CLOSE WINDOW

GT1056: gtor ma'i rgyan
Wyliee-texts produced with BDRC’s OCR application

བར་ཤོག། དགེ་སློང་ནཱ་གཱ་རྫུ་ནས་མཛད་པ་རྫོགསོ།། ། རྒྱ་གར་སྐད་དུ། བ་ལཾ་ཏཱ་ལཾ་ཀཱ་ར། བོད་སྐད་དུ། གཏོར་མའི་རྒྱན། བཅོམ་ལྡན་འདས་རྡོ་རྗེ་བསྣམས་ལ་ཕྱག་འཚ་ལོ།། ཀུན་གྱི ་གྲོགས་འགྲོལ་ལས་ཀྱི་མཆོག། བཀྲ་ཤིས་བར་ཆོད་སེལ་མཛད་པ།། གཏོར་མའི་ལས་ནི་བདག་གིས་བཤད།། ཕྱི་ནང་གཏོར་མ་རྒྱ་ཆེན་འདི།། རྒྱས་པར་གཏོར་མ་ཆེན་པོ་བསྟན།། བསྡུས་པ་ལ་སོགས་མན་ངག་འདི།། སྒྲུབ་པ་པོ ་ཡི་དོན་དུ་བསྡུས།། ཐམས་ཅད་ལྡན་པའི་གཏོར་མ་ལ།། ཧཱུཾ་གི་འོད་ཟེར་འཕྲོས་པ་ཡིས།། རམ་གྱིས་བསྲེགས་ཏེ་ཡི་གིས་པུས།། ཁཾ་གིས་བཀྲུས་ཏེ་དག་པ་ལས།། སྟོང་པའི་ངང་ལས་ཡཾ་ལས་རླུང་།། མ་དང་བརྟེན་པའི་དངོངོས་པོ་དང ་ལས་བདེ་སྐྱོང་ནང་དུ་ནི།། བཾ་ལྔས་བདུད་རྩི་ཆུ་རྒྱུན་འབྱུང་།། དེ་དབུས་ཐབས་དང་ཤེས་རབ་འབར།། གྲ་ཏོར་མའི་རྫས་ནི་ཡིག་འབྲུ་བཅུ།། སྐུ་གསུང་ཐུགས་ཀྱི་ས་བོན་དང་།། རྡོ་རྗེ་ཟླ་བའི་དཀྱིལ་འཁོར་བཅས།། ཐབས་དང ་ཤེས་རབ་ཡི་གེ་ས་མཚན།། ཧཱུཾ་གི་འོད་ཀྱིས་རླུང་སྔོན་བསྐྱོད།། འབར་དང་ཁོལ་བས་ཡབ་ཡུམ་བཞི།། སྐུ་གསུང་ཐུགས་ཀྱིས་བསྡུས་ཤིང་སྦྱངས།། སྤྲོས་པས་ཡེ་ཤེས་བདུད་རྩི་འབེབས།། ཨོཾ་ཨ་ར་ལི་ཧཱུཾཿཛཿཧཱུཾ་བཾ ་ཧོཿ། བདེ་གཤེགས་བདུད་རྩི་སྤྱན་དྲངས་ནས།། ཨོཾ་ཨཱ་ཧཱུཾ་སྭཱ་ཧཱ།། ཞེས་པའི་སྔགས་ལན་བདུན་གྱིས་བྱིན་གྱིས་བརླབ།། གདན་ག་སུམ་ལྡན་པའི་རིན་ཆེན་མཛེས།། ཧཱུཾ་ལས་འོད་ཟེར་ཛཿའཕྲོས་ནས།། རིགས་དྲུག ་བཀུག་སྟེ་འོད་དུ་ཞུ།། ཡིག་འབྲུ་ལྔ་ལས་རིགས་ལྔ་ཡི།། བདྲེ་གཤེགས་ཀླུ་མཉན་མཁའ་འགྲོ་རྣམས།། བསྐྱེད་ཅིང་མཱ་ལུས་དབང་བསྐུར་ནས།། བླ་མ་མི་བསྐྱོད་གཟུགས་འཛིན་རྣམས།། བདེན་འཚམ་རིམ་པར་བཞུགས་པ་རྣཾས ་དེ་ལ་ཕྱག་འཚལ་མཆོད་བྱས་ན།། རླུང་གི་རྩ་བའི་སྡིགས་ལྭ་ནི།། གསུམ་དང་བདུན་དང་ཉི་ཤུ་གཅིག། ཨི་དམ?་བ་ལཾ་ཁཾ་ཁ་ཁཱ་ཧི་ཁཱཾ་ཧི་ཞེས་པའི་སྔགས་ལ་གཏགས་ལ་དབུལ་ལོ།། མ་མི་སརྦ་ཤྱང་ཧཱུཾ། ཨ་མུ་ཀ་མ་ཧི ་མན་ཙཽ་མ་ཏེ་མ་ས་བ་བུ་གཻ་རུ་ཏི་རི་ཕཱ་ཡཾ་བྷཀྵཱ་བ་ལཾ་ཨི་དཾ་གྲིཧྣ་ཁཾ་ཁ་ཁཱ་ཧི་ཁཱ་ཧི།། རཀ་ཏཱ་པི་བ་ཏི། ཨདྱ་ཏི་ཀྲ་སྭ་མ་ཡེ་སྭཱ་ཧཱ།། གསང་བའི་སྔགས་དེས་ཀྱང་མགྲོན་མ་ལུས་པ་ལ་དབུལ་བར་བྱའོ།། ཨོཾ་ཨ་ཀཱ་རོ་མུ ་ཁཾ་སརྦ་དྷརྨྨ་ཎཱཾ། ཨདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུ~ཾ་ཕཊ་སྭཱ་ཧཱ།། རིགས་དྲུག་མ་ལུས་ཀུན་ལ་བྱིན།། དེ་ནས་བསྟོད་པི་དྭང་།། བཤེགས་པ་དང་། ཕྲིན་ལས་བཅོལ་ཞིང་སྨིན་ལམ་གདྲབ།། སྤྱིའི་གྲཝ་ཏོར་མྲྀ་རྒྱ་ཆེརྱ་ཡང་།། སྨིན་ལྦུ ་འབྲུ་ལྔ་རིན་ཚོན་ལྔ།། འབྲས་སྣུམ་ཁུར་བ་ལ་སོགས་ལ།། ཐམས་ཅད་མ་སྦྱང་སྣོད་དུ་བླུག། སྔོགས་དང་ཕྱག་རྒྱ་བྱིན་གྱིས་བརླབ།། པཾ་ལས་པདྨ་དཀར་པོ་སྟེ།། སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས།། ཕྱོགས་སྐྱོང་རིགས་དྲུག ་འཁོར་དང་བཅས།། སྤྱན་དྲང་གང་ན་ལ་བཞུགསུ་གསོལ།། ཨོཾ་ཨིནྡྲ་ཡེ་ཧཱུཾཛཾཿོཾ་ག་ན་ཡི་ཧཱུཾ་ཛཾཿཡ་མཾ་ཡཻ་ཧཱུ~ཾ་ཛ་ནཻ་རི་ཏ་ཡེ་ཧཱུཾ་ཛཿབ་རུ་ཎ་ཡེ་ཧཱུཾ་ཛཿབཱ་ཡ་བེ་ཡཽ་ཧཱུཾ་ཛཿཀུ་བེ་ར་ཡེ་ཧཱུཾ་ཛཿཱི་ཤ་ན་ཡེ་ཧཱུཾ་ཛཿཧཾ ་ཏ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཱཿསཱུརྱ་ཙནྡྲ་ཡ་ཧཱུཾ་ཛཿ། སྤྱན་དྲངས་པ་ལཱྀ་ཡོངསུ་དབུལ།། བསྟོད་དང་དངོས་གྲུབ་བླང་བ་དང་།། ཐ་མ་ཚིག་བཅད་བསྔོས་བྱས་ནས།། སྨོན་ལམ་རྫོགས་པར་གདབ་པར་བྱའོ།། གཏོར་མའི ་མན་ངག་གཞུང་དོན་འདི།། སྒྲུབ་པ་པོ་ཡི་དོན་དུ་བྲིས།། ཚིག་དང་དོན་གྱིས་ངེས་པ་རྣམས།། རིགས་ལྔ་བདེ་བར་གཤེགས་པ་དང་།། མཁའ་འགྲོ་རྣམས་ལ་གཟེད་པར་གསོལ།། སྔོན་བྱ་མེད་དང་གོ་རིམ་བྲལ།། འདི་ནི ་བར་ཆོད་སྦྱོར་བ་སྟེ།། དེ་ནས་བར་ཆོད་སྦྱོར་བ་ཡོངས་སྤངས་ནས།། དངོས་གྲུབ་ཀླུ་མོ་མཁའ་འགྲོས་འབྱུང་།། བདག་གིས་འདྲི་བརྩམས་བསོད་ནམས་ཀྱིས།། རགས་དང་ཕྲ་བའི་རྟོགས་པ་ཀུ་ན་སྤངས་ནས།། སེམས་ཅན་མ ་ལུས་ཐམས་ཅད་ཀུན།། གསང་ཆེན་ལ་མོ་ལྷ་རབཱ་གནས་ནས།། གོས་སྟོན་དངོས་གྲུབ་ཐོབ་པར་ཤོག། གཏོར་མའི་རྒྱན་གྱི་མྱན་ངག་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགསྷོ།། ། རྒྱ་གར་སྐད་དུ།། ་