CLOSE WINDOW

S74: 'phags pa ting nge 'dzin mchog dam pa
Wyliee-texts produced with BDRC’s OCR application

ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ག། ། ། རྒྱ་གར་སྐད་དུ། ཨཱརྱ་ས་མཱ་དྷི་ཨ་གྲ་ཨུད་ཏ་མ། བོད་སྐད་དུ། འཕགས་པ་ཏིང ་ངེ་འཛིན་མཆོག་དམ་པ། ། བམ་པོ་གཅིག་གོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང ་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ལྔ་སྟོང་དུ་མ་དང་། ལྷ་ཀླུ་ལ་སོགས་པ་སྡེ་བརྒྱད་དང་། ལྷ་དང་མི་ལ་སོགས་པ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞི ་མགོན་པོ་བཞི་དང་། སྲིན་པོ་དང་ཡི་དགས་ལ་སོགས་ཏེ་སྡེ་བཞི་ཡང་འཁོར་དེར་འདུས་པར་གྱུར་ཏོ།། དེའི་ཚེན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་ཏུ་བཞུགས་སོ།། ཅང་མི་གསུངས་ཞིང ་བཞུགས་པ་ལས་འཁོར་མང་པོ་རྣམས་ཐེ་ཙོམ་དུ་གྱུར་ནས། དེ་ནས་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ ་བསྐོར་བ་བྱས་ནས། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། ཤིན་ཏུ་ལེགས་སོ་ཆོས་ཀྱི་རྗེ།། ཏིང་ངེ་འཛིན་ལ་ཞི་བར་ཞུགས།། འཁོར་གྱི་དཀྱིལ་འཁོར་མང་པོ་རྣམས ་ཐམས་ཅད་ཐེ་ཙོམ་སྐྱེས་པར་གྱུར། ། ཤིན་ཏུ་ལེགས་སོ་ཉི་ཟླའི་འོད།། ཅང་མི་གསུང་བར་སྣང་མི་མཛད།། ཤིན་ཏུ་ལེགས་སོ་རིན་ཆེན་གཏེར།། དབུལ་ཕོངས་རྣམས་ལ་སྦྱིན་པ་མཛད།། ཤིན ་ཏུ་ལེགས་སོ་མི་ཡི་རྒྱལ། ། ཏིང་ངེ་འཛིན་ལས་གཞེངས་སུ་གསོལ།། ཤིན་ཏུ་ལེགས་སོ་ཀླུ་ཡི་རྒྱལ།། བདུད་རྩིའི་ཆར་པ་དབབ་ཏུ་གསོལ།། ཤིན་ཏུ་ལེགས་སོ་ལྷ་ཡི་མཆོག། མྱུར་དུ་ཆོས ་རྣམས་བསྟན་དུ་གསོལ། ། ཤིན་ཏུ་ལེགས་སོ་སེམས་ཅན་ལ།། ཐེག་པ་གཅིག་དོན་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཁོར་མང་པོ་རྣམས་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ། ། ང་ལ་རིན་པོ་ཆེ་བླ་ན་མེད་པའི་ཡེ་ཤེས་མང་དུ་ཡོད་པས། ཁྱེད་ལ་ཕན་པ་དང་བདེ་བར་མཛད་ཅིང་། དབུལ་ཕོངས་པ་དང་བྲལ་བར་བྱ་བ་ཡོད་ཀྱིས། ཐེ་ཙོམ་བྱེད་པར་ཅི་དང ་འདོད་པ་དྲིས་ཤིག། དེ་ནས་དགའ་བོ་སྟན་ལས་ལངས་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ནི་མང་དུ་ཐོས་པས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་བོ་སྙམ ་ནས། མདོ་སྡེ་དག་ལས་བཤད་པ་ཐོས་པ་ལྟར་ན། མང་དུ་ཐོས་ཤིང་ཤེས་རབ་རྣོ་བའི་དབང་པོ་དང་ལྡན་པས་ནི། བྱང་ཆུབ་ཐོབ་པ་ཤིན་ཏུ་དཀའ་སྟེ། བགེགས་བརྒྱད་དུ་སྐྱེའོ་ཞེས་འབྱུང ་ན། བདག་གིས་ཇི་ལྟར་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་མང་དུ་ཐོས་པ་ལ་སེམས་རྣམ་པ་གཉིས་ཏེ། གང་ཞེ་ན ་ཏིང་ངེ་འཛིན་གྱི་སེམས་དང་། འཁྲུལ་པའི་སེམས་སོ།། སེམས་ཏིང་ངེ་འཛིན་ལ་གནས་ན་ནི་མང་དུ་ཐོས་ཀྱང་གནོད་པ་མེད་དོ།། སེམས་འཁྲུལ་པ་ལ་གནས་པ་ནི་མང་དུ་ཐོས་པས་ཀྱང་ཕན་པ ་མེད་དེ། གང་གིས་ཏིང་ངེ་འཛིན་དང་ཤེས་རབ་དང་ཤིན་ཏུ་ལྡན་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། མདོ་ཀུན ་ལས་ཏིང་ངེ་འཛིན་དང་ཤེས་རབ་ནི་མཆོག་དམ་པའོ་ཞེས་བསྟོད། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཏིང་ངེ་འཛིན་དང་ཤེས་རབ་དུ་ལྡན་པ་ནི་དཔེར་ན་རི་དགས་ཀྱི་ནང ་ན་སེང་གེ་མཆོག་ཏུ་གྱུར་པ་དང་། སྣང་བ་ཐམས་ཅད་ཀྱི་ནང་ན་ཉི་མ་མཆོག་ཏུ་གྱུར་པ་དང་། རིའི་ནང་ན་རི་རབ་ལྷུན་པོ་མཆོག་ཏུ་གྱུར་པ་ལྟ་བུའོ།། དེ་ཡང་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དང་ཤེས་རབ ་ཏུ་ལྡན་པའི་ཤུགས་ན། མཆོག་དམ་པ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་གལ་ཏེ་མི་ཞིག་གིས་ཤིང་ཙན་དན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་གང་བའི་གཙུག་ལག་ཁང་བརྩིགས་པ་དང་། མི་གཞན་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག ་ཁང་བྱས་ན། མི་དེ་གཉིས་ཀྱི་བསོད་རྣམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། མི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་བསོད་ནམས་མཆོག་གོ།། སངས་རྒྱས་ཀྱིས ་དགའ་བོ་ལ་བཀའ་སྩལ་པ། གཞན་ཡང་མི་ཞིག་གིས་གསེར་ཐ་མལ་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་པ་དང་། མི་གཞན་ཞིག་གིས་གསེར ་བཙོམ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། གསེར་བཙེམ ་ལས་བགྱིས་པ་བསོད་ནམས་རབ་ཏུ་ཆེའོ། ། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་ཤིང་ཙན་དན་དང་། སྤོས་ཀྱི་ཤིང་གཞན་དག་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ། མཆོད་ཅིང་ཕྱག་འཚལ་བ་དང་། མི་གཞན་ཞིག་གིས་གསེར་བཅོ་མ་དང་། རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་གང་བའི་སྐུ་གཟུགས་བྱས་སྟེ་མཆོད་པ་བྱེད་ཅིང་ཕྱག་འཚལ་ན། མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཡོད་དམ། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། གསེར ་བཙོ་མ་ལས་སྐུ་གཟུགས་བགྱིས་པའི་བསོད་ནམས་ཆེའོ། ། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་སྦྱིན་པ་ཆེན་པོའི་སེམས་བསྐྱེད་དེ། རིན་པོ་ཆེ་སྣ་བདུན་གྱི ་བང་མཛོད་དང་། ཆུང་མ་དང་བུ་སྦྱིན་པ་སྦྱིན་པ་དང་། མི་གཞན་ཞིག་གིས་ཡན་ལག་དམ་པ་མགོ་དང་། མིག་དང་ལུས་དང་། རྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན་པ་སྲིན ་ན། མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱོད་པར་ཅི་ཡོད། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། ལུས་དང་ཆུང་མ་བུར་བཅས་སུ་སྦྱིན་པ་སྦྱིན་པའི་བསོད་ནམས་ཆེ་བ་ལ་གོས་སོ།། ། ་སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ལ་འཇིག་རྟེན་དུ་སྤེལ་ཏེ། ཀློག་ཅིང ་ཁ་ཏོན་བྱེད་དུ་འཇུག་པ་དང་། དེ་ལ་མི་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ཡི་གེ་བཞིན་དུ་འདོན་ཅིང་། ཡི་གེ་ཡང་དོན་སྟོན་ཅིང་ཁོང་དུ་ཆུད་ན། མི་དེ་གཉིས་ཀྱི་བསོད། ་ནམས་གང་ཆེ། དགའ་བོས་གསོལ་པ་ཡི་གེ་བཞིན་དུ་འདོན་ཅིང་ཁོང་དུ་ཆུད་པ་བསོད་ནམས་ཆེའོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་ཐོགས་པ ་མེད་པར་ཁ་ཏོན་དུ་ཤེས་ལ། དོན་ཟབ་མོ་མི་ཤེས་པ་མདོ་སྡེ་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ཙམ་འཆང་བ་དང་། དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས་ཀྱང ་། ཁ་ཏོན་བྱང་བར་ཤེས་ལ། དོན་ཕབ་མོ་ཡང་རྟོགས་ཏེ་མདོ་སྡེའི་གླེགས་པས་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བཙམ་འཆད་ན། མི་དེ་གཉིས ་ཀྱི་བསོད་ནམས་གང་མཆོག་ཏུ་གྱུར་པ་ཡིན། དགའ་བོས་གསོལ་པ། ཁ་ཏོན་བགྱིད་པ་ལ་དོན་ཡང་རྟོགས་ཏེ། གཞན་ལ་ཡང་སྟོན་ཅིང་འཆད་པའི་བསོད་ནམས་མཆོག་ཏུ་ཆེ་བ་ལགས་སོ།། ་སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་འགྲེལ་ཅིང་འཆད་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མི་སྤྱོད་པ་དང་། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་རྒྱ་ཆེར་སྤྱོད། སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་མཉམ་སྙོམས་ན། མི་དེ་གཉིས་བསོད་ནམས་གང་ཆེ་བ ་ཡིན། དགའ་བོས་གསོལ་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚུལ་ཁྲིམས་དང་། བཟོད་པ་སྤྱོད་ཅིང་། སེམས་ཅན་ལ་སྦྱིན་པ་བྱིན་པའི་བསོད ་ནམས་ཆེ་ཞིང་མང་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ལ། བསྟན་བཅོས་རུ་ང་བཅོ་ལྔ ་ཡང་བྱང་བར་འཆད་ཤེས་ཏེ། འཇིག་རྟེན་དུ་སྤེལ་བ་དང་། དེ་ལ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ལ། བཀྲི་བའི་བསྟན་བཅོས་དང་། ངེས་པའི་བསྟན་བཅོས་དང ་ཕུང་པོ་ལྔའི་བསྟན་བཅོས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་བསྟན་བཅོས་དང་། ཁམས་བཅོ་བརྒྱད་ཀྱིས་བསྟན་བཅོས་དང་། སྟོང་པ་ཆེན་པོའི་བསྟན་བཅོས་དང་། ཉི་ཟླའི་བསྟན ་བཅོས་དང་། ཉི་ཟླ་སྤྲིན་གྱིས་བསྟན་བཅོས་དང་། མདོ་སྡེ་རྒྱན་གྱི་བསྟན་བཅོས་དང་། དོན་དམ་པ་ཉིད་ཀྱི་བསྟན་བཅོས་དང་། རྡོ་རྗེ་སྙིང་པོའི་བསྟན་བཅོས་དང་། རྣམ་པ་ཐམས་ཅད་མཁྱེན ་པའི་བསྟན་བཅོས་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བསྟན་བཅོས་སོགས་པ་བསྟན་བཅོས་འུ་ཏ་བཅོ་ལྔ་ཡང་ཤེས་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་སྤྱོད་དེ། ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་བསྲུང་བ་དང་། སེམས་གཉིས་སུ་མེད་ཅིང་ནམ་མཁའ་ལྟར་མཉམ་པ་དང ་སེམས་ཅན་གྱི་སྐྱོན་ཐམས་ཅད་མི་མཐོང་ཞིང་སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་སྙོམས་ཏེ། དགྲ་སྡང་བ་ལ་ཡང་ནམ་མཁའ་ལྟར་མཉམ་པ་དང་། དེ་ལ་མི་ཞིག་གིས་ཕྱོགས་སུ་རྒྱས ་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མི་འདེབས་ན། མི་དེ་གཉིས་ཀྱི་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མ་བཏབ་ན ་མི་དེའི་བསོད་ནམས་ཚད་མ་མཆིས་གྲངས་མ་མཆིས་ཏེ། བསམ་གྱིས་མི་ཁྱབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་ཡང་མི་ཞིག ་གིས་གོང་དུ་སྨོས་པའི་བསོད་ནམས་ཐམས་ཅད་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བྱེད་ནུས་ལ། མདོ་སྡེ་བཅུ་གཉིས་དང་། བསྟན་བཅོས་རུ་ཏ་བཅོ་ལྔ་སྙེད་ཀྱང་ཁ་ཏོན ་དང་འགྲེལ་ཅིང་འཆད་ནུས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་ལ་སོགས་པ་ཡང་སྤྱོད། སྦྱིན་པ་ཡང་བྱེད་དེ། མང་དུ་ཐོས་པའི་མཆོག་ཏུ་ཡང་གྱུར་ལ། ཆོས་ཐམས་ཅད་སྟོང་ཞིང་ཞི་བའི ་དོན་ཡང་སྟོན་ཏེ། ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་དེ། དེ་ལྟར་ཕན་པ་དང་བདེ་བ་བྱས་ཀྱང་དེ་ནི་མི་ཞིག་ཉིན་གཅིག་གམ་མཚན་གཅིག་ཏིང་ངེ་འཛིན་དུ་ཞུགས་པ་ཙམ་མི་ཕོད་དོ།། དེ་ཅིའི ་ཕྱིར་ཞེ་ན། མང་དུ་ཐོས་པའི་གང་ཟག་ནི་རི་འམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ།། དེ་ལྟར་ང་རྒྱལ་ཆེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།། དམྱལ་བ་དེ་ལས ་ཐར་ན་ཡང་། འདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན། མང་དུ་ཐོས་པ་ལ་ཕན་པ་ཅི་ཡོད། གང་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཡོད་པ་ནི་སྐྱེ་ཤིའི་འཁོར་བའི་སྡིག་ཁ་ན་མ་ཐོ་བའི་ལས་ལྕི་བ་འབྱུང་བར་ནུས ་མང་དུ་ཐོས་པ་ནི་རྩཝ་དང་འདྲའོ། ། ཏིང་ངེ་འཛིན་ནི་མེ་དང་འདྲའོ།། མང་དུ་ཐོས་པ་ནི་ལྕགས་དང་འདྲའོ།། བསམ་གཏན་གྱི་ཏིང་ངེ་འཛིན་ནི་གསེར་དང་འདྲའོ།། མང་དུ་ཐོས་པ་ནི་རྩཝ་གདུག་པ ་དང་འདྲའོ། ། བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྩཝའི་སྡེ་བློ་དང་འདྲའོ།། མང་དུ་ཐོས་པ་ནི་གཙང་པོ་དང་འདྲའོ།། བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ། ངས་བསམ་གཏན་གྱི་ཏིང་ངེ་འཛིན་བསོད ་ནམས་དང་ཡོན་ཏན་བཤད་ན་ཟད་པའི་མཐའ་མེད་དེ། བསྐལ་པར་ཡང་མི་རྫོགས་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ངས་མངོན་སུམ་དུ་དྲན་པ། སྔོན་འདས་པའི་དུས་ན། ་ང་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ། འཇམ་དཔལ་དང་ང་གཉིས་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ནི་ཡོད་ཅེས་སྨྲ། ངས་ནི་མེད་དོ་ཞེས་སྨྲས་ཏེ། ཡོད་མེད་གཉིས་ཀྱི་བདེན་པ་ལ ་རྩོད་པར་གྱུར་ཏེ། གཅིག་ཏུ་མཆོད་དོ།། མཐའ་ཚེ་འཕོས་ནས་ངན་སོང་གསུམ་དུ་སྐྱེ་བར་གྱུར་ཏེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏོ།། དམྱལ་བ་དེ་ལས་ཐར་ཏེ། སངས ་རྒྱས་འོད་སྲུངས་དང་འཕྲད་ནས། ཡོད་པ་དང་མེད་པ་གཉིས་འོད་སྲུངས་ཀྱིས་འདི་སྐད་དུ་བཤད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཅིག་ཏུ་ངེས་ཤིང་ཆགས་པ་མེད་དེ། ཁྱོད་ཡོད་པ་དང ་མེད་པར་སྨྲ་བ་ནི་དོན་དེ་ལྟ་བུ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ཞི་བ་སྟེ། བདེན་པ་འདི་གཉིས་ནི་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ཏེ། ཁྱེད་ཤེས་པ ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱི། དོན་ཟབ་མོ་མི་ཤེས་པས། དོན་འདི་ལྟ་བུ་ནི་ཁྱེད་དམུས་ལོང་ངམ་འོན་པ་ལྟ་བུ་ཡིན་ན། དོན་ཟབ་མོ་འདི་ལྟ་བུ་ཇི་ལྟར་ཤེས་ཤིང་རྟོགས་པར་འགྱུར་ཞེས ་བཤད་པ་ཐོས་ནས། རི་བེན་པར་སོང་སྟེ། བདག་ཉིད་ཡིད་ལ་བྱས་ནས་བྱས་མ་གཏན་གྱི་ཏིང་ངེ་འཛིན་ལ་ཡི་ཞུགས་སོ།། ཞག་བདུན་ལོན་པ་དང་། མསམ་གཏན་ན ་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་རྣམ་གསུམ་དང་། ཡེ་ཤེས་ནམ་གསུམ་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཏེ། ཆོས ་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ་ཅི་ཡང་མེད་པར་རྟོགས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། དེ་བས་ན་བསམ་གཏན་སྒོམ་པ་ནི། མཆོག་དམ་པར་རིག་པར་བྱ་སྟེ། ཉིན ་གཅིག་གམ། མཚན་གཅིག་གམ། ཉིན་ཞག་བདུན་གྱི་བར་དུ་ས་སམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན། བསྐལ་པ་གྲངས་མེད་པ་ཚུན་གྱི་ཁ་ན་མ་ཐོ་བའི་སྡིག་ལྕི་བ་ཡང་ཁད་ཀྱིས་ཞི་ཞིང་བྱང་བར་འགྱུར་རོ།། གཞན ་ཡང་ཁ་ན་མ་ཐོ་བའི་སྡིག་ལྕི་བ་བྱང་བར་འགྱུར་ཏེ། དེ་ཡང་གང་ཞེ་ན། ཕ་མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང་། དགེ་འདུན་གྱི་གནས་ཁང་མེས་བཏང་བ་ཡིན།། ་ཕས་ཕམ་པ་བཞི་དང་། ཕས་ཕམ་པ་བརྒྱད་དང་། ལྕི་བ་ལྔ་དང་། རང་བཞིན་གྱིས་ལྕི་བ་དྲུག་ཉམས་པ་ཡིན། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་བཏབ་པ་ཡིན། ཕ་རོལ་པོའི་ཉེས་པའི་སྐྱོན་དག་སྨྲ་ཞིང་སྐུར་སྟི ་མི་བྱེད་པ་ཡིན། གང་དུ་སྐྱེས་པར་ང་རྒྱལ་ཆེ་བ་དང་། རང་བཞིན་གྱིས་སྡིག་ལྕི་བ་ཡང་ཡིན་ཏེ། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན། རང་ནི་ཞིང་འབྱང་བར་འགྱུར། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན ་གྱི་མཐུས་འབྱང་གི། གཞན་གྱིས་འབྱུང་བ་མ་ཡིན་ནོ།། ཉིན་ཞག་བདུན་ཙམ་གྱིས་ཀྱང་དེ་ལྟར་ཡོན་ཏན་དང་བསོད་ནམས་དཔག་ཏུ་མེད་པ་འཐོབ་ན། ཚེ་གཅིག་ཏུ་དབེན་སར་རི་དང་ཤིང་དྲུང་དུ་འདུག་སྟེ། རྟོག ་བ་བསལ་བ་དང་། འཇུག་པ་དང་། སྤོང་བ་ཡིད་ལ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སེམས་ནི་འབབ་ཆུ་དང་འདྲ་སྟེ་སྐད་ཅིག་ཀྱང་མི་སྡོད། སེམས་ནི་སྤྲེའུ་དང་མཚུངས་ཏེ། གཅིག་བཏང་ཡང ་གཅིག་ལ་འཛིན་ཏོ། ། མདོར་ན་སེམས་ནི་ཏིང་ངེ་འཛིན་གྱི་དབང་གིས་མི་གཡོའོ།། གལ་ཏེ་སེམས་གཡོན་ཆོས་ཐམས་ཅད་ལ་འཁྲུལ་པའི་འདུ་ཤེས་སྐྱེའོ་གལ་ཏེ་ཏིང་ངེ་འཛིན་ལ་གནས་པ་ནི། འཇིག་རྟེན་གྱི་སྐྱེ་བ ་དང་། གནས་པ་དང་། འགོག་པ་འདུ་ཤེས་ཤིང་རྟོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ། མི་རྟག་པར་འགྱུར་ཞིང་འཕོ་བ། སྟེང་ཞིང་བདག་མེད་པ་སྒྱུ་མ་དང་འདྲ་བ། སྤྲུལ་པ་ལྟ་བུ་གློག་དང་། རླུང ་དང་། དྲི་ཟའི་གྲོང་ཁྱེད་ལྟ་བུ་ཆུའི་དབུ་བ་དང་། སྨིག་རྒྱུ་དང་བྲག་ཆ་དང་། བར་སྣང་གི་བྱ་རྗེས་ལྟ་བུར་རྟོགས་སོ།། འཇིག་རྟེན་ན་སྲིད་པ་རི་དང་ཚལ་རྩིང་པོ་དང་། འབབ་ཆུ་དང་། མཚེའུ་དང་། ལྟེང་ཀ་དང་། ་རྒྱ་མཚོ་ལ་སོགས་ཏེ། ཆུ་ཐམས་ཅད་ཀྱང་མེའི་བསྐལ་པ་ཆེན་པོ་བྱུང་བའི་ཚེ་ཐམས་ཅད་ཚིག་ཅིང་ཟད་པར་འགྱུར་ཡང་། བསམ་གཏན་བཞི་དང་། གཟུགས་མེད་པའི་ཏིང་ངེ་འཛིན་བཞི་མ་རྟོགས་པར། ཆོས ་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ན། བསམ་གཏན་གྱི་མཐུནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ།། སེམས་ཏིང་ངེ་འཛིན་ལ་གནས་ན། ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི ་ཉི་མ་དང་། ཟླ་བ་དང་། སྐར་མ་དང་། འབབ་ཆུ་དང་། བཅང་པོ་དང་། རྒྱ་མཚོ་དང་། རི་དང་། ནགས་ཚལ་དང་། ཀླུང་དང་། ལུང་བ་སྥུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ། ་མཐོང་བར་འགྱུར་རོ།། བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ན། རྫུ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་གངྒཱའི་ཀླུང་གྱི་བྱེ་མ་སྙེད་དུ་ཡང་ཕྱིན་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ཀྱི་རླུང་དང་མེ་དང་ས་དང་ཆུ་དང་ཉི་མ་དང་ཟླ་བ་དང་སྐར་མ་དང་། གཟའ་དང་། རི་དང་། ཚལ་དང་། ཆུ་དང་། ཤིང་དང་། ལྷ་དང་། ལྷའི་ཕོ་བྲང་དང་། ཀླུའི་ཕོ་བྲང་ཡང་རྫུ་འཕྲུལ་གྱིས་སྤྲུལ་ནུས་ཏེ། ་དེ་བས་ན་བསམ་གཏན་གྱི་མཐུ་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྤྲུལ ་ནུས་སོ། ། དགའ་བོ་མོའུ་དགལ་གྱི་བུ་ཆེན་པོས་ཏིང་ངེ་འཛིན་དུ་ཞུགས་སོ།། ཏིང་ངེ་འཛིན་གྱིས་རྣམ་པ་སྣ་ཚོགས་སུ་སྤྲུལ་ཅིང་ཏིང་ངེ་འཛིན་གྱིས་ས་ཆེན་པོ་འདི་ཡང་མགལ་མེ་བསྐོར་བ་བཞིན ་དུ་བསྐྱོད་ནུས་མང་དུ་ཐོས་པས་ནི་དེ་ལྟར་མི་ནུས་པར་རིག་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ས་ཆེན་པོ་སྐུལ་ཅིག་ཅེས་བཀའ་སྩལ་པ་དང་། ་དགའ་བོས་གསོལ་པ། བདག་ལ་བསམ་གཏན་གྱི་ཏིང་ངེ་འཛིན་མ་མཆིས་པས་སྐུལ་བ་རྔོ་མི་ཐོག་གོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། བསམ་གཏན་གྱི་ཏིང་ངེ ་འཛིན་བསྒོམ་པ། དགེ་སྦྱོང་གིས་འབྲས་བུ་བཞི་མ་ཐོབ་ཀྱང་། མང་དུ་ཐོས་པ་ལས་ཁྲི་ཕྲག་བརྒྱད་སྟོང་གིས་ཁྱད་པར་འཕགས་སོ།། དེའི་ཚེ་དེའི་དུས་ན་འོད་མའི་ཚལ་ན་གནས་པའི། ་དགེ་སློང་ལྔ་བརྒྱ་ཙམ་ཞིག། ཐམས་ཅད་མང་དུ་ཐོས་པ་རློམ་པ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། མོ་རུ་དགལ་གྱི་བུ་ཆེན་པོའི་རྫུ་འཕྲུལ་དང་ཏིང་ངེ་འཛིན་མཆོག་གོ་ཞེས་གསུང ་བ་ཐོས་ནས། སངས་རྒྱས་གང་ན་བ་དེར་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་མང་དུ་ཐོས་པ ་བསླབས་ཏེ། མདོ་སྡེ་བཅུ་གཉིས་ཀྱང་ཁོང་དུ་ཆུད་པས། རྒྱལ་ཁམས་ཆེན་པོ་བཅུ་དྲུག་སྙེད་ཀྱང་བདག་ཅག་ལ་སངས་རྒྱས་དང་འདྲ་བར་གུས་ཤིང་བཀུར་བསྟི་བགྱིད་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས ་མང་དུ་ཐོས་པ་ནི། ནམ་ཡང་ཐ་ན་མེད་པའི་བྱང་ཆུབ་འཐོབ་པར་མི་འགྱུར་ཞེས་གསུངས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་ལྔ་བརྒྱ་པོ་འདི་དག་འཐུན་པར་དུས་གཅིག་ཏུ་བདག་ཅག་ནི་མང་དུ ་ཐོས་པ་ན་སྤང་ཞིང་བསམ་གཏན་གྱི་ཟས་ཏིང་ངེ་འཛིན་ལ་སློབ་བོ་ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་མང་དུ་ཐོས་པ་སྤངས་ཏེ། བསམ་གཏན་གྱི ་ཏིང་ངེ་འཛིན་ལ་འཇུག་གོ་ཞེས་མ་སྤ་ཤིག། ངས་བལྟས་ན་ཁྱེད་ཀྱི་ཤེས་རབ་ནི་སྦྲང་བུའི་འདབ་མས་ནི་ཟླ་སྒྲིབ་པར་འདོད་པ་དང་། དམུས་ལོང་གིས་རི་རབ་ལྷུན་པོ་ལ་འཛེག་པར་འདོད་པ་དང ་@#། གམིངས་མེད་པར་རྒྱ་མ་ཚོ་ལས་རྒལ་བར་འདོད་པ་དང་། བྱ་འདབ་མཆག་པ་རྣམ་མ་ཁར་ལ་འཕུར་འདོད་པ་བཞིན། ཁྱེད་ཀྱང་དེ་དང་འདྲའོ་ཞེས་བཀའ་སྩལ་བ་དང་། དགེ་སློང་། ་རྣམས་ཤི་བ་ཙམ་དུ་འཇིགས་ཤིང་སྐྲག་པའི་སེམས་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱེད་མ་འཇིགས་མ་སྐྲག་པར་སེམས་ཏིང་ངེ་འཛིན་ལ ་ཞོག་ཅིག། དགེ་སློང་རྣམས་ཀྱིས་གསོལ་པ། བདག་ཅག་ལ་བསམ་གཏན་གྱི་མཐུ་ཡང་མ་མཆིས་ན། ཏིང་ངེ་འཛིན་དུ་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་སྨན ་དམ་པ་ཡོད་དེ། ཁྱེད་ཏིང་ངེ་འཛིན་ཐོབ་པར་བྱའོ་ཞེས་བཀའ་སྩལ་བ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་བསྟན་དུ་གསོལ། བདག་ཅག་གིས་དེ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དམ་པ་ཞེས་བྱ་བ་ནི། འདི་ལྟ་སྟེ་རྟོག་པ་དང་། བསལ་བ་དང་འཇུག་པ་དང་། སྤོང་བའོ།། དགེ་སློང་རྣམས་ཀྱིས་གསོལ་པ། རྟོག་པ་དང་། བསལ ་བ་དང་། འཇུག་པ་དང་། སྤོང་བ་ཅི་ལགས། བདག་ཅག་གིས་མ་འཚལ་ན། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་ཡང་སངས་རྒྱས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དང་པོའི་སེམས ་ནི་རྟོག་པ་ཞེས་བྱ། སེམས་གཉིས་བྱུང་བ་ནི་བསལ་བ་ཞེས་བྱ། སེམས་གསུམ་བྱུང་བ་ནི་འཇུག་པ་ཞེས་བྱ། སེམས་བཞི་བྱུང་བ་ནི་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ་གཏན་དང་པོ ་ལ་རྟོག་པ་ཞེས་བྱ། བསམ་གཏན་གཉིས་པ་ལ་བསལ་བ་ཞེས་བྱ། བསམ་གཏན་གསུམ་པ་འཇུག་པ་ཞེས་བྱ། བསམ་གཏན་བཞི་པ་ལ་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ ་གཏན་ཞེས་བྱ་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་བཞིན་དུ་མངོན་པར་ཤེས ་པ་བཞི་དང་། ཆོས་ཐམས་ཅད་ནི་འདི་ལྟར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། བདེན་པ་བཞི་དང་། ཏིང་ངེ་འཛིན་བཞི་དང་། མཚན་མ་མེད་པ་བཞི་དང་། བྱང་ཆུབ་བཞི་ཡིན་ན། ་དགེ་སློང་ཁྱེད་བསམ་གཏན་དང་པོ་ཡང་གསལ་བར་མ་རྟོགས་ན། བསམ་གཏན་བཞི་དང་། ཆོས་ཐམས་ཅད་ལྟ་ཅི་སྨོས། དགེ་སློང་དག་ཐབས་སྣ་ཚོགས་ཀྱིས་བསམ་གཏན་གྱི་ཏིང་ངེ་འཛིན་ལ ་འཇུག་པར་བྱའོ། ། གལ་ཏེ་མི་གཙང་བ་ལ་རྟོག་ན། ལུས་ཀྱི་ཆེན་པོ་བཞི། པགས་པ་དང་། རུས་པ་དང་ཚིགས་པ་དང་། ག་ནག་ཁྲག་ཟག་པ་དང་། སྣོང་བུ་གུ་དགུ་ཡོད་པའི་ནང་དུ་ཆུ་བླུགས་ན་ཟག་པ ་བཞིན་དུ་མི་གཙང་བའི་དངོས་པོ་བཤང་གཅི་ཆེ་ཆུང་དང་། བརྩོག་པ་ཤིན་ཏུ་སྐྱེར་རུང་བ་ཟག་པ་མཐོང་ངོ་།། ཏིང་ངེ་འཛིན་དེ་ལས་ཀྱང་དངོས་པོ་རྣམ་པ་སྣ་ཚོགས་མཐོང་བ་ནི། འདི་ལྟར་གཡོ་བ་དང་། གནས ་པ་དང་རྣམ་པར་སྔོས་པ་དང་། རྣམ་པར་སེར་བ་དང་། རྣམ་པར་དཀར་བ་དང་། རྣམ་པར་གནག་པ་སྣ་ཚོགས་མཐོང་བ། སེམས་མ་འཁྲུལ་པར་གྱུར་ན། དངོས་པོ་དེ་དག་མཐོང་བའི་ཚེ་ཕྱིར་བཟློག ་@#བར་བྱའོ། ། རུས་པ་དཀར་པོ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་བཟང་བའི་རྟོག་པ་ཡང་དེ་དང་འདྲའོ།། གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པ་དང་། དགེ་སློང་མས་རྩུ་བ་བརྒྱད ་ཉམས་པ་དང་། དགེ་བསྙེན་མས་ཁྲིམས་རྩ་བ་བཞི་ཉམས་པ་དང་། དགེ་སྦྱོང་གིས་ཁྲིམས་བཅུ་ཉམས་པ་དང་། དགེ་སློང་མས་ལྕི་བ་དྲུག་ཉམས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་སྤྱི་དཀོར་བརྐུས ་པ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་ཕ་མ་དང་། དགེ་འདུན་གྱི་དཀོར་བརྐུས་པ་དང་། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྐུར་བའི་གང་ཟག་དེ་ལྟ་བུ་ནི། བསམ་གཏན་གྱི་ཏིང་ངེ་འཛིན་ལ ་འཇུག་པའི་ཚེ། བདག་གིས་ལུས་ལས་རླུང་ནག་པོ་ཆེན་པོ་ལྟ་བུ་དང་། ཁྲག་ནི་མེ་རབ་ཏུ་འབར་བ་དང་འདྲ་བ་དང་། རུས་པ་ནི་རི་དང་བྲག་ལྟ་བུ་དང་། རྩཝ་ནི་ཤིང་ལྟ་བུ་དང་། ནང་གྲོལ་ལྔ་ནི་སྦྲུལ་ལམ ་རྩངས་པ་ལྟ་བུར་མཐོང་བ་དང་། ལག་ན་མེ་ཆེན་པོ་ཐོགས་ཏེ། རླུང་ཆེན་པོ་རྒྱུག་པ་དང་། མགོ་ལ་རི་ཆེན་པོ་ཁྱེར་ཞིང་། ལངས་ཀྱང་བརྡེག་འཆོས་པ་དང་། ཁ་ནས་སེང་གེ་འབྱུང་བ་དང་། མིག་ནས་འབར་བ་མོ ་འབྱུང་བ་དང་། སྣ་ནས་སྦྲུལ་ཆེན་པོ་འབྱུང་བ་དང་། རྣ་བ་ནས་པར་སྤང་འབྱུང་བ་དང་། བཤང་གཅི་ཆེ་ཆུང་ཆུ་ལྟར་འབབ་ཅིང་། རྒྱ་མཚོ་ལྟ་བུར་མཐོང་བ་དང་། གལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོ ་འཕྲུལ་རྣམ་པ་མང་པོ་སྟོན་པ་མཐོང་ན། མཚན་མ་དེ་ལྟ་བུ་མཐོང་བའི་ཚེ་བསམ་གཏན་ལས་ལངས་ཏེ་ཚལ་ལམ་རི་དགོན་པར་སོང་སྟེ། ཕྱོགས་སུ་རྒྱས་པའི་མདོ་སྡེ་འདོན་ཅིང་འགྱོད་ཚངས་བྱའོ།། དེ་ལྟར་སྔོན་གྱི ་ཁ་ན་མཐོ་བའི་སྡིག་འགྱོད་ཚངས་བྱའོ། ། ཡང་ན་ཞག་བདུན་ནམ། བདུན་གཉིས་སམ། བདུན་གསུམ་མམ། བདུན་བཞི་འམ། བདུན་ལྔ་འམ། བདུན་དྲུག་གམ། བདུན་བདུན་གྱི་བར་དུ་མཐོལ་ཚངས་བྱའོ།། ་ད་ལྟར་སྡིག་སྦྱངས་ནས་བསམ་གཏན་བསྒོམ་པར་བྱ་སྟེ། དེ་ལ་སྡིག་ཆུང་བ་ནི་བགས་ཀྱིས་བདག་གིས་ལུས་བཻ་ཌཱུརྱའི་རི་ལྟ་བུ་མཐོང་བར་འགྱུར་རོ།། གང་རྩ་བ་བཞི་མ་ཉམས་པ་ནས། རང་བཞིན་གྱི་ཁྲིམས་ལྕི ་བ་ལྔའི་བར་དུ་མ་ཉམས་པ་ཡིན་ན། ཏིང་ངེ་འཛིན་ཏུ་འཇུག་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོན་པ་དང་། དེ་ཡང་བདེན་པ་བཞི་འམ། ཡང་དག་པའི་སྤོང་བ་བཞི་འམ། རྫུ་འཕྲུལ་གྱི་རྐང ་པ་བཞི་འམ། སྡུག་བསྔལ་དང་། བཟོད་པ་དང་། སྤྱི་བོ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གིས་ཆོས་སྟོན་པ་དང་། ཡང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། བསམ་གཏན་བཞི་དང་། སྐྱེས་བུ་ཡ་བརྒྱད་ཀྱི་ཆོས ་དང་། སྟོང་པ་ཉིད་བཞི་དང་། ཏིང་ངེ་འཛིན་གསུམ་དང་། རྣམ་པར་ཐར་པ་བརྒྱད་སྟོང་པར་མཐོང་བ་དང་། ཏིང་ངེ་འཛིན་ལས་མུན་ནག་མཐོང་བ་དང་། སྣང་བ་མཐོང་ན་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཤིན ་ཏུ་དགའ་བའི་སེམས་བསྐྱེད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ཕྱིར་གནས་པའི་ཚལ་དུ་དོང་སྟེ། བསམ་གཏན་གྱི་ཏིང་ངེ་འཛིན་ཉིན་ཞག་བདུན་བསྒོམས་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ ་པར་གྱུར་ནས། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ནི་སངས་རྒྱས་ཀྱིས་བསྟན་པ་བཞིན་འཁོར་བ་ལས་ཐར་ཏེ། ་བླ་ན་མེད་པའི་འབྲས་བུ་ཐོབ་བོ།། བཅོམ་ལྡན་འདས་ཀྱིས་བཀར་སྩལ་པ། དེ་ལྟར་ཐོབ་ན་ཆོ་འཕྲུལ་བསྟན་པའི་དུས་ལ་བབ་པོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ལྔ་བརྒྱ་རྣམས ་སྟེང་གི་བར་སྣང་ལ་འཕགས་ཏེ། ཉལ་བ་དང་འདུག་པ་དང་འགྲོ་བ་དང་སྡོད་པ་དང་། ལུས་ལ་ཆུ་དང་མེ་ལ་སོགས་པ་འབྱུང་བའི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མངོན་པར་བསྟན་ཏེ། དེའི་ཚེ་མང་དུ་ཐོས་པའི་དགེ ་སློང་རྣམས་བསམ་གཏན་བསྒོམས་པས་མོ་རུ་དགལ་གྱི་བུ་ཆེན་པོ་དང་འདྲ་བར་རྫུ་འཕྲུལ་ཐ་མི་དད་པར་གྱུར་ཏོ། ། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དམ་པའི་ཆོ ་འདི་དེ་བཞིན་གཤེགས་པ་ཀྱང་ན་ལས་འདས་ནསའི་སྲིད་དུ་གནས་ཤིང་དུས་ངན་པའི་ཚེ་སེམས་ཅན་ཇི་སྐད་ཅིག་ཆོས་འདི་བསྒོམས་པས་དགེ་སྦྱོང་གི་འབྲས་བུ་བ་ནི་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས ་དགའ་བོ་ལ་བཀའ་སྩལ་པ། ངང་བྱིན་ཆད་དཔྱིར་ཀླུ་འབྲིང་པོ་ལ་རྩཝ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདའོ།། ངམྦྷ་ངན་ལས་འདས་ནས་ལོ་བརྒྱད་ཅུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན་མངན ་འབྱུང་སྟེ། དུ་བཟོང་དང་ཤིང་དྲུང་ན་གནས་ཤིང་། འདི་ཉིད་ཡིད་ལ་བྱེད་དེ། རྟོག་པ་དང་བསལ་བ་དང་འཇུག་པ་དང་སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ་སྟོང་ཕྲག་དགུས་དགེ་སྦྱོང་ག་འབྲས་བུ་བཞི ་ཐོའི་པར་འགྱུར་རོ། ། ལོ་སུམ་བརྒྱ་བར་དུ་ནི་སེམས་ཅན་སྟོང་ཕྲག་བརྒྱལ། སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་བ་ནི་ཐོབ་པར་འགྱུར་རོ།། ལོ་སུམ་བརྒྱ་ཕན་ཆད། ལྔ་བརྒྱ་ཚུན་ཆད་ནི། ་ངའི་ཉེ་གནས་རྣམས་བགས་ཀྱིས་མི་དགེ་བའི་ཆོས་སྤྱོད་དོ།། ཕྲག་དོག་གི་སེམས་ཀྱིས་ལོག་པའི་འཚོ་བས་འཚོ་བར་འགྱུར་རོ།། སྟོང་ཕྲག་བརྒྱ་ལ་སྟོང་ཕྲག་བཅུའི་དགེ་སྦྱོང་གིས་འབྲས་བུ་འཐོབ ་བོཔོལོ་ལྔ་བརྒྱ་ཕན་ཆད་བརྒྱད་བརྒྱ་ཚུན་ཆད་ངའི་ཉེ་གནས་རྣམས་ཁྱིམ་པའི་གོས་གྱོན་ནས། བ་ལང་དང་ལུག་དང་བྱི་ལ་དང་བོང་བུ་དང་རྟ་གསེཞིང་འབྲུ་མང་པོ་བསོགས་ཏེ་རང་གིས་ལག་དར་ཞིང ་རང་ཟ་བ་དང་། བྲན་ཕོ་དང་བྲན་མོ་ཡང་གསོ་བར་འགྱུར་ཏེ། དེའི་ཚེ་སྟོང་ཕྲག་སྟོང་ལ། སྟོང་ཕྲག་གཅིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ།། ལོ་བརྒྱད་བརྒྱ་ཕན་ཆད་ནས། ལེ་སྟོང ་ཚུན་ཆད་ནི། ངའི་ཉེ་གནས་རྣམས་སྡིག་པའི་ཆོས་སློབ་སྟེ། རྒྱལ་པོ་དང་། རྒྱལ་བུ་དང་བློན་པོ་ཆེན་པོ་དང་། ཁྱིམ་བདག་ལ་གྲོགས་པོར་སྟོན་ཅིང་། ཕན་ཚུན་ཐ་ན་འཕྲིན་གྱིས་འདྲུལ་ཞིང་། ཞིང་མོ་བརྐོ། ་བྱེད་དེ། འབྲུ་བ་ཟན་མང་པོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་སོག་ཅིང་། ཤ་ཟ་ཞིང་ཆང་འཐུང་སྟེ། ཆེན་པོ་བཞི་གསོས་ཞིང་རྟས་པར་བྱེད་པ་དང་། སྨད་འཚོང་མ་ལྟར་གོས་སྡུག ་གུ་གྱོན་ཞིང་འདྲིང་བ་དང་། སླུ་བའི་ལས་བྱེད་དེ། དེ་ལས་འབུམ་ཕྲག་ཁྲི་ལ། བརྒྱ་ཙམ་ཞིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་བོ།། ལོ་སྟོང་ཕན་ཆད་སུམ་བརྒྱ་ཚུན་ཆད་ནི་ཆེ་ཐང་དུ་འཁྲུགས ་ཏེ། ངའི་ཉེ་གནས་རྣམས་ལུས་ལ་ཆོས་གོས་གྱོན་ཡང་། ཤིང་ཁ་ལ་ཕན་སྙིང་བརྟགས་པ་དང་འདྲ་སྟེ། གཟི་བྱིན་མེད་ཁྱིམ་པས་མཐོང་ན་ཡང་བཀུར་བསྟི་ཡང་མི་བྱེད་པས་ཤན་པ་དང་འདྲ་བར་འགྱུར་རོ།། དེའི ་དུས་ན་ཡུལ་ཁམས་ཀྱང་འཁྲུགས་ཏེ། གཅིག་ལ་གཅིག་དགྲ་བྱེད་ཅིང་གསོད་པས། རྒྱལ་པོ་དང་། བློན་པོ་དང་། ཕ་མ་དང་། བུ་དང་། བུ་མོ་དང་། གཅིག་ལ་གཅིག་དགྲ་བྱེད་དེ། ་བྱམས་པ་དང་། སྙིང་རྗེའི་སེམས་ཀྱང་མེད་པས། བཟའ་བ་དང་། བཏུང་བས་ཉོན་མོངས་ཏེ། ཁྱིམ་ཐ་བ་མེད་པ་དང་། ཆུང་མ་མེད་པ་དང་། བུ་ཕོ་མེད་པ་དང་། བུ་མེ་མེད་པ་དང་། ལོང་པ་དང་། ལྐུགས་པ་དང་། ་དབང་པོ་མ་ཚང་བ་དང་། བྲན་ཕོ་དང་། བྲན་མོ་དང་བྲོས་པ། ཡུལ་ཁམས་ཕུང་བར་བྱེད་པ། འཚོ་བས་རང་མི་སོས་པ་དག་ངའི་ཆོས་ལ་ཞུགས་ནས། ཁྱིམ་པ་རྣམས་ཀྱིས་ཀྱང་རྔོན་པ་དང་འདྲ་བར་ལྟ་སྟེ། དཔེར་ན། ་ལྷའི་གླང་ངམ། རྟ་རྒོད་དམ། བ་གླང་མྱོས་པ་ལྟར་གདུལ་དཀའ་བ་རང་དགའ་ཡང་འགྲོ་བ། སློབ་དཔོན་དང་། སློབ་མ་ཡང་མི་རྒོད་མ་རུངས་པ་དང་འདྲ་སྟེ། འདོད་ཆགས་ལ་བག་མེད་པར་སྤྱོད་ཅིང་། བླ་མ་དང་འོག ་མའི་རིམ་པ་ཡང་མེད། བཟང་ངན་གྱི་རིམ་པ་ཡང་མེད། དུད་འགྲོའི་ཕྱུགས་དང་འདྲ་བ། ཁ་ན་མ་ཐོ་བའི་སྡིག་པ་མང་པོ་བྱེད་ཅིང་། ངན་སོང་གསུམ་གྱི་མི་འཇིགས་པར། གར་སོང་གར་གནས་ཀྱང་། ཆང་འཚེ་བ ་བ་དང་། ཤན་པ་དང་། རྔོན་པ་དང་། སྨད་འཚོང་དང་བསྟེན་ཅིང་འགྲོགས་པ་ཁ་ནས་ཀྱང་ངག་སྡིག་པ་སྨྲ་ཞིང་། སེམས་ལ་ཡང་སྡིག་པ་སེམས། ཡང་ན་བློན་པོ་དང་བསྟེན་ཅིང་དགེ་བའི་མི་དག་ལ་ཐབས ་སྣ་ཚོགས་ཀྱིས་བསྡིགས་ཤིང་ནོར་ཕྲོགས་ཏེ། བུ་སྨད་གསོའོ།། ཡང་ན་རྔོན་པའི་ཡོ་བྱད་ཉ་རྒྱ་ལ་སོགས་པ་འཆང་ཞིང་། ཉ་ལ་སོགས་པ་བཅུས་ནས། རང་གིས་ལག་དར་ཏེ་གསོད་པ་དང་། བསྲེག་པ་དང་། ་ཟླ་བ་ཉ་བ་དང་། ཤི་བའི་ཚེ་གསོ་སྦྱིན་མི་བྱེད་དེ། རང་ཉམས་སུ་སྟོང་པ་དང་། ཚུལ་ཁྲིམས་ཀྱི་ལས་བྱེད་པའི་རྣམས་ཕན་ཚུན་རྩོད་ཅིང་བླ་མ་དང་འོག་མ་དང་གྲོགས་པོ་ལ་ཞེ་སྡང་བ་དང་། གདུག་པའི་སེམས ་སྐྱེད་པ་དང་། སློབ་དཔོན་དང་། སློབ་མ་ཡང་གཅིག་ལ་གཅིག་སྐྱོན་འདྲུ་ཞིང་འཕྱ་བ་དང་སྒྲོགས་པའི་གཏམ་སྨྲ་སྟེ། དཔེར་ན་རྩཝ་ལས་པ་མང་པོ་ཀུན་གཅིག་ཏུ་འདུས་པ་དང་འདྲ་བ་དང་། ཕན་ཚུན་དཔུང་དང ་སྔ་ཆ་གཅིག་ཡ་གཅིག་ཚིག་ངན་གྱིས་སྨ་འབེབས་པ་དང་། བླ་འོག་གི་རིམས་པ་ཡང་མེད་པ་དང་། མི་རྒོད་མ་རུངས་པ་ལྟར། དགེ་བ་བྱེད་པ་ལྔ་འཕྲོག་རློམ་བྱེད་པ་དང་། ཁེ་དང་གྲག་པ་ལ་ཆགས་ཏེ། ཆོག་མི་ཤེས་པར་གྱུར ་པ་དེའི་ཚེ། མདོ་སྡེ་བཅུ་གཉིས་ཀྱང་ནུབ་པར་འགྱུར་ཏེ། ཀློག་པ་དང་འདོན་པ་ཡང་མེད་པ་དང་། དེའི་སློབ་པ་རྣམས་ཀྱང་དགྲ་ཆོས་དང་། གཙུག་ལག་དང་། ཡི་གེ་དང་། འཇི་བ་དང་། བཅོམ་པ་དང་། ་ཤིང་དང་། བཞོན་པ་དང་། བོན་ཆོས་དང་། མིག་མངས་དང་། གླུ་ཀར་དང་། ངུ་བ་དང་སྤྱུགས་པ་དང་། འཕོང་རྩལ་དང་། རྟ་རྒྱུག་པ་ལ་སོགས་པའི་ཆོས་མ་ཡིན་པ་སློབ་ཅིང་སྤོད་དེ། དེ་ལྟར་མ ་ལེགས་པའི་ཆོས་སྤྱོད་པས། ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྷུང་སྟེ། བསྐལ་པ་གྲངས་མེད་པར་ངན་སོང་གི་སྡུག་བསྔལ་མྱོང་ནས། དེ་ལས་ཐར་ནས་ཡང་བྱོལ་སོང་དུ་སྐྱེས་ཏེ། ལྟོགས་པ་དང་།། ་སྐོམ་པ་དང་། སྡུག་བསྔལ་གྱིས་ཉེན་པ་དང་། ཁལ་ལྕི་བ་འགྲེལ་ཞིང་འགྲོ་བར་འགྱུར་རོ།། ཅི་ཞིག་ན་སྦྱངས་པའི་ཡོན་ཏན་སློབ་པ་ཡང་ཆོས་མ་ཡིན་པ་མང་དུ་བྱེད་དེ། རི་དང་། ཚོལ་དང་། དུར་ཁྲོད་དང་། ་ཤིང་དྲུང་ན་མི་གནས་ཤིང་རྟག་ཏུ་གྲོང་དུ་རྒྱུག་སྟེ། སེམས་ལ་རྟོག་པ་མང་ཞིང་། ཁེ་དང་གྲགས་པ་ཚོལ་ཏེ། ནོར་རྫས་དང་ལོངས་སྤྱོད་ལ་ཆགས་ཤིང་ཆོག་མི་ཤེས་པ་དང་། ཆོས་སྟོན། ་པའི་བཤད་མཁས་ཞིག་ཡིན་ན་ཡང་། སངས་རྒྱས་ཀྱི་ཆོས་སྟོན་པ་ཡང་ཁྲི་ཙམ་ལ་གཅིག་ཙམ་ཡང་ཐོག་ཏུ་མི་ཕེབས་ཏེ། འཁོར་མང་པོ་དང་འགྲོགས་ནོས་གྲོང་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་ནས ་ཁྱིམ་པ་ལ་ཆོས་སྟོན་པ་ཁེ་དང་གྲགས་པའི་ཕྱིར་ཏེ། ལོངས་སྤྱོད་མང་དུ་སོགས་ཤིང་ཤན་པ་དང་འདྲའོ།། ཤ་དང་ཆང་ལ་མི་སྤྱོད་པ་དག་གིས། དགེ་སློང་དང་ཁྱེད་ནི་བཙུན་པ་ཁྱིམ་ནས་ཁྱིམ་མེད་པར ་རབ་ཏུ་བྱུང་བ་ཡིན་ན། སྙིང་རྗེ་བའི་སེམས་ཀྱང་མེད་དེ། འདི་ལྟར་ཆོས་མ་ཡིན་པ་མང་དུ་སྤྱོད་པས། ཁྱེད་ནི་ཤན་པ་དང་འདྲའོ་ཞེས་སྤྲོས་ཞིང་བརྒྱད་པར་འགྱུར་རོ།། དགེ་སློང་དེ་དག་དེ་སྐད་ཅེས་གཤེ ་བ་ཐོས་ནས། ཀུན་ལོག་སྟེ་དེས་བརྡེགས་པ་དང་། གཤེ་བ་དང་བརྒྱད་བཀག་སྟེ། གཅིག་ལ་གཅིག་འདི་སྐད་སྨྲའོ།། དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི། ངེད་ཤ་དང་ཆང་འཐུང་བ་མ་གནང ་སྟེ། ད་ངེད་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ད་ནི་ཅི་ཡང་གནང་བས། ངེད་ཤ་དང་ཆང་འཐུང་བ་ཡིན་ནོ།། ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་གཅིག་ལ་གཅིག། བདག་ཅག་གིས ་ཤེས་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་འདྲའོ་ཞེས་སྨྲ་ཞིང་། ལ་ལ་ནི་ཚིག་བཀྱལ་པ་དང་དོན་མེད་པའི་ཚིག་དང་། འགྲན་ཏོར་གྱི་ཚིག་དང་། འཁྲུལ་པའི་ཚིག་ཏུ་སྨྲ་ཞིང་། དཔེར་ན་དམུས ་ལོང་ཞིག་མཛུབ་མོ་གཉིས་ཉི་མ་ལ་བཙུགས་ཏེ། ཉི་མ་ཡ་གི་ནི་རླུང་ངོ་།། ཡངས་སོ་དོག་གོ་ཞེས་སྨྲ་བ་འམ། མི་འོན་པ་ཞིག་བདག་གིས་གནམ་གྱི་སྟེང་ན་ཆོས་འཆད་པའི་སྒྲ་ཐོས་སོ་ཞེས་ཟེར་བ་དང་འདྲ་བར ་དམུས་ལོང་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་འོད་སྲུང་ཆེན་པོ་ལ་སོགས་པ་སྤྲུལ་ཏེ། དེའི་ནང་ན་བཞུགས་ཀྱང་ཀུན་གྱིས་བརྡེག་ཅིང་གཤེ་སྟེ། དེ་ནས་སྨོད་ཅིང་འདུག་ཏུ་མི་སྟེར་རོ།། ་གཞན་ཡང་དཔེར་ན་སེང་གེ་ནི་སྤོས་ཀྱི་རི་ལ་གནས་ཏེ། རི་དགས་དང་གཅན་གཞན་མང་ཡང་གནས་དེར་ཉེར་མི་བཟོད་དོ།། སེང་གེ་རི་དེ་ལས་བྱུང་སྟེ། སོང་བའི་འོག་ཏུ་ནི་གདུག་པ་ཁྲོ་བོ་ལ་སོགས་པ་གཅིག་གིས་གཅིག་པོས ་ཏེ་སྤོས་ཀྱི་རི་ལ་ལྷགས་ནས་འབྲས་བུ་ཞིམ་པོ་ཟ་ཞིང་ཆུ་མིག་ལས་འཐུང་ངོ་། ། དེ་ལྟར་ཟ་ཞིང་འཐུང་བ་ལས་ཐམས་ཅད་བསྐམས་ཤིང་མེད་པར་གྱུར་ཏོ།། སྤོས་ཀྱི་རི་ལ་གནས་པའི་ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར ་བས། རྩ་གདུག་པ་སྐྱེས་ཏེ། ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་འགྱུར་རོ།། ང་མྱ་ངན་ལས་འདས་པའི་འོག་ཏུ། དགེ་སློང་ཐམས་ཅད་ཀྱིས་ངས་བསྟན་པའི་མདོ་སྡེ་བཅུ་གཉིས་འདོན་ཅིང་ཀློག་པ་ཡང་གོང་མ་ནི ་བར་དུ་བཅུག། བར་མ་ནི་འོག་ཏུ་བཅུག། འོག་མ་ནི་གོང་དུ་བཅུག། བར་མ་ནི་འོག་དང་ཐ་མར་བཅུག་སྟེ། དོན་མ་ཡིན་པ་ལ་དོན་ཞེས་ཟེར། དོན་ལ་ནི་མ་ཡིན་ཞེས་ཟེར་ཏེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་པའི ་གཞུང་ནི་བདེན་པ་ཡིན་ནོ་ཞེས་ཟེར་བ་དང་འདྲའོ། ། དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་། གཟི་བརྗིད་དང་མཐུ་མེད་དེ། ལ་ལ་ཞིག་འདོན་ཏམ་ཀློག་ཀྱང་མི་གཅིག་འགའ་ཡང་དགེ་སྦྱོང་གི་འབྲས་བུ ་བཞི་ཐོབ་པ་མེད་དོ། ། དེ་ལྟར་ངའི་སློབ་མ་རྣམས་ཀྱང་རྒྱལ་པོ་སྲིད་སྦྱོར་བ་འམ། བྱ་འདབ་མ་མེད་པ་དང་འདྲ་སྟེ། གཙུག་ལག་ཁང་དང་མཆོད་རྟེན་ཡངས་སྟོང་ཤིང ་ཞིག་རལ་གསོ་བ་ཡང་མེད་དོ། ། ཇི་ལྟར་སྐུ་གཟུགས་དང་བ་དན་རིན་པོ་ཆེའི་གདུགས་ཡོད་པ་དགྲ་ཆ་ཞིག་པ་དང་འདྲ་སྟེ། ཕུར་རོན་དང་བྱེའུ་དང་། ཕག་དང་ཁྱི་དང་ལུག་ལ་སོགས ་པའི་ཚང་དང་གནས་སུ་འགྱུར་རོ། ། དེ་དགེ་སློང་སོ་སོ་ན་འདུག་པའི་གནས་ནི་བྱི་དོར་བཟང་དུ་བྱེད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡང་ཁྱོད་ལ་མདོ་ཙམ་ཞིག་བཤད་པ་ཡིན་ནོ།། དགྲ ་བོས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་མཆི་མ་གླགས་ཏེ་ངུས་སོ། ། དེ་ལྟར་དགའ་བོ་ཡིད་གདུང་ཞིང་ངུ་བ་མ་བཏང་བ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་དེ་ལྟར་མ་ངུ་བར ་མདོ་སྡེ་འདི་གཟུངས་སུ་ཟུང་ལ་འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག། དེ་ནས་དགའ་བོས་གདོང་མཆི་མ་ཕྱིས་ནས། བཅོམ་ལྡན་འདས་ལ་བདག་གིས་གཟུངས་སུ་བཟུང་ངོ་ཞེས་གསོལ་ཏོ།། བརྒྱ་བྱིན་དང་། ་ལྷ་དང་མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཅག་གིས་ཀྱང་ཡོངས་སུ་བཟུང་སྟེ། གང་དག་མདོ་སྡེ་འདི་རི་འམ། ཚལ་ལམ་ཤིང་དྲུང་ངམ། བས་མཐའ་འམ་དུར་ཁྲོད ་ན་གནས་ཏེ། འདོན་ཏམ་ཀློག་ན། བདག་ཅག་གིས་ལྷ་དང་མིའི་འཁོར་དང་། མི་མ་ཡིན་པ་དང་བཅས་ཏེ། གནས་དེར་འགྲོ་ཞིང་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་གམ། ཚིག་གཅིག་ཙམ་ཡང་མི་བརྗེད ་མི་ཉམས་པར་བཟུང་ངོ་ཞེས་གསོལ་ཏོ། ། མདོ་སྡེ་འདི་གསུངས་པའི་ཚེ། དགེ་སློང་སྟོང་སྙེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བནི་ཐོབ་པར་གྱུར་ཏོ།། དགེ་སློང་མ་སྤྱོང་ལྔ་བརྒྱས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར ་བྱུགྱུང་ཏོ། ། དགེ་བསྙེན་ལྔ་བརྒྱ་ཡོངས་སུ་དག་པར་གྱུར་ཏེ། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་ཕྱག་བྱས་ནས་ཕྱིར་དོང་ངོ་།། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་རྫོགས་སོ།། ། ་