| Wylie | e-texts produced with BDRC’s OCR application |
མཛད་པ་རྫོས་སོ།། @།། རབ་ཁམས་ཀྱི་བརྒྱན། འཏོར་མའི་བརྒྱམ་དམ་ཚིག་གི་བརྒྱན་མམ་སྔོན་ཅན་གྱི་སྒྲུབ་ཐབས་རྣམས་བཞུགས། @།། རྒྱ་གར་སྐད་དུ། ཏིཥྛ་མ་ཧཱ་སི་ཏི། ཨ་ལང་ཀཱ་ར། བོད་སྐད་དུ། རབ་ཏུ་གནས་པའི ་རྒྱན། རྡོ་རྗེ་བསྣམས་ལ་ཕྱག་འཚལོ།། དུས་གསུམ་སངས་རྒྱས་ཀུན་གྱི་དང་།། ཟླ་བ་ལྟ་བུ་མཐུ་མངའ་བའི།། སེལ་ཅིང་སྣང་བར་བྱེད་པ་ཡིས།། མངའ་བདག་རྡོ་རྗེ་ཅན་ལ་འདུད།། ཚོགས་གསོག་ནུས་པ་ཚོགས་བྱུང་བས།། རབ་ཏུ་གནས་པ ་བཤད་པར་བྱ།། སྔགསོ་པ་ཡོན་ཏན་ཀུན་ལྡན་པས།། བཀྲ་ཤིས་པ་ཡི་གནས་དག་ཏུ།། བསྙེན་པ་རྣམ་གསུམ་རྫོགས་པ་ཡིས།། ལྷག་པར་གནས་པའི་ཆོ་ཡ་བྱ།། མངའ་དབུལ་བ་དང་མཆོད་པ་བརྩམ།། སྔགས་ཀྱིས་གནས་པའི་ཚེ། ་དོན་དུ་ནི།། རྒྱས་པར་རབ་གནས་ཆེན་པོར་བལྟ།། འདི་རུ་ཅུང་ཞིག་བསྡུས་ནས་བསྟན།། དང་པོར་རྡུལ་ཚོན་དཀྱིལ་འཁོར་བྲི།། འདོམ་དོ་པ་འམ་འདོམ་གླང་པོ།། གྲུ་བཞི་མཐོས་པར་བྱས་པ་ལ།། ཐིག་ནི་ལེགས་པར་ཡོངས་བཏབ ་ལས་མཚོན་བྱིན་བྷཱུ་རླབ་བྱ་ལ།། ཚོན་རྣམས་དགྱེ་བའི་རོམ་པ་ནི།། དབུས་ཀྱི་ཕོ་བྲང་མཐིང་ག་ལ།། པདྨ་འདབ་བརྒྱད་མཛེས་པར་བཏང་།། ཤར་གྱི་ཆ་ནི་དཀར་པོ་ལ།། ལྷོ་ཡི་ཆ་ནི་སེར་པོ་སྟེ།། ནུབ་ཀྱི་ཆ་ནི་དམར་པོར་སྣང་།། བྱང ་མིངོན་ཡོད་གྲུབ་པོ་སྦྱོང་།། མཐིང་ལ་དཀར་དང་སེར་དང་དམར།། ལྗང་ཁུ་རྣམསུ་གསུངས་པ་ནི།། པནྡ་རེ་ཁཱའི་རྩིག་པའོ།། སྒོ་གཉིས་མཚམས་དང་ཏཱ་ར་ཎ། དྲ་བ་དྲ་བ་བྱེད་པ་དང་།། རྒྱན་རྣམས་ཀྱིས་ནི་རྣམ་པར་སྤྲས།། ཐི་མ་སྲུང ་ཕྲེང་བས་བརྒྱན།། དཀྱིལ་འཁོར་གྱིས་ནི་ཤར་ངོས་སུ།། དབང་སྟེགས་སྟེང་དུ་མཛེས་པའི་གདན།། སྐུ་གསུང་ཐུགས་ཀྱི་རྟག་མཆོག་བཞག། ཆུ་གསུམ་རུས་པས་ཁྲུས་རྣམས་བྱ།། མཆོད་པའི་ཡོ་བྱེད་རྫོགས་པ་ལ།། ་བླ་རེ་གདུགས་དང་རྒྱལ་མཚན་དང་།། མེ་ཏོག་རྣམས་ཀྱིས་ཡོངསུ་ཀླུབས།། དེ་ནས་རང་གི་བསམ་པ་རྫོགས།། ལྷག་པའི་ཏིང་འཛིན་གསལ་བར་ཤེས།། དབང་བསྐོར་བ་ལ་རབ་ཏུ་གནས།། གསུང་ནི་ཧྲཱིཿ་ལས་བྱུང་བའི་རིགས།། ཐུཊ ་ནི་མི་བསྐྱོད་རྡོ་རྗེ་སེམས།། སྐུ་ནི་རྟག་པའི་རང་བཞིན་ནོ།། སྭཱཙྪ་མཆོད་རྟེན་ལ་སོགས་པ།། སངས་དེ་ཞུ་ནས་ལྕེ་ལས་ནི།། ཡེ་ཤེས་སཱཙྪ་མཆོད་རྟེན་གྱིས།། འབྱུང་བའི་རྒྱུ་རུ་རྣམ་པར་སྣང་།། ལྷོ་ཁང་འབྲུ་ཡི་རྟེན་ལ་སུ།། གོང་གི་སྟོབས ་ཀྱིས་གོང་འགྱུར་བ།། རང་གི་སྣང་བ་འབྱུང་བ་ཡིན།། སློབ་དཔོན་རབ་ཏུ་འགྱིངས་བཅས་པས།། རྡོ་རྗེ་དྲིལ་བུ་ལྡན་པ་ཡིས།། བདེ་གཤེགས་ན་མཁར་སྤྱན་དྲངས་ལ།། ཕྱེ་ག་འཚལ་མཆིད་བསྟོད་རྒྱས་པར་བྱ།། དེ་ནས་ཕྱག་རྒྱ་བཞི ་ལྡན་པས།། རྟག་གསུམ་དག་ལ་བཞག་པར་བྱ།། དེས་ནི་མཆོད་པ་རྒྱས་པའོ།། དཀྱིལ་འཁོར་གསང་བའི་ལྷ་ལྔ་དབུལ།། རིན་ཆེན་སྣ་བདུན་ལྷ་མོ་བརྒྱད།། མ་ལུས་བསྟོད་ཅིང་བཟོད་པར་གསོལ།། གསོད་སྔགས་རྒྱལ་པོ་མཐར་ལ ་ནི།། འབྲུ་གསུམ་ཡི་གེ་བཏགས་པས་ནི།། བརྒྱ་རྩེ་བརྒྱད་ནས་སྟོང་རྩ་བརྒྱད།། བཟླས་པ་འོད་ཟེར་གཞང་བཞིན་བསྟིམ།། ཞུ་བས་སྐུ་གསུང་ཐུགས་ཀྱི་རྟགས།། རང་རང་རྣམས་གསལ་ཞིང་རྒྱས།། དེ་ལ་མཆོད་པ་སྣ་ཚོགས་ཀྱང་།། དཀོན ་མཆོག་སྐྱབས་ཆེན་རྣམས་དང་ཡང་།། མ་ལུས་ལུས་པ་མེད་པ་ལ།། ཡང་དག་པ་རུ་རབ་ཏུ་སྔགས།། གཏོར་མ་གཉིས་ཀྱིས་གཙང་རིས་དང་།། བགེགས་དང་རིག་དྲུག་མ་ལུས་པ།། གཏོར་མ་ཆེན་པོ་སྦྱིན་དུ་མཆོད།། བསྐོར་བ་བྱ་ཞིང ་སྨོན་ལམ་གདབ།། རབ་གནས་བསྡུས་པའི་ཆོ་ག་ནི།། ནཱི་ལཾ་བཛྲ་མཐའ་བསྒྱུར་ལ།། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སྭཾ་གྷཱ་ཡ། ཨ་ད་ན་ཏེ། ད་ར་ནི། ཏདྱ་ཐཱ། ཨཱ་ཀ་ར་ཥ་ཎི། སཱརྞྞ་བ། སརྦ་དྷརྨཱ། ནིསཾ་སརྦྦ། ཨིས་མི་ཐོ། པི་པ ་ཤ་ན། བི་མ་ལཱ་སུ་པ་རི། དྷརྨྨ་དྷི་ཀ་ཏི་ཀ་ན། བ་ལ་ནཽས་ཤྭཱ། ཡ་ཐ་མ་ལེ། ཙ་ལེ་ཙྱཻ་ལེ་ཙ་ལེ། ཏྱ་ལུ་ཧུ་ལུ། བི་ཤི་ད་དེ། མནྟ་མནྟ་སྭཱ་ཧཱ།། སྟོང་དང་བརྒྱ་ཡི་བཟླས་པ་ཡིས།། སྐུ་གསུམ་ཐུགས་ཀྱི་ངོ་བོ་རུ།། བྱིན་གྱིས ་བརླབས་པ་ཙམ་ནི་བྱོ།། ཡང་ན་ཏྲེ་ཡང་དེ། ཞེས་པའི་སྔགས་ཀྱིས་བྱ།། དེ་ལྟར་སློབ་དཔོན་དེ་ལ་ནི།། ནཱི་ཡོད་རང་གི་ནོར་རྣམས་དབུལ།། དེ་ནས་རཱ་བཾ་གནས་བརྟན་པ་ཡིས།། མགྲོན་རྣམས་དགྱེ་ཞིང་སྨོན་ལམ་གོང་བ།། ཤྲི་བ ་ཕྱི་ཡི་ཆོ་ག་ཡང་།། ཁྲུས་བྱས་རྡུལ་ཚོན་གོང་བཞིན་བྲི།། སྤྱན་དྲུང་མདུན་གྱི་ན་མཁའ་ལ།། མཆོད་ཅིང་ཡེ་ཤེས་མེ་ལས་བསང་།། སྦྱང་ཞིང་རོ་ནི་སྲེག་རྫ་སུ།། མེ་ལྷ་ཉིད་ལ་དབུལ་བར་བྱ།། གཏོར་མ་ཆ་གཉིས་ཆོ་ག་ཡིས།། ་བསྔོ་ཞིང་སྨོན་ལམ་གདབ་པར་བྱ།། ཐིག་བསྡུས་ས་ཚོན་ཆུ་ལ་དབོ།། འདི་བརྩམ་པ་ཡི་དགེ་བ་ཡིས།། བདག་དང་ཁམས་གསུམ་སེམས་ཅན་རྣམས།། ནོད་དང་སྡུག་བསྔལ་རྩད་ཆོ་ནས།། ཞིང་ཁམས་གཙང་མར་སྐྱེ ་བར་ཤོག། དགེ་སློང་ནཱ་གཱ་རྫུ་ནས་མཛད་པ་རྫོགསོ།། ། རྒྱ་གར་སྐད་དུ། བ་ལཾ་ཏཱ་ལཾ་ཀཱ་ར། བོད་སྐད་དུ། གཏོར་མའི་རྒྱན། བཅོམ་ལྡན་འདས་རྡོ་རྗེ་བསྣམས་ལ་ཕྱག་འཚ་ལོ།། ཀུན་གྱི ་