CLOSE WINDOW

S690: mchog thob pa'i rig sngags
Wyliee-texts produced with BDRC’s OCR application

སྐྲག་པ་ཐམས་ཅད་ལས་བསྲུང་བར་མཛད་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ།། ཡོངས་སུ་གཟུང་དུ་གསོལ། ཡོངས་སུ་བསྐྱང་དུ་གསོལ། ཞི་བ་དང་བདེ་ལེགས ་སུ་འགྱུར་བར་མཛད་དུ་གསོལ། ཆད་པ་སྤང་བར་མཛད་དུ་གསོལ། མཚོན་ཆ་སྤང་བར་མཛད་དུ་གསོལ། མཚམས་གཅད་པར་མཛད་དུ་གསོལ། ས་བཅིང་བར་མཛད་དུ་གསོལ། ཀུ་རུ་ཀུ ་རུ་བན་མཀྵི། བི་དྷི་བེ་དྷི་བི་དྷི། མརྒ་སཾ་པྲ་སྭ་ཏེ། ཨ་མྲྀ་ཏ་ཏེ་ཛ་བ་ཏི། གནོད་པ་ཐམས་ཅད་ལས་བདག་ལ་རྟག་ཏུ་སྲུང་དུ་གསོལ་སྲུང་དུ་གསོལ། མུ་ལུ་མུ་ལུ་མུ། ཁུ་ཁུ་མེ། གྷོ་རྀ་དྷཽ ་རྀབ་ལེ་བ་ལེ། ཏ་ར་ཏ་ར། མུ་ཡ་མུ་ཡ། མུཉྩ་ནི། ཁ་ཁ་རེ། དྷུ་དྷུ་དྷུ་ནི། བདག་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་སྲུང་དུ་གསོལ་སྲུང་དུ་གསོལ། ་ཛ་ཡཾ་ཀུ་རུ་ཀུ་རུ། ཕུ་རུ་ཕུ་རུ་སྭཱ་ཧཱ། ཨ་མ་ལེ་སྭཱ་ཧཱུ~ཾ། ཨོཾ་མྦུ་ཏེ་སྭཱ་ཧཱ། འཕགས་པ་ཕྱིར་བཟློག་པ་སྤོབས་ཅན་ཞེས་བྱ་བ་རྫོགས་སོ།། རྒྱ་གར ་སྐད་དུ། ཨ་གྲ་བིདྷི་མནྟྲ། བོད་སྐད་དུ། མཆོག་ཐོབ་པའི་རིག་སྔགས། བཅོམ་ལྡན་འདས་མ་དུང་ཅན་མ་ལ་ཕྱག་འཚལ་ལོ།། བསྙེན་པ་རྫོགས་པར་བྱེད་པ། གཟི་བརྗིད་རྒྱས་པར་བྱེད་པ། ་ལོངས་སྤྱོད་འཕེལ་བར་བྱེད་པ། དབང་ཕྱུག་འཕེལ་བར་བྱེད་པ། འཁོར་འཕེལ་བར་བྱེད་པ། ཚེ་འཕེལ་བར་བྱེད་པ། དགྲ་ཞི་བར་བྱེད་པ། བགེགས་ཞི་བར་བྱེད་པའོ།། དཀོན་མཆོག་གསུམ་ལ ་མཆོད་པ་ཕུལ་ལ། སེམས་བྱམས་པ་ལ་གནས་པས་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ།། འདི་ལྟ་སྟེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ཤཾ་ཁི་ནི་དེ་བི། ཨཱ་གཙྪ་ཨཱ་གཙྪ། ཏིཥྛ་དྷ་ནི།། ་དྷ་ནཱ་ཛ་ཡེ། པྲཱི་བྲཱི། བི་ཏི་ཀ་རི། དྷཱི་དྷྲི་དྷཱི་ཏི་ཀ་རི་ནན། བི་བི་དྷ། བེ་ཤ་བ་སྟ། ཨཱ་ཡུ་དྷཱ་རི་ན་ཡུ་ཡུ། ཨ་ཡུ་པལླ་ལ་ནཱི། ཏ་ཐཱ་ག་ཏཱ། སྨ་ར་བོ་དྷི་ཙིཏྟི། མ་ཏི་ལ་མ་བོ་ད་ར། དེ་ཧི་མེ་བ་ར་ན་ཤཱ་ཁི་ནཾ་སཱ་ཧཱ། བདག་གིས ་འདི་ཉིད་ཀྱི་སྤྲུལ་པའི་སྐུ་འདི་ཉིད་དུ་མཐོང་བར་གྱུར་ཅིག། སྟོང་པ་ཉིད་ལ་བཟོད་པ་ཐོབ་པར་གྱུར་ཅིག། སྟོང་པ་ཉིད་ཀྱི་དོན་མཐོང་བར་གྱུར་ཅིག། སྟོང་པ་ཉིད་ཀྱི་དོན་བྱེད་པར་གྱུར་ཅིག། འདི་བརྗོད་པས ་བར་དུ་གཅོད་པ་ཐམས་ཅད་ཀྱང་རྣམ་པར་སེལ་བར་འགྱུར་རོ། ། འཕགས་པ་མཆོག་ཐོབ་པ་ཞེས་བྱ་བ་རྫོགས་སོ།། །། དཔལ་ལྷ་མོ་སྒྲ་དབྱངས་ལ ་བསྟོད་པ། ལམ་གང་གིས་ན་སངས་རྒྱས་འབྱུང་བ་དང་།། རྒྱལ་བ་སྲས་བཅས་ཆོས་ཀྱི་བླ་མར་གྱུར།། མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི།། ཤེས་རབ་དཀྱིལ་འཁོར་མང་ལ་སྐྱབས་སུ་མཆི།། ་ཕྱག་འཚལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མ།། འཇིག་རྟེན་ཁམས་འདིར་སྤྲུ་ལ་དབང་བརྙེས་ཤེས།། དྲང་སྲོང་རིག་གསུམ་རིག་པའི་ཕ་རོལ་གཤེགས།། དེ་ནི་སྤྱོད་པ་རྒྱ་ཆེན་རྣམས་ལས་བྱུང་།། སེམ ་ཅན་དོན་ཕྱིར་འཕྲིན་ལས་ཆེན་པོའི་ཁུར། ། སྤྲོ་བར་དཀའ་བ་ཀུན་ཀྱང་ཁྱོད་ཀྱིས་མཛད།། ས་དང་ཕ་རོལ་ཕྱིན་པ་བཅུ་སྤྱད་པས།། དགེ་བའི་ཚོགས་བརྟན་ཡིད་བཞིན་ལུས་སུ་བསྒྱུར།། ཞལ་གྱི་དཀྱིལ ་