| Wylie | e-texts based on the ACIP/ALL Input |
@##། །རྒྱ་གར་སྐད་དུ། །བིཾ་ཤ་ཏྱུ་བ་སརྒྷཱ་བྲྀཏྟི་ནཱ་མ། བོད་སྐད་དུ། ཉེ་བར་སྒྱུར་བ་ཉི་ཤུ་པའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རབ་དང་མཆོག་དང་ལྷག་པར་དང་། ཡང་དག་པར་དང་། རྗེས་སུ་དང་། ཕུལ་དུ་དང་། བྲལ་བ་དང་། ངན་པ་དང་། ་རྣམ་པར་དང་། ལེགས་པར་དང་། ངེས་པར་དང་། ཤིན་ཏུ་དང་། སླར་དང་། དག་པར་དང་། བདེ་བར་དང་། མཐོ་བར་དང་། མངོན་པར་དང་། སོ་སོར་དང་བཅས་པའི་མཚན་ཉིད་བྱའོ། །ཡོངས་སུ་དང་། ཉེ་བར་དག་གིས་ཀྱང་མཚན་ཉིད་ཙམ་མོ། །ཉེ་བར་སྒྱུར་བ་ཉི་ཤུ་པ་དེ་རྣམས་ཀྱི་མདོའི་འགྲེལ་པ་མངོན་པར ་བརྗོད་པར་བྱ་སྟེ། རབ་ནི་ལས་དང་པོ་པ་དང་། སྟོབས་རྒྱལ་དང་། སྦྱིན་པའི་སྒྲ་དང་། མངའ་བདག་སྦྱིན་དང་། འབྱུང་བ་དང་། སྦྱོར་བ་དང་། འབྲལ་བ་དང་། ཚིམ་པ་དང་། གཙང་བ་དང་། འདོད་པ་དང་། ནུས་པ་དང་། ཞི་བ་དང་། མཆོད་པ་དང་། མཆོག་དང་། ལྟ་བ་རྣམས་སོ། །རབ་ཅེས་བྱ་བའི་སྒྲ་ནི་དོན་བཅོ ་ལྔ་པོ་དེ་རྣམས་ལ་འཇུག་གོ། །ལས་དང་པོ་པ་ལ་རབ་ཏུ་ལས་དང་པོ་པ་དང་། སྟོབས་རྒྱལ་ལ་རབ་ཏུ་སྟོབས་རྒྱལ་དང་། སྦྱིན་པའི་སྒྲ་ལ་རབ་ཏུ་སྦྱིན་པའི་སྒྲ་དང་། མངའ་བདག་སྦྱིན་ལ་རབ་ཏུ་མངའ་བདག་སྦྱིན་དང་། འབྱུང་བ་ལ་གངས་ཅན་ལས་གང་གཱ་རབ་ཏུ་འབྱུང་བར་འགྱུར་བ་དང་། སྦྱོར་བ་ལ་རབ་ཏུ་སྦྱོར་བ་དང་། ་འབྲལ་བ་ལ་རབ་ཏུ་འབྲལ་བ་དང་། ཚིམ་པ་ལ་རབ་ཏུ་ཚིམ་པ་དང་། གཙང་བ་ལ་རབ་ཏུ་གཙང་བའི་ཆུ་དང་། འདོད་པ་ལ་རབ་ཏུ་འདོད་པའི་རྒྱལ་པོ་དང་། ནུས་པ་ལ་རབ་ཏུ་ནུས་པ་དང་། ཞི་བ་ལ་རབ་ཏུ་ཞི་བ་དང་། མཆོད་པ་ལ་རབ་ཏུ་མཆོད་པའི་མེ་དང་། མཆོག་ལ་རབ་ཏུ་སྦོམ་པའི་ཤིང་མཆོག་དང་། ལྟ་བ་ལ་རབ ་ཏུ་ལྟ་བའོ། །མཆོག་ནི་གསོད་པ་དང་། བྱི་དོར་དང་། གཤེགས་པ་དང་། རྣམ་པར་གནོན་པ་དང་། འཕེལ་བ་དང་། རྒྱལ་བ་དང་། གཙོ་བོ་དང་། མཐུན་པ་དང་། མི་མཐུན་པ་རྣམས་ལའོ། །མཆོག་ཅེས་པའི་ཉེ་བར་སྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ། །གསོད་པ་ལ་མཆོག་ཏུ་གསོད་པ་དང་། བྱི་དོར་ལ ་མཆོག་ཏུ་བྱི་དོར་དང་། གཤེགས་པ་ལ་མཆོག་ཏུ་གཤེགས་པ་དང་། རྣམ་པར་གནོན་པ་ལ་མཆོག་ཏུ་རྣམ་པར་གནོན་པ་དང་། འཕེལ་བ་ལ་མཆོག་ཏུ་འཕེལ་བ་དང་། རྒྱལ་བ་ལ་མཆོག་ཏུ་རྒྱལ་བ་དང་། གཙོ་བོ་ལ་མཆོག་ཏུ་གཙོ་བོ་དང་། མཐུན་པ་ལ་མཆོག་ཏུ་མཐུན་པ་དང་། མི་མཐུན་པ་ལ་མཆོག་ཏུ་མི ་མཐུན་པའོ། །ལྷག་པར་ནི་ཆར་འབབ་པ་དང་། འཕེན་པ་དང་། འཕྲོག་པ་དང་། དགྱེས་པ་དང་། སྟོན་པ་དང་། རྣམ་པར་འགྱུར་བ་དང་། སྡིག་སྦྲུལ་དང་། རྟོགས་པ་རྣམས་ལའོ། །ལྷག་པར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བརྒྱད་པོ་དེ་རྣམས་ལ་འཇུག་གོ། །ཆར་འབབ་པ་ལ་ལྷག་པར ་གྲོང་ཁྱེར་གནས་བཅས་ནས་ཆར་འབབ་པ་དང་། འཕེན་པ་ལྷག་པར་འཕེན་པ་དང་། འཕྲོག་པ་ལ་ལྷག་པར་འཕྲོག་པ་དང་། དགྱེས་པ་ལ་ལྷག་པར་དགྱེས་པ་དང་། སྟོན་པ་ལ་ལྷག་པར་སྟོན་པ་དང་། རྣམ་པར་འགྱུར་བ་ལ་ལྷག་པར་རྣམ་པར་འགྱུར་བ་དང་། སྡིག་སྦྲུལ་ལ་ལྷག་པར་སྡིག་སྦྲུལ་ལས་དང་། རྟོགས ་པ་ལ་ལྷག་པར་རྟོགས་པའོ། །ཡང་དག་པར་ནི་སྦྱོར་བ་དང་། རིགས་པ་དང་། གསོང་པོར་སྨྲ་བ་དང་། སྐྱེ་བ་དང་། བདེན་པ་དང་། བྱེད་པ་དང་། བཀྲམ་པ་དང་། བརྒྱན་པ་དང་། མངོན་དུ་ཕྱོགས་པ་དང་། དོར་བ་དང་། གྲུབ་པ་དང་། སྡང་བ་དང་། འཛིན་པ་རྣམས་ལའོ། །ཡང་དག་ཅེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ ་གསུམ་པོ་དེ་རྣམས་ལ་འཇུག་གོ། །སྦྱོར་བ་ལ་ཡང་དག་པར་སྦྱོར་བ་དང་། རིགས་པ་ལ་ཡང་དག་པར་རིགས་པ་དང་། གསོང་པོར་སྨྲ་བ་ལ་ཡང་དག་པར་གསོང་པོར་སྨྲ་བ་དང་། སྐྱེ་བ་ལ་ཡང་དག་པར་སྐྱེ་བ་དང་། བདེན་པ་ལ་ཡང་དག་པར་བདེན་པ་དང་། བྱེད་པ་ལ་ཡང་དག་པར་བྱེད་པ་དང་། བཀྲམ་པ་ལ ་ཡང་དག་པར་བཀྲམ་པ་དང་། བརྒྱན་པ་ལ་ཡང་དག་པར་བརྒྱན་པ་དང་། མངོན་དུ་ཕྱོགས་པ་ལ་ཡང་དག་པར་མངོན་དུ་ཕྱོགས་པ་དང་། དོར་བ་ལ་ཡང་དག་པར་དོར་བ་དང་། གྲུབ་པ་ལ་ཡང་དག་པར་གྲུབ་པ་དང་། སྡང་བ་ལ་ཡང་དག་པར་སྡང་བ་དང་། འཛིན་པ་ལ་ཡང་དག་པར་འཛིན་པའོ། །རྗེས་སུ་ནི་གནས ་དང་། ཉེ་བ་དང་། ཁ་དོག་དང་། འབྲེལ་པ་དང་། གནང་ནས་འགྲོ་བ་དང་། མཚུངས་པ་དང་། མངོན་པར་མཐོ་བ་དང་། མཚོན་པ་དང་། དམན་པ་རྣམས་ལའོ། །རྗེས་སུ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ། །གནས་ལ་རྗེས་སུ་གྲོང་ཁྱེར་པཱ་ཊ་ལི་པུ་ཏྲར་གནས་དང་། ཉེ་བ་ལ་རྗེས་སུ་སྤྲིན་ནི ་གང་གཱ་ལ་ཉེ་བ་དང་། ཁ་དོག་ལ་རྗེས་སུ་ཁ་དོག་གདོན་པ་དང་། འབྲེལ་པ་ལ་རྗེས་སུ་འབྲེལ་པ་དང་། གནང་ནས་འགྲོ་བ་ལ་རྗེས་སུ་གནང་ནས་འགྲོ་བ་དང་། མཚུངས་པ་ལ་རྗེས་སུ་མཚུངས་པ་དང་། མངོན་པར་མཐོ་བ་ལ་རྗེས་སུ་མངོན་པར་མཐོ་བ་དང་། མཚོན་པ་ལ་རྗེས་སུ་མཚོན་པ་དང་། དམན་པ་ལ་རྗེས ་སུ་དམན་པ་ནགས་ཀྱི་སྤོས་འཚོང་བའོ། །ཕུལ་དུ་ནི་ཤེས་པ་དང་། དམིགས་པ་དང་། བྱང་བ་དང་། རྙེད་པ་དང་། ཁྱབ་པ་དང་། དགའ་བ་དང་། གྲོལ་བ་རྣམས་ལའོ། །ཕུལ་དུ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བདུན་པོ་དེ་རྣམས་ལ་འཇུག་གོ། །ཤེས་པ་ལ་ཕུལ་དུ་ཤེས་པ་དང་། དམིགས་པ་ལ་ཕུལ་དུ ་དམིགས་པ་དང་། བྱང་བ་ལ་ཕུལ་དུ་བྱང་བ་དང་། རྙེད་པ་ལ་ཕུལ་དུ་རྙེད་པ་དང་། ཁྱབ་པ་ལ་ཕུལ་དུ་ཁྱབ་པ་དང་། དགའ་བ་ལ་ཕུལ་དུ་དགའ་བ་དང་། གྲོལ་བ་ལ་ཕུལ་དུ་གྲོལ་བའོ། །བྲལ་བ་ནི་སྦྱོར་བ་དང་། ལུགས་དང་། སྒྱུ་དང་། ཏྲི་མ་དང་། ངེས་པ་དང་། ཕྱོགས་དང་། རིམ་པ་དང་། ཁྱད་པར་རྣམས ་ལའོ། །བྲལ་བ་ཞེས་པའི་སྒྲ་ནི་དོན་བརྒྱད་པོ་དེ་རྣམས་ལ་འཇུག་གོ། །སྦྱོར་བ་ལ་སྦྱོར་བྲལ་དང་། ལུགས་ལ་ལུགས་བྲལ་དང་། སྒྱུ་ལ་སྒྱུ་བྲལ་དང་། དྲི་མ་ལ་དྲི་བྲལ་དང་། ངེས་པ་ལ་ངེས་བྲལ་དང་། ཕྱོགས་ལ་ཕྱོགས་བྲལ་དང་། རིམ་པ་ལ་རིམ་བྲལ་དང་། ཁྱད་པར་ལ་ཁྱད་པར་དང་བྲལ་བའོ། །ངན་པ་ནི ་བཟུང་བ་དང་། སྟོབས་དང་། ཁ་དོག་དང་། འགྲོ་བ་དང་། ཐོབ་པ་རྣམས་ལའོ། །ངན་པ་ཞེས་པའི་ཉེ་བར་སྒྱུར་བའི་དོན་ལྔ་པོ་དེ་རྣམས་ལ་འཇུག་གོ། །བཟུང་ལ་བཟུང་བ་ངན་པ་དང་། སྟོབས་ལ་སྟོབས་ངན་པ་དང་། ཁ་དོག་ལ་ཁ་དོག་ངན་པ་དང་། འགྲོ་བ་ལ་ངན་འགྲོ་དང་། ཐོབ་པ་ལ་ངན་པ་ཐོབ་པའོ། །རྣམ ་པར་ནི་སྣ་ཚོགས་པ་དང་། སྦྱོར་བ་དང་། གཏོར་བ་དང་། འཇིགས་པ་དང་། རིང་བ་དང་། དག་པའི་སྒྲ་དང་། རྩོད་པ་དང་། འབྱོར་པ་དང་། རྨོངས་པ་དང་། འབྱེད་པ་དང་། འཕགས་པ་དང་། ངན་པ་དང་། འཁྲུགས་པ་དང་། མ་མཐོང་བ་དང་། འཁྲུལ་པ་དང་། ཉམས་པ་དང་། གཟིགས་པ་དང་། བགྲོད ་པ་རྣམས་ལའོ། །རྣམ་པར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅོ་བརྒྱད་པོ་དེ་རྣམས་ལ་འཇུག་གོ། །སྣ་ཚོགས་ལ་རྣམ་པ་སྣ་ཚོགས་དང་། སྦྱོར་བ་ལ་རྣམ་པར་སྦྱོར་བ་དང་། གཏོར་བ་ལ་རྣམ་པར་གཏོར་བ་དང་། འཇིགས་པ་ལ་རྣམ་པར་འཇིགས་པ་དང་། རིང་བ་ལ་རྣམ་པར་རིང་བ་དང་། དག་པའི་སྒྲ་ལ་རྣམ ་པར་དག་པའི་སྒྲ་དང་། རྩོད་པ་ལ་རྣམ་པར་རྩོད་པ་དང་། འབྱོར་པ་ལ་རྣམ་པར་འབྱོར་པ་དང་། རྨོངས་པ་ལ་རྣམ་པར་རྨོངས་པ་དང་། འབྱེད་པ་ལ་རྣམ་པར་འབྱེད་པ་དང་། འཕགས་པ་ལ་རྣམ་པར་འཕགས་པ་དང་། ངན་པ་ལ་རྣམ་པར་ངན་པ་དང་། འཁྲུགས་པ་ལ་རྣམ་པར་འཁྲུགས་པ་དང་། མ་མཐོང་བ་ལ་རྣམ ་པར་མ་མཐོང་བ་དང་། འཁྲུལ་པ་ལ་རྣམ་པར་འཁྲུལ་པ་དང་། ཉམས་པ་ལ་རྣམ་པར་ཉམས་པ་དང་། གཟིགས་པ་ལ་རྣམ་པར་གཟིགས་པ་དང་། བགྲོད་པ་ལ་རྣམ་པར་བགྲོད་པའོ། ། ལེགས་པར་ནི་ཐོབ་པ་དང་། ཞེན་པ་དང་། བཅིངས་པ་དང་། གཡོ་བ་དང་། གསུངས་པ་དང་། ་འཁྱུད་པ་དང་། གྲགས་པ་དང་། གཡོ་སྒྱུ་དང་། འཚེ་བ་དང་། རྩོམ་པ་བྱེད་པ་དང་། འཕྱང་བ་དང་། གནས་པ་དང་། མ་བསྐལ་པ་དང་། དབུགས་འབྱིན་པ་དང་། མགྲོན་དུ་གཉེར་བ་དང་། དགའ་བ་དང་། འཆད་པ་དང་། སྦྱིན་པ་དང་། ཡིད་འབྱུང་བ་དང་། དག་བྱེད་དང་། སྟོབས་འགྱེད་དང་། ཡིད་ལ ་སེམས་པ་དང་། ཐུ་བ་དང་། མཚར་བ་དང་། རབ་ཏུ་གནས་པ་དང་། གཏན་ལ་འབེབས་པ་དང་། ནུས་པ་དང་། བདག་གི་སྦྱིན་པ་རྣམས་ལའོ། །ལེགས་པར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་ལ་འཇུག་གོ། །ཐོབ་པ་ལ་ལེགས་པར་ཐོབ་པ་དང་། ཞེན་པ་ལེགས་པར་ཞེན་པ་དང་། བཅིངས ་པ་ལ་ལེགས་པར་བཅིངས་པ་དང་། གཡོ་བ་ལ་ལེགས་པར་གཡོ་བ་དང་། གསུངས་པ་ལ་ལེགས་པར་གསུངས་པ་དང་། འཁྱུད་པ་ལ་རྣམ་པར་འཁྱུད་པ་དང་། གྲགས་པ་ལ་ལེགས་པར་གྲགས་པ་དང་། གཡོ་སྒྱུ་བ་ལ་ལེགས་པར་གཡོ་སྒྱུ་བ་དང་། འཚེ་བ་ལ་ལེགས་པར་འཚེ་བ་དང་། རྩོམ་པ་བྱེད་པ་ལ་ལེགས ་པར་རྩོམ་པ་བྱེད་པ་དང་། འཕྱང་བ་ལ་ལེགས་པར་འཕྱང་བ་དང་། གནས་པ་ལ་ལེགས་པར་གནས་པ་དང་། མ་བསྐལ་བ་ལ་ལེགས་པར་མ་བསྐལ་བ་དང་། དབུགས་འབྱིན་པ་ལ་ལེགས་པར་དབུགས་འབྱིན་པ་དང་། མགྲོན་དུ་གཉེར་བ་ལ་ལེགས་པར་མགྲོན་དུ་གཉེར་བ་དང་། དགའ་བ་ལ་ལེགས་པར་དགའ ་བ་དང་། འཆད་པ་ལ་ལེགས་པར་འཆད་པ་དང་། སྦྱིན་པ་ལ་ལེགས་པར་སྦྱིན་པ་དང་། ཡིད་འབྱུང་བ་ལ་ལེགས་པར་ཡིད་འབྱུང་བ་དང་། དག་བྱེད་ལ་ལེགས་པར་དག་བྱེད་དང་། སྟོབས་འགྱེད་ལ་ལེགས་པར་སྟོབས་འགྱེད་དང་། ཡིད་ལ་སེམས་པ་ལ་ལེགས་པར་ཡིད་ལ་སེམས་པ་དང་། ཐུ་བ་ལ་ལེགས ་པར་ཐུ་བ་དང་། མཚར་བ་ལ་ལེགས་པར་མཚར་བ་དང་། རབ་ཏུ་གནས་པ་ལ་ལེགས་པར་རབ་ཏུ་གནས་པ་དང་། གཏན་ལ་འབེབས་པ་ལ་ལེགས་པར་གཏན་ལ་འབེབས་པ་དང་། ནུས་པ་ལ་ལེགས་པར་ནུས་པ་དང་། བདག་གི་སྦྱིན་པ་ལ་ལེགས་པར་བདག་གི་སྦྱིན་པའོ། །ངེས་པར་ནི་བཞུགས་པ་དང་། སྤུངས ་པ་དང་། བཟུང་བ་དང་། ལྟུང་བ་དང་། ཉམས་པ་དང་། སྦྱིན་པའི་ལས་དང་། ཕྲད་པ་དང་། མཐོ་བ་དང་། སྤྲེལ་བ་དང་། མཁས་པ་དང་། ཟུག་རྔུ་བསལ་བ་དང་། ཉེ་བ་དང་། ཐར་པ་དང་། བརྟེན་པ་རྣམས་ལའོ། །ངེས་པར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་བཞི་པོ་དེ་རྣམས་ལ་འཇུག་གོ། །བཞུགས་པ་ལ ་ངེས་པར་བཞུགས་པ་དང་། སྤུངས་པ་ལ་ངེས་པར་སྤུངས་པ་དང་། བཟུང་བ་ལ་ངེས་པར་བཟུང་བ་དང་། ལྟུང་བ་ལ་ངེས་པར་ལྟུང་བ་དང་། ཉམས་པ་ལ་ངེས་པར་ཉམས་པ་དང་། སྦྱིན་པའི་ལས་ལ་ངེས་པར་སྦྱིན་པའི་ལས་དང་། ཕྲད་པ་ལ་ངེས་པར་ཕྲད་པ་དང་། མཐོ་བ་ལ་ངེས་པར་མཐོ་བ་དང་། སྦྲེལ་བ་ལ་ངེས་པར ་སྦྲེལ་བ་དང་། མཁས་པ་ལ་ངེས་པར་མཁས་པ་དང་། ཟུག་རྔུ་བསལ་བ་ལ་ངེས་པར་ཟུག་རྔུ་བསལ་བ་དང་། ཉེ་བ་ལ་ངེས་པར་དུས་ལ་ཉེ་བ་དང་། ཐར་པ་ལ་ངེས་པར་ཐར་པ་དང་། བརྟེན་པ་ལ་ངེས་པར་བརྟེན་པའོ། །ཤིན་ཏུ་ནི་དབང་བྱེད་པ་དང་། བྱིན་གྱིས་བརླབས་པ་དང་། ཀློགས་པ་དང་། དབང་ཕྱུག་དང་། ་དྲན་པ་དང་། བཀའ་སྩལ་པ་རྣམས་ལའོ། །ཤིན་ཏུ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་དྲུག་པོ་དེ་རྣམས་ལ་འཇུག་གོ། །དབང་དུ་བྱེད་པ་ལ་ཤིན་ཏུ་ཆོ་གས་དབང་དུ་བྱེད་པ་དང་། བྱིན་གྱིས་བརླབས་པ་ལ་ཤིན་ཏུ་བྱིན་གྱིས་བརླབས་པ་དང་། ཀློག་པ་ལ་ཤིན་ཏུ་བརྡ་སྤྲོད་པ་ཀློག་པ་དང་། དབང་ཕྱུག་ལ་ཤིན་ཏུ་དབང་ཕྱུག་དང་། ་དྲན་པ་ལ་ཤིན་ཏུ་མགྲོན་དྲན་པ་དང་། བཀའ་སྩལ་པ་ལ་ཤིན་ཏུ་བཀའ་སྩལ་པའོ། །སླར་ནི་འབྱུང་བ་དང་། འགྲུབ་པ་དང་། སྙོམས་པ་དང་། བསྡུས་པ་དང་། སྨོད་པ་དང་། ཤིས་པ་དང་། གཤིག་པ་དང་། བརྒྱན་པ་དང་། འདྲི་བ་རྣམས་ལའོ། །སླར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ། །འབྱུང་བ་ལ་སླར་འབྱུང་བ ་དང་། འགྲུབ་པ་ལ་སླར་འགྲུབ་པ་དང་། སྙོམས་པ་ལ་སླར་སྙོམས་པ་དང་། བསྡུས་པ་ལ་སླར་བསྡུས་པ་དང་། སྨོད་པ་ལ་སླར་སྨོད་པ་དང་། ཤིས་པ་ལ་སླར་ཤིས་པ་དང་། གཤིག་པ་ལ་སླར་གཤིག་པ་དང་། བརྒྱན་པ་ལ་སླར་བརྒྱན་པ་དང་། འདྲི་བ་ལ་སླར་འདྲི་བའོ། །དག་པ་ནི་བསམ་པ་དང་། དཀའ་ཐུབ་དང་། ་གཤེགས་པ་དང་། རིམ་པ་དང་། ཆར་སྤྲིན་རྣམས་ལའོ། །དག་པ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་ལྔ་པོ་དེ་རྣམས་ལ་འཇུག་གོ། །བསམ་པ་ལ་དག་པའི་བསམ་པ་དང་། དཀའ་ཐུབ་ལ་དག་པའི་དཀའ་ཐུབ་དང་། གཤེགས་པ་ལ་དག་པར་གཤེགས་པ་དང་། རིམ་པ་ལ་དག་པའི་རིམ་པ་དང་། ཆར་སྤྲིན་ལ་དག་པའི ་ཆར་སྤྲིན་ནོ། ། བདེ་བར་ནི་མཆོད་པ་དང་། གདུང་བ་དང་། རྗེས་སུ་འདོད་པ་དང་། ཚོགས་པ་དང་། དཀའ་བ་སྤྱོད་པ་རྣམས་ལའོ། ། བདེ་བར་ཞེས་པའི་ཉེ་བར་སྒྱུར་བ་ནི། དོན་ལྔ་པོ་དེ་རྣམས་ལ་འཇུག་གོ། །མཆོད་པ་ལ་བདེ་བར་མཆོད་པ་དང་། གདུང་བ་ལ་བདེ་བར་གདུང་བ་དང་། ་རྗེས་སུ་འདོད་པ་ལ་བདེ་བར་རྗེས་སུ་འདོད་པ་དང་། ཚོགས་པ་ལ་བདེ་བར་ཚོགས་པ་དང་། དཀའ་བ་སྤྱོད་པ་ལ་བདེ་བར་དཀའ་བ་སྤྱོད་པའོ། །མཐོ་བ་ནི་སྟོབས་དང་། སྦྱོར་བ་དང་། རྙེད་པ་དང་། སྤྱི་བོ་དང་། ངག་དང་། སྤྲོ་བ་དང་། འཆར་བ་དང་། འབངས་དང་། བཅིངས་པ་དང་། གཙོ་བོ་དང་། འཛིན་པ་རྣམས ་ལའོ། །མཐོ་བ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཅིག་པོ་དེ་རྣམས་ལ་འཇུག་གོ། །སྟོབས་ལ་མཐོ་བའི་སྟོབས་དང་། སྦྱོར་བ་ལ་མཐོ་བའི་སྦྱོར་བ་དང་། རྙེད་པ་ལ་མཐོ་བའི་རྙེད་པ་དང་། སྤྱི་བོ་ལ་མཐོ་བའི་སྤྱི་བོ་དང་། ངག་ལ་མཐོ་བའི་ངག་དང་། སྤྲོ་བ་ལ་མཐོ་བའི་སྤྲོ་བ་དང་། འཆར་བ་ལ་མཐོ་བའི་འཆར་བ་དང་། ་འབངས་ལ་མཐོ་བའི་འབངས་དང་། བཅིངས་པ་ལ་མཐོ་བར་བཅིངས་པ་དང་། གཙོ་བོ་ལ་མཐོ་བའི་གཙོ་བོ་དང་། འཛིན་པ་ལ་མཐོ་བར་འཛིན་པའོ། །མངོན་པར་ནི་མཆོད་པ་དང་། ཕྱོགས་པ་དང་། བཅོམ་པ་དང་། འདྲ་བ་དང་། སྦྱོར་བ་དང་། འདོད་པ་དང་། དགའ་བ་དང་། སྒེག་པ་དང་། འཐས་པ་དང་། ་རྗོད་པ་དང་། རྐུ་བ་དང་། གཏན་ལ་འབེབས་པ་རྣམས་ལའོ། །མངོན་པར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཉིས་པོ་དེ་རྣམས་ལ་འཇུག་གོ། །མཆོད་པ་ལ་མངོན་པར་མཆོད་པ་དང་། ཕྱོགས་པ་ལ་མངོན་པར་ཕྱོགས་པ་དང་། བཅོམ་པ་ལ་མངོན་པར་བཅོམ་པ་དང་། འདྲ་བ་ལ་མངོན་པར་འདྲ་བ་དང་། སྦྱོར ་བ་ལ་མངོན་པར་སྦྱོར་བ་དང་། འདོད་པ་ལ་མངོན་པར་འདོད་པ་དང་། དགའ་བ་ལ་མངོན་པར་དགའ་བ་དང་། སྒེག་པ་ལ་མངོན་པར་སྒེག་པ་དང་། འཐས་པ་ལ་མངོན་པར་འཐས་པ་དང་། རྗོད་པ་ལ་མངོན་པར་རྗོད་པ་དང་། རྐུ་བ་ལ་མངོན་པར་རྐུ་བ་དང་། གཏན་ལ་འབེབས་པ་ལ་མངོན་པར་གཏན་ལ་འབེབས་པའོ། ། ་སོ་སོར་ནི་མཚུངས་པ་དང་། ལེན་པ་དང་། འཚེ་བ་དང་། སྩོལ་བ་དང་། ཕན་ཚུན་དང་། གླང་པོ་དང་། གནོན་པ་དང་། ནད་དང་། འགྲོ་བ་དང་། འཕྲོ་བ་དང་། སྒྲིབ་པ་རྣམས་ལའོ། །སོ་སོར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཅིག་པོ་དེ་རྣམས་ལ་འཇུག་གོ། །མཚུངས་པ་ལ་སོ་སོར་མཚུངས་པ་དང་། ལེན་པ ་ལ་སོ་སོར་ལེན་པ་དང་། འཚེ་བ་ལ་སོ་སོར་འཚེ་བ་དང་། སྩོལ་བ་ལ་སོ་སོར་སྩོལ་བ་དང་། ཕན་ཚུན་ལ་སོ་སོར་ཕན་ཚུན་དང་། གླང་པོ་ལ་སོ་སོར་གླང་པོ་དང་། གནོན་པ་ལ་སོ་སོར་གནོན་པ་དང་། ནད་ལ་སོ་སོའི་ནད་དང་། འགྲོ་བ་ལ་སོ་སོར་འགྲོ་བ་དང་། འཕྲོ་བ་ལ་སོ་སོར་འཕྲོ་བ་དང་། སྒྲིབ་པ་ལ་སོ་སོར་སྒྲིབ ་པའོ། །ཡོངས་སུ་ནི་སྐོར་བ་དང་། ཚིག་པ་དང་། སྐྱོན་རྗོད་པ་དང་། གང་བ་དང་། བྱེད་པ་དང་། རྗེད་པ་དང་། འཛག་པ་དང་། མཁྱུད་པ་དང་། འཆང་བ་དང་། གསལ་བ་དང་། སྨྲེ་སྔགས་འདོན་པ་དང་། ཆག་ཆག་འདེབས་པ་རྣམས་ལའོ། །ཡོངས་སུ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཉིས་པོ་དེ་རྣམས ་ལ་འཇུག་གོ། །སྐོར་བ་ལ་ཡོངས་སུ་སྐོར་བ་དང་། ཚིག་པ་ལ་ཡོངས་སུ་ཚིག་པ་དང་། སྐྱོན་རྗོད་པ་ལ་ཡོངས་སུ་སྐྱོན་རྗོད་པ་དང་། གང་བ་ལ་ཡོངས་སུ་གང་བ་དང་། བྱེད་པ་ལ་ཡོངས་སུ་བྱེད་པ་དང་། རྗེད་པ་ལ་ཡོངས་སུ་རྗེད་པ་དང་། འཛག་པ་ལ་ཡོངས་སུ་འཛག་པ་དང་། མཁྱུད་པ་ལ་ཡོངས་སུ་མཁྱུད་པ ་དང་། འཆང་བ་ལ་ཡོངས་སུ་འཆང་བ་དང་། གསལ་བ་ལ་ཡོངས་སུ་གསལ་བ་དང་། སྨྲེ་སྔགས་འདོན་པ་ལ་ཡོངས་སུ་སྨྲེ་སྔགས་འདོན་པ་དང་། ཆག་ཆག་འདེབས་པ་ལ་ཡོངས་སུ་ཆག་ཆག་འདེབས་པའོ། །ཉེ་བར་ནི་བུམ་པ་དང་། ནུས་པ་དང་། ཁྱབ་པ་དང་། སློབ་པ་དང་། ཆུད་གཟོན་པ་དང་། སྦྱིན ་པ་དང་། སྤྱོད་པ་དང་། སློང་བ་དང་། རྩོམ་པ་དང་། མཆོད་པ་དང་། ཟིན་པ་དང་། ལྷུང་བ་དང་། གསོད་པ་དང་། དགའ་བ་རྣམས་ལའོ། །ཉེ་བར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་བཞི་པོ་དེ་རྣམས་ལ་འཇུག་གོ། །བུམ་པ་ལ་ཉེ་བར་བུམ་པ་དང་། ནུས་པ་ལ་ཉེ་བར་ནུས་པ་དང་། ཁྱབ་པ་ལ་ཉེ་བར་ཁྱབ ་པ་དང་། སློབ་པ་ལ་ཉེ་བར་སློབ་པ་དང་། ཆུད་གཟོན་པ་ལ་ཉེ་བར་ཆུད་གཟོན་པ་དང་། སྦྱིན་པ་ལ་ཉེ་བར་སྦྱིན་པ་དང་། སྤྱོད་པ་ལ་ཉེ་བར་སྤྱོད་པ་དང་། སློང་བ་ལ་ཉེ་བར་སྤོང་བ་དང་། རྩོམ་པ་ལ་ཉེ་བར་རྩོམ་པ་དང་། མཆོད་པ་ལ་ཉེ་བར་མཆོད་པ་དང་། ཟིན་པ་ལ་ཉེ་བར་ཟིན་པ་དང་། ལྷུང་བ་ལ་ཉེ་བར་ལྷུང་བ་དང་། ་གསོད་པ་ལ་ཉེ་བར་གསོད་པ་དང་། དགའ་བ་ལ་ཉེ་བར་དགའ་བའོ། །ཉེ་བར་སྒྱུར་བ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།སྒྲ་བ་ཆེན་པོ་པཎྚི་ཏ་ཛཻ་ཏ་ཀརྞྞའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར ་པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ། །སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག་།སྒྲ་སོགས་ཤེས་བྱའི་ཆོས་ནི་ཕལ་ཆེ་བ། །སྐྱེ་བ་གཞན་དུ་སྦྱངས་པས་འདིར་མཁས་ཀྱང་། །བོད་ཡུལ་བྱིས་པའི་ནང་དུ་བདག་སྐྱེས་པས། །མཁས་པའི་མཁས་པ་ཡིན་པར་སུས ་ཤེས་ཀྱི། ། །།[]@##། །རྒྱ་གར་སྐད་དུ། ཝརྞྞ་སཱུ་ཏྲ་ནཱ་མ། བོད་སྐད་དུ། ཡི་གེའི་མདོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་རླུང་ལས་རབ་ཏུ་བྱུང་ཞིང་ལུས་ལས་ནི། །ཡང་དག་གྱེན་བསྐྱོད་རིམ་པས་ཁ་ནང་སྒྲ་རིང་འདི། །གནས ་