CLOSE WINDOW

GT1027: phyag na rdo rje gos sngon po can gyi gtor ma'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ཡ~ཾ་བཱ་ར་དྷ་ར་བ་ལ~ཾ་ཏ་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ།། རྣལ་འབྱོར་རྣམས་ལ་ཕན་གདགས ་ཕྱིར། བདག་གིས་གཏོར་མ་བཤད་པར་བྱ།། ཕན་གདགས་པ་དང་ཚར་བཅད་པ།། ཕན་པོ་མཆོག་དང་ཐུན་མོང་ངོ་།། གསང་བ་བླ་མེད་མཆོག་ཏུ་འདོད།། དེ་ནང་ཐུན་མེང་ཤེས་པར་བྱ།། རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས།། ཚར་བཅད་པའང ་ཤེས་པར་བྱ།། དགུག་དང་བསྐྲང་དང་བསང་པོ་དང་།། མནན་དང་བསྲེག་པར་ཤེས་པར་བྱ།། རྒྱུན་ནམ་དུས་ཆེན་བཞི་གསུམ་གཉིས།། ཆུང་ངུ་རྒྱུན་ནམ་ཆེན་པོ་ནི།། བཅུ་གཉིས་བཞི་འམ་ཐ་མ་གཅིག། རྩ་བ་ལྔ་དང་ཡན་ལག་ལྔ།། འབྲུ་དང་ཤིང་ཐོག ་སྨན་རྣམས་དང་།། ཆན་ཐུག་ཁུར་ལ་སོགས་པ་ཡི།། རྫས་རྣམས་ཐམས་ཅད་འཚོགས་པར་བསགས།། དེ་སྟེངས་དཀར་གསུམ་ཀླུ་ལ་ཤེས།། ཁྲག་སྣ་སྙིང་སྣ་ཤཾ་སྣ་གསུམ།། དེ་སོགས་ཐུན་རྫས་ཚར་བཅང་ངོ་།། བསྐྱེད་རིམ་ཚུལ་དུ་བྱ་བ་དང་།། ་བླ་མ་ནས་བཟུང་བསྲུང་བྱས་ལ།། ཆོ་ག་གསུམ་དུ་བསྐྱེད་པ་འམ།། ཆུང་ངུ་སྐད་ཅིག་ལྷར་བསྐྱེད་ལ།། མཚན་དང་ལྡན་པའི་པདྨ་རུ།། རྗེས་རྣམས་ཀུན་གྱིས་བཀང་ནས་ནི།། སྟེང་དུ་རྡོ་རྗེ་སྔོན་པོ་བསམ།། ཁོང་སེང་ཅན་ལ་ཧཱུ~ཾ་གོས་མཚན།། མཐོ་གང ་ལ་མ་ར་བོང་ཅན།། དེ་ལ་བཅུ་དྲུག་བདུན་པས་མཚན།། རྡོ་རྗེ་མཚན་ལྡན་བར་དུ་ནི།། དུད་སྦྱོངས་འཕྲོ་བའི་མཐིང་དམར་དཀར།། པང་འོག་ཡེ་ཤེས་ལྡེ་ལྡན་གསུམ།། བྲུ་གསུམ་འོག་ན་ཟླ་གེམ་ཅན།། ཐུགས་ཀྱི་མཐིང་གནག་འཕྲོས་པ་ལས།། རྡོ་རྗེ་ལྟེ་བསྐུ ་མཐའ་གཉིས་བསྐྱོད།། དམར་པོ་འབར་བས་མཚན་ལྡན་དྲོས།། ཐུགས་ཀྱིས་བསྡུས་ཤིང་གསུང་གིས་སྦྱངས།། སྐུ་ལ་འཕྲོས་པས་རི་བོང་བསྐུལ།། ཤེས་རབ་ཅན་ལ་འོད་བྱེར་འབྲོས།། དེ་ཡིས་ཡུབ་ཡུམ ་བསྐུལ་ནས་ནི།། ཁ་དོག་དཀར་པོའི་བདུད་རྩི་བབ།། དང་པོ་བསྐུལ་བྱེད་འོང་དུ་ཞུ།། ཁོང་སེང་ཅན་ནས་པདྨར་བབས།། བབས་པའི་རྟིང་ལ་དེ་ཉིད་ལྷུང་།། ལན་གསུམ་བསྐོར་ནས་འོ་མ་བཞིན།། ལྔ་པའི་དང་པོ་ལྔ་པས་མཚན།། དེ་ཡིས ་གངད་ན་བསྐྱེད་འཁོར་བཅས་བསྐྱེད།། ཛཾ་ཧཱུཾ་རྡོ་རྗེ་ཁོང་སེང་ཅན།། བདུད་རྩི་གསོལ་བས་མཉེས་པར་བསམ།། ཡང་ན་ལྷ་མོ་དཀར་མོ་ཡི་ས།། མཚན་ལྡན་གྱིས་ནི་བཀང་ནས་མཆོད།། བསྟོད་ནས་བཤགས་ཤིང་ལས་བཅོལོ།། ་དེ་ཡང་རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས།། དེ་ལྟར་བྱས་ནས་གཤེགསུ་གསོལ།། ཡང་ན་སྐད་ཅིག་ལྷར་བསྐྱེད་ལ།། ཐུགས་ཁའི་ཧཱུཾ་གིས་བདུད་རྩི་སྦྱངས།། སླར་ཡང་ཡེ་ཤེས་བདུད་རྩི་དབབ།། ཡུད་ཙམ་སྤྲུལ་པས་ལྷ་ཨི་གསོལ།། ་ཡུང་ཙམ་མོས་པས་གསུམ་ཀ་གསལ།། ཤིན་ཏུ་བསྔོས་པས་ཟས་དེ་བཞིན།། ཕན་གདགས་པའི་སྦྱོར་ཀ་སྟེ་དང་པོའོ།། ། དགུག་པའི་གཏོར་མའི་སྦྱོར་ཀ་ནི།། ཐུན་མོང་གཏོར་མ་དག་དང་མཐུན།། ཁྱད་པར ་གཏོར་མ་བསྟན་པ་ནི།། དུར་ཁྲོད་འཇིགས་པའི་གནས་དའི་ཏུ།། ཤིན་ཏུ་དམར་བའི་གོས་གྱོན་ལ།། ནུབ་ཀྱི་ཕྱོགསུ་ཁ་བལྟས་ཏེ།། ཆོ་ག་གསུམ་གྱིས་ལྷར་བསྐྱེད་པའམ།། ཆོ་ག་རྣམ་ལྔས་ལྷར་བསྐྱེད་པ།། གང་ཡང་རུང་བས་བྱས་ལ་བྱིན ་གྱིས་བརླབས།། གཏོར་མའི་རྫས་ནི་ཐུན་མོང་རྫས་སྟེང་དུ།། ཁྱད་པར་རྫས་ནི་ར་ཏ་སྣ་ཚོགས་དང་།། གཤོག་པ་ཅན་གྱིས་ཤཱ་སྣ་ཚོགས་ཤིས།། བྱིན་གྱིས་བརླབས་ལ་བདེ་གཤེགས་མཆོད།། གཉིས་པ་མཁའགྲོ་མ་ལ་མཆོད།། གསུམ་པ་ཆོས ་སྐྱོང་རྣམས་ལ་མཆོད།། བཞི་པ་འབྱུང་པོ་ཐམས་ཅང་ཚིམ་པར་བྱ།། ཡང་ནཱ་འཇིག་རྟེན་པ་དང་འཇིག་རྟེན་ལུས་འདས་པ་གཉིས་སུ་མཆོད་པར་བྱའོ།། སྔགས་ནི་རྩ་བའི་སྔགས་ལ་བ་ལིཾ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་མམ་ཉི་ཤུ་རྩ་གཅིག་བཟླས ་མཁར་འགྲོ་མའི་སྔགས་ནཱི་བྷཱུ་ཏ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནིཿརཏྣ་ཌཱ་ཀི་ཎོཿཔདྨ་ཌཱ་ཀཱི་ནིཿབི་ཤྭ་ཌཱ་ཀི་ནིཿས་ཡ་ཌཱ་ཀི་ནཱིཿསརྦ་ཌཱ་ཀི་ནི[:]ི་མཾ་ང་ལྀ་ཏ་ཁཱ་ཁ། ཁཱ་ཧི་ཁཱ་ཧི། འཇིག་རྟེན་ལས་འདས་པའི་དཔལ་མགོན་པོ་ནག་པོ་ནི་མཁའ་འགྲོ་མའི ་གཙོ་བོ་ཡིན་པས།། རྩ་བའི་སྔགས་ལ་བཏགས་ཏེ་དབུལ།། འཇིག་རྟེན་པའི་མགོན་པོ་ནག་པོ་ནི་ཕྱོགས་སྐྱོང་གི་གཙོ་བོ་ཡིན་པས་སྔགས་ཀྱང་གོང་བཞིན་ཤེས་པར་བྱ།། ཕྱོགས་གི་སྔགས་ནི། ཨིནྡྲ་ཞེས་བྱ་བ་ལས་ཀྱི་ཚོགས་དང་མཐུན།། ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ནི་ཨོཾ་ཨཱ་ཀ་རོ་མུ་ཁམ་ཞེས་བྱ་བ་ལ་སོགས་པས་བྱོའོ།། དེ་ནས་བསྟོད་པ་བྱ་ཞིང་འཕྲིན་ལས་བཅོལ།། འོད་ཟེར་འཕྲོས་པསཽ་ཐལ་མོ་བརྡབ།། ངེས་སུ་ཐམས་ཅད་བསྐུལ་ནས་ནི།། གང་ལ་བྱ་མ ་དགུག་པར་བསམ།། དེ་འདྲ་ལན་གྲངས་བརྒྱ་ནས་སྟོང་།། ཁྲི་ནས་འབུམ་གྱིས་ཁུགས་པར་འགྱུར།། དགུག་པའི་གཏོར་མའི་སྦྱོར་ཀ་སྟེ་གཉིས་པའོ།། ། བསྐྲད་པའི་གཏོར་མའི་སྦྱོར་ཀ་ནི།། ཐུན་མོང་ཚིག ་ཐམས་ཅད་ནི།། ཐུན་མོང་གཏོར་མ་དག་དང་མཐུན།། ཁྱད་པར་གཏོར་མ་ཕལ་ཆེར་ཡང་།། བསྐྲད་པའི་ཚོགས་ཀྱི་སྦྱོར་ཀར་བལྟ།། མན་ངག་ཁྱད་པར་བསྟན་པ་ནི།། ཤིང་ལོ་འམ་གྲོ་ག་དག་ལ་ནི།། རླུང་དང་བསྒྲུབ་བྱའི་གཟུགས ་བྲིས་ལ།། འོད་ཟེར་རླུང་གིས་བསྐྱོད་པ་དང་།། ཁྲོ་བོ་དག་གིས་བསྐྱོད་པ་དང་།། རླུང་ལྷོ་དག་ལ་བསྐྱོད་ནས་ནི།། ན་མཁའ་མཐའ་གཏུགས་བསྒྲལ་བར་བྱ།། བསྐྲང་པའི་གཏོར་མའི་སྦྱོར་ཀ་སྟེ་གསུམ་པའོ།། ། བསོད་པ་ཁྲོ་བོས ་བསད་པ་དང་།། མཚོན་ཆའི་ཆར་སོགས་དབབ་པས་བསད།། སྔགས་དང་ཕྱག་རྒྱུ་རྫས་སོགས་གཞན།། མཁས་པས་མན་ངག་སྦྱར་བར་བྱའོ།། བསོང་བའི་སྦྱོར་ཀ་སྟེ་བཞི་པའོ།། ། མནན་པའང་གོང་མ་བཞིན་ཏེ་མཐུན།། ཁྱུད ་བར་རི་རབ་འབུམ་དང་ནི།། རྡོ་རྗེ་དང་ནི་ཁྲོ་བོ་ཡང་།། འབུམ་དུ་བྱས་ཏེ་འོད་ཟེར་སོགས།། སྦྱོར་བ་གཞན་ཡང་མན་ངག་བཞིན།། མནན་པའི་སྦྱོར་ཀ་སྟེ་ལྔ་པའོ།། ། བསྲེག་པ་སྐུ་གསུང་ཐུགས་ཀྱིས་བསྲེག། ཡང་ན་མི་ལ ་སོགས་པ་ཡི།། སྦྱོར་བ་གཞན་དུ་ཤེས་པར་བྱའོ།། སྲེག་པའི་སྦྱོར་ཀ་སྟེ་དྲུག་པའོ།། ། བཅིངས་པ་ཡིས་ནི་སྦྱོར་བ་ཡང་།། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས།། ལུ་གུ་རྒྱུད་དང་ཞགས་པ་དང་།། ལྕགས་སྒྲོག་ལ་སོགས་སྦྱོར ་བ་ཡིས།། མཁས་པ་ཡིས་ནི་བཅིངས་པར་བྱ།། བཅིངས་པའི་སྦྱོར་ཀ་སྟེ་བདུན་པའོ།། ། ཀླུ་དང་རྒྱལ་པོ་གཉིས་ལས་ནི།། ཁྱད་པར་གཏོར་མ་བསྟན་པ་ནི།། དངུལ་དང་འཁར་བ་ཤིང་ཕོར་དང་།། ས་གར་སྣོད་དུ ་བྱ་བར་ཤིས།། སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ།། དཀར་གསུམ་མངར་གསུམ་ཀླུ་ལ་ཤིས།། རིན་ཆེན་སྣང་ནི་མཛེས་པ་རུ།། རན་ཆེན་ལྔ་དང་འདྲ་བ་ལྔ།། དར་རླབ་ཤིང་རྟོག་ལ་སོགས་པ།། རྒྱལ་པོ་ཉིད་ལ་ཤེས་པར་གསུངས།། དེ་གཉིས་བྱིན་གྱིས་བརླབ་པ། ་ཡོང། རྫས་ཀྱི་སྟེང་དུ་ཧྲཱིཿའམ་ཧཱུཾ། དེའི་འོད་ཀྱིས་རྫས་རྣམས་བསྒེག། སྐྱོན་དག་ནས་ནི་བདུད་རྩིར་བསམ།། དེ་ནས་ལག་པ་གཡས་པ་ནི།། མཆོག་སྦྱིན་བྱས་པའི་ལག་མཐིལ་དུ།། བྲིམ་ལས་དཔག་བསམ་ཤིང་བསམ་སྟེ།། དེ་ཡི་ཡལ་བའི ་གསེབ་ཏུ་ནི།། སི་ལས་བདུད་རྩི་བུམ་པ་བསམ།། དེ་ཡིས་བདུད་རྩི་ཡི་ནི་རྒྱུན།། ལག་མཐིལ་དུ་ནི་བབས་ནས་ཀྱང་།། གཏོར་མའི་ནང་དུ་འདྲེས་པར་བསམ།། དེ་ནས་ཨོཾ་ཨཱཿཧཱུཾ་ལན་གསུམ་བཟླས།། དེ་ནས་རང་གི་མདུན་དུ་པདྨ་བཞི་བསམ།། ་དེ་ནས་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས།། ཀླུ་ཐམས་ཅད་ནི་པདྨར་བཀུག། འོད་ཟེར་འཕྲོས་པས་སྦྱངས་སོགས་བྱ།། ཐམས་ཅད་འོད་དུ་ཞུ་བ་ལྔ།། བདེ་གཤེགས་ཀླུའི་སྤྲུལ་པའམ།། གསུང་གི་རིགས་ཀྱི་ལྷ་རུ་གྱུར།། དེ་ནས། སྤྱན་དྲངས ་བསྟིམ་ཞིང་དབང་བསྐུར་བྱ།། དེ་ནས་རྡོ་རྗེ་རྩི་ལྔ་སྤུ་གུ་ཅན་དུ་བསམས་ལ།། དེ་ནས་སྤྱན་དྲངས་ལ་གསོལ་བར་བསམ།། བསྟབ་པའི་སྡིགས་ནི། ཨོཾ་པཱ་སུ་གི་བ་ལིཾ་ཏཱ་ཁཱ་ཧི་ཞེས་ཀླུ་རྣམས་ཀྱི་སོ་སོའི་རྩ་བའི་སྔགས་ལ་བཏགས་ལ་དབུལ ་བར་བྱའོ།། གཤེགས་སུ་གསོལ་བའི་སྔགས་ནི་བཛྲ་མུཿཞེས་བཏགས་ལ་གཤོགསུ་གསོལ།། རྒྱལ་པོ་ཡང་སྤྲལླ་དང་ལས་ཀྱི་རིགསུ་བསམ།། ཕྱི་མ་མཐུན་ཏེ་མན་ངག་ཏུ་ཤེས་པར་བྱའོ།། ཀླུ་དང་རྒྱལ་པོའི་སྦྱོར་ཀ་སྟེ་བརྒྱད ་པལ།། དེ་དག་ཐམས་ཅད་པ་ཡིན་ན།། ནང་གི་སྙིང་གཱའི་ལྷ་རྣམས་ལ།། གཏར་མ་ཟས་རྣམས་ཡིན་པས་ནཱ།། བདུང་རྩིར་བྱིན་གྱིས་བརླབས་ནས་ནི།། རྒྱལ་ཏིང་ངེ་འཛིན་གྱིས་དབུལ།། ང་ན་རྣལ ་འབྱོར་ལམ་པ་ཡིན།། ཕྱག་རྒྱ་ཕྱག་རྒྱའི་མན་ངག་བཞིན།། མང་གི་གཏོར་མའི་སྦྱོར་ཀ་སྟེ་དགུ་པའོ།། ། གསང་བའི་གཏོར་མའི་སྦྱོར་ཀ་ནི།། ལྟེ་བ་པདྨ་གཏོར་མའི་སྣོད།། དེ་སྟེ་ཟླ་བའི་སྟེང་དུ་ནི།། བྱང་ཆུབ་སེམས་ཀྱི ་ཀུན་དེ་ལ།། བདུད་རྩི་ལ་སོགས་ཡོན་ཏན་སོགས།། གཏོར་མའི་རྫས་སུ་བསྟན་པ་ཡིན།། དེ་འོག་ཙནྡ་ལི་ཡི་མེ།། དེ་འོག་རླུང་སྔོན་བསྐྱོད་པ་ལས།། མེ་འབར་བདུད་རྩི་ཞུ་སྟེ་ཕབ།། འཁོར་ལོ་མཁའ་འགྲོ་རྣམས་ལ་མཆོད།། རྟོག་པ་ཞི་བ་ལས ་རྣམས་འགྲུབ།། གསང་བའི་གཏོར་མའི་སྦྱོར་ཀ་སྟེ་བཅུ་པའོ།། བླ་ན་མེད་པའི་གཏོར་མ་ནི།། ལྷན་ཅིག་སྐྱེས་པའི་དགའ་བ་ལེ།། ཐམས་ཅད་རྫོགས་པའི་མན་ངག་འཆང་།། བླ་ན་མེད་པའི་གཏོར་མའི་སྦྱར་ཀ་སྟེ་བཅུ་གཅིག་པའོ།། ། ་གཏོར་མའི་མན་ངག་སྦྱོར་ཀ་རྣམས།། མན་ངག་རིམ་པོར་བཀོད་པ་ཡིས།། བདག་དང་མཐའ་ཡས་སེམོས་ཅན་རྣམས།། བླ་མེད་བྱང་ཆུབ་ཐོབ་པར་ཤོག། སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ་