CLOSE WINDOW

GT1024: lung bstan sbyor ba'i man ngag
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚའོ།། ལུང་བསྟན་སྦྱོར་བའི་མན་ངག་འདི།། རྒྱུད་རྣམས་ཀུན་ལས་མི་གསལ་བའི།། མཁའ་འགྲོ་མ་ཡིས་རྒྱུས་བཏབ་ལ།། རྣལ་འབྱོར་བློ་དམན་དོན་དུ་ནི། ་ཡང་ནས་ཡང་དུ་གསོལ་བཏབ་ནས།། ཡིད་ཚེས་བྲོད་པ་བསྐྱེད་པའི་ཕྱིར།། མན་ངག་རིམ་པ་བསྟན་པ་ལ།། བླ་མ་ལ་ནི་མཉན་པར་གྱིས།། གསང་སྔགས་སྒོ་ནི་དཔག་མེང་ནས།། ཐབས་ཀྱི་རིམ་པ་མང་གསུངས་པ།། ་སེམས་ཅན་ལས་ནི་སྣ་ཚོགས་པས།། སོ་སོ་མོས་པ་མི་མཐུན་ཕྱིར།། དབྱེར་ན་སྙུན་རྣམས་ནུས་པ་ཡིས།། ནང་རྣམས་སོ་སོར་སེལ་བ་བཞིན།། མན་ངག་ཐབས་རྣམས་སོ་སོས་ཀྱང་།། དུག་གི་ནང་རྣམས་འཇོམས་པར ་བྱེད།། དཔེར་ན་སྨན་ནུས་གཅིག་གིས་ཀྱང་ཀཕྲད་པ་ཙམ་གྱིས་ནོར་འཇོམས་པའོ།། ཡང་ན་གཉིས་འཇོམས་གསུམ་འཇོམས་དང་། བཞི་འཇོམས་ལྔ་འཇོམས་ལ་སོགས་དང་།། མང་པོ་འདུས་ནས་འཇོམས་པ་དང་།། ་དེ་དག་ཀུན་གྱིས་མ་ཆོམས་པ།། སྦྱོར་བ་གཞན་ལོག་འཇོམས་པ་དང་།། གཞན་པ་ཁོ་ནས་འཇོམས་པ་དང་།། སྨན་དང་སྦྱོར་བ་དེ་དག་ཀྱང་།། མཁས་པ་ཡིས་ནི་འཇོམས་པར་འགྱུར།། མི་མཁས་པས་ནི་གནོད་པར་འགྱུར ་སྨན་པ་མཁས་པར་གྱུར་ཀྱང་ནི།། བརྩོན་འགྲུས་ནན་ཏན་མ་བྱས་ན།། ནད་རྣམས་འཇོམས་པར་མི་འགྱུརརོ།། དེ་བཞིན་མཐུན་པའི་དཔེ་རྣམས་ཀྱང་།། མཁའ་འགྲོ་མ་ཡི་ལུང་བསྟན་ན།། ཞིབ་པས་འདི་རུ་མ་ཕྱེའོ།། ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་འཇོམས།། བསྒོམས་པ་ལས་བྱུང་དངོས་གྲུབ་ཀྱིས།། མཆོག་གིས་དངོས་གྲུབ་ཐོབ་པར་འགྱུར།། ཏིང་འཛིན་ཐོབ་པར་མ་གྱུར་པས།། ཚོགས་འཁོར་ཚོགས ་མཆོད་དངོས་གྲུབ་པོ།། དེ་མ་བྱུང་ན་སྦྱིན་སྲེགས་གིས།། དངོས་གྲུབ་བསྒྲུབ་པར་གསུངས་པ་ཡིན།། དེ་མ་བྱུང་བ་བཟླས་བརྗོད་དོ།། དེ་ནི་མི་བྱུང་གཏོར་མས་བྱེ།། དེ་རྣམས་ཀུན་ལཱ་མ་བྱུང་ནི།། ལས་ནི་ཕྲན་ཚེགས་གཞན་ལྔ ་བསྟན།། ཡང་ན་དྲི་དག་ཐམས་ཅད་ཀྱང་།། གཅིག་འདུས་གཉིས་འདུས་གསུམ་འདུས་དང་།། བཞི་འདུས་ལྔ་འདུས་ལ་སོགས་པས། འབྱུང་བར་འགྱུར་བ་གསུངས་པ་ཡིན།། ཡང་ན་མཆོག་འདོད་པ་ལ་ནི།། ཐམས ་ཅད་རྫོགས་པར་དགོས་པར་གསུངས།། ཐུན་མོང་དངོས་གྲུབ་བསྒྲུབ་པ་ལ།། ཆེ་ཆུང་གིས་ནི་རིམ་པས་གསུངསྟེ།། སྦྱོར་བ་རེ་རེས་ཀྱང་ནི་འགྲུབ།། གསང་སྔགས་ལེ་ལཱའི་བཞེད་ཀྱིས་ནི།། དཔེར་ན་སྦྲུལ་ནཱི་གཤུ་བུར་ཞུགས། ་རྩ་བར་འགྲོ་དང་ཙེ་ཏོར་འགྲོ།། དེ་བཞིན་རྣལ་འབྱོར་སྔགས་པ་ཡང་།། རིག་འཛིན་ས་དང་རྡོ་རྗེ་དམྱལ།། ལ་ལ་དག་གི་གཞོང་གིས་ནི།། བར་མ་ངོ་ནས་འགྲོ་བའོ།། ལེ་ལ་སྐྱེ་བ་ཕྱི་མ་ལ།། ལ་ལ་ངག་གི་བཞི་ད་ཀྱིས་ནི།། གཉིས ་དང་གསུམ་པ་དག་ལའོ།། བཞི་པ་འམ་ལྔ་པར་འདོད་པའང་ཡོད།། ལ་ལ་སྐྱེ་བ་བདུན་པ་ལྀ།། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འདོད།། དེ་ལྟར་གཞུང་ལུགས་མི་འདྲ་བ།། མང་དུ་གསུངས་པ་དེ་དག་ཀྱང་། འགལ་བ ་མེད་དེ་ཀུན་ཀྱང་བདེན།། གསང་སྔགས་ཀྱི་ནི་གཞུང་གིས་ཀྱང་།། སྐྱེ་བ་བདུན་གྱི་ཐ་མ་ལ།། མ་བསྒོམས་ཀྱང་ནི་སངས་རྒྱས་ས།། ཞེསུ་རྒྱུད་ལས་བསྟན་པ་ཡིན། སྐྱེ་བ་བདུན་ཞེས་བྱ་བ་ཡང་།། སྔགས་པའི་བྱང ་ཆུབ་སེམས་དཔའ་ཡིན།། སྔགས་དང་སྨན་ལ་སྩོགས་པ་ཡི།། སྟོབས་ཀྱིས་ལུས་སེམས་ལས་རུང་བ།། ཤ་དྲང་ཐོད་པ་ལ་སོགས་པ།། བྱསྟེན་ཅིང་ཟློས་པས་དངོས་གྲུབ་ཐོའོ།། དེ་བས་སྔགས་མཐུའི་ཡོན་ཏན ་ནོ། ས་དང་ཕ་རོལ་ཕྱིན་པ་ལེ།། སྐྱེ་བ་བདུན་པ་འོད་སྲིད་ཀྱང་།། དེ་ལྟར་འོང་བ་ཤིན་ཏུ་དཀོན།། སྐྱེ་བ་བདུན་པ་ཞེས་བྱའི་ཀན། ཕལ་ཚར་དུར་ཁྲོད་ཆེན་པོ་ཡི། མཁའ་འགྲོ་མ་ཡི་གནས་སུ་སྐྱེ།། རིག་འཛིན་ས ་ཞེས་བྱ་བཱ་ཡང་།། གཅིག་ནི་དེ་ལ་འང་བྱ་བ་ཡིན།། རིགས་འཛིན་ས་ལའང་གསུམ་ཡོད་དེ།། དུར་ཁྲོད་རིན་ཆེན་ས་དང་ནཱཾ།། བར་སྣང་ལྷ་གཽནས་ལྷ་རྟེན་ས།། མཁའ་སྤྱོད་འོག་མིན་སྟུག་པོའི་སྱ།། གནས་ནི་དེ ་གསུམ་ཡིན་པར་གསུངས།། སྐྱེ་བ་བདུན་པའི་གང་ཟག་ནི།། ཡུལ་དང་གནས་ནི་ཁྱད་པར་ཅན། སྔགས་སྤྱོད་པའི་གནས་དག་ཏུ། འགའ་ཙམ་འབྱུང་བ་དག་ཀྱང་ཡོད།། སྐྱེ་བྱེ་གཅིག་སོགས་གཞན་པ་ནི།། ། ་དེ་རྣམས་གནས་ཀྱང་དེ་བཞིན་ནོ།། སྐྱེ་བ་བདུན་པའི་གང་ཟག་ནི།། དེ་དེ་དང་སྙིང་རྗེ་ལ་སོགས་ལྡན།། ཕ་རོལ་ཕྱི་ནི་བཅུའི་ཆོས་ལ་སྤྱོད།། མཐུན་འཇུག་སྤྱོང་པ་ཀུན་ལ་མཁས།། བཟོ་དང་རིག་པ་གནས་ལ་མཁས ་ཀྵ་འམ་ནོར་གདང་དུ་གྱུབ། སྤྱོད་པ་ལ་དོར་ཐབས་ལ་མཁས།། མཱན་ངག་མཐོང་བླ་ཙམ་གྱིས་མཾ། ཐེ་ཚོམ་མེད་པར་འཇུག་པར་བྱེད།། མན་ངག་བསྒོམས་མ་ཐག་ཏུ་ནི།། ཏིང་འཛིན་སྒྲ་འགྱུར། ་རདྭ་གླུ་ནི།། ཁམས་དང་དུས་ཀྱི་བྱེ་བྲག་ཤེས།། རྒྱད་ལུང་མཚོན་གྱི་མན་ངག་ལ།། བོས་པ་ཙམ་གྱིས་དགུ་ཞ་བྱས་ཀྱི།། མན་ངག་རྣམས་ནི་ཁྲོད་དུ་ཆུད།། བཤད་པོའི་རྒྱུད་དང་འགྲེལ་པ་དང་།། མངོན་རྟོགས་པ་ཡི་རིམ་པ ་རྣམས།། མ་ཐོས་པ་རུ་ཤེས་པར་འགྱུར།། དཔེར་ན་ཤཱིང་འཛར་སྤྲུལ་པ་ཙམྦྷ།། རྒྱུད་ལུང་མནྟ་ངག་མདོ་མཱདོ་ཡི།། མཁས་པ་ལ་ནི་བརྟེན་པས་སྨྲ།། ཐམས་ཅད་དོན་རྣམས་ཁོད་ཆུང་ནས།། སྐབས་ཕྱེད་སྤྱི ་དོན་ཤིན་ཏུ་རྒྱུས།། ད། འགྲེལ་མངོན་རྟོགས་རིམ་པ་ནི།། རྩོམ་ནུས་དོན་ལ་ཤིན་ཏུ་མ་ཁས།། མིག་ནི་ཡུན་རིངས་མི་འཛུམས་ཤིང་།། ཡིངས་ལྷ་བསྒོམས་དུས་སུ་ནི།། སྐྱེ་བ་བདུན་པའི་གྲིབ་མ་སྣང་།། སྐྱོ་བ་ལ ་སོགས་གཞན་པོ་ལ།། གྲིབ་མའི་རྟགས་ཀྱང་དེ་བཞིན་ནོ།། བསྒོམས་པའི་སྟོབས་ཀྱི་ཁྱད་པར་གྱིས།། ཞག་བདུན་ཟླ་གཉིག་ཟླ་བདུན་དུ།། མཁའ་འགྲོ་མསྣ་ནི་ལུང་སྟོན་ཞིང་།། ཆོས་བཤད་རྟགས་རྣམས་སྟོན་པར་མཛད།། ཆོས ་པ་ཡིས་ནི་མཛེ་སྤྱོད་ཀྱང་།། དངོས་སུ་སྤྲུལ་ནས་སྟོན་པ་དང་། ཡང་སྤྲུལ་སུམ་སྤྲུལ་ལ་སོགས་སུ།། སྤྲུལ་ནས་སྟོན་དང་ཡིད་ན་ནི། སྐུ་ནི་མི་སྣང་སྒྲ་ཡི་སུ། ནམ་མཁའ་ལས་སུ་སྟོན་པ་དང་།། ཡང་ན་ཕྱག ་མཚན་ལ་སོགས་ལ།། སྒྲ་བྱུང་ནས་ནི་སྟོན་པ་དང་།། ཡང་ན་རྨི་ལམ་མཚན་མས་སུ།། དུས་བཞི་དུས་གསུམ་དུས་གཅིག་ཏུ།། ཡང་ནས་ཡང་དུ་སྟོན་པའོ།། མ་ཐོས་པ་ཡི་མན་ངག་རྣམས།། སྒྲོན་མྱོར་བྱུང་ན་སྐྱེ་བདུན ་སོགས།། སྔགས་ཀྱི་དྲངོས་གྲུབ་ཐོབ་པ་ཡི།། རྣལ་འབྱོར་རིག་འཛིན་བྱང་ཆུབ་སེམས།། ཡང་ནི་དང་པོ་སྐྱེས་ནས་ནི། ཐེག་ཆེན་ཆོས་ལ་མོས་ནས་ཡང་།། མུན་ངག་སྒོམ་ལ་ཤིན་ཏུ་དག་ལ། སློབ་དཔོན་ལོ་ནི་མིན ་ངག་གི། རྣ་རྒྱུད་གཅིག་ཙོམ་ཐོས་པས་སུ།། བསྒོམས་པས་དངོས་གྲུབ་ཐོབ་པར་འགྱུར། དེ་ནུས་གོང་བཞིན་དུ་བྱུང་ནུས་སུ།། གཞན་ལ་ཡང་ནི་སྟོན་པར་ནུས།། ཡང་ནི་སྐྱེ་བདུན་གང་ཟག་སྟེ།། སྐྱེས་མ ་ཐག་ཏུ་ཡི་དམཽ་ལྷས།། རྨི་ལམ་ནཱ་ནི་ཚྭ་སེ་བསྟན་ནས།། མན་ངག་དེ་བསྒོམས་དང་ས་གྲུབ་ནི།། ཕྲ་མྱོམོ་དག་ནི་ཐོབ་ནཱས་ཀྱང་།། གཞན་ལ་ཆོསཾ་ནཾ་སྟོན་པར་ནུས། དེ་ནསོ་རིམ་གྱིས་གཞན་ཡང་འབྱུད། ་ཡང་ནི་སྐྱེ་བདུན་གླིང་ཟག་དེ།། རྐྱེན་ནི་གཉིས་པོ་འཛེམ་པ་ལས། བསྒོམ་པ་ལ་ནི་དགའ་བར་འགྱུར།། སྔོན་གྱི་བསྒོམས་པའི་སྟོབས་ཀྱིས་ནི། འབད་རྩོལ་དྲག་པོ་མ་བྱས་པར།། ཐུན་ཅིག་ལ་ནི་སྦོམ་བཻ་རླུད།། ་དེ་ནས་རིམས་ཀྱིས་བསྒོམས་པས་སུ།། ཞག་བདུན་ནས་ནི་ལུང་སྟོན་འབྱུང་།། དེ་ནས་རིམ་གསུམ་གོང་མ་བཞིན།། དེ་ནས་མངོན་ཤེས་དྲུག་ལྡན་ནས། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར།། སྔགས་པའི ་པའི་དངོས་གྲུབ་ཐམས་ཅད་ཀུན།། སྐྱེ་བ་འདི་ལ་ཕྱག་རྒྱ་ཐོབ།། དེ་ལྟར་མ་གྱུར་རྣལ་འབྱོར་པ།། གོང་མ་བཞིན་དུ་སྐྱེ་བདུན་དུ།། ལེན་པའི་རྟགས་ནི་གོང་བཞིན་འབྱུང་།། སྐྱེ་བ་འདི་ཐོབ་ཚུལ་རྣམས་ཀྱང་།། ཐེག་ཆེན་སྣོད་དུ ་རུང་བ་ལྔ།། དབང་བསྐུར་མན་ངགེ་ཐོབ་པ་ཡིས།། དེམ་ཆོག་མ་ཉམས་བཤུགས་ལཾ་བརྩོན།། བསྐྱེད་རིམས་བསྟན་པར་གྱུར་པས་ནི།། ལུས་ཀྱི་རྣམ་རྟོག་བཟློགས་ནས་ཀྱང་།། རྡོ་རྗེ་བཟླས་ལ་བརྟེན་ནས་རྦ།། སེམས་དབེན་པ་ལ་བརྟན་པར་བྱ།། ་སེམས་ཀྱི་འཁྲུལ་རྟོག་བཟློག་ནས་ཀྱང་།། སྒྱུ་མའི་ཏིང་འཛིན་ལ་གནས་ནས།། འོད་གསལ་ལ་ནི་འཇུག་པར་བྱ།། དེ་ནས་སྤོས་མེད་མན་ངག་ལ།། ལྷུན་གྱིས་འགྲུབ་འགྱུར་ཕྱག་རྒྱའི་མཆོག། ཡང་ན་བསྐྱང་རིམ་ལ་བརྟེན་ནས།། ཚོལ་དབང་པོའི ་རིག་འཛིན་སྒྲུབ།། ཚེ་ལ་དབང་སྒྲུབ་རིག་འཛིན་གྱིས།། རྫོགས་པའི་མན་ངག་བསྒོམ་པར་བྱ།། དེས་སུ་ཕྱག་རྒྱའི་དངོས་གྲུབ་འཐོབ།། ཡང་ན་བསྐྱེད་རིམ་བརྟན་པ་ཡིས།། རྫོགས་པའི་མན་ངག་གང་བསྒོམས་ཀྱང་།། ཟླ་བ་དྲུག་གིས་ཕྱག་རྒྱ ་འཐོབ།། རྫོགས་རིམས་བསྐྱེད་པ་ལ་བརྟེན་ནས།། དེ་ནས་རྫོགས་པས་རྫོགས་པའི་ནི།། ཕྱོག་རྒྱའི་དངོས་གྲུབ་ཐོབ་པར་གསུངས།། དེ་ནི་སློབ་དཔོན་ཆེན་པོའི་གཞུང་།། སྤྱིར་ན་ལྟ་བ་གདིང་འགྱུར་གཙོ།། ལན་ཅིག་ལྡོག་བྱའི་ཚུ་ལོ་དུ་ནི།། ་བྱས་ནས་ཐེ་ཚོམ་མི་སྐྱེ་ཞིང་།། ལྡོག་པར་མི་འགྱུར་འབྱུང་པོས་ཀྱང་།། ཚུགས་པར་མི་འགྱུར་འབྲས་བུ་མྱེར།། དེ་ལྟར་མ་གྱུར་རྣལ་འབྱོར་པས།། མན་ངག་ཉམ་སུ་ལོན་པོར་བྱ།། མན་ངག་བསྒོམས་པའི་སྟོབས་ཀྱིས་ནི།། མཁ་འགྲོ་མ ་ཡིས་ལུང་སྟོན་པས།། ལུང་སྟོན་པའི་དུས་སུ་ནི།། ལྟ་བ་མན་ངག་ཟབ་མོ་ནི།། བསྟན་པ་བསྒོམས་པས་ཕྱག་རྒྱ་འཐོབ།། ཡང་ན་རྣལ་འབྱོར་རིམ་པས་ནི།། བློ་ཡི་རབ་འབྲིང་ཁྱད་པར་ནི།། བག་ཆགས་རྐྱེན་ལ་སྩོགས་པ་ཡིས།། རབ ་འབྲིང་དགུ་དང་གསུམ་དང་ནཱི།། དབྱེ་བར་བྱ་བའི་དོན་ཤེས་གཱ། རྒྱུ་རྐྱེན་འཛེམ་པའི་གང་ཟག་ནི།། སྐྱེ་བ་འདི་ལ་ལུང་སྟོན་པས།། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར།། རྐྱེན་ནི་རབ་ཏུ་མང་གྱུར་པའི།། རབ་ཀྱི་འབྲིང་སོགས་ལྡན་པ ་ཅན།། བར་མ་དོ་ལ་ལུང་སྟོན་ནོ།། རབ་ཀྱི་ཐ་མ་ལྡན་པ་ནི།། སྐྱེ་བ་ཕྱི་མ་ལུང་སྟོན་ནོ།། འབྲིང་གི་གསུམ་པོའི་རིགས་ལྡན་ཡང་། གཉིས་དང་གསུམ་དང་བཞི་རུ་སྦྱར།། ཐ་མའི་རིགས་ལྡན་གསུམ་པོ་ཡང་།། ལྔ་དང་དྲུག་དང ་བདུན་དུ་སྦྱར། ཡང་ནི་རྐྱེན་སོགས་ལྡན་གྱུར་ཀྱང་།། རྒྱུ་ལ་སོགས་པའི་ནུས་པ་རྣམས།། དྲག་གཞོན་གྱི་ནི་རིམ་པ་ཡིས།། རྐྱེན་གྱི་ཚུལ་བཞིན་སྦྱོར་ཤེས་བྱའོ།། རྒྱུ་རྐྱེན་གཉིས་ག་འབྲིང་སོགས་ཀྱི།། རིམ་པ་དང་ནི་ལྡན་པ་རྣམ།། ་གོང་མ་གཉིས་དང་མི་མཐུན་པས།། གསུམ་དང་བདུན་དུ་སྦྱར་ཤེས་བྱ།། གཉིས་ཀྭ་ཞན་པར་གྱུར་པ་ནཱ།། གསང་སྔགས་སྣོད་དུ་མི་རུང་བས།། དབང་བསྐུརོ་མཱི་བྱཱ་འཇུག་པ་ཙམ།། དགེ་བའི་ས་བོན་ཆུང་གྱུར་ཀྱང་།། སྨོན་ལམ ་བཏབ་པའི་དང་ལྡན་དེ།། གསང་སྔགས་ལ་ནི་མོས་གྱུར་ནས།། ཡང་ནོས་ཡང་དུ་གསོལ་འདེབས་ལ།། ཕྱི་ཡིས་དབང་བསྐུར་ཙམ་བྱས་ལ།། མི་ཟབ་དབྱིབས་ཀྱི་མན་ངག་བསྟན།། དེ་ལས་བསྟན་པའི་གང་ཟག་ལ།། ལྷག་མ ་རྣམས་ནི་རིམས་ཀྱི་བསྟན།། ཡང་ནཱ་རྣལ་འབྱོར་རིམ་པ་ནི།། ཡི་དམ་ལྷ་ཚོགས་སོ་སོ་རུཿ། སོ་སོ་བྱུག་ཆགས་བཞག་པ་དང་།། མོས་པ་ལ་སོགས་རིམ་པ་ཡིས།། ཐེ་ཚོམ་ལ་སོགས་མེད་མྱོང་ཀྱང་།། དངོས ་གྲུབ་འགྲུབ་པར་མ་གྱུར་ནཱ།། སྒྱུ་མ་ལྟ་བུའི་འདུ་ཤེས་ཀྱི།། ཐ་མྲྀ་དད་པར་བསྒོམས་ནས་ཀྱང་།། མུན་དགྣ་ཡང་ཡང་སྤྲོས་ཀྱང་ནཱི། འགལ་བ་མེད་དེ་པོས་གྲུབ་འགུག། དེ་ལྟར་བྱས་ཀྱང་མ་བྱུང་ན།། སྒྲིབ་པ་ཤིན་ཏུ་ཆེ་གསུངས ་བོས།། སྦྱིན་སྲེགས་འཁོར་ཚེ་གས་འཁོར་ཚོགས་བཟླས་བརྗོད་དང་།། གཏྟོར་མ་ལ་སོགས་ཆོ་ག་ཡིས།། བདུན་ནས་སྟོང་གིས་བར་དུ་སྟེ། མཁས་པས་ཅི་ནུས་རྒྱུད་བརྟགསོ་ལ།། ཆོ་གས་སྡིག་པ་སྦྱང་བ་གསུངས།། ལུས ་ཀུན་ལ་ནི་གནོད་པ་ཡི།། ཚེ་རཱ་མའི་ཕུང་པོས་ལམྦ་རྣམས་འགགས།། མེ་ཡཱི་སྦྱོར་བྱ་མཁས་པ་ཡིས།། བསྲེགས་པས་ཐམས་ཅད་མེད་པར་བྱེད།། དེ་ནས་ལ་མི་ནི་རྙེད་ནས་ནི།། གང་དུ་ཕྱིན་པར་འགྲོ་བར་བྱེད།། དེ་བཞིན ་སྟེགས་སོགས་མཐུན་རྣམས་ཀྱིས། སྒྲིབ་པ་ལ་སོགས་བཅོམ་ནས་ཀྱང་།། ཏི་འཛིན་གྱི་ལམ་རྙེད་ནས།། དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར།། དངོས་གྲུབ་ཁྱད་པར་མ་ཐོབ་ཀྱང་།། ཕྲ་མོ་ལ་སོགས་ཐོབ་པར་འགྱུར།། མཚན ་མོའི་ལུང་སྟོན་ཕྲ་མོ་འབྱུང་།། གལ་ཏེ་ལྟར་མ་གྱུར་པར།། ཚེ་དབང་མ་ཐོ་བ་རྣལ་འབྱོར་པས།། །། སྒྲིབ་པ་རྣམས་ནི་བྱང་གྱུར་ནས།། སྐྱེ་བ་ཕྱི་མ་ལ་སོགས ་སུ། དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར།། ཡང་ན་སྔགས་ཀྱི་མཐུ་རྣམས་ཀྱིས།། སྡིག་སྒྲིབ་རྩད་ནས་མཆོད་ཀྱང་།། ཆེ་ལྕོང་རགས་པ་མགོ་བཅོམ་ནས།། གཞན་དག་མི་སྐྱེ་མགོ་གནོན་ཞིང་།། དམ་ཚིག་མ་ཉམས ་བླཤགས་ལ་བརྩོན།། སྨོན་ལམ་དག་རྩ་བསྔོ་ལེགས་པས།། སྐྱེ་བྱེ་འདི་རྗེས་གཞན་དག་ཏུ།། དུས་དང་གནས་དང་སློབ་དཔོན་དང་།། གྲོགས་དང་ཕྱག་རྒྱ་མན་དྲུག་སོགས།། སྐྱེ་མ་ཐག་ཏུ་རྙེད་པར་འགྱུར།། དཾ་རུ་དམ ་ཚིག་ལྡན་སོགས་པས།། རིམས་ཀྱིས་སྐྱེ་བདུན་རྒྱུད་ནུས་སུ།། འབང་རྩོལ་དྲག་པོ་མ་བྱས་པར།། སངས་རྒྱས་ས་ལ་འགྲོ་བར་གསུངས།། དེ་སོགས་ལུང་བསྟན་སྦྱོར་བ་རྣམས།། མཁའ་འགྲོ་མའི་ལུང་སྔོན་དུ།། རྣལ ་འབྱོར་མཁས་པས་ཤེས་པར་བྱ།། འདི་ནི་བློ་ད་མིན་དོན་ཆེད་དུ།། ཅུང་ཟད་བསྡུས་ཏེ་བསྟན་པ་ཡིན། མཁའ་འགྲོ་མ་ཡི་ལུང་སྟོན་ཀྱང་།། འཇིག་རྟེན་འདས་དང་འཇིག་རྟེན་པ། འཇིག་རྟེན་འདས་ལ་གཉིས་ཡོད་དེ།། ་སཽ་ནཱས་རིགས་འཛིན་མཁའ་འགྲོ་དང་།། བདེ་གཤེགས་བྱིན་རླབས་མཁའི་འགྲོའོ།། མཁའ་འགྲོ་དེ་དག་གཉི་ག་ཡང་།། མཛེས་པའི་གཟུགས་དང་མི་མཛེས་པའི།། གཟུགས་ནི་སྣ་ཚོགས་སྤྲུལ་ནས་སྟོམ། དེ་ལ་འཇིག ་དང་མི་འཇིགས་དང་།། རེ་དང་ངོགས་པའི་སེམས་སྤངས་ཏེ།། ཕྱག་རྒྱ་བརྡ་ལ་སོགས་པ་ཡི།། སྟོན་པའི་དུས་སུ་ལས་རྣམས་ནི།། སྟོན་པར་ཤེས་པར་མ་གྱུར་ན།། དངོས་གྲུབ་མེད་དེ་ཉམས་པར་འགྱུར།། དེ་བས་ནན་ཏ་མརྦ། ་སྐྱེང་ལ།། མན་ངག་ཟློས་པ་ཆེ་བ་གཅེས།། ཐོས་པ་ཆེ་བར་མྦྷ་གྱུར་སྲུང་།། གང་སྒྲུབ་རྒྱུད་སྐོར་ལ་སོགས་ལ།། སློབ་དཔོན་ལ་ནི་ཡང་ནས་ཡང་།། ཐེ་ཚེམཆོད་པར་མཉན་པར་བྱ།། རྒྱུད་རྣམས་ཐོས་པར་མི་ནུས་པས།། ་སྒྲུབ་པའི་ཆ་རྐྱེན་བདྲོན་པོ།། ཤེས་རབ་དེ་ནི་མ་བྱས་ན།། དངོས་གྲུབ་འགྲུབ་པར་མི་འགྱུརརོ།། སློབ་དཔོ་ན་ལྀ་ནི་བརྟེན་པ་ཡིས།། མ་ཚུང་ཡང་ནི་འགྲུབ་པར་གསུངས།། འཇིག་རྟེན་པ་ལ་གཉིས་ཡོད་དོ།། རྒྱལ་བས་བཀའ་ལ་བརྟགས ་པ་ཡིས།། སངས་རྒྱས་བསྟན་པ་བསྲུང་བ་དང་།། བདུད་ནི་ནག་པོ་ལ་སོགས་པ།། དམ་ལ་མ་ལོགས་པར་ཆོད་མཁན། དེ་ལྟར་གཉིས་སུ་མ་ཤེས་ན། དངོས་གྲུབ་ཐོབ་ཀྱང་སླར་ལ་འཚོར།། དེ་གཉིས་གཟུགས་དང་རྟགས་སོགས་པ།། ་གོང་མ་བཞིན་དུ་སྟོན་པས་ན།། དེ་ཡི་རིམ་པ་གོང་བཞིན་བྱ།། དེ་དག་བརྟག་པའི་ཆོ་ག་ཡང་།། ཞག་གསུམ་ཞག་བདུན་རྩ་གཅིག་ཏུ།། རེ་དོགས་ལ་སོགས་ཐམས་ཅད་ཀུན།། སྤངས་ནས་རྣལ་འབྱོར་ཏིང་འཛིན་ལ།། ནན་ཏན་དུ་ནི་བརྩོན ་འགྲུས་བྱ།། ཚོགས་འཁོར་ལ་སྩོགས་ཡང་དང་ཡང་།། བྱེད་པའི་དུས་སུ་རྡོ་རྗེ་གྷུ།། ལེན་ཅིང་ཕྱག་རྒྱ་སོགས་བསྟན་པས།། ཏིང་འཛིན་ཕྱག་རྒྱ་གསལ་བ་དང་།། མཚན་མ་ལ་སོགས་གསལ་འབར་ཞིང་།། གཟུགས་དང་སྒྲ་དང་དྲི་ལ ་སོགས།། ཐམས་ཅད་བརྟན་ཞིང་མི་འགྱུར་ན། ལྷ་ཡི་མཚོན་མར་ཤེས་པར་བྱ།། དེ་ལས་བཟློག་པ་ཐམས་ཅད་ཀུན།། བདུད་ཀྱི་རྟགསུ་ཤེས་པར་བྱ།། དེ་ལ་སོགས་པ་མཐའ་ཡས་མཆོག། མཁའ་འགྲོའི་ལུང་དུ་བསྟན་པས་ན།། འདི ་ནི་སྒྲུབ་པོའི་དོན་དུ་བསྡུས།། སྒྲུབ་པའི་ཆ་རྐྱེན་མན་ངག་རྣམས།། སྒྲུབ་པོ་ཉམ་སུ་ལེན་པ་ལ།། བརྟན་ཞིང་སྤེལ་ན་བསོད་ནམས་འཕེལ།། ཉམས་སུ་མི་ལེན་སེར་སྣ་ཅན།། རྫས་དང་ལུས་སྲོག་ལ་སོགས་པ།། བླ་མ་ལ་ནི ་འབྲུ་ལ་མི་ནུས།། དེ་ལི་མན་ངག་བསྟན་མི་བྱ།། དེ་ལ་མན་ངག་བསྟན་པ་ན།། དངོས་གྲུབ་ཉམས་ཏེ་སྡིག་པ་འཕེལ།། དམ་ཚིག་ཉམས་ནས་མཁའ་འགྲོས་གསོད།། ཚྭ་རྐྱེན་ལེ་སོགས་བཅུ་བདུན་པ།། སྟོན་པ་ཕྱག ་ན་རྗེ་ཛ་ཡིས།། སེམས་དཔའ་ཕྱག་ན་རྡོ་རྗེ་ལ།། རྣ་བ་བརྒྱུད་པའི་གདམས་དུག་དེ།། རྡོ་རྗེ་མཁའ་འགྲོ་མ་ལ་བསྟན།། དེས་ནི་རོ་ལངས་མ་ལ་བསྟན།། གནོད་སྦྱིན་ཕྱག་ན་རྡོ་རྗེ་དང་།། སློབ་དཔོན་ཕྱག་ནི་རྡོ་རྗེ་ཡིས།། བརྒྱུད ་པའི་གདམས་དག་རིམ་པ་རྣམས།། ནན་ཏན་གྱིས་ནི་བརྩལ་བར་བྱ།། དེ་ལ་བརྩལ་མ་ཤེས་ནི།། དཔེར་ན་ཡིད་བཞིན་ནུར་བུ་ནི།། ཀླུ་རྒྱུ་ལྔ་གཙུག་ནས་རྙིང་ནས་ནི། འདམ་རྫབ་ནང་དུ་སྟོར་པ་བཞིན།། དེ་བཞིན་མཱན ་དྲག་རིན་ཆེན་འདི།། ལུས་ངག་ཡིད་གསུམ་དཀའ་བ་ཡི།། སྒོ་ནས་སློབ་དཔོན་ལ་བརྩལ་ནས།། དམ་མང་རྨོངས་པའི་ལག་ཤོར་ན།། དངོས་གྲུབ་མི་ཐེབ་ཉམས་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བཙལ།། ལུང་བསྟན་པའི ་རིམ་པའི་སྦྱོར་ཀའོ།། སློབ་དཔོན་ཆེན་པོ་བྷཱ་བས་མཛད་པ་རྫོགས་སོ།། ། ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། ་