CLOSE WINDOW

GT1034: bcom ldan 'das phyag na rdo rje lce dbab kyi gsang ba'i yang bkol gyi sgrub pa'i thabs zhes bya ba
Wyliee-texts produced with BDRC’s OCR application

རརཱདང་། ལོནྡྲ་བ་མར་བས་བསྒྱུར་ཅིང་གཏན་ལ་ཕབ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བྷ་ག་ཝཱན་ནཱི་ལཱཾ་བ་ར་དྷ་ར་བིཛྲི་ཧཾ། བཛྲ་པཱ་ཎི་སཱ་དྷཱ་ར་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བྱུག་ན་རྡོ་རྗེ་ལྕེ་དབ་ཀྱི་གསང ་བའི་ཡང་བཀོལ་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལོ།། གཡས་བསྐུམུ་གཡོན་བརྐྱང་གར་དགུས་ནི།། རི་བོང་འཛིན་ལ་གར་གྱིས་བཞུགས། རིགས་སྔགས་གསང་སྔགས ་ཀུན་གྱི་གཙོ།། རྡོ་རྗེ་འཆང་ལ་ཕྱག་འཚལོ་ནས།། དེ་ནས་བླ་མའི་བཀའི་དྲིན་གྱིས།། ཇི་ལྟར་རིམ་པས་སྒྲུབ་པའི་ཐབས།། བདག་ནི་བླ་མེའི་རྗེས་དྲན་པས།། དེ་ཡི་སྒྲུབ་ཐབས་ཆོ་ག་བཤད།། དང་པོར་རྣལ་འབྱོར་སྣོད་ལྡན་གྱིས།། རྡོ་རྗེ་འཛིན ་ལ་སྒྲུབ་འདོད་པས།། དུར་ཁྲོད་དཔོན་པའི་གནས་ཕྱོགསུ།། རོ་གསུམ་མེད་པའི་ས་ལ་ནི།། མཎྜལ་འམ་དཀྱིལ་འཁོར་ལེགས་བྱས་ལ།། མེ་ཏོག་སྔོན་པོས་མཛེས་བྱས་ལ།། མདུན་དུ་རྟེན་ལ་སོགས་པ་དགྲམ།། ཕྱི་ཡི་མཆོད་པ ་རྣམ་ལྔ་དང་།། ནང་གི་བདུད་རྩི་གཏོར་མར་བཅས།། ཤ་ཆང་ཟས་ཀྱི་ལོངས་སྤྱོད་བཤམ།། རྣལ་འབྱོར་གནས་བཅས་ཤེས་རབ་ཅན།། ཁྲུས་བྱ་ཉ་རེག་འཐོར་འཐུང་བསང་གཏོར་བྱའོ།། བདེ་བའི་སྟན་ལ་རབ་འདུག་ནས།། རྡོ་རྗེ་རྒྱལ་པོའི ་སྐྱིལ་ཀྲུང་བཅའ།། ཡན་ལག་བདུན་དང་ལྡན་པ་ཡིས།། སེམས་བསྐྱེད་སྔོན་དུ་འགྲོ་བར་བྱ།། དེ་ནས་རིང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལོ་གནས་པའི་ས་བོན་གྱིས།། བླ་མ་ད་གོས་སྔོན་ཅན།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་སྤྱན་དྲངས་ལ།། ས་བོན་ལས་བྱུང་བའི་མཆོད་པའི་བྱེ་བྲག་གིས།། གདོན་དབུལ་བ་དང་། ཕྱག་འཚལ་བ་དང་། ཉེ་རེག་དང་། འཐོར་འཐུང་བསང་གཏོར་དབུལ་བ་དང་།། མཆོད་པ་ལ་སོགས་ཏེ་ཡན་ལག་བདུན་པ་བྱའོ།། ་བླ་མ་དང་ནི་གོས་སྔོན་ཅན།། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། མཆོད་པ་སྣ་ཚོགས་པ་དང་། མེ་ཏོག་ལ་སོགས་པ་ཕུལ་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པའི ་ཕྱིར། བདག་གིས་སྡིག་བློ་མ་ལུས་པར་ནི་བཤགས་པར་བགྱི། དེ་ནོས་བླ་མ་དང་ནི་གོས་སྔོན་ཅན།། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་ནི།། སློབ་དང་མི་སློབ་ལ་སོགས་སེམས་ཅན་རྣམས་ཀྱི་དོན་དུ།། ་བསོད་ནམས་ཀུན་ལ་རྗེས་ཡིད་རང་།། དཀོན་མཆོག་གསུམ་ལ་སྐྱབས་སོང་ཞིང་།། བྱང་ཆུབ་ཏུ་ནི་དེ་དག་བསྔོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་།། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། བྱམས་པ ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ།། ཚངས་པའི་གནས་གཞིར་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོང་ཧཾ། དེ་ཡི་མཚན་ཉིད་བྲལ་བས་སྟོང་།། རྒྱུ་མེང་བས་ན ་མཚན་མ་མེད།། རང་བཞིན་གྱིས་ན་དངོས་པོ་རྣམས།། སྨོན་པ་དང་བྲལ་བསྒོམ་པར་བྱའོ།། དེ་ནས་སྟོང་པའི་རང་བཞིན་ལོས།། འོད་ཀྱི་ཕུང་པོར་བདག་རང་ཉིད།། དེ་ནས་ཨེ་དང་ཡཾ་རཾ་པཾ་ལཾ་སུཾ་ཧཱུཾ་རྣམས་ཡོངས་སུ་གྱུར་པ་ལས།། གྲུ ་གསུམ་པ་དང་། གཞུའི་དབྱིབས་དང་། གྲུ་གསུམ་པ་དང་། ཟླ་པོ་དང་། གྲུ་བཞི་དང་། ནག་པོ་དང་། སྔོ་སྒྱུ་དང་། དམར་པོ་དང་། སྔོན་པོ་དང་། སེར་པོ་བསམ་པར་བྱའོ།། འབྱུང་བ་ལྔའི་དཀྱིལ་འཁོར་གོང་ནས་གོང་དུ ་བསམ་པར་བྱའོ།། དེའི་སྟེང་དུ་སུཾ་གྱི་ཡི་གེ་ལས་བྱུང་བའི་ཟུར་བའི་རིན་པོ་ཆེའི་རང་བཞིན་རྭ་བརྒྱད་ཀྱི་ཉེ་བར་མཛེས་པའི་སྟེང་དུ། ཨོཾ་མེ་དི་ཎི་བཛྲི་བྷཱ་བ་བཛྲ་བནྡྷ་ཧཱུ~ཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ན་ཧཱུཾ་བཾ་ཧཱུཾ ་ཨོཾ་བཛྲ་བི་དྷ་ནརྀ་ཧཱུཾ་ཁཾ་ཧཱུཾ། ཨོཾ་སཾ་རཱ་ཛྭ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་སྔགས་དེ་རྣམས་ཀྱིས། རྡོ་རྗེ་ས་གཞི་ལ་སོགས་དྲུག་མངོན་དུ་གྱུར་ཏོ།། དེའི་ནང་དུ་བྷྲཱུཾ་དང་། ཙ་དང་པཾ་དང་ཨ.ེ་ཉིད་དོ།། དེའི་སྟེང་ཟླ་བ་རྡོ་རྗེ་བསམ ་དེའི་ལྟེ་བར་ཧཱུཾ་གིས་མཚན།། ཧཱུཾ་སྔོན་འོད་ཟེར་ལྔར་ལྡན་པ།། རྡོ་རྗེ་ཡོངས་སུ་གྱུར་པ་ལས།། སྐུ་མདོག་མཐིང་ནིག་ཞལ་ཅིག་པ།། རབ་ཏུ་ཁྲོས་པས་བརྐྱང་བསྐུམ་སྟེ།། བཅུ་དྲུག་ལོ་ལོན་ཤ་ཚུགས་ཅན།། སྤྱན་གསུམ་མེ ་ལྟར་འབར་བ་ལ།། ཤིན་ཏུ་ཁྲོས་པའི་ལྟ་སྟངས་ཅན།། བསྣུན་པའི་ཚུལ་གྱིས་ལེགས་བཟུང་ཞིང་།། དྲིལ་བུ་སྡིག་མཛུབ་ཐུགས་ཀར་བསྒྲེང་།། སྟོང་གཡོགས་ན་བཟའ་སྔོན་པོ་ལ།། སྨད་གཡོགས་སྟག་གི་ཤམ་ཐབས་ཅན།། ཉི་མོའི་འོད ་ཅན་ཟླ་བའི་མདངས།། ཧ་ཧའི་འོ་དོད་ཆེན་པོ་ཡིས།། ལོག་འདྲེན་ལ་སོགས་སྐྲག་པར་མཛད།། འཇིགས་འབྱེང་ཁྲོ་བོའི་བདག་པོར་ནི།། བདག་ཉིད་རྣམ་པར་བསྒོམ་པར་བྱ།། ཞེས་བྱ་བ་ནི་སྐུའི་མཚན་ཉིད་དོ།། ཟས་སུ་སྦྲུལ་ཟ་བ་རྒྱུན ་ཐམས་ཅད་ཀྱིས་བརྒྱན་པའོ།། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ས་བོན་བཀོད་ལྔ། ཡེ་ཤོས་སེམས་དཔའ་སྤྱན་དྲང་བར་བྱའོ།། བཞུགསུ་གསོལ་བ་དང་། ཕྱག་འཚལ་ཞིང་བསྟོད་པ་དང་། མཆོད་པ་ལ་སོར ་པ་བྱའོ།། ཨོཾ་བཛྲ་ཧཱུ~ཾ་ཏྲི་ཧ་ས་མུ་དྲ་སྥ་ར་ཎ་ས་མ་ཡཻ་ཧཱུཾ། ཨརྒྷཾ་གི་ཞལ་བསིལ་དངུལ་བའོ།། ཨོཾ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུ~ཾ། མེ་ཏོག་དབུལ་བའོ།། ཨོཾ་བཛྲོ་དྷཱུ་བ་པཱུ་ཛཱ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མུ་ཡེ་ཧཱུཾ། བདུག ་སྤོ་སཽ་ཤང་སུའོ།། ཨོཾ་བཛྲ་དཱི་པ་པཱུ་ཛེ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡཱཾ་ཧཱུཾ། མར་མེ་སྤྱན་ལའོ།། ཨོཾ་བཛྲ་གནྡྷ་པཱུ་ཛ་མཾ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲི་ཐུགས་ཀར་རོ།། ཨོཾ་བཛྲ་ནཾ་བཽ་ཏྱཻ་པཱུ་ཛ་མེ་ག་སཾ་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཞལ་ཟས ་ཞལ་དུའོ།། ཨོཾ་བཛྲ་ཤབྷ་པཱུ་ཛ་མེ་གྷཱ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སིལ་སྙན་སྙན་དུའོ།། ཛཿཧཱུཾ་བཾ་ཧོས། འིདགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། ཡང་ལུས་དང་ངག་དང་སེམས་བྱིན་གྱིས་བརླབ་པར་བྱའོ།། མགོ་དེ ་རླུང་ཐོགས་དང་། རྙིང་གར་པདྷཱ་དང་། བྷཱུ་བའི་དཀྱིལ་འཁར་ལ། ཀླུ་དང་ཀྵ་རླུང་དང་། ཐུམས་ཀྱི་པ་ཇི་ལྟ་བར་བཀོད་ལཱ། གཱང་པོ་དང་སྟན་པཱ་ལ་སོགས་པ་བསམ་མོ།། དེ་ནས་སྒྲི་བ་དང་། མགྲིན་པ་དང་། དྷཱ། ་གར་བཛྲ་དང་། ཟླ་བ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་དམིགས་ལ། གསང་སྔགས་བཟླས་པར་བྱ་བ་ནི་འདི་ཡིན་ཏེ། ཉི་མས་རྒྱུན་ཀླང་བཱ་ནན། ས་ནཱ་ཥྚྲཱི། ཙིདྷ་ཀཱ་ལི་ནཱནྟེ། ཙི་ཏ་མུ་དྲཱ་སྨཱཏྶཱ་ཧྲུ་ཤློ་ཁྱེརྱ། གྷས་བྱོར་དམིགས་ལ་བཟླས ་བཱདྱཱ། ཛྙཱ་བའམ་རྔུབ་པར་གྱུར་ན། གསང་སྐྱུགས་ཡིད་ཀྱི་བཟླས་པར་བྱ་སྟེ། ལྕགས་ཀྱི་སྣརོན་སྦྱོངས་ཏེ། མི་གསལ་བྱ་ལ་སོགས་པའི་རྣམ་པར་རྟོག་པ་སྤྱང་པོར་བྱའོ།། བཟླས་པོས་བྷྱོ་ནྟི་མི་མྦྷཀྵི་འཁོར་ལོ་བཏོན་ལ།། མཆོད་པ་ས ་སྟོང་བྱུང་། བརྗོད་གས་མི་བྱ། དེ་ནས་ཨོཾ་ཨཱཿཧཱུཾ། ས་ས~ཾ་ཡཱ་ནུས། ཡེ་ཤེས་ཀྱི་འཁོར་ལོ་གཤེགསུ་གསོལ།། དེ་ནས་མི་དམིགས་པར་སྦོམ་པོར་བྱའོ།། ལྡང་བར་འདོད་ན། ཡི་གེ་བརྒྱ་བྱའི་སྔགས་བདྨོད་ལྷ། ལྗང ་བ་བྱའོ།། ཕྱག་ན་རྡོ་རྗེ་སྐྱེ་རབབ་ཀྱི་སྒྲུབ་ཐབས། གསེང་བའི་ཡང་དཀྲོལ་གྱི་ཆོ་ག་བཀོད་པ་ཡིས། བདག་གི་སྒྲུབ་ཐབས་འདི་བསོད་བས།། བདག་དང་སེམས་ཅན་ཐམས་ཅད་ཀྱིས།། བྱང་ཆུབ་ཏུ་ནི་དེ་དག་བསྔོ།། རྒྱལ་པོ་སྤྲིན་གྱི་ཤུགས ་ཅན་གྱིས་མཛོད་པ་རྫས་།། ཀླང་ཀྱི་ཐམ་པ་ཡ་ཀར་དང་། མར་པའི་རྗེས་ཀྱི་སྒྱུར་ཅིང་ཞུས་ཏེ་གཏམ་ལ་ཕབ་པའོ།། ། མ་མ་སདྷཱ་ཡ། བཛྲེ་བཛྲེ་ཧཱུཾ་ཐཱ། རྡོ་རྗེ་ལྕེ་བབ་པའི་སྔགས་ནི། ཉིམས ་བླ་ན།། ཀླད་པ་ནན། ཀུན་ཞི། ཙིཏྟ་ཀུ་ལི་ནན། ཙི་ཏྲ་མུ་ཏྲ་ཡཱ་ཀྵ་ཏྲ་བཟློག་བྱེར། ནཱ་ག་བྱེར། ནཱ་ག་ནན། ནཱ་ག་མགོ་ནན། ནཱ་ག་ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། ཚིལ་ཆེན་དང་། ཚོན་སྐུད་རྣམ་ལྔ་ལ་སྔགས་འདུས་བྱས་པ་དང་། གླ་རྩི་དང་སེང་ལྡེང་གི ་བུར་པ་ལ་སྔགས་བཟླས་ལ་བསྲུང་ངོ་།། ས་དོམ་ནག་པོ་སོད། ས་རོམ་ནོག་པོ་སོང་། ས་དོམ་ནག་པོ་ན་ནི། ས་དོ་མ་ནཱག་པོ་ནམ། ཞེས་གོང་བཞིན་ནོ།། སེར་བ་སྲུང་ན། ཐལ་ཆེནྡ་དང་། སྐེ་ཚེ་དང་། ཙང་དང་། མཐོ་དང་། མཛུབ་རིས་ཀྱི་བསྲུང་།། ་སྔགས་འདི་གདགས་སོ།། ས་འདི་སྲུངས་ཤིག་བྷེ་རཱ་ཡ་བྱའོ།། ཕྱུ་ག་ཙི་ཕཊ། ལྕེ་བ་ཏཱི་ཕཊ། ཐུ་མ་རིལ་རྦང་། ཆེ་གེ་མོ་མ་ར་ཡ་རྦང་ནན། ནཱ་ག་ཧྲི་ལ་ཧཱི་ལ། ནཱ་ག་ཕྲོ་མ། ནཱ་ག་ཕོབ། ཕུར་བ་དང་། ཚིལ་ཆེན ་དང་། ཁྱི་དང་བུང་བུ་དང་རྟ་རྣམས་ཀུན་ནག་པོའི་ཁྲག་དང་། ཐོད་པ་མཚན་ངན་གཅིག་དང་། དོར་རྟ་དང་། ཆུས་དངོས་དང་། དེ་རྣམས་ལ་བྱའོ།། ལིང་ག་དང་། གཟུགས་ལ་རྟེན་ལ་བྱའོ།། ཆར་པ་འབེབས ་ན། རྟེན་ས་རུ་སྠ་ཕུབ་ལ་གཟུངས་གདོན། སྔགས་གོང་མ་བཟླས། ཀླུ་མཆོད་དང་། ཆབ་གཏོར་བྱ། དུས་དུས་སུ་བླངས་ནག་བདུན་བྱའོ།། འདིས་ཀྱང་བསྲུང་། ཨེཿབ་གཱཿར་ཚེ་འདི་ན་བ་གཿབར་མ་པ་ལཿས་ཏ་ཡེ། མགོ་སྐྱེ་ས ་ཏེ། བར་མ་ཧཱ་ཨཱཿཧཱུ~ཾ་ཧཱུ~ཾ་ཡ་ཕཊ་སྭཱ་ཧཱ། ཞེས་ཅི་མང་དུ་བཟླས་སོ།། རང་ཕྱག་ནི་རྡོ་རྗེ་སྒོམ་ཤེས་ན་རག་མ་ཤོས་ན་རང་ཏོམ་མོང་དུ་བཟླས་ན་གང་ཡང་རུང་བ་ཐུབ་བོ།། ཕྱག་ན་རྡོ་རྗེ་ཀླུ་འདུལ་བའི་དྲག་སྔགས་བསྒོམ་དུ་མེད་པའོ།། ཐེ་ཚོམ་མོ ་གཉིས་རྐྱེན་གྱི་རྒྱུ་བསྙེན་པ་དང་བསྒྲུབ་པ་ཟབ་མོ་རྫོགས་སོ།། ། དེ་ཡང་བྱ་བའི་དུས་ནི། སྔགས་ཀྱི་ནུས་པ་བསྐྱེད། ཉམས་རྟགས་བྱུང་བ་དང་། ལས་མཐའ་བསྡུས་ཏེ། མནན་པ་ལ་སོགས་གཞན་དང་མཐུན།། སྦྱིན ་སྲེག་གི་རིམ་པ་ལ། རྫས་ནི་ཞི་རྒྱས་གཞན་དང་མཐུན།། དུག་པའི་རྗེས་ནི་སྣ་ཚོགས་དང་།། མཱར་ངག་ཚིལ་ཆེན་སྐེ་ཚེ་དང་།། ཏིལ་དང་མིང་བྱུང་སྤེལ་ཏེ་བསྲེག། གླང་འམ་ཐབ་ཁུང་རྙིང་པ་རུ།། བརྒྱའིའམ་ཡང་ན་ལྔ་བཞི་གཅིག། བསྒྱུར་ཞིང་ལས་ལ་སྦྱོར ་བ་དང་།། སྔགས་ཀྱི་མཐར་ནི་རཀྵ་ཤཱན་ཏི་གདགས་པར་བྱ།། སྤྱན་དྲངས་མཆོད་དང་བསྟོད་པ་ནི།། གཞན་ཡང་སྐྱེས་ལས་ཤེས་པར་བྱ།། ཉམས་ཆུང་སྣོད་མེད་ཐེ་ཚོམ་རང་འཕུང་འགྱུར།། ཉམས་ལྡན་མ་ཡངས་བསྒྲུབ་བྱས་ནས།། བླ་མ་དམ་པ་རྣམས ་ཀྱི་ཞབས་ལེ་ཐུགས།། ཞར་ལྔ་འདི་ཡང་མཆོད་པ་སྟེ།། འཁོར་སོར་སྣོད་ནི་མཛེས་པ་རུ།། འོ་མ་དང་བཅས་སྨན་རྣམས་ཀྱིས།། བཀོང་སྟེ་མདུན་དུ་བཞིག་པའོ།། དེ་སྟེང་བཞག་པའི་རྒྱུས་རྣམས་ནི།། ཤིན་ཏུ་གས་ལོ་བྱང་གདན་སྟེངསུ།། ལྔ་ལྡན ་མཐའ་ཡས་སྦྲུལ་དགུ་པ།། རྩི་སྨན་མཆོད་ཅིང་མདུན་གནས་པའོ།། བསྲེག་མནན་བསྐྱལ་བ་ཉམས་དང་སྦྱར།། བདག་རྣལ་འབྱོར་པ་སྡང་མིག་གིས་ལྟ་ཞིང་ཡུངས་ཀར་གྱིས་བྲབ་པའོ།། ཀླུ་གསུམ་དུ་གྲུའོ།། དེ་ནས་སྔོགས་གདབ་བོ།། དེ་ནས་ཐལ ་མོ་གང་བཅིང་། ནང་དང་གདོན་བགེགས་ཐམས་ཅད་བརླག་པར་བསམ་མོ།། ཡང་ཡང་ལྕགས་ཀྱིའི་ཕྱག་རྒྱ་བཅོས་ཏེ་གོད་མྀ་ལ་བི་སྟིམ་མོ།། དེ་ནས་ཕུར་པ་གདབ་ཅིང་བྲུབ་པར་བྱའོ།། ཨེའི་ཚོགས་ཀྱིས་རིམ་པ་དང་།། དེང་པོ་བདག་རྣལ་འབྱོར་པའི ་མདུན་དུ་མཛུབ་གང་པོའི་འབྲུག་ཟུང་གྲུ་གསུམ་བྲུས་ཏེ། དེའི་ནང་དུ་མིང་བྱང་བུ་ལ་བྲིས་ལ་གཞག། དེའི་ཁ་རུ་གསུམ་པ་སྔོན་པོ་ཅིག་ལྔ་ཡུང་བ་སེར་པོསའི་རབ་རྡོ་རྗེ་རྒྱ་གྲམ་གྱི་གཟུགས་བྲིས་ལ་གཞག། མ་གྲུབ་བྱས་ན་བལྟས་ངན་འབྱུང་།། ཀུན་ལ ་ཡོད་ན་ངོ་མཚར་ཆུང་།། ལྷོ་དབབ་པའི་བྱ་ཐབས་རྫོག་སོ།། ། རྟེན་འབྲེལ་གྱི་མཐུས་བསྲུང་བའི་ཐབས་ནི། རྨ་བའི་མཁྲིས་པ་དང་། ཀ་ར་བསྲེ་ལ་བསྐུ། སའི་བདུད་རྩི་ལོ་ལྔ་བརྒྱ་ལོན་པ་ཡན་ཚོད་བསྐུའོ།། སྤོས་གུ་གུལ་ནག་པོ ་དང་། གླ་རྩི་དང་། མུ་ཟི་དང་། ལྡོང་རོས་དང་། དྲི་ཆེན་དང་། ཆ་མཉམ་དུ་སྦྱར་ཏེ། སྦྲང་རྩིས་སྦྲུས་ཏེ་དུས་པ་བཏང་ངོ་།། སྨན་གྱི་ནུས་པ་ནི་འབྲས་བུ་གསུམ་དང་། བུ་སྐྱེ་ས་མ་ཐག་པོའི་རང་འབྱུང་དང་བསྲེས་ཏེ། དྲི་ཆུ་སོ་སྦྲུས་པའི་རི་ལུ་ཁར་གཞུག ་གོ། སྨན་གྱིས་མཆོག་གིས་བསྲུང་བ་ནི།། ཨ་རུ་ར་རྣམ་པར་རྒྱལ་བ་བཅངས་བྲས་བསྲུང་བའོ།། ས་བདག་གིས་ནང་ཐུབ་པོ།། ། ཉི་མ་ས་བླ་ན་ལ་སོགས་པ་ལ་འདི་གི་དགས་སོ།། ཤཱིག ་བྱེར་ན་ན། མགོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། ཞེས་བཟླས་ཤིང་སྲུང་བ་བྱའོ།། རྟེན་འབྲེལ་གྱིས་མཐུས་བསྲུང་བ་རྫོགས་སོ།། ་