CLOSE WINDOW

GT1032: las kyi rim pa mu tig phreng ba zhes bya ba
Wyliee-texts produced with BDRC’s OCR application

མམང་རྙེད་འདོད་རྣམས་ཀྱིས་འདོད་འདོད་སྤྱད་དུ་མེད།། མ་མཐོང་འདོགས་ན་སྐལ་རྣམས་མེད་པར་ཐལ།། སློབ་དཔོན་བྷཱ་བས་མཛད་པའི་མཎྜལ་གྱི་སྦྱོརརོ་ག་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཀ་མ་ཀཱ་མ་ནཱ་མ་མུ་མུ་ཏི།། ཨཱ་བ་ལི། ་བོད་སྐད་དུ། ལས་ཀྱི་རམ་པ་མུ་ཏིག་ཕྲེང་པོ་ཞེས་བྱ་བ། འཇམ་དཔལ་དབྱངས་དང་རྡོ་རྗེ་བསྣམས།། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། སྐུ་གསུང་ཐུགས་ཀྱི་མཐུ་ལྡན་པས།། ཉོན་མོངས་གདུང་བཞི་བྱུང་པ།། ཞབས་ཀྱི་པདྨོ་ལ་བཏང་ནས།། དང་ངས ་ཤིན་ཏུ་གྲོས་ཕྱག་འཚལ།། སེམས་ཅན་རྣམས་ལ་ཕན་གདག་སོ་ཕྱིར།། ལས་ཀྱི་རྡོ་རྗེ་ཕྲེང་བ་འདི།། རྒྱུད་རྣམས་མོ་ལུས་སྣ་ཚོགས་ནས།། མན་ངག་དགོས་དཏུད་ཏེ་བཤད།། རྒྱལ་བས་སྔོན་གྱི་དུས་ངག་ཏུ།། ཞལ་ནས་གསུངས་པ་ཙམ་གྱིས་ནི།། ་སེམས་ཅན་དོན་གྲུབ་གླེགས་བམ་མེད།། དེ་ལྟར་རྩོན་པའི་དུས་སུ་ནི།། པོ་ཏི་དག་ལས་བརྟེན་གྱུར་པས།། བླ་མས་གནང་བའི་པོ་ཏི་ལ།། དགའ་བ་ཆེན་པོ་བསྐྱེད་པར་བྱ།། དེ་ནས་མ་ག་གང་ཟག་ལ།། སྟོན་པ་ཐུགས་རྗེ་ཆེ་ལྡན་པས།། སྡུད་པ་རྡོ་རྗེ ་གསང་བདག་ལ།། རྒྱུད་པ་རིམ་གྱིས་འོངས་པ་འདི།། དཀའ་དང་མི་འགལ་མཐུན་པ་རུ།། བཀའ་ཡི་དོན་ཉིད་དབྱིས་ཕྱིན་པར།། མན་ངག་རིམ་པས་བསྟན་པ་ལོ།། དགའ་བ་ཆེན་པོ་བསྐྱེད་པར་གྱིས།། མན་ངག་འདི་ལྟར་སྟོར་པ་ནི།། སློབ་དབེར་མ་ཛང ་ཡང་དག་ལྡན།། དུས་གསུམ་བདེ་གཤེགས་དང་མཚུངས་པ།། ཤིན་ཏུ་དྲིན་ཆེ་གུས་པས་བསྟོད།། སེམས་ཅན་མུན་ཁང་འཁྱམས་པ་ལ།། མར་མེ་བསྟེན་པས་ལམ་རྙེད་བཞིན།། འཁོར་བར་འཁྱམས་པའི་སེམས་ཅན་ལ།། མན་ངག་རིན་ཆེན་འདི་བསྟན་པས།། ་ཕྱག་རྒྱ་མཆོག་གི་ལམ་རྙེད་འགྱུར།། དེ་བས་ཤིན་ཏུ་དྲིན་ཆེ་བས།། ཡུལ་ཞིང་སྣེ་ཕྲན་བཅས་པ་དང་།། རིན་ཆེན་ལ་སོགས་ནོར་རྫས་དང་།། བུ་དང་ཆུང་མ་བྲན་འཁོར་བཅས།། སྲོག་ལུས་མནོ་ཆོད་ཕུལ་གྱུར་ཀྱང་།། བླ་མའི་སྐུ་དྲིན་འཁོར་མི་འགྱུར།། དེ་བས ་བད་པ་ཐམས་ཅད་ཀྱིས།། བླ་མ་མཉེས་པར་མི་བྱེད་ན།། མན་ངག་ཐོབ་ཀྱང་ལྟུང་བར་འགྱུར།། གཞན་ཡང་རྒྱུད་ནི་སྣ་ཚོགས་ལས།། བསྟན་པ་བསྲུང་བའི་དོན་སླད་དུ།། མཐུ་ཡི་སྦྱོར་བའི་མན་ངག་རྣམས།། དགོས་པ་བསྡུས་ཏེ་བསྟན་པར་བྱ།། དེ་ལྟའི་བླ་མ ་རིན་ཆེན་ལ།། གོང་མ་བཞིན་དུ་ཤེས་པར་བྱ།། མོན་ངག་བསྟན་པའི་སློབ་མ་མ་ལ།། རྣམ་པ་བཞི་རུ་ཤེས་བྱས་ལ།། ཕྱི་ལྟར་ནང་ལྟར་གསང་བ་ལྟར།། དེ་ཁོ་ན་ཉིད་བཞི་རུ་བསྟན།། ཕྱི་ལྟར་བསྟན་པའི་སློབ་མ་ཡང་།། དང་པོར་དཀྱིལ་འཁོར་བཅུག་ནས་ནི།། ་བུམ་པའི་དབང་བསྐུར་རྫོགས་བྱས་ལ།། མི་ཟོད་དབྱིངས་ཀྱི་ཆོས་རྣམས་བཤད།། དེས་སུ་རྟོགས་པའི་རིམ་པ་ནི།། ཐུན་མོངས་དམ་ཚིག་ཉམས་བླངས་ལ།། ཉམས་ནི་བཤགས་ལ་བརྩོན་པར་བྱ།། ཉམས་པ་ཆེན་པོ་བྱུང་བ་ན།། བཤགས་ནས་རིམ་པ ་བསྒྱུར་བར་བྱ།། དེ་ནི་སློབ་དཔོན་ཉིད་ཉིད་ལ་བླ་།། གཞན་གྱི་སྐབས་དང་སྦྱོར་ཤེས་བྱ།། ཁྲུས་ལ་སོགས་པའི་རྣལ་འབྱོར་རྣམས།། ཉམས་སུ་བླངས་ཏེ་སྤྱད་པར་བྱ།། དེ་ཡི་རྣལ་འབྱོར་མོས་པ་ནི།། མ་ཐ་ཐུན་ཚོང་ཆུང་ངུ་གཅིག། ཉིན་ཞག་འདས་ན ་ཉམས་པར་འགྱུར།། དང་པོར་བསྐྱེད་རིམ་བསྒོམ་པ་ནི།། རིམ་གྱིས་སམ་ནི་ཅིག་ཆར་དུ།། བསྐྱེད་པ་བསྟན་པར་གྱུར་པའི་ཚང་།། ཐུན་ཆོད་ཆེན་པོ་བསྟན་པ་དང་།། ཁ་དོག་སྤོས་པར་ཤེས་པ་དང་།། ལུས་ངག་ཡིད་གསུམ ་སྐྱོན་རྣམས་ནི།། རིམ་གྱིས་བྲི་བར་གྱུར་པ་དང་།། ཁྱང་པར་ལུས་ཀྱི་སྐྱོན་བྲིའོ།། ལུས་ཀྱི་མདོག་བཟང་ལུས་སྙོམས་དང་།། ཡུན་རིང་བཏང་ཡང་མི་ཚེར་ན།། བསྐྱེད་པའི་རིམ་པ་བསྟན་པའི་ཆད།། དེ་ནས་གསང་དབང་བསྐུར་ནས་ནི།། ནང་ལྟར་བསྟན་ནས་རིམ་གྱི ་བསྒོམ།། དེ་ལྟར་ཕྱི་ཡི་གང་ཟག་ནི།། དེ་ནས་མར་ལ་འགྲོ་བ་དཀོན།། སྐྱེ་བ་འདི་རྗེས་ཕྱི་མ་རུ།། རྟེན་དང་དབང་པོ་ཁྱད་པར་འགྱུར།། དེ་ནི་རིམ་གྱིས་འབྲས་བུ་ཐོབ།། ནང་ལྟར་བཤད་པའི་སློབ་མ་ནི།། ཕྱི་ལྟར་ཐུན་མོང་སྔོན་དུ་འགྲོ། ནང་ལྟར་མན་ངག་ཁལ ་བར་བསྟན།། དེ་ནས་རླུང་དང་གཏུམ་མོ་དང་།། ཡིག་འབྲུ་ཐིག་ལེ་རྣམས་ལ་བསླའོ།། དེ་ཡང་གསང་དབང་བསྐུར་ནས་ནི།། རླུང་དང་ཡིག་འབྲུ་བསྒོམ་པར་བྱ།། དེ་ལས་བསྟན་པར་གྱུར་ནས་ནི།། སྟོང་པ་གསུམ་ལ་རིམ་གྱིས་བརླབ།། དེ་ནས་ཚེ་ནོ་མ ་འཕྲོས་ནས།། གོང་མ་རྣམས་ལ་རིམ་གྱིས་བརླབ།། གསང་བ་ལྟར་ནི་བསྟན་པ་ཡིས།། སློབ་མ་དེ་ལ་གོང་མ་གཉིས།། ཐུན་མོང་དུ་ནི་སྔོན་དུ་འགྲོ། ཤེས་རབ་ཡེ་ཤེས་དབང་བསྐུར་ནས།། གཉིས་པ་ལ་ནི་ཞུགས་ནས་སུ།། མན་ངག་སྟོབས་ཞུགས་ཏིང ་འཛིན་གྱིས།། བདེ་བ་ཡེ་ཤེས་རིམ་བསྐྱེད་ནས།། སྣང་བ་མཆེད་པར་གྱུར་པས་སུ།། ཀུན་རྫོབ་རྒྱུ་མ་ཇི་བཞིན་པ།། ཐུགསུ་ཆུང་པའི་སྟོབས་ཀྱིས་ནི།། ལྷན་ཅིག་དགའ་བ་ལ་བཞུགས་པས།། སྤྲོས་མེད་འོད་གསལ་དེ་བཞིན་ཐོབ།། དེ་ནས་རིམ་གྱིས ་མཐར་ཐུགས།། ཐོབ་པར་དེ་ནི་མ་གྱུར་ཀྱང་།། ཚེ་དབང་བསྒྲུབ་པས་ཐོབ་པའམ།། ཡང་ན་རྫས་དང་མན་ངག་དང་།། ཐབས་ཀྱི་སྦྱོར་བ་ལ་སོགས་ཀྱིས།། ཕུང་པོ་བཅུ་བརྟུལ་བྱས་ནས་སུ།། ག། སེར་འགྱུར་རྩི་བཞིན་གྱུར་ནས་ཀྱང་།། དེ་ནས་རིམ་གྱིས་འགྲོ་བ ་འམ།། ཡང་ན་མཆི་བར་གྱུར་པ་ན་ནི།། བྱང་ཆུབ་སེམས་ཀྱི་མན་ངག་བླང་།། དེ་ལྟར་མི་འདོད་མན་ངག་བླང་།། སྐྱེ་བ་ཕྱི་མ་དག་ཏུ་ནི།། མཐར་ཐུག་པ་ནི་ཐོབ་པར་འགྱུར།། དེ་ཡང་། ཚེ་དབང་བསྒྲུབ་པའི་མན་ངག་ནི།། ཚེ་དབང་བསྒྲུབ་པའི་རྣལ་འབྱོར་ནི།། ་དམ་ཚིག་ལྡན་ཞིང་ཡོན་ཏན་ལྡན།། སྐྱོན་སྤངས་དབང་ཐོབ་མན་ངག་ཐོབ།། རྒྱུད་ཀྱི་དོན་མཁས་རྒྱ་ཆུ་རྐྱེན་ཚང་།། དོམ་ཅན་མཁའ་འགྲོ་བརྟེན་པ་ཡིས།། ལུང་བསྟན་ཕྲ་མོ་ཐོབ་ནས་ཀྱང་།། ཚེ་སྲོག་ཉམས་པ་འཚོ་བྱེད།། དེ་ཡང་། ཚེ་ཡི་རང་བཞིན ་གནས་དང་ནི།། མིང་ཞེས་བྱ་བའི་རྣམ་གྲངས་ནི།། དེ་ཡི་ཚེ་ཡི་རང་བཞིན་ནི།། འོད་ཟེར་ཁ་དོག་ལྔ་དཀྱིལ་ན།། ཐིག་ལེ་བྱང་ཆུབ་སེམས་ཞེས་བྱ།། དཀར་ལ་འཚེར་ཞིང་སྣུམ་ལ་འགྲེལ།། དེ་ཡང་ཆེ་ཆུང་རབ་འབྲིང་གསུམ།། སྲན་མ་ཡུངས་འབྲུ ་ཤིན་ཏུ་ཕྲ།། མུ་སྟེགས་དོག་གི་དེ་ལ་འཁྲུལ།། རྟག་པ་མི་འགྱུར་གཅིག་པུར་འཛིན།། དེ་ནི་དམ་པའི་དོན་དུ་འདོང་།། འཇིག་རྟེན་པ་ཡི་སྐད་དུ་ནི།། བླ་དང་ཆེ་ཞེས་ཀྱང་ནི་ཟེར།། བདག་ཅག་རྣལ་འབྱོར་པ་ཡི་གཞུང་།། དེ་ནི་ཀུན་རྫོབ་སྒྱུ་མར་འི་དང ་དམ་པའི་དོན་དུ་རང་བཞིན་མེད།། གནས་ནི་ཙིཏྟའི་དཀྱིལ་ན་གནས།། དེ་ཡང་རྩ་བརྒྱད་དཀྱིལ་ན་གནས།། ཤིན་ཏུ་རྟོགས་དཀའ་དྷཱུ་ཏཱི་ནང་།། དེ་ཉིད་དབྱེ་ན་རྣམ་གསུམ་སྟེ།། དེ་ལ་རྟེན་པའང་རྣམ་པ་གསུམ།། གཅིག་ནི་འཆི་བའི་དུས་ཚེ་འབྱུང་།། ་གཅིག་ནི་ལུས་ཀུན་ཁྱབ་པར་གནས།། དེ་ལ་གཞན་དག་གཉིས་སུ་འདོད་།། ཁྱད་པར་གནས་དང་ལས་ཀུན་བྱེད།། ཁ་ཅིག་ཁྱང་བྱེད་དེ་ཀུན་ལ།། ལུད་ཅིང་ཟག་པ་ཟུར་དུ་འབབ།། གཞན་ནི་ཀུན་ཏུ་ཁྱབ་ཅིང་རྒྱུ།། དེ་ལའང ་ལས་ཀྱི་འཕེན་ཤུགས་ཀྱིས།། མང་པོ་ལེནི་རྒྱུ་རུ་འདོད།། སྲོག་དང་དབང་པོ་ཆེ་ཞེས་པ།། མིང་གི་རྣམ་གྲངས་ཉིད་དུ་འདོད།། དེ་ཡང་རླུང་དངོ་ནཱ་དང་ནི།། བྱང་ཆུ་བོ་སེམས་སུ་བྱས་པས་ན།། ཐ་དད་ཉིད་དུ་འདོད་པའང་ཡོད།། ཤེས་པོ་བསྡུས་དང་མ་བསྡུས ་བ། གནས་སྐབས་དོན་གྱིས་འཇུག་པ་ཡིན།། ཚེ་བསྒྲུབ་པ་ཡི་ཆོ་ག་ནི།། རང་གི་སྙིང་གར་འོད་ཀྱི་གཞལ་ཡས་ཁང་།། དེ་ཡི་དཀྱིལ་ན་ཨ་དཀར་གཉིས།། ཕྲ་འདུས་ཟླ་བ་ཁ་སྦྱོར་གྱུར།། དེ་ན་ཧཱུཾ་གཉིས་འཕྲོ་འདུ་ལས།། རྡོ་རྗེར་གྱུར་པས་སྟེང་འོག་མན་ནི།། ་ཚེ་རྣམས་འཕྲོག་པའི་འབྱུང་པོ་དེ།། དྲག་པོ་སྦྱོར་བ་ལ་སོགས་ཀྱིས།། སྔགས་བརྗོད་ཕྱག་རྒྱ་བཅས་ནས་སུ།། བཅོམ་ཞིང་བརླག་ནས་མེད་པར་བྱས།། ལྷ་མོའི་སྤྲུལ་པས་ཚེ་རྣམས་བཀུག། སྔགས་བརྗོད་ཕྱག་རྒྱས་བཀུག་ནས་ཀྱང་།། བསྲུང་ཞིང་ཡེ་ཤེས་ཆེ ་ཡང་དབབ།། དབབ་པའི་ཕྱག་རྒྱ་བཅིང་བ་ནི།། རྡོ་རྗེ་སོར་མོ་ནང་བསྣོལ་ཏེ།། མཐེ་བོང་གཉིས་ཀྱི་ནང་དུ་དབབ།། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ། ཨོཾ་བེ་ཤོ་ཡ་ཨ་ཨ། ལུས་ལ་ཏིལ་མར་བཞོན་དུ་བསྟིམ།། ཁྱོད་པར་སྙིང་གི་དཀྱིལ་དུ་བསྟན།། བཾ་ཡིག་དམར་པོ ་འཕྲོས་པ་ལས།། མན་ངག་ལ་སོགས་སྦྱོར་བས་བཅིང་།། བསྡུ་ཞིང་གཟུང་བའི་མན་ངག་ནི།། ཤེས་རབ་ལ་སོགས་ཐབས་ཀྱིས་བསྟན།། ཚེ་ཡི་ཡོན་ཏན་ལ་སོགས་ནི།། རྒྱུད་ལ་སོགས་པ་ཤེས་པར་བྱ།། ཚེ་དང་དུམ་བུ་རྣམ་སྨིན་གསུམ།། དེ་གསུམ ་ཐབས་སོགས་མཐུན་པ་ཡང་།། གཅིག་ལ་གཅིག་བསྟེན་མདུང་ཁྱིམ་འདྲ།། ཡི་གེ་གསུམ་གྱི་མན་ངག་ཀྱང་།། གནས་གསུམ་དག་ཏུ་བཅིང་བ་ཡིན།། སྦྱོར་བ་ལ་སོགས་བཅིང་བར་བྱ།། དེ་ནི་ཚེ་སྒྲུབ་མན་ངག་གོ།། བྱང་སེམས་བླང་བའི་མན་ངག་ཀྱང་།། དེ་ཡང ་རྣལ་འབྱོར་སྤྱོད་པ་ཡི།། མཁས་པས་འཆི་རྟགས་ཤེས་ནས་ནོ།། རིན་ཆེན་འབར་བའི་སྣོད་ནང་དུ།། བླངས་ནས་མཚལ་ཆེན་དང་སྦྱར་ནས།། སྦྱོར་བའི་སྟོབས་ཀྱིས་ཤངས་སུ་འཕང་།། རྣམ་ཤེས་རླུང་ལ་ཞོན་པ་དེ།། དང་པོ་རྟེན་དང་བྲལ་ཙམ་ན།། སྔགས ་བཟླས་འོད་ཟེར་སྟོབས་ཀྱིས་སུ།། སྙིང་ག་ཉིད་དུ་བཅིང་བར་བྱ།། དེ་ནས་སྒྱུ་མའི་རྟེན་ལ་གཞུག། སྦྱོར་བ་ལ་སོགས་གཞན་ཡང་མྱུར་བར་བྱ།། གཞན་ཡང་གསང་བ་སྤྱོད་པ་ནི།། མཛད་པའི་དུས་ནི་རྣམ་གསུམ་སྟེ།། དང་པོ་བདུད་རྩི་སྤྱོད་པ་ལ།། མོས་ལ ་འཇུག་དང་དངོས་ལ་འཇུག། མོས་པས་འཇུག་པ་གཞན་དང་མཐུན།། དངོས་སུ་འཇུག་པའི་ཐབས་བསྟན་པ།། བདུད་རྩི་རྩ་བ་ལྔ་བཙལ་ལ།། རང་གི་ལུས་ལས་བཙལ་བར་བྱ།། བཙལ་ནས་བསྒྲུབས་པའི་རི་ལུ་དེ།། ཚད་དུ་ཕྱིན་ནས་བཟོའ་བར་བྱ།། བཟའ ་བདང་པོ་རིམ་གྱིས་བརླབ།། ཟས་དང་རྗེས་ཟིན་རྟིང་ཉིད་ལ།། ཞག་གསུམ་ན་ནི་ཙི་རླན་བཟའ།། འབྱུང་བའང་དེ་བཞིན་དྲི་རྫིང་ལ།། ཞག་ལྡན་ནི་གཟའ་བར་བྱ།། དེ་ནས་ཟླ་ཕྱེད་ཟླ་གཅིག་གོ།། དེ་རྣམས་པར་གྱིས་འཚོ་བ་ནི།། ནང་གི་བདུད་རྩི་སླར་བསྡམས ་ལ། བཟའ་ཞིང་བཏུང་བ་ཉིད་དུ་བྱ།། དེ་རྣམས་བག་ལ་ཞ་ནས་ནི།། བར་བར་གོང་བཞིན་བཟའ་བར་བྱ།། ཡང་ན་རིམ་བཞིན་དེ་བཞིན་ལྔབ།། དེ་ནས་ནང་གི་རྒྱུན་བཟློག་གིས།། རིམ་བཞིན་ལུས་རྣམས་གསོ་བར་བྱ།། ལུས་ནི་ཤིན་ཏུ་རྒྱས་གྱུར་ན།། ཏིང ་རྐྱེན་གས་ནི་རྩུ་བ་སཟླར།། ཨཱན་དྷ་ཀྱིས་ཞུགས་པ་ཡིས། ཀློག་ང་རྗེས་གྱུར། ན་ཚོགས་ནི་སྣང་བའི་བ་ཀྱུ། ང་སློ་བ་དང་།། ཁྱི་མ་མམ་པསས་རྗོ་། ཥྨཱ་དྡྷ ་གས་པ་ཡིས།། ཏིང་འཛིན་ཐོགས་རྣམས་སྐྱེ་བར་འགྱུར།། ཐབས་དེས་སྐྱེ་བར་མ་གྱུར་ན།། མན་ངག་བསྒོམ་པས་སྤྲོ་བར་བྱ།། དེས་ཀྱང་སྐྱེ་བར་མ་གྱུར་ན།། གནས་ལ་སོགས་བསྔོ་བར་བྱ།། སྤོས་ཀྱང་སྐྱེ་བརློམ་གྱུར་ན།། འབྱུང་བའི་གནོད་པ་ཡོད་པ་ན ་འབྱུང་ཐོགསལ་བའི་ཐབས་རྣམས་བྱ།། འབྱུང་པོ་བས་འཀྱང་མ་བྱུང་ན།། སྣརོན་གྱི་བག་ཆགས་མཇུག་པས་ན།། དེ་ཉིད་སྤྱང་པོའི་ཆོ་ག་བྱ།། ཀྱང་སྒྲིབར་གྱུར་།། བཱ་མཱི་དད་པའི་འདུ་ཤེས་ཀྱིས།། དཀྱིལ་འཁོར་ལོ་སོགས་སྤྲོས་པ་ཡིས།། ཏིང་ངེ་འཛིན་ནི ་ར་འགྱུར།། ས་ཀྱང་སྐྱེ་བར་མ་གྱུར་ན།། སྲོ་མན་པ་པ་ས་པ་ཡོན།། བང་ཅན་དམཚིག་རྣམས་པ་འཾ།། ན་སུ་ནི་མུ་མ་བྱེད།། ཤེས་སྐྱེ་བའི་གམས་རྣམས་མི།། དྲབ་པོན་དམ་མིག་མས་སོམས་པ། ཚོག་ས་སོ་ས ་ནོང་བ་དང་།། རང་གི་མན་ངགོ་ཉམས་པ་དང་།། དམ་ཚིག་ཉམས་པའི་ཐེ་ཚོམ་ཟོས།། ལྷ་སྤྱོད་ཉམས་སུ་མ་ལོན་དང་།། དུས་དང་རྟགས་སོགས་མ་ཤེས་དང་།། མནུ་ངག་བསྒོམ་རིམ་མ་ཤེས་དང་།། སྨྱུང་བ་ལ་སོགས་མ་ཤེས་དང་།། སེམས་འཛིན ་འཛི་སྲིང་ཀྱང་།། མི་ཤེས་སྐྱེ་བར་མི་འགྱུར།། རྣམས་སྐྱོན་སྤས་ཡོན་ཏན་ལྡན་འཛིན་མེད་ཤེས་མོ་སྐྱེས་།། ཚོགས་ཆེམ་ཁྱལ་པར་བསགས་ནས་སུ།། སྐྱེ་བ་ཕྱི་མེད་ཡེ་ཤེས་ཀྱི།། ངེས་པཛིན་ཡོན་ཐོལས་མེད་དོ།། མཚན་ཉིད་ལ་སོགས་པ ་དག་ཏུ།། སྔ་མ་ལས་ཀྱི་འཕེན་ཤུགས་ཀྱིས།། མ་ངེས་པ་དགུ་བསྟན་པ་དེ།། སྔགས་ཀྱི་ནུས་མཐུ་ཁྱད་པར་གྱིས།། ལས་ཀྱི་འཕེན་པར་བཅོམ་ནས་ཀྱང་།། སྐྱེ་བ་ཕྱི་མར་ངེས་པའི་དོནྡ།། ཕྱི་མར་རྐྱེན་སོགས་ཐམས་ཅད་ཀུན།། ངེས་པ་ཁོ་ནར་འཇོམས་པར ་འགྱུར།། དེ་རུ་རྐྱེན་རྣམས་གཞན་འགྱུར་ན།། དགེ་བར་སྔོ་བ་ལེགས་འགྱུར་བར།། མ་མཚམས་སྐྱེ་བ་བདུན་ལ་ངེས།། དེ་བས་བསང་སྔགས་མཐུ་རློམས་ནི།། དུག་གི་སྨོན་གྱུར་ཇི་བཞིན་ནོ།། དེ་བས་གསང་སྔགས་མཐུ་རྣམས་ཀྱིས།། ་ལན་ནི་ཉེ་བར་འབྲས་བུ་མྱུར།། ས་དུང་ཕ་རོལ་ཕྱིན་པ་ནི།། དེ་བས་མཐུ་ཆུང་བསྐལ་པ་གསུམ།། ཉོན་ཐོས་དེ་བས་མཐུ་ཆུང་བས།། བསྐལ་བ་བཞི་ནི་གོར་བ་ཡིན།། དེག་དག་ཀུན་ལ་རབ་འབྲིང་གསུམ།། རིང་དང་མྱུར་དང་ཤིན་ཏུ་མྱུར།། ་གསང་སྔགས་ལ་ལའི་གཞུང་དང་ནི།། སློབ་དཔོན་ལ་ལའི་གཞུང་གིས་ན།། བཅུད་ཀྱི་ལེན་གྱི་མན་ངག་གིས།། ལུས་སེམས་ལས་སུ་རུང་གྱུར་ནས།། མན་དག་སྟོབས་ཀྱི་ཡེ་ཤེས་སྐྱེ།། དེས་ནི་ཕྱག་རྒྱའི་དངོས་གྲུབ་ཐོབ།། ཕྱག་རྒྱ་མཆོག་ནི ་འདོད་པ་ན།། ཚེ་ལ་དབང་སྒྱུར་བསྒྲུབ་ནས་ནི།། མན་ངག་བསྒོམས་པའི་སྟོབས་ཀྱིས་ནི།། ཕྱག་རྒྱ་མཆོག་ནི་ཐོབ་པར་འགྱུར།། སློབ་དཔོན་ལ་ལའི་གཞུང་གིས་ནི།། བསྐྱེད་རིམ་བསྟན་པར་གྱུར་པོ་དང་།། བཅུད་ཀྱི་ལེན་གྱི་མན་ངག་བསྒྲུབ།། ་དེས་ནི་ཆེ་ལ་དབང་བསྒྱུར་འགྲུབ།། ཚེ་དབང་ཐོབ་པ་དེས་ཀྱང་ནི།། ཕྱག་རྒྱ་ཕྱག་རྒྱ་མཆོག་གཉིས་ཐོབ།། བཅུད་ཀྱི་ལན་གྱི་མན་ངག་ཀྱང་།། མཁའ་འགྲོའི་རྒྱུད་དུ་ཤེས་པར་གྱིས།། ཕྱག་རྒྱ་མཆོག་གི་མན་ངག་ཅུང་ཞིག་ཙམ།། རྙེད་པར་བྱ་བོའི ་ས་ཀྱི་གྲོང་དཟུམས་ཀྱི་ཁྱིམ་པ་ཡོསོད་དུའོ།། གཀུན་ཡུག་བརྫུན་པ་བྱུབྱུང་བའི་དོན་བླང་དུ།། ཀྱི་ཐུང་བ་གཞན་ཡང་ཨམྦྷ། བདག་ཉིད་ལྷག་པའི་སྒྲར་བསྐྱེད་པ། མདུན་དུ་མགོན་པ་ནག་པ་ནི།། སྒྱུ་གདུང་། ་ཐུགས་ལས་བྱུང་བ་ཡིས།། ཧཱུཾ་དེ་ཉིད་ལས་བསྐྱེད་པ་ནི།། ཞལ་གཅིག་ཕྱག་ནི་གཉིས་པ་དེ།། མདོག་གྷནག་འོང་འབར་ཆེན་པོ་ནི།། གྲི་གུག་ཐོད་པ་ལག་ན་འཛིན།། ཐོད་པའི་ཕྲེང་བའི་དོ་ཤལ་བྱས།། མཆེ་བ་གཙིགས་མཛད་འཇིགས་བྱེད་པ། ་ཛས་ཐུང་ལུས་གནག་གཎྜཱི་བརྗིད་ཆེ།། ཁ་ནས་ཁྲག་ནི་འབབ་པའོ།། དེ་ལོ་བཟླས་པའི་མན་ངག་ནི།། ཨོཾ་མཎྜ་ཀཱ་ལ་ཧ་ན་ཧཱ་ན་བཛྲ་ན་སཱུ་ཧཱུཾ།། བཟླས་པ་ཡི་ནི་མན་དྲག་ཀྱང་།། རྟེན་དང་བརྟེན་པའི་གནས་ཚུལ་དེས།། གྲུ་གསུམ་གཞལ ་ཡས་སྒོ་གཅིག་པ།། དེ་ཡི་བདག་པོ་རིགས་དང་བསྟན།། འཕྲོ་འདུ་བྱ་བའི་ཚུལ་རྣམས་ཀྱང་།། འཁོར་ལོ་ཆེ་ཆེ་གདབ་པའི་ཚུལ།། ལྷོ་ཡང་རིགས་དང་བསྟུན་པ་ཡིན།། ངག་གི་བཟླས་པ་བྱེད་ཚུལ་ཡང་།། ཉི་མ་ཤར་ད་རུ་ཆུ་བྲུག། དེ་ཡི ་བཟླས་པའི་གྲངས་རྣམས་ཀྱང་།། སུམ་འབུམ་དྲུག་འབུམ་ས་ཡ་རུ།། བཟླས་པ་བྱས་པས་མཚན་མ་རྙེད།། ངེས་སུ་འབྱུང་བར་མ་གྱུར་ན།། སྦྱང་བ་བྱས་ཏེ་བཟླ་བར་བྱ།། སྔགས་ཀྱི་ནུས་པ་ཆེ་ཆུང་དང་།། མོས་པ་ཡི་ནི་ཁྱེད་པར་ར་། ་བག་ཆགས་ཆེ་ཆུང་ཁྱད་པར་གྱིས།། རྡོ་རྗེ་དྲག་པོའི་རྒྱུད་རྣམས་ལས།། སྔགས་ཀྱི་སྦྱོར་བ་གཞན་དག་གིས།། བསྙེན་དང་བསད་པའི་ལས་རྣམས་བྱ།། ལྷོ་ཡི་སྦྱོར་བ་སྤོ་བོ་ཡང་།། དེ་བཞིན་དུ་ནི་ཤེས་པར་བྱ།། གནས་ལ་སོགས་པའི ་སྦྱོར་བ་ནི།། གཞན་དག་ཀྱང་ནི་སྤྲོ་བར་བྱ།། ལྷ་རྣམས་སོ་སོ་སྤོ་བ་ཡང་།། ཞལ་གཅིག་ཕྱག་ནི་བཞི་པ་དང་།། ཞལ་གསུམ་ཕྱག་ནི་དྲུག་པ་དང་།། ཞལ་བཞི་ཕྲག་ནི་བརྒྱད་པ་དང་།། ཕྱག་མཚན་རྣམས་ཀྱང་འགྱུར་བ་དང་།། སྐུ་མདོག་ལ ་སོགས་འགྱུར་བ་རྣམས།། སོ་སོའི་རྒྱུད་དང་བསྟན་པ་ཡིན།། སྔགས་ལ་སོགས་པའི་སྦྱོར་བ་ཡང་།། དེ་བཞིན་དུ་ནི་ཤེས་པར་བྱ།། ཁྱད་པར་ལས་རྣམས་སོ་སོའི་སྔགས།། ཨོཾ་མ་ཧཱ་ཀྲཱྀ་ལཱ་ཡ། ཨ་ཏི་པྲ་ཏི་ཛྙཱ་སྨ་ར་སི། ཏ་དི་དཾ། མཾ་མཱ་རུ་ཤཱ། ་ཁ་ཁ་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧཱ། པ་ཙ་བ་ཙ། དི་ན་མི་ཀེ་ན་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་བྷ་ག་ཝན། ཨོཾ་བི་ལཾ་པ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷུ་སྭཱ་ཧཱ།། གསང་བའི་སྔགས་སོ།། ཨོཾ་ཧཱུཾ། མངོན་སྤྱོད་ཀྱིའོ།། ཨོཾ་ཛཾ་སྭཱ་ཧཱ། ་དབྱེ་བའོ།། ཨོཾ་ཁཾ་སྭཱ་ཧཱ། བསྐྲད་པའོ།། ཨོཾ་ཧཱུ~ཾ་སྭཱ་ཧཱ། དགུག་པའོ།། ཨོཾ་ཨ་སྭཱ་ཧཱ། དབང་གིའོ།། ཨོཾ་ཧཱུཾ་སྭཱ་ཧཱ། རེངས་བྱེད་ཀྱིའོ།། སྔགས་འདི་དག་ཐམས་ཅད་ཡི་གེ་འབུམ་བཟླས་པས་འགྲུབ་པར་བྱེད་དོ།། མགོན་པོའི་ལས ་འོད་ཐུན་མོང་བའི་ལས་སོ།། སྦྱིན་སྲེག་དག་གོས་བསྡད་པ་ནི།། གྲུ་གསུམ་ནག་པོའི་ཐབ་ཁུང་དུ།། ཤིན་ཏུ་དྲག་པོའི་མེ་ལྷ་བོས་མ།། སྦྱང་ཞིང་བྱིན་གྱིས་བརླབ་པ་དང་།། བསྡུས་རྒྱས་མྱུར་བའི་རིམ་པ་རྣམས།། མན་ངག་ལ་སོགས ་ཤིན་ཏུ་གབ།། མཆོད་པ་དབུལ་བའི་རིམ་པ་ནི།། ཚ་བའི་མར་དང་ཚེ་རི་མ་ཅན།། ཏིལ་ནག་པོ་དང་དུག་ཆུས་བྱུག། ཨོཾ་མ་ཧཱ་ཀཱ་ལ་མིང་འདི་ཞེས་བྱ་བོ་ཤན་ཐུན་མ་ར་ཡཱ་ཧཱུཾ་ཕཊ། ཞེས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ།། མངོན་པར་བསྒྲུབ་པའི ་ལས་ཤུལ་ཤི་དིའི་རོ་བཟུང་ལ།། དེ་ནི་ཡང་ནི་བཏུབ་པར་བྱ།། སྟོང་པར་བྱིན་བ་རླབས་ཡི་གེ་ལས།། བསྒྲུབ་བྱ་ཅི་འདྲ་དེ་ལ་བསམ།། ལྕགས་ཀྱུས་སྙིང་དྲང་རླུང་གིས་བཏེག། རྣམ་པར་ཤེས་པ་དེ་ལ་བསྟིམ།། ་རྡོ་རྗེ་ཕུར་བུས་དེ་ལ་བརྡེག། བསད་ནས་མེ་ལ་སྦྱིན་སྲེག་བྱ།། མེ་ཡི་ལྷ་ལ་བརྒྱ་རྩ་བརྒྱད།། མིང་ནས་སྨོས་པ་དེ་ལ་དབུལ།། ལྷ་ལཱ་རྣ་བིའི་སྔགས་ཀྱིས་ནི།། དབུལ་བར་དགྲ་ནི་མིང་དེ་གཞུག། འབུམ་ལ་བརྒྱད་ཀྱིས་བསྟབས་ལ་དབུལ།། ་དེ་ནི་དུར་ཁྲོད་གདོན་རྣམས་ཀྱིས།། འདུ་ཞིང་དེ་ཉིད་ཟ་བར་བསམ།། དེ་ཡང་བསོད་རྣམས་རང་འབྲིང་གིས།། བཅུ་གཉིས་ཕྱེད་དང་དེ་ཡི་ཕྱེད།། འཆི་བར་དེ་ནི་གདོན་མི་ཟ།། བསྲེགས་པས་བསད་པའི་ལས་རིམ་མོ།། ་གཞན་ཡང་དྷིང་འཛིན་རིམ་པ་ཡིས།། བཾས་པ་རབ་ཏུ་བུས་མ་བྱུར་བྱ།། འདི་ནི་བསམས་པ་ཙམ་གྱིས་ཀྱང་།། སངས་རྒྱས་ཉིད་ཀྱང་ངེས་པོར་འཇིག། མ་ཧཱ་ཀཱ་ལའི་རྣལ་འབྱོར་གྱིས།། གདུག་པ་ཁྲོ་བོའི་སེམས་ཀྱིས་ནི།། དེ་ཡི་ལྟེ་བ་རྒྱ ་རྩེརྩི་བ་ལ་རྣལ་འབྱོར་ཅན་གྱི་ལག་པས་བཅད།། མིང་གི་ཡི་གྲེ་དང་པོ་ལོས།། བསད་བྱ་མདུན་དུ་བསམ་པར་བྱ།། རྣམ་ཤེས་དེ་ལ་བཅུག་ནས་ནི།། ཁ་སྦྱར་ནང་ནས་གནས་མཐོང་ནས།། དེ་ཕྱུང་སྲོག་དང་དཔྲལ་མཐོང་ནས།། རོ་ནི་དུམ་བུ་སྟོང ་དུགཏུབ།། བཟའ་འམ་ཡང་ན་གཏོར་མ་བྱ།། དེ་མ་ཐག་ཏུ་སྤྱི་གཙུག་བསམ།། ཁྲ་ལོ་སྐྱུགས་འདར་ཞིང་མགོ་སྐྱེས་ཀྱང་།། ཁ་ནི་ཐུར་དུ་བུབ་པར་བསམ།། སུ་རྩེ་མེ་ཡི་གཟུགས་ཅན་ནི།། སྣང་ལམ་ཞུགས་ནས་སྙིང་ཁར་ནི།། ཐེ་ཚོམ་མིང ་ཅིང་བསྟན་གྱུར་ན།། ངེས་པར་འཛིན་པར་འགྱུར་བ་ཡིན།། ཏིང་ངེ་འཛིན་གྱིས་བསད་པའི་རིམ་པའོ།། ། གཞན་ཡང་རབ་ཏུ་བཤད་པར་བྱ།། ཐོད་པ་མ་ཆགས་མ་གསལ།། མ་ཧཱ་ཀཱ་ལའི་སྙིང་པོ་བྲི།། བཟླས་པའི་ཡུངས་ཀར ་དེ་རུ་བླུག། དགྲ་ཡིས་སྒོ་ཁར་སྦས་ནས་ནི།། ནོར་དང་བཅས་པས་ཟླ་དྲུག་གིས།། བརླག་པར་འགྱུར་བ་གྲདོན་མི་ཟ།། གང་ཡིན་པ་ཡི་རིགས་རྒྱུད་ཀྱི།། ཐོད་པ་དེ་ཉིད་བླངས་ནས་ནི།། གཅིག་ཤོས་ཀྱི་ནི་ཁྲག་གིས་བྲི།། སྔགས་ནི་ནག་པོ་ཉིད ་ཀྱིས་བྱ།། ཡང་ན་མ་ཧཱ་ཀཱ་ལ་དང་།། ནག་པོ་ཉིད་ཀྱིས་བསྲེས་ནས་བྱ།། མ་ཧཱ་ཀཱ་ལས་བྱེད་པ་ན།། མིང་སྤེལ་བ་ནི་ཚོགས་རྒྱུར་བཅད།། ཡང་ན་གླིང་བཙོ་འཁོར་ལོ་བཅད།། གྲོ་གཱའམ་དུར་ཁྲོད་རས་མ་ལ།། གཟུགས་དང་མིང་ནི་བྲིས་པ་གཞུག། ་དེ་སྟེང་དེ་གཤེད་གཟུགས་རྣམས་གཞུག། སྨིན་པར་བྱེད་པས་ཁ་བཅང་ནཱས།། དེ་སྟེང་གཞན་གྱིས་དགབ་པར་བྱ།། གནག་དང་དཀར་བས་རྒྱ་གྲམ་བཅིང་།། ནག་པོ་ཡོད་པའི་སར་སྦས་ན།། གདོན་མི་ཟ་བར་བརླག་པར་འགྱུར།། དེ་ནི་ཐབས ་ཀྱིས་བསྣང་བའི་རིམ་པའོ།། ། གཞན་ཡང་བསདྲ་པའི་རིམ་པ་ནི།། གྲུ་གསུམ་ནག་པོའི་སྣོད་ནང་དུ།། ཁྲག་ན་སྙིང་སྣ་སྦྱར་བ་ཡི།། མཐུན་པའི་དམ་རྟས་རྣམས་ཀྱི་དགང་།། དུར་ཁྲོད་རས་མ་ངག་ལ་ནི།། དྲི་ཡི་མིང་དང ་གཟུགས་བྲིས་ལ།། བརྒྱརྩ་བརྒྱད་ནི་གཏོར་མར་དབུལ།། ནག་པོའི་རྟེན་ནི་ཡོད་པའི་སར།། བསྒྲུབ་དེའི་ཚུལ་གྱིས་ཅིང་བར་བྱ།། དེ་ལྟར་བྱས་པའི་གཏོར་མ་ནི།། བརྒྱ་ནས་སྟོང་གི་བར་དུ་ནི།། ཨོཾ་མཾ་ཧཱ་ཀཱ་ཡ་ཤཱ་ས་ན་ཨུ་པ་ཀ་རི། 9 ་ཥ་པ་ཤྲཱི་མ་ཀཱ་ལོ། ཡ་མི་ཏཾ་རཏྣ་ཏྲ་ཡཱ་ཡ། ཨ་བ་ཀཱ་རི་ཎེ་ཡ་པྲ་ཏཱི་དྷཱ་སྥ་ར་སི་ཏཱ་དེ་དེ། དུཥྚི་སཏྭ་ཁ་ཁ་ཁཱ་ཏི་ཁཱ་ཧི། མ་ར་མ་ར། གྲི་ཧྞ་གྲིཧྞ། ནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། བ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཅེས ་པའི་སྔགས་ཀྱི་ས་བསང་བར་བྱའོ།། གཞན་ཡང་འཁོར་ལོས་བསད་པ་ནི།། བདེ་གཤེགས་སྤྲུལ་པའི་ནག་པོ་ནི།། ཤིན་ཏུ་འཇིགས་པའི་སྐུ་འཆང་བ།། བསྐྱེད་པ་ལ་སོགས་རྫོགས་བྱས་ལ།། ཆེས་གྲངས་ཤིས་པ་ཉིད་ལ་ནི།། འཁོར་ལོ་ལེགས ་པར་བཅའ་བར་བྱ།། འཁོར་ལོ་བཅའ་བའི་ལུགས་རྣམས་ནི།། དུར་ཁྲོད་རས་མ་དག་ལྗིན།། འཇིག་རྟེན་མགོན་པོའི་གཟུགས་བྲིས་ལ།། ལྟོ་བར་འཁོར་ལོ་བཅའ་བར་བྱ།། རྩིབས་ནི་བཅུ་གཉིས་བརྒྱད་དུ་བྱ།། ལེ་ཆེ་རེ་རེ་བོར་ལེན་བྱ།། མིང་དང ་དྲག་སྔགས་སྤེལ་ཏེ་བྲི།། སྔོན་དུ་ཆོ་ག་རྫོགས་བྱས་ལ།། འཁོར་ལོ་སྒྲུབ་དང་བསྒྲུབ་བྱ་གཉིས།། བསྐྱེད་ཅིང་དགུག་པའི་ལས་བྱས་ཏེ།། མཆོད་པ་ལ་སོགས་རྫོགས་བྱའོ།། དེ་ནས་བསད་པའི་ལས་རྣམས་བྱ།། ཉི་མ་བཞིས་བསྐོར་ཐིམ་པར་བྱེད། ་སྔགས་ནི་ཁྲི་དང་བཞི་ཁྲིར་བཟླས།། དེ་ནས་བཙོང་བའི་སྦྱོར་བ་བྱ།། དུར་ཁྲོད་ནག་པོའི་གནས་ངག་ཏུ།། གྲུ་གསུམ་ནག་པའོ་གཏིང་བྲུས་ལ།། གཏིང་བྲུས་སྦས་ཏེ་མནན་པར་བྱ།། དེས་སུ་མ་བྱུང་བསྒྱུར་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཤ་ཐུན་མ་ར་ཡ ་ཊ། ཞེས་མིང་དང་སྤེལ་བར་བྱ།། འཁོར་ལོས་བསད་པའི་རིམ་པའོ།། ། གནོད་སྦྱིན་གྱིས་ནི་བསད་པའི་ཐབས།། རང་ཉིད་ལྷག་པའི་ལྷར་གནས་པོའི།། ཆོ་ག་ཐམས་ཅད་རྫོགས་བྱས་ལ།། མདུན་དུ་གྲུ་གསུམ་དཀྱིལ ་འཁོར་ལ།། གནོད་སྦྱིན་དྲག་པོ་བསྐྱེང་པར་བྱ།། དེ་ཉིད་ནུས་པ་བསྐྱེད་བའི་ཕྱིར།། སྦྱོར་བ་གཞན་ཡང་ཤེས་པར་བྱ།། དྲག་པོ་གསང་སྔགས་བཟླས་པ་ཡིས།། བང་ཡང་མི་འདུ་རང་དབང་མེད།། ལྕགས་ཀྱི་ཆ་ཆ་གདབ་པ་བཞིན།། འཕྲོས་པས ་ཐམས་ཅད་བརླག་པར་བྱེད།། སུ་མོ་འབུམ་དྲུག་འབུམ་དགུ་འབུམ་དུ།། བཟླས་པས་དོན་རྣམས་གྲུབ་པར་བྱེད།། ཚད་དུ་བྱིན་པའི་དུས་སུ་ནི།། ཤིན་ཏུ་དག་ཅིང་བོས་པས་སུ།། རང་དབང་མེད་པར་ལས་རྣམས་བྱེད།། ཨོཾ་བཛྲ་མ་ཧཱ་ཀཱ་ལ ་ཡཀྵ་ཧཱུཾ་ཕཊ། ཛཿམཱ་ར་ཡ། ཤ་ཐུན་མཱ་ར་ཡ། སྔགས་ཀྱི་མན་ངག་བསྒྱུར་ཤེས་བྱ།། སྦྱིན་སྲེག་ཏིང་འཛིན་ཐབས་དང་ནི།། གཏོར་མ་འཁྲུལ་འཁོར་བསད་ལ་སོགས།། ཐབས་ཀྱིས་ཟིན་པའི་སྦྱོར་ཤེས་བྱ།། གནོད་སྦྱིན་གྱིས་བསང ་པའི་རིམ་པའོ།། ། ར~ཾ་ལངས་མས་ནི་བསད་པའི་ཐ་བས།། རང་ཉིད་ལྷག་པའི་ལྷར་གནས་པས།། དུར་ཁྲོད་ཆེན་པོའི་དཀྱིལ་དག་ཏུ།། རོ་ལངས་མ་ནི་བསྐྱེད་བྱས་ལ།། རང་བཞིན་མ་ཡོད་སྤྱན་དྲངས་ཏེ།། དེ་གཉིས་ཆོ། ་ག་རྫོགས་བྱས་ཏེ།། བསྙེན་པ་ཚད་དུ་ཕྱིན་པ་ན།། དུར་ཁྲོད་རོ་ཡི་ཐོད་པ་རུ།། ཁྲག་ཐུན་རྫས་ལ་སོགས་པ་ལ།། དྲག་པོ་ཐུན་སྔགས་བཟླས་པར་བྱའོ།། ཁྲི་ཡི་བར་དུ་བཟླས་པར་བྱ།། དེ་ནས་གང་ཡིན་ས་རུ་བརྡེག་པར་བྱ།། དེ་ལྟར་ལན་གསུམ ་བྱས་པ་ཡི།། གང་ཡིན་དེ་ནི་བརླག་པར་འགྱུར།། དུར་ཁྲོད་འབར་བའི་གནས་དག་ཏུ།། ནག་པོའི་ནང་དུ་འཁྲུལ་འཁོར་མནན།། ནག་པོའི་ནང་དུ་གཏོར་མོས་དགང་།། ཅིག་ཤོས་ནང་དུ་བཅས་པ་ཡིས།། ནག་པོ་ཉིད་ལ་གཏོད་པར་བྱ།། ཆ་བི ་རྫས་ཀྱིས་བསྲེག་པར་བྱ།། དེ་ལྟར་སྦྱོར་བའི་མན་ངག་རྣམས།། མཁས་པས་བསྒྲིམས་ཏེ་མ་བྱས་ན། རང་ཉིད་ལ་ནི་གནོད་པར་འགྱུར།། ཨོཾ་བཛྲ་བེ་ཏ་ལི་ཧཱུཾ་ཕཊ། ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧ། ་སྔགས་ཀྱི་མན་ངག་སྦྱོར་ཤེས་བྱ།། རོ་ལངས་མས་བསོད་བའི་རིམ་པའོ།། ། མཁའ་འགྲོ་མ་ཡིས་བསད་པའི་ཐབས།། ཆུ་ངོགས་ཐིབས་པའི་གནས་དག་ཏུ།། མཁའི་འགྲོ་མ་ནི་བསྒྲུབ་པར་བྱ།། ཞིང་ཆེན་གྱི་ནི་གདན་བཏིང ་ལ། དྲག་པོ་རོལ་པའི་འདུག་སྟངས་བྱ།། མཁའ་འགྲོ་མ་སྐུ་མདུན་བཞག་ལ།། ཞིང་རྒྱུས་བརྒྱས་པ་ཐུགས་ཀར་གཟུང་།། དྲག་ཏུ་བཟླས་པའི་སྟོབས་ཀྱིས་སུ།། སྦྱོར་བ་གང་འདོད་འགྲུབ་པར་བྱེད།། ཁྱད་པར་སྦྱོར་བ་བསྟན་པ་ནི།། གནག་ཅིང ་ཐིབས་པའི་ནང་དག་ཏུ།། གྲུ་གསུམ་ནག་པོ་བྲུས་ནས་ཀྱང་།། གཟུགས་བརྙན་བཅའ་བིའི་ཐབས་བྱས་ཏེ།། དེ་རུ་བསད་པ་ལ་སོགས་བྱ།། ཡང་ན་འབབ་ཆུའི་ངོས་དག་ཏུ།། སྦ་ཞིང་མནོན་པའི་ཐབས་བྱའོ།། ཨོཾ་བཛྲ་ཌཱ་ཀཱི་ཧཱུཾ་ཕཊ། ཤ་ཐུན ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལྀ་སྟཾ་བྷ་ནཱན།། སྔགས་ཀྱི་བསྡེབས་ནི་མ་ཤས་ན།། སྦྱོར་བ་འགྲུབ་པར་མི་འགྱུར་རོ།། མཁའ་འགྲོ་མསོ་བསད་པའི་རིམ་པའོ།། ། འཇིགས་བྱེད་མོས་བསད་པའི་ཐབས།། ཤིན་ཏུ ་འཇིགས་པའི་གནས་དག་ཏུ།། དྲག་ཅིང་གཏུམ་པའི་ཆས་གས་ཀོན།། དང་པོར་སྐྱེན་སྦྱོར་ཚང་བས་སུ།། ནགོ་པོ་འགྲོ་མགྱོགས་སྦྱར་དཀར་དང་།། བདག་པོ་སྨྲེ་བརྩེགས་ཐོད་ནང་དུ།། དེ་རྣམས་རིགས་མཐུན་རྫས་བསགས་ཏེ།། ཆུ་གསུམ་ལ་སོ ་རྒྱས་རྣམས་ལ།། སྔགས་ཀྱི་སྦྱོར་བ་བཏབ་པས་ནི།། ནུས་པའི་མཐུ་དང་ལྡན་པར་འགྱུར།། ཨོཾ་བཛྲ་དྷ་ར་ཡ་ཧཱུཾ་ཕཊ། བ་ཐུན་མཱུ་ར་ཡ་ཧཱུཾ་ཕཊ། ག་ག་དཱ་ཧྣི་ཥཱ་ཧི། དྲག་པོའི་སྦྱོར་བ་མཱ་ས་པ་ཡིས།། འབྱུང་པོའི་རྣམས་ནི་བརླག་པར་འགྱུར།། ་བྷྱོ་བ་གཞན་ཡང་སྦྱོར་ཤེས་བྱ།། འཇིགས་བྱེད་མས་པསང་པའི་རིམ་པ་རྦ།། མ་ཆེན་མོ་སྲེག་གཅིང་མ་མིས་བྱས་དེ་པའི།། མན་དགྲ་བྷཱ་བས་ཀྱི་རཱཟླ་བསྟན།། སྔོན་དུ་བསྙེན་པ་རྫོགས་པ་ཡིས།། མི་གེ ་ཨོཾ་ཡི་གདན་སྦྱངས་སུ།། བསྒྲུབ་བྱེ་དེ་རུ་བཞུག་ནས་ནི།། བཟླས་པ་དྲག་ཏུ་བྱས་པས་སུ།། སྲོག་གཅོང་མ་ནི་བསྐུལ་བར་བྱ།། ཁྲི་ཡི་སྔགས་ཀྱིས་དགུག་པར་བྱ།། ཁྲི་ཡི་སྔགས་ཀྱིས་བསོད་པར་བྱ།། རང་ཉིད་ལྷག་པའི་ལྷར་གནས་བྷཱ། ་གྲོགྲོ་གཅོད་མ་ནི་མདུན་དུ་བསྐྱོད།། གྲུབ་པ་མོ་ཡང་སྤྱན་དྷ་ས་ཏེ།། མཐུ་བ་སྐྱོད་ལ་སོགས་བྱས་ནས་ནི།། ཀླུ་དང་གསུང་དང་ཐུགས་རྣམས་ལས།། དྲག་པོའི་བརྒྱད་པའི་མཐུ་རྣམས་ནི།། མངའ་ཟམ་པོ་རྟགས་པའི་ཚུལ་དུ་བྱུང་།། སྤྱི་བོ་མགྲིན ་བ་སྙིང་གནས།། ཆ་རོ་བཞིན་དུ་ནི་འབདི་པར་འགྱུར།། ཨོཾ་པྲ་ཏི་ཏ་ན་ཧཱུཾ་ཕཊ། ཤ་ཐུན་མཱ་རཱ་ཡ་ཧཱུཾ་ཕཊ། ག~ཾ་གཱ་བཱུ་ཧི་ཁཱ་ཧི། སྔགས་ཀྱི་སྦྱོར་བ་གཞན་དང་མཐུན།། དྲག་པོའི་ལས་རྣམས་གཞན་པོ་ཡང་།། མེ་ན་དགེ་སྟོབས་ཀྱིས་སྦྱོར ་བྱའོ།། ཕྱོས་གཅིངམ་མོ་ཀྱིས་པའི་རིམ་ཐོའོ།། མྱས་བྱེམ་མི་བསྲིང་ཀྱིའི་རིམ་པ་ནི།། དྲྀ་དྲི་ཉིད་ལྷག་པའི་ལྷུར་གྲེནས་ནས།། སྐྱོན་དུ་བསྐྱེན་པ་རྫོགས་བྱས་ནས།། དྲག་པའི་ལས་ཀྱི་སྤྱོང་པ་ནི།། གྲུ་གསུམ་འབྱར་བའི་གནས་ད་། ་འཇིགས་པའི་རྒྱན་ཆ་གོན་ནས་ནི།། བྲམ་ཟེ་འམ་རྒྱལ་རིགས་ནག་པོའི་ཕྱོགས།། མཐུན་པའི་རྫས་ནི་བཙལ་ནས་ཀྱང་།། གྲུ་གསུམ་སྟེང་དུ་རྟེན་བཅས་ནས།། ནག་པོ་འབར་བའི་སྦྱོར་བ་བརྩམ།། དྲག་པོའི་རྫས ་ལ་སྔགས་བཟླས་ཏེ།། བདུན་དང་ཉི་ཤུ་རྩ་གཅིག་དང་།། ཟླ་བྱ་གཅིག་གི་བར་དུ་བསྒྲུབ།། དེ་ནས་འཁོར་ལོ་ལྡན་པོའམ།། ཤུགས་དང་ལྡན་པའི་སྦྱོར་བ་ཡིས།། ཤིན་ཏུ་མྱུར་བ་རོ་འཕང་བར་བྱ།། དེ་ཉིད་བསྐོར་བའི་ཚུལ་དུའམ།། རི་མོའི་ཚུལ་དུ ་བྱས་པ་ཡིས།། ཏིང་འཛིན་སྦྱོར་བའང་དེ་བཞིན་བསམ།། ཨོཾ་ཤྭ་ས་གཱ་པ་ཡེ་ཧཱུཾ་ཆེ་གེ་མོ་ཤ་ཐུན་མཱ་རཱ་ཡ་ཧཱུ~ཾ་ཕཊ།། ཡང་ན་དྲག་པོའི་འབྲུབ་ཁུང་དུ།། ཚེ་ར་མ་ཅན་གྱི་ཤིང་བཀང་སྟེ།། རཾ་ལ་སོ་དྲག་པོའི་མེ་དཔུང་བསམ།། གྲོ་གའམ་ནི་ཤིང་ཤུན ་ལ། བསྒྲུབ་བྱའི་མིང་ནི་བྲིས་ནོས་ཀྱང་།། ཁྲི་འམ་འབུམ་དུ་བཟླས་ནས་ནི།། བསྒྲིབ་བྱ་བཀུག་ནས་བསྟིམ་པར་བྱ།། དྲག་པོ་ཡི་ནི་སྔགས་ཀྱིས་སྲོག། འཆི་བར་འགྱུར་བ་གདོན་མི་ཟ།། སྦྱོར་བ་ལྔ་སོགས་གཞན་པོ་ཡང་།། མནུ་ངག་ཅན་གྱིས ་སྦྱོར་ཤོ་སོ་བྱའོ།། ཤཱས་གཱ་པ་ཡིས་བསད་པའི་ལས་ཀྱི་རིམ་པའོ།། རཀྟའི་ལས་ཀྱིས་ཕྲེང་བ་ཡིས།། བསང་པོའི་ལས་འདི་བརྩམ་པར་བྱ།། དམར་ཞིང་ཆགས་པའི་རང་བཞིན་ཅན།། ཁོག་པའི་རྟེན་ནི་བཙལ་བར་བྱ།། འོད་མའི་གཞུ་ནི་ལྟ ་བུ་ཡིས།། དཀྱིལ་དུ་དེ་ཉིད་བཞག་ནས་ཀྱང་།། དུས་ལ་དེ་ནི་བབ་པ་ཡིས།། སྨིན་བྱེད་དང་པོ་རྒྱུག་པ་དང་།། མདོངས་དང་ལྡན་པའི་མཚོན་ཆེན་གཉིས།། བསྲེས་ལ་སྔགས་ནི་གདང་པར་བྱ།། དུས་ཚོད་གསུམ་དུ་བསྒྲུབས་ནས་ཀྱང་།། ་བསྒྲུབ་བྱའི་འོག་ཏུ་སྦས་ནས་ནི།། གང་འདྲོ་པ་ཡི་དོན་རྣམས་འགྲུབ།། ཡང་ན་འོད་མ་ལྟ་བུའི་དཀྱིལ།། འདབ་བརྒྱད་དང་ནི་ལྡན་པ་ལ།། ཁ་མཐིང་ལ་སོགས་མེ་སྦར་ལ།། དབང་བྱེད་སྔགས་ནི་བཟླས་པས་སུ།། ངེས་པ་ཁོ་ནར་ཁུགས་པར ་འགྱུར།། ཨོཾ་རཱཀྟ་པྲི་ཡ་ནཱི་ཧཱུཾ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧཱུཾ། སྦྱོར་བ་ལ་སོགས་གཞན་པོ་ཡང་།། མན་ངག་སྟོབས་ཀྱིས་ཕྱེ་བར་བྱ།། རཀྟ་པྲི་ཡ་ནིས་བསད་པའི་ལས་ཀྱི་རིམ་པའོ།། མོ་ས་བགེ་ཏྲིས་བསད་པའི་རིམ་པ་ནི།། སྔོན་དུ་འགྲོ་བ་རྫོགས་བྱས ་ལ།། ཤ་ཟན་དེ་ནི་སྟོང་དག་གིས།། རྟེན་ལ་སོགས་པ་རྫོགས་བྱས་ལ།། བུག་པ་ཅན་གྱི་སྣོད་ནང་དུ།། རྡོ་རྗེ་མཆུ་ནི་སྦྱར་ནས་ཀྱང་།། རླུང་གི་ཤུགས་ཀྱི་སྔགས་འདི་འཕང་།། དེ་ཡི་སྦྱོར་བ་མ་ཞིག་པར།། གང་ལ་བྱ་བ་དེ་རུ་བརྡེག། དེས་ནི་གྲོང་རྣམས ་འཁྲུག་ཅིང་འགས།། འདི་ཡི་སྦྱིན་སྲེག་གཏོར་མ་དང་།། ཐབས་དོང་འཁྲུལ་འཁོར་དག་གིས་ནི།། བསད་པའི་མུན་དགོ་སྦྱོར་ཤེས་བྱ། ཨོཾ་མཾ་ས་བག་ཏྲི་ཆེ་གེ་མོ་ཤ་ཐུན་མཱུ་ར་ཡ་ཕཊ། མཾ་ས་བག་ཏྲིས་བསང་པོའི་ལས་ཀྱི་རིམ་པའོ།། གཞན ་ཡང་རྫས་ཀྱིས་བསད་པ་ནི།། དྷ་དྷཱ་ར་དང་འོལ་མ་སེ།། འགུ་ཕཊ་ཏཾ་དང་ཁུ་བར་སྦྱར།། ཐབས་ལ་མཁས་པའི་སྦྱོར་བ་ཡིས།། མི་ལ་བླུད་ན་སྨྱོ་བར་འགྱུར།། གསོལ་བ་འདེབས་ན་གསོ་བར་བྱ།། ཁུ་བ་ལ་སོགས་རྣམས་ཀྱིས་ན།། ལུས་ལ ་བྱུགས་ཤིང་ཁོང་དུ་བླུང་།། དེ་ནི་ངེས་པར་ཐར་བར་འགྱུར།། བསད་པས་སྦྱོར་པོའི་ལས་རྣམས་ཀྱང་།། སངས་རྒྱས་ལ་སོགས་བསྟན་པ་ནི།། འཇིགས་པ་ལ་སོགས་ངེས་པ་དང་།། རུ་ཏྲ་ནག་པོར་གྱུར་པ་ལ།། སྦྱོར་བ་འདི་ནི་བྱ་བར ་གསུངས།། དེ་ལས་གཞན་དུ་བྱས་པས་ན།། རང་ཉིད་ཉམས་ཏེ་དམྱལ་བར་ལྟུང་།། དེ་ཡི་སྦྱོར་བ་བྱེད་པ་ཡང་།། ཚད་མེད་སྔོན་དུ་འགྲོ་བྱས་ལ།། མན་ངག་ཐེ་ཚོམ་མེད་པར་ནི།། བྱས་ན་གདོན་མི་ཟ་བར་འགྲུབ།། དེ་ཡང ་བསྒྲལ་བྱའི་ཡུལ་དེ་ལ།། ལུས་ངག་ཡིད་གསུམ་ཞི་བས་ནི།། ཚུལ་དང་མཐུན་པའི་བདེན་པ་བདོར།། ལ་ན་གསུམ་བྱས་ཀྱང་མཉན་ན།། ལྟུང་བྲཝ་མི་འགྱུར་བྱ་བར་གསུངས།། བསད་པ་ལས་ནི་ཕྲེང་བའོ།། །། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཀྱི་མངའ་བདག་ལ་ཕྱག་འཚལོ།། དྲག་པོ་སྐུ་ཡི་སྦྱོར་བ་དང་།། གསུང་དང་ཐུགས་ཀྱི་སྦྱོར་བ་དང་།། ལས་ནི་གཞན་སོགས་སྦྱོར་བ་དང་།། རྫོགས་པ་མཐར་ཐུག་སྦྱོར་བ་རྣམས།། རིམ་པ་བཞིན་དུ་བསྟན ་པར་བྱ།། ནག་པོ་འཇིགས་པའི་ཆ་ལུགས་འཆང་།། ཞལ་གཅིག་གམ་ནི་གཉིས་པའམ།། ཞལ་གསུམ་པའམ་ཕྱག་དྲུག་པ།། གླེང་འདོད་པ་ནི་བསྐྱེད་པར་བྱ།། དེས་སུ་བསྙེན་པ་རྫོགས་བྱས་ལ།། རོ་བསྲེགས་ཐལ་བའི་འཇིམ་པ་ལ།། ནག་པོའི ་གཟུགས་བརྙན་བཅས་བྱས་ལ།། དེ་ཉིད་སྦྱིན་སོགས་བསྐྱེད་བྱས་ལ།། སྔགས་བཟླས་པ་ཡི་སྟོབས་ཀྱིས་སུ།། ཤིན་ཏུ་འདར་ཞིང་འགུལ་བར་འགྱུར།། གཏོར་མ་ལ་སོགས་བྱིན་ནས་ཀྱང་།། བསྟོད་ཅིང་གསོལ་བ་བཏབ་པས་སུ།། དགྲ་རྣམས་ངེས ་པར་འཆི་བར་འགྱུར།། དྲག་པོའི་གྲུ་གསུམ་ཐབ་ཁུང་དུ།། གདུག་པ་ཅན་གྱི་མེ་སྦར་བས།། མར་ནག་ཚ་བ་གསུམ་དང་ནི།། ཤ་ཁྲག་གསུམ་གྱི་རྫས་བསྲེགས་ལ།། བསྒྲུབ་བྱ་བཀུག་སྟེ་དེ་ལ་བསྟིམ།། དྲག་པོའི་སྔགས་ནི་བཟླས་ནས་ཀྱང་།། རྫས ་མས་མེ་ཡི་ནང་གཏོར་བས།། ངེས་པ་ཁོ་ནར་འཇིག་པར་འགྱུར།། ཐབས་དང་ཏིང་འཛིན་འཁོར་ལོ་དང་།། གཏོར་མ་ལ་སོགས་སྦྱོར་བ་ཡིས།། བསད་པའི་མན་དྲག་སྦྱོར་བ་ནི།། བརྟུལ་བཞུགས་ཅན་གྱི་སྒོར་ཞེས་བྱ།། དེ་ནས་གསུང་གི་མག་པོ་ཡིས ་སྦྱོར་བ་བརྟན་པ་གང་ཡང་མཐུན།། ཐུགས་ཀྱི་ནག་པོའི་སྦྱོར་བ་ཡང་།། གཞན་དུ་བརྒལ་ཏེ་བསྟན་པ་ན།། བརྟུལ་ཞུགས་ཅན་གྱི་སྦྱོར་ཞེས་བྱའོ།། གསུམ་ཀཱ་ལ་ཡང་བཞི་བཞིར་བསྟན།། དཔེར་ན་རྒྱལ་པོ་བློན་པོ་དང་།། ལས་བྱེད་འཁོར་དང་མི ་མཐུན་ཕྱོགས།། དེ་བཞིན་བདེ་གཤེགས་སྤྲུལ་པ་དང་།། ས་ནས་རིག་པ་འཛིན་པ་དང་།། དམ་ཅན་དམ་ལ་གནས་པ་དང་།། ངོས་སུ་གདུལ་བར་བྱ་བ་བཞི།། དེ་བཞིན་མཁས་པས་ཤེས་པར་བྱའོ།། དེ་རྣམས་སྐུ་གསུང་ཐུགས་ཀྱི་དོན།། བསྡུས ་པ་བསྟན་པའི་རིམ་པའོ།། སྐུ་གསུང་ཐུགས་ཀྱིས་བསད་པའི་ལས་ཀྱི་རིམ་པའོ།། ལས་ཀྱི་རིམ་པ་གཞན་བསྟན་པར་བྱ་སྟེ།། གྲོང་ཁྱེར་དཀྲུག་པོའི་ཆོ་ག་ནི།། རང་ཉིད་ལྷག་པའི་ལྷར་གནས་པས།། སྔོན་དུ་བསྙེན་པ་རྫོགས་བྱས་ཏཱཾ།། ནག་པོ་ཆེན་པོ ་ལྔ་བཙལ་ལ།། སྔགས་ཀྱི་འཁོར་ལོ་ཕྲེང་བ་བྲི།། མཐུན་པའི་རྫས་ཀྱིས་དགང་བར་བྱ།། སྔགས་བཟླས་པས་ནི་དོན་རྣམས་འགྲུའོ།། ཨོཾ་ཨཱ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ།། སྔགས་ནི་ཁྲི་ཚོ་རེ་རེ་བཟླས།། ནག་པོ་འབར་བ་ཁ་བོཅད་དོ།། གྲོང་གི་དཀྱིལ ་དང་ཕྱོགས་བཞི་རུ།། སྐེང་ནུབ་ཙམ་དུ་བརྐོས་ནས་སུ།། དེ་དག་ས་གཏེར་སྦ་བར་བྱ།། ཐོད་པ་ལ་སོགས་སྣོད་ནང་དུ།། མཐུན་པའི་རྫས་ནི་བསག་པར་བྱ།། མཁའ་འགྲོ་མ་ཨི་དྲག་སྔགས་བཟླས།། དེ་ཡང་གྲོང་ཁྱེར་གསེབ་དུ་བསྐྱལ།། བདུན ་བན་པ་ནི་པ་དྨ་ཐཱས་སྟེ།། དྷེམ+Wཱར་བྱས་ན་གྲོང་ཁྱེར་འ་བྱུག། དྨོད་ཁྱེར་སྨུག་བྷཱི་ལ་ཀྱི་རིམ་པའོ།། ཨར་ནི་དབ་པ་རིམ་པ་ཡང་།། དང་པོར་བསྙེན་མྱུར་གོམས་པ་ཡིས།། ར་ཤྩི་བྱུག་པའི་མྱུ་བ་སྱཱད་སྨྲ།། ་རྫས་རྣམས་བསག་པཱའི་ཐབས་དག་ནཱི།། ཡི་གྲཝ་གཉིས་ཀྱིས་སྤྱོད་བྱས་ལ།། ཀླུ་ཡི་རྒྱལ་པོ་མཐའ་ཡིས་ཀྱི།། གཟུགས་བརྙན་བྱས་ལ་ཁམ་ཕོར་དུ།། བཞག་ནས་བདུད་རྩི་སོགས་ཀྱིས་དགང་།། བནག་འོ་མས་བཀང་ནས་ནི། གཞོ ་རྒྱུནག་མོས་བཀཥྚ་ཡི།། སྨད་པ་ཡིས་ནི་བཅིང་བར་བྱ། ལུང་སྣརོ་བྷོག་སུ་དྡྷི་ཙྪ་བྷྱཱཾ།། ཀྵ་ཡ~ཾ་རྒྱལ་པོ་དེ་རུ་བཞགྶ། དེ་ཡཱི་འགྲོམ་དུ་དཀྱིལ་འཁོར་གྱི།། སོལ་བརྙས་པཱ་ལྡེང་རོས་དང་།། སོ་ཕྱུག་ལོ་མ་རུས་ཕྱེ་ལཱ།། ནག་པོ་ད། ར་པོ་ས ་དང་།། དམྱུར་བཾ་ལྗང་བུའིས་ཚོན་བྱ།། དུར་ཁྲོང་སྲོང་བུས་ཐིག་གོང་འོ།། ཀྱི་ལོ་འཁོར་ཕྱུ་གསུམ་བྱས་ནས་ནི།། དེ་ཡི་དབུས་སུ་མཐར་ཡཱས་བཞག། མཡིན་པའི་བདག་པོ་ཆེན་པོ་པའི།། དྨ་ཆེན་ཛིན་བསྟན་ནས་ཀྱང་། ་ཆོས་མགོན་པོས་མནན་བེ་རྱ་བྷ།། འདོད་དྷི་མི་ཏོག་ནག་པོ་དང་།། འདུལ་བྱེད་ཁུ་བ་གླང་པོའི་ཚང་།། ཕྱོགས་དང་མཆོད་པ་དབུལ་བར་བྱ།། རང་གིས་རྣལ་འབྱོར་རྣལ་བ་ཡིས།། བཟླས་པའི་མན་ངག་ཤེས་བྱས་ཏེ།། སྔགས་བཟླས་པས ་ནི་ཆར་དབང་པའོ།། གལ་ཏེ་མི་འབབ་དེ་ཡི་ཚེ།། ཀླུའི་མགོ་ནི་འགས་པོར་འགྱུར།། སྤྲིན་དཔྲལ་བ་ཡི་ཐབས་རྣམས་ནི།། དུར་ཁྲོད་རས་ལོ་ཉེར་འདུག་ནས།། སྔགས་བཟླས་པས་ནི་འགྲུབ་པར་འགྱུར།། ཨོཾ་ཨཱརྱ་ཤྨ་ཤཱི་ལ་སྠི་ཨཱ་ཨ་ཛྷཻཾཧཱུ~ཾ ་ཧཱུཾ་ཕཊ། སྔགས་ལ་འོད་ཟེར་འཕྲོས་པ་ཡིས།། སྦྱིན་པ་བསྡུས་ཤིང་སྤྲིན་དྲལ་བས།། གསེབ་ནས་ཆར་ནི་འབབ་པར་བསམ།། ཆར་དབབ་པ་ཡི་སྔགས་བཟླས་པ།། ཨོཾ་གྷུ་རུ་གྷུ་རུ་དྷུ་གྷ་དྷུ་གྷུ་དྷུ། མ་ཤ་མ་རཿ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཨ། ཨ་ནནྟ་ཀྵོ་བྷ་ཀ་ར་ཨ ་ནཱ་གཱ་དྷི་བཱ་ཏེ་ཡེ་ཧེ་ཧེ་རུ་རུ་ཀ་ས་བ་བྷ་ར་ཏ་ལ་ག་ཏ་ན་ནཱ་གཱ་ཀཪྵ་ཡཱ་གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྭཱ་ཧཱ།། དེས་ནི་ཆ་ར་རྣམས་མི་འབབ་ན།། སྔགས་བཟློག་ནས་བཟླས་པས་ཆར་འབབ་བོ།། ་དེས་ཆར་མི་འབབ་ན་མགོ་འགས་པར་འགྱུར་རོ།། ཆར་དབབ་པའི་ཆོ་གའོ།། ཆར་སོགས་བཟློག་པའི་ཆོ་ག་ནི།། རང་ཉིད་ལྷག་ཧྲིའྀ་ལྷར་གནས་པས།། སྔོན་དུ་བསྙེན་པ་རྫོགས་བྱས་ལ།། དུར་ཁྲོད་སོལ་བའི་རྫས་དག་ལ།། སྔགས་ནི ་བཟླས་ཤིང་བཏབ་པས་སུ།། དེ་ནས་ནམ་ཁར་གཏོར་བར་བྱ།། དེ་ལྟར་བྱས་པས་བཟློག་པར་འགྱུར།། དེ་ནི་བཟློག་པར་མ་གྱུར་ན།། གནས་ནི་དབེན་པར་གནས་བྱས་ཏེ།། བདག་ཉིད་ལེགས་པར་བསྲུང་བྱས་ལ།། བདག་གི་ལུས་ནི་མེར་བསྒོམས ་ཏེཿགཞན་ནས་ཀྱང་ནི་མེ་བྱུང་ནས།། འཇིག་རྟེན་ཐམས་ཅད་མེས་གང་བསམ།། སྔགས་ཀྱི་འོད་ཟེར་ལས་མེ་བྱུང་།། ཆར་པ་ལ་སོགས་བསྲེགས་པར་བསམོ།། དེས་ཀྱང་བཟློག་པར་མ་གྱུར་ན། གློག་ཕྲེང་གི་ནི་སྦྱོར་བ་ལས།། ཇི་ལྟར ་འབྱུང་ཞིང་བཟློག་པར་བྱའོ།། དེས་ནི་ངེས་པར་བཟློག་པར་འགྱུར།། ཆར་དང་སེར་བེ་ལ་སོགས་པ་བཟློག་པའི་ཆོག་རྫོགས་སོ།། ། རྣལ་འབྱོར་ལ་སོགས་པ་ནི།། དུས་ལ་བབ་ནས་འཆི་འགྱུར་ན།། ཕུང་པོ་བསྲེག་པར་བྱ་བ་འི ་རྡོ་རྗེ་སློབ་དཔོན་མཁས་པས་སུ།། སྔོན་དུ་བསྙེན་པ་རྫོགས་བྱས་ཏེ།། ལྷ་ཡི་སྣང་བ་ཐོབ་པས་བྱ།། ལྷའི་སྣད་ཐོབ་མ་གྱུར་ན།། སེམས་ནི་ལས་སུ་རུང་བར་བྱ།། སེམས་འཛིན་ནུས་པར་མ་གྱུར་ན།། ་དུས་དང་གྲངས་ཀྱི་བསྙེན་པ་ནི།། མོས་དང་ལྡན་པས་རྫོགས་བྱས་ལ།། དེ་ནས་བརྩམ་པར་བྱ་བ་ཡིན།། དེ་ཡང་ཐུན་མོང་སྟོན་སོང་ནསོ།། ཕྱིས་ནི་གཉེན་པ་གསོ་དོན་དུ།། བསྡུན་ལྔ་དང་གསུམ་དུ་བྱ།། དང་པོ་འཆི་བརྟགས་བརྟོག་པར ་བྱ། བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད།། སྐད་ཅིག་ཙམ་མོས་ཐུགས་ཀར་ནི།། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ།། ཡཱཾ་གེ་ཧཱུཾ་གི་འོད་ཟེར་གྱིས།། བླ་མ་ལ་སོགས་སྤྱན་དྲངས་ལ།། ཕྱག་འཚལ་མཆོད་ཅིང་བཤགས་པ་དང་།། རྗེ་སུ་ཨི ་རང་བསྐུལ་བ་དྲང་།། གསོལ་བ་གདབ་ཅིང་སྐྱབསུ་འགྲོ།། ལུས་དབུལ་དགེ་རྩ་བསྔོ་བར་བྱ།། ཚད་མེད་བཞི་དང་སྟོང་ཉིད་སྒོ་མ།། སྟོང་པའི་ངང་ལས་ཆོ་ག་ནི།། རྣམ་པ་ལྔས་བསྐྱོད་བདེ་གཤེགས་ཚུལ།། ཆོ་ག་གསུམ་བསྐྱེད་སེམས ་དཔའི་ཚུལ།། དེ་ཡང་མྱུར་བར་བསྐྱེད་འདོད་ན།། སྟོང་པའི་ངང་ལས་ས་བོན་བྱུང་།། དེ་ཉིད་འཕྲོས་པས་སྐུ་སྐྱེད་དོ།། ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདོག། མཆེ་བ་གཙིགས་པ་སྒེག་དང་བཅས།། རྡོ་རྗེ་གསོར་ཞིང་སྡིག ་མཛུབ་འཆང་།། འོད་ཀྱི་སྤྲུལ་པའོ་དཀྱིལ་ན་གནས།། པདྨ་སྟོང་ལྡན་འདབ་དཀྱིལ་ན།། ཉི་ཟླའི་གདན་ལ་ཞབས་ཀྱིས་བསྟེན།། ཡེ་ཤེས་ཀྱི་ནི་མཐུ་སྐྱེད་ཅིང་།། བྱིན་གྱིས་བརླབ་པ་ལ་སོགས་བྱ།། སྐུ་དེ་ཉིད་ནི་བརྟན་པར་བསྒོམ ་གཱཤིན་རྗེ་སྲོག་གཅོད་དེ་ལ་ཡུང་།། བདེན་པའི་ཚིག་གིས་བཀའ་བསྒོ་བྱ།། དེ་དག་འཕྲོས་པར་གྱུར་ནས་ཀྱང་།། གཏོར་མ་ཡང་ནི་བཏང་བར་བྱ།། དེ་ནས་རྣམ་ཤེས་འཕོ་བའི་ཕྱིར།། མན་ངག་སྟོབས་ཀྱི་སྦྱོར་བ་ཡིས།། རྣ་བའི་དྲུང་དུ་སྔགས ་འདི་བཟླས།། རྡོ་རྗེ་འཛིན་པའི་རྡོ་རྗེ་བསམ།། ཨོཾ་ན་མོ་བྷ་གཱ་ཝ་ཏེ། སརྦ་དུཪྻ་ཏི་བ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྡྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾབྷྱམ་བྷཱ་པ་ནི། ཥྱོ་མ་རུ་པ་ཡ། སརྦ་བྱཱ་པི་ནཽ་ཤི་པ་ཡ་ཧཱི། པྲ་མ་མཱཾ་ཏ་ཧཱུ~ཾ་མ། ་པཥྚི་དང་ཡ་ཏེ། ཧཱུཾ་རུ་ཏྲ་དད་ཡི་ཏེ། ཀྵུ་རུ་ར་དཱཀྵ་ར་བི་སརྦ་ནི་ཧཱུཾ་རུ་དྭེ་ས་རུ་པེ། ཧྲི་ན་ད། ཨཱཏ་མ་ཀཾ། ཧཱུཾ་བིན་དུ་ཤཱ་རེ་རེ་ཨོ་ཤག་ཏྲིསཾ་ཤྲག་ཏྲི་ས་མ་ཤག་ཏྲི་སི་ཡཽ་ཛ་ནེ། མཾ་བྱོ་མ་ཡོ་ཛ་ནི། མོ་བྱི་མ་ཡོ་ཛ་ནི། བྷོ་ཥ་ཏ་ཀཾ་བ་ལྱཾ་བ་དེ་ཧཱ ་དྷྱེ་ནཱ་མ། ཨཱཾ་ཛྷཻཾ་ཎཱི་ཀྵུ~ཾ་ཀྵུཾ་ཏྲཱུཾ་ན། ཨོཾ་ཨོཾ་ཨཱི་ཨུ། ཥྱོམ་བྱི་ཊ་ནི་པྲོ་ཤ་ཊ། དེ་ནས་གསང་སྔགས་འོད་ཡིས་ནི།། མི་བསྐྱོད་གནས་ནི་ཉམས་དགའ་བ།། དགའ་དང་འཆི་བོ་རྣམ་སྤངས་པར།། རྣམ་པར་ཤེས་པ་བྱུང་ནས་འགྲོ། དེ་ཡི ་ཚངསོ་པའི་སྒོ་ནས་ནཱི།། རྣམ་ཤོས་མྱུར་དུ་བྱུང་བར་འགྱུར།། བཞིན་ནི་རབ་ཏུ་འཛུམ་བྱེད་ཅིང་།། རོ་ནི་ངོ་མཚུར་ཕྱག་རྒྱར་ལྡན།། དེ་ལྟ་བུ་ཡི་སེམས་ཅན་དེ་ལ་ནི།། བར་མ་དོ་ཡི་གནས་དག་ཏུ།། འོད་ཀྱི་ཕྲེང་བའི་འཁོར་ལོ་ཡིས།། ་མི་བསྐྱོད་པ་དང་ཐ་མི་དང་།། འོད་ཀྱིས་གཟུང་ནས་འཁོར་ལོ་ཡིས།། ཆ་ལུགས་འཛིན་པ་ཉིད་དུ་ལྟ།། དེ་ཡི་སྡིག་པ་བསྡུས་ནས་ཀྱང་།། ཁོག་པའི་རྟེན་ལ་སྡུད་པར་བྱ།། ག་པུར་གུར་ཀུམ་ལ་སོགས་པའི།། སྤོས་ཀྱི་ཆུ་ཡིས་བཀྲུ་བར་བྱ།། ་དྲི་མ་མེད་པའི་རས་ལ་ནི།། བྱིན་གྱིས་བརླབས་ནས་གཡོགས་པར་བྱ།། རོལ་མོའི་ཆུ་བྱེད་དང་ལྡན་པས།། དུར་ཁྲོད་དགོན་པའི་གནས་སུ་བསྐུལ།། དེ་ནས་རོ་ནི་བསྲེག་བྱས་ཏེ།། ས་དང་སྟ་གོན་ཆོ་ག་དྲང་།། སློབ ་དཔོན་ལས་དང་དཀྱིལ་འཁོར་བསྒྲུབ།། དེ་ནས་རོ་ནི་བསྲེག་པར་བྱ།། ཡང་ན་སྟ་གོན་བྱས་རྟིང་ལ།། བསྲེག་པར་བྱ་བ་ཉིད་དུ་བྱ།། ས་ནི་བརྟག་དང་བླང་བ་དང་།། སྦྱང་དང་བྱིན་གྱིས་བརླབ་པ་དང་།། གཟུང་དང་བསྲུང་བ་ཉིད་དུ་བྱ།། དེ་རྣམས་ཞིབ་ཏུ་བྱ་བ ་ཡང་། དཀྱིལ་འཁོར་སྤྱི་རྒྱུད་གཞན་དང་མཐུན།། དེ་ནས་མཎྜ་ལོ་སྟང་དུ་ནི།། ཐིག་ལོ་བྱས་ཏེ་ཆོམ་བུ་དགྲམ།། ལྷ་བསྐྱེད་པོའམ་ལྷ་སྤྲུལ་པ།། ཡེ་ཤེས་སྤྱན་དྲངས་གཉིསུ་བསྲེ།། བྱིན་བརླངས་དབང་བསྐུར་བྱས་ནས་ནི།། ཕྱི་མཆོད་ནང་མཆོད ་གསང་མཆོད་དང་།། རྡོ་རྗེ་གླུ་དང་གར་སོགས་ཀྱིས།། མཆོད་ཅིང་བསྟོད་པ་རྒྱས་པར་བྱ།། གསོལ་བ་བཏབ་སྟེ་སྟན་གསན་དཔག།། དེ་ནས་སྦྱིན་སྲེག་དག་གིས་སྦྱང་།། བུམ་པ་བྱིན་གྱིས་བརླབ་པ་ཡང་།། བྱ་དང་མི་བྱ་གཉིསུ་བསྡམ། ་བྱེད་ན་ཆོ་ག་གཞན་དང་མཐུན།། སློབ་མ་སྟ་གོན་གནས་པ་ཡང་།། གཤིནྡ་དང་གསོན་ནི་གཉིས་སུ་བསྟན།། མི་བསྐྱོད་གནས་ན་གནས་པ་དེར།། དབང་བསྐོར་བྱེད་ན་འདིར་བཀུག་ལ།། སྟ་གོན་ཡང་ནི་རྒྱས་པ་རོ་བྱ།། སྟ་གོན ་བྱེད་པའི་ཚུལ་རྣམས་ཀྱང་།། གསོན་ལ་བྱེད་པ་ཇི་བཞིན་བྱ།། དབང་བསྐུར་དེ་ནི་མི་བྱེད་ན།། སྟ་གོན་དེ་ཡང་མི་བྱ་སྟེ།། མི་བསྐྱོད་གནས་སུ་བཞག་ནས་ནི།། བྱིན་བརླབས་བྱས་ཏེ་སྨོན་ལམ་གདབ།། རོ་དེ་ཉིད་ནི་བྱིནོ་བརླབ་ལ།། ་སྲེག་ཁང་ཐུར་ལ་ཁྲུ་དོ་འམ།། ཁྲུ་གང་རྐོ་བ་ཆེ་ཆུང་ཚད།། རྒྱུར་ཡང་གྲུ་བཞི་ཁྲུ་དྲོ་འམ།། མུ་རན་སོར་བརྒྱད་བཅུ་དྲུག་ཚད།། ཁ་དོག་དཀར་པོ་ཟླུམ་ཞིང་འཁྱིལ།། དབུས་སུ་པདྨ་འདབ་བརྒྱད་བྱི།། ཕྱི་རོལ་བྲི་དང་མི་བྲི་དང་།། འབྲི་བ ་རྒྱན་རྣམས་གཞན་དང་མཐུན།། རྒྱན་རྣམས་ཐམས་ཅད་རྫོགས་པར་དགྲམ།། ཤིང་རྣམས་དྲི་དང་ལྡན་པ་དང་།། འཇག་མ་ཀུ་ཤ་ལ་སོགས་ཀྱི་ས།། ཐུབོ་ཁུང་འོག་ཏུ་གདིང་བྱར་བྱ།། ཕུང་པོ་ཤར་དུ་ཁ་བསྟན་ཏེ།། གཅིག་པུར ་བཅས་ཏེ་བཞག་པར་བྱ།། ཤིང་རྣམས་མཆོད་རྟེན་དབྱིབསུ་བརྩིག། ཕྱི་ནི་མཆོད་རྟེན་དབྱིབས་འདྲ་ལ།། ཁ་དོག་དཀར་པོར་བྱས་ནས་ཀྱང་།། སྐར་ཁུང་བཞི་ནི་གཏད་པར་བྱ།། མཆོད་རྗེས་ལ་སོགས་བཀྲམ་ནས་ཀྱང་།། བདག་ཉིད་བསྐྲད ་པ་རྫོགས་བྱས་ལ།། ཕོ་བྲང་བྱིན་གྱིས་བརླབས་ནས་ཀྱང་།། མེ་ལྷ་རྒྱལ་པོ་བསྐྱེད་པར་བྱ།། ཡེ་ཤེས་མེ་ལྷ་སྤྱན་དྲངས་ལ།། བགེགས་བསལ་མཆོད་ཅིང་བསྟོད་པ་བྱ།། ཡེ་ཤེས་དགུག་ཅིང་བསྟིམ་བྱས་ལ།། རྒྱས་གདབ་དམ་ཚིག ་བསྒོ་བ་དང་།། དབང་བསྐུར་བྱས་ནས་མཆོད་པར་བྱ།། བསྟོད་པ་ལ་སོགས་རྫོ་གོས་ནས་ཀྱང་།། མེ་ལྷ་ཤར་ལྷོར་བཞུགས་པའམ།། ཡང་ན་ཐུགས་ཀར་ཕོ་བྲང་བཅའ།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངོས་བསྟིམ།། བྱིན་བརླབས་ལ ་སོགས་རྫོགས་བྱས་ལོ།། ཕྱི་མཆོད་ནང་མཆོད་གསང་མཆོད་བྱ།། དེ་ནས་རྩ་བའི་སྔགས་ལ་ནི།། སྡིག་པ་ཞི་བྱེད་སྔགས་བཟླས་ལ།། བར་དུ་མིང་ནི་གཞུག་པར་བྱ།། ཉི་ཤུ་རྩ་གཅིག་བརྒྱ་རུ་བཟླས།། མཆོད་རྫས་གཡོན་དུ ་བཀྲམ་ནས་ཀྱང་།། སྲག་རྫས་གཡས་སུ་དགྲམ་པར་བྱ།། མར་དང་ཡམ་ཤིང་ཞོ་དང་ནི།། མངར་གསུམ་འབྲས་རྒྱན་ལ་སོགས་པ།། རིམ་པ་བཞིན་དུ་དབུལ་བར་བྱ།། ཐ་མར་དགུང་བླུགས་ཕུལ་ནས་ན། ་མཆོད་ཅིང་བསྟོད་དེ་གསོལ་བ་གདབ། བཛྲ་མུཿཡི་མཐའ་ཅན་གྱིས། གཤེགས་སུ་གསོལ་ཏེ་དམ་ཚིག་བསྡུ། ཐ་མ་མི་ཡི་ལྷ་ལ་ནི།། ཆོ་ག་གོང་བཞིན་བསྡུས་ཏེ་བྱས།། ཡེ་ཤོས་མེ་ལྷ་གཤེགས་ནས་ནི།། དམ་ཚིག་ཆེ ་ལྷ་བསྡུ་བར་བྱ།། དེ་ལྟར་བརྟེན་དང་སྡིག་བཤགས་ལ།། བརྟེན་པ་གོང་བཞིན་བཀུག་ནས་ནི།། ཕོ་དྲང་གཉིས་སུ་བཅས་བྱས་ནས།། རང་ཉིད་ལྷག་པའི་ལྷར་གནས་པས།། དཀྱིལ་འཁོར་ཆོ་ག་ཇི་བཞིན་པར།། དཀྱིལ་འཁོར ་བཅུག་ལ་དབང་བསྐུར་བྱ།། དེ་ནས་སྨོན་ལམ་གདབ་པར་བྱ།། མི་བསྐྱོད་པ་ཡི་གནས་ངག་དུ།། ཟླ་བའི་དཀྱིལ་འཁོར་སྟེང་བཞོག་སྟེ།། རླུང་གི་འཁོར་ལོའི་ཤུགས་ཀྱི་འཕང་།། དེ་ལྟར་བྱེད་པའི་རྣལ་འབྱོར་གྱི།། མན་ངག་ལག་ལེན་གོམ ་པ་ཡིས།། སྦྱངས་ནས་བདེ་འགྲོར་ངེས་པར་སྟེ།། རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར།། ངན་སོང་གསུམ་ན་འཁྱམ་ན་ཡང་།། སྔགས་ལ་སོགས་པའི་མཐ་རྣམས་ཀྱིས།། དུས་དེ་རུ་ནི་ཤིན་ཏུ་བདེ།། དེ་ནས་མྱུར་དུ་ཐར་བར་བྱ།། གཞན ་ཡང་དུར་ཁྲོད་རུས་པ་ནི།། ལོ་བརྒྱ་འམ་ལོ་སྦྱོང་ལོན་པ་ལ།། དེ་སྲེག་པ་ལ་སོགས་བྱས་པ་ན།། སྡུག་བསྔལ་ལས་ནི་ཐར་པར་འགྱུར།། རུས་པ་མེད་ན་མིང་སོགས་ལ།། ཆོ་ག་བྱས་ན་ཐར་བར་འགྱུར།། ཉ་མ་སུ་མེ་ལོན་ཆོ་གོ་འཁྲུགས།། ་རང་ཉིད་དམྱལ་བར་འགྲོ་བའི་རྒྱུ།། དེ་བས་མཁས་པས་བསྒྲིམས་ཏྲེ་བྱའོ།། ཕུང་པོ་རྟེན་དང་བཅས་པ་ཡིས།། བསྲེག་པ་ལས་ཀྱི་རིམ་པ་ཨི་ཐཱཾ།། རྫོགས་པའི་མན་ངག་བསྟན་པ་ནི།། རང་ཉིད་ལྷག་པའི་ལྷར་བསྒོམས་ལ།། ལྟེ་བ་སྙིང་ཁ་མགྲིན་པ་དང་།། ་མགོ་བོ་ཡཾ་ནི་གནས་དག་ཏུ།། སྤྲུལ་པ་ཆོས་ཀྱི་སྐུ་དང་ནི།། ལོངས་སྤྱོད་བདེ་ཆེན་གནས་ཞེས་བྱ།། ལྟེ་བར་དྲུག་ཅུ་རྩ་བཞི་ལ།། གསོལ་བྱེད་ཡི་གེ་ཉིས་ལྔབ་དགོད།། སྙིང་ཁར་སྡེ་ཆེན་མང་པོ་བརྒྱད།། མགྲིན་པར་ཨཱ་ལི་བཅུ་དྲུག་དགོད།། ་དུང་ཁང་གི་ནི་གནས་དག་ཏུ།། ཨཱཾ་ལི་གཉིས་ནི་བཟླས་པར་བྱ།། བོད་ཆེན་གྱི་ནི་གནས་དག་ཏུ།། ཨ་བ་དྷཱུ་ཏི་དབུས་སུ་རྒྱུག། ལོ་ལ་ནཱ་དང་ར་ས་ནཱི།། གཡས་དང་གཡོན་དུ་རྒྱུག་པ་ཡིན།། དེ་རྣམས་ནང་ན་རྡོ་རྗེ་རུང་།། ཕྲ་མོ ་དག་ནི་གནས་པ་ཡིན།། དེ་ལ་རྟེན་གྱི་བྱང་ཆུབ་སེམས།། ཉི་མོའི་ཟེར་བཞིན་ཁྱབ་པར་གནས།། བདེ་ཆེན་ཚངས་པའི་མཐོང་ཁུང་ནས།། རྡོ་རྗེ་ནོར་བུ་མཐར་ཐུག་པར།། ཤིན་ཏུ་ཁྱབ་པར་རྒྱས་པ་ཡིན།། གཏུམ་མོ་སྦྱར་བའི་སྟོབས ་ཀྱིས་ནི།། དེ་ཉིད་གསལ་བར་རྒྱས་པོ་དང་།། བྱང་ཆུབ་སེམས་ཀྱང་ཤིན་ཏུ་གསལ།། དེ་ལ་བརྟེན་པའི་བྱང་ཆུབ་སེམས།། མི་འགྱུར་སྟོབས་འཛིན་ས་ལཱ་གསལ།། བདེ་ཆེན་འཁོར་ལེའི་གནས་དག་ཏུ།། དགའ་བ་སྐྱེས་པ་བུམ་པའི་དབང ་འབྲས་བུ་ཡང་ནི་བསྟན་པ་ཡིན།། ལ་ལ་དག་གིས་བཞེད་ཀྱིས་ནི།། རྩ་དང་རླུང་དང་བརྟེན་པ་ལ།། བཤད་ཚུལ་བཞི་ཡིས་བུམ་པའི་དབང་།། དངོས་སུ་དགའ་བའི་དོན་ལ་ཡང་།། དགའ་བདེ་བཞི་ཡི་དོན་ཆང་བས།། བུམ་པོའི་དབང་བཞི་དེ་ལ ་སྦྱར།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ།། རྩ་རླུང་རྟེན་དང་བརྟེན་པ་ལ།། ཤེས་པའི་དབང་ནི་ཚུལ་བཞིན་བཤད།། དེ་ནི་མཆོག་དགའ་སྐྱེ་བའི་ས།། མཆོག་དགའ་ཉིད་དང་དགའ་བཞི་ཚང་།། གསང་བའི་དབང་གཞི་དེ་ལ་སྦྱར།། ་སྙིང་ག་ཆོས་ཀྱི་འཁོར་ལོ་ལ།། ཁྱད་པར་དགའ་བ་བསྐྱེད་པའི་ས།། རླུང་སོགས་ཤེས་རབ་ཡེ་ཤེས་དབང་།། ཁྱད་པར་དགའ་བ་དེ་ལ་ཡང་།། དགའ་བཞི་སྐྱེ་བའི་རིམ་པ་ལ།། ཤེས་རབ་ཡེ་ཤེས་དོན་ཞེས་བྱ།། ལྟེ་བ་སྤྲུལ་པའི་འཁོར་ལོ་ལི།། ་ལྷན་ཅིག་སྐྱེས་དགའ་བའི་ས།། མཽ་ཐར་ཐུག་བཞི་ཡི་དབང་འདི་ཡིན།། དེ་ཡི་གཞུང་ལུགས་གཉིས་པོ་ཡང་།། མན་ངག་རིམ་པར་སྦྱར་བར་བྱ།། བཞི་པ་དེ་ལྷོའང་གཉི་སུ་བསྟན།། རྟེན་བཅས་དང་ནི་རྟེན་མེད་དོ།། རྟེན་བཅས་ལ་ཡང་གཉིསུ ་བསྟན།། སྤྲོས་བཅས་དང་ནི་སྤྲོས་མེད་དོ།། རྟེན་བཅས་གཏུམ་མོ་ཉིད་ལ་བརྟེན།། སྤྲོས་བཅས་ཀུན་ཏུ་བཟུང་མོའི་མཁའ།། རྣམ་དགེ་ཀློང་དཀྱིལ་བསྟན་པའི་ཕྱིར།། ཡེ་ཤེས་ཐིབས་ཀྱིས་མཚོན་བྱེད་ནི།། མན་ངག་སྨོས་ཏེ་བསྟན་པས་སུ།། མཱ་ཁཱ ་དབྱིངས་རྣམ་དག་རྟོག་པར་འགྱུར།། སྤྲོས་མེད་མན་ངག་བསྟན་པ་ནི།། གོང་གི་མན་ངག་དེ་དག་ཀུན།། འདི་ཡིས་རྟོགས་པ་སྤང་བྱ་ཡིན།། དངོས་པོ་གནས་པའི་གནས་ལུགས་ནི།། རང་གི་བྱང་ཆུད་སེམས་ཉིད་ནི།། དཀར་པོ་ལ་སོགས་མ་ཡིན ་ཞིང་། མཚོན་བྱེད་ཀུན་གྱིས་མཚན་དུ་མེད།། ཤེས་བརྗོད་ཀུན་ལས་འདས་པས་ན།། གང་དུ་ཡང་ནི་བསམ་དུ་མེད།། ཡོངས་སུ་ཡང་ནི་རྡུལ་ཙམ་མེད།། ཆོས་རྣམས་ཡེ་ནས་སྐྱེ་མེད་ལ།། སྐྱེ་བ་མེད་ཅེས་སྤྲོ་མི་འདོགས།། ཆོས་སུ་སྣང་བ་འཁྲུལ ་བའི་སེམས།། སེམས་ཉིད་ཡེ་ནས་སྐྱེ་མེད་ལ།། སྐྱེ་བ་མེད་ཅེས་སྒྲོ་མི་འདོགས།། བླུན་པོ་གང་ཞིག་མི་ཤེས་པས།། དཔེར་ན་ན་མཁའ་འདི་མེད་ཅེས།། སྒྲོ་འདོགས་འབྱེད་པས་རྟོགས་མི་འགྱུར།། རྣལ་འབྱོར་མཁས་པ་རྣམས་ཀྱི་སུ།། ། ་སྐྱེ་བ་མེད་ལ་སོགས་པ་རུ།། ཡི་ཉིད་ནོས་སུ་སྒྲོ་མི་འདོགས།། དེ་ལྟ་བུ་ཡི་དོན་ཉིད་ལ།། ཐེ་ཚོམ་མེད་པར་གཏན་ལ་དྲབབ།། དེ་ནས་རྣལ་འབྱོར་གདེང་གྱུར་པས།། བསམ་མེད་ཡངས་མེད་ཙམ་དུ་ནི།། བསྒོམ་པས་མན་ངག་རྟོགས་པར ་འགྱུར།། དེ་ལྟར་རྟོགས་པ་རྫོགས་རིམ་ཀྱིས།། དབང་གི་མན་ངག་མཐར་ཐུག་ཡིན།། རབ་ཏུ་གནས་པའི་རྫོགས་རིམ་ཀྱང་།། རྣལ་འབྱོརོ་མཁས་པས་སྦྱོར་ཤེས་བྱའོ།། མི་མཁས་པས་ནི་དུག་དུ་འགྱུར།། དེ་ཡང་དུས་སྐབས་བཞི ་རུ་ནི།། རིམ་པ་བཞིན་དུ་རྟོགས་པར་བྱའོ།། དང་པོ་བྱ་བའི་དུས་དག་ནི།། སྔོན་དུ་འགྲོ་བ་རྟོགས་བྱས་ལ།། ན་མཁར་གནས་པ་དེ་དག་ལ།། སྔོན་གྱི་བཞིན་དུ་གསོལ་བ་གདབ།། ཆོ་ག་ཡན་ལག་རྫོགས་བྱས་ལ།། དག་པ་ལ་སྔོགས་བྱས ་པབ་ལ།། དང་པོ་དེ་ལ་ནུས་པ་གཞུག། ནུས་མཐུ་བསྐྱེད་པའི་ཆོ་ག་ནི།། བྱས་ནས་དེ་ལ་ཚོགས་བསག་གོ། དེ་ནས་དུས་ནི་གཉིས་པ་རུ།། ཕྲ་མོ་འཐོབ་པའི་རྣལ་འབྱོར་གྱིས།། སྙིང་གའི་ཕྲོ་བྲང་གནས་དག་ཏུ།། དེ་དང་དེ་ནི་ཐ་མི་དད།། ་དེ་ཉིད་ལ་ནི་དེ་ཉིད་ཀྱིས།། དེ་ཉིད་དུ་ནི་ཅུང་ཞིག་ཏུ།། དེ་ཡི་དེ་ཡི་ཐབས་ཀྱིས་སུ།། དེ་ལྟ་དེ་ལྟར་རྫོགས་པར་བྱ།། དུས་ནི་གསུམ་པ་དག་ལ་ནི།། ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས།། འཁོར་ལོ་རྟེན་གྱི་གནས་ངག་ཏུ།། དེ་ཉིད ་དེ་ལྟར་གནས་པ་ནི།། དེ་ཉིད་ལ་ནི་དེ་ཉིད་དོ།། དེ་ཉིད་ཐབས་ཀྱི་སྦྱོར་བས་སུ།། དེ་དེ་མན་ངག་རྫོགས་པར་ཐོབ།། དུས་ནི་བཞི་པ་དག་ལ་ཡང་།། རྣ་བརྒྱུད་སྟོབས་ཀྱི་སྤྱོད་ཡུལ་ཡིན།། དེ་ལྟར་རབ་གནས ་རྫོགས་རིམ་པ།། རྡོ་རྗེ་ནོར་བུའི་རྩ་བ་རུ།། དགའ་བ་སྐྱེས་པ་བུམ་པའི་དབང་།། གསང་བའི་ཕོ་བྲང་གནས་དྲག་ཏུ།། མཆོག་དགའ་སྐྱེས་པ་གསང་བའི་དབང་།། ཁྱད་པར་དགའ་བའི་གནས་ད་གྲ་ཏུ།། ཁྱད་པོར་དགའ་བ་སྐྱེས་པ་ནི།། ཤེས ་རབ་ཡེ་ཤེས་དབང་ཉིད་དོ།། རིན་ཆེན་ཕོ་བྲང་གནོས་དག་ཏུ།། ལྷན་ཅིག་དགའ་བ་སྐྱེས་པ་ནི།། དབང་ནི་བཞི་པར་ཤེས་པར་བྱ།། དེ་ལ་རྫོགས་རིམ་ལས་ཀྱོ་རིམ།། ཕྲེང་བ་ལྟ་བུར་བརྒྱུད་དེ་འོངས།། དེ་དག་དྲག་པོའི་ལ་སོགས་རྣམས ་རིན་ཆེན་ཕྲེང་ལྟར་བརྒྱུད་པ་འདི།། སྲོག་ལུས་རྫས་རྣམས་འབུལ་བྱེད་པའི།། རིན་ཆེན་ལྟ་བུའི་གང་ཟག་ལ།། བཙའ་བཀའ་དམོ་བཞག་བྱས་ཏེ་གཏང་།། དེ་ལྟར་མི་བྱེད་རྨོངས་པས་སུ།། དམ་མེད་རྨོངས་པའི་ལག་ཤོར་ན།། དུས་མིན ་ཤཱི་ནས་དམྱལ་བར་ལྟུང་།། དེ་ནས་ནན་ཏན་བསྐྱེད་དེ་བཅའ།། བདག་གིས་སེམས་ཅན་གདོན་པའི་ཕྱིར།། མན་ངག་རིན་ཆེན་འདི་བྱས་པོས།། བདག་དང་འགྲོ་བའི་སེམས་ཅན་རྣམས།། ཕྱག་རྒྱ་མཆོག་ནི་ཐོབ་པར་ཤོག། ལས་ཀྱི་རིམ་པ ་མུ་ཏིག་ཕྲེང་པོ་ཞེས་བྱ་འོ།། སློབ་དཔོན་བྷ་བས་མཛད་པོ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་བཱིརྱ་གུ་བ་སུ་ཏྲའི་ཞལ་སྔ་དང་།། ལོ་ཙྪ་བ་དགེ་སློང་གཞོ་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ། དུར་ཁྲོད་ན་ཚལ་དུ་བབྱུད་བཱི་སྨིན་ལ། ཤིན་ཏུགས་པ་ཀཱི་ཁྲུས་བཱི་དྨོ་ལགསོ། ་