CLOSE WINDOW

GT1001: gnod sbyin gyi sde dpon chen po lag na rdo rje gos sngon po can gyi gzungs kyi sgrub thabs bdud rtsi thigs pa zhes bya ba
Wyliee-texts produced with BDRC’s OCR application

བའོ།། །། རྒྱ་གར་སྐྲ་དུ། ནཱི་ལཱཾ་བྷཱ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ཀཱལྤོ་ནཱ་མ་དྷཱ་ར་ཎི་སཱ་དྷ་ཨ་མྲྀ་ཏ་བིནྡུ། བོད་སྐ་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལཾག་ན་རྫོ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་གཡལ་ཕྱོག ་ན་རྡོ་ལ་ཕྱག་འཚུའོ།། ས་ནི་རྣམས་ནི་ས་བོན་གནས་དྲང་རྩོལ་རྐྱེན་གྱིས།། གདུག་པས་ཟིན་གྱུར་དུག་དང་ཁྲག་ནི་འདྲེས་གྱུར་པ།། ཐབས་གཞན་དུ་མས་དབྱེ་ཞིང་བསལ་བར་མི་ནུས་སྟེའང་བཟང་རྒྱལ་པོས་ཆུ་དང་འོ་མུ་འབྱེད་པ་ལྟའོ།། གདུལ་བྱ་འདུ ་ཕྱིར་དབང་བསྐུར་ཇི་སྲིད་མཉེས་གྱུར་པས།། དེས་ནི་འབྱེད་ཅིང་གསོལ་བར་ཕོད་པ་ཡིན་པ་སྟེ།། རྒྱ་མཚོར་ཞབས་ནུབ་འཇིག་རུས་མ་དཔུང་ནར་འདུག་།། གདུག་པའི་དགྲར་གྱུར་ལྕགས་འདྲིལ་དབུགསོ་ཚ་མི་ཤིགས་འཛིན།། དེ་ལ་བཏུད་ཇི་སྲིད་མཉེས། ་བྱོས་མན་ངག་བྱིས།། རང་ཉམས་མྱོང་བས་དུག་ཟོན་སྒྲུབ་པ་རྗེས་དྲན་གཟུང་།། རྒྱལ་པོ་དང་། རྐུན་པོ་དང་། སྟག་ལ་སོགས་པ་ཐང་དང་བྲལ་བའི་རི་བོ་འམ། ཡིད་དུ་འོང་བ་འདུ་འཛི་མེད་པའི་གནསུ་བྱམས་པ་དང་ལྡན་པའི་སྒྲུབ་པ་བྲོ་ཁྲུས་བྱས་ཏེ། སྟན ་བདེ་བ་ལ་འདུག་ནས།། རང་གི་སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་ན་གནས་པའི་གཾ་གཱི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང་། བླ་མ་དང་། བྱང་ཆུབ་སེ་དཾའི་རྣམས་ལ་བསྐུ། ་ནས་མཆོད་པ་རྣམས་ལྔས་ཡང་དག་པར་མཆོད། སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། དེའི་རྗེས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི་ལྔ་འདྲིས་པར་བྱའོ།། དེ་ནས་གཅིག་དྲང་དུ་མ་དང་བྲལ ་བའི་བློས་ཕྱི་ནང་གི་དངོས་པོ་ཐང་སྟོང་ཞིང་བདག་མེད་པར་བུས་མོ།། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བོཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧ~ཾ་ཞེས་བྱ་བས་མི་གཡོ་བར་བྱའོ།། དེ་ནས་པཾ་ལས་པདྨའི་ལྟོ་བ་ལ། ཨ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དབང་པོ་དང་གཉིས་ཀྱི་སྟེང་དུ་བསམ་སྟེ ་ཡི་གེ་ཧཱུཾ་རིང་པོའི་སྒྲ་དང་བཅས་པ་འོད་འཕྲོས་པ་ལས་ཁྲོ་བོའི་རྡོ་རྩེ་ལྔ་པ་བསམ་སྟེ། དྲིའི་འོད་ཟེར་གྱིས་ཕྱོ་ཊ་བཧཱུ~ཾ་གི་གཱ་ཀླུ་གྲི་བྱེ་མ་སྙེད་འབུམ་ཕྲགི་སངྱས་རྣམ་སྤྱན་དྲངས་ལ། དེའི་འོད་ཟེར་དེ་ཉིད་ཐིམ་སྟེ། དེ་ཡོངསུ་གྱུར་པ་ལས། སངྱས་གོ་སྔོན་པོ་ཅན། ཞལ་གསུཾ ་ཕྱག་དྲུག་དང་ལྡན་པ། ཞབས་གཡོན་བརྐྱང་བ། གཡས་བསྐུམ་པ། སྐུ་མདོག་མཐིང་ནག་ཏུ་འདུག་པོ། སྤྱན་གསུམ་མོའི་ཕུང་པོ་འདྲ་བ། དབུ་སྐྲ་ཁྱམ་པ་གྱེན་དུ་བིཛྲས་པ། རལ་པའི་ཅོད་པན་ལ། སྦྲུལ་མགོ་བརྒྱད་ཀྱི་ཅོད་པན་ཡོད་པ། སྨིན་མི་དང་དཔྲལ་བའི་མཚམ་པ། ་སུ་ཁྱོ་གཉེར་བསྡུས་པ། ལྕགས་འདྲིལ་ཞིང་མཆེ་བ་གཙིགས་པ། ཁ་བླངས་ཚ་ཞིང་འ་རོའི་སྒྲ་འབྱུང་བ། དེའི་དཀྱིལ་ན་སངྱས་མི་བསྐྱོད་པ་སྐྱོ་མདོག་སྔོན་པོ་གཡོན་བརྐྱང་བས་བཞུགས་པ། གདུག་པ་ཞལ་མནན་ན་སྡིག་མཛུབ་མཛད་པ་ཅན་ནོ།། ལྟོ་བ་ཡངས། ་ཤིང་གསུས་པའི་སྨད་འཁྱིལ་བ། ཞལ་གཡས་དུང་དང་འདྲ་བ། གཡོན་པདྨ་རཱ་ག་འདྲ་བ། དབུས་སྐུ་དང་མཐུན་པ། ཟླ་བའི་དཀྱིལ་འཁོར་ལྟར་རྒྱས་པའོ།། ་ཕྱག་དང་པོ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་སྡིགས་མཛུབ་མཛད་པ། བར་མ་གཉིས་ཐུལ་མོ་བརྡེབས་པའི་སྒྲ་སྒྲོགས་པ། ཐ་མ་གཉིས་སྦྲུལྔ་གདུག་པའི་རྐང་པ་ནུས་བཟུང་ཞིང་མགོ་ནས་ཟ་བའོ།། ་རིང་གི་སྙིང་ཁར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་དང་ལྡན་པའི་ཡི་གེ་ཧཱུཾ་དང་ལྡན་པའོ།། གོས་སྔོན་པོའི་སྟོང་གཡོགས་དང་། ཤམ་ཐབས་སྟག་གི་རིས་པ་ཅན་མནབས་པའོ།། ལྟ་བ་ཕྱིན་ཅི་ལོག་ཐམས ་ཅད་ཀྱི་གཞུང་འཇོམས་པའི་རྟག་སུ་ཉི་མ་དང་ཟླ་བའི་སྟེང་ན་བཞུགས་པ། ཚངས་པ་དང་བརྒྱ་བྱིན་གྱི་སྟེང་ན་རིགས་བཞིའི་ཀླུ་ཡེས་རྒྱན་དུ་བྱས་པ་ནི་དགའ་བོ་དང་ཉེ་དགའ་འབར་བས་སྙོན་ཆ་བྱས་པ། ལག ་པ་དང་དཔུང་པ་དང་པདྨ་དང་ཆུ་ལྷས་བརྒྱན་པ། སྟོབས་ཀྱི་རྒྱུ་དང་རིགས་ལྡན་ཁར་ཟ་བའི་སྐ་རགས་ཅན་ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལཾ་བརྒྱན་ཅིང་རྒྱན་དུ་བྱས་པ་ནི་སེར་པོ་དང་དམར་པོ་དང་དཀར་པོ་དང ་ནག་པོ་སྟེ། རིན་པོ་ཆེ་སྤྱི་བོའི་སྟེང་ན་ཡོད་པའོ།། དེ་ལྟར་བདུད་ལ་སོགས་པ་བརླག་པར་བྱེད་པ་ཅན་དུ་བདག་ཉིད་རྣམ་པར་བསམ་མོ།། དེ་ནིས་རང་གི་སྙིང་ཁའི་ཧཱུཾ་ལས་འོད་འཕྲོས་པས ་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སྙིང་ཁ་ལས་འཕྲོས་པའི་འོད་ཟེར་གྱིས་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཛཿཧཱུཾ་བཾ་ཧོཿབཞིས་དགུག་པ་དང་། གཞུག་པ ་དང་བཅིང་བ་དང་། ཐཱ་མི་དད་པའི་ཕྱི་རི་དབང་དུ་བྱའོ།། དེའི་རྗེས་ལ་སངས་རྒྱས་ག~ཾ་གཱ་ཀླུང་གིས་སྐྲ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་དང་། ཨཱཿདང་། ཧཱུཾ་མཐིང་ཁ་དང་། ་དམར་པོ་དང་། དཀར་པོའི་རིམ་པས་སྤྱི་བོ་དོང་སྙིང་ཁ་དང་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་བས་མོ།། དེ་ནས་དུས་གསུམ་གྱི་སངས་རྒྱས་ལག་ན་བདུད་རྩིའི་བུམ་པ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པྲཱ་\ུ0f7fརཱི་དབང་བསྐུའོ།། ་དེ་ནས་ཇི་སྲིད་སྐྱེ་བར་མ་གྱུར་གྱི་བོར་དུ་བསྒོམ་པར་བྱའོ།། སྐྱོ་བར་གྱུར་ན་སངས་རྒྱས་གཾ་གཱི་ཀླུང་གིས་རྗེ་སུ་གནང་བའི་གཟུངས་ཀྱི་ཕྲེང་བ་ཁོ་ན་བཟླས་པར་བྱ་སྟེ། ཉུང་ངུ་འདོད་པ་རྣམས་ཀྱིས་ནི། ཨོཾ་ནཱི་ལཱཾ་བྷཻ་ར ་དྷཱདྷརཱ་བཛྲ་པཱ་ཎི་ཧྲི་ང་ཡཱ་མཱ་ཧཱ་ཀྲོ་དྷ་སཱ་དྷ་ཧཱུཾ་ཕཊ། ཞེས་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཅོག་པའོ།། ངག་གྲི་བརྗོད་པས་ཀྱང་སྨྱོ་བར་གྱུར་ན་ཨོཾ་ཨོ་ཀཱ་རོ་མུ་ཁཱི། ཞེས་བྱཱ་བཱ་ལ་སོགས་བས་གཏོར ་མུ་ཉེ་བར་ཕུལ་ཏེ། རྡོ་རྗེ་སེམས་དཔའི་སྙིང་པོས་ལྷུག་པ་དང་མ་ཆིང་བ་དག་པར་བྱའོ།། དེ་ནས་ལྡང་བར་འདོད་ན་ཡེ་ཤེས་སེམས་དཔའ་ཕྱུང་སྟེ། ཡང་དག་པར་མཆོད་ལ་ཨོཾ་ཏྲི་ཏོ་ཝི་ཞེས་བྱ་བའི་སྔགས ་ཀྱིས་གཤེགསུ་གསོལོ།། དེ་ནས་དེའི་ང་རྒྱལ་གྱིས་ལྡང་བར་བྱའོ།། བླ་མ་མཉེས་བྱས་དང་ལྡན་སྙིང་རྗེར་བཅས། བརྩོན་འགྲུས་དྲག་ལྡན་བརྟན་བློ་ཅན།། སྐད་ཅིག་ཙམ་ཡང་གཉིད་ནི་ལོག་པ ་མིམ། དེ་བཞིན་གཉིད་ལས་རྒྱལ་བྱེད་ཤེས་རབ་ཀྱིས།། ཏཀྵ་ཀ་ཡིས་ཟིན་པར་གྱུར་པ་ཡོང་།། ཟླ་བ་དྲུག་གིསཽ་ངེས་པརྱ་བཟུང་འགྱུར་ཟློག། བླ་མ་ལ་གུས་བརྩེ་བས་བདུད་རྩི་ཐིགས་པ་ལྷུང་།། བདག་གིས་བླངས་ཏེ ་མིད་པས་ལུས་རྒྱས་ཏེ།། ལུས་རྒྱས་སྟོབས་ཀྱིས་སྒྲུབ་པོ་རྗེས་གཟུང་སྒྲུབ་ཐབས་དྲན།། བསོད་ནམས་གང་ཡོད་སྒྲུབ་པོའི་རྟོག་པའི་ནང་མེད་ཤོག། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས།། ་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོ་ནི་ཛཱ་བ་རི་བས་མཛད་པ་རྫོགས་སོ།། ། ་བལ་པོའི་མཁན་པོ་དེ་བ་པཱུ་རྣ་མ་ཏི་དང་།། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ། ་