| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ནཱ་ག་ཀུ་ལྱཱ་ཙ་རི་སྟཾ་བྷྱཱཾ་ཡ་བྷི་དྷི་ནཱ་མ། བོད་སྐད་དུ། ཀླུ་རིགས་བཞི་མནན་པའི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལོ།། གང་ཞིག་དབང་དུ་འདུས་གྱུར་པས།། ་བསྐལ་པ་བྱེ་བའི་མཐའ་རུ་ཡང་།། ལྡང་བར་མི་ནུས་བྱ་བའི་ཕྱིར།། རྡོ་རྗེ་ཅན་ལ་གུས་བཏུང་ནས། སྒྲུབ་པ་པོ་ལ་ཕྲན་གདགས་ཕྱིར།། ངོ་ཡི་མནན་པའི་ཆོ་ག་དྲན།། གསེར་ལས་བྱས་པའི་མཆོད་རྟེན་ནཱ་མ།། ཡང་ན ་རིན་ཆེན་ལཱྀ་ལས་བྱས།། ཁྲུ་གང་ཚད་ཀྱིས་མཆོད་རྟེན་པོརྩིག། བུམ་པ་ཁོང་སྟོང་བྱས་པའི་ནང་།། ཀུ་ལ་ཙ་རིའི་གཟུགས་བྱས་ཏེ།། ཁོང་སྟོང་ཕྱོགས་བཞིར་དགོད་པར་བྱ།། དེ་འོག་ཕྱོགས་བཞིའི་རྨད་དུ་ནི།། ཀུ ་ལ་ཙ་རིའི་བྲན་རྣམས་གཞུག། དེ་ནས་ལྷ་ཨཱི་རྣལ་འབྱོར་གྱིས།། ཕྲེང་བའི་སྔགས་ཀྱིས་བཟླས་པ་ལས།། སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིསོ།། བསྒྲུབ་བྱ་བཀུག་སྟེ་གཉིས་མེད་བསྟིམ།། ཡང་ན་རང་ལྷའི ་ས་བོན་ལྔས།། ཁྲོ་བོ་སྣ་ཚོགས་སྤྲོས་པ་ཡིས།། བསྒྲུབ་བྱ་བཀུ་ཀེ་ཧཱུཾ་སྒྲ་མེ་བཞིན།། མངོན་སུམ་ལྟ་བུར་ཁུགས་པར་བསམ།། ཀུ་ལ~ཾ་ཙཱ་རཱིའི་སྨྲེ་སྟོ་དུ།། རྡོ་རྗེ་རྒྱ་གྲེམ་མོ་རི་འབར།། དེ་ཡི་ལྕེ་བའི་དཀྱིལ ་དུ་ནི།། མི་འཁྲུགས་རྒྱལ་པོ་གཡོན་བརྐྱང་བསྐུམ།། ཚོ་སྐོལ་པའི་མཐེའི་རུ་གནས་པར་བསམ།། དེ་ནས་བདུད་རྩི་ལྔར་བཅས་པའི།། རང་གི་འདོད་པའི་ལྷ་ལ་དངུལ།། དམ་ལ་གནས་པར་བྱ་བའི་ཕྱིར།། སྦྲུལ ་དང་སྦལ་པའི་ཤ་དྲང་ནཱི།། གླང་དམར་བ་དམར་ལ་སོགས་པའི།། ཁྲག་ལ་སོགས་པ་རྣམས་ཀྱིས་ནི།། བསྒྲུབ་བྱ་ལུ་ནི་གཏོར་མ་སྦྱིན།། དབྱར་གྱི་ཁྱིམ་གསུམ་ཐ་མ་ཡི།། དྲུག ་གཉིས་བཞི་ཡི་ཉི་ཕྱེད་ན།། སྒྲུབ་ཁང་ཐམ་རྩའི་འོག་ཏུ་ནི།། ཤིན་ཏུ་དམ་པར་སྨྲ་བར་བྱ།། ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེ།། རབ་ཏུ་ཁྲོས་པའི་མཐུ་སྟོབས་ཀྱིས།། རཱི་རབ་ཀླུད་ལོ་བསྐོར་ནས་ནཱཾ།། དེ་འོག་ཀུ་ལ~ཾ་ཙ་རི ་ནི།། རིགས་དེ་རྣམས་ནི་མན་ནུ་བྱས་ཀྱིས།། ཐར་པ་ཡི་ནི་དུས་མེད་པར།། དམ་ཚིག་གཽ་ཉན་གྱིས་མ་འདའ་ཅིག། ཉེས་པ་འདི་ལས་མ་སྡོད་ཅིག། ལུས་འདི་རུལ་ཅིང་མྱགས་གྱུར་ནས།། སྙིང་ནི་འགེམས་ཤིང ་ཟགས་པར་བྱེད།། ཚེ་ཡི་འདུ་བྱེད་བྱས་ནས་ནི།། མཱནྡར་མུད་པར་ནི་འགྲོ་བ་ཡིན།། བྱང་ཆུབ་སེམས་བསྒྲེང་བྱམས་པའི་སེམས།། སྐྱེས་པའི་ཚེ་ན་གཏོང་བར་བྱ།། ཕྲེང་བའི་སྔགས་ནི་བརྒྱ་རྩ་བརྒྱད།། ཤིན ་ཏུ་ཁྲོས་པ་སོ་བཟླས་པར་བྱ།། མཐུ་སྟོབས་དྲག་པོའི་དྷ་རོ་ཡིས།། སྟེང་སྟབས་ཀྱིས་ཀྱང་མནན་པར་བྱ།། ངང་ཚུལ་བཟང་ཞིང་ཤེས་རབ་ཅན།། བླ་མ་ལ་གློས་གཏོང་བོང་པ།། གལ་ཏེ་རྨོངས་པས་གཞན ་དུ་སྦྱིན།། ཚ་བ་ཆེན་པོར་ཡུན་རིངས་གནས།། ཨོཾ་ནཱི་ལཱཾ་པ་ར་བཛྲ་པཱ་ཎི་ས་མཾ་ཡ་ནཱ་ག་ཀུ་ལ་ཙ་རི་ཨཽ་མཱཾ་བ་ལཱཾ་ཁ་ཧི་ཁ་ཧི་སྭཱ་ཧཱ། གཏོར་མ་སྦྱིན་པའི་སྔགས་སོ།། ཀླུ་རིགས་བཞིའི་མནན་པ་ནམ ་གྲུའི་རིགས་ལས་བྱུང་བའི་ཛཱ་པ་རི་པས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧོ་མ་བི་དྷཱ་ནཱ་མཱ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས ་