CLOSE WINDOW

GT105: dbang mdor bstan pa'i brjed byang
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཾཀྲྀབྡ་ཤཊིཔྤ་ནི། བོད་སྐད ་དབང་མདོར་བསྟན་པའི་བརྗེད་བྱུང་། དཔལ་དུས་ཀྱི། ་འཁོར་ལོ་ལ་ཕྱག་འཚལ་ལོ།། དམིགས་བཅས་ནམ་མཁའ་ལས་བྱུང་དང་།། དམིགས་མེད་བདེ་ལ་ཕྱག་འཚལ་ནས།། ་བྱང་ཆུབ་སེམས་དཔའི་རྣམ་བཤད་པས།། དབང་མདོར་བསྟན་པ་དབྱེ་བར་བྱ།། ཟླ་བ་བཟང་པོས་གསོལ་པ་ཞེས་པ་ས་བཅུའི་དབང་ཕྱུག ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཤམྦྷ་ལའི་ཡུལ་གྱི་བདག་པོ་ཆེན་པོས་གསོལ་བ་འདེབས་པར་བྱེད་དོ།། ཡང་དག་པར་སྟོན་པར་བྱེད་པ་ཉིད ་ཀྱིས་ན་ཀྱེ་སྟོན་པའོ།། གང་ཞིག་འཆད་པར་འགྱུར་བུ་ཚུ་ལ་སོ་ཌ་པ་དབང་བསྐུར་བ་རྣམ་པ་བདུན་དང་བུམ་པ་ལ་སོགས་པ་རྣམ་པ་གསུམ་དང་། བླ་ན་མེད་ཅེས་པ་མཆོག་ཏུ་མི་འགྱུར་བ་སྟེ། དེ་བཞིན་ཞེས་པ་དབང ་བསྐུར་བའོ།། འདིས་འཁྲུད་ཅིང་ལུས་ལ་སོགས་པ་སྒྲིབ་པ་མེད་པར་བྱེདའོ།། ཞེས་པས་ན་དབང་བསྐུར་བ་སྟེ། དེ་བདག་ལ་གསུངས་ཤིག་པའོ།། འཇིག་རྟེན་པའི་དངོས་གྲུབ་ཅེས་པ་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི ་བདག་པོ་དང་། མཆོག་དངོས་གྲུབ་ཅེས་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་འགོག་པ་ལས་ས་བཅིས་ཐོབ་པས་ཡང་དག་པར་རྫོགས་པའི ་སངས་རྒྱས་ཉིད། དེའི་ཆེད་དུའོ།། མདོར་བསྡུས་པ་ཡིས་ཞེས་པ་གསོལ་བ་འདེབས་པ་པོ་ཉོན་མོངས་པ་དང་བསྐལ་པ་དང་སེན་དང་ལྟ་བ་དང་ཚེའི་མཚན་ཉིད་ཀྱི་སྙིགས་མ་ལྔས་ཉེ་བར་བཅོམ་པའི ་སྐྱེ་བོ་རྗེས་སུ་འཛིན་པར་མངོན་པར་དགོངས་པའི་ཕྱིར་རོ།། དང་པོའི་སངས་རྒྱས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྟོན་པ་པོའི་ལན་གསུངས་པ། ཉོན་ཅིག་ཅེས་པ་ལ་སོགས་པའོ།། དབང་བསྐུར་དོན་ཞེས་པ་དབང་བསྐུར་དང ་དེའི་དགོས་པའོ།། མཆོག་ཅེས་པ་མཆོག་ཏུ་མི་འགྱུར་བ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་ཐབས་ཉིད་ཀྱི་ཕྱིར་ལྷག་པར་འདོད་པ་མ་ཡིན་པ་ཡང་ངོ་།། རྩའི་ཀུན་སྤྱོད་ལ་སོགས་པ་གསུངས་ཏེ། སྟེང་དང་འོག་ཏུ་ལ་ལ་ནཱ་ལ་སོགས་པ་རྩ་དྲུག་པོ ་རྣམས་སུ་འཆད་པར་འགྱུར་བའི་རིམ་པས་སྲོག་དང་ཐུར་སེལ་གྱི་རླུང་ཡང་དག་པར་རྒྱུ་བའོ།། རྩོལ་བ་ནི་ཞེས་པ། ཡམ་ཉེ་བར་འགོག་པ་ལའོ།། ཞེས་པའི་བྱིངས་འདིའི། ཨཱ་སྟེ་ཀུན་ནས་འགོག་པ་ནི་སྲོག་རྩོལ་ཏེ། སྲོག་དང་ཐུར་སེལ་གྱི་རླུང་དག་འགོ ་པ་ཞེས་པའི་དོན་ཏོ།། མདོར་བསྟན་པ་ཡིས་ཞེས་པ་མདོར་བསྡུས་པས་སོ།། རྣལ་འབྱོར་དང་རྣལ་འབྱོར་མ་ལ་སོགས་པའི་རྒྱུད་ཐམས་ཅད་དུ་མདོར་བསྟན་པ་རྣམ་པ་གསུམ་སྟེ་རྒྱས་པར་བཤད་པ་ཡང་ངོ་།། དེ་ལ་མདོར་བསྟན་པ་རང་མིང་ཉིད་ཀྱིས་བརྗོད ་པའོ།། རབ་ཏུ་མདོར་བསྟན་པ་ནི་གཉིས་པའོ།། མདོར་བསྟན་ཆེ་ནི་གསུམ་པའོ།། དེ་བཞིན་དུ་རྒྱས་པར་བཤད་པ་ཡང་རང་མིང་ཉིད་ཀྱིས་བརྗོད་པའོ།། རབ་ཏུ་རྒྱས་པར་བཤད་པ་ནི་གཉིས་པའོ།། གཞན་ཞེས་པ་རྒྱས་པར་བཤད་པ་ཆེན་པོ་སྟེ། ་གསུམ་པའོ།། མདོར་བསྟན་པ་དང་རྒྱས་པར་བཤད་པ་དག་ཉིད་ནི་རྒྱུད་ཡང་དག་པར་བསྡུས་པ་སྟེ། དེ་ལ་མདོར་བསྟན་པ་ཡང་དག་པར་བསྡུས་པ་ནི་ཉུང་ངུའི་རྒྱུད་མཐའ་དག་སྟེ་དཔེར་ན་བརྒྱ་ཕྲག་བཅོ་བརྒྱད་པའི་གཞུང་དཔལ་འདུས་པ་ལ་སོགས་པ་ལྟ ་བུའོ།། རྒྱས་པར་བཤད་པ་ཡང་དག་པར་བསྡུ་བ་ནི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་བསྟན་པ་མཐའ་དག་སྟེ་དཔེར་ན་སྟོང་ཕྲག་ཉི་ཤུ་ལྔ་པའི་དཔལ་འདུས་པ་ལ་སོགས་པ་ལྟ་བུའོ།། དེ་བཞིན་དུ་རབ་ཏུ་མདོར་བསྟན་གྱིས་ཉུང་ངུའི་རྒྱུད་ལ་དཀའ་འགྲེལ་ལོ།། འདིར ་རྒྱས་པར་བཤད་པ་ནི་རབ་ཏུ་རྒྱས་བཤུད་དུ་མངོན་པར་འདོད་དེ། རྩ་བའི་རྒྱུད་ལ་དཀའ་འགྲེལ་ལོ།། དེ་བཞིན་དུ་མདོར་བསྟན་ཆེན་པོས་ཉུང་ངུའི་རྒྱུད་ལ་རྒྱ་ཆེ་འགྲེལ་ལོ།། འདིར་རྒྱས་པར་བཤད་པ་ནི་རྒྱས་བཤད་ཆེན་པོར་མངོན་པར་འདོད་དེ། རྒྱས་བཤ ་ཆེན་པོས་རྩ་བའི་རྒྱུད་ལ་རྒྱ་ཆེ་འགྲེལ་ལོ།། དེ་ནི་སྟེ་ཡང་དག་པར་སྡུད་པ་དང་བཀའ་འགྲེལ་དང་རྒྱ་ཆེར་འགྲེལ་ཏེ་གསུམ་གའང་། མངོན་ཤེས་ཐོབ་རྣམས་ཀྱིས་ཞེས་པ་ལྷའི་མིག་དང་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང་རང་དང་གཞན་གྱི་སྔོན་གྱི ་གནས་རྗེས་སུ་དྲན་པ་དང་། ན་མཁའ་ལ་འགྲོ་བའི་རྫུ་འཕྲུལ་ཐོབ་པ་རྣམས་ཁོ་ན་ཡིས་བྱའི། མཁས་རྣམས་ཀྱིས་མིན་ཉིད་ཅེས་པ་རྟོག་གེ་སྐམ་པོ་གོམས་པས་སེམས་ཀྱི་རྒྱུད་ཉེ་བར་བཅོམ་པ། སོ་སོ་རང་གིས་རིག་པར་བྱ་བ་ནང་གི་བདག་ཉིད་སྒོམ་པ་ལ ་ཁ་ཕྱིར་ཕྱོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ།། དེ་ལྟར་མིདོར་བསྟན་པ་ལ་སོགས་པ་མཐའ་དྲུག་རྣམས་ཀྱིས་དང་ཇི་སྲིད་དུ་འཇིག་རྟེན་ཁམས་ལ་སོགས་པའི་བར་རྣམས་ཀྱིས། དག་པ་འདི་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་དོ།། ཤིན་ཏུ་རྣམ་པར་དག་པ་དང་ཆོས ་དང་སྔགས་དང་དབྱིབས་ཀྱི་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱིས་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་རྣམས་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཀྱི་ཚངས་པའི་གནས ་རྣམས་ལ་ལྷན་ཅེས་རིམ་པ་ལྟར་རོ་མཉམ་པའ་བནྡན། བཞི་པ་དང་ཤིན་ཏུ་གཉིད་ལོག་པ་དང་རྨི་ལས་དང་སང་པའི་གནས་སྐབས་འཇིག་པར་བྱེད་པ། ལྷན་ཅིག་སྐྱེས་པ་དང་ཆོས་དང་མངས་སྤྱོད་རྫོགས་པ་དང་སྤྲུལ་པར། ་སྐུའི་ངོ་བོ་རྣམས་ཀྱི་ས་སོ།། སྐད་ཅིག་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པའི་བྱང་ཆུབ་རྣམས་ཀྱིས་ཤེས་པ་ལ། སྐྱེ་བའི་རིམ་པས་ཕ་དང་མ་ངག་གི་གཉི་ཀའི་ཐིག་ལེ་རོ་མཉམ་པར་གྱུར་པའི་མའི ་གསུང་བའི་འཁོར་ལོར་སྐྱེ་བར་འདོད་པའི་ཀུན་གཞི་རྣམ་པར་ཤེས་པའི་གང་སྐད་ཅིག་གཅིག་པོ་བདེ་བ་ཡང་དག་པར་རིག་པ་འབའ་ཞིག་པ། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་གཅིག་པ་དེ་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ ་བའོ།། གང་གི་ཚེ་མངལ་ན་གནས་པ་དེ་ཉིད་ཀྱི་གཟུགས་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་ཅན་ཤེས་པ་ལྔ་ཡང་དག་པར་རིག་ཅིང་། རུས་སྦལ་ལྟར་འབུར་པོའི་རྣམ་པ་ལྔ་འཐོན་པ་དེའི་ཚེ་རྣམ་པ་ལྔ་མངོན་པར་རྫོགས་པར་བྱང ་ཆུབ་པའོ།། དེ་ནས་གང་གྲི་ཚེ་ཤེས་པ་ལྔ་པོ་རྣམས་ཀྱི་སོ་སོ་རང་གི་ས་ལ་སོགས་པའི་བག་ཆགས་ཀྱི་དབྱེ་བ་དང་། ལུས་སོར་མོ་ཉི་ཤུ་རྫོགས་པ་དེའི་ཚེ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པའོ།། དེ་ནས་མངལ་ནས་འཐོན་ཏེ་སྒྱུ་མའི ་དྲ་བ་ལྟར་མཐའ་ཡས་པའི་དངོས་པོ་ཡང་དག་པར་རིག་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ།། རྫོགས་པའི་རིམ་པས་ནི་དུ་བ་ལ་སོགས་པའི་མཚན་མ་བཅུ་པོ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་དུ་ཆེན་པོའི་དབྱི་བས ་སྒྲུབ་པ་བཞི་པོ་རྣམས་རྫོགས་པའི་བྱང་ཆུབ་པ་རྣམས་སོ།། ཕུང་པོ་རྣམས་ཀྱིས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་རྣམས་ཀྱིས་སོ།། ཁམས་རྣམས་ཀྱིས་ནི་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་། ཡེ་ཤེས་རྣམས ་ཀྱིས་སོ།། སྐྱེ་མཆེད་རྣམས་ཀྱིས་ནི་ལུས་དང་ལྕེ་དང་མིག་དང་སྣ་དང་རྣ་བ་དང་ཡིད་དང་། དྲི་དང་གཟུགས་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་རྣམས་ཀྱིས་སོ།། མང་པོའི་ཚིག་ལས་བཤད་ལམ་དང་རྐང་པ་དང་ལག་པ་དང་ངག་དང་འདོམས་དང་དུང་ཅན་མ་དང་། བཤད་པ་གཏོང ་བ་དང་འགྲོ་བ་དང་ལེན་པ་དང་སྨྲ་བརྗོད་དང་གཅི་བ་འཛག་པ་དང་ཁུ་བ་འཕོ་བ་རྣམས་ཀྱིས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་དག་པ་སོ་སོར་རིགས་དྲུག་པོ་འདི་རྣམས་ཀྱིས་སོ།། འཇིག་རྟེན་གྱི་ཁམས་དང་ནང་དང་མངོན་པར་དབང་བསྐུར་བ་དང་སྒྲུབ་ཐབས་དང་ཡེ་ཤེས ་ཤེས་བྱ་བའི་ལེའུ་ལྔ་པོ་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་དང་སེམས་ཅན་སྦྱོང་བར་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དང་མཆོག་ཏུ་མི་འགྱུར་བའི་དོན་རབ་ཏུ་བསལ་བར་བྱེད་པ་རྣམས་ཀྱིས་སོ།། བདེན་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས ་པ་དག་གིས་སོ།། དང་པོའི་སྒྲ་ནི་ཐོག་མ་དང་ཐ་མ་མེད་པའི་དོན་ཏོ།། ཆོས་རྣམས་ཐམས་ཅད་ཕྱིན་ཙམ་ལོག་པར།། སངས་རྒྱས་ཟིན་ཏེ་ཞེས་པས་སངས་རྒྱས་སོ་དང་པོ་ཡང་འདི་ཡིན་ལ་སངས་རྒྱས་ཀྱང་ངོ་ཞེས་པ་སྟེ་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཐམས་ཅད་མཁྱེན་པ་ཞེས་པའི ་དོན་ཏོ།། མཚན་ཡང་དག་པར་བརྗོད་པར། སངས་རྒྱས་ཐོག་མ་ཐ་མ་མེད།། དང་པོའི་སངས་རྒྱས་གཉིས་རྟོགས་མེད། ཅེས་སོ།། སྙིང་རྗེ་སྟོང་ཉིད་སུ་ཅན་ཏེ།། དུས་ནི་ཀུན་རྫོབ་གཟུགས་ཅན་མ།། སྟོང་ཉིད་འཁོར་ལོ་ཞེས་པར་བཤད་།། དུས་འཁོར་གཉིས་མེད་མི་འགྱུར ་བའོ།། ཡང་ན་ཡི་གེ་རེ་རེའི་མིང་གིས་ཏེ། ཀཱ་ཡིག་ལས་ནི་རྒྱུ་ཞི་བ།། ལ་ཡིག་ལས་འདིར་ཐིམ་པ་ཉིད།། ཙ་ཡིག་ལས་ནི་གཡོ་བའི་སེམས།། ཀྲ་ཡིག་ལས་རིམ་བཅིངས་པས་སོ།། དང་པོར་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ།། ་དཀྱིལ་འཁོར་གྱི་བྱང་གི་སྒོར་སྒྲིབ་པ་དང་བཅས་པའི་ལུས་དག་པའི་དོན་དུ་ཆུ་དང་ཅོད་པན་དགོ། ལྷོའི་སྒོར་དག་པའི་དོན་དུ་དར་དཔྱངས་ཀྱི་དབང་སྟེ། རྡོ་རྗེ་དང་དྲིལ་བུའི་དབང་བསྐུར་ཡང་ངོ་།། ཤར་དུ་སེམས་དག་པའི་དོན་ཏུ་བརྟུལ་ཞུགས་ཆེན་པོ་དང་མིང་གི་དབང་བསྐུར་དག་གོ།། ་ནུབ་ཏུ་ཡེ་ཤེས་དག་པའི་དོན་ཏུ་རྗེས་སུ་གནང་བའི་དབང་བསྐུར་རོ།། དག་པ་གཞན་ཡང་ཡོད་ཅིང་ངོ་གསུངས་པ། ས་ལ་སོགས་པའི་ཁམས་དྲུག་རྣམས་སྤྱན་མ་ལ་སོགས་པ་རིག་མ་དྲུག་ཉིད་དུ་གྲུབ་པ་གསལ་བར་བྱེད་པ་ནི་ཆུའི་དབང་བསྐུར་རོ།། དེ་བཞིན་དུ་གཟུགས་ལ ་ས་པའི་ཕུང་པོ་ལྔ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དུ་རྫོགས་པ་ནི་ཅོད་པན་གྱི་དབང་ངོ་།། དུ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་སོ་སོར་ཐོབ་པའི་དོན་དུ་དཔའ་བོའི་དར་དཔྱངས་ཀྱི་དབང་བསྐུར་བའོ།། རྡོ་རྗེ་མི་འགྱུར་ཆེ། དྲིལ་བུ་སངས་རྒྱས ་སྐད་ཅེས་པར་སྦྱར་ཏེ། འཁོར་བ་པའི་སྡུག་བསྔལ་མཐའ་དག་གིས་མི་བྱེད་པ་ཉིད་ཀྱིས་དང་། དེ་རྣམས་འབྱེད་པར་བྱེད་པ་ཉིད་ཀྱིས་ན་བདེ་བ་མི་འགྱུར་བ་ཆེན་པོ་ཁོ་ན་རྡོ་རྗེའོ།། མཐའ་ཡས་པའི་ལྷ་དང་མི་ལ་སོགས་པ་རྣམས་ལ་དེ་དང་དེའི་སྐད་ཀྱིས་རྒྱུན་མི་འཆད་པར ་ཆོས་ཀྱི་བདུད་རྩི་བསྟན་པའི་དོན་དུ་གཞོམ་དུ་མེད་པའི་སྒྲའི་རང་བཞིན་རྡོ་རྗེ་དྲིལ་བུའོ།། ཉི་མ་ཟླ་བ་ཞེས་པ་སྲོག་དང་ཐུར་སེལ་གཡས་པ་དང་གཡོན་པར་འབབ་པ་དག་གཅིག་པ་ཉིད་ཨ་བ་དྷཱུ་ཏཱི་རུ་ཞུགས་པ་སྟེ་དེའི་དོན་དུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ལྡན་པའི་ལག་པ་དག་གིས ་འཁྱུད་པའི་ཚུལ་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་ཏེ་བཞི་པའོ།། ཐ་མལ་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་འགོག་པ་ལས་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ལྷའི་རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཡུལ ་ལ་བེམ་པོ་མ་ཡིན་པར་རབ་ཏུ་འཇུག་པར་ངེས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བསྐུར་ཏེ་ལྔ་པའོ།། བྲམ་ཟེ་ལ་སོགས་པའི་རིགས་རྣམས་གཅིག་ཏུ་བསྲེ་བའི་དགོངས་པས་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་མིང་གི ་བྱེད་པ་ལས་བྱམས་པ་ལ་སོགས་པ་ཚངས་པའི་གནས་རྣམས་ཡོངས་སུ་རྫོགས་པས་མིང་གི་དབང་བསྐུར་བ་སྟེ་དྲུག་པའོ།། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ལ་བསམ་པའི་དབང་ཇི་ལྟ་བར་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བས།། མཆོག་ཏུ ་གསང་བའི་རྡོ་རྗེ་ཐེག་པ་སྟོན་པའི་དོན་ཏུ་རྗེས་སུ་གནང་བའི་དབང་བསྐུར་སངས་རྒྱས་ཉིད་རྫོགས་པར་བྱེད་པ་སྟེ་བདུན་པའོ།། དབང་བསྐུར་བདུན་པོ་འདི་རྣམས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས་གཞན་རས་བྲིས་ལ་སོགས་པའི་དཀྱིལ ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ།། སྔར་མདོར་བསྟན་པའི་དབང་བསྐུར་བཅུ་གཅིག་པོ་རྣམས་ཀྱི་ནང་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟང་གི་ཐེམ་སྐས་སུ་གྱུར་པ་འོག་མའི་ཀུན་རྫོབ་ཀྱི་ངོ་བོ་ཅན་དབང་བདུན་པོ ་རྣམས་རྣམ་པོར་བཤད་ནས་རྣལ་འབྱོར་གྱི་ཀུན་རྫོབ་ཏུ་གྱུར་པ་འཇིག་རྟོན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དོན་དམ་པའི་རྗེས་སུ་མཐུན་པའི་དབང་བསྐུར་གསུམ་རྣམས།། བུམ་པ་ཞེས་པ་ལ་སོགས་པས་མདོར་བསྟན་ནས་མཆོག་གི་དངོས་གྲུབ་ཀྱི་རྒྱུ་ཐུན་མོང ་མ་ཡིན་པ་གསུངས་པ། སླར་ཡང་ཞེས་པ་ལ་སོགས་པའོ།། ཤེས་རབ་ཆེན་པོ་ཞེས་པ་ཀུན་ཏུ་རྟོག་པས་མ་བརྟགས་པ་འཆང་བར་འགྱུར་བའི་ཕྱག་རྒྱ་ཆེན་མོའོ།། དེ་སྒོམ་པ་ལས་ཡེ་ཤེས་ནི་དེ་ལས་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན ་བོ་སྟེ། དབང་བསྐུར་བཅུ་གཅིག་པའོ།། བུམ་པ་ལ་སོགས་པ་བཞི་པོ་འདི་རྣམས་ཀྱི་མིང་རྗེས་སུ་འགྲོ་བ་དང་བཅས་པ་རྣམས་ནི་གྲངས་ཇི་ལྟ་བར་འགྱུར་བ་དང་མི་འགྱུར་བ་དང་འཛག་པ་དང་མི་འཛག་པ་ཞེས་བྱ་བ་རྣམས་སོ།། ལུས་ཤེས་པ་ལ་སོགས་པ་གོ་སླའོ།། ། ་དེ་བཞིན་དུ་བྱིས་པ་དང་དྲར་ས་དང་རྒན་པོ་དང་སྐྱེ་དགུའི་བདག་པོའི་མིང་ཅན་རྣམས་སོ།། ཤེས་རབ་ཅེས་པ་ལོ་བཅུ་གཉིས་མ་ནས་བརྩམས་ནས་ལོ་ཉི་ཤུ་མའི་བར་ཏེ། རང་གི་སེམས་དགའ་བར་འོས་པ་དབང་བསྐུར་བའི་སྐལ་པ་ཅན་དེ་ནུ་མའི་ཡན་ལག་ལ། རེག་པས་བྱང ་ཆུབ་སེམས་འཕོ་ཞེས་པ་གཙུག་ཏོར་གྱི་པདྨ་འདབ་མ་བཞི་པ་ལས་ཁུ་བ་བདུད་རྩིའི་རྒྱུན་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བར་འོད་ས་པ་ནུ་གང་སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ ་མྱོང་བ་དེ་ནི་དབང་བསྐུར་དང་པོ་ཐོབ་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་པའོ་མ་འཛིན་པས་དབང་བསྐུར་བ་བྱིས་པ་ཞེས་བརྗོད་དོ།། དེ་ནས་དེའི་གསང་བར་རྡོ་རྗེ་ཅུང་ཟད་སྐྱོད་པས་བྱང་ཆུབ་སེམས་ནི་འཕོ་ཞེས་པ་མགྲིན་པའི་པདྨ་འདབ་མ་སུམ་བཅུ་རྩ་གཉིས་པ་ནས་སྙིང་གའི་པདྨ་འདབ་མ་བརྒྱད ་པའི་ལྟེ་བར་གང་སྐུའི་མཆོག་དགའ་དང་ངག་གི་མཆོག་དགའ་དང་ཐུགས་ཀྱི་མཆོག་དགའ་དང་ཡེ་ཤེས་ཀྱི་མཆོག་དགའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་སྔ་མ་ལས་ཤིན་ཏུ་ལྷག་པ་ཉིད་ཀྱི་ཕྱིར་དར་མ་གསང་བའི་དབང་བསྐུར་བའོ།། དེ་ནས་དྲག་པར་བསྐྱོད་པས ་གཡོ་བར་བགྲོད་ཅེས་པ་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང་བའི་པདྨའི་འདབ་མ་སུམ་ཅུ་རྩ་གཉིས་པར་འོངས་པས་ཁུ་བ་ཟླ་བའི་ཆ་བཅོ་ལྔའི་རྩེ་མོར་སོན་པས་ཤིན་དུ་དང་བར་ཞུ་བ་གཡོ་བ་ཞེས་བྱ་བའི་རྡོ་རྗེ་ནོར་བུའི་བུ་གའི་མཐར་བགྲོད་པས་གང་ཆེན་པོ ་སྐུའི་ཁྱད་པར་གྱི་དགའ་བ་དང་གསུང་གི་ཁྱད་པར་གྱི་དགའ་བ་དང་སེམས་ཀྱི་ཁྱད་པར་གྱི་དགའ་བ་དང་ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྒན་པོ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། ཕྱག་རྒྱ་ཆེན་པོ་ཞེས ་པ་ན་མཁའ་ལས་བྱུང་བའི་གཟུགས་ཏེ། དེ་རང་གི་ངང་གིས་འབྱུང་བའི་སྒོམ་པ་ཞེས་བྱ་བ་ལ་རྗེས་ཆགས་ལས་སྐྱེས་པ་གཡོ་མེད་ཅེས་པ་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་དུ་གཡོ་ཞིང་ཟག་པ་འགེག་པ། གང་གི་ཟླ་བ་བདུད་རྩི་མི་འཛག་པའི་བདེ་བ་ཉིད་ཀྱིས་ན་སྐུའི་ལྷན ་ཅིག་སྐྱེས་པའི་དགའ་བ་དང་ངག་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཅན་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དབང་བསྐུར་བཞི་པའོ།། འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྒྲིབ་པ་མེད་པ་ལྷག་པར་རྟོགས་པ། གྲུབ ་པའི་དངུལ་ཆུ་ཡིས་ཟངས་ལ་སོགས་པ་རྣམས་གསེར་གྱི་ངོ་བོ་བཞིན་དུ་སྒྲིབ་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་སྐྱེ་དགུའི་དངོས་པོར་འགྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་སྐྱེ་དགུའི་བདག་པོའོ།། ཁུ་བ་སྟེང ་སང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པའི་འཁོར་ལོ་རྣམས་སུ་བགྲོད་པ་གཉིས་སུ་མེད་པ་མི་འགྱུར་བ་འདི་ཁོ་ནའི་མིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིའོ།། དཔྲལ་བར་བགྲད་པ་ནི་ཤིན་ཏུ་རྣམ་པར་དག་པ་ལ་སོགས་པ་རྡོ་རྗེའི་རྣལ་འབྱོར་རྣམ ་པ་བཞིའོ།། གཙུག་ཏོར་དུ་བགྲོད་པར་ནི་དུས་ཀྱི་འཁོར་ལོའོ་ཞེས་པ་སེམས་དཔའ་དྲུག་རྣམས་སོ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་སྲེག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་འདི་ཉིད་ཀྱི་ནི་སྒྲུབ ་བྱེད་དེ་གསལ་བར་འགྱུར་བ་དུ་བ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་པས་བྱའོ།། ཅི་ལྟར་གྱུར་པ་རྣམས་ཀྱིས་ཤེ་ན་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་རབ་ཏུ་གྲགས ་བ་སྟོང་པ་ལ་གློ་བུར་དུ་སོ་སོར་སྣང་བའི་ཕྱིར་རབ་གསལ་དེ་རྣམས་ཀྱིས་སོ།། རྣམ་པར་རྟོག་པ་ཐམས་ཅད་དུ་ཉེ་བར་ནུབ་པའི་ཕྱིར་བསོམས་པ་མ་ཡིན་པ་རྣམས་ཀྱིས་སོ།། དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པ་ཉིད་ཀྱི་ཕྱིར་མཚན་མ་རྣམས་ཀྱིས་སོ།། གཟུང ་བ་དང་འཛིན་པ་དང་བྲལ་བ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རང་སྟེ། དེའི་གཟུགས་བརྙན་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་བ་རྣམས་ཀྱིས་སོ་ཕྱི་དང་ནང་གི་དྲི་མས་མ་གོས་པ་ཉིད་ཀྱི་ཕྱིར་ནམ་མཁའ་མཉམ་པ་རྣམས་ཀྱིས་སོ།། ཡོད་པ་དང་མེད་པ་ལ་སོགས ་པའི་རྣམ་པར་རྟོག་པའི་རྙོག་པས་མ་མཚན་པ་ཉིད་ཀྱི་ཕྱིར་ཡོད་དང་མེད་ལས་རྣམ་པར་འདས་པ་རྣམས་ཀྱིས་སོ།། རྣལ་འབྱོར་པའི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་རྟོགས་པའི་དོན་རྣམས་ཀྱིས་སོ།། རྣམ་པ་ཐམས་ཅད་དུ་མ་བྱས་པ་རྨད་དུ་བྱུང ་བ་རང་བཞིན་མེད་པའི་དངོས་པོའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས་དོར་བ་རྣམས་ཀྱིས་སོ།། ཕྱི་ནང་མཐའ་དག་ཁྱབ་པ་དཀར་པོ་ངུ་བའི་རྣམ་པ་སྟོང་པའི་སྣང་བ་སྟེ། འདི་ཡང་སྤྲིན་ལྟར་སྣང་བའི་དེ་མ་ཐག་ཏུ་འབྱུང་ངོ་།། ཇི་སྐད་དུ་གསུངས ་པདང་པོ་སྤྲིན་དང་འདྲ་བར་སྣང་།། གཉིས་པ་དུ་བ་ལྟ་བུའོ་ཞེས་སོ།། དེ་བཞིན་དུ་གཡོ་བའི་ཆུའི་རྣམ་པ་སྨིག་རྒྱུའོ།། མཁའ་སྣང་དང་སྒྲོན་མའི་རྣམ་པ་དག་ནི་རབ་ཏུ་གྲགས་སོ།། མཚན་མ་བཞི་པོ་འདི་རྣམས་ནི་བུག་པ་མེད་པའི་ཁང་པར་མུན་པ་ལ་འབྱུང་བ་ཉིད་ཀྱི་ཕྱིར་མཚན ་མོའི་རྣལ་འབྱོར་དང་ན་མཁའི་རྣལ་འབྱོར་རོ།། ཇི་སྐད་དུ་དཔལ་འདུས་པ་ལ་སོགས་པར་དང་པོ་དང་གཉིས་པ་བཟློག་པས་གསུངས་པ། འགོག་པ་རྡོ་རྗེ་བགྲོད་སེམས་ལ།། མཚན་མ་ཉེར་འཛིན་སྐྱེ་འགྱུར་བ།། དང་པོར་སྨིག་རྒྱུའི་རྣམ་པ་སྟེ།། གཉིས་པར་དུ་བ་ལྟ་བུའོ།། གསུམ་པ ་མཁའ་སྣང་རྣམ་པ་སྟེ།། བཞི་པར་སྒྲོན་མ་རབ་འབར་བའོ།། ལྔ་པ་རྟག་ཏུ་སྣང་བ་ནི།། སྤྲིན་མེད་ན་མཁའ་ལྟ་བུའོ་ཞེས་སོ།། དེ་ནས་སྤྲིན་མེད་པའི་ན་མཁའ་དང་འདྲ་བར་སྣང་བ་སྔོན་དུ་འགྲོ་བའི་མེའི་རྣམ་པ་སྟོང་པའི་སྣང་བ་ནི་འབར་བའོ།། ཟླ་བ་དང་ཉི་མའི་སྣང་བ་དག་ནི་རབ་ཏུ ་གྲགས་སོ།། མུན་ཙནཱ་ནི་སྒྲ་ཅན་གྱི་སྣང་བ་སྟེ་རིན་པོ་ཆེ་ནག་པོ་ལྟར་སྣང་བའོ།། ཆ་ཞེས་པ་གློག་གི་སྣང་བའོ།། ཐིག་ལེ་ཆེ་ཞེས་པ་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གསལ་བར་བྱེད་པ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ།། མཚན་མ་དྲུག་པོ་འདི་རྣམས ་ན་མེད་པའི་ནམ་མཁའི་སྣང་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཉིན་མོའི་རྣལ་འབྱོར་དང་བླ་གབ་མེད་པའི་རྣལ་འབྱོར་རོ།། དེ་ནས་དེའི་དབུས་སུ་སོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གཟུགས་མཐོང་བ་སྔོན་མ་ཅན། སྐད་ཅིག་གཅིག་ལ་ལག་པར ་གནས་པའི་ཆུ་ལྟ་བུར་ཤིན་དུ་དང་བ་རྣམ་པ་ཐམས་ཅད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ།། བཀབ་དང་མ་བཀབ་མིག་ངག་གིས། ཤེས་པ་བར་སྣང་ལ་ལྟུང་བ་ཉིད་ཀྱིས་ན་ཕྱེད་བཙུམས་པའི་མིག་དགྲ ་གིས་སྟོང་པར་ཏེ་ན་མཁའ་ལ་གཟུང་བ་དང་འཛིན་པ་དང་བྲལ་བ་ལ་ས་བརྟགས་མིན་པ་རྣལ་འབྱོར་བའི་མངོན་སུམ་མོ།། གཟུགས་དེ་སྟེ་དུ་བ་ལ་སོགས་པ་བསྒོམ་པར་བྱ་རང་གིས་ཉམས་སུ་མྱོང་བྱའོ།། རྣལ་འབྱོར་གཉི་ས་དག་ཀྱང ་དཔལ་དང་པོའི་སངས་རྒྱས་སུ་བཀའ་སྩལ་པ། ན་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ན་རྡོ་རྗེའི་ལམ་དུ་རབ་ཞུགས་པས།། སྟོང་པ་ལ་ས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མེད་མཁའ་སྣང་ཉིད་དང་མར་མེ་དང་།། འབར་བ་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག ་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར།། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་བྲལ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་སོ།། རྒྱལ་བའི་ཡུམ་བར་མར་ཡང་བཀའ་སྩལ་པ། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་སྒྲོན་མ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་པ་ལ་སོགས་པའོ།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དཀའ་སྩལ་པ། ཀོའུ ་ཤི་ཀ་གང་ན་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ།། གང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ ་མཚན་ཡང་དག་པར་རྗོད་པར། སངས་རྒྱས་ཐམས་ཅད་མངོན་སུམ་པ།། ཡེ་ཤེས་མེ་ལྕེ་འོད་རབ་གསལ། ཞེས་པ་ལ་སོགས་པའོ།། དེ་ལྟར་ནི། བླ་མའི་བཀའ་ཡི་ཉམས་མྱོང་མེད་པ་ལས།། སྔགས་ཀྱི་ཚུལ་གྱི་གཏམ་དང་གཏམ་ཡིན་ཏེ། གང་ཕྱིར ་འདི་ནི་བླ་མའི་བཀས་གནང་བའོ།། ཤས་ཆ་ལངས་སྤྱད་སྔོན་དུ་འདྲ་ཟན།། བའི་རླུང་དུམམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དང་མོང་ལས་རྣམ་པར་འདས།། གཉིས་མེད་དངོས་པོ་དངོས་མང་ཟད།། སྣང་ཉིད་སྙིང་རྗེ་དབྱེར་མེད་པ།། རྡོ་རྗེའི་རྣལ ་བདེ་བ་ཆེ།། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས།། སྟོང་པའི་ཆོས་ནི་རྣམ་པར་སྤངས།། རྟག་དང་ཆང་ལས་ངེས་པར་གྲོལ།། རྡོ་རྗེའི་རྣལ་འབྱོར་གཉིས་རྟོགས་མེད་ཅེས་སོ།། གཞན་དུ་ཡང་། བསམ་པ་ཐམས་ཅད་ཡོངས་སྤངས་ནས།། ཉིན་གཅིག་ཡོངས་སུ་བརྟག ་པར་བྱ།། གལ་ཏེ་ཡིད་ཆེས་མ་གྱུར་ན། དེ་ཚེ་དེར་ངའི་ཚིག་དེ་བརྫུན།། ཅེས་སོ།། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། གང་གི་བློ་ནི་རྟེན་མེད་པ།། ཡོད་དང་མེད་ལས་རྣམ་པར་འདས།། དེ་ཡིས་ཟབ་མོ་དམིགས་པ་མེད།། ཡིད་ཆེས་དོན་ལ་རྣམ ་པར་སྒོམ་ཞེས་སོ།། འཕགས་པ་ལྷའི་ཞབས་ཀྱིས་ཀྱང་།། བཅོམ་ལྡན་སྲོག་གི་བདག་པོ་རྗེ་བོ་འདིར་དཔེ་གཉིས་ཀར་ཚིག་པར་ཆད་རང་ཉིད་ལ་ནི་ཐིམ་གྱུར་ཅིང་།། འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་འཇུག་པའི་ཆོ་གས་རབ་ཞི་བར་གྱུར་པ་ན།། གང་ཞིག་རྣལ ་འབྱོར་དབང་ཕྱུག་རྣམས་ཀྱི་སྣང་བ་ཤིན་ཏུ་འོད་གསལ་རབ་འབྱམས་འདི།། རང་ལུས་ཉིད་ལས་ངེས་འཐོན་མུན་པ་བཅོམ་ནས་འཇིག་རྟེན་གསུམ་པོ་གནོན་པར་བྱེད།། ཅེས་སོ།། ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་ཀྱང་གསུངས་པ། སྣང་བ་ཐོབ་པའི་རྣལ ་འབྱོར་པས།། འདིར་ནི་རྟགས་རྣམས་ཤེས་བྱ་སྟེ།། གྲུབ་ལ་འཁྲུལ་པ་མེད་པ་རྣམས།། ལམ་ནག་གི་ནི་དུ་བ་བཞིན། ཞེས་སོ།། ཡང་། གནས་སྐབས་དེ་ཡང་རྣམ་མི་ཤིས།། ཇི་ལྟའི་སྟོང་ཉིད་བརྗོད་པར་བྱ།། འཇིག་རྟེན་གྲགས་པ་ཁོ་ན་མིན།། མེད་པར་སྨྲ ་དོན་རྗེས་འགྲུམན།། མག་ངག་རངས་པར་བྱེད་པ་དང་།། མགོ་པོའང་རུང་པ་ཉིད་དུ་ནི།། སེམས་དང་སེམས་བྱུང་མོ་གཡོ་དང་།། སྟོང་ཉིད་མཐོང་བའི་སྟོང་པ་ཉིད།། ཅེས་པ་ལ་སོགས་པའོ།། ས་ར་ཧའི་ཞབས་ཀྱིས་ཀྱང་།། ཐམས་ཅད་དངོས་པོར ་རྟོགས་པ་དང་ལྡན་གཡོ་བའི་ཡིད་ནི་འཁོར་བ་འདིར།། གཡེང་སར་རབ་ཏུ་ལྟུང་འགྱུར་བློ་ཡང་རྨོངས་པར་རབ་ཏུ་ལྟུང་བར་འགྱུར།། གལ་ཏེ་འདིར་ནི་གང་ལས་དམིགས་པའི་དོན་མེད་ཆོས་རྣམས་རྟག་རེངས་པར།། གྱུར་པ་དེ་ཚེ་ལྷ་མོ་ཕྱག་འཚལ་བདེ་བ ་དམ་པ་དཔལ་གྱི་མཐུ། ཞེས་སོ།། གཞན་བྱིས་ཀྱང་གསུངས་པ། གང་དུ་དྲི་མ་མེད་པའི་མཁའ་ལ་མིག་ཕྱེད་བཙུམས་པ་ན།། ཐུགས་རྗེ་ཆེན་པོ་འཕྲོ་བས་རླན་པ་བསམ་པའི་རྟེན་ཟ་ལས།། ཡོད་དང་མེད་དང་གཉིས་དང་དངོས་དང་དངོས་མེད ་འབྱེད་པ་བྲལ།། སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མཐའ་དག་གློ་བུར་འཆར།། དེ་བཞིན་དུ། དང་པོར་ཐོག་མཐའ་ལས་གྲོལ་བའི།། དབུ་མ་ཙམ་ལ་ཡང་དག་གནས།། གང་ཞིག་དོར་གནས་འདོར་བ་སྟེ།། འདི་ཡི་སྣང་བ་བཅུ་བདག་ཉིད། ཅེས་སོ།། འདིར ་བསོད་ནམས་དང་ལྡན་པ་རྣམས་ཀྱི་བླ་མ་ཆེན་པོའི་བཀའ་དྲིན་ལས་བར་སྣང་ལ་ཁོང་དུ་ཆུད་པ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་རྡོ་རྗེའི་གླུར་ཀུན་རྫོབ་དང་དོན་དམ་པའི་ཚིག་གིས་གསུངས་ཏེ། དཔལ་ལྡན་དཔའ་བོ་ས་ར་ཧ་ཡིས་གསུངས་པ། རྨོངས ་པ་བར་སྣང་ཚང་རྣམས་ནི། གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད།། དང་པོར་རྣམ་དག་ན་མཁའ་ལ།། བལྟ་ཞིང་ལྟ་བས་མཐོང་པོ་འགག། དེ་བཞིན་དུ། ཆོས་ཀྱི་ཚད་ནི་འདི་ཡིས་ཆོ་ག། མིག་ཕྱེད་གྱེན་དུ་བལྟ་བ་ན།། མཐོང་བ་བརྟན་པ་ཉིད་ཀྱིས་ཤེས།། ་རྨད་བྱུང་ན་མཁའི་དཀྱིལ་ཤར་བྷུ་སུ་ཀཱ།། སྟོང་པའི་གཟུགས་མཛེས་ལྟོས་ཤིག་བྷཱུ་སུ་ཀཱ།། དཔེ་མེད་མེ་ཏོ་ག་རྒྱས་སོ་བྷུ་སུ་ཀཱ།། རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང་།། མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན།། མེ་ཏོག་འདི་ནི་སྟོང་པའི་དགོན་པར་རྒྱས།། དེ་བཞི ་དུཿལཱ་མཱ་ན་མཁའི་མེ་ཏོག་ཤར།། རག་ཏུ་མི་གནས་ལྕི་བའོ།། བལྟ་ཞིང་ལྟ་བས་ནཱམ་ལངས་ཀྱང་།། ཤཱན་ཏི་སྒྲོན་མས་ལམ་ཚོལ་ལོ།། དེ་བཞིན་དུ། སྐྱ་རེངས་ཤར་རོ་བྷུ་སུ་ཀཱ།། ཤཱན་ཏིས་སྨྲས་པ་ནམ་ལངས་ཐུན།། གང་ཚེ་ཟླ་བ་ཉ་ཤར་གྱུར་པ།། དེ་ཚེ་སེམས ་ཀྱི་རྒྱལ་པོ་རབ་ཏུ་ཉལ།། དགའ་དང་སྙིང་རྗེའི་ཊ་མ་རུ་ཡི་སྒྲ།། འཕགས་པ་ལྷ་ཡི་དམིགས་པ་མེད་པ་གསལ།། གཡོན་དང་གཡས་སུ་ཁྲ་བ་ལ། ཀཱཧྞས་སྨྲས་པ་བར་ལམ་མོ།། སེམས་རྟོགས་རིན་ཆེན་རབ་དགས་གྲོལ།། གྲོང་ཁྱེར་མི་སྨྲ་རྨོངས་པ་རྣམས།། ་མེ་ཏོག་ལྔ་བྱུང་དེ་རུ་ཐིམ།། དགའ་བའི་སེམས་ནི་ན་མཁའ་བྱིན། དེ་བཞིན་དུ། རྨད་དུ་བྱུང་བ་གང་ཞིག་མཐུ་ལས་བྱུང་།། གང་ཞིག་ཉི་ཟླ་བཅིངས་ཤིང་སྒྲོན་མེ་སྦར།། ཤཱན་ཏི་རང་ཉིད་དབང་བཞག་རང་ཉིད་རྒོད།། ན་མཁའི་སྦྲུམ་མ་ལས་ནི་སྐྱེ་བ་མཐོང་།། ་སླར་ཡང་ཟབ་མོའི་ཆོས་ཐོས་ནས་ནི་ལམ་ངན་པ།། མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད།། གལ་ཏེ་ན་མཁའི་རྩེ་མོར་མེ་ཏོག་རྒྱས།། ཤཱན་ཏིས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད་།། གཞན་རྣམས་ཀྱིས་ཀྱང་གསུངས་པ།། བར་སྣང་ལ་ནི་ཡིད་དང་རླུང་དང་མིག། ་དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན།། རྒྱལ་པོའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ།། འདི་རྣམས་མཐའ་དག་དེ་བཞིན་གཤེགས་པའི་གསུང་།། སྣ་ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར།། གལ་ཏེ་བར་སྣང་ལ་ནི་མིག་གཏད་ན།། ཕྱོགས་བཅུའི ་འཇིག་རྟེན་དག་ནི་ཡིན་ནམ་སྙམ། རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ།། དེ་བཞིན་དུ། རང་ཡིད་མཚན་ཉིད་མཐའ་དག་བྲལ་བ་ཡིས།། མིག་ཕྱེད་གྱེན་དུ་བལྟ་བ་དང་བཅས་པས།། གལ་ཏེ་དབུ་མར་རླུང་ནི་བུས་གྱུར་པ།། དེ་ཚེ ་རྡོརྗེའི་མེ་དང་དུ་བ་འབྱུང་།། ཞེས་སོ།། དེའི་ཕྱིར་སངས་རྒྱས་ཉིད་དུ་གཉེར་བས་ཐེ་ཙོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ།། འོ་ན་ཕྱག་རྒྱ་ཆེན་པོ་བསྒོམ་པའང་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་གིས་མཚན་མ་མེད་པ་མ་ཡིན་ནམ། སྒྲོ་བཏགས་པ ་དེ་ཅི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ།། མན་ངག་ཇི་ལྟ་བ་བཞིན་ཏེ། ཕྱི་རོལ་དང་ནང་གི་དངོས་པོ་མེད་པ་ལ་དེ་ཉིན་ལ་གཟུགས་བརྙན་གྱིས་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་ཡིན་ཏེ། སྒོམ་པ་དེ་ནི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་སྒོམ་པ ་མ་ཡིན་ནོ།། འོ་ན་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་རྣམ་པར་རྟོག་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཅི་ལྟར་དངོས་པོ་མེད་པ་སྒོམ་པ་ནི་སྒོམ་པ་མ་ཡིན་ཞེ་ན། དངོས་པོ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་རྣལ་འབྱོར་པའི་སྟོང་པ་ཉིད་ཀྱི་གཟུག ་ལ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་མེད་པས་སོ།། ཅིའི་ཕྱིར་ཞེ་ན་གསུངས་པ། གང་གི་ཕྱིར་སྟོང་པ་ཉིད་ཀྱི་གཟུགས་ལ་མ་བརྟགས་པའི་དུ་བ་ལ་སོགས་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ།། བསམ་པ་ནི་འདི་ཡིན་ཏེ་གལ་ཏེ་བརྟགས་པར་གྱུ་ན་ནི་ཐུམ ་པ་ལ་སོགས་པ་བཞིན་དུ་དངོས་པོར་འགྱུར་ཞིང་། གལ་ཏེ་མཐོང་བ་མ་ཡིན་པོར་གྱུར་ན་དེའི་ཚེ་མོ་ག། ཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པར་འགྱུར་རོ།། འདིར་ནི་རྣམ་པར་བརྟགས་པ་མ་ཡིན་པར་མངོན་སུམ་དུ་མཐོང་བའི་ཕྱིར་ཐམས་ཅད་ལེགས་པར ་གནས་སོ།། རྣམ་པར་མ་བརྟགས་པར་མཐོང་བ་འགྲུབ་པའི་དོན་དུ་རྗེས་སུ་མཐུན་པའི་དཔེ་གསུངས་པ། པྲ་ཕབ་པའི་སྒྲུབ་པ་པོས་བསམས་པ་དངོས་སྐྱེས་མིན་པ་ཆོམ་རྐུན་ལ་སོགས་པ་བམ་པོའི་ཆོས་ལས་སྐྱེས་པ་མ་ཡིན་པའོ།། རྣམ་པར་མ་བརྟགས་པར་མཐོང ་བ་འདི་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་མ་ཡིན་ཏེ། དང་པོ་པམ་ཡིན་པའི་དོན་བྱ་བའི་འབྲས་བུ་ཅན་ཉིད་ཙམ་ཉེ་བར་དམིགས་པའི་ཕྱིར་རོ།། འཇིག་རྟེན་ནའང་དངོས་པོ་བར་མེད་པའི་དོན་ཡང་སྒྱུ་མ་དང་རྨི་ལམ་དང་དབང་པོའི་གཞུ་ལ་སོགས་པ་མཐོང་ངོ་།། ་དེ་ཉིད་ཀྱི་ཕྱིར་གསུངས་པ།། མེད་པའི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རྣམ་པར་རྟོག་པ་མེད་པའི་ཤེས་པ་ལས་སྐྱེས་པའོ།། རྣམ་པ་ཐམས་ཅད་པའི་འགྲོ་བའི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་ནོར་བུ་ལྟ་བུའོ།། དཔེ་དག་པ་གསུངས་པ ་ནི་སྔོན་མ་མཐོང་བའི་རྐུན་མོ་ལ་སོགས་པས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་གིས་གཞོན་ནུ་མ་འདིར་གནས་པས་པྲ་ཕབ་པར་གྱུར་པ་ན་མཐོང་སྟེ། སྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་ནི་གནས་དེ་དང་དེར་སོང་ནས་གཞོན་ནུ་མས་སྨྲས་པ་ཐུན་མོང ་པའི་མིག་ངག་གིས་མཐོང་ངོ་།། བསམ་པ་ནི་འདི་ཡིན་ཏེ། རྣལ་འབྱོར་པ་བྱང་ཆུབ་ཀྱི་སེམས་ཟླ་བ་མ་གཡོས་པས་ནི་གྲུབ་པའི་མན་ངག་གི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་ཅན་གྱི་གཞོན་ནུ་མ་བཞིན་དུ་མན་ངག་མེད་པའི་སོ་སོ་སྐྱེ་བོས་རྟོགས་པར་བྱ ་བ་མ་ཡིན་པ་ན་མཁའ་ལ་མཐོང་བའོ།། དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་སུ་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པའོ།། གཞན་གྱི་མིག་དཔྲལ་བ་ལ་སོགས་པ་ན་ཡོད་པ་དག་གིས་མི་མཐོང་ཞིང་།། རང་གི་མག་དག་གིས་ཀྱང་མ་ཡིན་ཏོ།། ་གཞན་གྱི་ཚེ་མ་མཐོང་བའི་ཕྱིར་རོ།། པྲ་ཕབ་པའི་དཔེ་འདིས་རྣལ་འབྱོར་པའི་མངོན་སུམ་ནི་རྣམ་པ་ཐམས་ཅང་དུ་རང་བཞིན་མེད་པའི་ཕྱིར་མ་སྐྱེས་པ་རྨི་ལམ་དུ་གཞོན་ནུ་མའི་བུ་ཉེ་བར་དམིགས་པ་ལྟ་བུར་ཐམས་ཅད་མཁྱེན་པའི་ཡེ ་ཤེས་གྲུབ་བོ།། ཏིང་ངེ་འཛིན་རྒྱལ་པོའི་མདོ་རཾ་ཡང་གསུངས་པ། ཇི་ལྟར་རྨི་ལམ་ནང་འདིར་གཞོན་ནུ་མོ།། དེ་ཡི་བུ་སྐྱེས་པ་དང་ཤི་བའང་མཐོང་།། སྐྱེས་ནི་དགའ་དང་ཤི་ན་མྱ་ངན་པ་ནས། དེ་ལྷའི་དཔེ་ཡིས་ཆོས་ཀུན་ཤེས་པར་གྱིས།། ཞེས་སྷོ།། ་གཟུགས་བརྙན་ཞེས་པ་རྣམ་པ་ཐམས་ཅད་པ་སྣ་ཚོགས་པའི་གཟུགས་བརྙན་ནོ།། སྲོག་རྩོལ་ནི་ལྟེ་བ་ལས་སྟེང་དང་འོག་གི་རྩ་གསུམ་གསུམ་རྣམས་སུ་རིམ་པ་ཇི་ལྟ་བུར་སྲོག་དང་ཐུར་སེལ་གྱི་རླུང་དག་འགོག་པ་ཏེ། སྲོག་རྩོལ་ནི་ལུས་ལ་སོགས་པའི་ཁམས ་འགོག་པར་བྱེད་པ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཇི་ལྟར་གྱུར་པ་རྣམས་སུ་ཞེ་ན། སྟེང་དུ་གཡོན་པ་དང་གཡས་པ་དང་དབུ་མ་རྣམས་སུ་དང་། འོག་ཏུ་དབུ་མ་དང་གཡོན་པ་དང་གཡས་པ་རྣམས་སུ་ཟླ་བ་ལ་སོགས་པའི་ཁམས་འབབ་པ་རྣམས་སུ་སྟེ། དེ་བཞིན་དུ་ཆུ ་ལ་སོགས་པ་འབབ་པ་རྣམས་ལའོ།། གཞན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་རིགས་རྣམས་ལའོ།། ཟླ་བ་ཞེས་པ། སྟེང་དུ་ཟླ་བ་ལ་སོགས་པའི་རྩ་གསུམ་ལུས་དང་ངག་དང་སེམས་རྣམས་ཏེ། འོག་ཏུ་བཤད ་བ་ལ་སོགས་པའི་རྩ་གསུམ་ཡང་ངོ་།། ཟླ་བ་ཞེས་པ་སྟེ། དེ་ལ་ཐབས་ཀྱི་སྟེ་ཁུ་བའི་ཁམས་ཀྱི་ཟླ་བའི་རྩ་སྐུར་རུ་འགྱུར་རོ།། ཤེས་རབ་ཀྱི་སྟེ་རྡུལ་གྱི་ཁམས་ཀྱི་ཉི་མའི་རྩ་གསུང་དུ་འགྱུར་རོ།། རྡུལ་གྱི་ཁམས་ཁོ་ནའི་བཤད་པའི་རྩ་ནི་སྐུའོ།། གཙོ་བོ་སྟེ ་ཁུ་བའི་ཁམས་ཀྱི་གཅི་བ་འབབ་པ་གསུང་ཡིན་ནོ།། སྟེང་ཞེས་པ་ཁུ་བའི་ཁམས་ཀྱི་ཐུགས་སྒྲ་གཅན་འབབ་པ་སྟེ། རྡུལ་གྱི་ཁམས་ཀྱི་ཐུགས་ཁུ་བ་འབབ་མའོ།། སྟེང་འོག་རིགས་དྲུག་ཅེས་པ་ཆུ་དང་རླུང་དང་ན་མཁའ་འབབ་པ་རྣམས་ཐབས་ཀྱི་ཡན་ལག་ཉིད་ཀྱི་ཕྱིར ་དང་། ས་དང་མེ་དང་ཡེ་ཤེས་འབབ་པ་རྣམས་ཤེས་རབ་ཀྱི་ཡན་ལག་ཉིད་ཀྱི་ཕྱིར་རོ།། ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་ནང་དུ་འཆི་བ་དེ་འཆང་བར་འགྱུར་བའི་ངེས་པས་འཆི་ལྟས་སུ་འགྱུར་ཏེ་ལྷག་པའི་རླུང་འབབ་པ་རྣམས་ཀྱིས ་སོདྷ་མུན་ཅན་ཞེས་པ་ལ་སོགས་པ་མདོར་བསྟན་པ་སྟེ། དེའི་རྒྱས་པར་བཤད་པ་སྐྱེ་དང་ཞེས་པ་ལ་སོགས་པའོ།། ཁུ་བ་འབེབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཨ་བ་དྷཱ་ཏཱི་ཡང་སྐྱེ་བ་ལ་སོགས་པའི་དུས་གསུམ་དུ་འབབ་པོ།། གཞན་ཡང་དུས་སྦྱོར་བཅུ་གཉིས་ལ ་འཁོར་བར་མཚུངས་པའི་ཕྱིར་ཉི་མའི་སྟེ་སྲོག་གི་རླུང་གི་ལུག་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉིད་སྣ་བུག་གཡོན་པ་ནས་གླང་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉི་གཡས་པའི་བུ་གུར་འཕྲོ་བ་ན་མཉམ་པ་ཞེས་བྱ་བ་ལ་ཡང་འབབ་པོ།། དེ་རྒྱས་པར་འཆང་བ ་དུས་སྦྱོར་འཆར་བའི་ཞེས་པ་ལ་སོགས་པ་སྟེ། ཟླ་བ་དང་ཉི་མ་དག་ལ་མཉམ་པ་འབབ་པའི་ཕྱིར་མཉམ་པའོ།། མཉམ་པའི་གྲངས་གསུངས་པ་རྐང་ཞེས་པ་ལ་སོགས་པ་སྟེ། དུས་སྦྱོར་གཅིག་འཆར་བའི་མངོན་མཚམ་སུ་འཇུག་པ་དང་འབྱུང་བ་དག་གཅིག ་ཏུ་བྱས་པའི་ལན་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་པོ།། དེ་བཞིན་དུ་ཉིན་མོ་དང་མཚན་མོའི་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་སུ་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་འབབ་བོ།། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གང་དྲུག་བརྒྱ་ལྷག་པའི ་སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་རྣམས་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་པོ་འདི་ཡིས་དམན་པ་རྣམས་ལ་ལ་ནཱ་དང་ར་ས་ནཱ་འབབ་པོ།། ཉིན་ཞག་སོ་སོར་དབུ་མའི་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་པོ་རྣམས་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་རྣམ ་ཀྱིས་བསྒྱུར་ཏེ། དེ་ལས་ཉིན་ཞག་གི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་བགོས་ནས་ཐོབ་པ་དེ་རྣམས་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་རྣམས་སོ།། དེ་རྣམས་ཀྱང་ལོའི་ཉིན་ཞག་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས ་ཀྱིས་རྣམ་པར་ཕྱེ་བ་རྣམས་ཕྱོགས་གསུམ་ལྷག་པའི་ལོ་གསུམ་རྣམས་སུ་འགྱུར་རོ།། སྟེང་དུ་གཡོན་པ་གང་ཡིན་པ་དེ་ཁོ་ན་ཟླ་བ་དང་རྐྱང་མ་དང་ལུག་དང་ཆུ་འབབ་པ་སྟེ་དེ་བཞིན་གཤེགས་པ་འོད་དཔག་མེད་རང་བཞིན་ནོ།། གཡས་པ་ནི་ཉི་མ་དང་སེར་སྐྱ་དང་གཞན ་ཞེས་པ་རོ་མ་དང་མི་འབབ་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཡང་ངོ་།། འོག་ཏུ་དབུ་མ་བཤང་བའི་རྩ་དང་ས་འབབ་པ་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡང་ངོ་།། གཡོན་པ་ནི་གཅི་བའི་རྩ་དང་རླུང་འབབ་པ་སྟེ།། དོན་ཡོད་གྲུབ་པའི་རང་བཞིན་ནོ།། སྟེང་དུ་དགྲ ་མ་ནི་སྒྲ་གཅན་གྱི་རྩ་སྟེ་སྟོང་པ་འབབ་པར་བྱེད་མ་དང་མི་བསྐྱོད་པའི་རང་བཞིན་ནོ།། དེ་ཁོ་ན་འོག་ཏུ་གཡས་པ་ཁུ་བའི་རྩ་སྟེ་ཡེ་ཤེས་འབབ་པར་བྱེད་མ་དང་རྡོ་རྗེ་སེམས་དཔའི་རང་བཞིན་ནོ།། བཤད་པའི་རྩ་སྟེང་དུ་ཟླ་བའི་ལམ་དང་གཅིག་ཏུ་འགྱུར་ཏེ་བུག་པ་གཅིག་པ་ཉིད་ཀྱི ་ཕྱིར་རོ།། དེ་བཞིན་དུ་གཅི་བའི་རྩ་ཉི་མ་དང་གཅིག་དུ་འགྱུར་རོ།། དེ་བཞིན་དུ་སྐྱེ་བ་ལ་སོགས་པ་བཞི་ལ་ཁུ་བའི་རྩ་སྒྲ་གཅན་དང་གཅིག་ཏུ་འགྱུར་རོ།། སྟེང་དུ་ཀུན་དར་མ་ལ་སོགས་པ་མིང་གསུམ་སྟེ། འོག་ཏུ་མཁ་འགྲོ་གདོང་ལ་སོགས་པ་མིང་གསུམ་མོ།། ལྟེ་བ་ལ ་སོགས་པའི་པདྨ་ལྔའི་ཟེ་འབྲུ་རྣམས་སུ་འབྱུང་བའི་ཀུན་འདར་མར་སོན་པའི་སྲོག་གི་རུས་པ་ས་ལ་སོགས་པ་ཁམས་རྣམས་རིམ་པས་འབབ་སྟེ། སྡུད་པ་ཡིས་མི་ཤེས་པ་ཕྱི་རོལ་དུ་འབབ་པས་ཁམས་ཟད་པའི་ཕྱིར་རོ།། འཇུག་པ་ནི་གཙུག་ཏོར་གྱི་པདྨ་ལ་སོགས་པའི་རིམ ་པས་ས་ལ་སྟེ་ལྟེ་བའི་པདྨ་ལ་ངལ་གསོ་བར་བྱེད་དོ།། སྤྲོ་བས་ཞེས་པ་ནང་དུ་འབབ་པས་ལུས་ཀྱི་ཁམས་འཕེལ་བའི་ཕྱིར་རོ།། དེ་ལྟར་ཀུན་འདར་མར་འགྲོ་བ་དང་འོང་བ་དག་གོ།། ལྷག་པར་ལུས་པ་ལས་རྐྱང་མ་དང་རོ་མ་དག་ལ་ནི་པདྨའི་འདབ་མ་རྣམས་ལ་སོང་བ་དང ་འོངས་པའོ།། ལྟེ་བ་ལ་སོགས་པ་གསུམ་ལ་རིམ་པས་ལུས་ལ་སོགས་པ་གསུམ་འབབ་པར་བྱེད་པ་དུང་ནྡན་མར་སོན་པའི་ཐུར་སེལ་གྱི་ནུས་པ་སྔ་མ་བཞིན་དུ་གནས་པའོ།། དུང་ཅན་མ་འདི་ཁོ་ན་ཆགས་པའི་བདེ་བ་ལས་ཁུ་བ་འབབ་པོ།། ཟླ་མཚན་གྱི་དུས་སུ ་ནི་དེ་ཁོ་ན་ཁྲག་འབབ་པོ་ཞེས་པ་ལ་སོ། གས་པས་ཤེས་རབ་དང་ཐབས་འཁྱུད་པ་འཆད་པར་འགྱུར་བའི་མདོར་བསྟན་པ་ནི་ཤེས་རབ་ཅེས་པ་ལ་སོགས་པའོ།། བུད་མེད་རྣམས་ཀྱི་དུང་ཅན་མ་ཁོ་ན་རྡུལ་འབབ་པའི་ཕྱིར་གཏུམ་མོ་སྟེ་ཁུ་བ་འབབ་པའི་ཕྱིར་མཁའ ་འགྲོ་གདོང་ངོ་།། ཀུན་འདར་མ་ནི་རྡུལ་འབབ་པ་ནི་གཡུང་མོ་སྟེ་སྐྱེས་པའི་ནི་ཀུན་འདར་མ་ཁོ་ནའོ།། སྣ་བུག་གཡོན་པ་ལ་འཆད་པར་འགྱུར་བའི་རིམ་པས་རྣམ་པར་ཤེས་པ་དང་འདུ་བྱེད་དང་ཚོར་བ་དང་འདུ་ཤེས་དང་གཟུགས་ཞེས་བྱ་བའི་ཕུང་པོ་ལྔ་འབབ་པ ་དེ་བཞིན་དུ་གཡས་པ་ལས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་ཞེས་བྱ་བའི་ཁམས་ལྔ་འབབ་པོ།། དབུས་སུ་ཞེས་པ་ཀུན་འདར་མ་ལ་ཕུང་པོ་དང་ཁམས་ཀྱི་བདག་ཉིད་ཅན་དྲུག་པ་ཡེ་ཤེས་ཀྱི་ཁམས་འབབ་པོ།། ལྟེ་བའི་པདྨའི་འདབ་མའི་གཡོན་གྱི་འདབ་མ་དྲུག་པོ ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་བདག་ཉིད་ཅན་རྣམས་ལ་སོ་སོར་རྣམ་པར་ཤེས་པ་ལ་སོགས་པ་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ།། དེ་བཞིན་དུ་གཡས་ཀྱི་འདབ་མ་དྲུག་པོ་གླང་དང་ཀཱརྐ ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་བདག་ཉིད་ཅན་རྣམས་ལ་སོ་སོར་ས་ལ་སོགས་པ་དཀྱིལ་འཁོར་ལྔའི་བདག་ཉིད་ཅན་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ།། རྩ་བར་ཞེས་པ་བུག་པ་གཡས་པའི་གནས་སུ་དབྱུ་གུ་རེ་རེས་ས་ལ་སོགས་པའི་དཀྱིལ ་འཁོར་རེ་རེ་འབབ་པོ།། སྣ་བུག་གཡོན་པའི་འདབ་མའི་དབུས་སུ་ཞེས་པ་ལ་སོགས་པས་འཆང་པར་འགྱུར་ཏེ། དེ་ལ་ལྟོས་པས་ན་སྣ་བུག་ངག་ལའོ།། ཞེས་གསུངས་སོ།། ས་ལ་སོགས་པ་དཀྱིལ་འཁོར་ཁོ་ན་ཆུ་ཚོང་དེ། དེ་ལ་ཆུ་ཚོད་གཅིག་ནི་འཇུག་པཱ་དང ་འབྱུང་བ་དག་གཅིག་ཏུ་བྱས་ནས་དབུགས་དྲུག་ཅུ་དང་བཅས་པའི་བརྒྱ་ཕྲག་གསུམ་འབབ་བོ།། དེ་ལྟར་དཀྱིལ་འཁོར་ལྔས་དུས་སྦྱོར་ཞེས་བྱ་བས་དབུགས་བརྒྱ་ཕྲག་བཅོ་བརྒྱད་རྣམས།། དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱིས་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ། ་རྩ་གཅིག་དབུགས་འབྱུང་བ་དང་འཇུག་པ་རྣམས་ཏེ། ལུས་ལ་ཆུ་ཚོད་དྲུག་ཅུ་རྣམས་སུ་འགྱུར་རོ།། སྣ་བུག་གཡོན་པ་ལ་འབབ་པའི་རིམ་པ་ནི་འདབ་མའི་དབུས་སུ་ནི་སྣ་བུག་གི་དབུས་སུའོ།། ཕུང་པོའི་རྟེན་ནི་འབྱུང་བ་ཞེས་པའི་གསུང་ལས། བརྟེན་པ ་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་རྣམས་དང་ལྷན་ཅིག་རྟེན་ན་མཁའ་ལ་རླུང་དང་ཆུ་དང་མེ་དང་སའི་ཁམས་ཀྱི་དབྱེ་བས་གསུངས། ན་མཁའ་ལ་སོགས་ཞེས་པའོ།། གཞན་ལས་སོ་ཞེས་པ་སྔ་མ་བཞིན་དུ་རྩ་བ་ནས་བརྩམས་ནས་ཞེས་པའི་དོན་ཏོ།། ་གཡོན་པར་རྣམ་ཤེས་སོགས་པས་འབྱུང་བ་ཞེས་སྤྲོ་བར་རྣམ་པར་བཞག་པར་བྱ་སྟེ་ཟླ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ།། གཡས་པར་ས་ལ་སོགས་པས་སྤྱད་པ་སྟེ། ཉི་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཡང་ན་གྲངབ་གཡོན་པར་ཟླ་བ་གནས་པ་ཤེས་རབ་དང་བཅས་པ ་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣམ་པར་དཤེས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། གཡས་པར་ཐབས་དང་བཅས་པའི་སྒྲ་ནཱ་མ་ལ་སོགས་པའི་རང་བཞིན་ས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། སྔགས་དང་ལྷའི་བདག ་ཉིད་སྤྲོ་བ་དང་སྡུད་པའི་ངོ་བོ་ཅན་ལྷན་ཅིག་སྐྱེས་པ་སེམས་ཅན་ཐམས་ཅད་ལ་གནས་པའོ།། ཤེས་རབ་ཅེས་པ་ལ་སོགས་པས་མདོར་བསྟན་པ་དེ་འི་ཤེས་རབ་དང་ཐབས་ཉིད་རྒྱས་པར་འཆད་དེ་ནུབ་ཅེས་པའོ།། སྣམ་བུ་སོ་སོར་ནུབ་ཏུ་སྟེ་ནུབ་ཕྱོགས་སུ་སའི ་རརཱ་བཞིན་སྤྱན་མེ་དང་རྣམ་པར་སྙིང་མཛད་ངག་གོ།། ཤར་དུ་རླུང་གི་རང་བཞིན་སྒྲོལ་མ་དང་དོན་ཡོད་གྲུབ་པ་དག་གོ།། དེ་ལ་རྣམ་པར་སྣད་སེཾན་གྱི་ཤེས་རབ་སྒྲོལ་མ་སྟེ།། དོན་ཡོང་གྲུབ་པའི་ནི་སྤྱན་མའོ་ཞེས་པ་བན་ཚུན་ཞལ་ཕྱོགས་པས་འཁྱུད་བའི་ངས ་དེའི་ཕྱིར་བྱང་ཆུབ་སེམས་དཔས་མཛད་པའི་ཐབས་དང་བྲལ་བ་བསྡུས་པའི་རྒྱུད་ཉན་པ་མ་རྙེད་པ་རྣམས་ལ་ཡང་དག་པར་ཡིད་ཆེས་པར་བྱེད་པའི་དོན་གསལ་བར་ཤེས་པར་བྱེད་པ་གསུངས་པ་མཐེ་བོ་ཞེས་པ་ལ་སོགས་པའོ།། གང་གི་ཕྱིར་ལག་པ་གཡོན་པའི ་མཐེ་ཆུང་ལ་སོགས་པ་སོར་མོ་ལྔ་རྣམས་ནམཁའ་ལ་སོགས་པའི་རང་བཞིན་རྣམས་ཀྱི་དབུས་སུ་མཐེ་བོ་དང་མིང་མེངས་དང་རླུང་གི་རང་བཞིན་དགེ་འཁྱུད་པ་ཚིམ་པར་བྱེད་པའི་ཕྱག་རྒྱ་སྟེ་གསང་བའི་དབང་བསྐུར་གྱི་དོན་དུ་སློབ་མགི་ཁ་དང་ལྷ་མཉེས་པར་བྱེད་པ་ལ་ཡང་སྟོན་པ་དེའི ་ཕྱི་ས་དང་རླུང་ཤེས་རབ་དང་ཐབས་ཉིད་དུ་གྲུབ་པོ།། འདིས་ན་བཤང་བ་དང་གཅ་བའི་རྩ་དག་ཤེས་རབ་དང་ཐབས་ཉིད་དུ་གཞུང་བཙུགས་པ།། གཡས་སུ་མེའི་རང་བཞིན་གོས་དཀར་མོ་དང་རིན་ཆེན་འབྱུང་ལྡན་དག་གོ།། གཡོན་དུ་ཆུའི ་རང་བཞིན་མཱ་མ་ཀཱི་དང་འོད་དཔག་ཏུ་མེད་པ་དག་གོ།། དེ་ལ་འོད་དཔག་མེད་ཀྱི་ཤེས་རབ་གོས་དཀར་མོ་སྟེ། རིན་ཆེན་འབྱུང་ལྡན་གྱི་མཱ་མ་ཀཱིའོ།། གང་གི་ཕྱིར་ལག་པ་གཡས་པའི་གུང་མོ་དང་མཛུབ་མོ་མེ་དང་ཆུའི་རང་བཞིན་དག་གིས་འཁྱུད་པ་རལ་གྲིའི་ཕྱག་རྒྱ ་ལ་སྟོན་པ་དེའི་ཕྱིར་མེ་དང་ཆུ་དག་ཤེས་རབ་དང་ཐབས་ཉིད་དུ་གྲུབ་སྟེ། འདིས་ནི་རོ་མ་དང་རྐྱང་མ་དག་ཤེས་རབ་དང་ཐབས་ཉིད་དོ།། དབུ་མ་ལ་སྟེང་གི་ཕྱོགས་སུ་རྣམ་པར་གནས་པ་སྟོང་པའི་ངོ་བོ་མི་བསྐྱོད་པ་ནི་འོག་གི་ཕྱོགས་སུ་རྣམ་པར་གནས ་པ་མི་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་ལྷན་ཅིག་འཁྱུད་པའོ།། ཕན་ཚུན་ཞེས་པ་ས་འཆད་པར་འགྱུར་བའི་སྟེང་དང་འོག་ཏུ་གནས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་སེམས་དཔའ་དག་འཁྱུད་པ་ཡང་ལྟོས ་སྔ་མ་ཕྱེད་ཤེས་པར་བྱེད་པ་ནི། གང་གི་ཕྱིར་ལག་པ་གཡས་པའི་ཁུ་ཚུར་ལ་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པར་བྱས་པ། མི་བསྐྱོད་པའི་མཆེ་བའི་ཕྱག་རྒྱ་གང་ཡིན་པ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱན་མའི་གྲ་གུག་གི་ཕྱག་རྒྱ་ཡིན་པ་དེའི་ཕྱིར ་སྟོང་པ་དང་ཡེ་ཤེས་ཀྱི་རིགས་ཅན་དག་ཤེས་རབ་དང་ཐབས་ཉིད་དོ།། འདིས་ནི་ཀུན་འདར་མ་དང་དུང་ཅན་མ་དག་ཤེས་རབ་དང་ཐབས་ཉིད་།། དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་རིགས་དྲུག་པ་འཁྱུད་པའི་ཡེ་ཤེས་པར་བྱེད་པ་གསུངས ་སྟེ། གང་གི་ཕྱིར་ལག་པའི་མཐིལ་གཡོན་པ་དང་གཡས་པ་སྦྱར་བར་བྱས་པ་སྤྱི་བོར་གཟུང་བ་ན་གང་གི་ཚེ་སྟོང་པ་ལ་སོགས་པའི་རང་བཞིན་སོར་མོ་རྣམས་ཕན་ཚུན་སྦྱོར་བ་དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར་བ་བྱས་པ་དེའི་ཚེ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་གཅིག ་པའི་ཕྱག་རྒྱ་ཡིན་ཞིང་། དེ་ཁོ་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གྲི་ཁུག་གི་ཕྱག་རྒྱ་ཆུ་གྲིའི་རྣམ་པ་ཅན་ཡིན་ཏེ། དེའི་ཕྱིར་འདི་དག་ཤེས་རབ་དང་ཐབས་ཉིད་དོ།། ཕྱི་རོལ་དུ་གྲི་གུག་དང་བཅས་པའི་རྡོ་རྗེ་རྩེ་གཅིག་པའི་བདག་ཉིད་རིགས་དྲུག་པ་གང་ཡིན་པ་དེ་ཡང ་ནང་དུ་མཉམ་པ་སྟེ་ཉི་མ་དང་ཟླ་བ་མཉམ་པར་འབབ་པ་ཉིད་ཀྱི་ཕྱིར་རོ།། དབུ་མའི་རྩ་སྟེ་ཨ་ཝ་དྷཱུ་ཏཱི་འབབ་པ་ནའོ།། མཉམ་པ་ནི་སྐྱེ་བའི་དུས་སུ་འབབ་པ་ལས་སྤྲོ་བའི་རྒྱུ་སྟེ། འཆི་བའི་དུས་སུ་འབབ་པ་ལས་སྡུད་པའི་རྒྱུའོ།། ཡང་ན་རྣལ་འབྱོར་པ་རྣམས་ཀྱི་དེ ་ཁོ་ན་ཉིད་སྒོམ་པས་ཕྱི་རོལ་དུ་འབབ་པ་འགག་པ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལ་སོགཅེས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྤྲོ་བའི་རྒྱུ་སྟེ། འཁོར་བ་པ་རྣམས་ཀྱི་མ་འགགས་པ་ནི་ཕུང་པོ་ལ་སོགས་པ་རྣམ་པར་འཇིག་པར་བྱེད་པ་ཉིད་ཀྱིས་ན་སྡུད ་པའི་རྒྱུའོ།། དེ་ལ་མཉམ་པ་ནི་སྔར་བརྗོད་པའི་སྣ་བུག་གཡོན་པར་འབབ་པའི་ཕུང་པོ་ལྔ་དང་།། སྣ་བུག་གཡས་པར་འབབ་པའི་ཁམས་ལྔ་དང་། ལྟེ་བ་དང་གསང་བ་དང་ནོར་བུའི་པད་མར་གནས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས།། དབུ་མའི་རྩར ་སོན་པ་ན་གཅིག་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནི།། དེ་ལྟར་རླུང་འབབ་པའི་རྣམ་པར་བཞག་པའི་ཟིལ་གྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་དང་ཡེ་ཤེས་ཀྱི་རྣམ་པར་བཞག་པ་གསུངས་པའོ།། གང་གི་ཚེ་སྟེང་དུ་ཟླ་བ་དང་ཉི་མ་སྒྲ་གཅན་གྱི་རྩ་རྣམས ་འགོག་པ་དེའི་ཚེ་འོག་ཏུ་བཤང་བ་དང་གཅི་བ་དང་ཁུ་བའི་རྩ་རྣམས་འགོག་པའོ།། དེ་བཞིན་དུ་སྟེང་དུ་གསུམ་པོ་གྲོལ་ན་འོག་ཏུའང་གྲོལ་བའོ།། རྩ་དྲུག་པོ་དེ་རྣམས་ཀྱང་སྔ་མ་བཞིན་དུ་སྤྲོ་དང་སྡུད་པའི་བྱེད་པ་ཅན་ནོ།། ལུག་ལ་སོགས་པ་མ ་མཉམ་པའི་དུས་སྦྱར་ལ་སྐྱེས་པ་ཚེ་ཐུང་བ་རྣམས་ཀྱི་ལུས་ལ་རླུང་དང་མཁྲིས་པ་དང་བད་ཀན་མི་མཉམ་སྟེ། མི་མཉམ་པ་ལས་སྲོག་ཅེས་བྱ་བའི་རླུང་དབྱུག་གུ་ལྔ་ལྔ་འབབ་པའི་རིམ་པ་ལས་བརྒལ་ནས་གཡོན་པའི་རྩར་ལྷག་པར་འབབ་བོ།། ཅི་ལྟར་ལྷག་ཅེ་ན ་གསུངས་པ། མཚན་མོ་གཅིག་སྟེ་ཉིན་མཚན་དུ་འབབ་པ་དེའི་ཚེ་འཆི་ལྟས་དེ་ལས་འཆི་ལྟས་ཀྱི་ཉིན་ཞག་ནས་བརྩམས་ཏེ་ལོ་གསུམ་རྣམས་ཀྱིས་འཆི་བར་ཤེས་པར་བྱའོ།། དེ་བཞིན་དུ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱི་རྩ་གཡས ་པ་ལ་ཉིན་མཚན་ལྔ་འབབ་པ་ལས་ལོ་གསུམ་རྣམས་ཀྱིས་འཆི་བའོ།། དེ་ལྟར་མདོར་བསྟན་ནས་རེ་ཞིག་ཉི་མའི་འཆི་ལྟས་རྒས་པར་འཆད་དེ།། ཁྱིམ་གྱི་བདག་ཉིད་ཀྱི་འདབ་མ་བཅུ་གཉིས་པ་ལྟེ་བའི་པདྨའི་ནང་གི་ཡོངས་སུ་བསྐོར་བའི་ཤར་གྱི་འདབ་མ་ལ ་ཉིན་མཚན་ལྔར་སྒྲོག་འབབ་པོ།། དེ་ནས་གཡས་སུ་བསྐོར་བས་འདབ་མ་གཉིས་པ་ལ་ཕྱོགས་ཤེས་པ་བཅུའོ།། གསུམ་པ་ལ་ཚེས་རྣམས་ཏེ་བཅོ་ལྔ་རྣམས་སོ།། བཞི་པ་ལ་ཉི་ཤུའོ།། ལྔ་པ་ལ་དེ་ཉིད་རྣམས་ཏེ། ཉི་ཤུ་རྩ་ལྔ་རྣམས་སོ།། དྲུག་པ་ལ་དེ་ཉིད ་རྣམས་ལས་གཅིག་ལྷག་རིམ་པས་ཏེ་ཉི་ཤུ་རྩ་དྲུག་གོ།། བདུན་པ་ལ་སླར་ཡང་གཅིག་ལྷག་རིམ་པས་ཏེ་ཉི་ཤུ་རྩ་བདུན་ནོ།། ཉིན་ཞག་སུམ་ཅུ་གསུམ་རྒྱུན། ཞེས་པ་བརྒྱད་པ་ལ་བཅོ་ལྔའོ།། དགུ་པ་ལ་བཅུའོ།། བཅུ་པ་ལ་ལྔའོ།། བཅུ་གཅིག ་པ་ལ་གསུམ་རྣམས་སོ་ཞེས་པ་སུམ་ཅུ་རྩ་གསུམ་རྣམས་སོ།། བཅུ་གཉིས་པ་ལ་ནི་སྟོང་པ་སྟེ། སླར་ཡང་གཡས་པའི་རྩ་ལ་འབབ་པ་མེད་པའི་ཕྱིར་རོ་ཞེས་པ་འཆི་ལྟས་ཀྱི་ཉིན་ཞག་འབབ་པའི་རིམ་པའོ།། དེ་ནི་འཆི་ལྟས་ཀྱི་བདག་ཉིད་འཚོ་བའི་དུས ་རིམ་པ་གསུངས་ཏེ། དེ་རྟོགས་པའི་དོན་དུ་ཡོངས་སུ་ཟླུམ་པོ་རིམ་པ་གཉིས་པ་བྲིས་པ་ལ།། གསུམ་གཉིས་གཅིག་ཅེས་པ་སྟེ་ལོ་རྣམས་ཏེ། འདབ་མ་སྔ་མ་ལ་གསུམ་རྣམས་སོ།། གཉིས་པ་ལ་གཉིས་དག་གོ། གསུམ་པ་ལ་གཅིག་གོ།། ཟླ་བ་རྣམས ་ཀྱང་བཞི་པ་ལ་དྲུག་གོ།། ལྔ་པ་ལ་གསུམ་མོ།། དྲུག་པ་ལ་གཉིས་སོ།། བདུན་པ་ལ་གཅིག་གོ། ཉིན་ཞག་རྣམས་ནི་བརྒྱད་པ་ལ་བཅོ་ལྔའོ།། དགུ་པ་ལ་བཅུའོ།། བཅུ་པ་ལ་ལྔའོ།། བཅུ་གཅིག་པ་ལ་གཉིས་དག་གོ། པདྨའི་ཟེ་འབྲུ་ལ་གཅིག་གོ།། འདིས ་འདི་གསུངས་ཏེ། དང་པོར་འདབ་མ་སྔོན་མ་ཉིན་ཞག་ལྔ་རྣམས་འབབ་པོ།། དེ་ནས་ཚེ་ལོ་བརྒྱ་པ་རྣམས་ཀྱི་བཞིན་དུ་འཕོ་བ་བཅུ་གཉིས་ཀྱིས་འཚོ་བར་བྱ་བའི་ལོ་གསུམ་གྱི་ལས་སུམ་ཅུ་རྩ་ལྔ་ལྷག་པའི་ཉིན་ཞག་བརྒྱ་ཕྲག་གསུམ་འབབ་པོ།། དེ་ཡང ་གཞན་ལ་ཞུགས་པ་ལས་འདབ་མ་དེ་སྐམ་མོ།། གཉིས་པ་ལ་ཞིན་ཞག་བཅུ་རྣམས་འབབ་པོ།། ཡང་འཕྲོ་བ་བཅུ་གཅིག་གིས་ཉིན་ཞག་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱ་འབབ་བོ།། དེ་བཞིན་དུ་གསུམ་པ་ལ་སོགས་པ་ལ་སྔར་ལྟར་འབབ ་སྟེ། དེ་ལ་གསུམ་པ་ནི་འཕོ་བ་བཅུ་གཉིས་ཞག་བདུན་ཅུ་ལྷག་པའི་བརྒྱ་འབབ་ཅིང་སྐམ་པར་བྱེད་དོ།། བཞི་པ་ནི་འཕོ་བ་དགུས་ཉིན་ཞག་བརྒྱད་ཅུ་རྩ་གཉིས་འབབ་ཅིང་སྐམ་མོ།། ལྔ་པ་ནི་འཕོ་བ་བརྒྱད་ཀྱིས་ཉིན་ཞག་ལྔ་བཅུ་རྩ་བདུན་འབབ་ཅིང ་སྐམ་པར་བྱེད་དོ།། དྲུག་པ་ནི་འཕོ་བ་བདུན་གྱིས་ཉིན་ཞག་ཉི་ཤུ་རྩ་བརྒྱད་འབབ་ཅིང་ངོ་།། བདུན་པ་ནི་འཕོ་བ་དྲུག་གིས་ཉིན་ཞག་ཉི་ཤུ་རྩ་བདུན་འབབ་ཅིང་ངོ་།། བརྒྱད་པ་ནི་འཕོ་བ་ལྔས་ཉིན་ཞག་བཅོ་ལྔ་འབབ་ཅིང་ངོ་།། དགུ་པ ་ནི་འཕོ་བ་བཞིས་ཉིན་ཞག་བཅ་འབབ་ཅིང་ངོ་།། བཅུ་པ་འཕོ་བ་གསུམ་གྱིས་ཉིན་ཞག་ལྔ་འབབ་ཅིང་ངོ་།། བཅུ་གཅིག་པ་ནི་འཕོ་བ་གཉིས་ཀྱིས་ཉིན་ཞག་གསུམ་འབབ་ཅིང་ངོ་།། དེ་ལྟར་བཅུ་གཅིག་སྐམ་སྟེ་མཁྲིས་པའི་བདག་ཉིད་ཅན་རྡུལ་གྱི་ཁམས ་པ་ལས་སོ།། འདབ་མ་བཅུ་གཉིས་པ་ལ་གཡས་པའི་རྩཝ་དོར་ནས་རྩ་གཡོན་པ་ལ་འཕོ་བ་མེད་པས་ཉིན་ཞག་གཉིས་འབབ་ཅིང་།། བད་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་སྐམ་པར་བྱེད་པ་ལས་འདབ་མ་དེ་སྐམ་མོ།། དེ་ནས་པདྨའི་ཟེ་འབྲུ་ལ་དབུ ་མའི་རྩ་འཕོ་བ་མེད་པས་ཉིན་ཞག་གཅིག་འབབ་ཅིང་རླུང་གི་རང་བཞིན་མུན་པའི་ཁམས་ཟ་ད་པ་ལས་དེ་བསྐམས་ནས། ལམ་གཡས་པས་ངེས་པར་བྱུང་སྟེ་རྣམ་པར་ཤེས་པ་དང་ལྡན་པ་སྲིད་པ་གཞན་དུ་འཕོའོ།། ཟླ་བའི་འཆི་ལྟས་གསུངས་པ། ་བ་ནས་ཤེས་པ་ལྟེ་བའི་འཁོར་ལོའི་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་གྱི་བདག་ཉིད་ཀྱི་འདབ་མ་སྔ་མ་ནས་བརྩམས་ཏེ་གཅིག་ལྷག་པས་ཤེས་པ་གཅིག་དང་གཉིས་ལ་སྩོགས་པའི་རིམ་པས་ཏེ་ཇི་སྲིད་དུ་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ ་འདབ་མ་བཅུ་གཅིག་ལ་རྩ་གཡོན་པར་ཟླ་བའི་རླུང་འབབ་པའོ།། ཇི་ལྟ་བུར་གཅིག་ལྷག་པས་ཤེ་ན། གསུངས་པ། སྔོན་མའི་སྙིང་པོའི་འདབ་མ་ལ་ཉིན་ཞག་གཅིག་འབབ་པོ།། ཉིན་ཞག་དེ་དམན་པའི་ཟླ་བ་གཉིས་ཇི་ལྟ་བ་བཞིན་དུ་འབབ་པོ།། དེ་ནས་ཟླ ་བ་གསུམ་པའི་དང་པོར་འདབ་མ་དེ་ཉིད་ཉིན་ཞག་གཉིས་གཡོན་པ་ལ་འབབ་པོ།། ཉིན་ཞག་དེས་དམན་པའི་གསུམ་པ་དང་བཞི་པ་དང་བཞི་པ་ལ་ཇི་ལྟ་བ་བཞིན་འབབ་པོ།། ཟླ་བ་ལྔ་པའི་དང་པོར་ཉིན་ཞག་གསུ་མ་འདབ་མཱ་དེ་ལ་གཡོན་པར་འབབ་པོ།། ་ཉིན་ཞག་དེས་དམན་པའི་ཟླ་བ་ལྔ་པ་དང་དྲུག་པ་དག་ཇི་ལྟ་བ་བཞིན་འབབ་པོ།། དེ་ལྟར་སྔ་མ་སྔ་མ་དང་ལྷན་ཅིག་བགྲང་བར་བྱ་བའི་ཟླ་བ་དང་པོ་དང་གསུམ་པ་དང་ལྔ་པའི་དང་པོར་སྐྱེས་པའི་གསུམ་པོ་འདི་རྣམས་ཁོ་ན་འཆི་ལྟས་ཀྱི་ཉིན་ཞག་རྣམས་སུ་རྣམ་པར ་བཞག་པར་བྱའོ།། ཡང་ན་རྣམ་པར་མ་ཆད་པར་འབབ་པའི་ཕུང་པོའི་ཉིན་ཞག་རྣམ་པར་བཞག་ནས་འཆི་ལྟས་ཀྱི་ཉིན་ཞག་གསུམ་མོ།། འདིས་ནི་ལོ་གསུམ་ལ་སྔར་ཉིན་ཞག་གསུམ་དང་ཟླ་བ་དྲུག་སོང་ངོ་།། དེ་བཞིན་དུ་པདྨ་འདབ་མ་གཉིས་པ་ལ་ཟླ་བ་བདུན ་པའི་དང་པོར་འཆི་ལྟས་ཀྱི་ཉིན་བཞིའོ།། བརྒྱད་པའི་དང་པོར་ལྔའོ།། དགུ་པའི་དང་པོར་དྲུག་སྟེ། དེ་ལྟར་སྔ་མ་བཞིན་དུ་ཉིན་ཞག་གསུམ་དུ་རྣམ་པར་བཞག་ནས་འདབ་མ་སྔ་མའི་ཉིན་ཞག་གསུམ་རྣམས་དང་ལྷན་ཅིག་ཉིན་ཞག་དྲུག་རྣམས་འཆི་ལྟས་སོ།། 1 ་ཞག་གཞན་རྣམས་ཇི་ལྟ་བ་བཞིན་དུ་འགྱུར་རོ།། འདིས་ཀྱང་ཉིན་ཞག་གསུམ་སོང་སྟེ། དེ་ལྟར་ཟླ་བ་གསུམ་གསུམ་རྣམས་ཀྱིས་ཉིན་ཞག་གསུམ་རྣམ་པར་འཕེལ་བ་ལས་འདབ་མ་བཅུ་གཅིག་པོ་རྣམས་ལོ་གསུམ་པོ་འདིས་རིམ་པས་འདོར་རོ།། དེ་ལྟར་འདབ ་མ་བཅུ་གཅིག་ལ་འབབ་པ་ལས་བད་ཀིན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་སྐེམས་པར་བྱེད་དོ།། འདབ་མ་བཅུ་གཉིས་པ་ལ་རྩ་གཡས་པ་ལ་འབབ་པ་ལས་འདབ་མ་གཞན་རྣམས་ལ་གནས་པ། ཟླ་བ་གཉིས་པ་དང་བཞི་པ་དང་དྲུག་པ་དང་འབྲེལ་བའི ་ཉིན་ཞག་གསུམ་པོའི་ཉིན་ཞག་གཉིས་ཟད་དེ།། མཁྲིས་པའི་བདག་ཉིད་རྡུལ་གྱི་ཁམས་ཟད་པ་ལས་ཏེ། འདབ་མ་བཅུ་གཉིས་པ་སྐམ་པ་ལས་པ་ལས་སོ།། སྔ་མ་བཞིན་དུ་ཟེ་འབྲུ་ཉིན་ཞག་གཅིག་དབུ་མ་འབབ་པ་ལས་རླུང་གི་བདག་ཉིད ་ཅན་མུན་པའི་ཁམས་བསྐམས་པར་བྱས་ནས་སྲིད་པ་གཞན་དུ་འགྲོ་བའོ།། རྟོགས་པའི་དོན་དུ་བྲི་བའི་རིམ་པ་ནི་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་རིམ་པ་གཉིས་པ་ལ། ཤེར་ལ་སོགས་པའི་འདབ་མ་བཅུ་གཅིག་རྣམས་དང་རྩ་གསུམ་རྣམས་དང་དྲུག ་དགུ་དང་གཉིས་དང་བཅོ་ལྔ་དང་བཅོ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་བདུན་དང་སུམ་ཅུ་དང་སུམ་ཅུ་རྩ་གསུམ་རྣམས་ཏེ། བཅུ་གཉིས་པ་ལ་ནི་གཡོན་པ་མེད་པའི་ཕྱིར་སྟོང་པའོ།། ཕྱིའི་འདབ་མ་བཅུ་གཉིས་རྣམས ་ལ་རིམ་པས་ཟླ་བ་རྣམས་ནི་སུམ་ཅུ་དང་ཉི་ཤུ་རྩ་བདུན་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་དང་། བཅུ་གཅིག་པ་ལ་ཟླ་བ་གསུམ་ཟད་པ་ལ་གསལ་བར་བྱེད་པ་སྟོང་པ་དང་། བཅུ ་གཉིས་པ་ལ་ཉན་ཞག་གཉིས་སོ།། ལྟེ་བ་ལ་ཉིན་ཞག་གཅིག་གོ།། དེ་ལྟར་གསུམ་ལ་སོགས་པ་ཉིན་ཞག་ལ་འཆི་ལྟས་འཕེལ་ཞིང་། སུམ་ཅུ་ལ་སོགས་པའི་ཉིན་ཞག་གི་བདག་ཉིད་འཚོ་བ་ཞེས་བྱ་བའི་དགེ་བ་འགྲིབ་པའོ།། ཕྱེད་དང་བཅས་པའི ་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་མཚམས་ནི་ཉི་མ་དང་ཟླ་བ་འབབ་པའི་བའི་དུས་སོ།། ཉིན་ཞག་གསུ་མ་གྱིས་དམན་པའི་ཕྱོགས་གསུམ་དང་ལོ་གསུམ་ལོ་བརྒྱ་གང་བར་བྱེད་པ་ལ་དབུ་མའི་འཆི་བ་རྒྱུ་བའོ།། འདི་རྒྱས་པར་འཆང ་དེ། གཉིས་ལ་སོགས་པ་སུམ་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་མཉམ་པའི་ཉིན་ཞག་རྣམས་ཀྱིས་གཡས་པ་ལ་དང་། གཅིག་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་རྣམས་ཀྱིས་གཡོན་པ་ལ་དེའི་སྟེ་འཆི་བའི ་རྒྱུ་བའོ།། འདི་ལྟར་ཡང་སྐྱེ་བའི་དུས་སུ་སྐྱེས་པ་གླང་ལ་སོགས་པའི་དུས་སྦྱོར་གྱི་ས་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་རྣམས་ཀྱིས་དང་། དེ་བཞིན་དུ་ལུག་ལ་སོགས་པའི་དུས་སྦྱོར་གྱི་སྟོང་པ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ ་འཁོར་རྣམས་ཀྱིས་ཏེ། དཀྱིལ་འཁོར་དེ་ནས་བརྩམས་ཏེ་ཞེས་པའི་དོན་ཏོ།། འདི་ཡང་གཡས་པ་དང་ཅིག་ཤོས་ཀྱི་ཁམས་དང་ཕུང་པོ་ལ་སོགས་པ་འབབ་པ་རྣམས་ར་ཉམས་པའི་དབང་དུ་བྱས་ཏེ་ལག་པ་ཕྱིས་པ་ལྔ་པའོ།། འཐད་པ་གསུངས ་པགཞན་དུ་འཆི་བར་མི་འགྱུར་ཏེ། ཞེས་པའོ།། འདིས་འདི་གསུངས་ཏེ། མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་ནི་ཐོག་མར་གཡས་པ་ལ་ཉིན་ཞག་གཉིས་འབབ་པོ།། ཡང་ཉིན་ཞག་གཉིས་ཇི་ལྟ་བ་བཞིན་དུའོ།། དེ་ནས་གཡོན་པ་ལ་ཉིན་ཞག ་གཅིག་གོ།། ཉིན་ཞག་གཅིག་ཇི་ལྟ་བ་བཞིན་དུའོ།། ཉིན་ཞག་བཞི་རྣམས་གཡས་པ་ལའོ།། བཞི་རྣམས་ཇི་ལྟ་བ་བཞིན་དུའོ།། གསུམ་རྣམས་གཡོན་པ་ལ་སྟེ། གསུམ་རྣམས་ཇི་ལྟ་བ་བཞིན་དུའོ།། དྲུག་རྣམས་གཡས་པ་ལ་སྟེ། དྲུག་རྣམས་ཇི་ལྟ ་བ་བཞིན་དུའོ།། ལྔ་གཡོན་པ་ལ་སྟེ་ལྔ་རྣམས་ཇི་ལྟ་བ་བཞིན་དུའོ།། དེ་བཞིན་དུ་ཇི་སྲིད་སུམ་ཅུ་རྩ་གཉིས་ཀྱི་བ་གཡས་པ་ལ་སྟེ། སུམ་ཅུ་རྩ་གཉིས་ཀྱི་བར་ཇི་ལྟ་བ་བཞིན་དུའོ།། སུམ་ཅུ་རྩ་གསུམ་གཡོན་པ་ལ་དང་སུམ་ཅུ་རྩ་གསུམ་ཇི་ལྟ་བ ་བཞིན་གྱི་བར་དུའོ།། འདིར་གཡས་པ་ལ་གཉིས་ལ་སོགས་པ་སུམ་ཅུའི་མཐར་ཐུག་པ་མཉམ་པའི་ཉིན་ཞག་གསུམ་གསུམ་རྣམས་ཀྱིས་རིམ་པས་ས་ལ་སོགས་པའི་ཁམས་ཟད་པའོ།། གཡོན་པ་ལ་གཅིག་ལ་སོགས ་པ་ཉི་ཤུ་རྩ་དགུའི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་གསུམ་གསུམ་རྣམས་ཀྱིས་ནམ་མཁའ་ལ་སོགས་པའི་ཁམས་ཟད་པ་སྟེ་རིམ་པ་ལས་སོ།། དེ་ནས་ཉིན་ཞག་སུམ་ཅུ་རྩ་གཅིག་གིས་སྙིང་སྟོབས་ཀྱི་ཁམས་ཟད་པའོ།། ཉིན་ཞག་སུམ ་ཅུ་རྩ་གཉིས་རྣམས་ཀྱིས་རྡུལ་གྱི་ཁམས་ཟད་པའོ།། ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས་ཀྱིས་མུན་པའི་ཁམས་ཟད་པའོ།། མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱི་ནི་གཅིག་ལ་སོགས་པའི་རིམ་པས་འབབ་པའོ།། ཞེས་པ་ཁྱད་པར ་རོ། དེ་ལྟར་ཉིན་ཞག་གསུམ་གྱིས་དམན་པའི་ལོ་བརྒྱ་སྟེ་དེའི་སྟེང་དུ་ཉིན་ཞག་སུམ་ཅུ་རྩ་བཞི་རྣམས་རྒྱུའོ།། དེ་ལ་ཉིན་ཞག་གཅིག་གཡས་པ་ལའོ།། ཉིན་ཞག་གཅིག་གཡོན་པ་ལའོ།། དེ་ལྟ་བུའི་རིམ་པས་ཇི་སྲིད་དུ་ཉིན་ཞག་སུམ ་ཅུ་རྩ་གསུམ་གྱི་བར་དུ་འབབ་པོ།། དེ་ལས་རིམ་པས་ཁམས་དང་ཕུང་པོ་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་དང་ལས་ཀྱི་དབང་པོ་ལྔ་རྣམས་ཀྱི་ཟད་པའོ།། དེ་ནས་དབུ་མ་ལ་ཉིནྡ་ཞག་གཅིག་སྟེ། དེ་ལས་ཕུང་པོ་ལ་སོགས ་པ་དྲུག་པ་རྣམས་བསྐམས་ནས་སྲིད་པ་གཞན་དུ་འགྲོ་བའོ།། རྔདེ་ལྟར། འཆི་ལྟས་མཚན་ཉིད་ཤེས་ནས་ནི། རྣལ་འབྱོར་པས་དེ་སླུ་བའི་ཐབས་གསུངས་ཏེ། ཉི་མའི་འཆི་ལྟས་སུ་གྱུར་ན་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ནས་སྲོག་རྩོལ་སྔོན་དུ་འགྲོ ་བར་དཔུང་པ་གཡས་པས་ནུ་མ་གཡས་པ་བཙིར་བ་ལས། དཀྱིལ་འཁོར་ལྔ་འབབ་པའི་བདག་ཉིད་གཡས་པ་ལས་བཀུག་ནས་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བར་བྱའོ།། དེ་ཡིས་ཉི་མའི་འཆི་ལྷས་ལྡོའོ།། དེ་བཞིན་དུ་གཡོན་པ་ལས་གཡས་བ་ལཱ་སྟེ་ཟླ ་བའི་འཆི་ལྟས་ལྡོག་གོ།། དེ་བཞིན་དུ་སྐྱིལ་ཀྲུང་བྱས་ནས་ཐིག་ལེར་ཏེ། དཔྲལ་བར་གནས་པའི་པདྨ་འདབ་མ་བཅུ་དྲུག་པ་དཀར་པོའི་དབུས་སུ་སྲོག་རྩོལ་སྔོན་དུ་འགྲོ་བར་སེམས་བཞུག་བྱའོ།། དེ་བཞིན་དུ་སྐྱིལ་ཀྲུང་བྱས་ནས་ཨ་ཝ་དྷཱུ་ཏཱིའི་ཞབས་ནི་ལྟེ་བའི་པདྨ ་སེར་པོ་འདབ་མ་དྲུག་ཅུ་རྩ་བཞི་པ་སྟེ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨང་ཡིག་དཀར་པོ་རེ་ཁ་ཕྱེད་ཀྱི་རྣམ་པ་སྲོག་རྩོལ་དང་བཅས་པ་བསྒོམ་པར་བྱའོ།། དེ་བཞིན་དུ། རྡོ་རྗེ་རྟག་ཏུ་བསླང་བར་བྱ། རང་གི་ལག་པོ་ལ་སོགས་པས་ཇི་ལྟར་ཐིག་ལེ་ཕྱི་རོལ་དུ་མི ་འབྱུང་བ་ལྟར་ཏེ། འཆི་ལྟས་ཀྱི་རྒྱུ་ཟླ་ཉིའི་བགྲོད་པ་འཇོམས་པ་ཉིད་ལས་སོ།། ཐབས་འདི་གཙོ་བོར་གསུངས་པ་གཞན་དུ་ཞེས་པའོ།། སྟེང་གི་འཆི་ལྟས་སླུ་བ་དང་བཅས་པ་གསུངས་ནས་འོག་གི་འཆི་ལྟས་གསུངས་པ། འོག་ཏུའང་དུང་ཅན ་མཱར་ཏེ་རྩ་ལའང་ཞེས་པ་བཤང་བ་དང་གཅི་བ་འབབ་པ་དག་ལ་ཐུར་སེལ་ཞེས་བྱ་བའི་རླུང་འབབ་པོ་ཞེས་པ་ལྷག་མའོ།། རྒྱུན་དུ་ཁུ་བ་དང་བཤང་བཱ་དང་གཅི་བ་འབབ་པ་ཉིད་ཀྱིས་དེ་མ་ཞུགས་པ་ལས་འཆི་བའོ།། འཆི་ལྟས་ཐམས་ཅད་སླུ་བའི་ཐབས ་ཀྱི་ཟོལ་གྱི་འཆི་ལྟས་ཤེས་པ་ལ་སོགས་པས་དགའ་བ་རྣམས་མདོར་བསྟན་ཏེ། ཁུ་བ་ཞེས་པས་རྒྱས་པར་བཤད་ངོ་།། གཙུག་ཏོར་གྱི་པདྨ་འདབ་མ་བཞི་པའི་དབུས་ལས་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པའི་དབུས་སུ་ཁུ་བ་དགའ་བ་དང་བཟང་པོ་དང ་རྒྱལ་བ་དང་སྟོད་པ་དང་གང་བ་ཞེས་བྱ་བ་ཆ་ལྔ་ཡིས་འོངས་པ་གཉིས་ཀཱ་ལ་ཁྱབ་པ་ནི་དང་པོ་དགའ་བོའོ།། དེ་བཞིན་དུ་མགྲིན་པའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ་ལས་སྙིང་གའི་པདྨ་འདབ་མ་བརྒྱད་པར་སྔ་མ་བཞིན་དུ་ཁྱད ་པབ་ནི་མཆོག་དགའོ།། དེ་བཞིན་དུ་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང་བའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པར་ཁྱབ་པ་ནི་ཁྱད་དགའི་དགའ་བའོ།། དེ་ཡང་སྣ་ཚོགས་དགའ་བར་བྱེད་པ་སྟེ་བྲལ་བ་ནི་མ་ཡིན་ནོ།། དེ་ནས་གསང་བའི ་པདྨ་ལས་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་ཆུ་སྐྱེས་འདབ་མ་བརྒྱད་པ་ཇི་སྲིད་པར་ཟླ་བ་ཆ་བཅུ་དྲུག་པོ་འོངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཕྱི་རོལ་ཏུ་འགྲོ་བ་མེད་པའི་ཕྱིར་མི་འཕྲོ་བའོ།། འདོད་ཆགས་བྲལྔ་ལས་ཏེ་ཆགས་པ་དང་བྲལ་བ་ལས ་གཙུག་ཏོར་དུ་གནས་པའི་བདེ་བ་གང་ཡིན་པོ་ཁུ་བ་རེ་རབ་ཏུ་གནས་པའོ།། གང་རྡོ་རྗེ་ནོར་བུ་ལས་འཕོས་པ་དེ་ནི་མྱ་ངན་ལས་འདས་པའོ།། བདེ་བའི་རྒྱལ་པོ་འདི་ནི་གཙུག་ཏོར་དང་རྡོ་རྗེ་ནོར་བུའི་བར་དུ་ཁྱབ་པའི་ཕྱིར་རབ་གནས་མྱ་ངན་འདས་པ་ཡིན་ནོ།། དེ ་ཉིད་ཀྱི་ཕྱིར་ཆགས་ཆེན་དང་མི་འགྱུར་བ་ཡང་སྟེ། གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ཁྱབ་བདག་གོ།། ཁུ་བ་ཟླ་བ་དེའི་གཙུག་ཏོར་དུ་འཆར་བ་ནི་དཀར་པོའི་ཚེ་གཅིག་སྟེ། གསང་བར་གྲང་བ་ཇི་སྲིད་པ་སྟེ་ཆ་བཅུ་དྲུག་པ་ནི་རྡོ་རྗེའི་རྩེ་མོའི་མཐར་གནས་པའོ།། ནག་པོའི ་ཚེས་གཅིག་འོངས་པ་ན་ནི་འཕོ་བའི་དུས་ཁོ་ན་ནག་པོའི་ཚེས་གཅིག་གོ་ཞེས་པའི་དོན་ཏོ།། དེ་ཡང་འདོད་ཆགས་ཉམས་པའི་ཕྱིར་ནག་པོའི་ཕྱོགས་ལ་རྡུལ་གྱི་གཟུགས་ཉི་མའི་ཆ་དང་པོ་ནོར་བུའི་རྩེ་མོ་ལ་སྟེ། དཔྲལ་བ་ཇི་སྲིད་པར་དེ་གནས་ཤིང་།། བཅུ ་དྲུག་པ་ནི་གཙུག་ཏོར་དྲུགྶ།། ད་ཁོན་ཟླ་བ་ཉམས་པ་སྟེ། ཆགས་པའི་བདེ་བ་ལས་ཆགས་བྲལ་ཡང་ངོ་།། ང་རྒན་པའི་རིམ་པས་རྦྦ་བུ་བདྲང་རྩི་འོག་ཏུ་འགྲོ་སྟེ། འཇོ་བའི་ཆགས་པ་གོམས་པ་ལས་སོ།། དེ་བཞིན་དུ་སྟེང་དུཉི་མ་རྡུལ་ལོ།། སྤྲུགས ་གྱི་ངོ་བོ་བག་ཆགས་ཀྱི་གྲོགས་ཅན་དང་རྣམ་པར་ཤེས་པ་དངོས་པོའི་མཚན་ཉིད་ཅན་སྐྱེ་བ་གཞན་དུ་འགྲོའོ།། དེ་ཕྱིར་ཟླ་བ་བདུད་རྩི་ནི་ཞེས་པ་བཤད་ཟིན་པའི་ལམ་བསྒོམ་པས་སོ།། སངས་རྒྱས་རྣམས་ཀྱི་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་ཟླ་བ ་གང་བ་དཔྲལ་བར་ཏེ། དེའི་ཆ་བཅུ་དྲུག་པ་གཙུག་ཏོར་དུའོ།། རྡུལ་གྱི་གནམ་སྟོང་གསང་བར་ཏེ། དེའི་ཆ་བཅུ་དྲུག་པ་ནོར་བུར་རོ་ཞེས་པ་སྟེ་བཤད་ཟིན་པ་ནི་སྟོན་པའི་རྡོ་རྗེ་གནས་ཏེ་མི་ཕྱེད་པའི་ཡེ་ཤེས་སོ།། འཁོར་བ་ཀུན་གྱི་ཕྱིན་ཅི་ལོག་གོ། ་འདིའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་བདེ་བ་ཆེན་པོའི་མིང་ཅན་དག་པའི་སྐུ་ལས་ཁམས་རྣམས་ཏེ་སེམས་དང་ངག་ལུས་རྣམས་སྒྲིབ་པ་མེད་པ་ཉིད་ལས་ཕྱིན་ཅི་ལོག་ཏུ་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་དང་པོར་གནས་པ ་རྣམས་སྤྲོའོ།། ཐུགས་ལ་སོགས་པ་འདི་རྣམས་ཐབས་ཀྱི་ཆའི་འོག་ཏུ་རྣམ་པར་བཞག་པར་བྱའོ།། ཤེས་རབ་ཀྱི་སྟེང་དུ་སྟེ། འདི་ཡི་དཔྲལ་བར་སྤྲུལ་པ་ཞེས་བྱ་བ་སྐུ་རྡོ་རྗེའོ།། མགྲིན་པ་ལ་སོགས་པར་རིམ་པས་གསུང་དང་ཐུགས་དང ་ཡེ་ཤེས་རྡོ་རྗེ་རྣམས་ནི་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅག་སྐྱེས་པའི་སྐུ་རྣམས་ཏེ། ཤེས་རབ་ཀྱི་ཆའི་རྣམ་པར་བཞག་པའོ།། དེ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ལས་ཕུང་པོ་ལ་སོགས་པ་རྣམས ་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་སྨྲ་བའོ།། དེ་ལྟར་འབྲས་བུ་མདོར་བསྟན་ནས་དའི་སྒྲུབ་པར་བྱེད་པ་གསུངས་ཏེ། གདམས་ངག་ཐབ་པས་དང་པོར་རྗེས་སུ་མཐུན་པའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར། ་འཇུག་པས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་ཟད་པ་ལས་ཆུང་ངུའི་ཆུང་ངུ་འགྱུར་བའི་བདེ་བ་འཕེལ་བའོ།། དེ་བཞིན་དུ་སྣ་ཚོགས་ཡུམ་ལ་སོགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དམིགས་པས་རྣམ་པར་རྟོག་པ་ཆེན་པོ་ཟད་པ་ལས་ཆུང་ངུ་འགྱུར་བའི་བདེ་བ་འཕེལ ་བའོ།། བཀའ་སྩལ་པ་ཡང་། རྒྱལ་བའི་ལྷན་ཅིག་སྐྱེས་པའི་བདེ་འདི་འཕེལ་བའི་དོན་རྒྱུར་དང་པོར་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ། དེ་ནས་ཉི་མའི་གཟུགས་ནི་གདོང་པ་ལག་པ་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། ཞེས་པ་ལ་སོགས ་བའོ། སོགས་པའི་སྒྲ་ལས་ཕྱག་རྒྱ་ཆེན་པོའི་སྟེ། སྒྱུ་མའི་ངོ་བོདུ་བཱ་ལ་སོགས་པའི་གཟུགས་བརྙན་ཆོས་ཀྱི་ཕྱག་རྒྱ་ལས་སོ།། དམིགས་པས་ཉོན་མོངས་ཆུང་ངུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོ་འཕེལ་བའོ།། ཕྱི་ནས་ཀྱི་ངོས ་སྣཚོགས་གཟུགས་བརྙན་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གོམས་པས་སྒྲིབ་པ་བག་ཆགས་དང་བཅས་པ་ཆུང་ངུའི་ཆུང་ངུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོའི་ཆེན་པོ་འཕེལ་བའོ།། འོ་ན་མི་འགྱུར་བའི་བདེ་བ་ནི་འཕེལ་བ་དང་འགྲིབ་པ་སྤངས ་བི་ཡིན་ན་ཇི་ལྟ་འཕེལ་བར་འགྱུར་ཞེ་ན། གསུངས་པ། འཕེལ་བའི་འཕེལ་བ་མེད། འཕེལ་བའི་ཆོས་ཅན་གྱི། གཅིག་དང་དུ་མ་ལ་སོགས་པའི་ངོ་བོ་དང་བྲལ་བ་རྣམས་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟད་པ་ན་ཆོས་མི་འཕེལ་བའོ།། དེ་བཞིན་དུ་ཟང ་པ་ལ་སོགས་པའི་ཟད་པ་ཉིད་ལ་སོགས་པ་ཡང་གསལ་ལོ།། འོ་ན་དེ་ལྟ་ན་སྐྱེ་བ་དང་ཟད་པ་མེད་པའི་ཕྱིར་ཇི་ལྟར་ལམ་ལ་སོགས་པ་འབྲས་བུ་མེད་པ་ཉིད་མ་ཡིན་ཞེ་ན་དེའི་ཕྱིར་གསུངས་པ། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ལམ་ལ་སོགས་པ་རྣམས་སྐྱེ་བ་དང་འཇིག ་པའང་སྒྱུ་མ་ལྟ་བུ་ཁོ་ན་ཡིན་གྱི་དེ་ཁོ་ན་ཉིད་དུ་མ་ཡིན་ནོ།། དེ་བཞིན་ནོར་བུའི་སྒྲ་ལས་ནུབ་པ་དང་འཆར་པ་ལ་སོགས་པའི་མཚན་ཉིད་ཅན་ཡང་འཇིག་རྟེན་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུ་ཁོ་ནའོ།། དེ་གསུངས་པ། འཇིག་པར་མི་འགྱུར་ཞེས་པ་ལ་སོགས་པ་སྟེ། ཀུན ་གཏུ་དོན་བྱ་བ་བྱེད་པའི་ཕྱིར་དངོས་པོའི་རང་བཞིན་ཏེ། དེ་ཁོ་ན་ཉིད་དུ་ན་རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོ་མེད་པའི་མཚན་ཉིད་ཅན་ནོ།། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རང་གི་ཤེས་རབ་ལ་འཁྱུད་པ་བྱང་ཆུབ་ཀྱི་སེམས་གང་གི་ཚེ་རྡོ་རྗེ་ནོར་བུའི་པདྨར་སོན་པ་དེའི ་ཚེ་རྡོ་རྗེ་ནོར་བུ་དེར་ཟླ་བ་སོན་པ་ནི་ལས་ཀྱི་ཕྱག་རྒྱ་ཡིས་འགྱུར་བའི་བདེ་བའི་གནས་སྐབས་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་གཡོ་བའི་གནས་སྐབས་ཏེ། གཡོ་བ་ཞེས་པ་འཛག་པའི་ཆོས་ཡིན་ལ་དེས་འགྱུར་བ་ཡང་། ཡང་དག་པར་གཟུང་བའོ།། བདེ་བའི་གནས ་སྐབས་འདི་དག་མངོན་དུ་བྱས་པ་ནི། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་དབང་ཕྱུག་གི་མཚན་ཉིད་ཅན་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དག་གོ། ཕྱག་རྒྱ་ཆེན་པོ་ཡིས་མི་གཡོ་བ་དང་མི་འགྱུར་བ་བསྒོམ་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཅན་སྒྲུབ་པར་བྱེད་པའོ།། དབུ་མ་ཁོ་ན་དགའ་བ་བཞི་ལ་ཁུ་བ་ཟླ་བས་ཁྱབ་པའི་ཆ་བཞི་རྣམས་ལུས་ལ་སོགས་པའི་རྩ་བཞི་རྣམས་སུ་རྣམ་པར་བཞག་པར་བྱ་སྟེ། དེ་ལ་དཔྲལ་བར་སྐུ་སྒོམ་པའོ།། སྙིང་གར་ངག་སྒོམ་པ་དང་། གསང ་བར་ཐུགས་སྒོམ་པ་དང་། སྐུ་ལ་སོགས་པའི་ཐིག་ལེ་རྣམས་གཅིག་པ་ཉིད་ནི་རྡོ་རྗེ་ནོར་བུར་ཡེ་ཤེས་སྒོམ་པའོ།། སྔར་བཤད་པའི་ཤེས་རབ་ཀྱི་ཆགས་པ་ལས་ཞུ་བའི་ཐིག་ལེ་རྣམས་བཤད་ཟིན་པའི་རིམ་པས་མགོ་བོ་ལས་གང ་བའི་གནས་ནོར་བུའི་པདྨར་སོན་པ་རྣམས་དེ་ཁོ་ན་ཉིད་སྒོམ་པས་འཆིང་བའོ།། བརྗོད་ཟིན་པའི་རིམ་པས་མི་འགྱུར་བའི་བདེ་བ་འཕེལ་བ་དང་ཟད་པ་ལ་སོགས་པ་དེ་ཁོ་ན་ཉིད་མ་ཡིན་པར་རྟོགས་པར་བྱས་ནས། འཇིག་རྟེན་པའི་དཔེ་ཡིས་དེ་ཉིད་བསྟན་པར་བྱེད་དེ། ཇི་ལྟར ་ཟླ་བ་ཤར་རིམ་ལས།། ཆ་རྣམས་ཀྱིས་ནི་གང་བ་ཞེས་པ་འཇིག་རྟེན་པའི་གང་བ་ནི་གྲིབ་མ་ཉམས་པ་འབའ་ཞིག་སྟེ། དེའི་ཆང་པ་འམ་གང་བ་ཉིད་མ་ཡིན་ནོ།། དེ་ནི་རྟག་ཏུ་གང་བ་ཡིན་ཡང་མུན་པས་བཀག་པ་དང་མ་བཀབ་པ་དག་གིས་ཉམས་པ་དང་གང་བའི ་དུ་བྱས་པའོ།། དེ་བཞིན་དུ་མི་འགྱུར་བའི་ཡེ་ཤེས་ཀྱང་རྡོ་རྗེ་ནོར་བུར་ཤར་བ་རིམ་པས་འཆད་པར་འགྱུར་བའི་ས་རྣམས་ཀྱིས་གཙུག་ཏོར་གྱི་འཁོར་ལོར་གང་བ་ཞེས་པ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པའི་བག་ཆགས་མེད་པ ་ཁོ་ན་གང་བར་རྣམ་པར་བསྟན་ཏོ།། རྫོགས་པར་བྱེད་པ་ལ་དཔེ་གསུངས་ནས་ཆད་པ་ལ་དཔེ་གསུངས་པ། ཇི་ལྟར་དཀྱིལ་འཁོར་གྱི་དབུས་སུ་སོན་པ་ཟླ་བའི་ས་བོན་དུ་གྱུར་པ་མཚན་མོའི་ངོ་བོ་རི་བོང་རིམ་པར་འཕེལ་བས་གང་བར་རི་བོང་ཅན་མི་གནས་ཏེ། རྟག་ཏུ ་གང་བ་མ་ཡིན་ནོ་ཞེས་པའི་དོན་ཏོ།། དེ་བཞིན་དུ་བག་ཆགས་འཕེལ་བས་སེམས་ཀྱང་འགྱུར་མེད་ལ་མི་གནས་ཏེ། གཉིས་མེད་པ་ནི་འགྱུར་མེད་བདེ་བའོ།། ཕྱི་ནང་སྦྱར་བའི་ཟོལ་གྱིས་དཔེ་གཞན་གསུངས་ཏེ། ཇི་ལྟར་ཟླ་བའི་ཆ་འཕེལ་བ་དཀར་པོའི་ཕྱོགས་དང ་ཆ་ཉམས་པ་ནག་པོའི་ཕྱོགས་ཏེ། དེ་དག་རབ་ཏུ་གནས་པ་དག་སྟེ་འཇིག་རྟེན་གྱིས་རྟོགས་པར་བྱ་བ་དག་དང་། དེ་དག་གི་དབུས་སུ་སོན་པ་ཆ་བཅུ་དྲུག་པ་སྐད་ཅིག་གཅིག་འབྱུང་བ་ནི་དེ་ལྟ་བུ་མ་ཡིན་པ་དེ་བཞིན་དུ་ཁུ་བ་ཟླ་བའི་སྟེ། གང་གི་ཚེ་རྣལ་འབྱོར་པའི་བྱང་ཆུབ ་ཀྱི་སེམས་རྡོ་རྗེ་ནོར་བུར་གང་བ་ན་ནི་སྐད་ཅིག་གཅིག་ལ་མི་འགྱུར་བར་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་འབྱུང་བ་དང་འཇུག་པའི་སྐད་ཅིག་རྣམས་ཀྱིས་གང་བར་བྱེད་པ་རྒྱུན་མི་འཆད་པར་འབབ་པའོ།། འདི ་ཁོ་ན་གཉིས་སུ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། འདི་ནི་མི་གནས་ཞེས་པ་ལ་སོགས་པ་གོ་སླའོ།། དེའི་ཞེས་པ་ས་བོན་དུ་གྱུར་པའི་ཟླ་བའི་ཆ་བཅུ་དྲུག་པོ་རྣམས་གང་བ་ཉིད་ཀྱི་ཕྱིར་རྡོ་རྗེ་ནོར་བུར་གང་བ་སྟེ། འོན་ཀྱང་ཐབས་མེད་པས་ཆགས་པ་ཉམས ་པའི་སྦྱོར་བ་ལས་ཆ་བཅུ་དྲུག་པོ་རྣམས་ཉམས་པའོ།། རྡོ་རྗེ་ནས་བརྩམས་ཏེ་ཉམས་པ་ལ་ཉི་མ་རྡུལ་གྱི་ངོ་བོའི་གཙུག་ཏོར་དུ་གང་བ་ཉིད་དོ།། སླར་ཡང་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་སྦྱོར་བས་གཙུག་ཏོར་དུ་ཞེས་པ་ལ་སོགས་པ་གོ་སླའོ།། ཡེ་ཤེས ་ནིཆ་བཅུ་དྲུག་པ་སྟེ་དེ་ནི་ཉམས་པ་མ་ཡིན་པའོ།། གསུངས་པ་ཡང་། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་རྣམས་སོ།། ཞེས་སོ།། བདེ་བ་ཆེན་པོའི་ངོ་བོ་ཉིད་ནི་འདིའི་གང་བ་སྟེ། འདི་ཁོ་ན་རྣལ་འབྱོར་པ་རྣམས་ཀྱིས ་བརྟན་པར་བྱའོ།། དངོས་པོ་བར་མ་གཞན་ནི་དེའི་སྐྱེ་བ་དང་འཇིག་པ་དག་སྟེ། ལུ་ས་ཅན་རྣམས་ཀྱི་སྤྲོ་བ་དང་འཇིག་པའི་རྒྱུའོ།། གང་བ་ལ་བརྟན་པར་བྱས་པ་མ་ཡིན་པའི་བདེ་བ་ཟླ་བ་འདི་ནི་ཡང་དང་ཡང་དུ་སྐྱེ་ཞིང་འཇིག་པར་འགྱུར་རོ།། འདི་ལ་དཔེ་ནི་ཇི་ལྟར ་དཀར་པོ་དང་ནག་པོའི་ཕྱོགས་དག་ལས་ཟླ་བ་བཞིན་དང་། བྱང་དང་ལྷོ་བགྲོད་པ་དག་ལས་ཉི་མ་བཞིན་ཏེ། ཉིན་མོའི་ངོ་བོའི་ཉི་མ་འཕེལ་བ་དང་ཟད་པ་མཐོང་བའི་ཕྱིར་རོ།། སྒོམ་པའི་སྟོབས་ཀྱིས་གང་བ་ན་བསྟན་པ་འདི་ནི་རིམ ་གྱིས་གཙུག་ཏོར་དུ་ས་བཅུ་གཉིས་ཀྱིས་གང་པོ་ཉིད་དོ།། གསང་བ་ལ་སོགས་པ་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་སོ་སོར་མི་འགྱུར་བའི་སྐད་ཅིག་དབུགས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་འགོག་པ་རྣམས་ཀྱིས་ས་གཉིས་འཐོབ་བོ།། མི་འགྱུར་བ་དེ ་གླང་གི་ཚེ་འབྱུང་བ་དང་འཇིག་པའི་ངོ་བོ་ཆགས་པ་དང་ཆགས་བྲལ་གྱི་ཕྱོགས་གཉིས་སྤངས་པ་དེའི་ཚེ་ས་རྣམས་ཀྱིས་གང་བ་བདེན་དོན་རྣམ་པ་བཅུ་གཉིས་པ་ལ་སོགས་པའི་མིང་ཅན་ནོ།། དེ་རྒྱས་པར་འཆད་པས་རྣམས་ཀྱིས་ཏེ། ཀུན་དུ་འོད་དང་། བདུད ་རྩི་འོད་དང་། ནམ་མཁའ་འོད་དང་། རྡོ་རྗེ་འོད་དང་། རིན་ཆེན་འོད་དང་། པདྨའི་འོད་དང་། སངས་རྒྱས་ཀྱི་ཕྲིན་ལས་བྱེད་པ་དང་དཔེ་མེད་པ་དང་། དཔེ་དང་། ཤེས་རབ་འོད་དང་། ཐམས་ཅད་མཁྱེན་པ་ཉིད་དང་། སོ་སོའི་བདག་ཉིད་རིག་པ་ཞེས་བྱ ་བ་རྣམས་ཀྱིས་སོ།། ལྷག་མ་ནི་གསལ་ལོ།། ཀུན་ནས་ཆ་ཤཱས་གང་བར་གྱུར་པའི་སེམས་འདྲི་ནི་དོན་གཅིག་ལ་སོགས་པ་དོན་ཇི་ལྟ་བ་བཞིན་བསྟན་པའི་མིང་ཅན་ནོ།། ཆགས་པ་དང་ཆགས་པ་དང་བྲལ་བའི་ཕྱོགས་གཉིས་ཀྱི། བག་ཆགས་རྣམས ་ཀྱིས་མ་སྦྱར་བ་ཀུན་ནས་ཉོན་མོངས་པར་མ་བྱས་པའོ།། མི་འགྱུར་བ་དེར་རབ་ཏུ་ཞུགས་པའི་དངོས་པོའི་ཚོགས་འགྱུར་མེད་ཉིད་དུ་འགྲོའོ།། མི་འགྱུར་བའི་རིག་པ་འཛིན་པ་འི་སྟོན་པ་ལ་བདེ་བའི་རང་བཞིན་རྣམ་པ་ཐམས་ཅད་པའི་དངོས་པོ་ཐམས ་ཅད་སོ་སོར་གསལ་བའོ།། ཞེས་པའི་དོན་ཏེ། ཇི་ལྟར་ཞེས་པའི་དཔེ་ནི་གསལ་ལོ།། དཔེ་གཞན་ཇི་ལྟར་ལྕང་ཆར་ལ་སོགས་པའི་ཁམས་ཀྱི་ཚོགས་དངུལ་ཆུས་ཐོས་པ་རོ་ཉིད་དུ་འགྲའོ།། གསེར་ལ་སོགས་པའི་ས་བོན་ཞུ་བ་རྣམས་ཀྱིས་ས་བོན ་ཉིད་དེ། ལྕགས་བརྒྱད་འབུགས་པའོ།། འབྲས་བུའི་དུས་སུ་བསྐོལ་བ་ལྷག་པ་བྱེ་བ་ལ་སོགས་པ་དབུགས་པ་ཉིད་ཀྱི་ཚད་སྤངས་པའོ།། དེ་ལྟར་ཞེས་པ་དཔེ་ཅན་ཏེ་གསལ་ལོ།། རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་ཐམས་ཅད་ལ་ཁྱབ་པ་ཉིད་དུ་མཆེ་བ་ཞེས་པ་ལ ་སོགས་པ་ཚིགས་སུ་བཅད་པ་དག་གིས་གསལ་བར་གསུངས་སོ།། ཇི་ལྟར་ཞེས་པ་གྲུབ་པའི་རོའི་དཔེའི་དཔེ་ཅན་ནི་དེ་ལྟར་ཞེས་པ་སྟེ། རྡོ་རྗེ་ནོར་བུར་བརྫུན་པར་བྱས་པའི་བདེ་བྱེད་པ་པོ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་སྦྱོར་བས་སྦར་བའི་གཏུམ་མོས་ཡང་དག་པར ་གདུངས་པའི་སེམས་ཀྱི་ལས་ཀུན་ནུས་འབིགས་པར་བྱེད་དེ།། དེའི་རང་བཞིན་ཉིད་དུ་སྐྱེད་པར་བྱེད་པའི་ཕྱིར་རོ།། ཇི་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ།། ཉོན་མོངས་པ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་ཡིན་པ་གཅིག ་ཉིད་ཡིན་པ་སེམས་ཤེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་འགོག་པོར་བྱེད་དོ།། དེ་རྣམས་ནི་རེ་ཞིག་གློ་བུར་པ་མ་ཡིན་ཏེ་འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། སེམས་ལས་སྔར་བྱུང་བའི ་ངང་ཚུལ་ཅན་རྣམས་ཀྱང་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ།། གང་ཕྱིར་ཉོན་མོངས་པ་ལ་སོགས་པ་རྣམས་སེམས་ལ་རྣམ་པར་བསྒྲུབས་པ་ཡིན་པས་སོ།། རྒྱུ་མེད་པ་ཅན་ཡང་མ་ཡིན་ཏེ། ན་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་ཅུང་ཟད་ཀྱང་མི་བྱེད ་པ་ཉིད་ཀྱི་ཕྱིར་རོ།། ཉོན་མོངས་པ་རྣམས་རང་བཞིན་དུ་གྱུར་པ་ཡང་མ་ཡིན་ཏེ། འཇིག་པ་དང་བྲལ་བར་ཐལ་བར་འགྱུར་བའི་ཕྱིར་རམ།། སྤངས་པ་ན་ཡང་མར་མེ་བཞིན་མྱ་ངན་ལས་འདས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་རྣམ ་པར་དཔྱད་པ་མི་བཟོད་པ་ཉིད་ཀྱི་ཕྱིར་སྒྱུ་མ་ལྟ་བུ་རྣམས་སོ།། ཟངས་ཀྱི་ཞེས་པ་སྟེ། དྲི་མེད་ཉིད་ཀྱི་ནི་གསེར་ཉིད་ཀྱིས་སོ།། ལྷག་མ་ནི་གསལ་ལོ།། དེ་བཞིན་ཞེས་པ་ལ། སྟོང་ཉིད་ནི་དུ་བ་ལ་སོགས་པའི་ལམ་མོ།། ཡེ་ཤེས་ཉིད་ནི་སོ་སོ་རང་གིས་རིག་པར་བྱ་བ ་ཉིད་དོ།། ཇི་ལྟར་བཅུ་ང་ཀྱིས་ཤི་ས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གྲོལ་བ་ལ་སླར་འཁོར་བ་མེད་པ་ག་སུངས་སོ།། ཆགས་བྲལ་ཞེས་པ་སྟེ། གནས་པར་བྱ་ཞེས་པ་ལམ་སྒོམ་པས་སོ།། གཞོན་ནུ་མ་ཞེས་པ་ལ་སོགས ་པ་ཚིགས་སུ་བཅང་བ་བདུན་གསལ་ལོ།། ཁུ་བ་ཞེས་པ་སྟེ་གང་གི་ཕྱིར་རྟེན་ཁུ་བ་འཕོས་ན་བརྟེན་པར་བྱ་བ་འཇིག་པ་དེའི་ཕྱིར་ཁུ་བ་མི་འགྱུར་བ་ཁོ་ན་ཉིད་ཀྱིས་བདེ་བ་ཆེན་པོ་བསྒྲུབ་པར་བྱའོ།། ཇི་སྲིད་དུ་རྟེན་དང་བརྟེན་པར་བྱ་བ་ཐ་དད་པ་དེ་སྲིད་དུ་གཙུག ་ཏོར་དུ་གང་བ་ཉིད་མ་ཡིན་ནོ།། མཆོག་ཏུ་འགྱུར་མེད་ལས་བྱུང་བའི་སྐུའི་སྟེ་བདེ་བ་ཆེན་པོའི་མཛོད་སྤུ་ནི་དཔྲལ་བའི་འཁོར་ལོ་སྟེ་དེར་ངེས་པར་འགྲོ་བ་ཉིད་ཀྱི་གཙུག་ཏོར་དུ་སོན་པའི་ཆ་བཅུ་དྲུག་པ་ཤུགས་ལས་གསུངས་ཏེ་སྟོན་པ་འདིའི་འོ།། ཨ་ཡི ་ལ་སོགས་པ་དབྱངས་ཡོངས་སུ་གྱུར་པ་ཟླ་བ་དང་ཀ་ལ་སོགས་པ་ཡོངས་སུ་གྱུར་པ་ཉི་མ་སྟེ། དེ་དག་ཡང་དག་པར་སྦྱོར་བ་ནི་རྟེན་མ་ཡིན་ཞིང་།། ཧཱུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང་གཙོ་བོ་ཡང་ནི་བརྟེན་པ་མ་ཡིན་གྱི། ་འོན་ཀྱང་གཙུག་ཏོར་དང་ནོར་བུའི་ལྟེ་བར་གནས་པའི་ཟླ་བ་ཉི་མ་དག་རྟེན་ཡིན་ཞིང་། ཐམས་ཅད་ལ་ཁྱབ་པའི་བདེ་བ་ཆེན་པོ་བརྟེན་པར་བྱ་བའོ།། ཀུན་རྫོབ་ཀྱིས་རྣམ་པ་ཐམས་ཅད་པ་སྣ་ཚོགས་པའི་གཟུགས་བརྙན་ནི་རྒྱུ་སྟེ། ཁུ་བ་མི་འགྱུར ་བ་ལས་སྐྱེས་པ་འབྲས་བུའོ།། དེ་དག་ཕན་ཚུན་རྒྱས་བཏབ་པ་ཉིད་དེ། རྒྱུ་ཡང་བདེ་བའི་ངོ་བོ་ཉིད་ཀྱི་ཕྱིར་དང་། འབྲས་བུ་ཡང་དམིགས་པ་མེད་པ་ཉིད་ཀྱི་ཕྱིར་རོ།། སྟོང་པ་ཞེས་པ་སྟེ། དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང་། དམིགས ་པ་མེད་པའི་སྙིང་རྗེ་དག་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་གོམས་པར་བྱེད་པའི་དུས་ན་རྒྱུ་སྟེ། སྒོམ་པ་མཐར་ཐུག་པར་གྱུར་པའི་དུས་ནི་ནི་འབྲས་བུའོ།། མྱ་ངན་ལས་འདས་པ་ཞེས་པ་ལ་སོགས་པས། འདིའི་མཐའ་གཉིས ་དང་བྲལ་བ་གསུངས་སོ།། དེ་ལ་འཐད་པ་གསུངས་པ། གཟུགས་བརྙན་ནི་ཆུད་པ་མིན་ཏེ། ཆོས་ཐམས་ཅད་དམིགས་པ་མེད་པར་གྱུར་པའི་རང་བཞིན་དུ་དངོས་མེད་ལས་སོ་སོ་རང་རིག་པར་བྱ་བ་སྐྱེས་པའི་ཕྱིར་རོ།། འབྲས་བུ་ཡང་དག་རྟག་པ ་ཉིད་མ་ཡིན་ཏེ། ནོར་བུ་ལས་སྟེང་དུ་སོན་པའི་ཁུ་བའི་ངོ་བོ་དངོས་པོ་ལས་འཇིག་རྟེན་གྱི་མཚན་ཉིད་དང་མི་མཐུན་པའི་ཟག་པ་མེད་པའི་བདེ་བ་ཡང་དག་པར་བྱུང་བའི་ཕྱིར་རོ།། དངོས་མེད་དང་དངོས་པོ་དག་ནི་བརྗོད་ཟིན་པའི་མཚན་ཉིད་ཅན ་གྱི་སྟོང་པ་ཉིད་དང་སྙིང་རྗེ་དག་སྟེ། ལྷག་མ་ནི་གོ་སླའོ།། གཉིས་ཀའི་བདག་ཉིད་འདི་ནི་མ་ནིང་གི་གོ་འཕང་སྟེ། ཤེས་རབ་དང་ཐབས་འབའ་ཞིག་པའི་ཕྱོགས་དག་མེད་པའི་ཕྱིར་རོ།། ཤེས་རབ་ཅེས་པ་གཟུགས་བརྙན་གྱི་མཚན ་ཉིད་ཅན་ཆོས་ཐམས་ཅད་སྟོང་པ་ཉིད་དོ།། དེ་ཡང་རྒྱུ་ལས་མ་བྱུང་སྟེ། རང་བཞིན་ནི་མ་བྱས་པ་ཉིད་ཀྱི་ཕྱིར་རོ།། ཤེས་རབ་ཁོ་ན་རྒྱུ་སྟེ། དེ་ལས་བྱུང་བའང་འབྲས་བུ་ཡིན་ལ། ཤེས་རབ་རྒྱུ་ལས་སྐྱེས་པ་མིན་པ་ཉིད ་ཀྱི་ཕྱིར། ཅི་ལྟར་དེ་ལས་སྐྱེས་པ་རྒྱུ་ལས་སྐྱེ་བ་ཡིན། སྔར་ཁོ་ནར་རྒྱུའི་གཏམ་གསལ་བའི་ཕྱིར་རོ།། དེ་ཕྱིར་ཡེ་ཤེས་པ་ཕྱེང་གོ་བླའོ།། འབྲས་བུ་ཁོ་ནས་རྒྱུ་ལ་རྒྱས་བཏབ་པ་འམ་རྒྱུ་ཁོ་ནས་འབྲས་བུ་ལ་ཞི་པ་ཕན་ཚུན་དུའང་མི་འགྱུར་ལ། ་འབྲས་བུས་ཀྱང་རྒྱུ་རྒྱས་བཏབ་ཅིང་། རྒྱུ་ཡིས་ཀྱང་འབྲས་བུ་ཞེས་ཕན་ཚུན་དུ་ཡང་མི་འགྱུར་རོ།། ཅིའི་ཕྱིར་ཞེ་ན། གསུངས་པ། གང་གི་ཕྱིར་རྒྱུ་དང་འབྲས་བུ་དག་རྟེན་ནས་བྱུང་བ་ཉིད་ཀྱི་ཕྱིར་ཏེ། ཀུན་རྫོབ་པ་ལས་སོ།། གཉིས་ཀ་དབྱེར་མེད ་པའི་གཟུགས་བརྙན་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བའོ།། གསུངས་པ་ཡང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཁོ་ནའོ་ཞེས་སོ།། གང ་གི་ཕྱིར་གཉིས་ཀ་དབྱེར་མེད་པའི་གཟུགས་བརྙན་གྱི་ཤེས་རབ་ཀྱི་ཆ་གདོང་མ་ནས་ཞི་བ་ཉིད་ཀྱི་ཕྱིར་རྟག་ཏུ་མ་སྐྱེས་པ་དང་། ཐབས་ཀྱི་ཆ་སོ་སོ་རང་གི་རིག་བྱ་ཉིད་ཀྱི་ཕྱིར་རྟག་ཏུ་བྱུང་བ་ཁོ་ན་སྟེ། དེའི་ཕྱིར་ཡང་རྒྱུ་དང་འབྲས་བུ་ཉིད་མ་ཡིན ་ཞིང་ཕན་ཚུན་རྒྱས་བཏབ་པ་ཡང་མ་ཡིན་ནོ།། ཕན་ཚུན་རྒྱས་བཏབ་པ་མེད་པ་ཉིད་ལ་རིགས་པ་གཞན་ནི།། རབ་ཏུ་ཤེས་པར་བྱ་བ་གང་སྣ་ཚོགས་གཟུགས་ཕྱི་རོལ་ལས་རྣམ་པར་ཕྱེ་བ་མཐོང་སྟེ། དེ་ནི་རང་གི་སེམས་ལས་གཞན ་མ་ཡིན་ནོ།། དེ་ཕྱིར་ཞེས་པ་ལ་སོགས་པ་ཉེ་བར་བསྡུ་བའོ།། རལ་ཞེས་པ་ལ་སོགས་པ་དཔེའོ།། འོ་ན་བརྗོད་ཟིན་པའི་མཚན་ཉིད་ཅན་གྱི་ལམ་སྒོམ་པ་མེད་པར་མི་འགྱུར་བའི་བདེ་བ་སྐྱེ་བ་མེད་ན། དེས་ན་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ ་མེད་ཅེ་ན། གསུངས་པ་མོ་གཤམ་ཞེས་པ་སྟེ། འདིས་ནི་རྒྱུ་དང་འབྲས་བུའི་དངོས་པོ་དེ་ཁོ་ན་ཉིད་མ་ཡིན་པ་གསུངས་སོ།། ཤེས་རབ་མ་ཡིན་ཞེས་པ་སྟེ། འདི་ནི་བརྗོད་ཟིན་པའི་ཤེས་རབ་དང་། ལྷན་ཅིག་སྐྱེས་པའོ།། ན་མཁའ་ཞེས་པ་ལ་སོགས ་པ་གོ་བླའོ།། རང་འབྱུང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་ནི་འཇིག་རྟེན་ལས་འདས་པའི་སེམས་པ་དྲུག་མདོར་བསྟན་པའོ།། དམིགས་པ་མེད་པ་ལས་འབྱུང་བའི་ཕྱིར་འདི་ནི་རང་འབྱུང་ངོ་།། གསང་བ་ལ་སོགས་པ་གཙུག་ཏོར་གྱི་མཐར ་ཐུག་པ་འཁོར་ལོ་དྲུག་ཏུ་རིམ་པས་རྡོ་རྗེ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་དང་དམ་ཚིག་སེམས་དཔའ་དང་རྡོ་རྗེའི་རྣལ་འབྱོར་དང་དུས་ཀྱི་འཁོར་ལོ་སྟེ་དྲུག་གི་མིང་ཅན་ནོ།། འདིའི་རྒྱས་པར་བཤད་པ་ལ། རྡོ་རྗེ་ནི་སྟོང ་པའི་གཟུགས་ཏེ། དེ་གང་གི་ཕྱིར་མི་ཕྱེད་དེའི་ཕྱིར་ཏེ། དོན་ཆེན་ནི་མདོར་བསྟན་པར་རོ།། སེམས་དཔའ་ནི་གང་འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ལུས་དང་ངག་དང་སེམས་གཅིག་པ་ཉིད་ཅེས་བྱ་བའོ།། དེ་ནི་མཆོག་ཏུ་མི་འགྱུར་བར་མདོར ་བསྟན་པར་བྱའོ།། ཞེས་པ་རྡོ་རྗེ་སེམས་དཔའོ།། དེ་ནི་ཆེན་པོ་སྟེ་བདེ་བ་ཆེན་པོས་གང་བ་ཉིད་ཀྱི་ཕྱིར་རོ།། འདོད་ཆགས་ཆེན་པོ་ནི་མདོར་བསྟན་པའོ།། དེ་ཡང་སེམས་དཔའ་སྟེ་ས་ཡིས་གང་བར་བྱས་པ་ཉིད་ཀྱི་ཕྱིར་རོ།། སེམས་ཅན་ཐམས་ཅད ་དགའ་བར་བྱེད་པ་ནི་མདོར་བསྟན་པའོ་ཞེས་པ་སེམས་དཔའ་ཆེན་པོའོ།། འདི་ནི་གང་གང་གི་ཕྱིར་བྱང་ཆུབ་ལ་སྟེ་ཆོས་ཀྱི་འཁོར་ལོ་ལ་གནས་པ་མཱི་གཡོ་བ་སྟེ། དེ་ཉིད་ཉོན་མོངས་པ་ལ་སོགས་པ་ཞེ་སྡང་གི་ཚོགས་རྣམས་ལས ་རྣམ་པར་རྒྱལ་བ་ཉིད་ཀྱི་ཕྱིར་ཞེ་སྡང་ཆེན་པོའོ།། དགྲ་ཆེ་བ་ཡང་མདོར་བསྟན་པའོ།། སེམས་དཔའ་ནི་ཞེས་པ་བྱང་ཆུབ་སེམས་དཔའོ།། དམ་ཚིག་ལས་དམ་ཚིག་གི་སྟེ་ཟླ་བ་བདུད་རྩི་ཞེས་བྱ་བ་ཁུ་བའི་སེམས་དཔའ་ནི་འཕོ་མེད་ཀྱི་ངོ་བོ་སྟེ་དེ་ཟབ ་པའོ།། གཏི་མུག་ལས་རྣམ་པར་རྒྱལ་བའི་ཕྱིར་གཏི་མུག་ཆེན་པོའོ།། གཏི་མུག་གི་བློ་ཅན་རྣམས་ཀྱི་གཏི་མུག་འཇོམས་པར་བྱེད་པ་ཡང་ན་དོར་བསྟན་པའོ།། དེའི་ཕྱིར་དམ་ཚིག་སེམས་དཔའོ།། དེ་ཉིད་ནི་གང་གི་ཕྱིར་སྐུ་ལ་སོགས་པའི་རྡོ་རྗེ ་རྣམས།། ཤེས་རབ་གཟུགས་བརྙན་དང་མི་འགྱུར་བའི་ཐིག་ལེ་རྣམས་དང་ལྷན་ཅིག་སྦྱོར་བ་ནི་གཅིག་ཉིད་དོ།། ཁྲོ་བ་ལས་ངེས་པར་རྒྱལྔ་བའི་ཕྱིར་ཁྲོ་བོ་ཆེན་པོ་སྟེ། བདུད་པ་ལས་རྣམ་པ་རྒྱལ་བར་བྱེད་པའི་ཕྱིར་ཁྲོས་པའི་བདུད་ཀྱི་དགྲ་བོ་ཡང ་མདོར་བསྟན་པའོ་ཞེས་པ་རྡོ་རྗེའི་རྣལ་འབྱོར་རོ།། དེ་ནི་གང་གི་ཕྱིར་དུས་བདེ་བ་ཆེན་པོ་སྟེ། ཐབས་དེ་ལས་མཐའ་ཡས་པའི་སེམས་ཅན་གྱི་དོན་ཡོངས་སུ་མ་བཏང་བ་ནི་འཁོར་ལོ་ཞེས་བྱ་བ་བཅོམ་ལྡན་འདས་སོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་གྲོལ ་དུ་བཅུག་ནས་ཆགས་པ་ཆེན་པོ།། འགྱུར་བའི་ཆགས་པ་སེལ་བར་བྱེད་པ་ཡང་མདོར་བསྟན་པའོ་ཞེས་པ་དུས་ཀྱི་འཁོར་ལོའོ།། རྩ་དྲུག་གི་ངོ་བོའི་རྩིབས་དྲུག་པའི་འཁོར་ལོ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་རྣམས་སོ་སོར་རྣམ་པ་དྲུག་རྣམ་སོ།། ་དེ་ལ་དུང་ཅནཱ་མའི་ངོ་བོ་འོག་གི་རྩིབས་ལ་མི་འགྱུར་བའི་ཡེ་ཤེས་སོ།། ར་ས་ནཱའི་ངོ་བོ་ལྷོའི་རྩིབས་ལ་མི་འགྱུར་བའི་ཚོར་བའོ།། ཨ་བ་དྷཱ་ཏཱིའི་ངོ་བོ་སྟེང་གི་རྩིབས་ལ་མི་འགྱུར་བའི་རྣམ་པར་ཤེས་པའོ།། བཤང་བའི་རྩའི་ངོ་བོ་ནུབ་ཀྱི་རྩིབས་ལ ་མི་འགྱུར་བའི་གཟུགས་སོ།། གཅི་བའི་རྩའི་ངོ་བོ་ཤར་གྱི་རྩིབས་ལ་མི་འགྱུར་བའི་འདུ་བྱེད་དོ།། ལ་ལ་ནཱའི་ངོ་བོ་བྱང་གི་རྩིབས་ལ་མི་འགྱུར་བའི་འདུ་ཤེས་སོ་ཞེས་པ་ཕུང་པོ་དྲུག་རྣམས་སོ།། རིགས་དྲུག་པོ་དེ་རྣམས་ཁོ་ན་རིམ་པ་ཇི་ལྟ་བར་མི ་འགྱུར་བའི་ཡེ་ཤེས་ལ་སོགས་པ་ཁམས་དྲུག་རྣམས་ཀྱིའོ།། དེ་བཞིན་དུ་མི་འགྱུར་བའི་ཡིད་ལ་སོགས་པ་དབང་པོ་དྲུག་པོ་རྣམས་ཀྱི་སྟེ། དེ་བཞིན་དུ་མི་འགྱུར་བའི་སྒྲ་ལ་སོགས་པ་ཡུལ་དྲུག་པོ་རྣམས་ཀྱི་དང་། དབང་པོས་ཉེ་བར་མཚོན་པ་ལས ་མི་འགྱུརར་བའི་མཆོག་གི་དབང་པོ་དང་ལག་པ་དང་མངོམ་དང་བཤང་ལམ་དང་རྐང་པ་ཞེས་བྱ་བ་ལས་ཀྱི་དབང་པོ་རྣམས་ཀྱི་དང་། དེ་བཞིན་དུ་ཡུལ་གྱིས་ཉེ་བར་མཚོན་པ་ལས་མི་འགྱུར་བའི་ཁུ་བ་འཕོ་བ་དང་ལེན་པ་དང་། གཅི་བ་འཛག ་པ་དང་བཤད་བ་གཏོང་བ་དང་སྨྲ་བ་དང་འགྲོ་བ་ཞེས་བྱ་བ་ལས་ཀྱི་དབང་པོའི་བྱ་བ་རྣམས་ཀྱི་འོ།། སུམ་ཅུ་རྩ་དྲུག་པོ་འདི་རྣམས་རིམ་པས་དཀྱིལ་འཁོར་ལ་སྟེ། འདོད་པ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང་འདོད་ཆགས་ཆེན་པོ ་ཞེ་ས་བྱ་བ་རིན་ཆེན་དབང་པོ་དང་། ཁྲོ་བ་ཆེན་པོ་ཞེས་བྱ་བ་མི་བསྐྱོད་པ་དང་གཏི་མུག་ཆེན་པོ་ཞེས་བྱ་བ་རྣམ་པར་སྣང་མཛད་དང་ཞེ་སྡང་ཆེན་པོ་ཞེས་བྱ་བ་དོན་ཡོད་གྲུབ་པ་དང་། ཆགས་པ་ཆེན་པོ་ཞེས་བྱ་བ་འོད་དཔག་ཏུ་མེད་པ་རྣམས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་གོས་དཀར་མོ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྤྱན་མ་དང་སྒྲོལ་མ་དང་མཱ་མ་ཀཱི། རྣམས་དང་། ཀུན་ཏུ་བཟང་པོ་དང་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་། སྒྲིབ་པ་ཐམས་ཅད་རྣམ་པར ་སེལ་བ་དང་ན་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་རྣམས་དང་། སྒྲ་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་ཆོས་དབྱིངས་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་དང་རེག་པ་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་རྣམས་ཀྱི་དང་། གནོད་མཛེས་དང་ཤེས་རབ་མཐར་བྱེད་དང་གཙུག་ཏོར་དང ་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་རྣམས་དང་། ཆེར་སྔོན་མོ་དང་རྨུགས་བྱེད་མ་དང་དྲག་སྤྱན་མ་དང་རེངས་བྱེད་མ་དང་བརྩོན་འགྲུས་ཆེན་མོ་དང་ཁེངས་བྱེད་མ་རྣམས་སོ།། རིགས་སུམ་ཅུ་རྩ་དྲུག་ལ་ཁྱབ་པར་བྱེད་པ་བསམ་གྱིས་མི་ཁྱབ་པའི་ཐུགས ་རྡོ་རྗེ་འདྲི་ཡང་སྒྲིབ་པ་དང་བཅས་པའི་འདོད་ཆགས་ལ་སོགས་པ་འགོག་པའི་ཕྱིར་ཁྲོ་བོའི་རྒྱལ་པོ་སྟེ། འདོད་པ་ཆེན་པོ་ལ་སོགས་པའི་གདོང་དྲུག་པོའོ།། འཆི་བདག་གི་བདུད་ལ་སོགས་པ་འཇིག་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིགས་པའོ།། བརྗོད ་ཟིན་པའི་ཡེ་ཤེས་ལ་སོགས་པའི་རིགས་དྲུག་དག་པའོ།། ལུས་ཤེས་པ་སྐུའི་དཀྱིལ་འཁོར་དང་།། གསང་བ་དབང་པོ་གསུང་གི་དཀྱིལ་འཁོར་དང་། སེམས་ཐུགས་ཀྱི་དཀྱིལ་འཁོར་ཏེ། གསུམ་པོ་འདིའི་བདག་ཉིད་འདི་ནི་རིགས་དྲུག་གི་དཀྱིལ ་འཁོར་རོ།། དེ་ཡང་ལམ་སྒོམ་པས་དག་པ་ནི་སྔར་བཤད་པའི་རྣམ་པར་དག་པ་དྲུག་པོ་ཤེས་རབ་དང་ཐབས་ཀྱི་རྡོ་རྗེ་གསུམ་པོ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་བསམ་དུ་མེད་པའི་ཐུགས་རྡོ་རྗེ་ཉིད་དུ་འགྲུབ་པར་འགྱུར་རོ།། འདི་ནི་སྟེ་དབང་མདོར་བསྟན་པ ་ཞེས་བྱ་བའི་རབ་ཏུ་འབྱེད་པ་ནི་བཤད་ཟིན་པའི་དབང་བསྐུར་བཅུའི་སྒྲུབ་ཐབས་དང་མཆོག་ཏུ་མི་འགྱུར་བའི་དབང་བསྐུར་གྱི་སྒྲུབ་ཐབས་ཏེ། བརྗོད་ཟིན་པའི་རྩ་དང་རིག་རབ་ཏུ་གསལ་བར་བྱེད་པ་ནི། ཀྱེ་ཟླ་བ་བཟང་པོ་ཕྱག་ན་རྡོ་རྗེ། མདོར་བསྟན་པ ་ཡིས་ཏེ་མདོར་བསྡུས་པས་གསལ་བར་བཤད་ངོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ནག་ཕྱོགས་རྩ་བ་ཕྱུང་ནས་རྟག་ཏུ་ནི།། འཇིག་རྟེན་རྣམས་ལ་བདེ་བ་སྟེར་གྱུར་ཅིག། ཉོན་མོངས་ཚ་བ་སེལ་བར་བྱེད་པ་ཡི།། དབང་བསྐུར་ཟླ ་བའི་ཟླ་འོད་གསལ་བར་བརྗོད།། དབང་བསྐུར་མདོར་བསྟན་པའི་བརྗེད་བྱང་འདི་ནི་དཔལ་དུས་ཀྱི་འཁོར་ལོ་པ~ཾ་པཎྜི་ཏ་རྣམ་པར་རྒྱལ་བ་དབང་པོའི་ཞབས་ཀྱིས་མཛད་པའོ།། ། གཞུང་གི་ཚད་ནི་ཚིགས་སུ་བཅད་པ་བདུན་ཅུ་རྩ་བདུན ་ལྷག་པའི་བརྒྱ་ཕྲག་བཞིའོ།། །། ལོ་ཙཱ་བའི་མིང་ཙམ་འཛྙཱན་པ་དབང་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། འདིས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། ་རྗེ་བཙུན་འཕགས་མཱ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་གནས་བརྟན་དཔེ་མེད་ཀྱིས་བསྲུངས་པས་མཛད་པར། དེའི་རྗེས་སུ་ཅིསྔར་སྙིང་གར་གནས་པའི་རི་དགས་ཀྱི་མཚན་མ་ཅན་གྱི་དཀྱིལ་འཁོར་གྱི་དབུས་ན་ཡོད་པའི་ཨུཏྤ་ལ་སྔོན་པོ་རོལ་པའི་ལྟེ ་