CLOSE WINDOW

GT1033: phyag na rdo rje lce dbab kyi 'grel pa mu tig gi phreng ba
Wyliee-texts produced with BDRC’s OCR application

རྟག་ན་རྡོ་རྗེ་ལྕེ་བབས་ཀྱི་འགྲེལ་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དང་པོ་བསྙེན་པའི་རིམ་པ་ནི།། མཎྜལ་མངའ་གང་གྲུ་བཞི་པ།། བ་ཡི་རྣམ་ལྔས་བྱི་དྲོར་བྱ།། དབུས ་སུ་ལྔ་ལྡན་སྦྲུལ་སྐུ་དགོད།། མདུན་དུ་བུམ་པ་བཟེང་ཞལ་དང་།། མཆོད་པ་རྣམ་ལྔ་བཅས་པར་དགོད།། འཁྲུར་སོགསོ་སྣོད་ནི་མཛེས་པ་རུ།། འོ་མ་དང་བཅས་སྨན་རྣམས་ཀྱིས།། བཀང་སྟེ་མདུན་དུ་བཞག་པའོ།། ཞེས་པ་ནི། འོ་མའི་ནང་དུ ་ཀླུ་སྨན་སྣ་ཚོགས་པ་བླུགས་བཞག་པའོ།། དེ་སྟེང་བཞག་པའི་རྗེས་རྣམས་ནི།། རྫས་གོང་དུ་བསགས་པ་དེ་ལ་བྱའོ།། རྫས་དེ་རྣམས་གང་ལ་དབུལ་བ་བསྟན་པའི་ཕྱིར།། ཤིན་ཏུ་གསལ་བྱེད་གདན་སྟེངས་སུ།། ལྔ་ལྡན་མཐའ་ཡས ་སྦྲུལ་དགུ་པ།། ཞེས་བྱེ་བ་ནི་མདུན་དུ་རྒྱ་མཚོ་ཆེན་པོའི་བསམ་པའི་ནང་དུ།། ཕུ་ལུས་ཀླུ་མཐའ་ཡས་སྐུ་མདོག་སེར་པོ།། ཕྱག་གཉིས་ཐུགས་གྲར་ཐལ་མོ་སྦྱར་བ།། དབུ་ལ་སྦྲུལ་མགོ་དགུ་ཡོད་པ་སྦྲུལ་འཁྱིལ་བ་ལྔའི་སྟེང་ན་བཞུཌ ་པར་བསམ་མོ།། ཧཱུཾ་ལས་ཕྱག་ན་རྡོ་རྗེ་ཆུ་ལས་ཉཝ་ལྡང་བའི་ཚུལ་དུ་དགོངས་ཀྱི་བསྐྱེད་དོ།། སྐུ་མདོག་མཐིང་ག། དབུ་སྐྲ་ཐོར་ཚུགས་གཅིག་ཏུ་བཅིངས་པ།། ཞབས་བགྲང་བ་མཆེ་བཱ་གཙིགས་པ།། སྦྱིན་བཟློག་པ། ཟས་སུ་སྦྲུལ་ཟ་བ། ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་ལཿཛཿཧཱུཾཿབཾ་ཧོཿས། ཡེ་ཤེས་སེམས་དཔའ་སྤྱན་དྲང་། དགུག་གཞུག་ཅིང་བསྟིམ།། དེ་ལ་མཆོད་པའི་ཡན་ལག་དང་།། མཆོད་པ ་རྣམ་པ་ལྔས་མཆོད་བསྤྱོད།། ཨོཾ་ཨཱཿཧཱུཾ་གསུམ་གྱི་གནས་གསུམ་བྱིན་གྱིས་བརླབས།། དེ་ནས་ཀླུ་ལ་མཆོད་པའི་ཕྱིར།། ཊཱི་སྨན་མཆོད་ཅིང་མདུན་གནས་པའོ།། ཞེས་འབྱུང་སྟེ། བོང་དུ་བསྐྱེད་པའི་ཀླུ་ལ་ཡེ ་ཤེས་སེམས་དཔའ་དགུས་བཞུག་ཅིང་བསྟིམ་ལྷ་མཆོད་པ་རྣམ་པ་ལྔས་མཆོད་དོ།། དེ་ནས་སྔགས་བརྗོད་ཅིང་འོ་མ་དང་བཅས་རྩི་སྨན་གྱིས་མཆོད་དོ།། ཀླུའི་ནང་དང་གདུག་རྩུབ་ཐམས་ཅད་དང་བྲལ་བར་གྱུར་ཅིག་ཅེས་བརྗོད་ཅིང་བསྟོད།། ་དེ་ནས་སྔགས་འདི་བདུན་འབུམ་དུ་བཟླས་སོ།། ཨོཾ་བཛྲ་ཉི་མས་བླ་ན་ཀླད་པ་ནཾ། ཀུ་ན་ཞི། ཙིཏྟཾ་ཀུ་ལི་ནི། ཙི་ཏྲ་མུ་ཏྲ་བཟློག་བྱར། དུས་བཞིའི་མཆོད་བ་རྒྱུན་ཏུ་བྱའོ།། ཀླུ་ཡཾ་གཏོར་མ་དུར་བཞིར་བཏང་།། མཐའ་མ་རྟགས་བྱུང་བ་དང་།། ་ལས་ཀྱི་མཐའ་བཏུལ་བར་བྱ་བའི་ཕྱིར།། བདག་རྣལ་འབྱོར་བ་སྡང་མིག་ཏུ་བལྟ་ཞིང་།། ཞེས་པ་ནི། བདག་ཕྱག་ན་རྡོ་རྗེའི་ངོ་རྒྱལ་དུ་གནས་ལ། མདུན་དུ་གྲུ་གསུམ་མཐིང་ནག་བྲུས་ལ། ངར་ཕྱེ་ལ་སོགས་པའི་རྫས་ལ་ལིད་བྱས ་ལ། མིང་རུས་གྲོ་ཁ་འམ་ཤིང་ཤོན་ལ་བྲིས་ལ་བཞུག་གོ།། དེ་སྦལ་པ་ནུག་པོ་དང་ལྷོ་སྦྱར་ལ་ཚེན་སྐུད་ཀྱིས་དཀྲིས་ལ་གྲུ་གསུམ་དུ་གཞུག་གོ། དེའི་བླ་དགུག་པར་བསྟན་པར་བྱ་བའི་ཕྱིར།། ཡང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་གོང ་གི་ལིངྒ་ལ་བསྟིམ་མོ་ཞེས་པ་ནི་གོ་སླའོ།། སྔགས་ནི་ཨོཾ་བཛྲ་ཉི་མ་ས་བླ་ནའི་རྟིང་ལ་བཛྲ་ཨཾ་ཀུ་ཤ་ཛཿཞེས་པས་དགུག་པའོ།། དེ་ནས་དགྲ་བགེགས་བསྒྲལ་བ་བསྟན་པར་བྱ་བའི་ཕྱིར།། སེང་ལྡེང་གི་ཕུར་པས་གོདབ་ཅིང་གྲུབ་པར་བྱ་ཞེས ་བནི། ལག་དུ་ཡུངས་ཀར་བླངས་ལ་ཉི་མས་བླ་ནའི་རྟིང་ལྔ་ཆེ་གེ་མོ་མ་ར་ཡ་རྦད་ཅེས་བཟླས་ཤིང་།། གྲུ་གསུམ་དུ་ཡུངས་ཀར་བྲབ་བོ།། སེང་ལྡེང་གི་ཕུར་པས་དྲིལ་ཞིང་།། ཉི་མ་སཱ་བླ་མའི་རྟིང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མཱ་ར་ཡཱ་སརྦ་བིགྷྣཱ་ན ་བཾ་ཧཱུཾ་པ་ཅེས་གྱུར་པས་གདབ་བོ།། རྣམ་པར་ཤེས་པའི་ཚེགས་བརྒྱད་ལ།། དེ་ནས་ཐལ་མོ་གདབ་ཅིང་ནང་དང་གདོན་བགེགས་ཐམས་ཅད་བརླག་པར་བསམ་མོ་ཞེས་པ་ནི།། ཐལ་མོ་གདབ་ཅིང་གདོན་བགེགས་སྟོང་ཕྲག་བརྒྱད་ཅུ། ་སྐུ་ལ་བོད་པའི་དགྲ་ཐམས་ཅད་དང་། རྣམ་པར་ཤེས་པ་དབང་དུ་བསྡུས་ཤིང་ལུས་རྡུལ་ཕྲན་དུ་རློག་ཅིག་ཅེས་བརྗོད་དོ།། དེ་ནས་ལས་ཀྱི་མཐའ་བཏུལ་བར་བྱ་བའི་ཕྱིར།། སྲེག་མནན་བསྐྱལ་བ་ཉམས་དང་སྦྱར་ཞེས་འབྱུང་སྟེ། ཐུབ ་ཁུང་སྙིང་པའམ་སླ་ངར་གདུག་པ་ཅན་གྱི་ཤིང་ལ་མེ་བཏང་ལ། སྦྱིན་སྲེག་བྱ་བ་དང་། མནནཱ་པ་བསྐུལ་པ་ཀུན་མན་ངག་བཞིན་དུ་ཤེས་པར་བྱའོ།། བསྙེན་པའི་རིམ་པ་བསྟུན་པའོ།། ། བཅོམ་ལྡན་འདས་རྡོ་རྗེ ་འཛིན་པ་ལ་ཕྱག་འཚལོ།། བསྟོད་པ་ནི། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས།། རིག་སྔགས་སྔ་གསང་སྔགས་ཀུན་གྱི་བདག་པོ་སྟེ།། ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ།། བཅོམ་ལྡན་རྡོ་རྗེ ་བསྣམས་ལ་ཕྱག་འཚལ་བསྟོད།། ཀླུ་ཆེན་རྒྱལ་པོ་མཐའ་ཡས་ནི།། སྐུ་མདོག་ལྗང་ཁུ་སྣ་ཚོགས་མདོག། ཕྱག་གཉིས་ཐལ་སྦྱར་རིན་ཆེན་འཛིན།། སྦྲུལ་མགོ་དགུ་ཡིས་བཙུན་མོ་ཡི།། མགུལ་ནས་འཁྱུད་པའི་འཁོར་བཅས་ལ།། ་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། བདུད་རྩི་ཟིལ་དང་ར་སྨན་གྱི་མཆོད།། ཀླུ་ཡི་གདུག་རྔུ་བཞི་གྱུར་ཅིག། ཨོཾ་ནཱ་ག་བཛྲ་པུཥྤེ་ཧཱུཾ། ཨོཾ་ནཱ་ག་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་ནཱ་ག་བཛྲ་ཨཱ་ལོ་ཀེ་ཧྲིཿོཾ་ནཱ་ག་བཛྲ་གནྡྷེ་གན། ཨོཾ་ན་ག ་བཛྲནེ་བྷི་དྱཱ་དྷྭཾ། ཨོཾ་ནཱ་ག་བཛྲ་བྷྱོ་དྷ་ཀ་རེ་ཧཱུཾ། བསྟོང་པ་དང་མཆོད་པའི་རིམ་པོའོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལོ་བྱུག་འཚལ་ལོ།། བྱེར་བ་དབབ་པར་འདོད་ན། མཎྜལལཾ་གྲུ་བོ་ནི་པ་ཞིག་བྱས་ལ། དེའི་སྟེང་དུམྦྷ་ལྡན་མཐའ་ཡས་སྤྲུལ ་སྐུ་རྒྱུ་བའི་གཟུགས་དང་། བཟེང་ཞལ་དང་། མཆོད་པ་རྣམ་པ་ལྔ་དང་དུག་རྫུས་སྣ་ཚོགས་དང་། ཡུངས་ཀར་ལ་སྩོགས་པའི་རྫས་དང་། དྲི་མི་ཞིམ་པ་སྣ་ཚོགས་བསགས་གོ། རབས་ཆད་ཀྱི་ཐོད་པ་མཚན་ངན་ཅིག་གི་ནང་དུ། ཚིལ་དང་ཁྱི ་ནགོ་དང་། བུང་བུ་ནག་པོ་དང་། རྟ་ནག་པོ་དང་། དེ་རྣམས་ཀྱི་ཁྲིག་བླུག་གོ། ཐོད་པའི་ཕྱི་རོལ་དུ་ཡང་བསྐུ། ཚིལ་ཆེན་དང་། ཁྲག་ཕྱེདདུ་ཕྱེད་དོང་ཆུང་ངུ་ཡང་བླུགས་ལ། བོརྱ་ཐུན་གྱི་རྫས་སུ་བཞག་གོ། ཐོད་པའི་ནང་དུ་སེར་བ་བྱུང་བའི་ཆུ ་ཡང་ཐུགས་སོ།། ཟོང་པ་དེ་ཡུགས་སུ་མོའི་རྡོར་རྟས་དྲིལ་ལ་མཎྜལ་གྱི་བྱང་ཤར་དུ་གློ་གསུམ་གྱི་སྟེང་དུ་བཅུག་གོ།། འགྲམ་དུ་སེང་ལྡོང་གི་ཕུར་པ་གཅིག་ཀྱང་གཞུག་གོ།། དེ་ནས་ཕྱག་ནཱ་རྡོ་རྗེ་བསྐྱེད་ལ་མཆོད་པ་དང་། བསྟིད་པ་དང ་སྔགས་བཟླས་པ་ཀུན་བསྙེན་པ་ལྟར་བྱའོ།། དེ་ནས་ལས་ལ་སྦྱོར་ཀ་ནི། མཆོད་བསྟོད་གང་བཞིན་བྱ། སྔགས་འདི་བདུན་འབུམ་བཟླས་ཤིང་།། ཐོད་པ་དོང་ཆུང་ངུ་སེར་རྟའི་ནང་དུ་ཡུངས་ཀོར་ལ་སོགས་པོའི་ཐུན་བརྡེག་གོ། ཉི་མ་ས་བླ་ན ་སེར་བཕོད།། ཀླང་པཱ་ནན་སེར་བ་ཕོག། ཀུན་ནི་སེར་བ་བོག། ཙིཏྟ་ཀུ་ལི་ན་ཎ་སེར་བ་ཕོག། ཙི་ཏྲ་མུ་ཏྲ་སེར་བ་ཕོབ། བཟློག་བྱེར་སེར་བ་ཕོབ། ནཱ་ག་ཧྲི་ལ་ཧྲཱི་ལ་སེར་བ་ཕོ་བ། ནཱ་ག་ཕྲོམ་སེར་བ་ཕོབ་ཐཱག་ཕོབ་སེར་བ་ཕོབ་ཅེས་བཟླས་སོ།། སྔགས ་དེ་རྣམས་ཡི་གེར་བྲིས་པ་ཐོད་པར་གཞུག་གོ།། དེ་ནུས་སྐབས་སྐབས་སུ་གཏོར་མ་གཏང་ངོ་།། དེ་ནས་ཐོད་པ་ཁྱེར་ལ་ཡུལ་གྱི་ཆུ་མིག་གམ། ལྷ་ཐོའི་མྱུར་སོང་ལ་གསེར་སྐྱེམས་བཏང་། ལྷ་འདྲེ་ལ་སྨོད་བཙུགས་ལ་ཐོད་པ་བཞག་གོ།། འགྲམ་དུ་ཕྱག ་ན་རྡོ་རྗེར་བྱིན་གྱིས་བརླབས་ལ་གཟུགསོ།། དེ་ནས་དོང་ཆུང་གི་ཁྲག་དུ་མ་ཀ་ཡང་གཏོར་རོ།། དེ་ནས་དོང་ཆུང་གི་ཁྲག་ལ་ཁྲག་དུ་མ་ཀ་ཡང་བསྣན་ལ། གོང་བཞིན་ཟློར་བསྒྲུབ་ཞག་ལྔ་འམ་དྲུག་ཏུ་བྱའོ།། དེ་ནས་རྟག་ཏུ་སྔས་སུ་བཅུག་ལ་ཐུན་བརྡེག་གོ།། ་དེ་ནས་དགྲའི་ཡུལ་དུ་ཕྱིན་ལ་ཞིང་ཐོ་དང་སེར་རྟའི་ཐོག་ཏུ་ཟོར་འཕང་ངོ་།། ཐུན་བརྡེག་གོ། ཡུལ་འདིར་སྔགས་བཟླས་ཤིང་སེར་བ་ཕོབ་བྱའོ།། སེར་བ་དབབ་པའི་རིམ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལོ།། ་སེར་བ་བསྲུང་བར་འདོད་ན་མཎྜལ་མཆོད་པ་གོང་བཞིན་དུ་བྱས་ནས། ཐལ་ཆེན་དང་། སྐེ་ཆེ་དང་། ཕུར་པ་རྣམས་གདགས་ལ། ལོག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ། ཉི་མ་ས་བླའི་རྟིང་ལ་བཛྲ་པྲ་བེ་ཤ་ཨ་ཕཊ། ས་འདི་བསྲུངསོ་ཤིག་བྱེར ་ཡ་ཞེས་འབུམ་ཙམ་བཟླས་སོ།། སྐབས་སུ་གཏོར་མ་གཏང་ངོ་།། ཐལ་ཆེན་དང་སྐེ་ཚེ་རས་ཀྱི་ཁུང་དུ་ཕུར་ལ་ཕུར་པའི་སྐེ་ལ་གདགས་སོ།། ཕུར་པོ་ཁྱེར་ལ་ཡུལ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་མ་སྲིན་སྡེ་བརྒྱད་ལ་ཕུར་པ་བཏབ་པར ་དམྱིགས་ལ་མཐོ་གཟུགས་སོ།། དེ་ནས་སེར་བ་བྱུང་ན། སེར་བའོང་བའི་ཕྱོགས་སུ་ཐབ་ཆེན་དང་སྐེ་ཚེ་འཕྱང་ཞིང་བསྔགས་བཟླས་གཡས་གཡོན་དུ་མཛུབ་རིས་བྱས་ལ་བསྲུང་ངོ་།། དེས་ཀྱང་མཐུབ་ན། རང་གི་ལག་པ ་གཡས་གཡོན་དུ། བསྲུང་བའི་ཞིང་ཡུལ་བསམས་ལ། ཐལ་མོ་ཁཱ་སྦུབ་སྟེ། སེར་བ་ཕ་རི་ལ་མཆོངས་པར་བསམ་མོ།། སྔགས་འདི་ཉི་མ་ས་བླ་ནཱའི་ཏིང་ལ། བཛྲ་པྲ་བེ་ཤ་ཡ་ཕཊ། ས་འདི་བསྲུངས་ཤིག་བྱེར་ཡ་བྱའོ།། དེས་སེར་བ་ཐུབ་པར ་འགྱུ་རོ།། སེར་པོ་བསྲུང་བའི་རིམ་པའོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། ཆར་དབབ་པར་འདོད་ན། ཀླུའི་རྟན་ས་ཆུ་མིག་གི་སྒྲུབ་ནི་དམའ་བར་སྒྲ་ཕུབས་ལ་མཎྜལ་བྱ། ཕྱག་ན་རྡོ་རྗེ་དང་སྔོ་ལྡན་སྒྲོལ་དགུ་པ་མཆོད་པ་དང་། ་བསྟ་པ་བྱས་ལ་གཟུགས་གདོན། ཀླུ་མཆོད་བྱའོ།། ཆུ་གཏོར་བཏང་། དེ་ནས་མདུན་དུ་གྲུ་གསུམ་བྲུས་ལ། བྲག་པཱ་ལྀ་ཀླུའི་གཟུགས་བྱས་ལ་གཞུག་གོ།། དེ་ནས་བདག་ཉིད་ཕྱག་ན་རྡོ་རྗེ་འོ་ང་རྒྱལ་བྱས་ལ། སིང་ལྡིང་གི་བུར་པ་ཐོགས་པ། ་མ་ས་བླ་ནིའི་རྟིང་ལ། ནཱ་ག་ཧྲི་ལ་ཧྲི་ལ། ནཱ་ག་ཕྲོམ་ཕྲོམ། ནཱ་ག་ཕོ་བ། ཆར་པ་ཕོབ་ཅེས་མོང་དུ་བཟླས་སོ།། ཀླུའི་སྤྱི་བོར་ཕུར་པ་བཏབ་ལ་ཆར་པ་ཕོབ་ཅེས་བྱའོ།། དེ་ནས་གཏོར་མ་བཏང་། དེ་ནོས་དོང་སས་བཀབ་ལ་ཕབ་ཅེས་བྱའོ།། དུས ་དུས་བསླང་ཞེས་བྱ་བ་ནི། ཞག་རེ་ལོན་ཞིང་མུ་མིག་ལ་ཡར་མར་སྤྲ་ཕུབ་ལ་སཎྜལ་དང་། དེ་ལྟར་ནུབ་རེ་རི་ཞི་རེ་རེ་བྱའོ།། མག་བདུན་པ་ལ་ཆུ་མིག་གོ་ཐོག་ཏུ་སྤྲ་ཕུབ་ལ་མཎྜལ་དང་མཚད་བསྟོད་ལ་སོགས་པ་གོང་བཞིན་དུ ་བྱས་ལ། ཀླུའི་གཟུགས་ལ་སྔགས་བཟླས་ལ་ཕུར་པ་བདབ་བོ།། ཞག་བདུན་དུ་བྱའོ།། ཆར་དབབ་པའི་རིམ་པའོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལོ།། ཀླུ་བཟློག་པར་འདོད་ན། མཎྜལ་བྱ་བ་དང་། བསྐྱེད་པ་དང་། མཆོད་པ་དང ་བོསྟོད་པ་ཀུན་གོང་བཞིན་དུ་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ། དོང་གི་ནོང་དུ་བག་ཕྱེ་ལ་ཀླུའི་གཟུགས་བྱས་ལ་གཞུག་གོ།། རྫས་ནི་ཚིལ་ཆེན་དང་། གླ་རྩི་དང་། ཆེན་སྐུད་སྣ་ལྔ་ལས་སྔགསོ་མདུད་བྱས་པོ་དང་། སེང་ལྡེང་གི་ཕུར་པ ་དང་། དེ་རྣམས་ལ་ལྷར་བསྐྱོད་པ་དང་། མཆོད་བསྟོད་བྱས་ལ། སྔགས་འདི་བཟླས་སོ།། ཉི་མ་ས་བླ་ན་ཀླད་པ་ནཽ། ཀུ་ན་ཞི་ཙིཏྟ་ཀུ་ལི་ནཾ། ཙི་ཏཱ་མུ་ཏྲ་བཟློག་བྱེར། ནཱ་ག་ཤིག་ནཱ་གཱ་བྱེར། ནཱ་ག་ནཾ། ནཱ་ག་གཽ་ནཽ། ནཱ་གཱ་ཧཱ་ན་ཧ་ན། ན་ག་ཧཱ་ན་ཧཱ་ན་མཱ ་ར་ཡ་རྦད་ནཾ། ཞེས་གྲངས་མོང་དུ་བཟླས་ལ། ཚིལ་ཚོན་ནོ་སར་བསྐུ། གླ་རྩི་ལུས་ཀུན་ཏུ་བསྐུ། སྔགས་མདུང་ལུས་ལ་གདགས། མདུན་དུ་དོང་གྲུ་གསུམ་བྲུས་ལ། བག་ཕྱེ་ལ་ཀླུའི་གཟུགས་བྱས་ཏེ་བཅུག་ལ། དེ་ལ་བདག་ལ་གནོད་པའི ་ཀླུ་དགུག་གཞུག་བྱ། བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད་ལ་ཕུར་པ་དྲིལ་ཞིང་སྔགས་བཟླས་ལ། སེང་ལྡེང་གི་ཕུར་པ་ཀླུ་ལ་གདབ་བོ།། དེ་ནས་ཀླུའི་གཟུགས་དེའི་ཐོད་པོར་བཙུག་ལ། ལྷོ་ཁྱུང་གི་ཐེམ་པའི་འོག་ཏུ་མནན་ནོ།། དུས་ཐམས ་ཅད་དུ་ལྷའི་ང་རྒྱལ་དུ་བྱས་ལ་བཟླས་པ་བྱའོ།། བསྲུང་བའི་ཆོ་ག་བླ་ན་མེད་པ་འདིས་ཅི་འདྲ་བ་ཡང་ཐུབ་པོ།། ཀླུ་བཟློག་པའི་རིམ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། ས་བདག་གནོད་པ ་བཟློག་པར་འདོད་ན་བསྙེན་པ་གོང་བཞིན་ལས། མཎྜལ་དང་མཆོད་པ་ཀུན་བྱས་ལ། མདུན་དུ་ངོང་གྲུ་གསུམ་ཐུས་ལ། ནང་དུ་བག་ཕྱེ་ལས་བདག་གི་གཟུགས་བྱས་ལ། རྒྱན་སྐུད་ཀྱིས་སྐྱེ་ནས་གཏགས་ལ་གཞུག ་རྗེརྫས་ལ་ཚིལ་ཆེན་དང་། མཚོན་སྐུད་སྣ་ལྔ་ལས་སྔགས་མདུད་བྱས་ལ། གླ་རྩི་དང་། སེང་ལྡེང་གི་ཕུར་པ་ལ་སྔགས་འདི་བདུན་འབུམ་བཟླས། སྐབསུ་གཏོ་རོ་མ་བཏང་། ཉི་མ་ས་བླ་ནའི་རྟིང་ལ། ས་དྲོམ་ནག་པོ་སོད། ས་དོམ་ནག་པོ་ནན་ས ་དོམ་ནག་པོ་ནན། ཞེས་བཟླས་ལ། ཚིལ་ཆེན་ན་སར་བསྐུ། སྔགས་འདུད་ལུས་ལ་གདགས་ལྔ། གླ་རྩིས་ལུས་ཀུན་བཀྲུ། སེང་ལྡེང་གི་ཕུར་པ་ལ་སྔགས་འདི་བདུན་འབུམ་བཟླས་ལ། ས་བདག་སྙིང་ཁར་གདབ། ས་བདག་ཐོད་པར་བཅུག ་ལ་མཆོད་རྟེན་འོག་ཏུ་མནན། དུས་ཐམས་ཅད་དུ་གོང་བཞིན་དུ་བྱའོ།། ས་བདག་བཟློག་པའི་རིམ་པའོ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། བདུད་དང་མ་མོ་དང་། བཙན་དང་འབྱུང་པོ་ཕལ་པ་གནོད་པ་བཟློག་པར ་འདོད་ན། སྔོན་དུ་བསྙེན་པ་བྱས་ལ། ཡང་མཎྜལ་དང་། ལྷ་བསྐྱེད་པ་དང་། མཆོད་པ་དང་། བསྟོད་པ་ཀུན་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ། ངར་ཟན་ལ་འབྱུང་པོའི་གཟུགས་བྱས་ལྔ། ཚོན་སྐུད་ཀྱིས་སྐེ་ནས་བཏགས ་ལ་ནང་དུ་གཞུག། གནོད་པོའོ་འབྱུང་པོ་དེ་ལ་དགུག་གཞུག་བྱས་ལ། བདག་ཉིད་ལྷའི་ང་རྒྱལ་དུ་གནས་ཏཽ། བུར་པ་དང་ཡུངས་ཀར་ལི་སྔགས་འདི་བཟླས་ལ། འབྱུང་པོ་ལ་ཡུངས་ཀར་གྱི་ཐུན་བརྡེག། ཉི་མོ་ས་བླ་ནའི་རྟིང་ལ་ཕྱུལ ་རྩི་ཕཊ། ཅིག་བྷྱ་ཕཊ། ལྕེ་བ་ཏི་ཕཊ་ཅེས་ནུས་ཚད་བཟླས་ལ། འབྱུང་པོའི་གཟུགས་ཐོང་བར་བཅུག་ལ། མཆོད་རྟེན་གྱི་འོག་ཏུ་མནན་ནོ།། སྦྲང་འབྲུར་བྱུང་བ་ལ་ཡང་གདབ་པོ།། བདུད་དང་མ་མོ་དང་བཅན་དང་། བབྱུང་པོ་ཐམས་ཅད་བཟློག་པའི ་རིམ་པའོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལོ།། ཀུན་ཏུ་བསྲུང་བ་འདི་ཁྱང་པར་དུ་རྒྱལ་པོ་ལ་བྱེ། བསྙེན་པ་གོང་དུ་བྱས་ལ། མཎྜལ་དང་། ལྷ་བསྐྱེད་པ་དང་། མཆོད་བསྟོད་བྱས་ལ། མདུན་དུ་དོང་གྲུ ་གསུམ་དུ་ངར་ཟན་ལ་རྒྱལ་པོའི་གཟུགས་བྱས་ལ་བཅུག་ལ་ཚོན་སྐུད་ཀྱོ་སྐེ་ནས་གདགས་སོ།། དེ་ནས་ཕུར་པ་དང་། ཉུངས་ཀར་དང་། ཉུངས་ནག་དང་། སྐེ་ཆེ་དང་། ཐོལ་ཆེན་ལ་སྔག་སོ་འདི་བཟླས་པ་མང་དུ་བྱའོ།། སྐྲ་སྤྱི་བོར་བཅིངས་ལ།། ་ཉི་མ་ས་བླ་ནའི་རྟིང་ལ། ཨེ་བ་ཀ་ར་ཙེ། དི་ནཱ་ག་བར་མ་པ་ལ་སེ་ཏཱཾ་ཨེ་ཞེས་བཟླས་ལ། གཟུགས་ལ་ཡུངས་ཀར་ལ་སོགས་པའི་ཐུན་བརྡེག་གོ།། སྙིང་ཁར་ཕུར་པ་བཏབ་པ་ཐོད་པར་བཅུག་ལ། ལྕེ་ཏིའོ་འོག་ཏུ་མཱ་ན་ནོ་ནོ།། རྒྱལ་པོ ་བཟློག་པའི་རིམ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། ཀུན་ཏུ་སྲུང་བར་བྱེད་ན། གཅའ་གཞི་གོང་དང་འདྲ། སྐྲ་སྤྱི་བོར་བཅིངས་ལ། སྔགས་འདི་བཟླས། ཉི་མ་ས་བླ་ནའི་རྟིང་ལ། ཨེ་བཱ་ཀ་ར ་རྩེ། དི་ནཱ་ག་བར་མ། པ་ལ་ས་ཏྭ་ཡ། ཤིག་བྱེར་ནན། གོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦང་ནན། ཞེས་མང་དུ་བཟླས་ལོ། ཐུན་དང་མནན་པ་ཀུན་གོང་བཞིན་བྱའོ།། ཐམས་ཅད་བསྲུང་བའི་རིམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ ་ཕྱག་འཚལ་ལོ།། འགོང་པོ་གནོད་ན་འདི་ལྟར་བྱ་སྟེ། སྔོན་དུ་བསྙེན་པ་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ། དོང་གི་ནང་དུ་དཱར་ཟན་ལྔ་བཅུག་ལ་ཚོན་སྐུད་ཀྱིས་སྐེ་ནས་བཏགས་ལ་བཞག་གོ།། ་གང་གནོད་པའི་འགོང་པོ་བྲིས་ལ་ལུས་ལ་གཞུག། དེ་ནས་མཎྜལ་བྱས་ལོ། ལཱུ་བསྐྱེད་ལ་དང་མཆོད་བསྟོད་བྱས་ལ་སྔགས་བཟླས་སོ།། ཉི་མ་ས་བླ་ནིའི་རྟིང་ལ། འགྲོ་སྟཾ་ས་སྟེ་ན་ནེ་ཞེས་མང་དུ་བཟླས་ལ་ཐུན་བརྡེག་གོ།། ་ཕུར་བ་བཏབ་ལ་ཐོད་པར་གཞུག། རབ་གནས་བྱས་པའི་མཆོད་རྟེན་འོག་ཏུ་མནན་ནོ།། ཕྱག་ན་རྡོ་རྗེའི་ང་རྒྱལ་དང་སྟང་སྟོབས་ཀྱིས་མཚམས་བཅད་དོ།། དགོང་པོ་ཐམས་ཅད་བཟློག་པའི་རིམ་པའོ།། ་བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལོ།། ཀུན་ཏུ་བསྲུང་བ་ཞེས་བྱ་བ། སྔགས་པོ་གཞན་གྱི་ཟོང་སྟོང་བསྲུང་བར་འདོད་ན། སྔོན་དུ་བསྙེན་པ་བྱས་ལ། དེ་ནས་མཎྜལ་བྱ་བ་དང་། བཟེད་ཞལ་དང་། མཆོད་པ་བཤུམ ་བ་དང་། མཎྜལ་གྱི་སྟེང་དུ་མཆོད་རྟེན་ནག་པོ་ཁོང་སྟོང་བརྩིགས་པའི་ནང་དུ་ཁོའི་གཟུགས་བག་ཟན་ལ་བྱིས་ལ། མིང་རུས་བཅུག་ལེ་གཞག་གོ།། བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ་བག་ཟན་ལ་བྱས་ལ་གཞུག་གོ།། རྡོ་རྗེ་དེའི ་ལུས་འགེམས་པར་བསམ་མོ།། མཆོད་རྟེན་གྱི་ནང་དུ་དོང་གྲུ་གསུམ་བྲུས་ལཾ། དེའི་ནང་དུ་ཡང་ཁོ་ཡི་གོ་ཟུགས་དང་། མིང་རུས་བཅུག་ལ། སྦྲུལ་དང་། སྦས་པོ་གཉིས་ཀྱི་ལྟོ་བར་བཅུག་ལོ། ཀླུ་ལྔ་ལྡན་སྦྲུལ་དགུ་པས ་ཟ་བར་བསམ་མོ།། དེ་ཐོད་པར་བཅུག་ལ་གྲུ་གསུམ་དུ་གཞུག། ལན་གཅིག་གཞུང་བཞིན་དུ་མནན་པར་བྱའོ།། བདག་རང་ཕྱུག་ན་རྡོ་རྗེ་བསམས་ལ། ཕུར་བ་འདྲིལ་ཞིང་སྔགས་བཟླས་པས། ཁོའི་བསྲུང་མ་བདག་གི་བཀའ་ཉན་ཅིང ་ལས་བྱེད་པར་བསམ་མོ།། བདག་གི་རྦད་པས་ཁོ་རང་གི་སྲོག་གཅོད་པར་བསམ་མོ།། དེ་ནས་ཐུན་རྫས་དོང་ཕུར་པ་རྣམས་བསགས་ལ། ལྷ་བསྐྱེད་པ་དང་། མཆོད་བསྟོད་དང་། སྔགས་འདི་ཉི་མ་ས་བླ་ནའི་རྟིང་ལ། བ་ར་མ་མ་ཧཱ་ཨཱ་ཧཱུཾ་ཧཱུཾ། ་ཕཊ་ཕཊ་སྭཱ་ཧཱ། ཞེས་འགྲུབ་ཚད་བཟླས། སྐོར་བ་ཕྱིན་ཅི་ལོག་ཏུ་བྱ། ཐུན་བརྡེག། མནན་ཟོར་གྱི་མཐའ་བཏུལ་ལོ།། སྤོང་སྟོང་ཐམས་ཅད་བཟློག་པའི་རིམ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལོ།། ་མདུན་དུ་འབྲུག་བུང་གྲུ་གསུམ་དུ། དགྲ་དང་བགེ་གོས་ཀྱི་ལིངྒ་གཞུག། དགྲ་ཡི་ལིངྒ་རྐང་རྗེས་དང་། དྲི་མ་ཕྱི་ས་གཅིན་ལ་བྱའོ།། རབས་ཆང་ཐོད་པར་བཅུག་ནས་ནི། ཐོད་པ་ཡུགས་སའི་ཞྭ་མོས་དྲིལ། དེ་ཡང་རོ་བའི་སྟེང་དུ ་བཞག། འགྲམ་དུ་དུག་རྗེས་སྣ་ཚོགས་དང་། དྲག་པོའི་རྗེས་རྣམས་བཞག་ནས་ནི། སྐབས་སུ་དུག་ཐུན་རྫུ་ཐུནྡ་བརྡོག། དེ་ཡི་འགྲམ་དུ་མཎྜལ་ཏེ། བཟེད་ཞལ་མཆོད་པ་རྣམ་ལྔ་བཤམ།། བདག་ཉིད་ཕྱག་ན་རྡོ་རྗེ་དང་།། ལྔ་ལྡན ་བསྐྱེད་ཅིང་སྤྱན་དྲངས་དང་།། མཆོད་དང་བསྟོད་དང་གསོལ་བ་གདབ།། དེ་ནས་སྔགས་ཀྱི་བཟླས་བརྗོད་ནི།། ཉི་མ་ས་བླ་ན། ཀླད་པ་ནཾ། ཀུ་ནི་ཞི་ཙིཏྟ་ཀུ་ལི་ན་ཎ། ཙི་ཏྲ་མུ་ཏྲ་བཟློག་བྱར། ཐུམ་རིལ་རྦང་ཆེ་གེ་མོ་མཱ་ར་ཡ་ཛཿརྦད་ན་ཎ། ་བབུམ་མས་སུམ་བཟླམ་བརྣས་ལ། སྐབས་སྒྲུབས་སྨྲ་ཨས་ཆེ་བ་ན་མྱུ་ཛྙཱན་བ་ག་གོ།། དེ་ལྟར་བྱས་ནས་ཐོང་བ་ཁྱེར་ལ། ལས་རྒྱུ་གམཱ་མ་མ། མཆོད་རྟེནྟ་དང་། དུར་བཁྲོད་དྲུམ། སང་གསུམ་མྱམ། ཆུ་ཕྱོག་ས། ་ལ་བཅས་སམ། ཆུ་གླིང་ལ་མནན་པ་གཞན་བཞིན་དུ་བྱའོ།། དགྲ་དང་བགེགས་ཀྱི་ལིངྒ་བཅའ་བའི་རིམ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལོ།། དགྲ་བསད་པའི་རི་མུ་པ་ནི། དང་པོ་རྣལ་འབྱོར་པའི ་མདུན་དུ་མཛུབ་གང་བའི་འབྲུབ་ཁུང་གྲུ་གསུམ་བྲུས་ཏཱཾ། དུར་ཁྲོད་ཀྱི་སོལ་བས་ནག་པོར་བྱུག་གོ།། དེའི་ནང་དུ་དག་པོའི་རྐང་རྗེས་ཀྱི་ས་དང་། བག་ཕྱེ་ལ་ལིངྒ་བྱས་ལ། མིང་བྱུངོ་བཅུག་ལ་གྲུ་གསུམ་དུ་གཞུག། དེའི་ཁར་གཡམ་པ་སྔོན་པོ ་ཅིག་ལ། ཡུང་བ་སེར་པོས་རི་རབ་དང་། རྡོ་རྗེ་རྒྱ་གྲམ་གྱི་གཟུགས་བྲིས་ལ། ཁ་བཅང་ལྔ་བཞག་གོ།། འགྲམ་དུ་བཟེང་ཞལ་དང་མཆོད་པ་རྣམ་སྔོ་བཤམ་སོ་ལ། བདག་ཉིད་ཕྱག་ནི་རྡོ་རྗེ་དང་། མཱ་དུནྡ་དུ་ལྔ་ལྡན་སྐྱེད་ཅིང་སྤྱན་དྲངས། མཆོད ་པདང་། བསྟོད་བུ་དང་། གསོལ་བ་གདག་གུ་གུལ་ངག་གིས་ལྷ་དང་དབྲལ།། མཐུན་གྱི་རྒྱས་རྣམས་འལགས་ན་སཱ་ནི།། དྲག་པོའི་སྔགས་ནི་བཟླས་བརྗོད་བྱའོ།། ཉི་མས་བླ་ན། ཀླང་བ་ནན་ཀུ་མ་ཀི། ཧྲི་དྷྲི་ཀུ་ལིན་ཎ། ཙི་ཏྲ་མུ་ཏྲ་བཟློག་བྱེར། ་ཐུམ་རིལ་རྦད་ཆེ་གེ་མོ་མཱ་ར་ཡ་ཛཿརྦང་མ་ཎ་ཞེས་འབུམ་བཟླས། དེ་ནས་ལིང་ཀིའི་མགོ་བཅང་ལ།། མགོ་དང་ལིངྒ་སར་པ་གཉིས།། རབས་ཆང་ཐོང་པོའི་ནང་དུ་གཞུག། མནན་པ་སྒྲུབ་པ་ཚུལ་བཞིནི་བྱ།། ལྷ་འདྲེ་གནས་པའི་ས་རུ་གཞུན ་ལིངྒའི་ལུས་དང་གསར་པ་གཉིས་རལ་གྲིས་བཏུབས་ལ་དྲག་བློའི་རྫས་དང་། གདུག་པ་ཅན་གྱི་ཤིང་ལ་སྦྱིན་སྲེག་ཚུལ་བཞིན་དུ་བྱའོ།། དགྲ་ལ་བྱ་བའི་རིམ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལོ།། སྦྱིན་སྲེག ་བྱེད་ན་སླ་ངའམ་ཐབ་ཁུང་རྙིང་པ་རུ། བརྒྱ་འམ་ཡང་ན་ལྔ་བཞི་གཅིག། བསྒྱུར་ཞིང་ལས་ལ་བསྐུར་བར་བྱ།། གདུག་པའི་རྫས་ནི་སྣ་ཚོགས་དང་།། མར་ནག་ཚིལ་ཆེན་སྐེ་ཚེ་དང་།། ཏིལ་དང་མིང་བྱང་སྤེལ་ཏེ་བསྲེག། མེ་ལྷ་བསྐྱེད་ལོ་སྦྱིན་སྲེག ་དབུལ།། སྔགས་ནི་ཉི་མ་ས་བླ་ནའི་རྟིང་ལ་ཆེ་གེ་མོ་རཀྵ་ཤཱནྟིཾ་ཀུ་རུ། མཱ་ར་ཡ་རྦད་ཅེས་པས། དུག་སྣ་ཚིགས་དོང་། དྲི་མ་ཞིམ་པ་སྣ་ཚོགས་དང་། དྲག་པོའི་རྫས་སྣ་ཚོགས་དང་། མར་ནག་ལ་སོགས་སྦྱིན་སྲེག་པའོ།། ཏིང་ངོ་འཛིན་དགྲ ་བགེགས་གང་ཡིན་པར་མོས་བཱར་བྱས་ལ། རྫས་རེ་དང་སྔགས་རེ་བསྟན་ཞིང་སྦྱིན་སྲེག་བྱའི་ཕྱག་ན་རྡོ་རྗེ་དང་། ལྔ་ལྡན་བསྐྱེད་པ་དང་། སྤྱན་དྲང་བ་དང་། མཆོད་པ་དང་། བསྟོད་པ་བྱས་ལ། དེ་ནས་མེ་ལྷ་བསྐྱེད་ལ་སྦྱིན་སྲེག་བྱའོ།། ་དྲག་པོ་དང་ཞི་བའི་སྦྱིན་སྲེག་གི་རི་མོ་པའོ།། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ།། གྲུ་གསུམ་ཉིས་འགྱུར་བྲིས་ལ་ནང་ཐལ་བ་འཇམ་པོས་བྱུག། ཁ་ཚངས་དམར་གྱིས་བསྐོར། ཉི་མ་སོ་བླ་ན ་ལ་སོགས་པ་ལ་འདི་གདགས་སོ།། ཤིག་བྱེར་ནན། མགོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦང་ནན། སྦལ་པ་འམོ། སྤྲུལ་ལྟ་བུའི་རྗེས་བྱུང་ན། འགོང་པོ་ཡིན། ཨུ་པའི་བཤགས་པ་འདྲ་བ་བྱུང་ན་རྒྱལ་པོ་ཡིན། ཤིང་ལོ་ལྟ་བུའི་རྗེས་སམ ་རས་བསྡིགས་བྷས་ཟུ་རྗེས་སྤྱསྨྱ་ན་ད་མིན། མང་མྱུ་བ་བཞག་པར་བྱུ་བའི་རྗེས་བྱུང་མ་བཅན་ཡིན། སུ་ཛྙཱན་མི་བྱ་བ་རྗེས་འདྲ་བའམ། ལྐུག་སྨྲ་བ་ལ་སྤྲུལ་པ་རྫས་ཐུང་ན་མ་མཱ་ཡན། ད་རྣམས ་ང་བྱུང་བ་དང་ལས་ལ་སྦྱར་རོ།། རྡོ་རྗེ་ལྕེ་དབབ་ཀྱི་འབྲེལ་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བའི་རིམ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པའོ།། སླད་ཀྱི་པཎྜི་ཏ་ཛཱ་ཡཱ་ཨཱ་ཀ ་རརཱདང་། ལོནྡྲ་བ་མར་བས་བསྒྱུར་ཅིང་གཏན་ལ་ཕབ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བྷ་ག་ཝཱན་ནཱི་ལཱཾ་བ་ར་དྷ་ར་བིཛྲི་ཧཾ། བཛྲ་པཱ་ཎི་སཱ་དྷཱ་ར་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བྱུག་ན་རྡོ་རྗེ་ལྕེ་དབ་ཀྱི་གསང ་