།། ཡིད་བཞིན་ནོར་ལྟར་ཀུན་ཏུ་གནས།། ཤེས་རབ་ཐབས་ཀྱི་རང་བཞིན་གྱིས།། སྤྱོད་དང་གྲོལ་བ་ཡང་དག་གསོལ།། དེ་ཉིད་ཡང་དག་རྟོགས་ནས་སུ།། སྔོན་གྱི ་བདེ་གཤེགས་སངས་རྒྱས་ལ།། ཐམས་ཅད་དུ་ནི་སངས་རྒྱས་ཞིང་།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུར།། དཔག་མེད་བདེ་བའི་རང་བཞིན་ཕྱིར།། དཔལ་ལྡན་བདེ་ཆེན་ཞེས་བྱ་བ་ལ།། ཀུན་ཏུ་བཟང་པོ་མཆོག་ཉིད་དང་།། མངོན་པར་བྱང་ཆུབ་བྱེད་པ་པོ།། ་མཚུངས་པ་མེད་པའི་ཐུགས་རྗེས་འགྲོ་བ་གསུམ་གྱི་སྡུག་བསྔལ་མ་ལུས་པ།། འཇོམས་པར་བྱེད་པ་གཅིག་པུ་རབ་འཇུག་དང་ནི་དཔག་མེད་སྣ་ཚོགས་པའི།། ཚོགས་ལ་ཆགས་པ་ལས་ནི་རྣམ་གྲོལ་བློ་མཆོག་མཉམ ་འདུས་པ།། བདག་གཞན་ཕན་དང་བདེ་རྒྱུ་དེ་ཉིད་དུ་ནི་ཐུབ་པའི་དབང་པོས་གསུངས།། དེ་དག་ནི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་བསྒྲུབ་པ་ལས།། ཤེས་རབ་དང་ཐབས་རྣམ་པར་སྤྲོས་པའི་རིམ་པར་ཕྱེ་བ་སྟེ་དང་པོའོ།། ། ་སྲིད་པ་གཞོམ་དཀའ་འཁྲུལ་པ་ཡིན།། ནད་ཀྱིས་གཞོམ་པ་དག་ལ་ཕན་པ་དང་།། དེ་ཉིད་རིན་ཆེན་ཐོབ་བྱའི་ཕྱིར།། དེ་ནས་འདི་ལ་ཅུང་ཟད་བཤད།། དཔལ་ལྡན་ཡན་ལག་མེད་རྡོ་རྗེ།། སྙིང་རྗེར་ཞུགས་པའི་སེམས་ཀྱིས་ནི།། སྔོན་གྱི་སངས ་རྒྱས་ཀྱིས་གསུངས་པའི།། ཐབས་ནི་ཇི་བཞིན་མདོར་བསྡུ་བྱ།། དེ་འདི་ཡིན་ཞེས་རྒྱལ་བས་ཀྱང་།། དེ་ནི་བརྗོད་པར་ནུས་མ་ཡིན།། སོ་སོ་རང་རིག་རང་བཞིན་ཕྱིར།། ངག་གི་ལམ་ནི་བཟུང་བྱ་མིན།། དེ་ལྟ་ན་ཡང་དུས་གསུམ་གྱི།། སྤངས ་རྒྱས་འགྲོ་རྣམས་དགྲ་མཛད་པས།། མདོ་སྡེ་དུ་མ་གསང་སྔགས་ཀྱི།། སྤྱོད་པ་ལ་སོགས་རིམ་གྱིས་བཤད།། སྒྲ་དང་དོན་དག་འབྲེལ་མེད་ཕྱིར།། ཐོས་པ་ལ་སོགས་ཤེས་པ་ཡིས།། ཡུལ་དུ་ནམ་ཡང་འགྱུར་མ་ཡིན།། བསྟན་བཅོས ་མཚན་ཉིད་སྟོན་པ་ཡིན།། དེ་ཕྱིར་སྐྱེས་བུ་དམ་པ་ཡིས།། བླ་མ་དམ་པ་བརྟེན་པའི་རིགས།། དེ་མ་གཏོགས་པར་དེ་ཉིད་ནི།། བསྐལ་པ་བྱེ་བས་ཐོབ་མི་འགྱུར།། ཞིང་བཟང་ཤིན་ཏུ་སྦྱངས་པ་ལས།། ས་བོན་མེད་པའི་མྱུ་གུ་བཞིན།། ་དེ་ཉིད་རིན་ཆེན་མ་རྙེད་པར།། ནམ་ཡང་དངོས་གྲུབ་འགྱུར་མ་ཡིན།། རྣམ་པར་མི་རྟོག་ལམ་ལ་གནས།། ཐབས་དང་ཤེས་རབ་དོན་སྟོན་པའི།། མན་ངག་ལྡན་པ་འགའ་ཙམ་སྟེ།། ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་།། ས་སྟེང་གི་ནི་སློབ ་དཔོན་ཏེ།། ངེས་པར་ཡོངསུ་ཤེས་བྱས་ལ།། དངོས་གྲུབ་མཆོག་ནི་བདག་སྒྲུབ་ཕྱིར།། དེ་ནི་འབད་པས་བསྙེན་བསྐུར་བྱ།། གང་ཞིག་གིས་ནི་གཟི་བརྗིད་ཀྱིས།། ཁམས་གསུམ་བརྟན་དང་གཡོ་བཅས་པའི།། འབྱུང་པོ་ཀུན་གྱི་དགེ་ལེགས་དང་།། ་དཔག་མེད་བྱང་ཆུབ་བདེ་མཆོག་ཐོབ།། ལྟོས་པ་མེད་པར་ཐུགས་བརྩེ་བའི།། ཐུགས་རྗེའི་སྐུ་ཅན་དེ་ལ་ནི།། བསམ་ངན་རྒྱུ་ཡི་དྲི་བཅས་པའི།། སེམས་ཀྱིས་ཅི་ཕྱིར་འདུད་པར་བྱེད།། ཇི་སྲིད་འདོད་པ་རྙེད་བར་དུ།། ཀུན་ཏུ་ཕྱག་དང་བཀུར་སྟི་དང་།། ། ་འབད་དེ་ཚང་ལ་སོགས་པས་མཆོད།། བསྙེན་བཀུར་སྲི་ཞུ་བླ་མར་བྱེད།། སངས་རྒྱས་ཀུན་གྱི་ཡོན་ཏན་གནས།། རིན་ཆེན་དེ་ཉིད་ཐོབ་གྱུར་ནས།། སྡང་ལས་སྐྱོན་རྣམས་རྟོག་བྱེད་ཅིང་།། འདྲི་མེད་ཙམ་ཡང་བྱེད་མི་འགྱུར།། དེ་བཞིན་གཞན ་ཡང་ངན་པའི་བདག། བླ་མ་རྡོ་རྗེ་ཅན་བརྟེན་ནས།། ཅོ་འདྲི་བར་ནི་བྱེད་པའི་བདག། བསམ་ངན་རང་ལ་ཅོ་འདྲི་འམ།། དཀོན་མཆོག་གསུམ་གྱི་བསྐོར་དང་ནི།། བླ་མའི་ཕྱག་རྒྱ་འཕྲོག་པར་བྱེད།། རྣལ་འབྱོར་པོ་ཡི་དམ་ཆོས་ལ།། མ་སྤྱད་པས ་ན་དམོད་པར་བྱེད།། དམ་ཚིག་ངོ་མཚར་ཆེ་གྱུར་ལ།། རྟག་ཏུ་སྨོད་བྱེད་བློ་ལྡན་ལ།། ང་ཡང་ཤིན་ཏུ་སྐྲག་བྱེད་ཅེས།། དཔལ་ལྡན་རྡོ་རྗེ་མགོན་པོས་གསུངས།། བསྙེན་བཀུར་མེད་པར་མྱུར་བ་རུ།། བདག་ནི་རྗེསུ་བཟུང་འཚལ་བརྗོད།། སྡང་བའི ་སེམས་ཀྱིས་གཞན་བརྟེན་ཏེ།། ཁ་ཅིག་ཉེས་པ་སྒྲོགས་ལ་བརྩོན།། སངས་རྒྱས་དྲོན་དུ་མི་གཉེར་ཞིང་།། རྣལ་འབྱོར་པ་དང་སློབ་དཔོན་ཞེས།། བདག་ནི་ཅི་ནས་ཤེས་འགྱུར་བ།། དེ་ཙམ་ལ་ནི་ཞུགས་པ་ཡིན།། བརྒྱ་ལ་ཡེ་ཤེས ་རྙེད་འགྱུར་ན།། ཁེངས་པ་བླ་མ་ལས་སྡང་བར།། སྔགས་ཀྱི་རིམ་པ་ལས་འོངས་པ།། འདི་ནི་བདག་གིས་ཤེས་ཞེས་བརྗོད།། སླར་ལ་འབུལ་གྱི་ཡས་རང་བཟུང་།། དེ་ནས་བརྩམས་ཏེ་ཡས་ཀྱིས་ནི།། སློབ་མ་ང་མིན་སློབ་དཔོན་མིན།། ཁྲོ་བཅས ་སྨྲ་བ་གཞན་དག་ཡོད།། བླ་མ་སླུ་བའི་བསམ་པ་ཡི།། ཅོ་འདྲི་བྱེད་ཅིང་ཁྱད་བྱེད་པ།། ཚེ་འདི་བདེ་བ་ཡོད་མིན་ན།། དེ་དག་ཇི་ལྟར་འགྲུབ་པར་འགྱུར།། དེ་ལྟ་བུ་ཡི་སེམས་ཅན་གང་།། རང་གི་དོན་ལ་རྒྱབ་ཕྱོགས་ཡིན།། དེ་ནི་ངན་འགྲོ་ཀུན་སྣོད་དུ།། ་དཔལ་ལྡན་རྡོ་རྗེ་མགོན་པོས་གསུངས།། བདག་ཉིད་སུན་འབྱིན་བྱེད་པ་དེ།། དམྱལ་ལས་འགྲོ་བ་གཞན་ཡོད་མིན།། ཤིན་ཏུ་མི་ཟད་ལས་རྣམས་ཀྱིས།། སྡུག་བསྔལ་རྣམ་པ་མང་པོས་འཚེད།། དེ་བས་དམ་པ་དོན་གཉེར་བའི།། སྐྱེས་བུས ་དངོས་པོ་ཐམས་ཅད་ཀྱིས།། དཔག་མེད་འབྲས་བུ་རབ་སྟེར་བྱའི།། སློབ་དཔོན་ཀུན་ཏུ་བརྟེན་པར་བྱ།། བྱང་ཆུབ་ཏུ་ནི་ངེས་བྱས་པས།། ཕྲག་དོག་ང་རྒྱལ་སེར་སྣ་དང་།། དེ་བཞིན་གཡོ་དང་སྒྱུ་དང་ནི།། སྐྱོ་དུབ་འདུ་ཤེས་ཡོངས་སྤངས་ཏེ།། ་རྟག་ཏུ་ངུ་ཡི་སྤྱོད་པ་བཞིན།། མི་གཡོ་བ་ཡི་སེམས་ཀྱིས་ནི།། དངོས་གྲུབ་ཀུན་དོན་སྟེར་བའི་བླ།། འགྲོ་བའི་མགོན་པོ་བསྙེན་བཀུར་བྱ།། ཤིན་ཏུ་གུས་པས་དུས་གསུམ་དུ།། ཞབས་ལ་སྤྱི་བོས་ཕྱོག་བྱས་ཤིང་།། རང་གི་ལུས་ལའང ་ལྟོས་མེད་པར།། མཎྜལ་སྔོན་འགྲོ་མཆོད་པ་བྱ།། དེ་ནས་བླ་མའི་བཀའ་དྲིན་གྱིས།། དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི།། དེ་ཉིད་དམ་པ་བགེགས་མེད་པར།། སློབ་མ་ཡིས་ནི་ཐོབ་པར་འགྱུར།། རྟག་ཏུ་འོད་གསལ་དག་པ་སྟེ།། ་རྒྱལ་བའི་གནས་འགྱུར་བྱང་ཆུབ་སེམས།། གསལ་བ་ཆོས་ཀྱི་དབྱིངས་ཀྱི་དངོས།། ཕུན་ཚིགས་མ་ལུས་བྱེད་པར་འགྱུར།། མུན་པའི་ཚོགས་ནི་འཇོམས་བྱེད་པའི།། ཉི་མ་དང་ནི་ཉེ་བ་ཡི།། མེ་ཤེལ་གྱི་ནི་ནོར་བུ་ལས།། རབ་འབར་མེ་ལྕེ་འབྱུང ་པ་བཞིན།། སློབ་མེའི་སེམས་ནི་ནོར་བུ་ལ།། འགྲོ་བ་གཟིགས་པ་ཉེར་འགྱུར་ན།། དྲི་མ་འཇོམས་བྱེད་རྣལ་འབྱོར་གྱི།། མེ་ལྷོ་རྣོ་འབར་དེ་བཞིན་ནོ།། དཔལ་ལྡན་དེ་ཉིད་རིན་ཆེན་ནི།། རབ་ཏུ་རྟོགས་པས་འབར་རྗེས་ལ།། ཕྱོགས་བཅུན་བཞུགས ་སངས་རྒྱས་རྣམས།། ཐུགས་རྗེས་ཐུགས་ནི་འཕངས་ནས་སུ།། མྱུར་དུ་བྱིན་ནས་སློབ་མ་ནི།། སངས་རྒྱས་བྱིན་རླག་། དོན་མི་ཟ།། སངས་རྒྱས་ཀུན་གྱིས་བྱིན་རླབས་པས།། སངས་རྒྱས་ཀུན་གྱི་རང་བཞིན་འགྱུར།། བརྟན་པས་གཡོ་དང་ཟིལ ་དང་ང་རྒྱལ་སྒྲིབ་པ་ཐམས་ཅད་ཡོང་སུ་སྤངས་ནས་ནི།། མན་ངག་ལྡན་པའི་བླ་མ་མཚུངས་པ་མེད་པ་དད་པས་འདིར་ནི་བསྟེན་པར་བྱ།། ངེས་དེ་ངེས་པར་རྒྱལ་བའི་ཡོན་ཏན་གཏེར་འགྱུར་དེ་ཉིད་རིན་ཆེན་རྙེད་གྱུར་ནས།། བདེ་གཤེགས་ཀུན ་ཀྱིས་བརྙེས་པའི་བྱང་ཆུབ་མཆོག་ནི་འཐོབ་པར་འགྱུར།། དེ་དག་ནི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པའི་སྒྲུབ་པཾ་ལས་རྡོ་རྗེ་སློབ་དཔོན་བསྙེན་བཀུར་ངེས་པར་བརྟན་པའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། རྡོ་རྗེ་སེམས་པ ་གནས་འདོད་པའི།། སྒྲུབ་པ་པོ་ལ་ཕན་གདགས་ཕྱིར།། དབང་བསྐུར་སྲིད་གསུམ་ཕུན་ཚོགས་གནས།། དེ་ནས་འདི་ལ་ཡང་དག་བཤད།། བདེ་གཤེགས་གནས་ཀྱི་དཀྱིལ་འཁོར་དུ།། རྒྱུད་ཀྱི་ལམ་གྱི་རྗེས་འབྲངས ་ནས།། མཁས་པས་གང་ཚེ་དབང་བསྐུར་ན།། སངས་རྒྱས་ཐམས་ཅད་མངོན་སུམ་ཡིན།། དཔག་མེད་འཇིག་རྟེན་ཁམས་དབང་ཕྱུག། བདག་བྱིན་བརླབ་པའི་དབང་ཐོབ་པ།། དམ་ཚིག་ཉམས་ཀྱི་འཇིགས་པས་ནི།། བློ་ལྡན་དེ་དག་གིས་ཀྱང ་འཛིན།། སངས་རྒྱས་རྣམས་ཀྱིས་དོན་དམ་དུ།། སྔགས་ཀྱི་ལམ་ལས་དེ་བཞིན་གསུངས།། རྡོ་རྗེ་སེམས་དཔའ་ལ་སོགས་ལྷོའི།། དམ་ཚིག་ཤིན་ཏུ་འདའ་དཀའ་བའི།། སྔགས་ཀྱི་ལམ་དུ་དེ་བཞིན་གསུངས།། དེ་བས་དོན་ཀུན་ལ ་འབད་པས།། དབང་བསྐུར་དོན་གཉེར་རྒྱལ་བདག་སྲས།། རྡོ་རྗེ་སློབ་དཔོན་ཡོན་ཏན་མཚོ།། ཇི་ལྟར་རིག་པས་བསྙེན་པར་བྱ།། གཟུགས་དང་ལུང་ཚོ་ཕུན་སུམ་ཚོགས།། མིག་བཟང་ཕྱག་རྒྱ་རྙེད་ནུས་ནི།། གོས་དང་ཙན་དན་ཕྲེང ་སོགས་ཀྱིས།། རབ་ཏུ་བརྒྱན་ཏེ་དབུལ་བར་བྱ།། དྲི་དང་ཕྲེང་སོགས་བསྙེན་བཀུར་དང་།། ཆང་དང་སྟོན་མོ་རྒྱ་ཆེན་དང་།། ཕྱག་རྒྱར་བཅས་པའི་གཙོ་བོས་ནི།། གུས་པས་འབད་དེ་ཡང་དག་མཆོད།། སློབ་མས་དད་པས་པུས་ལྷ་ང་།། ་ས་ལ་ལེགས་པར་བཙུགས་ནས་ནི།། ཐལ་སྦྱོར་བཅས་པའི་བསྟོད་པ་འདིས།། སྟོན་པ་ལ་ནི་གསོལ་གང་བ་བྱ།། རྣམ་རྟོག་ཐམས་ཅད་སྤངས་པ་ཡ།། སྟོང་ཉིད་སྙིང་པོ་བསྟོད་ཕྱག་འཚལ།། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན།། ཡེ་ཤེས ་སྐུ་ཁྱོད་ཕྱག་འཚལ་ལ།། འགྲོ་བའི་མི་ཤེས་གཅོད་པ་པོ།། བདག་དོན་དེ་ཉིད་སྟོན་མཛད་པ།། ཆོས་བདག་མེད་ལས་ཡང་དག་བྱུང་།། རྡོ་རྗེ་སེམས་ཁྱོད་ལ་ཕྱག་འཚལ།། སངས་རྒྱས་བྱང་ཆུབ་སེམས་རྣམས་དང་།། ས་དང་ཕ་རོལ་ཕྱིན་ཡོན ་ཏ་ནི།། རྟོག་ཏུ་མགོན་པོ་ཁྱོད་ལས་བྱུང་།། བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ།། དཀོན་མཆོག་གསུམ་དང་ཐེག་ཆེན་གྱི།། དེ་ཉིད་བརྟན་དང་གཡོ་བཅས་པ།། ཁམས་གསུམ་འདི་དག་ཐམས་ཅད་ཀྱི།། འགྲོ་བའི་ས་བོན་ཁྱོད་ལ་འདུད།། འགྲོ་དོན ་སྣ་ཚོགས་གྲུབ་པའི་ཕྱིར།། ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་།། དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད།། སངས་རྒྱས་སྲས་པོ་ཁྱོད་ལ་འདུད།། ཡོན་ཏན་རྒྱ་མཚོ་བཀའ་དྲིན་གྱི།། དེ་ཉིད་བླ་མེད་ཤེས་པར་འཚལ།། ཀུན་མཁྱེན་ཡེ་ཤེས ་དབང་བསྐུར་བ།། ད་ལྟར་བཀའ་དྲིན་མཛད་དུ་གསོལ།། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཡི།། སངས་རྒྱས་ཀུན་གྱི་གསང་ཆེན་པོ།། རྡོ་རྗེ་ཆོས་ལ་བསྟན་པ་བཞིན།། དེ་རིང་མགོན་པོ་བཀའ་དྲིན་གསོལ།། ཁྱོད་ཞབས་པདྨ་སྤངས་ནས་ནི།། བདག་ལ་གཞན ་ནི་སྐྱབས་མ་མཆིས།། འཁོར་བའི་དགྲ་ལས་རབ་རྒྱལ་བའི།། མགོན་པོས་དེ་ཕྱིར་བརྩེ་བར་མཛོད།། དེ་ནས་དཔལ་ལྡན་སློབ་དཔོན་ནི།། ཕན་པའི་བསམ་པས་རྗེས་བརྩེ་བས།། སྙིང་རྗེ་སློབ་མ་ལ་བསྐྱེད་དེ།། འདོད་པའི་ཡོན་ཏན་ལྔས་གང་བའི།། ་དྲིལོ་བུ་སིལ་སྤྱན་སྒྲ་དང་བཅས།། བླ་རཾ་འབར་བ་བྲེས་པ་རུ།། མེ་ཏོག་བདུག་པ་ཉམས་དགའ་འཁྲིགས།། ཕྲེང་བ་དྲི་ཞིམ་མཆོག་ཏུ་བདེ།། རྡོ་རྗེ་སེམས་དཔའ་ལན་གྱི་ལྷ།། རྣལ་འབྱོར་མ་ནི་རྣལ་འབྱོར་ལྡན།། མཆོག་ཏུ་རྨད་བྱུང་གནས་གྱུར་པའི། ་ཚོགས་ཀྱི་འཁོར་ལོར་བཀུགས་ནས་ནི།། དེ་ནས་སློབ་དཔོན་བསྐལ་བཟངས་ཀྱིས།། ཕྱག་རྒྱ་དང་ནི་སྦྱར་བྱས་ཏེ།། རྒྱལ་བའི་གནས་གྱུར་བྱང་ཆུབ་སེམས།། པདྨའི་སྣོད་དུ་བཞག་ནས་ནི།། བཀྲ་ཤིས་གླུ་ཡི་ཚིགས་བཅད ་དང་། གདུགས་དང་རྔ་ཡབ་རྒྱལ་མཚན་བཅས།། ཕྱག་རྒྱར་ལྡན་པས་སློབ་མ་ནི།། འགྲོ་བའི་གཙོ་བོར་དབང་བསྐུར་བྱ།། སློབ་དཔོན་དབང་ཕྱུག་མཆོག་གིས་ནི།། དབང་བསྐུར་རིན་ཆེན་བྱིན་ནས་སུ།། རང་བཞིན་གསལ་ཞིང་མངོན་སྦྱངས་པ།། ་དམ་ཚིག་ཉམས་དགའ་སྦྱིན་པར་བྱ།། རིན་ཆེན་ཆེན་པོ་ག་བུར་བཅས།། ཙན་ངན་དམར་པོ་སྦྱར་བ་དང་།། རྡོ་རྗེ་ཡི་ནི་ཆུ་དང་བཅས།། ལྔ་པ་དག་ལས་ཡང་དག་བྱུང་།། འདི་ནི་བུ་ཁྱོད་དམ་ཚིག་སྟེ།། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས།། ་བཟང་པོས་རྟག་ཏུ་བསྐྱང་བར་བྱོས།། དེ་ནི་སྟོན་པ་མཉན་པར་གྱིས།། སྲོག་ཆགས་གསད་པར་མི་བྱ་ཞིང་།། བུད་མེད་རིན་ཆེན་སྤང་མི་བྱ།། ཁྱོད་ཀྱི་སློབ་དཔོན་ཡོང་མི་སྤང་།། སྡོམ་པ་ཤིན་ཏུ་འདའ་དཀའ་བའོ།། བྱང་ཆུབ་སེམས་ཀྱི་དབང་བསྐུར ་བས།། སློབ་མ་སྡིག་དང་བྲལ་བར་འགྱུར།། སངས་རྒྱས་སྲས་མཆོག་དེ་ལ་ནི།། རྗེས་སུ་གནང་བ་དེ་ནས་སྦྱིན།། བྱང་ཆུབ་སྙིང་པོའི་མཐར་ཐུག་པར།། ཕྱོགས་ཀྱི་འཁོར་ལོ་ཀུན་ཏུ་ནི།། ཆོས་ཀྱི་འཁོར་ལོ་བླ་མེད་པ།། སེམས་ཅན་མཆོག་གིས ་བསྐོར་བ་གྱིས།། ཤེས་རབ་ཐབས་ཀྱི་རང་བཞིན་བདག། ཡིད་བཞིན་ནོར་ལྟར་རྒྱ་ཆེ་བ།། ཆགས་དང་བྲལ་ཞིང་མི་སྐྱོ་བས།། ད་ནི་སེམས་ཅན་རྣམས་དོན་གྱིས།། རྗེས་གནང་བཅས་པའི་དབང་བསྐུར་ཐོབ།། བྱ་བ་བྱས་ཤིང་རབ་དགའ་བས།། ་འགྲོ་ཀུན་དགའ་བར་བྱེད་པ་ཡི།། འཇམ་པའི་ཚིག་ནི་བརྗོད་པར་བྱ།། དེ་རིང་བདག་གསོན་འབྲས་བུ་ཡོད།། དེ་རིང་སྐྱེ་བ་འབྲས་བུ་ཡོད།། དེ་རིང་སངས་རྒྱས་རིགསུ་སྐྱེས།། དེ་རིང་སངས་རྒྱས་སྲས་པོར་གྱུར།། སྐྱེ་ལ་སོགས་པའི་རྦ་རླབས་དང་།། ཉོན ་མོངས་འདམ་ནི་རྒལ་དཀའ་བའི།། རྟོག་པའི་རྒྱ་མཚོ་འཇིགས་ཆེན་ལས།། མགོན་པོས་དེ་རིང་བདག་བསྒྲལ་ཏོ།། ཁྱོད་ཞབས་བཀའ་དྲིན་ཤེས་ནས་སུ།། བྱང་ཆུབ་གང་གིས་བདག་འཚལ་བའི།། བག་ཆགས་ཐམས་ཅད་སྤངས་ནས་སུ།། རྫོགས་པའི་བཞིན ་དུ་བདག་འགྱུར་རོ།། མིག་མངངས་འཛུམ་དང་བཅས་པ་ཡི།། གུས་པས་ཞབས་ལ་བཏུང་ནས་སུ།། འཛིན་པ་མེད་པའི་སེམས་ཀྱིས་ནི།། རྫས་ནི་གང་དང་གང་བཞེད་པ།། དེ་དང་དེ་ནི་དབུལ་བར་བྱ།། བླ་མ་ཐུགས་རྗེ་ཅན་གྱིས་ཀྱང་།། སློབ་མའི་འཛིན་པ ་སྤངས་པའི་ཕྱིར།། དེ་ལ་ཕན་ཕྱིར་བླང་བར་བྱ།། བླ་མའི་ཡོན་ནི་ཕུལ་ནས་སུ།། དེ་ནས་མཆོད་དེ་ཕྱག་བྱས་ལ།། མངོན་པར་འདོད་པའི་གནས་ཐོབ་ནས།། སླར་ཡང་འདིར་ཡི་མཁྱེན་པར་གསོལ།། དེ་རིང་སངས་རྒྱས་མཆོག་ཁྱོད་ཀྱིས།། བཀའ་དྲིན་བདག ་གིས་ཐོབ་པར་འགྱུར།། དེ་མཐུས་བླ་མེད་བྱང་ཆུབ་ནི།། ཇི་བཞིན་བདག་གིས་སྒྲུབ་པར་བགྱི།། མཆོག་ཀུན་གྱིས་ནི་མཆོད་པའི་གནས།། བླ་མེད་བྱང་ཆུབ་ཐོབ་ནས་ནི།། སྲིད་གསུམ་གནས་པའི་སེམས་ཅན་གནས།། དེ་ཉིད་ལ་ནི་དགོད་པར་བགྱི།། ཆོ་ག་འདི ་དག་ཉིད་ཀྱི་དབང་བསྐུར་བྱིན་ནས་ནི།། སློབ་མའི་ལྷག་པར་མོས་པའི་ཡིད་ཀྱིས་བརྟག་བྱས་ལ།། ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་ན་ནི།། ཚིག་གི་རིན་ཆེན་དབང་བསྐུར་སྦྱིན་པར་བྱ།། དབང་བསྐུར་མཆོག་ནི་མ་ལུས་ཐོབ་པར་གྱུར་པ་དེ།། རྡོ་རྗེ་མཆོག་འཛིན ་རྙེད་དཀའ་མཚུངས་པ་མེད་པའི་གནས།། ལོངས་སྤྱོད་རྫོགས་པ་དང་ནི་དཔལ་གྱི་ཞིང་གྱུར་པ།། བྱང་ཆུབ་སེམས་ཆེན་དབང་བསྐུར་བླང་བར་བྱ།། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་སྒྲུབ་པ་ལས། བྱང་ཆུབ་སེམས་ཀྱི་དབང་བསྐུར ་བ་ངེས་པར་བསྟན་པ་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། ། གཞན་དྲོན་ལ་ཕན་བརྩོན་འགྲུས་ཅན།། སྒྲུབ་པ་པོ་ལ་ཕན་པའི་ཕྱིར།། ཤེས་རབ་ཐབས་ཀྱི་བསྒོམ་པ་མཆོག། དེ་ནས་འདི་ལས་གསལ་བཤད་བྱ།། གང་ཞིག་བསྒོམས་པས་འཁོར་བ་ཡི།། ་འཇིགས་རུང་རྒལ་དཀའི་རྒྱ་མཚོ་མིན།། རང་དོན་ཙམ་གྱིས་མྱ་ངན་འདས།། དེར་ཡང་རྣལ་འབྱོར་པ་མི་གནས།། གང་ཞིག་རབ་ཀྱི་མཐར་ཕྱིན་པས།། དྲི་མེད་རྨད་བྱུང་སངས་རྒྱས་ཉིད།། འཕེལ་དང་འགྲིབ་ལས་རྣམ་གྲོལ་བའི།། བླ་མེད་བྱང་ཆུབ་སྐྱེ་འགྱུར་བའོ།། ་ཕུང་པོ་ལྔ་ལ་སོགས་ཆོས་རྣམས།། གང་ཡང་དོར་བར་བྱ་མིན་ཞིང་།། ནམ་ཡང་གཟུང་བར་བྱ་བའང་མིན།། ཆོས་ཀུན་མི་མཉམ་མཉམ་པ་ཉིད།། སྟོང་ཉིད་སྒོམ་པར་བྱ་མིན་ལ།། སྟོང་ཉིད་མིན་པའང་མི་སྒོམ་མོ།། སྟོང་ཉིད་རྣལ་འབྱོར་པས་མི་གཏང་།། ་སྟོང་ཉིད་མིན་པའང་ཡོངས་མི་བཏང་།། སྟོང་ཉིད་སྟོང་མིན་ཉིད་འཛིན་པ།། རྟོག་པ་རབ་རྒྱས་སྐྱེ་བར་འགྱུར།། ཡོངས་སུ་བཏང་བའང་རྟོག་པ་སྟེ།། དེ་བས་དེ་གཉིས་ཡོངསུ་སྤངས།། འཛིན་པ་གཉིས་ཀ་ཡོངས་བཏང་ན།། ཚོགས་བྲལ་རྣམ་པར ་གྲོལ་བའི་གནས།། དེ་དང་འབྲེལ་བདག་ཅེས་པ་ཡང་།། ཀུན་རྟོག་དེ་ཕྱིར་དེ་གཉིས་སྤངས།། ཆགས་པ་མེད་ཅིང་འགྱུར་བ་མེད།། སྡིག་པ་དང་བྲལ་མངོན་ཞེན་མེད།། ཐོག་མ་ཐ་མའི་རྟོག་ལས་གྲོལ།། མཁས་པས་ན་མཁའ་ལྟ་བུར་བསྒོམ།། སྙིང་རྗེ ་ལྡན་པས་སེམས་ཅན་ལ།། རྒྱབ་ཀྱིས་ཕྱོགས་པར་མི་བྱའོ།། སེམྦྷས་ཅནྡྲ་ཡོད་དང་མྱེད་ཅེས་པར།། རྣམ་རྟོག་ཉིད་ནི་མི་བྱའོ།། སྤྲོས་པ་མེད་པའི་རང་བཞིན་གང་།། ཤེས་རབ་ཅེས་བྱར་རབ་ཏུ་གྲགས།། ཡིད་བཞིན་ནོར་བུ་ཇི་བཞིན་དུ།། མ་ལུས་འགྲོ ་དོན་བྱེད་སྙིང་རྗེ།། མི་དམིགས་གནས་ཀྱིས་ཤེས་རབ་དང་།། མི་དམིགས་སྙིང་རྗེ་ཆེན་པོ་སྟེ།། ན་མཁའ་ལ་ནི་ན་མཁའ་བཞིན།། བློ་ལྡན་ལྷན་ཅིག་གཉི་སུ་མེད།། གང་ནའང་བསྒོམ་པ་པོ་མེད་ཅིང་།། རྣམ་པར་བསྒོམ་པའང་ཅི་ཡང་མེད།། བསྒོམ་བྱ་ཉིད་ཀྱང ་ཡོད་མིན་པ།། དེ་ནི་དེ་ཉིད་བསྒོམ་པརྭ་བཤད།། བྱ་བའང་ཅུང་ཟད་ཡོད་མིན་ལ།། དཔྱད་པར་བྱ་བ་ཉིད་ཀྱང་མེད།། བྱེད་པོ་དཔྱོད་པ་ལས་གྲོལ་བ།། དོན་དམ་རྣམ་པར་བསྒོམ་པ་ཡིན།། གཏོང་བར་བྱེད་པའང་ཡོད་མིན་ཞིང་།། འགོག་པར་བྱེད་པའོང་ཅི་ཡང ་མེད།། དེས་ན་དོར་བར་བྱ་མེད་ཅིང་།། འདི་ལ་བླང་བྱ་གང་ཡང་མེད།། གཟུགས་རྣམས་ཀུན་ཏུ་བལྟ་བ་དང་།། དེ་བཞིན་སྒྲ་རྣམས་ཉན་པ་དང་།། རྒོད་དང་རྩེད་མོ་བྱེད་པ་དང་།། རོ་རྣམས་སྣ་ཚོགས་མྱང་བ་དང་།། ལས་རྣམས་ཐམས་ཅད་བྱེད་པ་ནི།། སེམས་ནི ་མི་གཡོ་གནས་བྱས་ནས།། དེ་ཉིད་རིག་པའི་རྣལ་འབྱོར་པའི།། རྣལ་འབྱོར་རྒྱུན་ཏུ་སྐྱེ་བར་འགྱུར།། དེ་ཉིད་གཉིས་མེད་བརྟན་པ་སྟེ།། བྱང་ཆུབ་སེམས་མཆོག་འདི་ཡིན་ནོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་།། རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཉིད།། ཕ་རོལ ་ཕྱིན་པ་ཀུན་དངོས་ཀྱི།། ཤེས་རབ་ཕ་རོལ་ཕྱིན་འདི་ཉིད།། འདི་ནི་མཉམོ་ཉིད་བརྗོད་པ་སྟེ།། སངས་རྒྱས་ཀུན་གྱི་བསྒོམ་པའི་མཆོག། བྱང་ཆུབ་སེམས་དཔའ་མཐའ་ཡས་དང་།། རྫོགས་སངས་རྒྱས་དང་ཉན་ཐོས་སོགས།། བརྟན་དང་གཡོ་བའི་བངས ་ཉིད་ཀྱི།། འགྲོ་བ་ཐམས་འདི་ལས་སྐྱེས།། དངོས་དང་དངོས་མྱེད་དང་བྲལ་བའི།། རྣལ་འབྱོར་པས་ནི་དེ་ཉིད་བསྒོམ།། དངོས་དང་དངོས་མེད་ལས་གྲོལ་བ།། བསྒོམ་པས་མྱུར་དུ་འགྲུབ་པར་འགྱུར།། ཉེས་པ་མ་ལུས་དང་བྲལ་བྱེང་།། ་ངེས་པར་སྡུག་བསྔལ་ལྡོག་འགྱུར་ན།། དཔལ་ལྡན་པདེ་གཤེགས་ཡོན་ཏན་ནཱི།། མཐའ་ཡས་དེ་ལས་འབྱུང་བར་འགྱུར།། ཀུན་རྟོག་མུན་པ་སྡུག་བསྔལ་བ།། སྟུག་པོས་མངོན་པར་ཟིལ་གེནོན་ཅིང་།། འདོད་ཚིགས་ལ་སོགས་བཟློག་བཀའི་དྲི ་མས་གཡོགས་གྱུར་པའི།། རབ་ཏུ་འཐོར་རླུང་གིས་བསྐྱོད་གྲོགས་ལྟར་གཡོ་བ་ཡི།། སེམས་ནི་འཁོར་བ་ཡིན་པར་རྡོ་རྗེ་ཅན་གྱིས་གསུངས།། རྟོག་པ་ལས་ནི་རྣམ་པར་གྲོལ་ཞིང་འོད་གསལ་བ།། འདོད་ཆགས་ལ་སོགས་དྲི་མའི་སྒྲིབ་གཡོགས་རབ་ཏུ ་སྤངས།། བཟུང་བ་དང་ནི་འཛིན་པ་མེད་ན་དེ་ཉིད་ནི།། མྱ་ངན་འདས་པའི་དོན་དུ་སེམས་ཅན་མཆོག་གིས་གསུངས།། དེ་བས་སྡུག་བསྔལ་མང་པོ་ཚོགས་ཀྱི་རྒྱུར་གྱུར་པ།། འདི་ལས་གཞན་པ་གང་ཡང་ཡོད་པ་མ་ཡིན་ལ།། ཐར་འདོད་འཕགས་པ ་ཁྱེད་ཀྱི་བདེ་བ་དཔག་མེད་པ།། སྐྱེ་བའི་རྒྱུར་ཡང་འདི་ལས་གཞན་པ་གང་ཡང་མེད།། སྡུག་བསྔལ་མ་ལུས་ཟད་བྱའི་གོ་ཆ་བགོས་ནས་ནི།། རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་པར་འདོད་པ་ཡི།། སེམས་ནི་བརྟན་བྱས་དེ་ལ་འབད་དེ་དུ་པྱད་བྱས ་ལ། དེ་ཡི་རང་བཞིན་བདག་གི་རང་བཞིན་ཉིད་དུ་བྱ།། སྐྱེ་ལྡན་རྣམས་ཀྱི་ཡིད་འདི་ཇི་སྲིད་རྟོག་པའི་མུན་པ་སྣམ་བུ་འཐུག་པོས་དཀྲིས་གྱུར་པ།། དེ་སྲིད་སྡུག་བསྔལ་དཔག་ཏུ་མེད་ཡིན་དེ་ནས་དེ་ནི་ཇི་སྲིད་བཤུས་པར་གྱུར་པ་ན།། དེ་སྲིད་བདེ་བ་རྒྱ་ཆེན ་མཚུངས་མེད་ཡིན་པས་འཕགས་མཆོག་དེ་ལ་ནན་ཏན་གྱིས་ཤིག་དང་།། དེ་ཟད་ནས་ནི་དེ་ཉིད་ལ་གནས་ཡོན་ཏན་རྒྱས་པ་རང་ཉིད་ཀྱིས་ནི་སྣང་བར་འགྱུར།། དེ་དག་ནི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པའི་སྒྲུབ་པ་ལས་དེ་ཁོ་ན་ཉིད ་བསྒོམ་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །། ཆོས་ཀུན་མཉམ་ཉིད་རྨད་འབྱུང་བ།། དེ་ཉིད་སྤྱོད་པ་བླ་ན་མེད།། རྣམ་རྟོག་དགྲ་རྣམས་གསོད་བྱེད་པ།། ཤེས་རབ་ཕ་རོལ་ཕྱིན་པ་གཞན་རྫོགས་སངས་རྒྱས་ལ་གནས་པའི།། སངས་རྒྱས་ལ ་ཕན་བྱའི་ཕྱིར།། དེ་ཉིད་ཡན་ལག་མེད་རྡོ་རྗེས།། དེ་ནས་འདི་ལས་གསལ་བཤད་བྱ།། རྒ་བ་ལ་སོགས་རྦ་རླབས་འཁྲིགས།། སྐྱེ་བའི་རྒྱ་མཚོར་ཆེར་འཇིགས་ལས།། འབྱུང་པོ་ཐམས་ཅད་སྒྲོལ་བའི་གྲུ།། ཉོས་མེད་པར་ནི་འགྲོ་བའི་གྲུ། ཡིད་འོང་ཡོན་ཏན ་ཀུན་གྱི་གནས།། མྱུར་དུ་དངོས་གྲུབ་བཟང་པོ་བྱེད།། འདོད་པའི་དོན་ཀུན་རབ་སྒྲུབ་པོ།། ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་།། མ་ལུས་པ་ཡི་སངས་རྒྱས་རྣམས་ཀྱི་ཡོན་ཏན་རྒྱུར་འགྱུར་རྡོ་རྗེ་འཛིན་པས་རབ་ཏུ་བསྔགས་པ་སྟེ།། འདི་མ་གཏོགས་པར ་དངོས་གྲུབ་སྐྱེ་བར་འགྱུར་བ་མིན།། དེ་ཕྱིར་ཐར་པ་འདོད་པས་སྤྱོད་པ་མཉམ་མེད་འདི་སྤྱད་བྱ།། ལྷ་མིན་སྒྲ་དང་བརྒྱ་བྱིན་གྲོང་ཁྱེར་གསུམ་དགྲ་ནོར་སྦྱིན་ཚངས་སོགས་རྣཾས་ཀྱི་ཞབ་ཀྱི་པདྨར་མཆོད་བྱས་པ།། བདེ་བར་གཤེགས་པའི་གོ་འཕངས་མཆོག་ནི ་མྱུར་དུ་ཐོབ་བྱེད་སྡིག་པ་ཟད་བྱེད་འདི་ནི་མཁས་པས་སྤྱད་པར་བྱ།། དཔལ་རྡོ་རྗེ་སེམས་དཔས་འགྲོ་ལ་ཕན་ཕྱིར་ཡང་དག་སྤྱོད་པ་འདི་གསུངས་ཏེ།། སྣ་ཚོགས་གཞན་དག་མ་ལུས་གདུལ་བྱའི་སྐྱེ་བོ་དུ་མའི་དབང་དུ་བྱས་ནས་ནི།། ཇི་སྐད་གསུངས ་པའི་སྤྱོད་པ་སྣ་ཚོགས་བླ་མེད་དངོས་གྲུབ་མ་ལུས་རབ་སྒྲུབ་མིན།། ཀུན་བཟང་མཚུངས་མེད་སྤྱོད་པ་འདི་ལས་འགྲུབ་འགྱུར་བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན།། མགོན་ལ་ཀུན་ནས་ཕྱག་བྱས་ལ།། @། ་བ་བྱས་པའི་བློ་ཅན་གྱིས།། གསང་བའི་སྤྱོད་པ་བརྟེན་པར་བྱ།། དེ་ནས་རང་འདོད་ངེས་བྱས་ལ།། འདུ་འཛི་ཀུན་ལ་རྒྱུ་བ་ཕྱོགས་ཏེ།། སེང་གེའི་བདག་ཉིད་ཀུན་རྒྱུ་བ།། དེ་ཉིད་ལྡན་པས་སྤྱད་པར་བྱ།། འགྲོ་བ་འདོན་པའི་བསམ་པ་ཡིས།། ཇི་བཞིན་ཡང་དག་དོན ་རིག་པས།། ཡང་དག་ལྡན་པས་འཇུག་པ་བདག། གནས་མེད་སེམས་ནི་བརྟན་པར་བྱ།། ཁམས་གསུམ་འདི་དག་དེ་ཉིད་དེ།། ཕུང་པོ་ཁམས་ལ་སོགས་མཚན་ཉིད།། ཐམས་ཅད་སྒྱུ་མོ་རྨི་ལམ་བཞིན།། མདོར་བསྡུས་འདི་ལྟར་ཤེས་བྱས་ལས།། འགྱོད་དང ་རྨུགས་དང་གཉིད་ལ་སོགས།། ལོངས་སྤྱོད་རྒྱ་ཆེན་འདུ་འཛི་དང་།། དེ་བཞིན་འཇིག་རྟེན་ཆོས་བརྒྱད་པོ།། ཤིན་ཏུ་ཐག་རིང་སྤང་བར་བྱ།། གཉིས་མེད་ངེས་པར་བྱས་ནས་ནི།། རྟག་ཏུ་གཡོ་བ་མེད་པ་ཡིས།། ཕ་རོལ་ཕྱིན་དྲུག་སྦྱོར་བ་ནི།། སངས་རྒྱས་དངོས་གྲུབ ་སྒྲུབ་པར་བྱ།། སེམས་ཅན་རྣམ་པར་མི་རྟོག་བཞིན།། སེམས་ཅན་དོན་ལ་ཤིན་ཏུ་ཆགས།། སེམས་ནི་བྱང་ཆུབ་ངེས་བྱས་ལ།། དེ་ཉིད་སྤྱོད་པ་ལ་བརྟེན་བྱ།། ཤེས་རབ་ཐབས་སུ་ལྡན་པ་ཡིས།། ཆགས་པ་ཀུན་ལ་རྒྱབ་བརྟན་ཏེ།། དེ་ཉིད་གོམས་པ་ལ་འབང ་པསཿཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། བདག་བྱིན་བརླབ་པར་རབ་གསལ་བས།། སེམས་ནི་ཇི་ལྟར་རྗེས་མཐུན་པར།། སྔགས་ཀྱི་ལམ་ལས་རབ་བཤད་པའི།། དམ་ཚིག་དག་ནི་ཀུན་སྤྱད་བྱ།། བགེགས་དང་བདུད་ཚོགས་ཞི་བྱའི་ཕྱིར།། བདུད་རྩི་ལྔ ་བོ་བྱིན་གྱིས་བརླབས།། བཤང་གཅི་ལ་སོགས་རྣམས་གནས་པ།། འདི་ནི་བསྲུང་བ་བླ་མེད་ཡིན།། རིམས་ངང་དུག་དང་དབྱིག་དུག་ནང་།། མཁའ་འགྲོ་མ་དང་གདོན་གྱི་འཚེ།། བདུད་དང་ལོག་འདྲེན་ཉིད་དག་ནི།། འདི་ཡི་རབ་ཏུ་ཞི་བར་འགྱུར།། མི་དང་རྔ་མོ་ལས་བྱུང་དང་།། ་རྟ་དང་གླང་པོ་ལས་བྱུང་བ།། ལྔ་པ་ཁྱི་ལས་བྱུང་བ་སྟེ།། སྒྲོན་མ་ཤེས་རབ་ཅན་གྱི་བཟའ།། སེམས་ནི་དགའ་བར་བྱེད་པ་ཡི།། དམ་ཚིག་ཆེན་པོ་གཞན་དག་ཀྱང་།། རླུང་ནི་འཁྲུག་པ་ཞི་བྱའི་ཕྱིར།། ཐུགས་ཀྱི་རྡོ་རྗེ་ཅན་མཉེས་བྱ།། ཐམས་ཅད་དུ་ནི་ཐར་འདོད་པས།། ཤེས་རབ ་ཕ་རོལ་ཕྱིན་བརྟེན་བྱ།། དམ་པའི་དོན་དུ་གང་གནས་པ།། ཀུན་རྫོབ་དག་པའི་ལུས་བཟུང་ནས།། བུད་མེད་མཛེས་པའི་གཟུགས་ཀྱིས་ནི།། ཐམས་ཅད་དུ་ནི་ཀུན་ཏུ་གནས།། དེ་བས་ཕྱི་རོལ་དོན་ལས་བྱུང་།། རྡོ་རྗེ་མགོན་པོས་དོན་དེ་གསུངས།། བྲམ་ཟེ་རིགས་སོགས། ་ལས་བྱུང་དང་།། མཐའ་ལས་སྐྱེས་དང་ཕྱག་རྒྱ་དང་།། གཞན་གྱི་ཆུང་མ་ཚུལ་ཉམས་དང་།། དམན་དང་ཆ་ལུགས་མི་སྡུག་དང་།། སྐྱེད་མ་དང་ནི་སྒྱུག་མོ་དང་།། རང་གི་བུ་མོ་སྲིང་མོ་དག། དེ་ཉིད་སྦྱོར་བས་དོན་སྤྱོད་ན།། སྒྲུབ་པོ་མྱུར་དུ་འགྲུབ་པར་འགྱུར།། ་སེམས་ནི་ཚིམ་པར་བྱེད་པ་ཡི།། གླིང་བུ་སོགས་ལས་བྱུང་བ་མཉན།། ཕྱི་རོལ་ཕྱག་རྒྱ་ཀ་ར་ན།། རོ་ནི་སྣ་ཚོགས་ཚིམ་བྱེད་བྱ།། རང་གི་ལྷ་ཡི་སྦྱོར་བ་ཡིས།། འདོད་པའི་ཡོན་ཏན་མཆོག་རྣམས་ཀྱིས།། སེམས་ནི་རིན་ཆེན་དག་བྱའི་ཕྱིར།། རྟག་ཏུ་བདག་ཉིད ་མཆོད་པར་བྱ།། ཆུ་སྐྱེས་རྡོ་རྗེ་ཆུ་དང་ནི།། སྒྲོན་མའི་འོ་མ་རབ་རྒྱས་མཆོད།། ཕྲེང་དང་ཙན་དན་གོས་བཟང་སོགས།། སེམས་ནི་སྐྱོ་བ་མེད་པར་བྱ།། བགྲོད་དང་བགྲོད་མིན་སོགས་པ་ནི།། འདིར་ནི་ནམ་ཡང་བྱ་བ་མིན།། སྒྱུ་མ་ལྟ་བུ་སོགས་སྦྱོར་བས།། ་ཐམས་ཅད་ལ་ནི་ལོངས་སྤྱོད་བྱ།། ཆོས་ཀྱི་དབྱིངས་ལས་བྱུང་བས་ན།། མི་མཐུན་ཕྱོགས་ནི་གང་ཡང་མེད།། དོག་པ་མེད་པའི་སེམས་ཀྱིས་ནི།། ཇི་ལྟར་འདོད་བཞིན་རབ་སྤྱད་བྱ།། སྒྲུབ་པ་པོ་ལྔ་ཕན་གདགས་ཕྱིར།། ཁམས ་གསུམ་པ་ནི་མ་ལུས་པ།། འདི་དག་ཐམས་ཅད་ལོངས་སྤྱོད་ཕྱིར།། རྡོ་རྗེ་སེམས་དཔའ་སྤྲུལ་པ་ཡིན།། ཡེ་ཤེས་མཐའ་ཡས་རྙེད་པ་ཡི།། དེ་བཞིན་གཤེགས་ལའང་ཕྱག་མིན་ན།། རྟག་ཏུ་བསྒོམ་ལ་འགྲུས་པ་ཡིས།། ལུགས་མ་ལ་སོགས་སྨོས ་ཅི་དགོས།། དངོས་པོ་ཀུན་གྱི་རང་བཞིན་འདི།། བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།། དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན།། དེ་བས་བདག་ཉིད་ལྷ་ཡིན་ནོ།། སྦྱང་བ་དང་ནི་དཀྱིལ་འཁོར་འབྲི།། ཕྱག་རྒྱ་བཅིང་དང་མཆོད་རྟེན་ལས།། སྦྱིན་སྲེག་དང་ནི ་གསང་སྔགས་བཟློས།། པོ་ཏི་ཀློག་པ་ལ་སོགས་པ།། དཔལ་ལྡན་རྡོ་རྗེ་མགོན་པོ་ཡིས།། མོས་པའི་དབང་དུ་མཛད་ནས་ནི།། གཞན་དག་ལ་ནི་བཛིན་པ་སྟེ།། དེ་ཉིད་རིག་པའི་སེམས་ཀྱིས་མིན།། མར་སར་འདོད་པས་སྙིང་པོ་ནི།། བླངས་ཏེ་ད ་བ་འདོར་བར་བྱེད།། ད་ལྟར་ཆོས་ཀྱི་སྙིང་ཐོབ་པས།། རྟོག་པ་མ་ལུས་སྤང་བར་བྱ།། རྣམ་པར་མཱི་རྟོག་གླ་ནས་བློ་ཅན།། གནས་མིན་ངོགས་པ་སྤང་བྱས་ན།། ཐུགས་ཀྱི་རྡོ་རྗེ་བཀའ་བཞིན་དུ།། དེ་ནས་འགྲུབ་འགྱུར་ཐེ་ཚོམ་མེང་།། ཕྱག་རྒྱ་སྦྱོར་བ ་ཀུན་ཏུ་འཁྱུད།། རྡོ་རྗེ་བཅུག་སྟེ་བསྐྱོད་པ་དང་།། མ་མཆུའི་སྤང་མཆོག་བཏུང་བྱ་ཞིང་།། དེ་ཡི་མགྲིན་པའི་སྒྲ་གསལ་བ། བླང་ཞིང་དུལ་བས་ལོངས་སྤྱད་ན།། ངེས་པར་དགའ་བ་རྒྱ་ཆེན་གྱིས།། རྡོ་རྗེ་སེམས་དཔའ་འདོད་པའི་རྒྱའོ།། རིང་པོར་མི ་ཐོགས་འགྲུབ་པར་འགྱུར།། ཇི་ལྟར་ཡིད་འཁྲུགས་མི་འགྱུར་བས།། དེ་ལྟ་དེ་ལྟར་སྤྱད་པར་བྱ།། སེམས་ཀྱི་རང་བཞིན་འཁྲུགས་གྱུར་ན།། ནམ་ཡང་དངོས་གྲུབ་འགྱུར་མ་ཡིན།། དེ་བས་དངོས་གྲུབ་མཆོག་འདོད་པའི།། གྲུབ་པ་པོས་ནི་འཛིན་པ ་སྤྱད། སེམས་དང་རྗེས་འཐུན་སྦྱོར་བ་ཡིས།། དངུལ་ཆུ་བཟུང་བར་བསྒྲུབ་ཇི་བཞིན།། ཐབས་ཀྱི་གཞི་ཡི་སྦྱོར་བ་ཡིས།། དེ་བཞིན་སེམས་ཀྱི་དངུལ་ཆུ་བཟུང་།། སྦྱོར་བ་དག་ནི་གང་ཡིན་པ།། དེ་རུ་དེ་ཡི་གནས་པར་བྱ།། དུས་དང་གྲངས་ནི ་ཡོངས་སྤངས་ནས།། དེ་ཉིད་རིག་པས་འགྲུབ་པར་འགྱུར།། གཉིས་མེད་མཚུངས་པ་མེད་པ་གང་ཡིན་ཉིན་རེ་ཞིང་།། དེ་ཉིད་མཆོག་ནི་རྒྱུན་ཏུ་རྗེས་སུ་བསྟེན་པར་བྱ།། འདི་ཡི་དྲི་མ་མེད་ཅིང་རྡོ་རྗེ་ལྟ་བུ་དང་།། གྲིབ་མ་ལྟ་བུ་སྐུ་ནི་མཚུངས་མེད ་ཐོབ་པར་འགྱུར།། བློ་དང་ལྡན་པས་ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན།། མཆོག་གི་གོ་འུཕང་སྒྲུབ་པར་བྱ།། རང་བཞིན་གྱིས་ནི་དྲི་མ་མེད་པོར་རྣམ་འབྱེད་དོ།། འཇིག་རྟེན་གསུམ་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར།། ཉིན་རུར་བརྩོན ་འགྲུས་གོ་ཆ་ཆེན་པོ་བགོས་ནས་སུ།། དངོས་པོ་ཀུན་གྱི་རང་བཞིན་དཔལ་ལྡན་རྡོ་རྗེ་སེམས།། ཡོན་ཏན་མ་ལུས་པ་ཡི་གཏེར་གྱུར་བསྒོམ་པར་བྱ།། སེམས་ནི་བྱང་ཆུབ་ངོ་བོར་གཞིག་ནས་ཡུལ་གྱི་ནི།། བདེ་ལ་དགའ་བས་ཚེ་འདི་ཉིད་ལ ་འགྲུབ་པར་འགྱུར།། རང་བཞིན་གྱིས་ནི་མ་ལུས་འདི་དག་རྣམ་དག་སྟེ།། ཐ་མལ་ཡུལ་རྣམས་བདག་མེད་སྒྱུ་མ་ལྟ་བུ་དང་།། མིག་འཕྲུལ་དང་ནི་མིག་ཡོར་དག་དང་མཚུངས་པ་སྟེ།། གནས་མེད་རྟོག་པའི་ཐ་སྙད་དག་ལས་རྣམ་པར ་གྲོལ།། གང་ཆ་སྐྱེས་བུ་དག་པ་རྒྱ་ཆེ་བསམ་པ་དང་།། འཛིན་པ་མེད་པའི་སེམས་ནི་ཀུན་ཏུ་རྟོགས་འགྱུར་བ།། དེ་ཚེ་ལྷན་ཅིག་སྐྱེས་པའི་རྟོག་པ་ཟིལ་མནན་ཏེ།། ཡུལ་འདི་རྣམས་ཀྱི་ནུས་པ་འཆིང་བར་ནུས་མ་ཡིན།། གང་རྣམས་རྙེད་དང་མ ་རྙེད་གྲགས་དང་མ་གྲགས་དང་།། བདེ་བ་དང་ནི་སྡུག་བསྔལ་རབ་ཏུ་རྒྱས་པ་དང་།། བསྟོད་དང་སྨད་པའི་དྲི་མ་རབ་ཏུ་མ་ལུས་པ།། ཟད་པ་རང་གི་སེམས་ནི་མཉམ་པ་ཉིད་དུ་བྱ།། ཆགས་པ་མྱེད་དང་འགྲོ་ལ་སྙིང་ནི་བརྩེ་བ་ཡི།། རྣམ་པར་རྟོག་པ་ཐམས ་ཅད་ལས་གྲོལ་སྤྱོད་པ་དང་།། ལྡན་པ་དེ་ཡི་ཕྱག་ན་བདེ་གཤེགས་གོ་འཕང་ནི།། གནས་པ་མ་ཡིན་ཞེས་རྡོ་རྗེ་སེམས་དཔའ་རབ་ཏུ་གསུངས།། གཞན་ལ་གནོད་པར་བྱེད་པའི་བློ་ཅན་གྱི།། སྐྱེ་བོ་གཤིས་ངན་ཁ་ཡི་བུ་ག་ནི།། ཟབ་མོ་གྱ་གྱུ་ནས་བྱུང་ཚིག ་དཱན་སྤྲུལ།། རྩུབ་མོའི་ལས་ཀྱི་སུ་ཞིག་འཇིགས་མི་འགྱུར།། ཤིན་ཏུ་དྲི་མེད་དགའ་བྱེད་འོད་ཀྱི་ཕྲེང་ཅན་གྱི།། འོད་ཟེར་འཚོ་སྐྱེས་ཀྱིས་ནི་བཟོད་པར་མི་ནུས་ལྟར།། ཡིད་འཕྲོག་བྱེད་པའི་བདུད་རྩི་མང་དུ་བཤད་པ་ཡང་།། སྐྱེ་བོ་འཛིངས་མིན་ཡིད ་ནི་ཆགས་པར་བྱེད་པ་མིན།། ཟླ་བའི་འོད་ཟེར་དེ་ཉིད་ཆུ་ཤེལ་ནོར་བུ་དང་།། ཤིན་ཏུ་ཉེ་བར་འདུས་ནས་བདུད་རྩི་ཆུ་འཛག་བཞིན།། དེ་ཉིད་སྐྱེ་བོ་བཟང་ཡིད་བདུད་རྩི་རོས་བཱརླ་ན་ཞིང་།། མི་གནས་མཆི་མ་འཛག་བཞིན་ཚོགས་པར་བྱེད།། དེ་བས ་བདག་ནི་ཆོས་ཉིད་གནས་པའི་སྐྱེ་བོ་བཟང་།། འཕགས་པ་ཤེས་ལྡན་ཁྱོད་ལ་ཐལ་མོ་སྦྱར་ནས་ནི།། བདག་གིས་མདོ་རུ་བསྡུས་ཏེ་གསལ་བར་བྱ་བ་ནི།། རབ་མཆོག་གང་ཡིན་དེ་ནི་ཁྱོད་ལ་དབུལ་བར་བགྱི།། དཔལ་ལྡན་རྡོ་རྗེ་སེམས་དཔས ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་