| Wylie | e-texts based on the ACIP/ALL Input |
@#། །བླ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བཟང་པོའི་ཆོས་ཀྱི་ལེགས་པར་གྲགས་པའི་གསུང་། །རྫོགས་སངས་རྒྱས་ཀྱི་སྲས་པོ་བདེ་བར་གཤེགས་པའི་སྐུ། །འཇིག་རྟེན་གསུམ་སྤྱན་སྲིད་གསུམ་སྒྲོན་མེ་གཅིག་པུ་པ། །ཡེ་ཤེས་རབ་ཏུ་གྲུབ་ལ་བརྩོན་པས་ཕྱག་བགྱིའོ། །ཐུགས་རྗེའི ་འབྱུང་གནས་དེ་བཞིན་གཤེགས་པའི་མཛད་པ་ཅན། །རྣམ་པར་འདྲེན་པ་དྲན་མཁྱེན་བདེ་བའི་གོ་འཕང་གནས། །སྲིད་པར་གཅིག་ཏུ་གཞན་གྱི་དོན་ལ་ངེས་པར་འབྱུང་། །སྒྲོལ་དཀའ་སྒྲོལ་བ་དེ་ཉིད་ཁོ་ནར་ཕྱག་བགྱིའོ། །སྔོན་གྱི་ཚེ་རབས་རྗེས་སུ་རིག་ཅིང་རབ་མཆོག་ཡོན་ཏན་ཚོགས་ཀྱིས་བརྒྱན་པས་སྐུ་ནི ་རབ་ཏུ་མཛེས། །ཡེ་ཤེས་རྒྱན་དང་ལྷབ་ལྷུབ་དང་ལྡན་རྒྱ་ཆེན་བརྩེ་ལྡན་མ་འོངས་རྗེས་སུ་རིགས་དང་བཅས། །སེམས་ཅན་དོན་དང་ཐེག་གསུམ་གཅིག་པའི་ཡེ་ཤེས་ཆུ་ཡིས་སྐྱེ་བོ་མཐའ་དག་ལྗོན་ཤིང་དབང་བསྐུར་བ། །ཤཱཀྱའི་སྲས་པོ་བདེ་གཤེགས་སྐུ་ཡི་ཡོན་ཏན་མངའ་བ་ཡེ་ཤེས་ཕུང ་པོ་དེ་ལ་ཕྱག་བགྱིའོ། །ས་དང་ཕ་རོལ་ཕྱིན་དང་དགེ་བ་རབ་མཆོག་བཅུ་པོ་ཐམས་ཅད་ཀྱིས། །གང་ཞིག་ཉེ་བར་རྒྱས་བྱས་བསོད་ནམས་ཚོགས་ཀྱི་ཕ་རོལ་སོན། །སྟོབས་བཅུའི་ཡོན་ཏན་བརྙེས་པས་ཚོགས་ཀྱི་མཐར་སོན་པ། །སྲིད་དང་སྲིད་བྲལ་རྒྱ་མཚོ་སྒྲོལ་མཛད་དེ་ལ་ཕྱག་བགྱིའོ། །དེ་བཞིན ་ག་ཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དང་བསོད་ནམས་ཀྱི་ཚོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པས་གང་བ་བླ་མ་དམ་པ་མཆོག་གི་མན་ངག་གི་དམ་པའི་ཆོས་ཀྱི་རྔ་བོ་ཆེ་རིགས་པ་དང་རྣམ་པར་བཀྲ་བའི་ཚིག་གིས་བརྒྱན་པ་སངས་རྒྱས་ཀྱི་མྱུ་གུ་བྱང་ཆུབ་སེམས་དཔའི་མཚན་ཅན་གྲགས་པ་བཟང་པོ་དང ་ཐུགས་རྗེ་དང་ཡེ་ཤེས་ཀྱི་བདུད་རྩི་བསིལ་བ་ཅན་ཚོགས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་ལ་བསྟོད་པ། ལྷའི་ཡུལ་མཐར་གནས་པའི་ཤཱཀྱའི་དགེ་སློང་དགེ་ལེགས་དཔལ་མགོན་གྱིས་གསོལ་བ་བཏབ་སྟེ་ཧ་རི་པུ་ཉྫའི་ཡུལ་གྱི་ཤཱཀྱའི་དགེ་སློང་ཆོས་ཀྱི་ཉི་མ་ཞེས་བྱ་བས་རྣམ་པར་བཀྲ་བར་བཀོད ་པ་མགོ་བོ་ལ་ཐོབ་པོ་ཞེས། བདག་དང་འགྲོ་བ་རྣམས་ལ་དགེ་བར་གྱུར་ཅིག་།བདག་གི་བསོད་ནམས་ལས་འདི་ཡིས། །མ་འོངས་སངས་རྒྱས་ཉིད་གྱུར་ཏེ། །འཁོར་བར་སྡུག་བསྔལ་སེམས་ཅན་རྣམས། །མྱ་ངན་འདས་ལ་རབ་འགོད་ཤོག། །། ་