CLOSE WINDOW

D2887: phyag na rdo rje'i sgrub thabs
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ། ། །།རང་གི་བླ་མ་ཉིད་ལས་ཐོས་ནས་ཁམས་པ་དགེ་སློང་བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པས་བསྒྱུར་ཅིང་། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཨ་བྷི་ཡུག་ཏ་དང་ཞུ་དག་བྱས་ནས་གཏན་ལ་ཕབ་པའོ།[་]@#། །རྒྱ་གར་སྐད་དུ། བཛྲ་པཱ་ཎི ་སཱ་དྷ་ཊཾ། བོད་སྐད་དུ། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་བཅུ་དྲུག་ལོན། །ཡེ་ཤེས་མངའ་བདག་གཞན་སྣང་མཛད། །ལྕང་ལོར་གསང་བ་བཏུལ་ནས་བཞུགས། །དཔལ་ལྡན་དེ་ལ་ཕྱག་འཚལ་ཏེ། །འགྲོ་བ་བསྒྲལ་བར་བྱ་བའི ་ཕྱིར། །བདག་གིས་སྒྲུབ་ཐབས་འདི་བརྩམ་མོ། །དེ་ལ་དང་པོར་དབང་ཐོབ་པའི། །དམ་གནས་རིགས་ལྡན་རྣལ་འབྱོར་དེས། །ཉམས་དགའི་གནས་སུ་བསམ་གཏན་བྱ། །ཁྲུས་བྱས་བདེ་བའི་སྟན་འདུག་ནས། །སེམས་ཅན་དོན་ཕྱིར་དྲན་བྱའོ། །རང་ཉིད་ཟླ་སྟེང་ཧཱུཾ་ལས་ནི། །འོད་སྤྲོས ་བླ་མ་སངས་རྒྱས་སོགས། །ནམ་མཁར་དམིགས་ལ་ཕྱག་འཚལ་མཆོད། །སྡིག་པ་བཤགས་སོགས་བདུན་པ་བསམ། །དེ་ནས་བྱམས་སོགས་བསྒོམས་ནས་ནི། །བརྟན་གཡོ་སྲིད་གསུམ་སྟོང་པར་བསམ། །ོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། དེ་ནས་ཏྲཱིཿདང་ཨཾ་ཡིག་ལ ་ཨས། །སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། །དེ་སྟེང་ཏྟྭཾ་བསམ་དེ་ལས་འོད། །འོད་འཕྲོས་གུར་དང་ས་གཞི་སོགས། །དྲ་བ་ར་བ་རྡོ་རྗེ་འབར། །ཧཱུཾ་ལས་འོད་འཕྲོས་རྡོ་རྗེར་གྱུར། །དེ་ལས་སྒུར་གྱུར་སྤྲིན་དཀར་མདོག་།རྡོ་རྗེ་གཏུམ་པོ་འཇིགས་པ་ཆེ། །གཡས་པ་རྡོ་རྗེ་ཐུགས་ཀར་གསོར། །གཡོན ་པས་ཁུ་ཚུར་དཀུ་རུ་བརྟེན། །མཚན་དང་དཔེ་བྱད་འབར་བས་མཛེས། །ཕྱག་རྒྱ་ལྔ་སོགས་རྒྱན་ལྡན་ཞིང་། །ཡེ་ཤེས་སྐུ་ལ་དྲི་མས་སྟོང་། །གནས་གསུམ་ཨོཾ་སོགས་བྱིན་གྱིས་བརླབས། །དེ་ནས་ཐུགས་ཀའི་ཧཱུཾ་ལས་ནི། །འོད་འཕྲོས་ཡེ་ཤེས་སེམས་དཔའ་དགུག་།མཆོད་བསྟོད་བྱས་ལ ་དགུག་གཞུག་བྱ། །དེ་ནས་ཧཱུཾ་ལས་འོད་འཕྲོས་པས། །ཕྱོགས་བཅུ་རྒྱལ་བའི་ཐུགས་ཀར་ཕོག་།ཕྱོགས་བཅུ་རྒྱལ་བའི་ཐུགས་ཀ་ནས། །བུམ་ཆུ་ཐོགས་པའི་ལྷ་མོ་ཡིས། །དབང་བསྐུར་དག་བྱས་རིགས་བདག་པོ། །མི་བསྐྱོད་རྡོ་རྗེ་སྤྱི་བོར་འཛིན། །དེ་ནས་ཧཱུཾ་ལས་ལྷ་མོ་སྤྲུལ། །མཆོད་པ ་ཀུན་གྱིས་རབ་ཏུ་མཆོད། །ཡོན་ཆབ་མེ་ཏོག་བདུག་སྤོས་སྣང་། །དྲི་དང་ལྷ་བཤོས་སྒྲ་ཡིས་མཆོད། །བསྟོད་ལ་ཐུགས་ཀར་ཉི་གདན་ལ། །ཧཱུཾ་བསམས་སྔགས་ཀྱི་འོད་ཟེར་ཚུལ། །བསྐོར་བའི་ཚུལ་ཀྱིས་བཟླས་པ་བྱ། །ོཾ་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། དེ་ནས་ཧཱུཾ་ལས ་འོད་འཕྲོས་པས། །འབྱུང་པོའི་ཚོགས་རྣམས་རབ་བཀུག་ནས། །གཏོར་མ་བདུད་རྩིར་བསམས་ལ་བསྔོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ། ཨཱདྱ་ནུད་པནྣ་ཏྲཱ་ཏ་ཨོཾ་ཨཱུཿཧཱུཾ་ཕཊ་སྭཱ་ཧཱ། ཚིམ་པར་བྱས་ལ་གནས་སུ་གཏང་། །ོཾ་ཨཱ་ཧཱུཾ་མུཿ་དེ་ནས་ཡེ་ཤེས་སེམས་དཔའ་དགྱེ། །མཆོད་བསྟོད ་བཟོད་གསོལ་སྨོན་ལམ་གདབ། །གཤེགས་པའི་སྔགས་ཀྱིས་གཤེགས་སུ་གསོལ། །དམ་ཚིག་སེམས་དཔའི་ང་རྒྱལ་གྱིས། །སྤྱོད་ལམ་ཀུན་དུ་གནས་པར་བྱའོ། །གཟུངས་སྔགས་ཕན་ཡོན་ཇི་ལྟར་གསུངས་པ་ཀུན། །འདི་ལ་མི་གནས་དེ་དག་འབྱུང་བ་མིན། །བདག་གིས་བསྒྲུབ ་པའི་ནུས་པ་དེ་མེད་ཀྱང་། །སྙིང་རྗེའི་དབང་གིས་འགྲོ་ལ་ཕན་གདགས་ཕྱིར། །སྒྲུབ་ཐབས་རིན་ཆེན་འདུས་པ་འདི་བཤད་པས། །སྒུ་གསུམ་ཡིད་བཞིན་རིན་ཆེན་ཐོབ་པར་ཤོག་།ཕྱག་ན་རྡོ་རྗེ་གོས་དཀར་པོ་ཅན་གྱི་སྒྲུབ་པའི་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །། ་ལོ་ཙཱ་བ་རིན་ཆེན་བཟང་བོས་བསྒྱུར་བའོ།[#་]@#། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཎྜལ་བིདྷིཿ་། བོད་སྐད་དུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དང་། །བླ་མ་ལ་གུས་ཕྱག་འཚལ་ཏེ། སྒྲུབ་པ་པོ་ལ ་