CLOSE WINDOW

GT1016: gnod sbyin gyi sde dpon chen po lag na rdo rje gos sngon po can 'khor lo chen po'i lha tshogs la bstod pa zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པ་ཎི་མ་ཧཱ་ཡཀྵ་ཙཀྲ་མ་ཧཱ་དེ་བ་ག་ནཱ་མཎྜལ་སྟོང་ཏཱ་ནཱ་མཱ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལ ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལོ།། ཧཱུཾ་ཅང་ལོ་ཅན་གྱི་གནས་མཆོག་དམ་པ་ན།། ས་བཅུའི་བྱང་ཆུབ་སེམས་དཔའི་གཙོ་བོ་སྟེ།། སྐྱེ་མེད་ངང་ལྔས་ལོངས ་སྤྱོད་རྫོགས་པའི་སྐུ།། ཡོན་ཏན་མ་ལུས་རྫོགས་པ་ཁྱོད་ལ་འདུད།། སྤྲུལ་པའི་སྐུ་མཆོག་གདུག་པ་འདུལ་མཛད་པ།། བརྗིད་པའི་སྐུ་ལྟ་སྤྲུལ་བརྒྱད་སྐུ་ལ་བརྒྱན།། སྣང་སྲིད་དབང་དུ་བདུད་པའི་མཐུ་སྟོབས ་ཙཅན།། སྲིད་གསུམ་སྡུག་བསྔལ་མཐར་མཛད་ཁྱོད་ལ་འདུད།། ཞབས་ག་ཉིས་བརྐྱང་བསྐུམ་མཐིང་ནག་འབར་བའི་ཞལ།། གཡས་དཀར་གི་ཡོན་དམར་སྤྱན་གསུམ་ལྡན།། ཕྱག་དྲུག་གཡས་འཆང་གཡོན་སྡིགས ་མཛུབ།། བར་གཉིས་ཐལ་རྡེབས་མཐའ་གཉིས་སྦྲུལ་གསོལ་འདུད།། དཔྲལ་བའི་ཁྲོ་གཉེར་སྨིན་མ་གཡོ་ཞིང་འཁྱུག། དབུ་སྐྲ་ཁམ་ནག་གྱེན་རྗེས་མེ་སྟག་འཕྲོ།། རལ་པའི་ཅོད་པན་སྦྲུལ་གྱི་གདེང་ཀས་བརྒྱན།། རིགས ་ཀྱི་བདག་པོས་དབུ་བརྒྱན་ཁྱོད་ལ་འདུད།། ལྗགས་འགྲིལ་མཆེ་གཙིགས་ང་རོས་འབྲུག་སྒྲ་སྒྲོག། ཁ་རླངས་མེ་ལྟར་འབར་བས་གདུག་པ་སྲེག། མཆེ་བ་གཙིགས་པས་དུག་གསུམ་རྩད་ནད་གི་ཅོང་།། ཉོན་མོངས་འཇོམས ་པར་མཛད་པ་ཁྱོད་ལ་འདུད།། འཇིག་རྟེན་གསུམ་སླེབ་སྐུ་མཆོག་ཤིན་ཏུ་བརྗིད་།། སྔོན་པོ་འཆང་པའི་ན་བཟའ་སྐུ་ལ་གསོལ།། དུས་གསུམ་མེ་ལྟར་འོད་ཟེར་འབར་བའི་སྐུ།། སྲིད་གསུམ་ཟིལ་གནོན ་ཁྱད་འཕགས་ཁྱོད་ལྔ་འདུད།། གསུས་པའི་སློང་འཁྱིལ་སྟག་གི་ཤམ་ཐབས་ཅན།། ཚངེས་པ་བརྒྱ་བྱིན་ཉིན་ཟླ་འབར་བའི་སྟེང་།། ཞབས་གཉིས་ཕྲག་ཞགས་ཡོན་ཏན་རྫོགས་པའི་སྐུ།། མཐའ་གཉིས་རྟག་ཆེར་སེལ་མཛད་ཁྱོད ་ལོ་འདུད།། རྔམ་པའི་སྐུ་ཡིས་བདུད་རྣམས་འདུལ་བར་མཛད།། བྲང་འགྲོ་བརྒྱད་ཀྱིས་སྐུ་བརྒྱན་ཀླུ་དབང་འདུལ།། བརྐྱང་བསྐུམ་བརྗིད་པས་གནོད་སྦྱིན་ཟིལ་གྱིས་གནོན།། ཕྲིན་ལས་ཐར་མཛད་ཁྱོད་ལ་ཕྱག་འཚལ་འདུད།། ་སྤྲུལ་པའི་ཁྲོ་ཚོགས་བྷི་བ་སྐུ་ལ་འཕྲོ།། ཧཱུཾ་ཕཊ་སྒྲ་འབྱིན་མཚོན་ཆ་མེང་པོ་འདེབས།། མཐིང་ནག་སྐུ་ཡིས་ཁམས་གསུམ་ཆོ་ངེས་འདེབས།། སྤྲུལ་པས་སྐྲག་མཛད་ཁྱོད་ལ་ཕྱག་འཚལ་འདུད།། ཡུམ་མཆོག་མཛེས ་ལྡན་མཐིང་ནག་ཞལ་གཅིག་མེ།། ཕྱག་གཡས་གྲི་གུགོ་དུང་དམར་ཞལ་དུ་སྤྲོབ།། རུས་པཱའི་ཕྲེང་བརྒྱ་ནི་སྐལ་པའི་འོད་ཟེར་འཕྲོ།། སྤྲུལ་པ་གྲངས་མྱེད་ཁྲོ་ཆུང་འཕྲོ་ལ་འདུད།། དྲི་ཟའི་རིགས་འདུལ་ཁྲོ་རྒྱལ་བདུད་ལས ་རྒྱལ།། སྐུ་ཡི་རང་བཞིན་ཞི་བའི་ལས་མཛད་པ།། དཀར་གསལ་ཞལ་གཅིག་ཕྱག་བཞི་རྡོ་རྗེ་འཕྱར།། རྩེ་གསུམ་སྡིགས་མཛུབ་གཏི་མུག་འཇོམས་ལེ་འདུད།། བརྐྱང་བསྐུམ་བཞུགས་ནས་ནི་བཟའ་སྔོན་པོ་གསོལ།། ་ཟང་འགྲོ་བརྒྱད་ཀྱིས་སྒྱུ་བརྒྱན་མཐུ་སྟོབསྠཱ་ཙམྦྷ། གསུང་གི་ང་རོས་འོག་འདྲེན་གདས་བྱ་འབྲུགུ། རྔམ་མཛད་བདང་ལས་རྒྱལ་བྱེད་ཁྱེད་ལ་འདྲུདྲ།། གཉིས་བྱེད་སྦྲུམ་ནཱི་ལྷ་མོ་འོད་ཟེ་ནཱནྟ། པ། མོ་འཛུས ་ཞལ་ཕྱག་གཅིག་གཉིས་ལྡན།། སྐུ་གྲི་ག་འཁྱུང་དུང་དམར་ཡབ་ལ་སྨྲིག། ཁྱོ་ཆུང་བྱི་འགྱེད་ལྷ་མོ་ཁྱོད་ལ་འདུད།། གོ་ཤིན་རྗེ་འདུལ་མཛད་ཡོན་ཏན་རང་བཞིན་སྐུ།། རྒྱལ་བའི་ཕྲིན་ལས་མཐར་ཕྱིན་སྒྱུ་མདོག ་སེར།། ཞལ་གཅིག་ཕྱག་བཞིས་བདུད་འདུལ་རྡོ་རྗེ་འཕྲེང་།། དཀྲུག་ཏོ་ག་ཡོན་འཛིན་སྡིགས་མཛུབ་འོ་ཁྱུད་ལ་འདྲུང་།། ཞབས་གཉིས་བརྐྱང་བསྐུམ་གཤིན་རྗེ་མནན་མཛོད་འགྱིང་།། བརྗིད་སྤུན་བོཟའི་སྔོན་པོ ་སྟག་རིས་གསོལ།། རིགས་བཞི་གདུག་པས་སྐུ་བོརྒྱན་ཡོན་ཏན་རྒྱས།། སྤྲུལ་པའི་ཁྲོ་འགྱེད་གཟི་བརྗིད་འབར་ཁྱོད་འདུད།། དགྱེས་མཛད་ལྷ་མོ་དབྱངས་ཅན་གསེར་མདོག་ཞལ།། ཞལ་གཅིག་ཕྱག ་གཉིས་རལ་གྲི་གཙོ་ལ་འཁྱུད།། བནྡྷ་ཁྲག་བཀང་ཡབ་ཀྱི་ཞལ་དུ་སྟོབས།། སྤྲུལ་པ་གྲངས་མེད་འགྱེང་མཛོད་ཁྱོད་ལ་འདུད།། ཀླུ་དབང་འདུལ་མཛད་གསུང་གི་རང་བཞིན་སྐུ།། དབང་གི་ཕྲིན་ལས ་མཐར་ཕྱིན་སྐུ་མདོག་དམར།། འགྱིང་བག་ཞབས་གཉིས་བརྐྱང་བསྒོམས་བདག་གནོན།། རྔམ་ཆེན་མེ་ལྟར་འབར་བ་ཁྱོད་ལ་འདུད།། ཞལ་གཅོག་ཕྱག་བཞིས་རྡོ་རྗེ་སྦྲུལ་ཞགས་བསྣམས།། སྡིགས ་མཛུབ་འཁྱུད་མཛད་གསུང་གྱི་རྔམ་སྟོབས་ཅན།། སྦྲུལ་རིགས་བཞིས་བརྒྱན་གོས་སྔོན་སྟག་རིས་གསོལ།། ཀླུ་རིགས་དབང་སྡུང་རྔམ་སྒྲ་སྒྲོགས་ལ་འདུང་།། མཉེས་མཛད་ལྷ་མོ་དམར་མོ ་འཛུམ་བག་ཅན།། ཞལ་གཅིག་ཕྱག་གཉིས་སྟེའུ་གཙོ་ལ་འཁྱུད།། དུང་དམར་སྟོབས་མཛད་སྤྲུལ་པའི་ཁྲོ་ཚོགས་སྦྲུལ།། ཐབས་མཁས་སྐུ་གཅན་ཡུམ་ཆོག་ཁྱོད་ལ་འདུད།། གནོད་སྦྱིན་རིགས་འདུལ ་ཕྲིན་ལས་རང་བཞིན་སྐུ།། རྟོག་པའི་ཕྲིན་ལས་མཐར་ཕྱིན་སྐུ་མ་དག་ལྟུང་།། ཞལ་གཅིག་ཕྱག་བཞི་སྐུ་མཆོག་ཕྱག་མཚན་ལྡན།། ཕྲིན་ལས་བཞི་མཛད་རྡོ་རྗེ་པོ་ཅོན་འཛིན།། བསྡིགས་མཛུབ་གཉིས ་མཛད་ཡུམ་ལ་འཁྱུད་ཁྱོད་འདུད།། བརྐྱང་བསྐུམ་མཛད་པའི་རིགས་བཞིའི་སྦྲུལ་གྱིས་བརྒྱན།། སྟོང་གཡོགས་སྔོན་པོ་སྟག་རི་ས་ན་བཟའ་གསོལ།། ཕྲིན་ལས་ཐམས་ཅད་རྫོགས་མཛད་མཐུ་སྟོབས་ཅན།། བགེགས ་མས་འཇོམས་མཛད་བདུད་རྩི་འཁྱིལ་ཁྱོད་འདུད།། ཐོད་གྱུར་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་མ།། ཐབས་ཤེས་ཚུལ་ལྡན་ལ་ཁོརུ་ལོ་གཙོ་ལ་མཁྱུང་།། སྙིང་རྗེའི་རང་བཞིན་ངན་དམར་ཡབ་ལ་སྟོབས།། སྦལ ་ཁྲིངས་རྐྱེད་ལ་འཛུ། འཇིགས་ན་རྒྱས་འད་།། བདདུ་ད་སུ་རྫོགས་སྐང་མཇིང་ཀྱི་ས་འདྲེས། ལུགས་ལྡན་མ་པ་ལྡེགས་རློམས་དྲིམ་བུས།། བདུ ་མཛད་སྒོ་མ་བཞི་ལ་འདུད་།། རང་གི་དང་པའི་སྟོབས་ཀྱིས་སྐུལ་གྱུར་ནས།། མོས་པའི་དབང་གིས་བསྟོད་པ་འདི་བྱས་པའི།། བསོད་ནམས་ཚོགས་གྱུར་སྒྲིབ་པ་གཉིས་བྱུང་ནས།། རྒྱུད་ཤཱུལ་ལྟར་དག་སེམས་ཅན་དོན ་བྱེ་ཤོག། བསྟོད་པ་མོས་པའི་རྒྱུད་ངན་ཐུ་བ་བྱཏུལ།། མ་རིག་མུན་སེལ་དྲུག་པ་ཟླ་ཟེར་འདྲ།། དྲི་མེད་གསལ་པོ་གང་ཐོབ་སེམས་ཅན་རྣམས།། འཁོ་ལོ་ཆེན་པོའི་ལྷོ་ཞལ་མཐོང་བར་ཤོག། གནོད་སྦྱིན་གྱི་སྡེ་དཔོན ་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། ནམ་གྲུའི་རིགས་ལས་དངོས་གྲུབ་བརྙེས་པའི་ཛྙཱ་བ་རི་བྱས་མཛད་པ་རྫོགས་སོ།། ། རྒྱ་ག་རྀ་གྱི་པཎྜི་ཏ་ཆེན ་པོ་དེ་བ་པཱུརྡྷ་མ་ཏི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། པྲ་ཏི་དྱཱ་མ་མུཏྤཱ་དྷྱཱ་ནཱ་མཱ་རཀྵ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་བསྲུང་བ་ཞེས་བྱ་བ། དཔལ ་