CLOSE WINDOW

GT1035: phyag na rdo rje lce dbab kyi sngon du 'gro ba'i yan lag rnal 'byor gyi spyod lam brgyad pa zhes bya ba
Wyliee-texts produced with BDRC’s OCR application

ལག་རྡོ་རྗེ་ལྕེ་དབས་ཀྱི་སྔོན་འགྲོའི་ས་ནག་སྤྱོར་སྤྱོད་ལམ་བརྒྱད་བ་ཞུགས། ་ཀཎི་དྷུ་ལས་འོད་ཟེར་འཕྲོས།། རང་བཞིན་དཀྱིལ་འཁོར་སྦྲུ་ལ་ཕོག། ལྷ་མོ་བུམ་པ་ཐོགས་པ་ཡིས།། བདུད་རྩི་ཆུ་བླུགས་སྒྲིབ་པ་དག། དེ་ལས་ཤིན་ཏུ་བསྡུས་པ་ནི།། སྐད་ཅིག་རྔུས་སྐྱེས་ལྷ་རུ་བསམ།། ཐུགས ་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས།། ཚུལ་ཕོག་པས་བདུད་རྩིར་གྱུར།། ལྷ་མོ་བུམ་པ་ཐོགས་པ་ཡིས།། ཁྲུས་བྱས་དྲི་མ་དག་པར་འགྱུར།། དེ་དག་ཀུན་གྱི་སྔོན་དུ་ནི།། སེམས་བསྐྱེད་པ་དང་ལྡན་བྱས་ཏེ།། བདག་དང་སེམས་ཅན་ཐམས ་ཅད་ཀུན།། ཕྱག་རྒྱའི་དངོས་གྲུབ་ཐོབ་པའི་ཕྱིར།། བདག་གིས་ཁྲུས་ནི་འདི་བྱའོ།། མཐར་སྨོན་པ་ཡི་བྱང་ཆུབོ་སེམས།། ཕྱག་རྒྱའི་མཆོག་ཏུ་བསྔོ་བར་བྱའོ།། དེ་རྣམས་སྔགས་དང་ཕྱག་རྒྱ་ནི།། ཨོཾ་བཛྲ་ཥྚ་ཧཱུཾ་ཕཊ། ཕྱག་རྒྱ་རྡོ་རྗེ་ཁུ ་ཚུཆུར་གཉིས་མཐེ་བོང་སྒྲེང་སྟེ་སྤྱི་བོ་རོ་བཞོག། ཡང་མ་རྒྱུད་གཞན་སོ་སོ་ཡི།། སྔགས་དང་ཕྱག་རྒྱ་དག་གིས་བྱ།། དབང་བསྐུར་ཁྲུས་དང་ལྡན་པ་ཡིས།། དེ་ནས་མཆོད་པའི་རྣལ་འབྱོར་བསྟན།། ས་གཞི་སྐྱོན་སྤངས་ཡོན་ཏན་ལྡན།། ་བ་ཡི་རྣམ་ལྔར་ལྡན་པ་ཡིས།། མཎྜལ་ཡིད་འོང་མཛེས་བུར་བྱས།། ཚད་ལྡན་དབྱིབས་སྔོན་དེ་ལ་ནི།། དང་པོར་དྲི་ལྡན་ཆུ་ཡིས་ནི།། བྱུགས་ཆེ་ཉི་ཟླའི་གདན་དུ་བསམ།། དེ་སྟོང་མེ་ཏོག་འགྲེམས་པའི་ཆུ།། པདྨ་དག་ཏུ་གྱུར་པར ་བསམ།། དེ་གསུམ་སྔགས་དང་བརྗོད་པར་བྱ།། མཆོད་པ་དྲི་མེདོ་བཤམས་ནས་ཀྱང་།། རང་ཉིད་ཆོ་གས་ལྷར་བསྐྱེད་དེ།། རང་གི་ཐུགས་ཀྱི་ས་བོན་གྱིས།། འོད་འཕྲོས་ཐུགས་ཀའི་ལྷ་ཡང་གསེལ།། པདྨའི་སྟེང་དུ་གཟུགས་བརྙན་ཤར ་དེ་ནས་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་ལྡན་པའི་འོད་ཟེར་གྱིས།། ཡེ་ཤེས་ལྷ་ནི་སྤྱན་དྲངས་ཏེ།། གཟུགས་བརྙན་ཉིད་ལ་བསྟིམ་པར་བྱ།། ཡང་ན་འོད་ཟེར་འཕྲོས་པས་སུ།། བླ་མ་སྤྱན་དྲངས་སྒྲིབ་པ་སྦྱང་།། མི་བསྐྱོད་གྱུར་ནས་དབུ་ལ ་གཞུགས།། དང་པོ་ཕྱག་ནི་བཙལ་བྱ་སྟེ།། དེ་ནས་མཆོད་པ་རྒྱས་པར་དབུལ།། དེ་ཡང་དང་པོ་བླ་མ་ལ།། དེ་ནས་དཀྱིལ་འཁོར་ལྷ་ལ་དབུལ།། མཆོད་པ་དབུལ་བའི་དབུས་ཡང་།། དང་པོ་མེ་ཏོག་གདན་བསམས་ཏེ།། ཞབས་གཉིས ་ལ་ནི་དབུལ་བར་བྱ།། དེ་ནས་ཞལ་བསིལ་གདོང་དང་ཕྲག། འཐོར་འཐུང་ཞལ་གྱི་ནང་དུ་དབུལ།། ཉེ་རེག་ཐུགས་ཀར་བྱུག་པར་བྱ།། ཡོན་ནི་ཞབས་ཀྱི་དྲུང་དུ་དབུལ།། སྐུ་ཁྲུས་དབུ་ལ་དབུལ་བར་བྱ།། བདུག་སྤོས་ཤངས་ལ་དབུལ ་བར་བྱ།། མེ་ཏོ་གྲོ་དབུ་ལ་དབུལ་བར་བྱ།། ལྷ་བཤོས་ལྗགས་ལ་དབུལ་བར་བྱ།། སིལ་སྙན་སྙན་ལ་དབུལ་བར་བྱ།། རིན་ཆེན་མཛོད་པུར་དབུལ་བར་བྱ།། གདུགས་དང་རྒྱལ་མཚན་ལ་སོགས་པ།། སྐུ་ཉིད་ལ་ནི་དབུལ ་བར་བྱ།། དེ་ནི་ཕྱི་ཡི་མཆོད་པ་དང་།། ནང་གི་མཆོད་པ་འདི་ལྟ་སྟེ།། སྒེ་གོ་མོ་ལ་སོགས་ལྷ་མོ་རྣམས།། སྒྲོལ་ལ་མཆོད་པ་དབུལ་བར་བྱ།། གསོང་བའི་མཆོད་པ་བདུད་རྩི་ཡིས།། ལྷ་རྣམས་དགྱེས་པ་བསྐྱེད་པར ་བསམ།། དེ་འོག་རྩ་བའི་ལྟུང་བ་རྣམས།། རང་གི་བློ་ལ་བགྲང་བསྔོ་བྱ།། ཉེས་པ་གང་བྱུང་དེ་ལ་ནི།། ཆེད་དུ་གཏད་དེ་བཤགས་པར་བྱ།། དང་པོར་བསམ་པ་གཙོར་བྱས་ཏེ།། ཚིག་གི་ཀྱང་ནི་བཤགས་པ་བྱ།། དེ ་འོག་ཡི་གེ་བརྒྱ་པས་སྦྱངས།། དེ་ནས་འཇིག་རྟེན་འདས་པ་དང་།། འཇིག་རྟེན་པ་ཡི་དགེ་བ་ལ།། དགའ་བ་བསྐྱེད་དེ་རྗེས་ཡི་རང་།། དེ་འོག་བླ་མ་དཀྱིལ་འཁོར་དྲུང་།། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། ་མྱ་ངན་མི་འདྲའ་གསོལ་བ་གདུག། དེ་ནས་ཆོས་ཀྱི་འཁོར་ལོ་ནི།། བསྐོར་བ་ཡང་ནི་གསོལ་བ་གདབ།། དེ་ནས་བླ་མ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དག་ལ་ཡང་།། སྐབསུ་མཆི་ཞིང་ལུས་ཀྱང་དབུལ།། དེ་འོག་སྡོམ་པ་བཟུང་བར ་རོལ་མོ་སིལ་སྟན་ལྡན་པ་ཡིས།། རྡོ་རྗེ་སྔགས་ནི་མགུར་བཅས་ནས།། ཉི་ཤུ་རྩཝ་གཅིག་བདུན་གསུམ་གྱིས།། ལྷ་རྣམས་ལ་ནི་བསྐོར་བ་བྱ།། དེ་ཐོག་མཆོད་སོགས་དགེ་བ་རྣམས།། བྱང་ཆུབ་ཆེན་པོར་བསྔོ་བར་བྱ།། ཡེ་ཤེས་གཤེགས ་ནས་ཏིང་འཛིན་བསྡུ།། དེ་ནས་ཅི་བདེར་དོན་གཞན་བྱ།། དེ་ནི་མཆོད་པ་བ་རྒྱས་པའི་ཚད།། དེ་ལཾ་བསྡུས་པ་འདོད་པ་རྣམས།། མཎྜལ་དངོས་སམ་ཡིད་ཀྱི་བསམ།། རང་ཉིད་སྟོང་པའི་ངང་ལས་ནི།། ས་བོན་ལ་ནི་ལྟར་བསྐྱེད་དེ།། ཡེ་ཤེས ་དཀྱིལ་འཁོར་སྤྱན་དྲངས་ཏེ།། རྫས་རྣམས་དངོས་སུ་མ་འབྱོར་ཡང་།། སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས།། མཆོད་པ་རྣམ་ལྔ་གསང་མཆོད་ཙམ།། ཡིད་ཀྱིས་བཤགས་པ་ལ་སོགས་བྱ།། ཤིན་ཏུ་བསྡུས་པར་འདོད་པ་ལ།། ར་ཤིང་སྐད ་ཅིག་ལྷར་བསམས་ཏེ། ཕྲ་མ་ཡི་དམ་ལྷ་ལ་སོགས།། རྫུསོ་སྐྱེས་ཚུལ་དུ་མདུན་དུ་བོས་མ།། བསམ་པས་བདུད་རྩི་མཆོད་པ་དང་།། སྡིག་པ་བཤགས་དང་དགེ་རྩ་བསྔོ།། འདི་ནི་ཤིན་ཏུ་བསྡུས་པའོ།། བྲིས་ཀྱི་རྣལ་འབྱོར་བསྟན་པ་རྣཾ། ་རང་ཉིད་ཆོ་གས་ལྷར་བསྐྱེད་ལ།། ལྟེ་བའི་འོག་ཏུ་རླུང་བསམས་ཏེ།། དེ་སྟེང་འབྱུང་བ་མེ་བསམ་མོ།། རླུང་གི་མེ་ལྕེས་སྙིང་ག་སླབས།། སྙིང་གའི་དཀྱིལ་འཁོར་ལ་གསལ་ཏེ།། འོད་ཀྱི་ཁང་པའི་ནང་ན་འབར།། ལྕེ་ནི་ཧཱུཾ་ལས་རྡོ་རྗེར་བསམ།། སླར ་ཀན་པཾ་ལས་པདྨ་བསམ།། དེ་ཉིད་ཐབས་དང་ཤེས་རབ་ལྡན།། ཡང་ན་ཁཱ་ནི་དགྲང་གཟར་བསམ།། ལག་པ་བླུགས་གཟར་ཉིད་དུ་བསམ།། ཟས་རྣམས་བྱིན་གྱིས་བརླབས་པ་ནི།། སྣོད་ནི་ཨ་ལས་ཀཱ་པཱ་ལ།། རྫས་ནི་བདུད་རྩིའི་ཡི་གེ་ཡིས།། ་བདུད་རྩི་རྣམ་པ་ལྔ་རུ་བསམ།། དེ་འོག་རཱཾ་དང་ཡཾ་ལས་ནི།། མ་དང་རླུང་གི་དཀྱིལ་འཁོར་ནི།། གྲུ་གསུམ་ཟླ་གམ་བ་དན་ཅན།། ཐོད་པའི་ནང་གི་ཡི་གོ་གསུམ།། མུ་ཏིག་ཙར་ལ་བརྒྱུས་པ་བཞིན།། དེ་སྟེང་རྡོ་རྗེ་ལྟེ་བ་ལ།། ཡི་གེ་ཧཱུཾ་གིས ་མཚན་པར་བསམ།། དེ་སྟེང་ཟླ་བའི་དཀྱིལ་འཁོར་ལ།། ཡི་གེ་ཨོཾ་གྱིས་མཚན་པ་བསམ།། ཡི་གེ་ཧཱུཾ་གི་འོད་ཟེར་གྱིས།། བ་དན་བསྐྱོད་པས་རླུང་བྱུང་སྟེ།། རླུང་གི་མེ་སླར་བདུད་རྩི་བཞུ།། ཧཱུཾ་གིས་བསྡུས་ཤིང་ཨཱཿསུ་ཞུ།། ཨོཾ་གྱིས ་ཁ་དོག་དཀར་པོར་བསྒྱུར།། སླར་ཡང་གྱེན་དུ་སྤྲོས་པས་སུ།། སྟེང་གི་ཨོཾ་བསྐུལ་འོད་ཟེར་འཕྲོས།། རང་བཞིན་ལྷ་ཡི་མཛོད་སྤུར་ཕོག། གཉིས་མེད་རོལ་པས་བྱང་སེམས་ཕབ།། དང་པོར་ཨོཾ་ཕེག་ཟླ་བ་ཞུ།། དམ་ཚིག་དང་འདྲེས་རྡོ་རྗེ་ཕག།། ་ཆ་གཉིས་གཅིག་འདྲེས་རྡོ་རྗེར་ཞུ།། བདུད་རྩི་དྲི་མེད་དཀར་པོ་ངེས།། སྙིང་གའི་ལྷ་ལ་མཆོད་བྱས་ཏེ།། སྦྱིན་སྲེག་ཚུལ་དུ་བཟའ་བར་བྱ།། ཟས་ཀྱི་རྣལ་འབྱོར་རྒྱས་པའོ།། རང་ཉིད་ལྷག་པའི་ལྷར་བསམས་ཏེ།། སྙིང་ཁར་ལྷ་ཡི་རྣལ་འབྱོར་པསཾ།། ་ཟས་རྣམས་བྱིན་གྱིས་བརླབ་པ་ནི།། པདྨ་མཛེས་པའི་སྣོད་དག་ཏུ།། བདུད་རྩི་རྣམ་པ་ལྔ་བསམས་ཏེ།། ལག་པ་གཡོན་པའི་ཟླ་སྟེང་ནས།། ཨོཾ་ལས་འོད་འཕྲོས་བདུད་རྩི་བསྲེགས།། གཡས་ཀྱི་ཉི་མའི་སྟེང་ནས་ནི།། ཨཱཿ ་ཡི་འོད་འཕྲོས་བདུད་རྩི་སྤེལ།། གཉིས་ཀ་ལས་ནི་ཧཱུཾ་འཕྲོས་ཏེ།། བདུད་རྩི་རྣམས་ནི་འོད་དུ་འབར།། ཧོ་ལ་སྡེ་འོད་འཕྲོས་བདུད་རྩི་བཞུ།། དེ་ནས་ཐུགས་ཀའི་ལྷ་མཆོད་དོ།། དེ་ནས་བསྡུས་པའི་རྣལ་འབྱོར་རོ།། སྐད་ཅིག་རྫུས་སྐྱེས་རྣལ་འབྱོར་གྱིས།། བདག ་དང་ཐུགས་ཀའི་ལྷ་གཉིས་གསལ།། ཐུགས་ཀའི་ཧཱུ~ཾ་ལས་འོད་འཕྲོས་པས།། ཟས་ལ་སོགས་པ་བདུད་རྩི་བཞུ།། སླར་ཡང་ཡེ་ཤེས་བདུད་རྩི་འབབ།། ཆ་གཉིས་འདྲེས་པའི་བདུད་རྩི་དེ།། ཐུགས་ཀའི་ལྷ་ལ་མཆོད་པར་བྱ།། ཤིན་ཏུ་བསྡུས་པའི་རྣལ ་འབྱོར་རོ།། བཏུང་བའི་རྣལ་འབྱོར་བསྟན་པ་ནི།། རང་ཉིད་བསྐྱེད་པ་ལ་སོགས་ནི།། ཟས་ཀྱི་རྣལ་འབྱོར་ཉིད་དང་མཐུན།། བཏུང་བ་བྱིན་གྱིས་བརླབ་པ་ནི།། སྣོད་ནི་ཨ་ལས་ཀ་པཱ་ལ།། བྱིན་གྱིས་བརླབས་ནས་དེ་ནང་དུ།། བྱང་ཆུབ་སེམས་ཀྱི་ས་བོན ་བསམ།། ཐུགས་ཀའི་ཡི་གེའི་ས་བོན་ལྔས།། ཧ་འཕྲོས་བསྔོ་ནི་རྣམ་རྟོག་སྦྱངས།། ཧྲིཿནི་འོད་འབར་རོ་རྣམས་སྦྱངས།། ཧོས་ནི་དྲི་མེད་བདུད་རྩིར་བཞུ།། ལག་པ་གཡོན་གྱི་མཐེ་བོ་ནི། ཧཱུཾ་གི་ས་བཞི་བྱིན་གྱིས་བརླབས།། སྲིན་ལག་གསུམ ་ལས་རི་རབ་ཏུ།། བྱིན་གྱིས་བརླབས་པའི་བང་རིམ་ལས།། ཡི་གེ་མཾ་གྱི་འོད་འབྲོས་ཏེ།། དེ་བཞིན་གཤེགས་པའི་སྨིན་མཚམས་ཕོག། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། བྱང་ཆུབ་སེམས་ཀྱི་བདུད་རྩི་བབ།། ཡང་ན་ཡུམ་ཆེན་མཱ་མ་ཀཱི། ་བདུད་རྩི་ཐོགས་པ་དཔག་མེད་བྱུང་།། དམ་ཚིག་བདུད་རྩིའི་ནང་དུ་བྱོ།། ཆ་གཉིས་གཅིག་ཏུ་འདྲེས་པ་ཡི།། བདུད་རྩི་རི་རབ་དག་གིས་བསྲུབས།། རི་རབ་ཉིད་ཀྱང་འོང་དུ་ཞུ།། བདུད་རྩི་དྲི་མེད་དཀར་པོ་ངེས།། ཐུགས་ཀའི་དཀྱིལ་འཁོར་ལྷ་རྣམས ་ལ། སྦྱིན་སྲེག་ཚུལ་ལམ་མཆོད་པ་ཡི།། ཚུལ་གྱིས་འཐུངས་པས་བདེ་བ་བསྐྱེད་པར་འགྱུར་བའམ།། ཡང་ན་བདུད་རྩིའི་མཆོད་པ་ནི།། ཕྱི་རོལ་མཎྜལ་སྣོད་སྟེང་དུ།། ཆོས་འབྱུང་གྲུ་གསུམ་བྲི་བར་བྱ།། མེ་ཏོག་ཆོམ་བུ་དགོད་པར་བྱ།། ་རྫོགས་པའི་རྣལ་འབྱོར་ཏིང་འཛིན་གྱིས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ།། པདྨའི་སྟེང་དུ་བཞུགས་བསམས་ལ།། སོ་སོའི་རྩ་བའི་སྔགས་ཀྱིས་ནི།། བདུད་རྩིའི་འཐོར་འཐུང་མཆོད་པ་དབུལ།། ཐབས་དང་ཤེས་རབ་དང་ལྡན་པས།། ་རྡོ་རྗེའི་གླུ་ནི་ཕྲ་མོ་ཨོཾས།། ལན་གསུམ་སྐུ་གསུང་ཐུགས་ལ་མཆོ་དོ།། དེ་ནས་ཐུགས་ཀའི་དཀྱིལ་འཁོར་མཆོད།། དེ་ནི་རྣལ་བའི་རྣལ་འབྱོར་རོ།། བསྡུས་དང་ཤིན་ཏུ་བསྡུས་པ་གཉིས།། ཟས་ཀྱི་རྣལ་འབྱོར་ཉིད་དང་མཐུན།། གཏོར་མའི་རྣལ ་འབྱོར་བསྟན་པ་ནི།། རང་ཉིད་བསྐྱེད་རིམ་ཚུལ་བསྒོམས་ལ།། གཏོར་མ་བྱིན་གྱིས་བརླབ་པ་ནི།། ཟས་ཀྱི་རྣལ་འབྱོར་ཉིད་དང་མཐུན།། མཆོད་པཱ་རཱ་བྱཱ་བིའི་མགྲོན་རྣམས་ནི།། འཇིག་རྟེན་འདས་དང་འཇིག་རྟོན་པ།། མདུན་དུ་པཾ་ལས་པདྨར་བསྐྱེད།། ་འདབ་བརྒྱད་སྟེང་དུ་དུར་ཁྲོད་བརྒྱད།། དབུས་ཀྱི་ལྟེ་བར་ཨེ་ལས་ནི།། ང་རོ་མོ་ང་ཡིའི་ཆོས་འབྱུང་བས།། དེ་ནས་འཇིག་རྟེན་འདས་པོར་བསྐྱེད།། ཕྱི་རོལ་དུར་ཁྲོད་བརྒྱད་ལ་ནི།། འཛིན་པའི་འཁོར་རྣམས་བསྐྱེད།། རང་བཞིན་དཀྱིལ་འཁོར་རློམ ་གཉིས་ཀྱང་།། སྤྱན་དྲངས་དམ་ཚིག་དག་ལ་བསྟིམ།། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས།། གཏོར་མ་བསྒྲུབ་ཅིང་འཕྲིན་ལས་བཅོལ།། སིལ་སྙན་རྡོ་རྗེ་མགུར་གླུར་ལྡན།། མཆོད་ཅིང་བསྟོད་ནས་གཤེགསུ་གསོལ། ་ཏིང་འཛིན་བསྡུས་ཏེ་དགེ་རྩ་བསྔོ།། དེ་ནི་རྣལ་འབྱོར་རྒྱས་པའོ།། བསྡུས་པ་སྟོང་ཉིད་དང་ལས་ནི།། ས་བོན་ལས་ནི་ལྷར་བསྐྱེད་དེ།། གཏོར་མ་བྱིན་གྱིས་བརླབ་པ་ནི།། ཟས་ཀྱི་རྣལ་འབྱོར་འབྲིང་དང་མཐུན།། ཤིན་ཏུ་བསྡུས་པའི་རྣལ་འབྱོར་ནི།། སྐད ་ཅིག་རྔུས་སྐྱེས་ལྷར་བསྐྱེད་ལ།། གཏོར་མ་སྟེ་སོའི་ས་བོན་གྱིས།། སྦྱང་བ་བྱས་ཏེ་གོང་དང་མཐུན།། དེ་རྣམས་གཏོར་མོར་རྣལ་འབྱོར་རོ།། དེ་ནས་སྤྱོང་ལམ་རྣལ་འབྱོར་ནི།། ནང་པར་ལངས་པའི་ཚེ་ན་ནི།། བདག་རང་ཡི་དམ་ལྷར་བོསམས་ཀྱི ་འགྲོ་བ་པོ་རྣམས་ཐམས་ཅད་ནི།། བདེ་གཤེགས་སྤྲུལ་པ་ཉིད་དུ་བལྟོས། འགྲོ་བ་མོ་རྣམས་ཐམས་ཅད་ནི།། བདེ་གཤེགས་ཡུལ་གྱི་ལྷ་མོར་བལྟ།། སྣོད་ཀྱི་འཇིག་རྟེན་འདི་དག་ཀུན།། ལྷ་ཡི་གཞལ་ཡས་ཉིད་དུ་བལྟ།། ཐམས་ཅད་སྒྱུ་མའི་རང་བཞིན ་དུ། ཐབས་དང་ཤེས་རབ་རོལ་པས་སྤྱོད།། ཉོན་མོངས་དྲག་པོ་ལངས་ཙམ་ན།། གླང་དང་གང་འདུལ་གཉེན་པོར་བསྟེན།། འགྲོ་བ་སེམས་ཅན་དྲོན་བྱ་སྙིམ།། འདུག་ན་བྱང་ཆུབ་སྙིང་པོར་འཇུག། ནུབ་མོ་ཉལ་བའི་ཚེ་ན་ནི།། ཆོས་ཉིད་སྟོང་པའི་ངང ་ལས་ཉལ།། དགེ་བའི་བསམ་པས་ཉལ་བར་བྱའོ།། བསྡུས་པའི་སྤྱོད་ལམ་བྱ་བ་ནི།། དང་པོ་ནང་པར་ལངས་ཆེན།། ཉིན་མོ་ཐུན་མཚམས་པ་ནི་རྣམས་དང་།། ནུབ་མོ་ཉལ་པོའི་དུས་དག་ཏུ།། རྣལ་འབྱོར་པ་ཉིད་གོང་བཞིན་བྱ།། ཤིན་ཏུ་བསྡུས ་པོའི་སྤྱོད་ལམ་ནི།། དང་པོར་ནང་པར་ལངས་དུས་དང་།། ནུབ་མོ་ཉལ་བའི་དུས་དག་ཏུ།། སྤྱོད་ལམ་གོང་བཞིན་དྲན་པར་བྱ།། རྣལ་འབྱོར་དེ་རྣམས་ཀུན་ལ་ཡང་།། སྔོན་དུ་བྱང་ཆུབ་སེམས་བསྐྱེད་ཅིང་།། ཐ་མ་དགེ་བ་བྱང་ཆུབ་བསྔོ།། དེ་ལྟར ་རྒྱན་ཏུ་བྱས་པ་ཡིས།། དགེ་བའི་མཐུ་ཡི་བྱིན་རླབས་ཀྱིས།། ཕྱག་རྒྱ་མཆོག་གི་གྲོགས་འགྱུར་ཞིང་།། ཐུན་མོང་དངོས་གྲོབ་ཐོབ་པར་འགྱུར།། དངོས་གྲུབ་རྣམས་གཉིས་མ་ཐོབ་ཀྱང་།། ལྷ་དངོ་མིའི་རིགས་སྐྱེ་ཞིང་།། བསོད་ནམས་ལྷུན་གྲུབ ་ཐོབ་པརོ་འགྱུར།། བསྒོམ་དང་བཟླས་པའི་བསྡུས་རྒྱས་ནི།། བརྒྱུད་དང་སྒྲུབ་ཐབས་ལ་སོགས་སུ།། བླ་མའི་ཞལ་གྱིས་མན་ངག་གིས།། ཤེས་པར་བྱས་ཏེ་ཉམ་སུ་བླང་།། སྒོམ་པ་བསྟན་པའི་རིམ་པ་ཡང་།། བླ་མ་འཆད་པའི་བརྒྱུད་ཤེས ་པས།། སློབ་མ་ཉིད་ཀྱིས་ཤེས་པར་བྱ།། རིན་ཆེན་ལྟ་བུའི་གང་ཟག་ལ།། རྫོགས་པའི་མན་ངག་རིམ་པ་བསྟན།། དེ་ལས་གཞན་པའི་སློབ་མ་ལ།། བསྐྱོད་པའི་རིམ་པའི་མན་དགྲ་བསྟན།། དེ་ལ་བསྟན་ནས་ཕྱི་དུས་སུ།། རྫོགས་པའི་རིམ་པ ་བསྟན་དུ་རུང་།། དེ་ལས་གཞན་པོ་ཁ་ཅིག་ལ།། ཟབ་མོ་དོན་རྣམས་མི་བསྟན་པར།། མི་ཟད་དབྱིངས་ཀྱི་ཆོས་རྣམས་བསྟན།། དེ་རྣམས་གསུམི་གྱོ་འབྲས་བུ་ནི།། སྐྱེ་བ་འདི་ལས་འབྱུང་བ་དང་།། སྐྱེ་བོ་བདུན་ལས་འབྱུང་བའོ།། འཇིག ་རྟེན་གསུམ་གྱི་ལས་ཀྱིས་ནི།། ཐུན་མོང་དངོས་གྲུབ་ཁོ་ན་འགྲུབ།། དཔེར་ན་སྟོན་གྱི་མེ་ཏོག་བཞིན།། འབྲས་བུ་དག་ལ་སྤྲོ་བསྐྱེད་ལ།། བརྩོན་འགྲུས་ཆེན་པོའི་གོ་ཆ་གྱོན།། ལེ་ལི་སྤངས་ཤིང་ཉིན་མཚན་དུ།། རྣལ་འབྱོར་དག་ནི་ཆག ་མི་བྱཱ།། སྙོམས་ལས་ལེ་ལོས་ཆུག་གྱུར་ནས།། བདེ་གཤེགས་བཀའ་ལས་འདས་པ་ན།། རྩ་བའི་རབ་འབྲིང་ཐ་མ་ལ།། ཐམས་ཉམས་པའི་ཆར་འགྱུར་བས།། ཉམས་པ་སྦྱང་ཞིང་སླར་གསོལ་བ། བླམ ་མཆོད་པའི་དུས་སུ་ནི།། ཡི་གེ་བརྒྱ་པའི་ཆོ་ག་ཡིས།། སྦྱངས་པས་སླར་ནི་སོར་ཆུང་འགྱུར།། འདི་དང་མི་ལྡན་སྔགས་པ་ནི།། གླང་ཆེན་མྱོས་འདྲ་ཇི་བཞི་ནོ།། འདི་དང་ལྡན་པའི་སྔགས་པ་ནི།། སེང་ཕྲུག་སེང་གེའི་གདུང་འཚེ་བ་འདྲ།། དེ ་ལ་ནན་ཏན་ཆེར་བསྐྱེད་ཅིང་།། ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་སྔོན་དུ་འགྲོ་བའི་ཡན་ལག། རྣལ་འབྱོར་གྱི་སྤྱོད་ལམ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ་རྫོགས་སོ།། ། ་སློབ་དཔོན་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་རྒྱུད་དང་མི་འགལ་བར་མཛད་པའོ།། ཛོ་ཡ་ཨཱ་ཀ་ར་དང་། མར་པ་ལོཙྪ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། ་