| Wylie | e-texts produced with BDRC’s OCR application |
། ལྡན་མའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱུརྡྷ་ཛ་ཊཱ་མ་ཧཱ་ཀལྤ་མ་ཧཱ་བོ་དྷི་སཏྭ་བི་ཀུ་ནརྦྦ་ཎ་པ་ཊ་ལ་བི་ས་རཱ་བྷ་ག་བ་ཏཱི་ཨཱརྱ་ཏཱ་རཱ་མཱུ་ལ ་ཀལྤ་ནཱ་མ། བོད་སྐད་དུ། རལ་པ་གྱེན་བརྗེས་ཀྱི་རྟོག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པ་ལེའུ་རབ་འབྱམ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ ་བའི་རྟོག་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཚུལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྒྲོལ་མའི་གྲུའི་སྟེང་གི་ནམ་མཁའི་མཐིལ ་ན་རབ་ཏུ་བཞུགས་ཏེ། ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པས་རབ་ཏུ་ཕྱེ་བའི་བྱང་ཆུབ་སེམས་དཔའ་འདུས་པའི་དཀྱིལ་འཁོར་དང་ལྡན་པར་བཞུགས་སོ།། དེ་ནས ་བཅོམ་ལྡན་འདས་ཀྱིས། གནས་གཙང་མའི་རིགས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་ཁྱེད་རྣམས་ཉོན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང ་ཕྱུག་གི་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་གྱི་སྤྱོད་པ་ཏིང་ངེ་འཛིན་དང་། རྫུ་འཕྲུལ་གྱི་ཁྱད་པར་རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་པའི་རྣམ་པར་འཕྲུལ་པ་སེམས་ཅན ་ཐམས་ཅད་ཉེ་བར་འཚོ་བར་བྱེད་པ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་བྱེད་པའི་རིག་སྔགས་དང་གསང་སྔགས་ཀྱི་གཞི་སེམས་ཅན་ཐམས་ཅད ་ལ་ཕན་པའི་ཆེད་དུ་བཤད་ཀྱིས། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག། ངས་བཤད་དོ།། དེ་ནས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་སོ།། དེ་ནས་གནས་གཙང་མའི་རིས་ཀྱི ་ལྷའི་བུ་དེ་རྣམས་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཏིང་ངེ་འཛིན་གྱི་ཁྱད་པར་ས་སོ་སོར་ཐོབ་པར ་བྱེད་པ། རྡོ་རྗེའི་གདན་གནོན་པར་བྱེད་པ། བདུད་འདུལ་བར་བྱེད་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ངེས་པར་འབྱུང་བར་བྱེད་པ། ལྷ་དང་མ ་རྣམས་སུ་སྐྱེ་བར་བྱེད་པ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དབུལ་བ་དང་ནད་ཀྱིས་བཏབ་པ་ཐམས་ཅད་ཀྱི་ནད་སེལ་བར་བྱེད་པ་ཉིད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམ ་ཅད་ཀྱི་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པ་ཟིལ་གྱིས་མི་ནོན་པ་ཉིད་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་གསུང་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད ་ནི་དོན་མེད་པར་གསུང་བར་བྱེད་པ་མ་ལགས་ན། བཅོམ་ལྡན་འདས་བྱམས་པའི་སེམས་དང་། བདག་ཅག་དང་། སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བ་ཉེ་བར་གཟུང་ནས་དེ་གསུང་དུ་གསོལ ་དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ནས། རྣམ་པར་དག་པའི་ཡུལ་ལ་འོད་ཟེར་རྣམ ་པར་འཕྲོ་བ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའ་རྣམ ་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བ་ཉིད་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་མཐའ་ཡས་པ་འདས་ནས་ནུབ་ཕྱོགས་ཀྱི་ཆར་གངྒཱའི་ཀླུང་བརྒྱ་སྟོང་ཕྲག་གི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ལས་འདས་པ་ན། བདེ་བ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཀྱི་རྗེས་སུ ་ཞུགས་ཏེ། གང་དུ་དེ་བཞིན་གཤེགས་པ་ཆེ་དཔག་མེད་བཞུགས་པ་དེར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང ་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ལ་སོ་སོར་གནས་པ་རྣམས་ཀྱིས་ཐབས་ཅིག་ཏུ་བཞུགས་པ་དེ་འོད་ཟེར་གྱི་སྣང་བ་མཐོང་བས་ཅུང་ཟད་རབ་ཏུ་བཞད་པའི་ཞལ་དེ་ཉིད་ཀྱིས། བྱང་ཆུབ ་སེམས་དཔའི་ཚོགས་རྣམས་ལ་བཀའ་སྩལ་ཏོ། ། ཀྱེ་རྒྱལ་བའི་སྲས་རྣམས་འདི་ནི་བདག་ཅག་རྣམས་ཀུན་ཏུ་སྐུལ་བར་བྱེད་པའི་འོད་ཟེར་འདིར་འོངས་པ་ཡིན་པར་ཁྱེད་ཅག་གིས་ཤེས་པར་གྱིས་ཤིག། ་དེ་ནས་ཡང་སེམས་དཔའ་ཆེན་པོ་དེ་རྣམས་སྤྱན་འཛུམ་པ་མེད་པར་སྤྱན་གདངས་ནས་འདི་འོད་ཟེར་གྱི་སྣང་བ་གང་ཡིན་པ་དེར་མངོན་པར་ཕྱོགས་ཏེ་གནས་སོ།། དེ་ནས་ཀུན་ཏུ་སྐུལ་བར་བྱེད་པའི་འོད་ཟེར ་དེས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཆེན་པོ་ཀུན་ཏུ་སྣང་བས་ཀུན་ཏུ་སྣང་བར་བྱས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་ལན་གསུམ་བསྐོར་བ་བྱས་ནས། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ཀྱི་སྤྱི་བོར་ནུབ་པར་གྱུར་ཏོ། ། དེ་ནས་སེམས་དཔའ་ཆེན་པོ་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག ་མེད་ལ་ལན་གསུམ་བསྐོར་བ་བྱས་ནས་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགོངས་སུ ་གསོལ། བདག་ཅག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་མི་མཇེད་ཀྱི་འཇིག་རྟེན་གྱི ་ཁམས་དེ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་འཚལ་ཞིང་བསྙེན་བཀུར་བ་དང་། རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་སྤྱོད་པ་དང་། སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ ་འཁོར་གྱི་ཆོ་གའི་རྟོག་པ་དང་། གསང་བའི་རས་རིས་ཀྱི་ཆོ་ག་དང་། བཟླས་པ་དང་། རིག་པའི་དབང་བསྐུར་བ་ཐམས་ཅད་ཁྱད་པར་དུ་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར ་འཚལ་ལོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས ་དཔའ་ཆེན་པོ་གང་ད་ལྟ་དེའི་དུས་ལ་བབ་པར་ཤེས་ན་སོང་ཞིག། ངའི་ཚིག་གིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། ལྡང་བ་ཡང་ངམ། རེག་པར་གནས ་སམ་ཞེས་རྨེད་པར་བྱའོ། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ། ། སེམས་དཔའ་ཆེན་པོ་གངྒཱའི་ཀླུང་བརྒྱ་སྟོང་ཕྲག་གངྒཱའི་བྱེ་མ་ལ་སོགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས ་ཀྱང་ཁྱོད་ཀྱི་རིགས་དང་། གསང་སྔགས་ཀྱི་སྤྱོད་པ་དང་། དཀྱིལ་འཁོར་གྱི་རྟོག་པ་དང་། གསང་བའི་དབང་བསྐུར་བ་དང་། ཕྱག་རྒྱ་དང་། རས་རིས་ཀྱི་ཆོ་ག་དང་། སྦྱིན་སྲེག ་དང་། བཟླས་པའི་ངེས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། སེམས་ཅན་ཐམས་ཅད་ཀུན་ནས་དགའ་བར་བྱེད་པ། རིན་པོ་ཆེ་སྣང་བའི་ལེའུ་རབ་འབྱམ་འདས་པ་དང་། མ་འོ ་བབ་དང་། ད་ལྟར་འབྱུང་བའི་ཡེ་ཤེས་རྣམས་ཀྱིས་རང་གི་རིག་སྔགས་དངགསང་སྔགས་ལ་འཇུག་པར་བྱེད་པ་སྟོན་པ་མཐར་ཐུག་པར་ཟིན་པ་དང་། ནང་གི་དུས་དང་ལྡན་པ་དང་། དམ་ཚིག་རང ་འབྱམ་གྱི་ལོ་ལུ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མཐའ་དག་མ་ལུས་པར་བསྡུས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་འན་ཐོས་དང་། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ་དང་། སྤྱོད་པ་མཐར་ཐུག་པ་གསུང་བ.རདང་ལྡན་པ་དག་གསུངས་པ་ལའང་འདི་ལ་རྗེས་སུ་ཡི་རང་བ་ཁོ་མའོ།། སེམས་དཔའ་ཆེན་པོ་ང ་དེའི་རྡུམ་ལ་བབ་པར་ཤེས་མ་ཁྱོད་སོང་ཞིག། ཤཱཀྱ་ཐུབ་པའི་དྲུང་ངུ་དེ་ལ་མངོན་དུ་ཕྱོགས་པས་དམ་པའི་ཆོས་ཀྱི་རྣམ་མངས་འདི་ཉོན་ལ་ཁྱོད་ཀྱང་སྨྲ་བར་འགྱུར་རོ།། འདི་ལའང་རྩ་བའི་རིག་མ ་སུ་འགྱུར་བ་ནི། མཐོར་དྷ་ཐ་མཱ་ཡ། ན་མོ་ཨ་མ~ཾ་ཐཱ་དྡ་ལ~ཾ། ཋབ་ག~ཾ་ཛྭ་ཡེ། ཨརྦ་ཏེ་ས~ཾ་མྱག་ས~ཾ་པྲཏྤ་ལ། ན་མ་ཨ་མྱས་པ་མ་ག་ཏེ་ཤྭ་རཱ་ས། བོ་ཌྷོས་ཏཱ་མེ། མ་ཐིས་ཏཱ་ལ། མ་མོ་ལྷག་ས ་དཱ་ཡཾ། བོ་དྷི་སཏྭཱ་ཡཻ། ཏདྱ་ཐཱ། ཏཱ་རེ་རི་ཛཱ་ཀཱ་དྷརྨ་ནིཏྱ་ཏེ། ཏཱ་རེ་ཏུཏྟཱ་རེ། ཤཱནྟ་དྷརྨ་ནི་ཏྱ་ཏེ། ཏཱ་རེ་ཨ་ན་བྷི་ལཱ་པྱ། དྷརྨ་ནིརྱཱ་ཏེ། ཏུཏྟཱ་རེ་ཏུ་རེ་ཏུ་རེ་ཧི་ནི། ཏྲཱ་ས་ནི་ཐཱ་ས་ནི། ཨོ་ཧ་ནི། མོ་ཧ་ནཱི། ཛམྦ་ནཱི། ་སྟམྨ་ནི། པྲ་བྷེ། ཙནྣ་པྲ་བྷེ། ཧི་ལི་ཧཱི་ལི། ཙི་ལི་ཙི་ལི། བེ་ག་སཱ་མི་ནི། ཀུརྟྟི་ཀུཎྜི་མཧཱ་ཀུཎྜི། དྷ་ར་དྷ་ར། དྷ་ན་པ་ཏི་ཏཱ་རེ། ཧུ་རུ་ཧུ་རུ། ཀུ་རུ་ཀུ་རུ། ཨ་ཧཾ་ཡཱ་ཡཱ། ཙིནྟ་ཡཱ་མི་ཙིནྟ་དྷཱི་མཱཾ་ཀུ་རུ ་སཱ་དྷ་ཡ་སྭཱ་ཧཱ། འདི་ནི་སེམས་དཔའ་ཆེན་པོ་ཁྱོད་ཀྱི་འཕགས་མ་སྒྲོལ་མའི་རྩ་བའི་རིག་པ་དེ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་སྙིང་པོའོ།། དེ་དེ་བཞིན་གཤེགས་པ་རྣམས ་ཐམས་ཅད་ཀྱིས་གསུངས་ཤིང་གསུང་བར་འགྱུར་ཏེ། ཁྱོད་ཀྱིས་ཀྱང་ད་ལྟ་སྨྲ་བར་འགྱུར་རོ།། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དྲི་རྒྱས་པས་རྣམ་པར་ཕྱེ་བའི་མཐར་ཤཱཀྱ་ཐུབ་པ་བྱོན་ཏེ། ཤཱཀྱ ་ཐུབ་པས་རྗེས་སུ་གནང་བའོ། ། འདི་ལ་མཆོག་གི་སྙིང་པོར་འགྱུར་བའང་། ན་མཽ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ལ་ཉེ་བའི་སྙིང ་པོའང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱ~ཾ། ཨོཾ་ཀུ་རུ་ཀུལླེ་སྭཱཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས ་རྗེས་སུ་གནང་ནས། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་འཐུན་པ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་ཐོབ་པར་བྱེད་པ་ཐམས་ཅད་ཀྱི་བཀོད་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར ་ཞུགས་མ་ཐག་ཏུ་ཕྱོགས་བཞི་རྣམས་དང་། སྟེང་དང་། འོག་དང་། ཐད་ཀའི་མཐར་ཐུག་པའི་ཐམ་ཅད་དུམྦི་དང་ལྡན་པའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་རྫོགས་པའི་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་ཏོ། ། རྒྱལ་བའི་སྲས་པོ་ལེགས་སོ་ལེགས་སོ།། གང་ཁྱོད་ཀྱིས་ཏིང་ངེ་འཛིན་ཁྱད་པར་འདི་ལྟ་བུ་ལ་སྙོམས་པར་ཞུགས་པ་ནི་ཉན་ཐོས་དང་རང་སངས་རྒྱས ་ཐམས་ཅད་ཀྱིས་མི་ནུས་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་རབ་ཏུ་ཞུགས་པ་ས་བཅུ་ལ་རབ་ཏུ་བཞུགས་པ་རྣམས་ཀྱིས་ཀྱང་སྙོམས་པར་འཇུག་པར་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་འོད་དཔག་མེད་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཐབས་ཅིག་བྱམས་པ་དང་བཅས་པ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་མཆོག་གི་སྙིང་པོ་མཆོག་ཏུ་གསང་བ་དོན་ཐམས་ཅད་སྒྲུབ ་པར་བྱེད་པ་ཡི་གེ་གཅིག་པ་ཞེས་བྱ་བ་མཆོག་ཏུ་གསང་བའི་སེམས་ཅན་ཐམས་ཅད་ཀྱི་ལས་ཐམས་ཅད་བྱེད་མ། རིག་སྔགས་གཞན་རྣམས་ཀྱིས་ཀྱང་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པའི་ཁྱད་པར ་གྱིས་སྒྲུབ་པར་བྱེད་པ་དང་འཐུན་པའི་རིག་སྔགས་གསུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡུད་ཙམ་ཞིག་ཅིའང་མི་གསུང་བར་གྱུར་ཏོ།། ཐམས་ཅད་དུ་ཐམས ་ཅད་དང་ལྡན་པའི་འཇིག་རྟེན་ལ་སངས་རྒྱས་ཀྱི་སྤྱན་གྱིས་ཀུན་ཏུ་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་བྱམས་པའི་བདག་ཉིད་ཀྱི་སེམས་ཀྱིས་རིག་སྔགས་གསུངས ་པར་གྱུར་ཏོ། ། ན་མཿསརྦ་བུདྡྷཱ་ནཱཾ། ཨོཾ་གཱིཿའདི་ནི་བཅོམ་ལྡན་འདས་མའི་མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང ་ཕྱུག་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པ་ཞེས་བྱ་བ་དེ་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་དང་སེ་གོལ་གཏོགས་པ་ཙམ་གྱིས་ཀྱང་མིག་འབྱེད ་འཛུམ་སམ། སྐད་ཅིག་ཙམ་གྱིས་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་སྟོབས་མགྱོགས་པའི་བློ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམ་པར་འཕྲུལ་པ་ཉིད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། མི་མཛད་ཀྱི་འཇིག་རྟེན ་གྱི་ཁམས་སུ་འོངས་ནས་ཀྱང་སླར་འཁོད་དེ་སྟེང་གི་ནམ་མཁའི་མཐིལ་དུ་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་སོ་སོར་འཁོད་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོར་སླར་འཁོད་ནས། ཐམས་ཅད་དང་ལྡན་པའི་འཁོར ་གྱི་དཀྱིལ་འཁོར་དུ་འོད་ཟེར་ཆེན་པོའི་ཀུན་ཏུ་སྣང་བས་ཀུན་ཏུ་སྣང་བར་བྱས་ནས། རིན་པོ་ཆེའི་སྣང་བའི་བདག་པོའི་རྒྱན་གསལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཁང་པ་བརྩེགས་པ་རིན་པོ་ཆེ་དུ་མས་རྣམ་པར་ཕྱེ་བ་དང་། རིན་པོ་ཆེའི་གདུག ་དུ་མས་དཔག་ཚད་བརྒྱ་སྟོང་ཕྲག་ཏུ་ཁྱབ་པ་དང་། ལྷའི་གོས་དང་དར་གྱི་རྒྱན་གྱིས་ཉེ་བར་མཛེས་པར་སྤྲས་པ་དང་། ལྷའི་མེ་ཏོག་དང་། བ་དན་དང་། རྒྱལ་མཚན་དང་། འཕྲེང་བ་དང་། རིན་པོ་ཆེ ་གཡེར་ཁའི་དྲ་བ་བཅིངས་པ་སྒྲ་སྙན་པ་འཁྲོལ་བ་འཇུག་པ་དང་ལྡན་པ། བྱང་ཆུབ་སེམས་དཔའ་སོ་སོར་གནས་པར་བྱེད་པ། ལྷའི་དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ་ཕྱེ་མའི་ཆར་འབེབས་པར་བྱེད་པ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པའི་ལས་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་མཐོང་ངོ་།། ། ་དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་རྣམས་དགའ་བ་དང་བཅས་པས་སྤུ་ཟིང་ཞེས་བྱེད་དོ།། ལྷའི་གནས་ཐམས་ཅད་རབ་ཏུ་གཡོས་པ་དང་ལྡན་པ་མཐོང་ནས་སྐྲག་ཅིང་སྙིང་འདར་ཏེ། འོན ་ཏེ་འབྱོར་པ་ཡོངས་སུ་ཉམས་སམ་ཅི་ཞེས་ཕན་ཚུན་རིངས་ཐབས་སུ་སྐད་མཐོན་པོས་སྨྲ་བར་རྩོམ་ཞིང་། འདི་སྐད་ཅེས་ཀྱང་སྨྲས་སོ།། བཅོམ་ལྡན་འདས་ཡོངས་སུ་སྐྱོབས་ཤིག། ཤཱཀྱ་ཐུབ་པ ་ཡོངས་སུ་སྐྱོབས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས། ཐམས་ཅད་དང་ལྡན་པའི་ལྷའི་འཁོར་ལ་བཀའ་སྩལ་ཏོ།། མ་འཇིགས་ཤིག། མ་འཇིགས་ཤིག། འདི་ནི་བྱང་ཆུབ་སེམས་དཔའ ་ས་ཨེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པ་ཆེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས་མེ་ཏོག་ཅན་ལྟ་བུ་ནས་ང་ཉིད་ལྟ་བ་དང་ཕྱག་འཚལ་ཞིང་བསྙེན་བཀུར ་བར་འདོད་དེ། དོན་ཆེན་པོ་སྤྱོད་པ་དང་། རིག་སྔགས་ཀྱི་ཚིག་དང་། ཆོས་ཀྱི་ཚིག་རྨད་དུ་བྱུང་བ་ཡངས་པ་ངེས་པར་བསྟན་པའི་ཕྱིར་འོངས་སོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན ་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་བལྟས་ཏེ་ཞབས་གཉིས་ལ་བཏུད་ནས་ཡི་གེའི་ཚིག་རབ་ཏུ་སྨྲས་པ་འདི་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར ་བསྟོད་དོ། ། ཕྱག་འཚལ་སྐྱེས་བུ་མཁྱེན་ཁྱོད་ལ།། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ།། སྤྱོད་པའི་དོན་ཀུན་སྒྲུབ་པ་པོ།། ཕྱག་འཚལ་སྐྱེས་བུ་གཙོ་ཁྱོད་ལ།། དོན་མེད་ཐམས་ཅད་ཟློག་པ་པོ།། ་ཕྱག་འཚལ་སྐྱེས་བུ་སེང་ག་ཁྱོད།། ངན་སོང་ཐམས་ཅད་འཇོམས་པ་པོ།། དཔའ་བོ་ཆེན་པོ་ཁྱོད་ཕྱག་འཚལ།། བསོད་ནམས་དྲི་ནི་མཐའ་ཡས་པ།། ཕྱག་འཚལ་སྐྱེས་བུ་པད་དཀར་ཁྱོད།། ་སྲིད་གསུམ་འདམ་ནི་རྣམ་སྦྱོང་བ།། ཕྱག་འཚལ་སྐྱེས་བུ་པདྨ་ཁྱོད།། སྡུག་བསྔལ་ཐམས་ཅད་རྣམ་གྲོལ་བྱེད།། ཐམས་ཅད་གྲོལ་ཁྱོད་ཕྱག་འཚལ་ལོ།། གདུང་བ་ཐམས་ཅད་ལེགས་འདུལ ་བྱེད། ། ཞི་བ་ཁྱོད་ལ་ཕྱག་འཚལ་ལོ།། སྔགས་ཀྱི་སྤྱོད་དོན་སྒྲུབ་པ་པོ།། ཐམས་ཅད་གྲུབ་ཁྱོད་ཕྱག་འཚལ་ལོ།། བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ།། བཀྲ་ཤིས་ཁྱོད་ལ་ཕྱག་འཚལ་ལོ།། ཆོས་རྣམ ་ཐམས་ཅད་ཀུན་ཏུ་རྟོགས། ། སངས་རྒྱས་དམ་ཚིག་ཁྱོད་ཕྱག་འཚལ།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། སྤྲོས་པ་མེད་པའི་རྣམ་པ་ནི།། ཡང་དག་རྗེས་འཇུག་སྟོན་པ་པོ།། དེ་བཞིན་གཤེགས་པ ་ཁྱོད་ཕྱག་འཚལ། ། ཤེས་དང་ཤེས་བྱའི་དངོས་པོ་ཀུན།། ལེགས་པར་བྱས་ཤིང་ཡང་དག་ཐོས།། ཐེག་གསུམ་ལམ་དང་མྱང་འདས་ལ།། རབ་ཏུ་གནས་འཇུག་རབ་གནས་པ།། ཀུན་མཁྱེན ་ཁྱོད་ལ་ཕྱག་འཚལ་ལོ། ། ཞེས་ཡི་གེའི་ཚིག་རབ་ཏུ་སྨྲས་པ་འདི་རྣམས་ཀྱིས་བསྟོད་པའི་ཚིག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མངོན་པར་བསྟོད་ནས་འདི་སྐད་ཅེས་ཀྱང ་གསོལ་ཏོ། ། བཅོམ་ལྡན་འདས་འདི་ནས་གངྒཱའི་ཀླུང་བརྒྱ་སྟོང་ཕྲག་གི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་འདས་ནས་ནུབ་ཕྱོགས་ཀྱི་ཆར་ཀུན་ནས་མེ་ཏོག་ལྡན་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང ་དུ་གྱུར་པ་དེར། བདེ་བ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར ་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཚེ་དཔག་ཏུ་མེད་པ་བཞུགས་ཏེ། དེ་ཆོས་སྟོན་པར་མཛད་པ་ནི་ཐོག་མར་དགེ་བ། བར་དུ ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཚངས་པར་སྤྱོད་པ། ཡང་དག་པར་སྟོན་པར་མཛད་ཅིང་། དེ་འདི ་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་མཛད་དོ། ། རིག་སྔགས་དང་གསང་སྔགས་ཀྱི་དོན་གྱི་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་སྡེ་སྡོད་དང་། ལམ་གསུམ་གྱི་སྤྱོད་པའི་རྗེས་སུ་འཇུག་པའི ་ཁམ་དང་། སྐྱོབ་པ་དང་། གནས་དང་། སྐྱབས་དང་། དཔུང་གཉེན་དང་། བདེ་བ་དང་། ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་ཡོངས་སུ་མཐར་གཏུགས་པས་སེམས་ཅན་ཐམས་ཅད་ལ་སྟོན་ཏེ། བཅོམ་ལྡན ་འདས་དེ་ཉིད་ཀྱི་མཛད་པས་རྗེས་སུ་གནང་ནས་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དང་ཉེ་བ་འདིར་འོངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེས་བཅོམ་ལྡན ་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། ལྡང་བ་ཡང་ངམ། བསྐྲུན་མི་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་ཡོངས་སུ་འདྲི་བར་བྱེད་དེ། འདི་སྐད་ཅེས་ཀྱང་གསུང་ངོ་།། གང་རྣམ ་པ་འདི་ལྟ་བུའི་སྙིགས་མའི་དུས་གང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་དེའང་ཆོས་སྟོན་པར་མཛད་ཅིང་རྗེས་སུ་རྟོགས་པར་བྱ་བའི་སྐྱེ་བོ་ལ་ལམ་གསུམ་གྱི་བྱང་གྲོལ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བ་རྙེད་པར ་མཛད་པ་དེ་ནི་ངོ་མཚར་རོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་བརྩོན་འགྲུས་ཀྱིས་གང་དུ་སྐལ་བ་མེད་པའི་སེམས་ཅན་གྱི་ཚོགས་སྲིད་པ་གསུམ་ཡང་དག་པར་འཇོམས་པའི་ལམ་དུ་མཐར་ཐུག་པར་འཇུག་པར ་བྱེད་པ་གཏན་དུ་གྲུབ་པ་དང་བདེ་བའི་རྗེས་སུ་འཐུན་པའི་མྱ་ངན་ལས་འདས་པ་ལ་སེམས་ཅན་རྣམས་རབ་ཏུ་འགོད་པར་མཛད་པ་ནི་ངོ་མཚར་རོ། ། བཅོམ་ལྡན་འདས་འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱིས། བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་རྣམས་སངས་རྒྱས་ཀྱི་རྣམ་འཕྲུལ ་དུ་ཤེས་པར་འདོད་པའམ། ཐུགས་ཀྱི་སྤྱད་པ་སྤྱོད་པ་ལ་རབ་ཏུ་འཇུག་པའི་སྒྲུབ་པ་དང་སེམས་པ་ཤེས་པར་འདོད་པ་འམ། མཐའ་དག་ངེས་པར་སྟོན་པ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རྣམས ་ཀྱིས་ཀྱང་བརྗོད་པར་ཡང་ག་ལ་ནུས། གང་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་བསྡུས་པ་དང་། སོ་སོ་བ་མ་ལུས་པའི་ངོ་བོ་འདུས་མ་བྱས་པའི་ཆོས ་ཉིད་དུ་བལྟ་བར་བྱ་སྟེ། མཐོང་བས་སྤང་བར་བྱ་བ་སྤོང་བ་དང་། རིང་པོར་མི་ཐོགས་པར་སྤྱོད་པ་སྨྲ་བར་འདོད་པའམ། ཡོན་ཏན་སྟོན་པར་འདོད་པ་ནི་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱིས།། ་བདག་གིས་ནི་མ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྤྲུལ་ཏེ། རིན་པོ་ཆེ་ཆེན་པོའི་པདྨ་ལ་བཅོམ་ལྡན ་འདས་ཤཱཀྱ་ཐུབ་པ་ལ་ལྷ་བཞིན་དུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་རྣམ ་པ་ཨ་སྣ་ཚོགས་པའི་གཏམ་གྱིས་རྗེས་སུ་འབྲངས་པའི་དེ་བཞིན་གཤེགས་པའི་གཏམ་གྱིས་མཐར་གྱི་དྲི་བ་སྔོན་དུ་འགྲོ་བས་ཕན་ཚུན་ཆོས་བསྟན་པའི་མཐར་རིགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ ་བའི་དོན་དུ་ཉེ་བར་ཚོགས་པ་རྣམས་ལ་ཚངས་པའི་དབྱངས་དང་། ཀ་ལ་བིང་ཀ་དང་། ཀུ་ཏ་ར་དང་། བི་ཏ་རས་བསྒྲུབས་པའི་རྔ་བོ་ཆེའི་དབྱངས་སུ་གྲགས་པའི་སྒྲ་དབྱངས་ཀྱིས། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ལེགས་པར་འོངས་སམ། སེམས་དཔའ་ཆེན་པོའི་སྤྱོད་པ་དང་། སངས་རྒྱས་ཐམས་ཅད ་ཀྱི་བྱིན་རླབས་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡང་དག་པར་ཐོབ་པར་བྱེད་པ་དང་། རིག་སྔགས་དང་། གསང་སྔགས་ཀྱི་ཚིག་ཐམས་ཅད་དང་། གསང་བའི་དབང་བསྐུར་བ་དང་བཅས ་པ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། རྟོག་པའི་དབང་བསྐུར་བ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སྒྲུབ་ཐབས་ཐམས་ཅད ་ཀྱི་ཆོ་གའི་རྒྱུད་དང་། ཤེས་པ་དང་ཤེས་བྱ་དུས་ཀྱི་མཐར་ནུབ་པ་དང་། རྒྱལ་སྲིད་དང་། ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མདོར་བསྡུས་པ་ལས། སེམས་ཅན་ཐམས་ཅད་ཀྱི་བསམ ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། རང་གི་ཡོན་ཏན་འབྱུང་བ། གསང་སྔགས་ཀྱི་སྤྱོད་པའི་མཐར་འཇུག་པར་བྱེད་པ། སེམས་ཅན་གཞན་དགའ་བར་བྱེད་པ། མི་སྣང་བ་དང་ནམ་མཁར ་འགྲོ་བར་བྱེད་པ། རྐང་པ་རབ་ཏུ་རྒྱུ་བ། ཡིད་གཞུངས་པར་བྱེད་པ། འགུགས་པར་བྱེད་པ། ས་འོག་ཏུ་རབ་ཏུ་འཇུག་པར་བྱེད་པ། མངོན་པར་སྤྱོད་པར་བྱེད་པ། དོན་ཐམས་ཅད་ཐོབ་པ། འབྲས་བུ་དང ་བཅས་པ། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཅི་བགྱི་དང་། ཤ་ཟ་དང་། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། བྱིས་པ་དང་། རྒན་པོ་དང་། ལང་ཚོ་ཇི་ལྟར་གནས་པ་བཞིན་དུ་གནས་པར་བྱེད ་པ་སྟེ། མདོར་བསྡུས་ན་ལས་ཐམས་ཅད་བྱེད་པ། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། རྒྱས་པ་ཅན་དང་ཞི་བ་ཅན་གྱི་ལས་ཐམས་ཅད་རབ་ཏུ་བྱེད་པ། ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བར ་བྱ་བཞིན་པ། དེ་ལྟ་དེ་ལྟར་བསྒྲུབ་པར་བྱ་བཞིན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་ཕལ་པོ་ཆེ་རྟོག་པ་ཆེན་པོ་རིན་པོ་ཆེའི་ལེའུ་རབ་འབྱམ་ངས་རྗེས་སུ་གནང་སངས་རྒྱས ་ཐམས་ཅད་ཀྱིས་གསུངས་པ། དག་པའི་སེམས་ཅན་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པའི་དོན། ཆོས་ཀྱི་མཛོད། སྐྱེ་བོ་མང་པོ་ལ་ཕན་པའི་ཆེད་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཆེད་དུ་ལྷ་དང ་མི་རྣམས་དང་། སེམས་ཅན་ཐམས་ཅད་ལ་སྟོན་ཅིག། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་ཀུན་ཏུ་སྐུལ ་བར་བྱེད་པ་རྒྱན་བཀོད་པའི་འོད་ཟེར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་དག་པའི་སེམས་ཅན་དུ་མ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག ་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་རྣམས་འོད་ཟེར་གྱི་སྣང་བས་ཇི་སྲིད་འོག་མིན་གྱི་སྲིད་པ་ནས་ཇི་སྲིད་མནར་མེད་པའི་དམྱལ་བ་ཆེན་པོའི་བར་གྱི་སེམས་ཅན་གང་ལ་ལ་སྡུག་བསྔལ་གྱིས་ཤིན་ཏུ ་གདུངས་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འགྲོ་བ་རྣམས་ཞི་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཐམས་ཅད་བཅོམ ་ལྡན་འདས་ཀྱིས་ཡང་དག་པར་བསྐུལ་ནས། སླར་ཡང་འོད་ཟེར་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ནུབ་པར་གྱུར་ཏོ།། འདི་ལ་གཞན་ཤར་ཕྱོགས ་ལ་ཨ་སོགས་པ་རྣམ་པར་གནས་པའི་སངས་རྒྱས་ཀྱི་ཞིང་གང་ཡིན་པ་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐུལ་བའི་འོད་ཟེར་དེས་རླུང་གི་དཀྱིལ་འཁོར་ཡང་དག་པར་བསྐུལ་བས་སྒྲུབ་པ་འདི་ལྟ་སྟེ ་དེ་བཞིན་གཤེགས་པ་ཟླ་བ་ཉིད་ཀྱི་སྣང་བ་དྲི་ཀུན་ཏུ་གསལ་བའི་དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེས་ས་པ་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་དཔལ ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཡང་དག་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ས་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱ་ལ ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བ་མཐའ་ཡས་པའི་རྒྱལ་པོའི་དབང་པོ་ཞེས་བྱ། ་བ་དང་། དེ་བཞིན་གཤེགས་པ་བཻ་ཌཱུཪྻའི་སྣང་བའི་འོད་ཟེར་གྱི་རྒྱལ་པོའི་དབང་པོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་བ་མཐའ ་ཡས་ཤིང་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྒྲོལ་མའི་གྲུའི་ཚལ ་ན་གནས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་རིག་སྔག ་དང་གསང་སྔགས་ཀྱི་སྤྱོད་པ་ངེས་པར་སྟོན་པའི་ཚིག་གི་དོན་གྱི་ལེའུ་རབ་འབྱམ་གསུངས་པ་དེ་ལ། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་འཛུམ་པ་ཡང་དག་པར་སྟོན་པར་འཛད ་དོ། ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་སུ་དང་། ཕྱོགས་བྲལ་རྣམས་སུ་ཞེས་པས་སྟེང་དང་། འོག་དང་། ཐད་ཀ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ ་སྣང་བར་བྱས་ནས། སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུའང་བདུད་ཀྱི་གནས་ཐམས་ཅད་སྤ་བཀོད་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ། ཉན་ཐོས ་ཀྱི་དགེ་འདུན་དང་བཅས་པས་མདུན་དུ་བདར་ནས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་དཔའི་བདག་ཉིད་ཆེན་པོ་ཉིད་བལྟ་བར་འདོད་པ། ་མཆོག་གི་རིག་པའི་རྗེས་སུ་སྤྱོད་པ། སྒྲུབ་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་ལེའུ་རབ་འབྱམ་དེ་བཞིན་གཤེགས་པའི་བསྟན་པ་ཐོགས་པ་མེད་པ་ཡང་གསལ་བར་བྱེད་འདོད་པས་སོ་སོར་འཁོད ་པར་གྱུར་ཏོ། ། འདི་ལྟ་སྟེ། ལག་བཟང་དང་། རིན་ཆེན་བཟང་པོ་དང་། བརྟུལ་ཞུགས་བཟང་པོ་དང་། སྤྱན་བཟང་པོ་དང་། དགའ་བ་བཟང་པོ་དང་། ཆོས་བཟང་པོ་དང་། དངོས་གྲུབ་འཆར་བཟང ་དང་། ཐམས་ཅད་འཕགས་དང་། ཆོས་འཕགས་དང་། རིན་ཆེན་འཕགས་དང་། རིན་ཆེན་དཔལ་དང་། ལྷུན་པོའི་དཔལ་དང་། བསམ་གྱིས་མི་ཁྱབ་པའི་དཔལ་དང་། འོད་བྱེད་དཔལ་དང་། ་རབ་སྣང་དཔལ་དང་། སྣང་བའི་དཔལ་དང་། དོན་ཐམས་ཅད་ཀྱི་དཔལ་དང་། ལག་ན་ཐམས་ཅད་རིན་ཆེན་དང་། གཙུག་ན་ནོར་བུ་དང་། ལག་ན་རིན་ཆེན་དང་། ལག་ན་ལྷུན་པོའི་རྒྱལ་མཚན་དང་། ་རྣམ་པར་སྣང་མཛད་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཡེ་ཤེས་སྙིང་པོ་དང་། དོན་བསམ་གྱི་མི་ཁྱབ་པའི་སྙིང་པོ་དང་། ཆོས་འཕགས་སྙིང་པོ་དང་། མཆོད་སྦྱིན་ཏོག་དང་། ཏོག ་བཟང་པོ་དང་། མཐའ་ཡས་ཏོག་དང་། འོད་ཟེར་ཏོག་དང་། དྲི་མེད་ཏོག་དང་། མ་ལུས་ཏོག་དང་། ནམ་མཁའི་ཏོག་དང་། རིན་ཆེན་ཏོག་དང་། འབྲུག་སྒྲ་དབྱངས་དང་། རྔ་བོ་ཆེའི་ང་རོའི ་རྒྱལ་པོ་དང་། མཐའ་ཡས་གསལ་བའི་ཡེ་ཤེས་རྒྱལ་པོ་དང་། མུན་པ་མུན་ནག་ཐམས་ཅད་རྣམ་པར་སེལ་བའི་རྒྱལ་པོ་དང་། རྣམ་པར་གཡེང་བ་ཐམས་ཅད་རྣམ་པར་འཇོམས་པའི་རྒྱལ ་པོ་དང་། སྤྱོད་པ་ཐམས་ཅད་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་རྒྱལ་པོ་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་དང་། ཕུལ་དུ་བྱུང་བའི་དབང་པོའི་རྒྱལ་པོ་དང་། རྣམ་པར་སེལ་བའི་རྒྱལ་པོ་དང་། མི་གཡོ ་བའི་རྒྱལ་པོ་དང་། ཉི་མའི་རྒྱལ་པོ་དང་། ཐམས་ཅད་གསལ་བ་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། རང་བཞིན་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། དངོས་པོ་མེད་པར་ཡང་དག ་པར་འཕགས་པའི་རྒྱལ་པོ་དང་། ཕྱོགས་ལྷག་པའི་རྒྱལ་པོ་དང་། རང་གི་དངོས་པོ་མེད་པ་སྣང་བ་དང་། བསོད་ནམས་སྣང་བ་དང་། ཀུན་ཏུ་ལྟ་བའི་སྣང་བ་དང་། འོད་དཔག་མེད་དང་། དཔག ་ཡོད་སྣང་བ་དང་། སྤྱན་བཟང་སྣང་བ་དང་། ལེགས་འབྱུང་སྣང་བ་དང་། མཐའ་ཡས་སྣང་བ་དང་། མི་ཚུགས་སྣང་བ་དང་། མ་བསྒྱུར་བ་དང་། འོག་མིན་དང་། དྲི་མེད་དང་། ་མེ་དང་། སྣང་བ་དང་། བློ་གྲོས་དང་། རྟོགས་པ་དང་། བདེ་བ་དང་། བདེ་བའི་མུ་ཁྱུད་དང་། མུ་ཁྱུད་ཀྱི་རྟོག་དང་། འདོད་པའི་ལྷ་དང་། ལྷའི་ལྷ་དང་། ལྟེ་བ་རྒྱས་པ་དང་། འཇིག་རྟེན་ཞི་བ་དང་། ཉེ་བའི ་འཆི་ལྟས་དང་། རྔ་བོ་ཆེ་དང་། གྲུབ་པ་དང་། དཀར་པོར་གྲགས་པ་དང་། ལྷ་རབ་ཏུ་བཟོད་དཀའ་ལ་གདུལ་དཀའ་བ་དང་། གསལ་དཀའ་བ་དང་། རིང་དུ་སོང་བ་དང་། རིང་པོར་ལེན་དང་། རིང་པོར ་གནས་དང་། མཐོ་ཞིང་མཐོ་བའི་མུན་པ་དང་། མཁའ་སྣང་དང་། ཀུན་ནས་སྣང་དང་། སྣང་མིན་དང་། ཁྱུ་མཆོག་དང་། ཀུན་ནས་སྣང་ལྡན་དང་། ངེས་པར་མཉམ་པ་དང་། ལྷ་ཆེན་པོ་དང་། ་ཤིན་ཏུ་ངེས་པའི་དཀྱིལ་འཁོར་དང་། དྲི་མ་མཐར་ཐུག་པ་དང་། མཉམ་པའི་མཚན་མ་བཟང་པོ་དང་། དཀར་པོ་དང་། ཨི་མི་ཀི་མི་དང་། ཐ་ཆུང་དང་། དཀའ་བས་འཚོ་བ་དང་། བདེ་བར་འཚོ ་བཔ་དང་། ལེགས་པར་སྐྱེས་པ་དང་། དུ་བའི་ཏོག་དང་། མཆོད་སྦྱིན་ཏོག་དང་། དཀར་པོའི་ཏོག་དང་། ཏོག་བཟང་པོ་དང་། དབྱིག་གི་ཏོག་དང་། ནོར་དཔག་ཏུ་མེད་པ་དང་། ཕལ་ཆེན་པོ་དང་། དོ ་ཤལ་ཕྱེད་པ་དང་། འཇིག་རྟེན་གྲགས་པ་དང་། ཀུན་ཏུ་གྲགས་པ་དང་། ཆེན་པོར་གྲགས་པ་དང་། མཆོག་ཏུ་བགྲང་བ་དང་། སྐྱེས་པ་དང་། སྣང་བ་དང་། ཅི་བགྱི་དང་། མཉམ་པར་བྱེད་པ་དང་། ་འཇིག་རྟེན་བྱེད་པ་དང་། སྣང་བ་བྱེད་པ་དང་། ཉིན་མོར་བྱེད་པ་དང་། འབྱུང་བར་བྱེད་པ་དང་། དོན་ཐམས་ཅད་བྱེད་པ་དང་། གྲུབ་པར་བྱེད་པ་དང་། འོད་བྱེད་པ་དང་། ཀུན་ཏུ་གསལ་བར་བྱེད་པ་དང་། རྔ་བོ་ཆེའི ་། དབྱངས་དང་། སྒྲ་དབྱངས་དང་། དབྱངས་བཟང་དང་། མཐའ་ཡས་དབྱངས་དང་། ཏོག་གི་དབྱངས་དང་། འབྱུང་བའི་ཐུབ་པ་དང་། གསེར་ཐུབ་དང་། ལོག་པར་དད་སེལ་དང་། འོད་སྲུངས་དང་། གཙུག ་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། རྣམ་པར་གཟིགས་དང་། ཤཱཀྱ་ཐུབ་པ་ཞེས་བྱ་བ་འདི་རྣམས་ཀྱིས་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་མང་པོ་རྣམས་ཀྱིས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན ་བོཔོ་ཀུན་ཏུ་སྣང་བར་བྱས་ནས་པདྨའི་གདན་ལ་སོ་སོར་བཞུགས་པར་གྱུར་ཏོ། ། དེ་ལྟར་བྱང་ཆུབ་སེམས་དཔའི་ཚོགས་དེ་རྣམས་ཀྱང་བཞུགས་པ་འདི་ལྟ་སྟེ། ཕྱག་ན་རིན་ཆེན་དང་། ཕྱག་ན་རྡོ་རྗེ་དང་། ཕྱག ་བཟང་པོ་དང་། ནམ་མཁའི་ཕྱག་དང་། མཐའ་ཡས་ཕྱག་དང་། སའི་ཕྱག་དང་། སྣང་བའི་ཕྱག་དང་། ཤིན་ཏུ་དྲི་མེད་དང་། བཟང་པོ་བརྩེགས་པ་དང་། མང་པོ་བརྩེགས་པ་དང་། ནོར་བུ་བརྩེགས་པ་དང ་རིན་ཆེན་བརྩེགས་པ་དང་། ཨེ་ན་བརྩེགས་པ་དང་། རིན་ཆེན་གླང་པོ་དང་། ཀུན་ནས་གླང་པོ་དང་། སྤོས་ཀྱི་གླང་པོ་དང་། བཟང་འགྲོ་དང་། དྲི་མ་དང་བྲལ་བར་འགྲོ་བ་དང་། འཇིག་རྟེན་འགྲོ་བ་དང་། མཛེས་པར ་འགྲོ་བ་དང་། མཐའ་ཡས་འགྲོ་བ་དང་། མཐའ་ཡས་གྲགས་པ་དང་། ལེགས་གྲགས་དང་། དྲི་མ་དང་བྲལ་བར་གྲགས་པ་དང་། འགྲོ་བར་གྲགས་པ་དང་། དྲི་མེད་གྲགས་པ་དང་། གྲགས་པའི་མགོན་པོ་དང ་མགོན་མེད་ཀྱི་མགོན་པོར་གྱུར་པ་དང་། འཇིག་རྟེན་མགོན་པོ་དང་། ཀུན་ནས་མགོན་པོ་དང་། རྒྱུན་བཤེས་ཀྱི་བུ་དང་། མཐའ་ཡས་བཤེས་ཀྱི་བུ་དང་། ཀུན་ཏུ་བཤེས་ཀྱི་བུ་དང་། ་བྱམས་མའི་བུ་དང་། མིག་བཟངས་ཀྱི་བུ་དང་། ཕྱག་འཚལ་བཤེས་ཀྱི་བུ་དང་། ཏཱ་ཥ་ཏྲའི་བུ་དང་། འབྲས་བཤེས་ཀྱི་བུ་དང་། རིན་ཆེན་བཤེས་ཀྱི་བུ་དང་། སྐྱབས་གསུམ་བཤེས་ཀྱི་བུ་དང་། ཐེག་གསུམ ་བ་ཤེས་ཀྱི་བུ་དང་། མཐུ་བསྒྱིངས་དང་། ཤིན་ཏུ་ཡིད་དུ་འོང་བ་དང་། ཡིད་འོང་ལྡན་དང་། ཆོས་ཀྱི་དབང་ཕྱུག་དང་། དངོས་པོ་མེད་པའི་དབང་ཕྱུག་དང་། ཀུན་ནས་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། ་སྤྱན་རས་གཟིགས་དབང་ཕྱུག་དང་། ལེགས་གཟིགས་དབང་ཕྱུག་དང་། རྣམ་གཟིགས་དབང་ཕྱུག་དང་། འཇིག་རྟེན་འདྲེན་པ་དང་། མཆོད་པ་བཟང་པོ་དང་། འབྲུག་སྒྲའི་དབང་ཕྱུག་དང་། རྔ་བོ་ཆེའི ་དབང་ཕྱུག་དང་། བཀོད་པའི་དབང་ཕྱུག་དང་། བི་ཥ་ཏེ་སྭ་ར་དང་། ཆར་བཟང་པོ་དང་། སྐུ་བཟང་པོ་དང་། མཆོད་པ་བཟང་པོ་དང་། གྲགས་ལྡན་དང་། ཉི་མའི་འོད་དང་། རབ་ཏུ་སྐྱེས་པ་ལ་གནས་པ་དང་། ་ཟླ་བའི་དབང་ཕྱུག་དང་། སོ་བའི་ཟླ་བ་དང་། ཟླ་བ་ཉིད་དང་། མཐའ་ཡས་དཔལ་དང་། ཀུན་ཏུ་དཔལ་དང་། འཇིག་རྟེན་དཔལ་དང་། ནམ་མཁའི་དཔལ་དང་། ནམ་མཁའ་ཀུན་སྡུད་དང་། ནམ་མཁའི ་མཛོད་དང་། སའི་དབང་ཕྱུག་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། སའི་སྙིང་པོ་དང་། སྒྲིབ་པ་མེད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། བཟང་སྐྱོང་དང་། ནོར ་བཟང་དང་། ལེགས་པར་ཀུན་སྡུད་དང་། ལོ་ཏོག་ཀུན་འགྱེད་པའི་ནམ་མཁའ་དང་། ནམ་མཁའི་སྙིང་པོ་དང་། དོན་ཀུན་རྟོགས་པ་དང་། ཐམས་ཅད་འབྱུང་བ་དང་། ལྡོག་བྱ་མིན་པ་དང་། མི་ལྡོག་པ་དང་། ་ངན་སོང་བཟོད་དང་། རྣམ་པར་བསྒྱུར་མེད་དང་། བཀྲ་ཤིས་རྣམ་གྲོལ་དང་། གནད་ཐམས་ཅད་བསྲུང་བ་ཞེས་བྱ་བ་འདི་རྣམས་ཀྱི་ས་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་དང་ཐབས་ཅིག་བཅོམ་ལྡལྔ་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱོད་ཡུལ་དུ་སྒྲོལ་མའི་གྲུ་ལ་བཞུགས་པར་གྱུར་ཏོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད ་ཀྱི་གཟུགས་འཛིན་པ་རྣམས་ཀྱིས་འཇིག་རྟེན་གྱི་སྤྱོད་པའི་དོན་མཐའ་ཡས་པ་སྒྲུབ་པ། སེམས་ཅན་མཐའ་ཡས་པ་དག་གི་བསམ་པ་རྣམ་པར་འཇུག་པར་བྱེད་པའི་ལམ་ལ་རབ་ཏུ་གནས་སུ་འཇུག ་པའི་བྱ་བ་བསམ་གྱིས་མི་ཁྱབ་པའི་རིག་སྔགས་ཀྱི་གཞི་རྗེས་སུ་འཛིན་པར་བྱེད་པ་སྨན་གྱི་ཆ་བྱད་ཀྱི་གཟུགས་འཛིན་པ་རྣམས་དང་། འདབ་ཆགས་ཀྱི་ཚོགས་རྣམ་པ་སྣ་ཚོགས་པ་དང་། གནོད་སྦྱིན ་དང་། སྲིན་པོ་དང་། ནོར་བུ་དང་། སྔགས་དང་། རིན་པོ་ཆེའི་རྒྱལ་པོ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་གྲངས་མེད་པ་ཐམས་ཅད་ཀུན་ཏུ་འཇུག་ཅིང་སེམས་ཅན་གྱི་སྤྱོད་པའི་རྗེས་སུ ་འཇུག་པ་རྣམས་དང་། བསམ་པ་ཇི་ལྟ་བས་སེམས་ཅན་འདུལ་བ་དེ་ལྟ་བུའི་རྗེས་སུ་འཇུག་པ་རྣམས་དང་། དེ་དག་སོ་སོའི་ཁྱད་པར་དུ་འཕགས་པའི་རྗེས་སུ་འཇུག་པ་རྣམས་དང་། རིག་པའི་རྒྱལ ་པོའི་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་ཆོས་ངེས་པར་འབྱུང་བ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་ཀུན་ཏུ ་འཇུག་པའི་དམ་ཚིག་གི་རིམ་པ་ལས་འདའ་བར་མི་བྱ་བར་ཚིག་གི་ལམ་ལ་རབ་ཏུ་གནས་པར་བྱེད་ཅིང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པ་རྣམས་ཏེ། འདི་ལྟ་སྟེ། གཙུག་ཏོར་མངོན་པར ་འཕགས་པ་དང་། གདུགས་དཀར་མངོན་པར་འཕགས་པ་དང་། ལོ་མ་མཐའ་ཡས་དང་། ལོ་མ་བརྒྱ་པ་དང་། གཙུག་ཏོར་རྒྱལ་བ་དང་། མངོན་པར་འཕགས་པའི་གཙུག་ཏོར་དང་། པདྨའི་འོད་ཟེར་དང་། ་གསེར་གྱི་འོད་ཟེར་དང་། འོད་ཟེར་དཀར་པོ་དང་། གཙུག་ཏོར་བཀོད་པ་དང་། གསེར་གྱི་ཕུང་པོ་དང་། དཀར་པོའི་ཕུང་པོ་དང་། གཟི་བརྗིད་ཕུང་པོ་དང་། ནོར་བུའི་ཕུང་པོ་དང་། ཀུན་ནས་ཕུང་པོ་དང་། ་རྣམ་པར་གྲགས་པའི་ཕུང་པོ་དང་། བྱུང་བའི་ཕུང་པོ་དང་། བདེན་པའི་ཕུང་པོ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕུང་པོ་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕུང་པོ་སྟེ། འདི་རྣམས་དང་། གཞན་ཡང ་གཙུག་ཏོར་གྱི་རྒྱལ་པོ་ཆོས་ཀྱི་དབྱིངས་མཐའ་ཡས་པ་ལ་རབ་ཏུ་ཞུགས་པ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་ཡོངས་སུ་སྐོང་བར་བྱེད་པ། སྐྱེ་བོ་ཐམས་ཅད་ཀྱི ་ཡིད་ཀྱི་བསམ་པ་རྟོགས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཀྱང་མི་ནུས་པའི་གཙུག་ཏོར་གྱི་རྒྱལ་པོ་ནམ་མཁའི་མཐར་ཐུག་པ་བརྗོད་པ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། ཕ ་རོལ་གནོན་པའི་བདག་ཉིད་ཆེན་པོ་ལྟ་བུར་སྟོན་པར་འདོད་པས་མཐའ་དག་རྒྱས་པར་བཤད་པ་ལས་མདོར་བསྡུས་ནས་བསྟན་པར་བྱ་སྟེ། རིག་པའི་རྒྱལ་པོ་རྣམས་ཀྱིས་འདུས་པ་བཤད་པར་བྱ་བ ་འདི་ལྟ་སྟེ། མཛོད་སྤུ་དང་། སྨིན་མ་དང་། སྤྱན་དང་། རྫི་མ་དང་། སྙན་དང་། མགྲིན་པ་དང་། མི་འཇིགས་པ་དང་། སྙིང་རྗེ་དང་། བྱམས་པ་དང་། བརྩེ་བའི་ཚིམ་པ་དང་། ཤེས་རབ་དང་། འོད་ཟེར་དང་། ་སེམས་དཔའ་དང་། འོད་ཟེར་དྲི་མ་མེད་དང་། ཆོས་གོས་ཏེ། འདི་རྣམས་དང་། གཞན་ཡང་རིག་པའི་རྒྱལ་པོ་མཐའ་ཡས་མུ་མེད་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་སྤྲོས་པ་རྣམས་འདི་ལྟ་སྟེ། དེ ་བཞིན་གཤེགས་པའི་ལྷུང་བཟེད་དང་། ཆོས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་གཟིམས་ཆ་དང་། དེ་བཞིན་གཤེགས་པའི་ཐེག་པ་དང་། དེ་བཞིན་གཤེགས་པའི་ཀུན་ཏུ་གསལ་བ་དང་། དེ་བཞིན ་གཤེགས་པའི་གསུང་དང་། དེ་བཞིན་གཤེགས་པའི་མཉྫུ་དང་། དེ་བཞིན་གཤེགས་པའི་གཤེགས་པ་དང་། དེ་བཞིན་གཤེགས་པའི་དྲི་མ་དང་། དེ་བཞིན་གཤེགས་པའི་རྒྱལ་མཚན་དང་། དེ་བཞིན ་གཤེགས་པའི་ཏོག་དང་། དེ་བཞིན་གཤེགས་པའི་མཚན་མ་སྟེ། འདི་རྣམས་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྔགས་གསུངས་པ་རྣམས་ཏེ། རིག་པའི་རྒྱལ་པོ་དང་། རྒྱལ་མོ་དང་། ཅི་བགྱི་དང ་བྲན་པོ་དང་། བྲན་མོ་དང་། བོ་ཉ་དང་། ཕོ་ཉ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་སོ་སོར་ཁྱད་པར་དུ་འཕགས་པའི་རྒྱན་བཀོད་པའི་ཆོས་ཀྱི་སྤྲིན ་ངེས་པར་སྤྲོས་པ། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་རྒྱུ་འཐུན་པ་བྱེ་བ་བརྒྱ་སྟོང་ཕྲག་ཚད་མེད་པས་ཡོངས་སུ་བསྐོར་བ། རིག་པའི་ཚོགས་ཐམས་ཅད་གོང་ནས་གོང་དུ་རབ་ཏུ་འཇུག་བཞིན་པའི ་རིག་པའི་རྒྱལ་པོ་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེར་རིགས་བཟང་པོར་ལྷགས་པར་གནས་པ་དང་ལྡན་པར་གྱུར་ཏོ། ། རིག་པའི་རྒྱལ་པོ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཕྱག་བཅུ་གཉིས་པ ་ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཧཱ་ལ་ཧཱ་ལ་དང་། དོན་ཡོད་ཞགས་པ་དང་། རྟ་མགྲིན་དང་། མགྲིན་པ་མཐའ་ཡས་དང་། མགྲིན་པ་སྔོན་པོ་དང་། མགྲིན་པ་བཟང་པོ་དང་། མགུལ་བཟང་དང་། མགྲིན་དཀར ་དང་། མགྲིན་སྔོན་དང་། འཇིག་རྟེན་མགྲིན་པ་དང་། རྣམ་པར་གཟིགས་པའི་དབང་ཕྱུག་དང་། འོད་ཟེར་སྟོང་འདུད་དང་། རྣམ་པར་གྲགས་པའི་ཡིད་དང་། པདྨ་དང་། པདྨའི་ཕྱག་དང་། ཡིད་ཀྱི་ཤིང་རྟ་དང་། ་ཚིག་འབྱིན་པ་པོ་དང་། རབ་ཏུ་བཞད་པ་དང་། སྒྲ་བཟང་དང་། སྐྲ་མཐའ་དང་། རྒྱུ་སྐར་དང་། རྒྱུ་སྐར་རྒྱལ་པོ་དང་། ཟླ་བའི་བུ་དང་། སྐལ་བཟང་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། མཐའ ་ཡས་རྣམ་རྒྱལ་དང་། ལྷ་ལས་རྣམ་རྒྱལ་དང་། འདོད་པ་ཕྲན་ཚོགས་བྱེད་དང་། ལེགས་པར་འདུལ་བ་དང་། འདུལ་བ་པོ་ཞེས་པ་འདི་རྣམས་དང་། གཞན་ཡང་རིག་པའི་རྒྱལ་པོ་ཆུ་སྐྱེས་གཙུག་ཏོར་ལ་སོཿ ་པབ་རྣམས་ཀྱིས་ཆོས་ཀྱི་སྤྲིན་གྱི་རྒྱུ་འཐུན་པ་མཐའ་མས་པསྒྲུབ་པའི་ཏིང་ངེ་འཛིན་དུ་གྱུར་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དུ་མའི་རིག་པས་ཡོངས་སུ་བསྐོར་བ་དང་། རིག་པ་འཛིན་པའི་རྒྱལ་མོ་དུ་མ་དང་། འཇིག་རྟེན ་དབང་ཕྱུག་གི་སྐུའི་ཏིང་ངེ་འཛིན་གྱི་རྣམ་པར་སྤྲོས་པ་དུ་མ་རྣམས་ལ་འདི་ལྟ་སྟེ། སྒྲོལ་མ་དང་། བསམ་པའི་སྒྲོལ་མ་དང་། གར་མ་དང་། ཁྲོ་གཉེར་ཅན་མ་དང་། ཨ་ནུཏྟཱ་ནཱི་དང་། ལོ་ཊི་དང་། ས་ཐོབ་པར་བྱེད ་པ་དང་། དྲི་མ་དང་བྲལ་མ་དང་། དཀར་མོ་དང་། དཀར་ཤམ་མ་དང་། དཀར་ཤམ་ཆེན་མོ་དང་། གོས་དཀར་མོ་དང་། འཇིག་རྟེན་གོས་མ་དང་། དྲི་མེད་གོས་མ་དང་། བྱང་ཆུབ་ཡན་ལག་གི་གོས་མ ་དང་། ཆུ་སྐྱེས་གོས་མ་དང་། སྟོབས་བཅུ་གོས་མ་དང་། གྲགས་ལྡན་མ་དང་། ལོངས་སྤྱོད་ལྡན་མ་དང་། ལོངས་སྤྱོད་ཆེ་ལྡན་མ་དང་། ཨུརྞྞ་ཀཱ་དང་། ཥ་ལཱུ་ཀཱ་དང་། དྲི་མེད་མཐར་བྱེད་མ་དང་། ཏྲི ་བྲལ་མཐར་བྱེད་མ་དང་། ཀུན་ཏུ་མཐར་བྱེད་མ་དང་། སྡུག་བསྔལ་མཐར་བྱེད་མ་དང་། འབྱུང་པོ་མཐར་བྱེད་མ་དང་། དཔལ་མོ་དང་། དཔལ་ཆེན་མོ་དང་། མཐའི་དཔལ་དང་། བསྟོད་པའི་དཔལ ་དང་། འཇིག་རྟེན་དཔལ་དང་། རྣམ་པར་གྲགས་པའི་དཔལ་དང་། འཇིག་རྟེན་ཡུམ་དང་། ཀུན་ཏུ་ཡུམ་དང་། སངས་རྒྱས་ཡུམ་དང་། སྲིང་མོ་དང་། སྐལ་ལྡན་ཤིང་རྟ་མ་དང་། ཤིང་རྟ་བཟབ ་མོ་དང་། ཤིང་རྟ་ལྡན་མ་དང་། ཀླུ་འདུལ་མ་དང་། འདུལ་བྱེད་མ་དང་། འབྱུང་པོ་ལྡན་མ་དང་། དཔག་མེད་པ་དང་། འཕྲེང་བ་མ་དང་། ལོངས་སྤྱོད་སྟོབས་མ་དང་། འགུགས་བྱེད་མ་དང་། འོད ་ཟེར་རྨད་བྱུང་མ་དང་། རོ་བཟང་མོ་དང་། ཆང་ལྡན་མ་དང་། རབ་ཏུ་མགུམ་དང་། མཆོད་ལྡན་མ་དང་། འགྲམ་མ་དང་། ཀུན་ཏུ་འགྲམ་མ་དང་། སྐོར་འོད་མ་དང་། ཟླ་བ་མ་དང་། ཟླ་བ་ལྡན་མ ་དང་། རྨ་བྱ་མ་དང་། ནགས་ལྡན་མ་དང་། ནོར་སྦྱིན་མ་དང་། ཆང་ལྡན་མ་དང་། འཇིག་རྟེན་ལྡན་མ་དང་། འོད་འཕྲོ་ལྡན་མ་དང་། སྡོང་བུ་ཆེན་མོ་དང་། ཆེ་ལྡན་མ་དང་། ་ལེགས་པར་རྒྱས་བྱུང་མ་དང་། ལེགས་པར་དགའ་མ་དང་། དབྱིག་སྦྱིན་མ་དང་། དཔལ་མོ་དང་། ངག་ལྡན་མ་དང་། ནད་མཐར་བྱེད་མ་དང་། ནད་ཐམས་ཅད་གསོ་བྱེད་མ་དང་། ནད་མེད་ལྷ་མོ་དང་། གྲག ་བྱེད་མ་དང་། དབང་བྱེད་མ་དང་། མྱུར་བྱེད་མ་དང་། བདེ་སྦྱིན་མ་དང་། བཀྲ་ཤིས་མ་དང་། བཀྲ་ཤིས་ཐོབ་བྱེད་དགའ་མ་དང་། ཟླ་བ་བཟང་མོ་དང་། ཟླ་བ་ལྡན་མ་ཞེས་བྱ་བ་འདི་རྣམས་དང་། གཞན་ཡ ་རིག་པའི་རྒྱལ་མོ་རི་ཁྲོད་ལོ་མ་ཅན་དང་། དུག་སེལ་མ་དང་། ཡིད་ལས་བྱུང་མ་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་གྱི་སྒྲུབ་པ་མཐའ་ཡས་པ་སྤྱོད་པ་ཐམས་ཅད་ཀྱི་རྣམ་པར ་འཕྲུལ་པ་བྱིན་གྱིས་བརླབས་པ་ཡང་དག་པར་སྐྱེས་པ་ཡིད་ལས་བྱུང་བ་རྣམས་ཏེ། ཕོ་ཨུ྅་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ཅི་བགྱི་དང་། ཅི་བགྱི་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་ད ་ཨང་། སྲིན་པོ་དང་། སྲིན་མོ་དང་། ཤ་ཟ་དང་། ཤ་ཟ་མོ་པདྨའི་རིགས་ཀྱི་དམ་ཚིག་ལ་རྗེས་སུ་འཇུག་པ། གསང་སྔགས་རྣམ་པར་སྤྱོད་པ་རྣམས་གང་གིས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པ ་དག་པའི་སེམས་ཅན་ངེས་པར་འཁོད་པ་དེ་དེས་རབ་ཏུ་གནས་པར་བྱེད་པས་རབ་ཏུ་གནས་ཏེ། རང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པའི་ལས་བྱེད་པ་ལ་བརྩོན་པའི་ཡིད་དང་ལྡན་པར་གྱུར་ཏོ།། བཅོམ ་ལྡན་འདས་ཤཱཀྱ་ཐུབ་པའི་ཉེ་ལོགས་དེར་གནས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བོས་པར་གྱུར་ཏེ། འདིར་འདུས་པར་གྱུར་པ་ཁྱེད་རྣམས་ནི་རིག་པའི་ཚོགས་ཀྱིས་ཡོངས ་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོ་དང་། རིག་པའི་རྒྱལ་པོ་དང་། རྒྱལ་མོ་དང་བཅས་པ་རྣམས་ཀྱིས་ཕོ་ཉ་མོ་ཆེན་མོ་དྲན་པ་ཙམ་ཉིད་ཀྱིས་རིག་པའི་ཚོགས་ཐམས་ཅད་འདུས་པ་རྣམས་འདི་ལྟ་སྟེ། རིག་པ་མཆོག་དང་། ་རིག་པ་བཟང་པོ་དང་། ལེགས་པར་གྲུབ་པ་དང་། དཔུང་བཟང་དང་། སྡེ་བཟང་དང་། ལྷ་མཐར་བྱེད་དང་། སོ་བཟང་པོ་དང་། གང་བ་བཟང་པོ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེའི་མཐའ་དང་། རྡོ་རྗེའི་ལག་པ་དང ་རྡོརྗེའི་དཔུང་པ་དང་། རྡོ་རྗེའི་རྒྱལ་མཚན་དང་། རྡོ་རྗེའི་བ་དན་དང་། རྡོ་རྗེའི་སྤྱོད་ཡུལ་དང་། རྡོ་རྗེའི་མགོ་བོ་འཆང་དང་། རྡོ་རྗེ་མཆེ་བ་དང་། དག་པའི་རྡོ་རྗེ་དང་། རྡོ་རྗེའི་སྤུ་དང་། ་རྡོ་རྗེ་མཆོད་པ་དང་། རྡོ་རྗེ་དུ་མ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མགྲིན་པ་དང་། རྡོ་རྗེ་གསུང་བ་དང་། རྡོ་རྗེ་ལྟེ་བ་དང་། རྡོ་རྗེ་མཐའ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་ར་བ་དང་། རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་གཞུ་དང་། ་རྡོརྗེ་མདའ་དང་། རྡོ་རྗེ་ལྕགས་མདའ་དང་། རྡོ་རྗེ་མཚན་མ་དང་། རྡོ་རྗེ་དགྱེས་པ་དང་། རྡོ་རྗེ་ས་འོག་དང་། རྡོ་རྗེ་འཇིགས་སྤྱན་དང་། རྡོ་རྗེ་ནོར་མཐའ་དང་། རྡོ་རྗེ་ཁྲོ་བོ་དང་། ཆུའི་ཡིད་དུ་འོང་བའི་ང་རོང ་འབྱུང་པོའི་ཡིང་དུ་འོང་བའི་ང་རོ་དང་། ཁྲོ་བོ་ཆེན་པོའི་ཡིད་དུ་འོང་བའི་ང་རོ་དང་། དབང་ཕྱུག་ཆེན་པོའི་ཡིད་དུ་འོང་བའི་ང་རོ་དང་། སྦྱིན་པའི་བུའི་དབང་པོའི་ཡིད་དུ་འོང་བའི་ང་རོ་དང་། རིག་པ ་ཐམས་ཅད་ཡིད་དུ་འོང་བའི་ང་རོ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་དང་། འཕེན་པ་དང་། ཉེ་བར་འཕེན་པ་དང་། རྟག་ཏུ་འཕེན་པ་དང་། འདུལ་བའི་མཐའི་འཕེན་པ་དང་། ་ཤིན་ཏུ་རྣམ་བཀོད་འཕེན་པ་དང་། འཆོལ་བར་འཕེན་པ་དང་། སྟོབས་དང་། སྟོབས་པོ་ཆེ་དང་། ལེགས་འབྱུང་གསོད་བྱེད་དང་། བྷྲྀ་གི་རི་ཊི་དང་། ཁྲོ་བོ་དང་། ཁྲོ་བོ་ཆེན་པོ་དང་། ཁྲོ་བོ་ཐམས་ཅད་དང ་མི་རྒས་པ་ཉིད་དང་། མི་གཉིད་པ་དང་། གདུང་བའི་དབྱངས་དང་། ཀླུའི་མཐའ་དང་། དབྱུག་ཆུ་དང་། དབྱུག་པ་སྔོན་པོ་དང་། ལུས་སྦྱིན་དང་། ལུས་དམར་དང་། རྡོ་རྗེའི་དབྱུག་པ་དང་། སྤྲིན་དང་། ་སྤྲིན་ཆེན་དང་། ནག་པོ་དང་། ནག་པོ་བརྩེགས་པ་དང་། སྣ་ཚོགས་ནད་དང་། ཐམས་ཅད་འཕེན་པ་པོ་དང་། མདུང་དང་། མདུང་ཆེན་པོ་དང་། ཉམ་ཐག་པ་དང་། ཉམ་ཐག་པ་ཆེན་པོ་དང་། ཉི་མའི་བུ་མཉམ ་པ་དང་། དུས་མཐར་བྱེད་པ་དང་། གནོད་སྦྱིན་ནག་པོ་དང་། དྲག་པོ་དང་། དྲག་པོའི་གཟུགས་དང་། རྩེ་གསུམ་ཁ་གདེངས་པ་དང་། མདའ་བོ་ཆེ་དང་། བེ་ཅོན་རབ་འཇོམས་དང་། ཟབ་སྡུད་བའི་དཔའ ་བོ་དང་། དུས་མཐའི་ཉི་མ་དང་། སྲོག་འཕྲོག་པ་དང་། སྒྲ་འཇོམས་པ་དང་། ཞེ་སྡང་མི་འཛིན་པ་དང་། འཁྱིལ་བ་དང་། འཁྱིལ་པ་མིན་པ་དང་། བདུད་རྩི་འཁྱིལ་བ་དང་། མཐའ་ཡས་འཁྱིལ་བ་དང་།། ་ཁྲག་འཁྱིལ་བ་དང་། དཔུང་པ་དང་། དཔུང་པ་ཆེན་པོ་དང་། གདུག་པའི་ནད་ཆེན་བོ་དང་། མེ་དཔལ་དང་། མཛེ་ཐམས་ཅད་ལས་རྒྱལ་བ་དང་། འབྲོས་པ་དང་། རྣམ་པར་འབྲོས་པ་པོ་དང་། དེ་བཞིན ་རྣམ་འབྲོས་དང་། རྣམ་པར་བྲོས་པ་པོ་དང་། དེ་བཞིན་རྣམ་བྲོས་དང་། ཚིམ་མེད་འཆོལ་བ་ཞེས་པ་འདི་རྣམས་དང་། གཞན་ཡང་རིག་པའི་རྒྱལ་པོ་དང་། ཁྲོ་བོ་ཆེན་པོ་རྣམས་ཀྱིས་མ་ལུས་ཤིང ་ལུས་པ་མེད་པའི་སེམས་ཅན་གདུལ་བ་དང་། སྨོད་པ་དང་། གཞིག་པ་དང་། དགག་པ་དང་། གསོད་པ་དང་། རྣམ་པར་འཇོམས་པ་དང་། ཕ་དང་། ཟས་རྣམས་སྟེར་བར་བྱེད་པ་དང་། ཞི་བ་ཅན་དང་། ་རྒྱས་པ་ཅན་དང་། མངོན་སྤྱོད་ཅན་གྱི་ལས་རྣམས་ཤིན་ཏུ་སྦྱོར་བར་བྱེད་པ་པོ་རིག་པའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་སེམས་པས་རང་གི་རིག་པའི་རྒྱལ་པོ་རྡོ་རྗེའི་རིགས་སྐྱོང་བ་ལ་ཕྱག་འཚལ་ཏེ་གནང་བ་ནོས་ནས། རང་གི་རིགས ་ལ་གནས་པར་བྱེད་ཅིང་གནས་པས་རང་རང་གི་སྟན་ལ་འདུག་པར་གྱུར་ཏོ། ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕུལ་བའི་ཕོ་ཉ་མོ་ཆེན་མོ་རིག་པའི་རྒྱལ་མོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡོངས་སུ ་བསྐོར་བའང་རང་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་སྤྲོས་པ་མེད་པ་ལ་དམིགས་ནས་གནས་དེར་འདུས་པར་གྱུར་པ་འདི་ལྟ་སྟེ། འོག་པག་མ་དང་། འོག་པག་མ་བཟང་མོ་དང་། ལུ་གུ་རྒྱུད་མ་དང ་རྡོ་རྗེ་འོད་དང་། རྡོ་རྗེའི་ལྕེ་མ་དང་། རྡོ་རྗེའི་སྤྲིན་མ་དང་། རྡོ་རྗེའི་སྤྱན་དང་། རྡོ་རྗེའི་ལྟེ་བ་དང་། རྡོ་རྗེ་ཁྲོ་གཉེར་མ་དང་། རྡོ་རྗེ་སྙན་མ་དང་། རྡོ་རྗེ་རི་མོ་མ་དང་། རྡོ་རྗེ་ཁབ་མ་དང་། རྡོ་རྗེ་ཁུ་ཚུར་མ་དང་། ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་རལ་གྲི་མ་དང་། རྡོ་རྗེ་ཐོག་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། སཱལ་ལྡན་མ་དང་། སཱ་ལ་བི་ར་ཊི་མ་དང་། མཆོག་ཏུ་བྱེད་མ་དང་། འདོན་ལྡན་མ་དང་། ་རྡོ་རྗེ་འདོད་ལྡན་མ་དང་། འདོད་པའི་རྡོ་རྗེ་མ་དང་། མཐོང་ཅན་མ་དང་། མཐོང་ལྡན་མ་དང་། མཐོང་བ་ཆེན་མོ་དང་། རྩེ་མོའི་གོས་མ་དང་། ཕུག་ལེན་མ་དང་། ཕུག་ལྡན་མ་དང་། ཕུག་གནས་མ ་དང་། སྒོ་གནས་མ་དང་། འདོད་པ་རྡོ་རྗེ་མ་དང་། ཡིད་མགྱོགས་མ་དང་། མི་འཕམ་མགྱོགས་མ་དང་། མྱུར་མགྱོགས་མ་དང་། སྤྱན་བཟང་མ་དང་། ཆང་གནས་མ་དང་། བུང་བ་མ་དང་། བུང་བ ་ལས་བྱུང་བ་མ་དང་། མཆོད་སྦྱིན་གྲུབ་མ་དང་། རླུང་མ་དང་། གང་བའི་གོས་མ་དང་། སྒྲ་བཟངས་མ་དང་། ཧིནྡ་ནི་དང་། སྡིགས་མཛུབ་མ་དང་། ཕོ་ཉ་མོ་དང་། ཕོ་ཉ་བཟང་མོ་དང་། མཱ་མ་ཀཱི་དང་། གཡོན ་པ་མ་དང་། གཟུགས་ཅན་མ་དང་། གཟུགས་ལྡན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། གཞན་གྱིས་མི་ཐུབ་མ་དང་། དགེ་ལེགས་མ་དང་། བཞད་ལྡན་མ་དང་། བཞད་པའི་རྡོ་རྗེ་མ་དང་། འཇིག ་རྟེན་ལྡན་མ་དང་། གྲགས་ལྡན་མ་དང་། རྡོ་རྗེ་ལྡན་མ་དང་། མ་དུལ་མ་དང་། འཇིག་རྟེན་གསུམ་པོ་དབང་དུ་བྱེད་མ་དང་། དབྱུག་པ་མ་དང་། དབྱུག་པ་ཆེན་མོ་དང་། སྙན་པར་སྨྲ་བ་ལྡན་མ་དང་། སྐལ ་བཟང་ཉིདང་ལྡན་མ་དང་། དོན་ལྡན་མ་དང་། དོན་ཆེན་ལྡན་མ་དང་། གོང་མ་སྲེག་མ་དང་། དཀར་མོ་དང་། ཤིན་ཏུ་སྤྲུལ་མ་དང་། ཤིན་ཏུ་ནི་མེད་མ་དང་། དྲིལ་བུམ་དང་། རལ་གྲི་མ་དང་། རྩེ་གསུམ ་ཁ་གདངས་མ་དང་། ཁམ་མ་དང་། རྒྱལ་བྱེད་མ་དང་། གོས་མ་དང་། ཕྱག་འཚལ་མ་དང་། མིང་ཅན་མ་དང་། གསང་བ་མ་དང་། དབུགས་འབྱིན་མ་དང་། གཏུན་ཤིང་མ་དང་། ཕོ་ཉ་ཐམས་ཅད ་དབང་བྱེད་མ་ཞེས་པ་འདི་རྣམས་དང་། གཞན་ཡང་ཕོ་ཉ་མོ་ཆེན་མོ་ཕོ་ཉ་མོ་དུ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་པར་གྱུར་ཏོ།། ཏིང་ངེ་འཛིན་གྱི་རྒྱུ་འཐུན་པ ་ཡོངས་སུ་བསྒོམས་པའི་ཡིད་ལས་བྱུང་བ་གཟུངས་མ་དུ་མའི་གདུག་པའི་སེམས་ཅན་རྣམས་ཚར་གཅོད་ཅིང་ཆད་པས་གཅོད་པ་འདི་ལྟ་སྟེ། རྡོ་རྗེའི་མེ་རབ་ཏུ་རྨོངས་པར་བྱེད་པའི་གཟུང་མ་དང་། རི་རབ་ཀྱི་རྩེ ་མོའི་ཁང་པ་བརྩེགས་པའི་གཟུངས་མ་དང་། རིན་ཆེན་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་མ་དང་། ས་འཛིན་མ་དང་། ལེགས་པར་བརྩེགས་མ་དང་། མང་པོར་བརྩེགས་མ་དང་། མེ་ཏོག་བརྩེགས ་མ་དང་། ཆད་པའི་གཟུངས་མ་དང་། ཚར་གཅོད་པའི་གཟུངས་མ་དང་། དགུག་པའི་གཟུངས་མ་དང་། དཔུང་རྒྱན་མ་དང་། དཔུང་རྒྱན་ལྡན་མ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མ་དང་། རིན ་ཆེན་རྩེ་མོའི་དཔུང་རྒྱན་མ་དང་། འཇིག་རྟེན་རྩེ་མོའི་དཔུང་རྒྱན་མ་དང་། བ་དན་རྩེ་མོའི་དཔུང་རྒྱན་མ་དང་། གསུམ་འཁྱིལ་མ་དང་། འཇིག་རྟེན་འཁྱིལ་མ་དང་། སྟོང་འཁྱིལ་མ་དང་། ཉི་མའི་བུ་འཁྱིལ ་མ་དང་། འབྱུང་པོ་ཀུན་འཁྱིལ་མ་དང་། ཏོག་ལྡན་མ་དང་། རིན་ཆེན་ལྡན་མ་དང་། ནོར་བུ་རིན་ཆེན་གཙུག་མ་དང་། བྱང་ཆུབ་ཡན་ལག་གི་སྟོབས་ལྡན་མ་དང་། མཐའ་ཡས་ཏོག་དང་། ཀུན་ཏུ་ཏོག་དང་། ་རིན་ཆེན་ཏོག་དང་། རྣམ་པར་གྲགས་པའི་ཏོག་དང་། འབྱུང་པོ་ཐམས་ཅད་ཀྱི་ཏོག་དང་། མི་འཕམ་ལྡན་མ་དང་། གོས་ཤིན་ཏུ་དྲི་མེད་མ་དང་། གདོང་དྲུག་མ་དང་། དྲི་བྲལ་མ ་མ་དང་། འཇིག་རྟེན་གྲགས་མ་ཞེས་པ་འདི་དག་དང་། གཞན་ཡང་གཟུངས་མ་བརྒྱ་སྟོང་ཕྲག་བྱེ་བ་དུ་མས་ཡོངས་སུ་བསྐོར་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་པར་གྱུར་ཏོ།། སངས་རྒྱས ་མཐའ་ཡས་པས་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་སངས་རྒྱས་ཀྱིས་རྣམ་པར་སྤངས་པ་ན་རང་སངས་རྒྱས་བཅོམ ་ལྡན་འདས་བསེ་རུ་ལྟ་བུ་དང་། ཚོགས་དང་སྤྱོད་པ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཅང་མི་གསུང་བར་གྱུར་པ་ལྷག་པར་གནས་པས་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པར་མཛད་དེ་འཁོར་བའི་རྗེས ་སུ་འཇུག་པ་རྟག་ཏུ་ཡིད་སྐྱོ་བ་རྒྱུད་ལ་སྙིང་རྗེ་ཆེན་པོ་སྤངས་ཤིང་མ་འདྲེས་པའི་སེམས་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ། སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྒོས་པའི་སེམས་པས་ས ་གཅིག་དང་། ས་གཉིས་དང་། ས་གསུམ་དང་། ཇི་སྲིད་བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་བར་ལ་ཡིད་མི་འཇུག་པ། འཁོར་བས་ཡིད་སྐྱོ་ཞིང་འཇིགས་ཤིང་འཇིགས་པ་དང་ལྡན་པ་དེ་རྣམས་ཀྱང་འཁོར ་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ། ། འདི་ལྟ་སྟེ། སྤོས་དྲི་ལེན་དང་། ཀུན་ནས་སྐྱེ་མཆེད་དང་། ཀུན་ཏུ་འོད་དང་། ཙན་དན་དང་། དུས་དང་། མུ་ཁྱུད་དང་། ཉེ་བའི་མུ་ཁྱུད་དང་། འཆི་ལྟས ་དང་ཉེ་བའི་འཆི་ལྷས་དང་། ལོགས་བཟང་པོ་དང་། རྔ་བོ་ཆེ་དང་། ཉེ་བའི་རྔ་བོ་ཆེ་དང་། འཇིག་རྟེན་གྲགས་པ་དང་། འཇིག་རྟེན་འོད་དང་། རྒྱལ་བྱེད་དང་། རྡུལ་མེད་དང་། རྡུལ་དང་། རྡུལ་མེད ་དང་། ཉེ་བའི་རྡུལ་དང་། ཆ་ཤས་དང་། ཉེ་བའི་ཆ་ཤས་དང་། མཚན་མ་དང་། མཚན་མ་བཟང་པོ་དང་། ཉིན་མོར་བྱེད་པ་དང་། ལེགས་བྱེད་འོད་ལྡན་དང་། འོད་བྱེད་འོད་ལྡན་དང་། འོད་བྱེད་དང་། ་འཇིག་རྟེན་བྱེད་པ་དང་། རྣམ་ཐོས་དང་། ལེགས་ཐོས་དང་། མཛེས་སྡུག་དང་། ལེགས་འཛིན་མཐའ་དང་། དུལ་མཛེས་དང་། མཐའ་ཡས་མཐའ་དང་། སྲིད་མཐའ་དང་། ཏོག་དཀར ་པོ་དང་། མཚན་མའི་ཏོག་དང་། ཏོག་དང་། ཉེ་བའི་ཏོག་དང་། རྒྱལ་དང་། པདྨའི་བླ་མ་དང་། པདྨའི་འབྱུང་བ་དང་། རང་བྱུང་དང་། སྐྱེས་པ་དང་། ཡིད་འོང་དང་། ཡིད་ལས་ཁྱུང་དང་། དབང ་ཆེན་དང་། བརྩེགས་པར་གྲགས་པ་དང་། བུམ་པ་དང་། མཐའ་དག་སྤྱན་དང་། བདེ་བྱེད་དང་། ཕན་བྱེད་དང་། ཞི་བ་དང་། ཞི་བའི་ཡིད་དང་། ཆོས་དང་། ཉེ་བའི་ཆོས་དང་། རྣམ་པར་སྣང་བྱེད་དང་། ་མེ་ཏོག་དང་། ལེགས་སྔོ་དང་། དཔལ་ལྡན་དང་། གཉེན་ལས་ཐག་རིང་བྱེད་པ་དང་། བཟོད་པར་དཀར་བ་དང་། གསེར་དང་། དྲི་མེད་ཏོག་དང་། ཟླ་བ་དང་། ཉེ་བའི་ཟླ་བ་དང་། སྡེ་བཟང་དང་། ལེགས ་བར་སྦྱངས་པ་དང་། བརྒྱ་བྱིན་དང་། འདོད་པ་དང་། ཉེ་དབང་དང་། ནོར་ལྷ་ཞེས་པ་འདི་རྣམས་དང་། གཞན་ཡ་བ་རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བསམ་གྱིས་མི་ཁྱབ་ཅིང་གཞལ་གྱིས་མི་ལང ་པ་སྨོན་པ་མེད་པའི་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་སྤྲོས་པ་མེད་ཅིང་འདུས་མ་བྱས་པ་ཐེག་པ་འབྲིང་ལ་རབ་ཏུ་ཞུགས་ཤིང་ངེས་པར་བསྟན་ཏེ་གནས་པ། རྗེས་སུ་ཆགས་པ་དང ་ཁོང་ཁྲོ་བ་དང་བྲལ་བ་རྣམས་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་དང་ཐབས་ཅིག་ཏུ་བཞུགས་པར་གྱུར་ཏོ།། ཉན་ཐོས་བརྒྱ་སྟོང་ཕྲག་བྱེ་བ་དུ་མས་ཡོངས་སུ་བསྐོར་བའི་ཉན་ཐོས་ཀྱི་དགེ་འདུན ་དང་ཐབས་ཅིག་པ་འདི་ལྟ་སྟེ། འོད་སྲུངས་ཆེན་པོ་དང་། ཆུ་ཀླུང་འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། ལྟེ་ང་རྒྱས་འོད་སྲུངས་དང་། བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། བྷ་ར་དྷྭ་ཛ་དང་། མོའུ་འགལ ་གྱི་བུ་དང་། མོའུ་འགལ་གྱི་བུ་ཆེན་པོ་དང་། ཤཱ་རིའི་བུ་དང་། ཤཱ་རིའི་བུ་ཆེན་པོ་དང་། སྣ་ཚོགས་མཛེས་དང་། རབ་འབྱོར་དང་། རབ་འབྱོར་ཆེན་པོ་དང་། བ་ལང་བདག་དང་། ཀ་ཏྱའི་བུ་དང་། ཀཏྱའི ་བུ་ཆེན་པོ་དང་། ཉེ་བར་འཁོར་དང་། བཟང་ལྡན་དང་། ཀ་བི་ན་དང་། དགའ་བོ་དང་། ཀུན་དགའ་བོ་དང་། མཛེས་དགའ་བོ་དང་། ཉེ་དགའ་དང་། རྣ་བ་བྱེ་བ་རི་བ་དང་། འཇིག་རྟེན་འབྱུང་བ་དང་། ་མཐའ་ཡས་འབྱུང་བ་དང་། ཡིད་འོང་བ་དང་། ཉེ་བའི་ཡིད་འོང་བ་དང་། དགའ་ལྡན་དང་། ཉེ་བའི་དགའ་ལྡན་དང་། མ་འགགས་པ་དང་། རྩ་བ་ཀུན་ཏུ་གང་བ་དང་། ཉེ་བར་གང་བ་དང་། རྒྱལ་དང་། ་ནམ་སོ་དང་། རུ་རུ་དང་། དྲག་པོའི་བུ་དང་། རུ་རུའི་བུ་དང་། ཀུ་རུ་དང་། ལྔས་རྩེན་དང་། ཉེ་བའི་ལྔས་རྩེན་དང་། དུས་དང་། མཉམ་པའི་དུས་དང་། ལྷ་འཛིན་དང་། སྒྲ་གཅན་འཛིན་དང་། ལྗང་སྔོ ་དང་། ཉེ་བའི་ལྗང་སྔོ་དང་། བསམ་བྱ་དང་། དགའ་བ་སེམས་པ་པོ་དང་། འཆར་ཀ་དང་། ཉེ་བའི་འཆར་ཀ་དང་། དཔལ་ལྡན་དང་། ཀབྲུའི་བུ་དང་། གྱད་ཀྱི་བུ་དང་། ཉེ་རྫས་ལྡན་དང་། དུམ་བུ་དང་། ་། རྒྱལ་དང་། ཉེ་རྒྱལ་དང་། རྒྱལ་ཆེན་པོ་དང་། ཀུན་ཏུ་རྒྱལ་དང་། འབོད་བྱེད་དང་། ཟགས་སྦྱིན་དང་། གྲགས་ལྡན་དང་། ནོར་ཅན་དང་། ནོར་གྱི་རྒྱ་མཚོ་དང་། ཉེ་བའི་ནོར་ཅན་དང་། བི་ལིནྡའི་བུ་པི་པ་ལ ་ཀ་དང་། འབྲས་བུ་དང་། ཉེ་བའི་འབྲས་བུ་དང་། མཐའ་ཡས་འབྲས་བུ་དང་། འབྲས་བུ་དང་བཅས་པ་དང་། གཞོན་ནུ་དང་། གཞོན་ནུ་འོད་སྲུངས་དང་། ཆེར་སྦྱིན་དང་། བཅུ་དྲུག་སྡེ་པའི་དགའ་བྱེད་དང་། ་ཉེ་བའི་དགའ་བྱེད་དང་། ཡོན་པོར་ཡོ་བ་དང་། རྒྱལ་བའི་ཞགས་པ་དང་། དབུགས་འབྱིན་ཆེན་པོ་དང་། བེའུ་བུ་དང་། ཀུ་རུ་ཀུལླ་དང་། ཉེ་བའི་ཀུ་རུ་ཀུལླ་དང་། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བ་དང་། ཁྲག་པ ་རོལ་གྱི་མཐར་བྱེད་པ་དང་། གངྒཱའི་བུ་དང་། རིའི་རྣ་བ་ཅན་དང་། ཉེ་བའི་ཟེར་བ་དང་། དབྱར་ཅན་དང་། སྣང་བ་དང་། མཛེས་པར་སྣང་བ་དང་། དཔལ་སྦས་དང་། འཇིག་རྟེན་སྦས་པ་དང་། བླ་མ་སྦས ་པ་དང་། སྣང་བ་ལ་དགའ་བ་དང་། ཞི་བྱེད་དང་། བྱིས་པ་དང་། ཉེ་བའི་བྱིས་པ་དང་། བྱེ་བ་ཉི་ཤུ་པ་དང་། མགོན་མེད་སྦྱིན་དང་། ཉེ་བར་འཇུག་པ་དང་། ལྡོག་པ་དང་། སྨྱོ་བྱེད་དང་། ཀུན་ཏུ་འོད ་དང་མཚོ་བཟང་དང་། ལེགས་པ་དང་། རབ་སད་དང་། ལེགས་འོངས་དང་། ཉེར་འོངས་དང་། ཉེར་འགྲོ་དང་། འཇིག་རྟེན་འགྲོ་དང་། སྡུག་བསྔལ་མཐར་བྱེད་དང་། བསྐལ་པ་བཟང་པོ་དང་། ་ཆེན་པོ་བདང་ལྡན་དང་། དོན་སྤྱོད་པ་དང་། ཕ་ཆེན་པོ་དང་། འགྲོ་ལྡན་དང་། རྒྱལ་སྐྱོང་དང་། རྒྱལ་དང་། གསལ་ལྡན་དང་། ཉེ་བའི་གསལ་ལྡན་དང་། སྨན་ཆེན་པོ་དང་། ་གཟི་བརྗིད་ཆེན་པོ་ཅན་དང་། གཟི་བརྗིད་ཆེན་པོ་དང་། ལྷ་མཚམས་དང་། སྒྲུབ་བྱེད་དང་། ཚོགས་ཅན་དང་། ཚངས་པ་བཟང་པོ་དང་། མཛེས་བཟང་དང་། འཇིག་རྟེན་བཟང་དང་། མཉམ་པ་དང་། ་ཡང་དག་གཞལ་བ་ཞེས་པ་འདི་རྣམས་དང་། གཞན་ཡང་ཆོས་ཀྱི་དབྱིངས་མཐའ་ཡས་པ་རྣམ་པར་གྲོལ་བའི་རོའི་རོ་མྱོང་བ། ཐེག་པ་གསུམ་ལ་སྙོམས་པར་འཇུག་པ། ཐེག་པ་ཆུང་ངུའི་ལམ་ཀུན་ཏུ་ཐོབ ་པ། འཁོར་བ་ལས་བྲོས་པ། རྣམ་པར་ཐར་པའི་ལམ་གསུམ་གྱི་བསམ་གཏན་བསམས་པ། ཚངས་པའི་གནས་བཞིའི་སྤྱོད་ལམ་ལ་སྙོམས་པར་ཞུགས་པ། ལེགས་པར་མཉམ་པར་བཞག་པ། ལེགས ་པབཔར་བསྙེན་པར་རྫོགས་པ། ལེག་པའི་ཚུལ་ལ་རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་མཉམ་པར་འཇུག་པ་མཉམ་པ་ཉིད་སྤྲོས་པ་མེད་པ་བློ་གྲོས་ཅན་རྣམས་ཐམས་ཅད་དང་ལྡན་པའི ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ས་བཅུ་པའི་བར་མ་ཆད་པ་དཀོན་མཆོག་གསུམ་གྱི་གནས་སུ་གནས་པ་དང་ཐབས་ཅིག་ཏུ་དེ་རྣམས་ཀྱང་དེར་ཀུན་ཏུ་འཁོད་པར་གྱུར ་ཏོ། ། ཉན་ཐོས་མ་ཆེན་མོ་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་མཉམ་པར་འཇུག་པས་རབ་ཏུ་ཞུགས་པ་དུ་མ་རྣམས་ཀྱང་འདུས་མ་བྱས་ཀྱི་ལམ་གྱི་ཐེག་པ་ལ་དམིགས་པ་དག་ཅིང་འདོད་ཆགས་དང ་བྲལ་བ། ཀུན་ནས་སྣང་བ་ཀུན་ཏུ་ཐོབ་པ་སྦྱིན་པར་བྱ་བའི་ཞིང་གི་ཡོན་ཏན་འཛིན་ཅིང་རྣམ་པར་སྦྱོང་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་གནོན་པ། འཇིག་རྟེན་མཆོག་གི་བདག་མོ་ལྷས། ་མཆོད་པ་བསོད་ནམས་ཀྱི་ཞིང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མ་དྲ་དང་། རྐང་མེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མཆོག་གི་བདག་མོ་རྣམས་ལ་འདི་ལྟ་སྟེ། གྲགས་འཛིན་མ་དང་། གྲགས་སྦྱིན་མ་དང་། ་སྐྱེ་དགུའི་བདག་མོ་ཆེན་མོ་དང་། སྐྱེ་དགུའི་བདག་མོ་ལེགས་སྐྱེས་མ་དང་། དགའ་མོ་དང་། སྦོམ་དགའ་མོ་དང་། མཛེས་དགའ་མོ་དང་། སེམས་པ་མོ་དང་། མཛེས་མ་དང་། མཐའ་ཡས་མ་དང་། ས་ག ་མ་དང་། ཡིད་ཀྱི་ཤིང་རྟ་མ་དང་། རྒྱལ་ལྡན་མ་དང་། དཔའ་མོ་དང་། ཉེ་བའི་དཔའ་མོ་དང་། ལྷ་མོ་དང་། ལེགས་ལྷ་མོ་དང་། ལེགས་དཔལ་མ་དང་། དཔལ་མ་དང་། རབ་སྤྱོད་མ་དང་། རབ ་དགའ་མ་དང་། སྙན་པར་སྨྲ་མ་དང་། སྣར་མ་མ་དང་། ཡུལ་འཁོར་སྲུང་མ་དང་། སྲུང་བ་མ་དང་། རྗེ་བོ་མ་དང་། ཕུན་ཚོགས་མ་དང་། ལུས་ཅན་མ་དང་། དད་པ་མ་དང་། དགའ་མ་དང་། རལ་པ ་མ་དང་། ཉེ་བའི་རལ་པ་མ་དང་། ཀུན་ནས་རལ་པ་མ་དང་། འབྱུང་བ་མ་དང་། སྣང་ལྡན་མ་དང་། ཡིད་མགྱོགས་མ་དང་། སྒྲ་ལྡན་མ་དང་། ཁྱབ་འཇུག་ལེན་མ་དང་། ཁྱབ་འཇུག་ལྡན་མ་དང་། ་ཡིད་བཟངས་མ་དང་། ཡིད་མངས་མ་དང་། དཔལ་ལྡན་མ་དང་། སྡུག་བསྔལ་མཐར་ཐུག་མ་དང་། ལས་སྦྱིན་མ་དང་། ལས་འབྲས་མ་དང་། རྣམ་རྒྱལ་ལྡན་མ་དང་། རྒྱལ་ལྡན་མ་དང་། ནོར་བདག། ་མ་དང་། ནོར་སྦྱིན་མ་དང་། ཆོས་སྦྱིན་མ་དང་། ལེགས་སྦྱིན་མ་དང་། རབ་ཟ་མ་དང་། ཨ་མྲ་མ་དང་། གྲགས་པ་འཇུག་མ་དང་། ཡིད་ལྡན་མ་དང་། རབ་བཞད་མ་དང་། ་སྲིད་གསུམ་མཐར་བྱེད་མ་དང་། འཁོར་གསུམ་མཐར་བྱེད་མ་དང་། སྡུག་བསྔལ་བ་མོ་དང་། ཡིད་འབྱུང་མ་དང་། ལོ་མ་གསུམ་པ་དང་། པདྨའི་ལོ་མ་དང་། པདྨ་ལྡན་མ་དང་། པདྨའི་འོད་མ་དང་། ་། དཀའ་བཟློག་རྐང་སྤྱོད་མ་དང་། དཀའ་བཟློག་རྐང་སྤྱོད་ལྡན་མ་དང་། འདབ་གསུམ་མ་དང་། འདབ་བདུན་མ་དང་། ཨུཏྤ་ལའི་མདོག་མ་ཞེས་པ་འདི་དག་དང་། གཞན་ཡང་གནས་བརྟན་མ་ཆེན་མོ། ་ཉན་ཐོས་མ་ཆེན་མོ་རྣམས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་ཕྱག་འཚལ་བའི་ཕྱིར་ཉེ་བར་ལྷགས་པར་གྱུར་ཏོ།། འཁོར་གྱི་དཀྱིལ་འཁོར་དེ་རྣམས་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར ་འཕྲུལ་པའི་མཐུ་མཐོང་བར་འདོད་ནས་འདུས་ཤིང་འཁོད་པར་གྱུར་ཏེ་ཆོས་ཉན་པའི་ཕྱིར་དང་། སྔགས་ཀྱི་སྤྱོད་པའི་དོན་སྒྲུབ་པ་ལ་བརྩོན་པར་འདོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ ་ཐུབ་པས་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ལྷག་པའི་བསམ་པ་དག་པ་དང་། དངོས་པོ་མེད་པའི་རང་བཞིན་ནམ་མཁའི་ངོ་བོ་སེམས་ཅན་གྱི་ཁམས་ལམ་གསུམ ་ལས་ཡང་དག་པར་འདས་པ་མཁྱེན་ནས། སེམས་དཔའ་ཆེན་པོ་ལ་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་སེམས་ཅན་གྱི་དོན་གྱི་སྤྱོད་པ་ལ་སོ་སོར་སོམས་ཤིག། བསམ་པ་ཇི་ལྟ་བ་བཞིན་དུ་མངོན ་བར་དགའ་བ་འདོད་པའི་ལས་ཀྱི་འབྲས་བུ་ལ་དད་པ་དང་ལྡན་པ། སྔགས་ཀྱི་སྤྱོད་པའི་དོན་ཡང་དག་པར་ཐོབ་པ་ཞེས་བྱ་བའི་ཆོས་ཀྱི་ཚིག་དང་། ལས་ཀྱི་ཚིག་དང་། ཞི་བའི་ཚིག་དང་། ཐར ་པའི་ཚིག་དང་། རྟོག་པ་སྒྲུབ་པ་དང་། རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ཐོབ་པར་བྱེད་པ། དེ་བཞིན་ཤེགས་པའི་སྟོབས་བཅུ་ཀུན་གྱི་སྟོབས་དང་། བདུད་ཀྱི་སྟོབས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒོམ་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་པར་གྱུར་ཏོ།། ་སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་མ་ཐག་ཏུ། ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་གི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དག་པར་རབ་ཏུ་གཡོས་ཏེ་སྣང་བ་ཆེན་པོས་གསལ་བར་བྱས་ནས། རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་སྟོན་པར་གྱུར་ཅིང་། རང་གི་སྔགས་ཀྱི་ཚིག་ཀྱང་གསུངས་པར་གྱུར ་ཏོ། ། རྟོག་པའི་སྔགས་རྣམས་ཀྱང་སྔགས་དུ་མ། ཐུན་མོང་བ་གཅིག་གིས་རིམ་པ་ལས་མ་འདས་པར་འབྱུང་བ་ནི། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་བྷཱ་བ་སྭ་བྷཱ་བ། ས་མུངྒ་ཏཱ་ནཱཾ། ན་མཿཔྲ་ཏྱེ་ཀ་བུདྡྷ་ཨཱརྱ་ཤྲ་བ་ཀཱ་ནཱཾ། ན་མོ་བོ་དྷི་ས་ཏྭཱ་ནཱན?། ་ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ་ཤ་ར་ཎཾ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་སཏྭཱ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། དུཥྚ་སཏྭ། ད་མ་ཀ། ཨ་སི། མུ་ས་ལ། བ་ར་ཤུ། བཱ་ཤི། ཧིསྟ། ཙ་ཏུར་མུ་ཁཾ། ཥཊ་ཙ་ར་ཎ། གཙྪ་གཙྪ། མ་ཧཱ ་བིནྡྷ། བིགྷྣཱན་ཏ་ཀ། བི་ལ~ཾ་ཏཱ་ན་ན། སརྦ་བྷཱུ་ཏ། ལ~ཾ་ཀ་ར། ཨནྡྲནྟ། སཱ་ས་ནཱ་དི་ནེ། བཱ་རྨཱ་ཙམ་ནི་བཱ་ས་ན། ཀུ་རུ་ཀུ་རུ་ས་རྦ་ཀརྨཱ་ཎཱཾ། ཙྪིནྡཙྪིནྡ། ཟིན་ཧྲཱིནྡ། ས་ར་མུཿ། ཨཱ་ཀཪྵཱ། ཨཱ་ཀཪྵ ་བྷཱུ་ཏཱན། ནིརྨ་ཐ་ན། སརྦ་དུཿཥྚེ། པྲ་བེ་ཤ་ཡ། མཎྜ་ལ་མ་དྷྱེ། བེ་པ་སཱ་ཏ་ཛཱི་བི་ཏཱན་ཏ་ཀ་ར་ཀུ་རུ་ཀུ་རུ་མ་མ་ཀཨཱརྱ། ད་ཧ་ད་ཧ། པ་ཙ་པ་ཙཾ། མཱ་བི་ལམྦ་ས་མ་ཡ་མ་ནུ་སྨ་ར། ཧཱུཾ་ཧཱུཾ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ཨཱ་ཤཱ་པ་རི་བྷུ་ར་ཀ། ་ཧེ་ཧེ་བྷ་ག་བཱན། ཀིཉྩི་རཱ་ཡ་སི་མ་མ། སརྦ་ཨརྠ་སཱ་དྷ་ཡ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཁྲོ་བོ་ཆེན་པོ་སྒྲོལ་མས་གནོན་པ་ཞེས་བྱ་བ་གང་འདོད་པ་དེ་འགུགས་པར་བྱེད་ཅིང་ཐོབ་པར་བྱེད་པ། དབང་པོ་དང་གཤིན་རྗེའི ་རྒྱལ་པོའང་འགུགས་པར་བྱེད་ཅིང་འཇོམས་པར་བྱེད་པ་ཡིན་ན། སེམས་ཅན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྲོ་བོའི་རྒྱལ་པོ་ཆེན་པོས་གསུངས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཉམ་ཐག་ཅིང་འཇིགས་སྐྲག་སྟེ་ཡིད་སྐྱོ་ཞིང་སྙིང་གས ་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པ་སྐྱབས་གཞན་མེད། སྐྱོབ་པ་གཞན་མེད། དཔུང་གཉེན་གཞན་མེད་པས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་ལྷགས་པར་གྱུར་ཏོ།། ་དེ་ནས་གང་ལ་ལས་ལ་སྤྱོད་པ་དང་། མཁའ་ལ་སྤྱོད་པ་དང་། བརྟན་པ་དང་། གཡོ་བ་དང་། མངལ་སྐྱེས་དང་། སྒོང་སྐྱེས་དང་། དྲོད་གཤེར་སྐྱེས་དང་། རྫུས་ཏེ་སྐྱེས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས ་ཤིང་མུ་མེད་པ་ན་རྣམ་པར་གནས་པ་སྟེང་དང་། འོག་དང་། ཐད་ཀ་དང་། ཕྱོགས་དང་། ཕྱོགས་བྲལ་རྣམས་སུ་སྐད་ཅིག་དེ་དང་། ལུང་ཙམ་དེ་ལ་གབ་པ་རྣམས་ཁྲོ་བོའི་རྒྱལ་པོ་ཆེན་པོས་སྐད་ཅིག་ལ་འདིར་བཀུག་པར་གྱུར་ཏོ།། ཁྲོ་བོའི་རྒྱལ ་བོ་སྒྲུབ་པར་གྱུར་པ་འདི་འདོད་ཆགས་དང་མ་བྲལ་བར་གྱུར་པ་རྣམས་ཀྱི་མདུན་དུ་བཟླས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའང་འཆི་བར་འགྱུར་རམ། བསྐམ་པར་འགྱུར་བའི་ཕྱིར་རོ།། དམ་ཚིག་བྱིན་གྱིས་བརླབས་ནས། སངས་རྒྱས ་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔ་འམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། དམ་པའི་ཆོས་ཀྱི་གླེགས་བམ་མམ། སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔ་རུ་བཟླས་བརྗོད་བྱའི། ལས་གཞན་གྱི་ཆེད་དུ་འམ། གང་ཡང་རུང་བ་དེར་ཀློག་པར ་མི་བྱ་སྟེ། ཅིའི་ཕྱིར་ན་ལྟས་ངན་ཆེན་པོ་དང་། མྱ་ངན་ཆེན་པོ་དང་། བདག་ཉིད་ཉེ་བར་འཇོམས་པར་འགྱུར་བའི་ཕྱིར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་འབའ་ཞིག་ནི ་ཐུགས་རྗེ་མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་པ་སྒྲུབ་ཅིང་རྗེས་སུ་འཇུག་པ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ། ཆོས་ཀྱི་ཚུལ་ཡང་དག་པར་གནས་པར་བྱེད་པ། སེམས་ཅན་གྱི་ཁམས་མ་ལུས་པ་མྱ་ངན ་ལས་འདས་པ་ཐོབ་པར་བྱེད་པ། བསྟན་པ་མེད་པར་བསྟན་པ་དང་། ལམ་གསུམ་ལ་ཡང་དག་པར་སྦྱོར་བ་དང་། དཀོན་མཚོ་གསུམ་གྱི་གདུང་རྒྱུན་མི་འཆད་པ་དང་། སྔགས་ཀྱི་སྤྱོད་པ་གསལ་བར་བྱེད་པ་དང་། ཐུགས་རྗེ་ཆེན་པོའི་མཐུའི ་རྒྱུ་འཐུན་པའི་ཐུགས་ཀྱིས་བདུད་ཀྱི་སྟོབས་ཟིལ་གྱིས་གནོན་པ་དང་། བགེགས་ཆེན་པོ་རྣམ་པར་གཞིག་པ་དང་། གདུག་པའི་རྒྱལ་པོ་ཟློག་པ་དང་། བདག་གི་སྟོབས་མངོན་པར་འཕེལ་བ་དང་། གཞན་གྱི་སྟོབས་ཟློག་པར་བྱེད་པ་དང་། ་རིངས་པ་དང་། ལྷུང་བ་དང་། ཉམས་པ་དང་། འཆོས་པ་དང་། སྐེམས་པ་དང་། དགའ་བ་དང་། རང་གི་སྔགས་ཀྱི་སྤྱོད་པ་གསལ་བར་བྱེད་པ་དང་། ཚེ་དང་། ནད་མེད་པ་དང་། རང་གི་དབང་ཕྱུག་མངོན་པར་འཕེལ་བ་དང་། མྱུར་དུ ་ལས་རྗེས་སུ་སྒྲུབ་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། ཡང་དག་པར་སྡོམ་པ་དང་། དེ་དག་གི་རྒྱུ་མཚན་དང་། རྒྱུ་ལ་ཐམས་ཅད ་དུ་རྟོག་གེ་བ་དང་། རྣམ་པར་རྟོག་གེ་བ་དང་བྲལ་བའི་སེམས་ཀྱིས་སྨྲས་སོ།། དེ་ནས་ཀླུ་དང་། ཀླུ་ཆེན་པོ་དང་། གནོད་སྦྱིན་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། སྲིན་པོ་ཆེན་པོ་དང་། ཤ་ཟ་དང་། ཤ་ཟ་ཆེན་པོ་དང ་སྲུལ་པོ་དང་། སྲུལ་པོ་ཆེན་པོ་དང་། ལུས་སྲུལ་པོ་དང་། ལུས་སྲུལ་པོ་ཆེན་པོ་དང་། མ་མོ་དང་། མ་མོ་ཆེན་མོ་དང་། གྲུལ་བུམ་དང་། གྲུལ་བུམ་ཆེན་པོ་དང་། གཅན་གཟན་དང་། གཅན་གཟན་ཆེན་པོ་དང་། རོ་ལངས ་དང་། རོ་ལངས་ཆེན་པོ་དང་། ཀམ་པོ་ཛ་དང་། ཀམ་པོ་ཇེ་ཆེན་པོ་དང་། སྲིང་མོ་དང་། སྲིང་མོ་ཆེན་མོ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་ཆེན་མོ་དང་། གཞིབས་པ་དང་། གཞིབས་པ་ཆེན་པོ་དང་། གནོན་པོ་དང་། ་གནོན་པོ་ཆེན་པོ་དང་། བྱིས་པ་དང་། བྱིས་པ་ཆེན་པོ་དང་། བྲན་པ་དང་། བྲན་པ་ཆེན་པོ་དང་། ནད་དང་། ནད་ཆེན་པོ་དང་། བརྗེད་བྱེད་དང་། བརྗེད་བྱེད་ཆེན་པོ་དང་། གདོན་དང་། གདོན་ཆེན་པོ་དང་། ནམ་མཁའི་མ་མོ ་དང་། ནམ་མཁའི་མ་མོ་ཆེན་མོ་དང་། གཟུགས་ཅན་མ་དང་། གཟུགས་ཅན་མ་ཆེན་མོ་དང་། གཟུགས་ངན་མ་དང་། གཟུགས་ངན་མ་ཆེན་མོ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། གྲིབ་གནོན་དང་། གྲིབ་གནོན་ཆེན ་བོ་དང་། སྤོང་གཏོང་དང་། སྤོང་གཏོང་ཆེན་པོ་དང་། ཙི་བགྱི་དང་། ཅིབགྱི་ཆེན་པོ་དང་། གནོད་སྦྱིན་མོ་དང་། གནོད་སྦྱིན་མོ་ཆེན་མོ་དང་། ཤབ་མོ་དང་། ཤ་ཟ་མོ་ཆེན་མོ་དང་། རིམས་ནད་དང་། རིམས་ནད་ཆེན་མོ་དང་། རིམས ་ཉིན་བཞི་པ་དང་། རིམས་ཉིན་བཞི་པ་ཆེན་པོ་དང་། རྟག་པའི་རིམས་དང་། རིམས་མི་བཟད་པ་རྣམས་དང་། རྟག་པ་ལས་བྱུང་བའི་རིམས་དང་། ཡུད་ཙམ་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་དང་། བད་ཀན ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། གཅོད་དང་། གཅོད་ཆེན་པོ་དང་། གྲུབ་པ་དང་། གྲུབ་པ་ཆེན་པོ་དང་། སྦྱོར་ལྡན་དང་། སྦྱོར་ལྡན་ཆེན་པོ་དང་། དྲང་སྲོང་དང་། དྲང་སྲོང་ཆེན་པོ་དང་། མི་འམ་ཅི་དང་། མི་འམ ་ཅི་ཆེན་པོ་དང་། ལྟོ་འཕྱེ་ཆེན་པོ་དང་། ལྟོ་འཕྱེ་ཆེན་པོ་ཆེན་པོ་དང་། དྲི་ཟ་དང་། དྲི་ཟ་ཆེན་པོ་དང་། ལྷ་དང་། ལྷ་ཆེན་པོ་དང་། མི་དང་། མི་ཆེན་པོ་དང་། ལྗོངས་དང་། ལྗོངས་ཆེན་པོ་དང་། རྒྱ་མཚོ་དང་། རྒྱ་མཚོ་ཆེན་པོ་དང ་ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། རི་དང་། རི་ཆེན་པོ་དང་། གཏེར་དང་། གཏེར་ཆེན་པོ་དང་། ས་དང་། ས་ཆེན་པོ་དང་། ཤིང་དང་། ཤིང་ཆེན་པོ་དང་། འདབ་ཆགས་དང་། འདབ་ཆགས་ཆེན་པོ་དང་། རྒྱལ་པོ་དང་། ་རྒྱལ་པོ་ཆེན་པོ་དང་། བརྒྱ་བྱིན་དང་། དབང་པོ་ཆེན་པོ་དང་། ནོར་ལྷའི་བུ་དང་། སྒྲ་སྒྲོགས་དང་། འབྱུང་པོའི་བདག་པོ་དང་། དབང་ལྡན་དང་། གཤིན་རྗེ་དང་། ཚངས་པ་དང་། ཚངས་པ་ཆེན་པོ་དང་། ཉི་མའི་བུ་དང་། ནོར ་སྦྱིན་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ལུས་ངན་པོ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ལྔ་རྩེན་དང་། རྨུགས་འཛིན་དང་། རངས་འཛིན་དང་། ཀུཥྨ་འཛིན་དང ་ལྔང་སྔོ་དང་། སྐྲ་ལྔ་སྔོ་དང་། སེང་གེ་དང་། འཕྲོག་མ་དང་། དགའ་བྱེད་དང་། ནོར་བྱེད་དང་། ཆུའི་དབང་པོ་དང་། འཇིག་རྟེན་དབང་པོ་དང་། ཉེ་བའི་དབང་པོ་དང་། གསང་བ་པ་དང་། གསང་བ་པ་ཆེན་པོ་དང་། གཡོ་བ ་དང་། གཡོ་བྱེད་དང་། ཆུ་སྤྱོད་དང་། རྟག་པའི་རི་དང་། ཁ་བའི་རི་དང་། རི་ཆེན་པོ་དང་། མིག་བརྩེགས་པ་དང་། མགོ་བོ་གསུམ་པ་ཞེས་པ་འདི་རྣམས་དང་། གཞན་ཡང་གནོད་སྦྱིན་གྱི་སྡེ ་དཔོན་ཆེན་པོ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ། བྱང་ཆུབ་སེམས་དཔས་བྱིན་གྱིས་བརླབས་དང་རྫུ་འཕྲུལ་གྱིས་སྟོབས་བསྐྱེད་པས་ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར ་ཆེན་པོ་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། ། གང་ཡང་སྲིན་པོའི་རྒྱལ་པོ་ཆེན་པོ་སྲིན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོ་ཆེན་པོས་བཀུག་པ་འདི་ལྟ་སྟེ། བྲོས་པ་དང་། འབྲོས་བྱེད་དང་། རྣམ་པར ་འཇུ་བྱེད་དང་། གཟེར་གྱི་རྣ་བ་དང་། བུམ་པའི་རྣ་བ་དང་། ཀུན་ནས་རྣ་བ་དང་། གཤིན་རྗེ་དང་། རྣམ་པར་འཇིགས་བྱེད་དང་། འཇིགས་སུ་རུང་བ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་དང་། མི་བཟད་པ་དང་། སྡིག་ལྡན་དང་། ་། དབང་པོ་རྒྱལ་དང་། འཐབ་པ་དང་། ལེགས་པར་འཐབ་པ་དང་། མདུང་དང་། མདུང་རྩེ་གསུམ་དང་། མགོ་བོ་གསུམ་པ་དང་། མགོ་བོ་མཐའ་ཡས་པ་ཞེས་པའང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ།། གང་ཡང་ཤ་ཟ་དང་། ཤ་ཟ་ཆེན ་བོ་དང་། ཤ་ཟ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བུམས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་འདི་ལྟ་སྟེ། འཐུང་གཅོད་དང་། ཉེ་བའི་འཐུང་གཅོད་དང་། ལེགས་པར་འཐུང་གཅོད་དང་། མཐའ་ཡས་འཐུང་གཅོད་དང་། ཡིད་ཀྱི་ཤིང་རྟ་དང་། ལེགས་པར ་ཡིད་ཀྱི་ཤིང་རྟ་དང་། ལེགས་པར་འདྲེན་པ་དང་། འབྱེད་དང་། སྦུབ་ཟང་པོ་དང་། དྲག་པོ་དང་། དྲག་པོའི་གཟུགས་ཅན་ཞེས་པ་དེ་རྣམས་ཀྱང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ།། གང་ཡང་ཀླུའི་རྒྱལ་པོ་ཆེན་པོ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོ། ་བྲག་དུ་མས་ཡོངས་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་བཀུག་པ་འདི་ལྟ་སྟེ། དགའ་བོ་དང་། ཉེ་དགའ་བོ་དང་། ཟླ་བ་དང་། ཉེ་བའི་ཟླ་བ་དང་། ནོར་རྒྱས་ཀྱི་བུ་དང་། མཐའ་ཡས་དང ་འཇོག་པོ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། དུང་དང་། དུང་སྒོང་མ་དང་། སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། བརྫུན་པའི་བཏུབ་དང་། བུམ་པ་སྦྱིན་དང་། རྡོ་རྗེ་ཅན་དང་། ཙམ་པའི་བུ་དང་། ཡིད་ལྡན་ཀླུ་དང་། ང་རྒྱལ ་འཇོམས་དང་། ཌཾ་ཀུ་ར་དང་། ཉེ་བའི་ཌཾ་ཀུ་ར་དང་། ལ་ཀུ་ཊ་དང་། ལ་ཀུ་ཊཱ་ཆེན་པོ་དང་། དཀར་པོ་དང་། དཀར་པོ་བཟང་པོ་དང་། སྔོན་པོ་དང་། སྔོན་པོ་ཆུ་སྦྱིན་དང་། འོ་མའི་ཆུ་དང་། སོག་མ་མེད་དང་། རྒྱ་མཚོ་དང་། ཉེ་བའི་རྒྱ ་མཚོ་ཞེས་པ་འདི་རྣམས་དང་། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་ཀླུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་འདུག་པར་གྱུར་ཏོ།། གང་ཡང་དྲང་སྲོང་དང་དྲང ་། སྲོང་ཆེན་པོ་དེ་རྣམས་འདི་ལྟ་སྟེ། རྒྱུན་ཤེས་ཀྱི་བུ་དང་། གནས་འཇོག་དང་། གོའུ་ཏ་མ་དང་། སྐལ་ལྡན་ཤིང་རྟ་དང་། ཛ་ཧཱུཾ་ནུ་དང་། ཨཾ་གི་ར་ས་དང་། ཨ་མ་སྟི་དང་། སུ་ལསྟི་དང་། རི་བྱི་དང་། རྒྱས་པ་དང་། ནག་པོ་དང་། གཽ་ཏ་མ་ནག ་པོ་དང་། མེ་དང་། མེའི་རྒྱུད་དང་། ཏྲཾཿགི་ར་ས་དང་། ཛཱ་མད་ཨགྣི་དང་། ཡོད་པ་པ་དང་། ཐུབ་པ་དང་། ཐུབ་མཆོག་དང་། བཻ་སམྦ་ཡ་ན་དང་། རྩིབས་ལོགས་སྐྱེས་དང་། དགྲ་སྟ་དང་། རྣལ་འབྱོར་དབང་ཕྱུག་དང་། བི་སྤལ་དང་། ་བིསླལ་ཟབ་དང་། གྲོག་མཁར་བ་དང་། བདུད་མང་ལ་ཞེས་པ་འདི་རྣམས་དང་། གཞན་ཡང་དྲང་སྲོང་ཆེན་པོ་འརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་ཉེ་བར་བྱིན་ཏེ། བཅོམ་ལྡན་འདས ་@ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་གསང་སྔགས་སྤྱོད་པའི་དོན་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་ཅིང་རྗེས་སུ་ཡི་རང་བར་འདོད་པས་འཁོད་པར་གྱུར་ཏོ།། གང་ཡབ་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་རབ་ཏུ་ཞུགས་ཤིང་འཁོད་པར་གྱུར་པ་འདི་ལྟ་སྟེ། བྷེ་རཎྜ་དང་། བྷ་རུཎྜ་དང་། མ་རུཎྜ་དང་། འོད་ཟེར་དང་། འོད་ཟེར་འབར་བ་ཞེས་པའོ།། གང་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ ་དེ་རྣམས་ཀྱང་ནམ་མཁའ་ལྡིང་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་པ་འདི་ལྟ་སྟེ། འདབ་བཟངས་དང་། འདབ་དཀར་དང་། ཀླུ་དང་། འདབ་འགྲོ་དང་། འདབ་བཟང་སྐྱེས་དང་། ཡིད ་མགྱོགས་དང་། ཀླུ་འཇོགས་དང་། རྣམས་འདུད་བུ་དང་། བྷ་ར་བྷཱ་ཛ་དང་། དགེ་མཚན་དང་། དགེ་མཚན་ཆེན་པོ་དང་། འདབ་ཆགས་རྒྱལ་པོ་སྟེ། དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ།། གང་ཡང་མི་འམ ་ཅིའི་རྒྱལ་པོ་མི་འམ་ཅི་བརྒྱ་སྟོང་ཕྲག་དུ་མས་བསྐོར་བ་དེ་རྣམས་ཀྱང་འདི་ལྟ་སྟེ། ལྗོན་པ་དང་། ཉེ་བའི་ལྗོན་པ་དང་། ལེགས་པའི་ལྗོན་པ་དང་། མཐའ་ཡས་ལྗོན་པ་དང་། འཇིག་རྟེན་ལྗོན་པ་དང་། ལྗོན་པ་གསལ་བ་དང་། ་བྲང་རྒྱས་དང་། བྲང་རྒྱས་ཆེན་པོ་དང་། ཡིད་ཀྱི་གཟི་བརྗིད་དང་། གཟི་བརྗིད་ཆེན་པོ་དང་། རྫུ་འཕྲུལ་ཆེན་པོ་དང་། རྣམ་པར་སྒྲོགས་པ་དང་། དབྱངས་བཟང་པོ་དང་། ཡིད་འོ་དང་། སེམས་སྐྱེད་པར་བྱེད་པ་དང་། སྨྱོ་བྱེད་དང་། དནཿ ་ཏ་དང་། བཏང་སྙོམས་པ་དང་། སྙིང་རྗེ་དང་། སྙིང་རྗེ་མེད་པ་ཞེས་པ་འདི་རྣམས་དང་། གཞན་ཡང་མི་འམ་ཅིའི་རྒྱལ་པོ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་རྣམས་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ།། དེ་བཞིན་དུ ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་པ་ཆེན་པོ་དང་། ཀུན་ཏུ་འོད་གསལ་བ་དང་། རབ་ཏུ་འོད་གསལ་དང་། དག་པའི་འོད་དང་། བསོད་ནམས་འོད་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་དང་། ་འོག་བཟངས་དང་། འཇིག་རྟེན་མཐའ་དང་། ཅིའང་མེད་པའི་སྐྱེ་མཆེད་དང་། ཅིའང་མེད་པ་མིན་པ་དང་། ནམ་མཁའ་མཐའ་ཡས་དང་། ནམ་མཁའ་མཐའ་ཡས་མིན་པ་ཉིད་དང་། གྱ་ནོམ་སྣང་དང་། ཤིན་ཏུ ་མཐོང་དང་། ལེགས་པར་སྤྲུལ་པ་དང་། ཡོངས་སུ་སྤྲུལ་པ་དང་། གནས་གཙང་མ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་དང་། རྟག་མྱོས་དང་། འཕྲེང་ཐོགས་དང་། གཞོང་ཐོགས་དང་། པི་ཝང ་གསུམ་པ་དང་། རི་ལ་གནས་པ་དང་། ཁང་པ་བརྩེགས་པ་ལ་གནས་པ་དང་། རྩེ་མོར་གནས་པ་དང་། ལྕང་ལོ་ཅན་ན་གནས་པ་དང་། གྲོང་ན་གནས་པ་དང་། གཞལ་མེད་ཁང་ན་གནས་པ་དང་། ནང་ན་གནས་པ་དང་། བར་སྣང་ལ་རྒྱུ་བ་དང་། ས་ན ་གནས་པ་དང་། ཤིང་ལ་གནས་པ་དང་། ཁྱིམ་ན་གནས་པ་དང་། དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་རབ་ཚིམ་དང་། སྟོབས་ལྡན་དང་། ཐགས་བཟངས་རིས་དང་། ལེགས་བཀྲ་དང་། དགེ་བཀྲ་དང་། སྒྲ་གཅན་དང་། ལག་པ་ལ་སོགས་པའི ་ལྷ་མ་ཡིན་བྱེ་བ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འགྲོས་རྣམ་པ་སྣ་ཚོགས་དང་། ནོར་རྣམ་པ་སྣ་ཚོགས་དང་། ལྷ་དང་གཡུལ་འགྱེད་པའི་ལྷ་མ་ཡིན་དེ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བལྟ་བ ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བར་འདོད་པས་འཁོར་གྱི་དཀྱིལ་འཁོར་དེ་བ་འདུས་པར་གྱུར་ཏོ།། གང་ཡང་གཟའ་དང་གཟའ་ཆེན་པོའི་འཇིག་རྟེན་གྱི་དོན་དུ་སྤྱོད་པ་བར་སྣང་ལ་སྤྱོད་པ་ལ་འདི་ལྟ་སྟེ། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ལྷག ་པ་དང་། ཕུ་བུ་དག། པཡངས་དང་། གླེན་པ་དང་། སྔགས་དང་། ས་འཕྲུལ་དང་། མཇག་མིས་དང་། ཚོགགིས་འཇོམས་པ་དག་ས་མ་དང་། རྒྱམ་མཚན་དང་། དྲག་པོ་དང་། དུལྡན་དང་། དུབ་དང། ་དྲང་སྲོང་དང་། ཆར་དང་། ཉེ་བའི་ཆར་དང་། དོན་ཉམས་དང་། ངེས་པར་ཉམས་དང་། དགོད་པའི་མཐའ་དང་། མཱཥྞཱི་དང་། རིཥྚི་དང་། དགའ་མ་དང་། འཇིག་རྟེན་མཐའ་དང་། ཟད་པ་དང་། རྣམ ་བཔར་ལྷུང་བྱེད་དང་། མི་ལྟུང་བ་དང་། ཏོག་དང་། གླ་སྒང་དང་། དུས་ཀྱི་མཐའ་དང་། དུར་ཁྲོད་དང་། བི་ཤཱ~ཾ་ཏ་དང་། དྲག་པོ་དང་། དཀར་པོ་དང་། བྱི་བཞིན་དང་། བྱི་བཞིན་གྱི་བུ་དང་། ་བྱམས་པ་དང་། ཕུར་བུ་དང་། ཕུར་བུ་གསུམ་པ་དང་། ལུ་བྷཱུ་དང་། རོ་ཏྲ་དང་། བརྟན་པ་དང་། ཉམས་བྱེད་དང་། སྟོབས་ལྡན་དང་། དྲག་པོ་དང་། སྐྱ་རེངས་དང་། རྣམ་པར་དགོད་པ ་དང་འཆི་ལྟས་མིན་པ་དང་། སྐེམ་བྱེད་དང་། སྡེ་དང་། ཉེ་སྡེ་དང་། གཞོན་ནུ་དང་། རྩེ་བྱེད་དང་། དགོད་བྱེད་དང་། རབ་ཏུ་དགོད་བྱེད་དང་། སེམས་པར་བྱེད་པ་དང་། འཐེང་པོ་དང་། གཟུགས་ངན་ཞེས་པ་སྟེ། ་གཟའ་ཆེན་པོ་དེ་རྣམས་ཀྱང་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་བཅས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་གཙང་མའི་གནས་དེར་འཁོར་གྱི་དཀྱིལ་འཁོར་དུ་འདུས་ཤིང་འཁོད་པར་གྱུར་ཏོ།། དེ་ནས་རྒྱུ་སྐར་ནམ ་མཁའ་ལ་འགྲོ་ཞིང་རྗེས་སུ་འབྲང་བ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འདི་ལྟ་སྟེ། ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནབ་སོ་དང་། རྒྱལ་དང་། སྐག་དང་། ་མཆུ་དང་། གྲེ་དང་། དབོ་གཉིས་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣརོན་དང་། སྦུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་གྲུ་དང་། མོན་གྲེ་དང་། ་ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ལྷ་མོ་དང་། བྱི་བཞིན་དང་། སླར་ཡང་འབྱུང་བ་དང་། སྐར་འོད་དང་། ཨངྒི་ར་སཱ་དང་། རྒྱུ་སྐར་ལྡན་མ་དང་། ཉེ་བར་སྡུག་གུ་དང་། ཉེ་བའི་གྲེ་དང་། འཇིག་རྟེན་རབ་མཆོག ་དང་རབ་མཆོག་ལྡན་མ་དང་། དཔལ་ལྡན་དང་། འཇིག་རྟེན་མགོན་པོ་དང་། ཆང་ལྡན་དང་། རྒྱལ་བ་ཐོབ་པ་དང་། ནོར་ལྡན་དང་། ལྷའི་ནོར་ཞེས་པ་དེ་ལྟར་རྒྱུ་སྐར་གྱི་རྒྱལ་པོ་དེ་རྣམས་རྒྱུ་སྐར་བརྒྱ་སྟོང་ཕྲག་དུ ་མས་ཡོངས་སུ་བསྐོར་ཏེ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་གནས་གཙང་མའི་གནས་སུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་འཁོད་པར་གྱུར་ཏོ།། ཁྱིམ་སུམ་ཅུ་རྩ་དྲུག་ལ་འདི་ལྟ་སྟེ། ་ལུག་དང་། གླང་དང་། འཁྲིག་པ་དང་། ཀར་ཀ་ཊ་དང་། སེང་གེ་དང་། བུ་མོ་དང་། སྲང་དང་། སྡིག་པ་དང་། གཞུ་དང་། ཆུ་སྲིན་དང་། བུམ་པ་དང་། ཉ་དང་། སྤྲེའུ་དང་། ཉེ་བའི་བུམ་པ་དང་། གསེ ་བུམ་དང་། རལ་གྲི་དང་། གླང་པོ་ཆེ་དང་། མ་ཧེ་དང་། ལྷ་དང་། མི་དང་། དགེ་མཚན་དང་། དྲི་ཟ་དང་། འཇིག་རྟེན་དགོངས་པོ་དང་། རྒྱལ་བའི་མཆོག་དང་། གཟི་བརྗིད་དང་། ནམ་མཁའ་དང་། གྲིབ ་མ་དང་། ས་གཞི་དང་། མུན་པ་དང་། རྡུལ་དང་། ཉེ་བའི་རྡུལ་དང་། སྡུག་བསྔལ་དང་། བདེ་བ་དང་། ཐར་པའི་བྱང་ཆུབ་དང་། རང་བྱང་ཆུབ་དང་། ཉན་ཐོས་དང་། དམྱལ་བའི་རིགས་འཛིན་དང་། གཟི ་བརྗིད་ཆེན་པོ་དང་། གཟི་བརྗིད་ཆེ་ལྡན་དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་མ་ཡིན་དང་། ཤ་དང་། ཤ་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་པ་དང་། ་ཕྱོགས་ཀྱི་གླང་པོ་དང་། སྟེང་འགྲོ་དང་། ཐམས་ཅད་འགྲོ་དང་། རྣམ་དབྱེ་དང་། རྣལ་འབྱོར་འགྲོ་དང་། རབ་ཏུ་གནས་པ་དང་། མཆོག་དང་། འབྲིང་དང་། ཐ་མ་ཞེས་པ་འདི་རྣམས་དང་། ཁྱིམ་ཆེན་པོ ་ཁྱིམ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འདི་རྣམས་འཁོར་གྱི་དཀྱིལ་འཁོར་ཆེན་པོར་འདུས་པ་གང་ན་བ་དེར་ཉེ་བར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་རང་རང་གི་གནས་སུ་འཁོད ་པབར་གྱུར་ཏོ། ། གང་ཡང་གནོད་སྦྱིན་མོ་ཆེན་མོ་གནོད་སྦྱིན་མོ་བརྒྱ་སྟོང་ཕྲག་བྱེ་བས་བསྐོར་བ་འདི་ལྟ་སྟེ། མིག་བཟང་མ་དང་། སྨིན་མ་བཟང་མོ་དང་། སྐྲ་བཟང་མ་དང་། དབྱངས་སྙན་མ་དང་། བློ་གྲོས ་བཟང་མོ་དང་། དབྱིག་ལྡན་མ་དང་། མིག་བཀྲ་མ་དང་། བསམ་རྫོགས་མ་དང་། གསང་བ་མ་དང་། འོག་བག་མ་དང་། འོག་བག་བཟང་མོ་དང་། པདྨའི་དུས་མ་དང་། མི་འཇིགས་མ་དང་། མི་འཇིག ་སྦྱིན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། ནམ་གྲུ་ཅན་མ་དང་། སྒྲ་ལྡན་མ་དང་། སྐྲ་མཐའ་མ་དང་། རླུང་མ་དང་། ཡིད་འཕྲོག་མ་དང་། ཡིད་ལྡན་མ་དང་། མེ་ཏོག་ལྡན་མ་དང་། མེ ་ཏོག་གྲོང་གནས་མ་དང་། སེར་སྐྱ་མོ་དང་། འཕྲོག་མ་དང་། དཔའ་བོ་ལྡན་མ་དང་། དཔའ་མོ་དང་། དཔའ་བཟངས་མ་དང་། སྣ་བཟངས་མ་དང་། སྣ་ལྡན་མ་དང་། ལྷ་མཛེས་མ་དང་། རོ་བཟང་མ་དང་། ་བསང་མཆོག་མ་དང་། བརྗོད་པ་ལ་གནས་མ་དང་། མྱ་ངན་མེད་མ་དང་། མུན་པ་མཛེས་མ་དང་། སྣང་བར་མཛེས་མ་དང་། འོད་ལྡན་མ་དང་། ཕུལ་བྱུང་ལྡན་མ་དང་། གཟུགས་ལྡན་མ་དང་། གཟུག ་མཛེས་མ་དང་། དཀར་མིན་མ་དང་། ཞི་བ་མ་དང་། ཕྲ་མོ་མ་དང་། སྡེ་མ་དང་། དགའ་བྱེད་མ་དང་། ཉེ་བར་དགའ་བྱེད་མ་དང་། འཇིག་རྟེན་འདས་མ་ཞེས་པ་སྟེ། གནོད་སྦྱིན་མ་ཆེན་མོ་འདི་རྣམས ་གནོད་སྦྱིན་མ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཏེ་འཁོད་པར་གྱུར་ཏོ།། གང་ཡང་ཤ་ཟ་མོ་དག་ཤ་ཟ་མོ ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཏེ་འདུས་པར་གྱུར་པ་ལ་འདི་ལྟ་སྟེ། རྒྱན་པ་མོ་དང་། ཕྱག་དར་གྱི་ཤ་ཟ་མོ་དང་། དྲག་མོ་ཤ་ཟ་མོ་དང་། ་ཏ་ལ་ལའི་ཤ་ཟ་མོ་དང་། འབར་བའི་ཤ་ཟ་མོ་དང་། ཐལ་བ་ཟ་མ་དང་། ཤ་ལ་ཟ་བ་མོ་དང་། འཛིན་དཀའ་མ་དང་། འཁྲུལ་བྱེད་མ་དང་། རྨོངས་བྱེད་མ་དང་། སྒྲོག་བྱེད་མ་དང་། སྐྱེད་བྱེད་ལྡན་མ་དང་། འཇིག ་རྟེན་མཐའ་གནས་མ་དང་། ཐལ་བའི་མཐའ་ཅན་མ་དང་། འཐུང་གཅོད་ལྡན་མ་དང་། མང་པོ་མ་དང་། གདུལ་དཀའ་མ་དང་། ཨེ་ལ་མོ་དང་། མཚན་མ་ཅན་མ་དང་། དུ་བའི་མཐའ་ཅན་མ་དང་། དུ་བ་མ་དང་། ་དུ་བ་བཟང་མོ་མ་ཞེས་པ་ཤ་ཟ་མོ་ཆེན་མོ་འདི་རྣམས་ཤ་ཟ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་འཁོར་འདུས་པའི་དཀྱིལ་འཁོར་ཆེན་པོ་དེར་རབ་ཏུ་ཞུགས་པར་གྱུར་ཏོ།། གང་ཡང་མ་མོ་དང་མ་མོ་ཆེན ་མོ་དག་འཇིག་རྟེན་གྱི་རྗེས་སུ་སྤྱོད་ཅིང་སེམས་ཅན་ལ་རྣམ་པར་འཚེ་བར་བྱེད་པ་གཏོར་མ་དང་འཕྲེང་བ་ཉིད་སྡུད་པར་བྱེད་པ་ལ་འདི་ལྟ་སྟེ། ཚངས་མ་དང་། དབང་ཕྱུག་ཆེན་མོ་དང་། ཁྱབ་འཇུག ་མ་དང་། གཞོན་ནུ་མ་དང་། རྒན་བྱད་མ་དང་། ཕག་མོ་དང་། དབང་མོ་དང་། གཤིན་རྗེ་མ་དང་། མེ་མོ་དང་། ཉི་མའི་བུ་མོ་དང་། འཇིག་རྟེན་བར་མ་དང་། ཆུ་ལྷ་མོ་དང་། དབང་ལྡན་མོ་དང་། རླུང་ལྷ་མོ་དང ་གཞན་གྱི་སྲོག་འཕྲོག་མ་དང་། ཞལ་བརྒྱན་པ་མོ་དང་། དགེ་མཚན་མ་དང་། དགེ་མཚན་མ་ཆེན་མོ་དང་། སྲུལ་མོ་དང་། ལུས་སྲུལ་མོ་དང་། སྐྱེ་མ་བྱེད་མ་ཞེས་པ་མ་མོ་ཆེན་མོ་འདི་རྣམས་མ་མོ་བརྒྱ་སྟོང་ཕྲག་དུ་མས ་ཡོངས་སུ་བསྐོར་བ་དེ་རྣམས་འཁོར་འདུས་པའི་དཀྱིལ་འཁོར་ཆེན་པོ་དེར། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་འདོན་ཅིང་འཁོད་པར་གྱུར་ཏོ།། དེ་བཞིན་དུ་མི་དང་མི་མ་ཡིན་པ་བརྒྱ་སྟོང་ཕྲག་དུ་མ་དང་། ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཇི་སྲིད་དམྱལ་བ་ཆེན་པོ་མནར་མེད་པ་ནས། སྲིད་པའི་རྩེ་མོའི་བར་སྐབས་འདིར་ཐམས་ཅད་ནམ་མཁའི་དཀྱིལ་དུ་གསལ་བར་གྱུར་ཏོ།། སེམས་ཅན་གྱི་ཚོགས་ཀྱི་སྲོག་ཆགས ་འགའ་ལའང་གནོད་པ་མེད་པར་གྱུར་ཏོ། ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྒྱན་གྱིས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ན། སངས་རྒྱས་བཅོམ་ལྡན་འདས་དང་། ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་པ་ཡང་དག་པར་མཐོང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ནས། ་སེམས་དཔའ་ཆེན་པོ་དེ་ལ་བཀའ་སྩལ་ཏོ།། སེམས་ཅན་དག་པ་གསང་སྔགས་ཀྱི་སྤྱོད་པའི་དོན་རྣམ་པར་ངེས་པའི་ཏིང་ངེ་འཛིན་གྱི་ལེའུ་རབ་འབྱམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གང་ད་ལྟ་དེའི་དུས་ལ་བབ་པར ་ཤེས་ན་ཤོད་ཅིག། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྗེས་སུ་གནང་བས།། ནམ་མཁའི་རང་བཞིན་གྱི་རྒྱན་བཀོད་པ་རྡོ་རྗེ ་སྡུག་ཅིང་སྲ་བའི་རྒྱུད་བཀོད་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཐམས་ཅད་དཔག་ཚད་བརྒྱ་སྟོང ་ཕྲག་དུ་མར་རྡོ་རྗེའི་རང་བཞིན་རྒྱ་ཆེ་བར་ལྷག་པར་གནས་པར་གྱུར་ཏོ། ། དེར་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། རླུང་ལྷ་དང་། ཤ་ཟ་དེ་རྣམས་དང་། མདོར་བསྡུས་ན་སེམས་ཅན་གྱི་ཁམས ་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་གཞལ་ཡས་ཁང་དེ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུར་ཡང་དག་པར་རབ་ཏུ་གནས་སོ། ། འཁོད་པར་གྱུར་པ་རྣམས་ཕན་ཚུན་རྣམ་པར་འཚེ་བ་མེད་དོ།། ་དེ་ནས་སེམས་དཔའ་ཆེན་པོ་དེས་འཁོར་ཆེན་པོ་འདུས་པར་མཁྱེན་ནས། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ལ་བོས་པར་གྱུར་ཏོ།། ཀྱེ་ཀྱེ་ཁྲོ་བོ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས ་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པ་འདིའི་སེམས་ཅན་ཐམས་ཅད་སྲུངས་ཤིག་སྲུངས་ཤིག། དབང་དུ་གྱིས་ཤིག། གདུག་པ་རྣམས་ཐུལ་ཅིག། ཞི་བ་རྣམས་སད་པར་གྱིས་ཤིག། མ་དད་པ་རྣམས ་དད་པར་གྱིས་ཤིག། ཇི་སྲིད་པའི་རིག་སྔགས་དང་གསང་སྔགས་སྤྱོད་པ་རྗེས་སུ་སྒྲུབ་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱ་ཆེན་པོ་དེ་ཉིད་ཀྱི་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པའི ་དཀྱིལ་འཁོར་གྱི་ཆོ་ག་འཆད་པ་དེ་སྲིད་ཀྱི་བར་དུ་འདི་དག་གི་ཕྱི་རོལ་དུ་སོང་ལ་སྲུངས་ཤིག། དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོའི་རྒྱལ་པོ་ཆེན་པོ་བཀའ་མནོས་ནས། རྣམ་པར་འགྱུར་བ་ཆེན་པོའི་གཟུགས ་ཡོངས་སུ་བརྟགས་ཏེ་སེམས་ཅན་ཐམས་ཅད་བསྲུང་བར་བྱ་བའི་དོན་དང་། བརྟན་པར་བྱ་བའི་དོན་དུ་ཀུན་ནས་བཀོད་པ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཁྲོ་བོ་བརྒྱ་སྟོང ་ཕྲག་དུ་མས་ཡོངས་སུ་བསྐོར་བ་ཕྱོགས་བཞི་ཀུན་དང་དེ་ལྟར་སྟེང་དང་། འོག་དང་། ཐད་ཀར་སྒྲ་དྲག་པོ་འདོན་བཞིན་པས་རབ་ཏུ་གནས་པར་གྱུར་ཏོ།། དེ་ནས་སེམས་ཅན་དེ་རྣམས་ཞི་བ་ཉིད་ཀྱི་ཡིད་དང ་ལྡན་པས་ཡང་དག་པར་འཇུག་པའི་བཀའ་ལས་མི་འདའ་བར་གྱུར་ཏེ། སྒྲ་འདི་ལྟ་བུའང་ཐོས་པར་གྱུར་ཏོ།། གང་དམ་ཚིག་འདི་འདའ་བར་བྱེད་པ་འདི་དག་ནི་ཨརྫ་ཀའི་དོག་པ་བཞིན་དུ་མགོ་བོ་ཆེལ་པ་བརྒྱར ་འགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱང་དེ་ཡིན་ནོ།། དེ་ནས་ཡང་སེམས་དཔའ་ཆེན་པོ་དེས་རང་གི་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པའི་དོན་དུ་ཆོས་ཀྱི་ཚིག་གསུངས་པ། ཆོས་གཅིག ་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གསང་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་ཡང་དག་པར་རྗེས་སུ་མཐོང་བའོ།། ཆོས ་གཉིས་པོ་དག་ལ་རབ་ཏུ་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གསང་སྔགས་འགྲུབ་པར་འགྱུར་ཏེ། གཉིས་པོ་དག་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་དང་། སེམས་ཅན་ཐམས ་ཅད་ལ་མཉམ་པ་ཉིད་དོ། ། ཆོས་གསུམ་རྣམས་ཀྱིས་རང་གི་གསང་སྔགས་ཀྱི་སྤྱོད་པའི་དོན་ངེས་པར་བསྟན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྲུང་བ་ཉིད་དང་། རང་གི་གསང་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ།། ཆོས་བཞི་དང་ཡང་དག་པར་ལྡན་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས ་དཔའི་རིག་སྔགས་འགྲུབ་པར་འགྱུར་ཏེ། བཞི་གང་ཞེ་ན། རང་གི་གསང་སྔགས་རྫོགས་པ་ཡོངས་སུ་མི་གཏོང་བ་ཉིད་དང་། གཞན་གྱི་གསང་སྔགས་ཉེ་བར་གཅོད་པ་མིན་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བྱམས ་པཔའི་སེམས་ཉེ་བར་གནས་པ་ཉིད་དང་། སྙིང་རྗེ་ཆེན་པོ་སྒོམ་པའི་སེམས་ཏེ། ཆོས་བཞི་པོ་འདི་དག་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་འགྲུབ་པར་འགྱུར་རོ།། ཆོས་ལྔས་བྱང་ཆུབ ་སེམས་དཔའི་སྡེ་སྣོད་ལ་ཡང་དག་པར་འཇུག་ཅིང་གསང་སྔགས་ཀྱི་སྤྱོད་པའི་སྒྲུབ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། རྣམ་པར་སྣ་ཚོགས་པའི་ཡུལ་བསྟེན་པ་ཉིད་དང་།། བས་མཐའི་དགོན་པ་བསྟེན ་པ་ཉིད་དང་། སེམས་ཅན་གཞན་ལ་ཞེ་སྡང་མེད་པ་ཉིད་དང་། འཇིག་རྟེན་པའི་སྔགས་ལ་མི་ལྟ་བ་ཉིད་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། སྤྱོད་པ་ལ་གནས་པར་བྱེད་པ་ཉིད་དེ། ཆོས་ལྔ་པོ་འདི་དག་གིས ་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཆོས་དྲུག་ནི་གས་བསྔགས་ཀྱི་སྤྱོད་པའི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་ཏེ། དྲུག་གང་ཞེ་ན། དཀོན་མཆོག ་གསུམ་ལ་དད་པ་ཉེ་བར་གཅོད་པ་མེད་པ་ཉིད་དང་། བྱང་ཆུབ་སེམས་དཔའ་ལ་དད་པ་གཅད་པ་མེད་པ་ཉིད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ལ་ཀུན་ཏུ་དགའ་བ་ཉིད་དང་། ཆོས་ཀྱི་དབྱིངས ་སྤྲོས་པ་མེད་པ་ལ་ལྟ་བ་ཉིད་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་ཚིག་གི་དོན་མི་འདོར་བ་ཉིད་དང་། སྐྱོ་བ་མེད་པའི་སེམས་ཉིད་ཀྱིས་གསང་སྔགས་ཀྱི་སྤྱོད་པའི་དོན་ཡོངས་སུ་ཚོལ་ཞིང་དགེ་བའི་ཕྱོགས་ཡོངས་སུ ་མི་སྤོང་བ་ཉིད་དེ། ཆོས་དྲུག་པོ་འདི་ནི་རིག་སྔགས་ཀྱི་སྤྱོད་པ་དང་། གསང་སྔགས་ཀྱི་དངོས་གྲུབ་ལ་ཡང་དག་པར་ཀུན་ཏུ་འཇུག་པ་ཉིད་དུ་འགྱུར་རོ།། ཆོས་བདུན་རྣམས་ནི་རིག་སྔགས་གྲུབ་པའི་དུས་ཀྱི་ཆོ་ག་དང་། ་གསང་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་པར་བྱེད་པ་ཉིད་དུ་འགྱུར་ཏེ། བདུན་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བར་མོ་སྒོམ་པ་དང་། ཟློས་པ་དང་། ཉན་པ་དང་། ཁ་ཏོན་བྱེད་པ་དང་། ་འདྲི་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པས་དུས་གསུམ་དུ་སྟོན་པ་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། སྨྲ་བཅད་དང་། བཀའ་ཐུབ་ལ་མ་ཐོགས་པ ་དང་། བློ་གློས་དང་། དྲན་པ་དང་། ཤེས་རབ་དང་། བརྟན་པ་དང་དུ་ལེན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་ཐེག་པ་ཆེན་པོའི་ཆོས་ཟབ་མོའི་ཚུལ་ལ་ཡང་དག་པར་རབ་ཏུ་འཇུག་པའི་ཚུལ་དང་། ་རང་གི་གསང་སྔགས་དང་། སྔགས་དགུག་པ་དང་། བསྲུང་བ་དང་། བསྒྲུབ་པའི་བྱ་བ་ལ་མཁས་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོ ་ཡོངས་སུ་སྒོམ་པར་བྱེད་པ་ལས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་དེ་བཞིན་ཉིད་ལ་ཡང་དག་པར་འཇུག་པ། གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཡོངས་སུ་ཚོལ་བ་ལས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ལ་ཐེག་པ་དམན་པ་ལ་དགའ་བ་མེད་པ་ལས་ཏེ། ཆོས་བདུན་པོ་འདི་རྣམས་ནི་རིག་སྔགས་དང་གསང་སྔགས་ཀྱི་དངོས་གྲུབ་ཡོངས ་སུ་རྫོགས་པར་འགྱུར་རོ། ། ཆོས་བརྒྱད་ནི་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ཡང་དག་པར་འཇུག་པ་ཉིད་དུ་འགྱུར་ཏེ། བརྒྱད་གང་ཞེ་ན། མཐོང་བ་དང་མ་མཐོང་བའི་འབྲས་བུ་ལ་དད ་བས་ངོ་མཚར་བར་སེམས་པར་འདོད་པ་ཉིད་དང་། བྱང་ཆུབ་སེམས་དཔའི་དད་པའི་འབྲས་བུ་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཐེ་ཚོམ་མེད་པ་ལས་དང་། ཕྱིན་ཅི་མ་ལོག་པའི་གསང་སྔགས་འཛིན་པ་ལས་བླ་མ ་ལ་གུས་པ་ལས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སྔགས་དང་། རྒྱུད་དང་། སྤྱོད་པ་ཉེ་བར་བསྟན་པ་མི་སླུ་བར་འཛིན་ཅིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལས་དང་། དངོས ་གྲུབ་ཀྱི་ཞིང་གནས་དང་གནས་མ་ཡིན་པ་རྨི་ལམ་དུ་མཐོང་བ་བསྟོན་པ་ལ་མཁས་པ་ཉིད་དང་། སེར་སྣ་དང་། གཉིད་དང་། རྨུགས་པ་མཐའ་དག་དང་བྲལ་བར་བྱེད་ཅིང་། རྟག་ཏུ་བརྩོན་འགྲུས་རྩོམ་ལ་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་བར་བྱེད་པ་ལས་དང་། མདོར་བསྡུས་ན་དགེ་བའི་རྩ་བ་ལ་ངོམས་མི་ཤེས་པའི་གོ་ཆ་བགོས་ཏེ་བགེགས་ཐམས་ཅད་རབ་ཏུ་སེལ་བར་འདོད ་པ་ལས་དང་། བྱང་ཆུབ་ཀྱི་རྒྱུད་གནོན་པར་བྱེད་པ་དང་། ལོངས་སྤྱོད་ཆེན་པོ་དང་། དབང་ཆེ་བར་གྲགས་པ་བདག་ཉིད་སོ་སོར་འདོད་པ་དང་། དབང་ཆེ་བར་གྲགས་པའི་གང་ཟག་ལ་ཡང་དག་པར་འགྲོགས་པ་དང་། ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཡང་དག་པར་འགྲོགས་པར་བྱེད་པ་སྟེ། ཆོས་བརྒྱད་པོ་འདི་ནི་གསང་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ལ་ཡང་དག་པར ་འཇུག་པར་འགྱུར་རོ། ། གྲོགས་པོ་དག་མདོར་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་། དཀོན་མཆོག་གསུམ་ལ་ལྷག་པར་མོས་ལ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ལའང་སྐྱོ་བ་མེད་པའི་ཡིད་ཀྱིས་རྟག་ཏུ་མངོན་པར ་བརྩོན་པས་ངའི་སྔགས་ཀྱི་ལེའུ་རབ་འབྱམ་མཐའ་ཡས་ཤིང་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་འཐུན་པའི་ཡིད་ལས་བྱུང་བ་འགྲུབ་པར་འགྱུར་ཏེ། དེ་ལས་གཞན་དུ་རྟོགས་པར་བྱ་བ་མ་ཡིན་ནོ།། ་རྣམ་པར་རྟོག་པ་མེད་པའི་ཡིད་དུ་གྱུར་པས་ཉམས་སད་པའི་རྒྱུར་ཡང་བསྒྲུབ་པར་བྱ་བ་ཡིན་ནོ།། དེ་ནས་ཡང་ཐམས་ཅད་དང་ལྡན་པའི་འཁོར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང ་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཚིག་འདི་སྐད་དུ་རྗོད་པར་བྱེད་དེ། ཀྱེ་རྒྱལ་བའི་སྲས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་གསང་སྔགས་ཀྱི་སྤྱོད་པ་སྣ་ཚོགས་པའི ་དོན་གྱི་བྱ་བའི་ཆོས་ཀྱི་ཚུལ་ལ་རབ་ཏུ་འཇུག་པའི་རྗེས་སུ་འཐུན་པའི་ཆོས་སྟོན་ཅིང་ལེགས་པར་བསྟན་པ་ནི་ལེགས་སོ་ལེགས་སོ། ། ཨེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་སྣ་ཚོགས་པའི་ཆོས་སྟོན་པའི་རྗེས ་སུ་འཇུག་པར་བྱེད་པ་གསང་སྔགས་ཀྱི་སྤྱོད་པ་དགེ་བ་ལེགས་པར་གསུངས་སོ། ། རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་འདུས་པའི་ལེའུ་འདི་འཛིན་པར་འགྱུར་བ་དང་། ཡིད་ལ་བྱེད་པར་འགྱུར་བ་དང་། གཡུལ་དུའང ་ཐོག་མར་གླང་པོ་ཆེའི་སྟེང་དུ་འཇོག་པར་འགྱུར་བ་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། བྱུག་པ་རྣམ་པ་སྣ་ཚོགས་པས་མཆོད་པར་འགྱུར་བ་དེ་ལ་བདག་ཅག་མཚུངས་པར་བརྟག་པར་བགྱི། ཕྱིར ་རྒོལ་བ་དང་དགྲ་བོ་དག་དབང་དུ་བགྱི། ཕ་རོལ་གྱི་དམག་དཔུང་དག་འཇིག་ཅིང་བཟློག་པར་བགྱི། གླེགས་བམ་དུ་བྲིས་ནས་རང་གི་ཁྱིམ་དུ་འཇོག་པར་འགྱུར་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ ་རྒྱལ་པོ་ཆེན་པོ་འམ། རྒྱལ་མོ་ཆེན་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་དེ་ལ་བསྲུང་བ་ཆེན་པོ་དང་། ལོངས་སྤྱོད་ཆེན་པོ་དང་། ཚེ་རིང་པོར་འགྱུར་བ་དང་། ནད ་མེད་པ་དང་། རྟག་ཏུ་ལོངས་སྤྱོད་འཕེལ་བ་ཉིད་ཀྱང་བགྱིའོ།། དེ་སྐད་སྨྲས་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཅིའང་མི་གསུང་བར་གྱུར་ཏོ།། ཐེག་པ་ཆེན་པོའི་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པ་ངེས ་པར་བསྟན་པ་ལས། རལ་པ་གྱོན་བརྗེས་ཀྱི་རྟོག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པའི་ལེའུ་རབ་འབྱམ་ལས། བཅོམ་ལྡན་འདམ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག ་པ་ལས་འདུས་པའི་ལེའུ་སྟེ་དང་བའོ། ། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དང་ལྡན་པའི་འཁོར ་གྱི་དཀྱིལ་འཁོར་ལ་གཟིགས་ནས། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་འཇུག་ཅིང་ཀུན་ཏུ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང ་ཕྱུག་སྙོམས་པར་ཞུགས་མ་ཐག་ཏུ་ལྟེ་བའི་དཀྱིལ་འཁོར་གྱི་ཕྱོགས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་འོད་ཟེར་ཕྱུང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་ནས ་སྣང་བར་བྱས་ནས། སྔར་ཉིད་དུ་འཁོར་འདུས་པའི་དཀྱིལ་འཁོར་ཆེན་པོ་ཀུན་ཏུ་སྣང་བར་བྱས་ནས་འཁོད་པར་གྱུར་ཏོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། དག་པའི ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲས་པ། སེམས་དཔའ་ཆེན་པོའི་དམ་ཚིག་ལ་རྗེས་སུ་འཇུག་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལེའུ་རབ་འབྱམས་ཀྱི་སྤྱོད་པ་སྒྲུབ་པ།། སེམས་ཅན་ཐམས་ཅད་དང་ཐུན ་མོང་དུ་གྱུར་པ། ཁྱོད་ཀྱི་སྔགས་ཀྱི་ཚོགས་གང་དུ་སེམས་ཅན་རྣམས་ཡང་དག་པར་རྗེས་སུ་ཞུགས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང་གསང་སྔགས་ཀྱི་དངོས་གྲུབ་ཡང་དག་པར་ཐོབ་པ་དང ་ལྡན་པ་ཁྱོད་སྨྲོས་ཤིག་སྨྲོས་ཤིག། གསང་བ་པའི་བདག་པོ་གནོད་སྦྱིན་གྱི་དབང་པོས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་ཏུ་གསང་བའི ་དཀྱིལ་འཁོར་གྱི་རྒྱུད་གསུངས་པ། རིག་སྔགས་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་རྣམ་པར་སྟོན་པར་བྱེད་ཅིང་ལག་པ་གཡས་པ་བཏེག་ནས་སོར་མོའི་རྩེ་མོས་འཁོར ་ཀྱི་དཀྱིལ་འཁོར་ལ་སྟོན་པར་བྱེད་ཅིང་། སོར་མོའི་རྩེ་མོ་དེར་རིག་པའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ངེས་པར་ཕྱུང་སྟེ། ཕྱུང་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དེ་སྣང ་བ་ཆེན་པོས་ཀུན་ཏུ་སྣང་བར་བྱས་ནས་གནས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་སྙིང་པོ་ལས་ཐམས ་ཅད་པ་དཔའ་བོ་གཅིག་པ་སྤྱན་དྲངས་པ་དང་། གཤེགས་སུ་གསོལ་བ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་འོག་ཏུ་འཇུག་པ ་དང་རྐང་པ་རབ་ཏུ་རྒྱུ་བ་དང་། དགུག་པ་དང་། རྣམ་པར་སྡང་བ་དང་། དབང་དུ་བྱེད་པ་དང་། དྲི་དང་། འཕྲེང་བ་དང་། མར་མེ་ཐམས་ཅད་རང་གི་རྒྱུད་ཀྱི་སྔགས་ཀྱིས་རབ་ཏུ་སྦྱིན་པར་བྱེད་དེ། མདོར་ན་ཇི་ལྟར ་། སྦྱར་བ་དེ་བཞིན་དེ་ལྟ་དེ་ལྟར་བསྒྲུབ་པར་བྱ་བཞིན་པ་ནི་ཡི་གེ་གསུམ་ཞེས་བྱ་བ་བརྩོན་འགྲུས་ཆེན་པོས་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའོ།། དེ་གང་ཞེ་ན། ཨོཾ་ཨཱཿཧཱུཾ། འདི་ནི་ཁྲོ་བོ ་ཆེན་པོ་དེའི་སྙིང་པོ་ལས་ཐམས་ཅད་པ་སྟེ། དཀྱིལ་འཁོར་ཐམས་ཅད་དང་། གསང་སྔགས་ཐམས་ཅད་སྤྱོད་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ངེས་པར་བསྟན་ཏེ་བགེགས་ཐམས་ཅད ་འཇིག་པར་བྱེད་པའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་གཡས་པ་བཏེག་ནས་ཁྲོ་བོའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་ཀྱང་སྨྲས་སོ། ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སུ་གསོལ། གང་ལ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའ་མཐའ་ཡས ་ཤིང་མུ་མེད་པའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དམ་ཚིག་ལ་ལྷག་པར་གནས་པར་གྱིས་ཤིག། དེ་སྐད་ཅེས་སྨྲས་ནས་ཁྲོ་བོའི་རྒྱལ་པོ་དེ་བསྐོར་ནས་བཏང་བར་གྱུར་ཏོ།། ཁྲོ་བོའི་རྒྱལ་པོ་ཆེན་པོ་བཏང་མ་ཐག་ཏུ ་ཏ་ཧམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ནས་སྐད་ཅིག་ཙམ་གྱིས་གདུག་སེམས་ཅན་གྱི་སེམས་ཅན་རྫུ་འཕྲུལ་ཆེན་པོ་དེ་རྣམས་ཚར་བཅད་ཅིང་བཀུག་ནས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དག་པའི ་སེམས་ཅན་ལ་ཡང་དག་པར་བཅུག་སྟེ་གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ནས། སེམས་ཅན་གདུག་པ་རྣམས་ཀྱི་སྤྱི་བོར་ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པར་གྱུར་ནསགནས་པར་གྱུར་ཏོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སེམས་ཅན་ཁྱེད་ཅག་ཐམས་ཅད་ཉོན་ཅིག། གང་ཡང་ངའི་དམ་ཚིག་འདི ་ལས་འདའ་བར་བྱེད་པ་དེ་ལ་ཁྲོ་བོའི་རྒྱལ་པོས་ཚར་གཅོད་པར་འགྱུར་ཏེ། གང་གི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ།། རིག་སྔགས་དང་གསང་སྔགས ་ཀྱི་དོན་གྱི་ཚིག་གསང་ཆེན་ཇི་ལྟར་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཏིང་ངེ་འཛིན་ངེས་པར་བསྟན་པ་འཆད་པར་བྱེད་དོ། ། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུང་ཞིག་དང ་ངས་བཤད་དོ། ། མམོ་རཏྣ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏཱ་དྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏྲེ་ཤྭ་རཱཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ནཱ་མོ་བྷ་ག་བཏྟཾ། ཨཱརྱ་ཐཱ་ཪྴ་ཡ~ཾ ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། རི་ཛུ་ཀ་དྷརྨ་ནརྱཱ་ཏྭེ། ཏཱ་རེ་ཏུཏྟཱ་རེ། ཤཱནྟ་དྷརྨ་ནིརྻ་ཏེ། ཏཱ་རེ་ཨ་ན་བྷི་ལཱ་པྱ་དྷརྨ་ནིརྱ་ཏེ་ཏུཏྟཱ་རེ་ཏུ་རེ་ཧི་ནི། ཏྲཱ་ས་ནི། བི་ཏཱ་ས་ནི། ཨོ་ཧ་ནི། མོ་ཧ་ནི། ཛམྦྷ་ནི། ་སྟམྦྷ་ནི། པྲ་བྷེ། ཙནྡྲ་པྲ་བྷེ་ཧི་ལི་ཧི་ལི། བི་ལེ་བི་ལེ། བེ་ག་གཱ་མི་ནི། ཀུཎྜི་མ་ཧཱ་ཀུཎྜི། དྷ་ར་དྷ་ར་དྷ་ན་པཾ་ཏི། ཏཱ་རེ་ཧུ་རུ་ཧུ་རུ། ཀུ་རུ་ཀུ་རུ། ཨ་ཧཾ་ཡཱཾ་ཡཱཾ། ཙིནྟ་ལཱ་མི། ཙིཏྟི་ཏཾ་མེ་ཀུ་རུ་སྭཱཧཱ། གྲོག་པོ ་དག་འདི་ནི་ངའི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རིག་སྔགས་ལས་ཐམས་ཅད་བྱེད་མ། སྲིད་པ་གསུམ་གྱི་ཆོས་ཉེ་བར་གཅོད་མ། ངན་འགྲོ་ཐམས་ཅད་ཟློག་པར་བྱེད་པ་མའོ།། ཕྱག་རྒྱའང་འདིར ་རྩ་བའི་རིག་སྔགས་ཤེས་རྣམ་པར་གྲགས་པ་དེ་ལ་རབ་ཏུ་སྦྱར་བར་འགྱུར་རོ། ། འདིར་མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ། ཞི་བ་ཐམས་ཅད་བྱེད་པ། སངས་རྒྱས ་མངོན་སུམ་དུ་མཐོང་བ་བཞིན་དུ་ཉེ་བར་གནས་པ། རང་ཉིད་ངའི་གྲོགས་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མཆོག་ཏུ་གསང་བའི་རིག་སྔགས་ཀྱི་ངོ་བོའི་ཉེ་བར་གནས་པ། བསམ་པ ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། གང་དང་གང་དྲན་པ་ཉིད་ཀྱིས་ལས་ཐམས་ཅད་མཐར་བྱེད་པ། འཇིགས་པ་ཆེན་པོ་རྣམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ། བཟླས་པས་ལྟ་སྨོས་ཀྱང ་ཅིདགོས། དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཕྱག་རྒྱའང་འདིར་ཨུཏྤལ་ཞེས་ཀྱང་རྣམ་པར་གྲགས་པ་ལོངས་སྤྱོད་ཐམས་ཅད ་མངོན་པར་འཕེལ་བར་བྱེད་པའོ། ། འདིར་ཉེ་བའི་སྙིང་པོར་གྱུར་པའང་མཆོག་ཏུ་དཔལ་དང་ལྡན་པའི་དག་བྱེད་ཆེན་པོ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ་ཕྱག་རྒྱའང་འདིར་པདྨའི་འཕྲེང་བ་ཞེས་རྣམ་པར་གྲགས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་དབང་དུ་བྱེད་མའོ།། འདིར་མཆོག་གི་སྙིང་པོར་གྱུར་པའང་། ན་མཿསརྦ་བུདྡྷཱ་ནཱཾ། ཨོཾ་གཱི། འདི་ནི་སྙིང་པོའི ་མཆོག་སྟེ། མདོར་བསྡུ་ན་བྱ་བ་ཐམས་ཅད་ལ་ཡོན་ཏན་ཆེན་པོ་རྒྱས་པ་སྟེ། ཡོན་ཏན་མུར་ཐུག་པ་མཐར་ཐུག་པར་བརྗོད་པར་ནི་དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཀྱང་མི་ནུས་སོ།། ཕྱག་རྒྱའང ་འདིར་བརྩོན་འགྲུས་ཆེན་པོ་ཞེས་རྣམ་པར་གྲགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། ། འདིར་སྤྱན་དྲང་བའི་རིག་སྔགས་སུ་གྱུར་པའང་། ན་མཿསརྦ་བུདྡྷཱ་ནཱཾ། ཨོཾ་ཧེ་ཧེ་བྷ་ག་བ་ཏི ་བི་ཤྭ་རཱུ་པི་ཎི་ས་རྦབ་ལ། ཐཱ་ཥི་ཏ། ཐ་བོ་ཏི་ན་ཨཱ་ཡཱ་ནི། བྷ་ག་བ་ཏི། གཱི་ཌ་ཨུཏྤ་ལ་དྷི་ནི། མ་མ་ཤུདྡྷཱ་ཡ། ཏིཥྛ་ཏིཥྛ། ས་མ་ཡ་མ་ནུ་སྥ་ར། ས་པྲ་ཏི་ཧཏ། ཤཱ་ས་ན་ཧཱུ~ཾ། མཱ་བི་ལམྦ་ཀུ་རུ་ཀུ་རུ ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་མ་སྤྱན་དྲང་བའི་རིག་སྔགས་ཏེ། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད ་ཀྱིའང་ཡིན་ནོ། ། ཙན་དན་གྱི་ཚུལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་ཕྱོགས་བཞི་དང་། དེ་བཞིན་དུ་སྟེང་དང་། འོག་དང་། ཐད་ཀ་ཐམས་ཅད་དུ་གཏོར་བར་བྱའོ།། སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་མ་སྒྲོལ་མ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱིའང་གསང་སྔགས་འདི་ཡིན་ཏེ། འབྱུང་པོའི་ཚོགས་ཐམས་ཅད་དང་། ་། སེམས་ཅན་ཐམས་ཅད་ཀྱང་འོང་བར་འགྱུར་རོ།། ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་དྷུ་རུ་དྷུ་རུ། དྷཱུ་མ་བཱ་སི་ནི་མ་མཱ་རྩི་ཥ་ཧཱུཾ། ཏིཥྛ་ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། བདུག་པའི་རིག ་སྔགས་ཏེ། ཙན་དན་དང་། གུར་ཀུམ་དང་། ག་པུར་གཅིག་ཏུ་བྱས་ནས་བདུག་པ་དབུལ་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་བྱོན་པ་རྣམ ་སྤོས་ཀྱི་བདུག་པས་ཡིད་ཚིམ་ནས་ཁུག་པར་འགྱུར་རོ། ། འདིར་ཕྱག་རྒྱར་གྱུར་པའང་པདྨའི་འཕྲེང་བ་ཞེས་གྲགས་པ་སེམས་ཅན་ཐམས་ཅད་འགུགས་པར་བྱེད་ཅིང་ཞི་བ་སྟེ། སྤྱན་དྲང་བའི་རིག་སྔགས ་ལའང་ཕྱག་རྒྱ་པདྨའི་འཕྲེང་བ་བཟང་པོ་འདི་ཉིད་དོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་བྱོན་པ་ལའང་མཆོད་ཡོན་དབུལ་བར་བྱ་སྟེ། ་ག་པུར་དང་། ཙན་དན་དང་། གུར་ཀུམ་ཆུ་དང་སྦྱར་ནས་ཛཱ་ཏིའི་མེ་ཏོག་དང་། མཱ་ལི་ཀ་གསར་པ་དང་། དབྱར་གྱི་མེ་ཏོག་དང་། པུན་ནཱ་ཀ་དང་། བ་ཀུ་ལ་དང་། རྒྱ་སྤོས་རྣམས་ཏེ། འདི་དག་གང ་ཡང་རུང་བའི་མེ་ཏོག་གམ། དུས་ཇི་ལྟ་བའི་མེ་ཏོག་གམ། དྲི་བཟང་པོའི་མེ་ཏོག་རྣམས་དང་བསྲེས་ནས་སྔགས་འདིས་མཆོད་ཡོན་དབུལ་བར་བྱའོ།། ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ་ཏདྱ་ཐཱ། ཧེ་ཧེ་མ་ཧཱ་ཀཱ་རུ་ཎི་ཀ། བི་ཤྭ་རཱུ་པ་དྷཱ་ར་ཎི་ཨརྒྷཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར། ཏིཥྛ་ཏིཥྛ་དེ་བ་ཏཱ་དྷིཥྛཱ་ན། མ་དྷྱེ་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བུདྡྷ། ཨ་ནུ་ཀཾ་པ་ཀ། གྲྀཧྞ་གྲྀཧྞ་ཧཱུཾ། ཨམྦ་རི ་བི་ཙཱ་རི་ཎི་སྭཱ་ཧཱ། ཕྱག་རྒྱ་འདིར་གང་བ་ཞེས་གྲགྣ་ཏེ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འཇུག་ཅིང་བརྟན་པའོ།། འདིར་དྲིའི་རིག་སྔགས་སུ་འགྱུར་བའང་། ན་མཿསརྦ་བུདྡྷཱ་ནཱཾ། ན་མཿས་མནྟ་གནྡྷ་ཨབ ་བྷཱུ་ཥི་ཏ་ཤྲི་ཡི་ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། གནྡྷེ་གནྡྷེ་ཧཱ་དེ་གནྡྷ་མ་ནོར་མེ་པྲ་ཏཱིཙྪ་པྲ་ཏཱིཙྪེ་དཾ་གནྡྷ་ས་མ་ཏཱ་མུཙཱ་རི་ཎི་སྭཱ་ཧཱ། འདིར་ཕྱག་རྒྱར་འགྱུར་བའང་ལོ་མ་ཞེས་བྱ་བ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར ་བྱེད་པའོ། ། འདིར་མེ་ཏོག་གོ་རིག་སྔགས་སུ་གྱུར་པའང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ན་མཿསཾ་ཀུ་སུ་མི་ཏ་རཱ་ཛྙཱ་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། ཀུ་སུ་མེ་ཀུ་སུ་མེ། ་ཀུ་སུ་མཱ་དྷོ་ཀུ་སུ་མཱ་སཱུ་ར་བཱ་སི། ཀུ་སུ་མཱ་པ་ཏི་སྭཱ་ཧཱ། བདུག་པའི་སྔགས་འདི་ཉིད་ཀྱིས་སྔར་བཤད་པའི་བདུག་པས་བདུག་པར་བྱའོ།། རྨད་བྱུང་བསམ་མི་ཁྱབ་པའི་སྐུ། སངས་རྒྱས་སྐུ་ལ་ཕྱག ་། བྱས་ནས། ཡང་དག་རྫོགས་སངས་རྒྱས་གསུངས་པའི།། གཏོར་མའི་རིག་སྔགས་རབ་འཆད་བྱེད།། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱ། ཏདྱ་ཐཱ། ཧེ་ཧེ་ག་བྷ་ག་བ་ཏི ་མ་ཧཱ་ས་ཏྭེ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ་ཨི་དཾ་བ་ལིཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་སརྦ་ར་ར་ཊ་ཕཊ་སྭཱ་ཧཱ། ལྷ་བཤོས་ཀྱང་འདིས་དབུལ་བར་བྱ་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མར་འགྱུར ་། རོ།། འདིར་ཡང་ཕྱག་རྒྱ་ནི་དབྱུག་པ་སྟེ། གདུག་པ་ཐམས་ཅད་ཟློག་པར་བྱེད་པའོ།། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏིཧ་ཏ་ཤཱ་ས་ནཱ་ནཱཾ། སརྦ་ཏ་མོ་ཨནྡྲ་ཀཱ་ར་བི་ཏྱཾ་སི་ཏྭཱ་ནཱཾ། ན་མཿས་མནྟ ་ཛྱོ་ཏི་གནྡྷ་ཨ་བ་བྷཱ་ས་པྲི་ཡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། ཧེ་ཧེ་བྷ་ག་བཱན་ཛྱོ་ཏེ་རསྨི་ཤ་ཏ་ས་ཧ་སྲ། བྲྀ་ཏི་མཎྜི་ཏ་ཤ་རཱི་ར། བི་ཀུརྦ་བི་ཀུརྦ་མ་ཧཱ་བོ་དྷི་སཏྭ་མནྟ་ཛྭ་ལོ་དྱོ་ཏ་མུརྟྟི། ཁུརྷ་ཁུརྠ། ཨ་ང? ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ། མཎྜ་ལཾ་སརྦ་སཏྭཱ་ནཱཾ་སྭཱ་ཧཱ། མར་མེའི་རིག་སྔགས་ཏེ། འདིས་མར་མེ་དབུལ་བར་བྱའོ།། ཕྱག་རྒྱ་ནི་ཁ་བྱེ་བ་ཞེས་བྱ་བ་སེམས་ཅན་ཐམས་ཅད་རྣམ་པར་སྣང་བར་བྱེད་པའོ།། ་ནམཿས་མནྟ་བུདྡྷཱ་ནཱ~ཾ། ཨ་པྲ་ཏི་ཧ་ཏ་ཤཱ་སནཱ་ནཱ~ཾ། དྱ་ཐཱ། ཛྭལ་ཛྭ་ལ། ཛྭ་ལ་ཡ་ཛྭ་ལ་ཡ་ཧཱུཾ་བི་བོ་དྷ་ཀ་པ་གྲྀཥྞ་བིངྒ་སྭཱ་ཧཱ། མེའི་བྱ་བ་བྱེད་པའི་རིག་སྔགས་སུ་འགྱུར་རོ།། འདིར་ཡང་ཕྱག་རྒྱན ་ཁ་སྦྱོར་ཞེས་པར་འཇིག་རྟེན་གྲགས། ། སེམས་ཅན་ཀུན་འོད་ཀྱིས་གསལ་བྱེད།། བྱང་ཆུབ་སེམས་དཔའ་བློ་ལྡན་དང་།། ཐུབ་པ་མཆོག་གིས་སྔོན་གསུངས་པའོ།། དེ་ནས་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། གསང་བ་པའི་བདག་པོ་སྔགས་ཀྱི་ཚིག་འདི་ནི་གསང་ཆེན་དང་བཅས་ཤིང ་མཆོག་ཏུ་གསང་བ་ཡིན་ཏེ། བུ་ཁྱོད་ལ་ཕན་དྲག་པོའི་མཐའ།། མི་བཟད་པ་ཡི་རིགས་སུ་གྲགས།། སྔགས་རྣམས་ཐམས་ཅད་གང་ཁོ་ན།། མཁས་པ་རྣམས་ཀྱིས་བསྒྲུབ་བྱའོ།། སྤྱི་བའི་གདུ ་བུཞེས་གྲགས་པ། ། རྡོ་རྗེ་པདྨའི་རིགས་དག་ཀྱང་།། དེ་ནི་ངེས་པར་གཞིག་དོན་དུ།། རིག་པ་འདི་ནི་ཡང་དག་བརྗོད།། ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། ་མ་མ་ཀརྱཾ་ཛམྦྷ། ཛམྦྷ། སརྦ་ད་ཧ་ད་ཧ། སརྦ་བཛྲ་བི་ནཱ་ཤཱ་ཀ། མཱུརྡྷ་ཌཱ་ཀ་ཛཱི་བནྟཾ་ཏ་ཀ་རཱ་མ་ཧཱ་བི་ཏྲི་ཏ་རཱུ་བི་ནེ་པ་ཙ་པ་ཙ་སརྦ་དུཥྞུ་མ་ཧཱ་ག་ཎ་པ་ཏི་ཛཱི་བནྡྷ་ཏ་ཀ་ར། བནྡྷ་བནྡྷ། སརྦ་གྲ་ཧཱ། ཥ་ཌ་མུ་ཁ ་། ཥཌ་བྷུ་ཛ་ཥ་ཊ་ཙ་ར་ཎ་རུ་ཏྲ་མཱ་ན་ཡ། བིཥྞུ་མ་ན་ཡ། བྲཧྨ་ཏྱཾ་དེ་བ་ན་ན་ཡ་མཱ་བི་ལམྦ་མཱ་བི་ལམྦ་བྷཱུ་ཥེ་ཧྲཱིཿམཎྜ་ལ་མ་དྷྱེ་པྲ་བེ་ཤ་ཡ་ས་ཡ་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གསང་བ་པའི་བདག་པོ་འདི་ནི་མཆོག་ཏུ ་གསང་བ་བརྩོན་འགྲུས་ཆེན་པོ་སྒྲོལ་མའི་ཡན་ལག་ཞལ་དྲུག་པ་ཞེས་བྱ་བ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཐམས་ཅད་རྣམ་པར་འཇོམས་པ་པོ་སྟེ། འདི་བཀླགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས ་པའི་དབང་ཕྱུག་རྣམས་ཀྱང་རྣམ་པར་འཇིག་པར་བྱེད་ན། མ་རུངས་པའི་བགེགས་རྣམས་ལྟ་ཅི་སྨོས། འདི་བཀླགས་པ་ཙམ་གྱིས་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ།། འདིར་ཕྱག་རྒྱའང་རིགས་ཆེན་པོ་ཞེས་བྱ། ་བར་འགྱུར་ཏེ། བགེགས་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའོ།། ཁྲོ་བོའི་རྒྱལ་པོ་འདི་ཉིད་ཀྱི་སྙིང་པོ་ནི། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་ཤ་ཏྲཱུཾ་སྟམྦྷ་ཡ་ཕཊ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་དགྲ་ཐམས་ཅད ་ལ་གཟེར་ཆེན་པོའི་ནད་དང་། ཡང་ན་རིམས་ཉིན་བཞི་པས་ཟིན་པར་འགྱུར་རོ།། རྟག་ཏུ་བཟླས་པས་ཇི་སྲིད་སྣང་བར་བྱམས་པ་ཉིད་དུ་མི་འགྱུར། ཡང་ན་སྙིང་རྗེའི་སེམས་འཐོབ་པར་མི་འགྱུར་ཏེ། བཟླས་པ ་ཟིན་གྱི་བར་དུ་གྲོལ་བར་མི་འགྱུར་ཞིང་འཆིང་བར་མི་འགྱུར་རོ། ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་བྱའི། ཞི་བའི་སེམས་ཡོད་པ་གཞན་ལ་མ་ཡིན་ནོ།། ཕྱག་རྒྱ་མདུང་ཆེན་པོའང་སྦྱར་བར་བྱའོ།། འདིར ་ཉེ་བའི་སྙིང་པོར་གྱུར་པའང་། ཨོཾ་ཧྲཱིཿཀ་ལ་རཱུ་པཾ་ཧཱུཾ་ཁཾ་སྭཱ་ཧཱ། སྔ་མའི་མདུང་ཆེན་པོའང་སྦྱར་བར་བྱའོ།། གདུག་པ་ཐམས་ཅད་ལ་གང་འདོད་པ་དེ་བྱེད་པར་འགྱུར་རོ།། མཆོག་གི་སྙིང་པོ་སངས་རྒྱས་ཐམས ་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡི་གེ་གཅིག་པ་ཞེས་བྱ་བ་ནི། ཧཱུཾ། འདི་ནི་ལས་ཐམས་ཅད་བྱེད་པ་སྟེ། ཕྱག་རྒྱ་མདུང་ཆེན་པོའང་སྦྱར་བར་བྱའོ།། ཕུང་ཀྲོལ་ཐམས་ཅད་ཟློག་པར་བྱེད་པ། འབྱུང་པོ་ཐམས་ཅད ་དབང་དུ་བྱེད་པ་སྟེ། མདོར་ན་ཁྲོ་བོའི་རྒྱལ་པོ་འདི་ནི་ལས་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་སུ་བཟླས་པས་གྲུབ་པའི་དུས་སུའང་ཁྱད་པར་འབྱུང་བར་འགྱུར་རོ།། གཤེགས་སུ ་གསོལ་བའི་སྔགས་སུ་གྱུར་པའང་། ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཛ་ཡ་ཛ་ཡ། སུ་ཛཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་བི་ཤྭ་རཱུ་པི་ཎི། གཙྪ་གཙྪ་སྭ་བྷཱ་བ་ནཾ། ་སརྦ་བུདྡྷཾ་སྭ་བི་སརྫ་ཡ། ས་པ་རཱི་བཱ་རཱཾ། སྭ་བྷཱ་བ་ནཱཾ་ཙཱ་ནུ། པྲ་བེ་ཤ་ཡ་ས་མ་ཡ་མ་ནུ་སྨ་ར། སརྦ་རྠ་སྭ་མེ་སིདྷྱཾ་ཏུ། བི་དྷྱ་ས་དཱ། མ་ནོར་ཐཾ་ཙ་མེ་པ་རི་པཱུ་ར་ཡ་སཱ་ཧཱ། འདི་ནི་གཤེགས་སུ་གསོལ་བའི་སྔགས་ཏེ། ་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། ཕྱག་རྒྱ་བཟང་པོའི་གདན་ཞེས་གྲགས་པ་སྟེ། འདིས་གདན་ཡང་སྦྱིན་པར་བྱའོ།། ཡིད་ཀྱིས་ལན་བདུན་བཟླས་པས་ཐམས་ཅད་གཤེགས་སུ་གསོལ་ལོ།། འཇིག ་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་དང་། སྔགས་རྣམས་ཉིད་ལའང་སྔགས་ཀྱི་དངོས་གྲུབ་དང་། དམ་ཚིག་དང་། བཟླས་པ་དང་། དུས་དང་། ངེས་པར་སྡོམ་པ་རྣམས་ལའང ་རབ་ཏུ་སྦྱར་བར་བྱའོ། ། དེ་ནས་ཡང་སེམས་དཔའ་ཆེན་པོས་སླར་ཡང་གནས་གཙང་མའི་ལྷའི་བུ་རྣམས་ལ་ཀུན་ཏུ་གཟིགས་ཏེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་རང་གི་རིག་པའི་ཚོ་གས་སྔགས་ཀྱི་ལེའུ་རབ ་འབྱམ་གསུངས་པར་གྱུར་ཏོ། ། ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ག་ཏཱི་ནཱཾ། ཨོཾ་ནི་ཊི་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་སྒྲ་ཅན་མ་ཞེས་བྱ་བའི་རིག་པ་ལས་ཐམས་ཅད་པ་སྟེ། དམ་ཚིག་ཆེན ་བོའི་ཕྱག་རྒྱའི་སྙིང་པོ་དུག་གི་ལས་ཐམས་ཅད་ལ་ཀུན་ཏུ་སྦྱར་རོ། ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ནཻ་ཊི། འདི་ནི་ཉེ་བར་སྤྱོད་པའི་སྒྲ་ཅན་མ་ཞེས་བྱ་བའི་རིག་པ་ལས་ཐམས་ཅད་པ ་སྟེ། ཕྱག་རྒྱ་ནི་ཁ་བྱེ་བ་ཞེས་པ་གཟའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ནི། རིག་པ་འདི་ནི་སྡོང་བུ་ཅན་ཞེས་བྱ་བ་སྤྱོད་པའི་དགེ་བའི་ལས་ཐམས་ཅད ་བྱེད་པ་སྟེ། ཕྱག་རྒྱ་ནི་བཟང་པོའི་གདན་གྱིས་གནོད་སྦྱིན་མོ་རྣམས་དགུག་པར་བྱ་བ་ལ་སྦྱར་རོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ཙིནྡྲཱདྷཱ་ཏ་རཱུ་པ་ཎཱཾ། ཨོཾ་ཥྚྲྀ་སྭཱ་ཧཱ། མཁའ་འགྲོ་མ་ཀུན་འཇོམས་པ་ཡི། ཕྱག་རྒྱ ་སྦུབས་ཅན་ཡང་དག་སྦྱར། ། བྱང་ཆུབ་སེམས་དཔས་བཤད་པ་ཡི།། རིག་སྔགས་ཐོད་པ་ཅན་ཞེས་བྱ།། སངས་རྒྱས་ཀུན་གྱི་པདྨ་ཉིད།། རབ་བསྔགས་ལྷ་ཡི་གཟུགས་ཅན་མ།། ན་མཿས་མནྟ་པུཿ ་། ནཱཾནཱརཱར་ཨ་པྲ་ཏ་ཧ་ཏ་ག་ཏི། ཙཱ་ར་ཎཾ། ཏདྱ་ཐཱ། ཨོཾ་བ་ར་དེ་སྭཱ་ཧཱ། ཕྱག་རྒྱ་ཨུཏྤལ་ཉིད་ནི།། དཔལ་གྱི་བདག་ཉིད་སྤྱན་ལ་སྦྱར།། གཟུགས་མང་འཆང་བའི་ལྷ་མོ་ནི།། མྱུར་དུ་ལོངས་སྤྱོད་རབ་སྒྲུབ་པའོ།། ན་མཿ ་ས་མནྟ་བུདྡྷཱ་ནཱ~ཾ། ཨ་ཙིནྡྲདྷཱ་ཏཱ་རཱུ་པ~ཾ་ཎི། ཨོཾ་སུ་རི་སྭཱ་ཧཱ། ཕྱག་རྒྱ་མདུང་དང་ཡང་དག་ལྡན།། རིམས་རྣམས་ཐམས་ཅད་རྣམ་འཇོམས་པའོ།། ན་མཿས་མནྟ་བུདྡྷཱ་ནཱ་ཨ་ཙིནྡྲདྒྷ་ཏ་རཱ་ཛི་ཛྫ། ཨོཾ་རྒྷ ་རེ་སྭཱ་ཧཱ། བསམ་པའོ་སྒྲོལ་མ་ལྡན་པ་ཞེས།། རབ་བསྔགས་ལས་རྣམས་ཐམས་ཅད་པ།། དབྱུག་པའི་ཕྱག་རྒྱར་ཡང་དག་ལྡན།། བགེགས་རྣམས་འཇོམས་བྱེད་མ་ལ་སྦྱོར།། ན་མཿས་མནྟ་བུདྡྷཱ་ནཱཾ། ་ཨ་ཙིནྣདྷྱཱ་ཏ་རཱུ་པི་ཎཱཾ། ཏདྱ་ཐཱ། ཨོཾ་བི་ལོ་ཀི་ནི་སྭཱ་ཧཱ། རིག་པ་སྣང་ལྡན་ཞེས་བྱ་བ།། འཇིག་རྟེན་ཐམས་ཅད་དབང་དུ་བྱེད།། བདེ་བ་ཐམས་ཅད་རབ་སྦྱིན་པ།། པདྨའི་ཕྱག་རྒྱས་སྦྱར་བར་བྱ།། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཨ་ཙིནྣདྦྷུ་ཏ་རཱུ་བི་ཎཱཾ། ཏདྱ་ཐཱ། ཨོཾ་བི་ཤྭེ། བི་ཤཱ་སཾ་བྷ་བེ་བི་ཤྭ་རཱུ་པི་ཎཱཾ་ཀ་ཧ་ཀ་ཧ་ཨཱ་བི་ཤ་ཨ་བི་ཤ་ས་མ་ཡ་མ་ནུ་སྨ་ར་རུ་རུ་ཏིཥྛ་སྭཱ་ཧཱ། རིག་པ་བརྩོན་འགྲུས་ཆེན ་མོ་ནི། ། འཇིག་རྟེན་འདྲེན་པས་བསྟན་པ་སྟེ།། སྙིང་པོ་ཕྱག་རྒྱ་མཉམ་པ་ཉིད།། སེམས་ཅན་ཐམས་ཅད་འབེབས་ཤིང་དགེ། འབྱུང་པོ་ཀུན་ལ་མཆོག་སྦྱིན་མ།། སྣ་ཚོགས་ཞེས་བྱ་ཡང་དག་བསྒྲག།། ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ཙིནྣདྦྷ་ཏ་རཱུ་བི་ཎཱཾ། ཏདྱ་ཐཱ། ཨཽ་ཤྭ་ཏེ་པྲཱ་བ་སུ་སྭཱ་ཧཱ། པདྨའི་གདན་གྱིས་རྣམ་པ་ར་དགོད།། ལས་རྣམས་ཐམས་ཅད་བྱེད་པའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ ་ཏ་གཱ་ཏི་པྲཱ་ཧི་རི་ཎཾ། ཏདྱ་ཐཱ། ཨོཾ་ཤྲཱིཿ། རིག་པ་འདི་ནི་དཔལ་མོ་ཆེ།། འཇིག་རྟེན་མགོན་གྱིས་བསྟན་པ་སྟེ།། ཕྱག་རྒྱ་ཁ་སྦྱོར་ལྡན་པ་ཡི།། རྒྱལ་སྲིང་ཆེན་པོ་རབ་སྦྱིན་བྱེད།། ན་མཿས་མནྟ་བུདྡྷཱ་ནཱཾ། ་སརྦ་སཏྭ་བྷབྷཱ་ཡ་པྲ་དཱ་ཡི་ཀཱ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ་ཀུ་མ་ར་རཱུ་པི་ཎཱི། ཨེ་ཧི་ཨཱ་གཙྪ་མ་མ་ཀཨཱརྱཾ་ཀུ་རུ་སྭཱ་ཧཱ། མི་ཐུབ་མ་ཞེས་རྣམ་གྲགས་མ།། གཞོན་ནུ་བདུད་རྩི་ལས་འབྱུང་བ།། གང་བའི་ཕྱག་རྒྱར ་། ལྡན་པ་ཡིས། དགྲ་རྣམས་ཐམས་ཅད་ཟློག་པར་བྱེད།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨི་ཙིནྣདྷཱ་ཏ་རཱུ་པི་ཎཱཾ། ཏདྱ་ཐཱ། ཨོཾ་ཛ་ཡཻ་སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཨ་ཛི་ཏེ་སཱ་ཧཱ། སྲིང་མོ་བཞི་ཞེས་རྣམ་གྲགས་པ། ་བྱང་ཆུབ་སེམས་དཔའི་རྗེས་འགྲོ་བ།། ས་རྣམས་མཐའ་དག་ཡོངས་རྒྱུ་ཞིང་།། སེམས་ཅན་རྗེས་སུ་འཛིན་བྱེད་པ།། མིང་པོ་ཏུམ་བུ་རུ་ཞེས་གྲགས།། འདི་རྣམས་ཀྱི་ནི་རྗེས་སུ་སྤོང་།། གྲུ་ཡི་བཞོན་པ ་མཉམ་ཞོན་ནས། ། རྒྱ་མཚོ་ལ་ནི་ངེས་པར་གནས།། ཁུ་ཚུར་ཕྱག་རྒྱས་རྣམ་པར་དགོད།། བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད།། ན་མཿས་མནྟ་བུདྡྷཱ་ནཱཾ། ལོ་ཀཱ་ཀྲཱ་དྷི་པ་ཏཱི་ནཱཾ། ཏདྱ་ཐཱ། ཨོཾ་ཀུ་མ་རིམ ་ཧཱ་ཀུ་མཱ་རི་ཀྲཱི་ཌ་ཀྲཱི་ཌ། མ་ཧཱ་རཱཀྵ་སི་བོ་དྷི་སཏྭཱ་ནུ་ཛྙཱ་ཏ་མ་ཡཱུ་ར་ས་ནེ་སཱ་ཤ། ས་ར་ཤྭཱ་སཱ་ནི་རཀྟཾ་གཱི་རཀྵཱཾ་གནྡྷ་ནུ་ལེ་བ་ན་པྲི་ཡི་པྲི་ཡེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུ~ཾ་ན~ཾ་ཏྱ་རཀྵ་པུདྡྷ་རྩི་ཏ་མཱུ་རྟི་ས་མ་ཡ་མ་ནུ་སྨ་ར། བྷྲ་མ་བྷྲ་མ ་བྷཱུ་མ་ཡ་བྷྲ་མ་ཡ། ཧུ་ལུ་ཧུ་ལུ་མཱ་བི་ལམྦ། སརྦ་ཀརྨཱ་ཎི་མེ་ཀུ་རུ་ཀུ་རུ། བི་ཙི་ཏྲ་རཱུ་པ་དྷཱ་རི་ཎི། ཏིཥྛ་ཏིཥྛ། ཧཱུཾ་ཧཱུཾ་སརྦ། བུདྡྷཱ་ནུ་ཛྙཱ་ཏེ་སྭཱ་ཧཱ། སེམས་ཅན་རྗེས་སུ་འཛིན་བྱེད་པའི།། བྱང་ཆུབ ་སེམས་དཔས་བཤད་པ་ན། ། ས་རྣམས་མ་ལུས་ཀུན་ནས་ནི།། རྣམ་པ་དྲུག་ཏུ་རབ་ཏུ་གཡོས།། སེམས་ཅན་ཀུན་ལ་ཕན་དོན་དང་།། གདུག་པའི་སེམས་ཅན་ཟློག་བྱེད་པ།། བདག་གི་རིག་པ་རྟག་ཏུ་གྲགས ་རྟག་ཏུ་སྲུང་བར་ཡོངས་སུ་གྲགས། ། སྲུང་བ་ལྟོས་འགྲོ་དེ་ཉིད་ཀྱི།། འཇིག་རྟེན་མཚན་མས་ལེགས་པར་མཚན།། སྙིང་རྗེས་ཐུགས་ནི་བརླན་པ་ཡི།། བྱང་ཆུབ་སེམས་དཔའ་དེ་ནས་གསུངས།། བྱང་ཆུབ་སེམས ་དཔའ་བདག་ཉིད་ཆེ། ། བྱིས་པ་རྣམས་ལ་ཕན་དོན་དུ།། གང་ལས་སེམས་ཅན་སྤྱོད་གསུངས་པ།། འགྲོ་བ་རྣམས་ལ་རྣམ་སྤྱོད་ལྡན།། ཕྱག་རྒྱ་དབྱུག་པའི་སྲོག་ཤིང་ལྡན།། བདག་ཉིད་ཆེན་པོས་སྦྱར་ནས་ནི།། ཚང ་བ་ལ་སོགས་འགུགས་བྱེད་ན། ། མི་རྣམས་འབྲས་བུ་སྨོས་ཅི་དགོས།། གཞོན་ནུའི་སེམས་སུ་མ་ལུས་པའི།། རྟོག་པ་འདི་ནི་བསྡུས་ནས་སུ།། སྲིན་པོ་རྣམས་སུ་རྣམ་གྲགས་པའི།། རིག་སྔག་འདི་ནི་ཡང་དག ་བསྟན། ། སེམས་ཅན་རྗེས་གཟུང་འདོད་པ་ཡི།། བྱང་ཆུབ་སེམས་དཔས་དེ་ལྟར་བཤད།། ཡིག་གསུམ་ཞེས་བྱའི་སྙིང་པོ་ནི།། རིག་སྔགས་འདི་ནི་ཡང་དག་བཤད།། སེམས་ཅན་ཀུན་ལ ་ཕན་དོན་དུ། ། ཉེ་བར་ལོངས་སྤྱོད་འགུགས་པའི་མཆོག། ཕྱག་རྒྱ་དབྱུག་པའི་སྲོག་ཤིང་ནི།། རྣམ་བཀོད་ལས་རྣམས་ཐམས་ཅད་པའོ།། ཨོཾ་ཧཱུཾ་ཛཿ། རིག་སྔགས་འདི་ནི་མདོར་བསྡུས་ནས།། མི་རྣམས་འབྲས་བུ་བྱེད་པ་ཡིན། ་ནམཿས་མནྟ་བུདྡྷཱ་ནཱཾ། ས་མནྟོ་དྱོ་ཏི་ཏ་མཱནྟྲི་ནཱཾ། ཨཾ་བ~ཾ་ཀྲྀ་ཏ་གྲ་ཧ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོ་འདི་ཡང་ནི།། ཕྱག་རྒྱ་དགྲ་སྟ་ཡང་དག་ལྡན།། དེ་བཞིན་འབྱུང་པོ་འགུགས་པར་བྱེད།། དེ་བཞིན་གཟའ་དང་མ་མོར ་བཅས། ། ཐམས་ཅད་ཕྱག་རྒྱས་རྒྱས་བཏབ་པ།། བཀོད་ན་འབྲས་བུ་བཅས་པར་འགྱུར།། འབྱུང་པོ་རྣམས་ནི་རྣམ་སྐྲག་བྱེད།། གདུག་པ་ཞུགས་པ་རྣམ་པར་གྲོལ།། འདི་ནི་བཅོམ་ལྡན་འདས་མ་འཕགས ་མ་སྒྲོལ་མའི་ཕོ་ཉ་མོ་ཆེན་མོ་ལས་ཐམས་ཅད་པ་རལ་པ་གཅིག་མ་ཞེས་བྱ་བ་རྗེས་སུ་སྤྱོད་པ་ལས་ཐམས་ཅད་པ་སྟེ། བཟླས་པ་ཙམ་ཁོ་ནས་ལས་ཐམས་ཅད་བྱེད་དོ།། འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་པ་དང་། ་འགུགས་པར་བྱེད་པ་དང་། དབང་དུ་བྱེད་པ་དང་། རིག་པ་འཛིན་པ་ཇི་ལྟར་འདོད་པ་དེ་ཐམས་ཅད་རྫོགས་པར་བྱེད་དོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་བྲ་ཧྨ་སུ་པྲ་ཧྨ་བྲ་ཧྨ། ་བརྩ་སེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྔགས་འདི་ཚངས་པ་ཆེན་པོ་སྟེ།། བྱང་ཆུབ་སེམས་དཔས་བཤད་པ་ཡིན།། འབྱུང་པོ་ཞེས་པ་རབ་ཏུ་འཐོབ།། སྐད་གཅིག་ཉིད་ལ་བསིལ་བར་འགྱུར།། ཕྱག་རྒྱ་པདྨ་ཡང ་དག་ལྡན། ། མྱུར་དུ་དགེ་ལེགས་ཐོབ་པར་འགྱུར།། མངོན་སྤྱོད་ཀྱི་ནི་ལས་རྣམས་ལ།། སྲིད་སྲུང་གི་ནི་རིག་བྱེད་འདོད།། འདི་ནི་མདོར་བསྡུས་བརྗོད་པ་སྟེ།། ཆོ་ག་འདི་ནི་མདོར་བསྡུས་པའོ།། ན་མཿས་མནྟ་བུདྡྷཱ་ནཱ། ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ག་རུ་ཌ་བ་ཧ་ན་ཙཀྲ་པཱ་ཎི་ཙ་ཏུར་བྷུ་ཛ་ཧཱུཾ་ཧཱུཾ། ས་མ་ཡ་མ་ནུ་སྨ་ར། བོ་དྷི་སཏྭ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བྱང་ཆུབ་སེམས་དཔས་བཀའ་སྩལ་བས།། ། ཞི་བའི་དོན་ནི་མྱུར་དུ ་བྱེད། འབྱུང་པོ་རྣམས་ནི་རྣམ་འཇིག་བྱེད།། ཁྱབ་འཇུག་གཟུགས་ཀྱི་ལུས་ཅན་ཡིན།། ཕྱག་རྒྱའི་འཁོར་ལོར་ཡང་དག་ལྡན།། བརྟན་པའི་དོན་ནི་མྱུར་དུ་བྱེད།། གང་འདི་ཁྱབ་འཇུག་རྒྱུད་དུ་ནི།། ཆོ་ག་རྒྱས ་པར་བསྟན་པ་དེ། ། སེམས་ཅན་ཀུན་གྱི་སྒྲུབ་བྱེད་དོ།། བྱང་ཆུབ་སེམས་དཔས་བཤད་པ་ཡིན།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། མ་ཧཱ་མ་ཧེ། ཤྭ་ར་བྷུ་ཏཱ་དྷི་པ་ཏི་བྲྀ་ཥ་བྷ། དྷ་ཛ ་པྲ་ལམྦ་ཛ་ཊཱ་མུ་ཀུ་ཊ་དྷཱ་རི་ཎཱི། སཽ་ཏ་བྷསྨ་ཏྲཱ་ས་ར་ཏ། མཱུརྟི་ས་ཨཾ་ཕཊ་ཕཊ་བོ་དྷི་སཏྭཱ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། སེམས་ཅན་རྣམས་ལ་ཕན་འདོད་པས།། སྔགས་འདི་བདག་གིས་རབ་ཏུ་བརྗོད།། མདུང་གི་ཕྱག ་རྒྱ་མཉམ་པར་ལྡན། ། འབྱུང་པོ་ཐམས་ཅད་རྣམ་འཇིག་པ།། འདི་ཡང་སྔར་བསྟན་ཆོ་ག་འདི།། སེམས་ཅན་ས་སྟེང་གནས་པ་ལ།། སྔོན་ནི་ཞི་བའི་རྒྱུད་དུ་བསྟན།། ཡོན་ཏན་སྣ་ཚོགས་རྒྱ་ཆེ་བ།། ཞི་བའི ་རྒྱུད་ཀྱིས་ཀྱང་རྗོད་དོ། ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏིག་ཏ་ཤཱ་ས་ནཱ་ནཱ~ཾ། ཏདྱ་ཐཱ། ཨོཾ་ཤ་ཀུ་ན་པི་ཏ་ཏ་བིཀྵ་ཎ། ཤ་ཀ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཧི་ས་མ་ཡ་མ་ནུ་སྥ་ར་ཧཱུཾ་ཏིཥྛ་བོ་བྷི་སཏྭ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ ་སྔགས་འདི་བརྩོན་འགྲུས་ཆེན་པོ་སྟེ། ། ནམ་མཁའ་ལྡིང་ཞེས་རྣམ་པར་གྲགས།། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག། གདེངས་ཀ་ཅན་གྱི་དུག་རྣམས་འཇོམས།། ཕྱག་རྒྱ་ཆེ་དང ་ཡང་དག་ལྡན། ། ཕུང་ཀྲོལ་མི་བཟད་བཅས་པ་འཇོམས།། བརྟན་དང་གཡོ་བའི་དུག་རྣམས་ནི།། གསོ་བར་བྱེད་པར་ཐེ་ཚོམ་མེད།། གདུལ་བྱའི་སེམས་ཅན་ལ་བརྩེ་བས།། བྱང་ཆུབ་སེམས་དཔའི་ཡང ་དག་བཀའ། ། ནམ་མཁའ་ལྡིང་གི་གཟུགས་ཀྱིས་སྤྲོད།། འདབ་ཆགས་རྒྱལ་པོ་འོད་ཆེན་ལྡན།། ཇི་སྲིད་ནམ་མཁའ་ལྡིང་རྒྱུད་དུ།། བསྟན་པའི་ཆོ་ག་རྒྱས་དེ་རྣམས།། སེམས་ཅན་ཀུན་ལ་ཕན་པའི་རྒྱུར།། བདག ་གིས་ཀྱང་ནི་བརྗོད་པ་ཡིན། ། མཁའ་ལྡིང་མངོན་པར་བརྗོད་རྒྱུད་དུ།། ཁྲོ་བོའི་རྒྱལ་པོ་མ་བསྟན་ན།། གདེངས་ཅན་དུག་ནི་གཞོམ་པའི་ཕྱིར།། འདབ་ཆགས་གཟུགས་ཀྱིས་རྣམ་པར་རྒྱུ།། ཇི་སྲིད་འཇིག་རྟེན་པ་ཡི་སྔག། ་དེ་རྣམས་ཆོ་ག་དཔེར་བརྗོད་པ།། གདུལ་བྱའི་སེམས་ཅན་དོན་དུ་ནི།། དེ་ལྟ་དེ་ལྟར་རྣམ་པར་སྤྱོད།། གང་ཡང་དེ་བཞིན་གཤེགས་སྔགས་དང་།། རྡོ་རྗེ་པདྨའི་རིགས་དག་ཀྱང་།། དེ་རྣམས་ཆོ་ག་རབ་འབྱམ་འདིར།། སྔ་མ ་ཁོ་ནར་གསུངས་པ་ཡིན། ། ཇི་ལྟར་མ་མ་རྣམས་མང་པོ།། བྱིས་པ་འབད་པས་སྲུང་བྱེད་པོ།། དེ་བཞིན་བྱིས་མཐའི་བློ་ཅན་ལ།། ང་ནི་རིག་སྔགས་གཟུགས་ཀྱི་རྒྱུ།། སྟོབས་བཅུ་ལྡན་པས་སྔོན་གསུངས་པ།། ད་ལྟའ ་ངཡིས་བསྟན་པ་ཡིན། ། སྔགས་རྒྱུད་དོན་ནི་མ་ལུས་པ།། རྟོགས་པས་རབ་གསུངས་འོད་ཆེན་པོ།། རྒྱལ་བ་མཆོག་གིས་གང་གསུངས་དང་།། སྟོབས་བཅུ་ལྡན་པའི་སྲས་ཀྱིས་གསུངས།། རྨད་བྱུང་བསམ་མི་ཁྱབ ་གཟུགས་ཅན། ། སྤྱན་རས་གཟིགས་ཀྱིས་གསུངས་པའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དེ་དང་།། འཁོར་གྱི ་དཀྱིལ་འཁོར་ཆེན་པོ་དེ་ལ་ཀུན་ཏུ་གཟིགས་ནས། དམ་ཚིག་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། གང་དུ་ཏིང་ངེ་འཛིན་ལ་གནས་པས་སེམས་ཅན་མ་ལུས ་པའི་སྒྲུབ་པའི་སྤྱོད་པའི་ཡིད་སེམས་ཅན་ཐམས་ཅད་ལ་རབ་ཏུ་གནས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་གནས ་རྣམ་པར་བཀྲ་བའི་ཕྱག་ན་རིན་པོ་ཆེའི་སྙིང་པོ་རྒྱན་བཀོད་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་རྣམ་པར་འཕྲུལ་པ་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། སྤྱོད་པ་ལ་ཞུགས་པའི་བྱང ་ཆུབ་སེམས་དཔའ་རྣམས་དང་། ས་བཅུ་དང་ལྡན་པ་ས་བཅུའི་དབང་ཕྱུག་པ་གནས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་དེ་བྲི་བའམ་འདྲིར་འཇུག་པར་མི་ནུས་ན། སོ་སོའི་སྐྱེ་བོར་གྱུར་པའི་སེམས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི ་དགོས། འཕགས་པའི་དཀྱིལ་འཁོར་བཟང་པོ་དེའི་དམ་ཚིག་སྒྲུབ་པའི་གནས་སྐབས་ལ་གནས་པ་བྱང་ཆུབ་སེམས་དཔའ་ཆེན་པོས་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། རང ་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔལས་བཅུ་ལ་རབ་ཏུ་གནས་པ་རྒྱ་ཁ་ཚབ་ཏུ་མངོན་པར་དབང་བསྐུར་ཞིང་དམ་ཚིག་ཐོབ་པ་ཐམས་ཅད་དང ་སྤྱོད་པ་ལ་ཞུགས་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་ཀྱིས། སངས་རྒྱས་དང ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་འཐུན་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཐུགས་ལས་བྱུང་བའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པ་བདག་ཉིད་ཀྱིས་ཡང་དག་པར་ཤེས་པར་གྱུར་ཏོ།། ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེ་ཡིད་ཀྱིས་དམིགས་པར་མི་ནུས་ན། བྲི་བ་འམ་འདྲིར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། ་དཀྱིལ་འཁོར་ཆེན་པོའི་དམ་ཚིག་ལ་རྗེས་སུ་རབ་ཏུ་ཞུགས་པའི་སེམས་ཅན་དེ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཉོན་ཅིག། འདི་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང ་འདའ་བར་མི་བྱ་བའི་དམ་ཚིག་ཡིན་ན། སེམས་ཅན་རྣམས་དང་། འཕགས་པ་གཞན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཡང་སེམས་དཔའ་ཆེན་པོས། ཕྱག་ན་རྡོ་རྗེ་གསང་བ་པའི་བདག ་པོ་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་མི་ལས་འདས་པའི་དམ་ཚིག་ཡིད་ལས་བྱུང་བ་ནི་ངེས་པར་བསྟན་ཏོ།། མི་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ནའང་གང་དུ་སེམས་ཅན་རྣམས ་ཡང་དག་པར་རྗེས་སུ་ཞུགས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་པ་དང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བར་བཤད་པར་བྱའོ།། དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན ་རྡོརྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་གང་ད་ལྟ་དུས་ལ་བབ་པར་ཤེས་ན་གསུངས་ཤིག་གསུངས་ཤིག། ཤཱཀྱ་སེང་གེ ་འཇིག་རྟེན་མགོན། ། ཡོངས་སུ་མྱ་ངན་འདས་པ་ན།། མི་རྣམས་མཆོག་གི་སངས་རྒྱས་ཞིང་།། སེམས་ཅན་ས་སྟེངས་ཁྱོད་དཀྱིལ་འཁོར།། མཐོང་བ་ཙམ་གྱིས་འཇིག་རྟེན་ན།། སྔགས་ཀྱི་དངོས་གྲུབ་རབ་ཏུ་སྐྱེ།། ་མི་ཤེས་ཆོ་ག་ཉམས་པའམ།། དམ་ཚིག་བདག་པོར་མ་གྱུར་ན།། ཚངས་པ་བདག་ཉིད་ཆེན་པོས་ཀྱང་།། རིག་སྔགས་དངོས་གྲུབ་མི་འགྱུར་རོ།། སྔགས་ལ་མངོན་པར་མི་བརྩོན་དང་།། དམ་ཚིག་བསྟན་པ་མ་མཐོང་ན།། རྣམ ་པ་དུ་མར་འབད་བྱས་ཀྱང་། ། རིག་པའི་དངོས་གྲུབ་མི་འགྱུར་རོ།། དམ་ཚིག་སྦྱོར་བ་ཉམས་པ་ན།། བརྒྱ་བྱིན་གྱིས་ཀྱང་རབ་འབད་ལས།། རིག་པའི་དངོས་གྲུབ་མི་འགྱུར་ན།། ས་སྟེང་མི་རྣམས་སྨོས་ཅི་དགོས།། དམ ་ཚིག་བསྟན་བཅོས་དེ་ཉིད་ཤེས། ། སྤྱོད་པའི་ལས་རྣམས་སྒྲུབ་པ་དེ།། འཇིག་རྟེན་པ་དང་འཕགས་པའི་སྔགས།། བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ།། རབ་ཞུགས་ལས་རྣམ ་ཐམས་ཅད་བྱེད། ། བྱང་ཆུབ་སེམས་དཔའི་བསྟན་པ་ལ།། དེ་ཡི་རིག་པའི་དངོས་གྲུབ་རྟག། དེ་ནས་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས།། སེམས་དཔའ་ཆེན་པོ་དེ་ལ་གསོལ་བ་བཏབ་པར་གྱུར་ཏོ།། ཀྱེ་ཀྱེ་སེམས ་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པས་གསུངས་ཤིག་ཅེས་སོ། ། གསང་བའི་བདག་པོས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕག་བསྤྱན ་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་གྱི་ཕྱིར་དཀྱིལ་འཁོར་ཆོ་ག་གསུངས་སོ། ། དང་པོ་རེ་ཞིག་ཆོ་འཕྲུལ་གྱི་ཟླ་ཕྱེད་དམ། ནག་པ་ཅན་ནམ། ས་གཅན་གྱི་ཟླ་བའི་དཀར ་པོའི་ཕྱོགས་ལ་རབ་ཏུ་བསྔགས་པའི་ཉི་མ་དང་གཟའ་བཟང་པོ་བལྟས་ཏེ། རྒྱུ་སྐར་དགེ་བ་དང་ཡང་དག་པར་ལྡན་པའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། ཟླ་བ་ཉ་བ་འམ། དུས་གཞན་ལ་དབྱར་གྱི་ཟླ་བ ་སྤངས་ཏེ། སྔ་དྲོས་རབ་ཏུ་གནས་པར་བྱའོ།། གྲོང་ཁྱེར་ཆེན་པོ་ལ་བརྟེན་པ་འམ། གང་དུ་དཀྱིལ་འཁོར་གྱི་སློབ་དཔོན་རང་ཉིད་གནས་པར་ཏེ། རྒྱ་མཚོར་འཇུག་པ་འམ། ཆུ་ཀླུང་ལ་བརྟེན་པ་འམ། རྒྱ ་མཚོའི་ངོགས་དང་ཉེ་བར་གྲོང་ཁྱེར་ཆེན་པོའི་བྱང་ཤར་གྱི་ཕྱོགས་ཀྱི་ཆར་ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཉེ་བར་དཀྱིལ་འཁོར་གྱི་སློབ་དཔོན་སོང་ནས། ཉི་མ་བདུན་ནམ། ཟླ་བ་ཕྱེད་དུ་མཐའ་གཅིག ་ཏུ་སྨྱུང་བ་འམ། ཉེ་བར་བྱས་ནས་སོ་སོར་གནས་པར་བྱའོ།། གང་གནས་དེ་རྣམས་སུའང་གཙང་མའི་ས་ཕྱོགས་རྡོ་བ་དང་། གྱོ་མོ་དང་། ཐལ་བ་དང་། སོལ་བ་དང་། ཕུབ་མ་དང་། ཐོད་པ་དང་། རུས ་པ་གནས་པ་དང་བྲལ་བ། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ས་ཕྱོགས་སུ་སྲོག་ཆགས་མེད་པའི་ཚུལ་བ་བྱུང་ལྔ་དང་བསྲེས་པའི་ཙན་དན་དང་། ག་པུར་དང་། གུར་ཀུམ་གྱི་ཆུས་ཁྲོ་བོའི་རྒྱལ་པོ་སྒྲོལ ་མས་ནོན་པ་སྟོང་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་པ་དེས་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་དང་ཡང་དག་པར་ལྡན་པས། ས་ཕྱོགས་དེ་ལ་ཕྱོགས་བཞི་རྣམས་སུ་མངོན་པར་གཏོར་ཞིང ་སྟེང་དང་། འོག་དང་། ཟད་ཀ་དང་། ཕྱོགས་བྲལ་རྣམས་སུའང་ཀུན་ནས་གཏོར་བར་བྱའོ།། དེ་ནས་ས་ཕྱོགས་དེར་ཀུན་ནས་གྲུ་བཞིར་ཁྲུ་བཅུ་དྲུག་གམ། ཁྲུ་བཅུ་གཉིས་སམ། ཁྲུ་བརྒྱད་བྱ་སྟེ། ་དེ་ལ་ཆེན་པོ་ནི་ཁྲུ་བཅུ་དྲུག་གོ།། བར་མ་ནི་ཁྲུ་བཅུ་གཉིས་སོ།། ཆུང་ངུ་ནི་ཁྲུ་བརྒྱད་དོ།། དཀྱིལ་འཁོར་རྣམ་པ་གསུམ་པོ་འདི།། ཐམས་ཅད་གཟིགས་པས་གསུངས་པ་ཡིན།། རྒྱལ་སྲིད་འདོད་ཕྱིར་ཆེན་པོ་སྟེ། ་བར་མ་ལོངས་སྤྱོད་འཕེལ་བར་བྱེད།། ཆུང་ངུ་སྔགས་ཀྱི་དམ་ཚིག་ནི།། ལས་རྣམས་ཀུན་བྱེད་ཞི་བ་ཡིན།། དེ་ལ་ཡིད་ལ་འདོད་པ་གང་ཡང་རུང་བའི་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལ་སའི་ཕྱོགས་དེར་ཁྲུ་གཉིས་ཙམ ་བརྐོས་ལ། དེར་རྡོ་བ་དང་། སོལ་བ་དང་། ཐལ་བ་དང་། རུས་པ་དང་། སྒྲ་ལ་སོགས་པ་དང་། སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་པ་གལ་ཏེ་མཐོང་ན་སའི་ཕྱོགས་གཞན་དུ་བརྐོ་བར་བྱའོ།། གནོད་པ་མེད་པ་དང་། 1 ་པབར་འཚེ་བ་མེད་པ་དེར་འགྱུར་རོ། ། རིའི་རྩེ་མོ་དང་། ཆུ་ཀླུང་གི་ངོགས་དང་། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོའི་ཆུ་ངོགས་རྣམས་སུའང་གང་རབ་ཏུ་འབད་པ་ཆེན་པོས་ཤིན་ཏུ་སོ་སོར་བརྟགས་ཏེ་ཤིན་ཏུ་བཙང་ཞིང་སྲོག་ཆག ་མེད་པར་བྱས་ནས་བྲི་བར་བྱའོ། ། སའི་ཕྱོགས་དེར་སླར་ཡང་སྲོག་ཆགས་མེད་པའི་ཚུལ་བའི་རྣམ་ལྔ་བསྲེས་པས་ཆུ་ཀླུང་གི་འགྲམ་གྱིས་གཙང་མ་འམ། གྲོག་མཁར་གྱི་ས་གང་དུ་སྲོག་ཆགས་མེད་པའི་ས་དེས་དགང་བར ་བྱའོ། ། བཀང་ནས་ཀྱང་ལེགས་པར་བརྡུངས་ཏེ་ཀུན་ནས་མཉམ་པར་བྱས་ལ་ཇི་ལྟར་འདོད་པའི་དཀྱིལ་འཁོར་རྣམ་པ་གསུམ་བྱའོ།། སེང་ལྡེང་གི་པུར་བུ་བཞི་ལ་ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ལན་བདུན་མངོན ་པར་བསྔགས་པར་བྱས་ནས་ཕྱོགས་པནི་རྣམས་སུ་གདབ་པར་བྱའོ། ། ཚོན་སྣ་ལྔའི་སྐུད་པ་ལ་ཁྲོ་ཟར་སྙིང་པོས་ལན་བདུན་མངོན་པར་བསྔགས་པར་བྱས་ནས་ཀུན་ནས་དཀྱིལ་འཁོར ་གྲུ་བཞི་པའི་རྣམ་པས་དཀྲི་བར་བྱའོ། ། དེ་བཞིན་དུ་དབུས་ཀྱི་གནས་སུ་ནང་དུའང་ཟུར་བཞིའི་རྣམ་པར་བྱའོ།། དབུས་ཀྱི་ནང་ན་གནས་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིསརྦ་པའི་ས་པ་འམ། རྩ་བའི་སྙིང་པོ་སྟོང་ཕྲག ་བརྒྱད་བཟླས་པར་བྱའོ། ། ཕྱག་རྒྱ་ཆེན་པོ་དང་རྩ་བའི་སྔགས་ཀྱིས་གཙུག་ཏོར་བཅིངས་ཏེ་ཁྲོ་བོའི་རྩ་བའི་སྔགས་ཀྱིས་གྲོགས་བསྲུངས་ནས་བདག་ཉིད་བསྲུངས་པར་བྱས་ཏེ། བཟླས་པ་བྱེད་བཞིན་དུ་ཕྱི་རོལ་དུ་བྱུང་སྟེ། ་དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལ་བྱས་ཏེ་དཀྱིལ་འཁོར་དེ་ཀུན་ནས་གྲུ་བཞིའི ་རྣམ་པར་དཀྲི་བར་བྱའོ། ། དེ་ཉིད་ཀྱི་ཕྱི་རོལ་དུ་བ་རྣམས་ཞག་གཅིག་སྨྱུང་བར་གནས་པས་རབ་ཏུ་གནས་པར་བྱའོ།། དེ་ལ་འདིར་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྔོན་སྤྱད་པ་རྣམས་བྱས་ཏེ། རང་གི་རེག་པ ་དང་། སྔགས་དང་། རྒྱུད་ལ་མཁས་པའི་མཁན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པས་ཞག་གཅིག་སྨྱུང་བར་གནས་པས་གྲོགས་བཟང་པོ་དང་ཡང་དག་པར་ལྡན་པ ་བསྟན་བཅོས་རྣམ་པ་སྣ་ཚོགས་པའི་བྱ་བ་མཐོང་བས་ཚོན་སྣ་ལྔའི་ཕྱེ་མ་ཞིབ་པོ་འབར་བས་ལེགས་པར་སྦྱང་བ་བྱས་ནས། རྩ་བའི་རིག་པའི་སྔགས་དང་སྙིང་པོས་མངོན་པར་བསྔགས་པའི་ཕྱེ་མ་དཀྱིལ་འཁོར་དབུས ་སུགས་པར་བྱུད་། ། བྱརབ་ཏུ་ང་རྟུལ་མཚན་དང་། བན་སྣང་བ་དང་། དྷཱ་བས་དས་ཅན་པ་དང་། ཆུ་ཤིང་ག་སོང་བུ་འབྲས་བུའི་ཚོགས་ཀྱིས་གསུར་བ་ནི་ཀུནས་པབྲས་བུའི་ཚོགས་རྣམས ་རབ་ཏུ་འབྱུང་བཞིན་པ་དང་། རྡོ་བོ་རྗེ་དང་། ཛཛ་དང་། དུང་གི་སྒྲ་ངེས་པར་ཟློག་པའི་མའི་ཕྱོགས་སུ་བསྒྲགས་པར་བྱར།། ངེས་བརྗི་རྗེས་སུ་འཐུན་པའི་བར་དུ་བསྔགས་པའི་རྣ་པཅན་པར་བྱའོ།། ཕྱོགས ་རྣམས་སུ་ཐེག་པ་ཆེན་པོའི་མདོ་སྡེའི་གླེགས་བམ་བཀླག་པར་བྱའོ། ། འདི་ལྟ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷོ་ཕྱོགས་སུ་བཀླག་པར་བྱའོ།། འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ནུ ་ཕྱོགས་སུའོ། ། འཕགས་པ་སྡོང་པོ་བཀོད་པ་བྱང་ཕྱོགས་སུའོ།། འཕགས་པ་གསེར་འོད་དམ་པ་ཤར་ཕྱོགས་སུའོ།། དེ་ལྟར་གླེགས་པམ་ཀློག་པ་པོ་མེད་ན་མདོ་སྡེ་བཞི་པོ་ལྷག་པར་རྟོགས་པའི་གང་ཟབ ་སྒྲུབ་པོ་ལ་ཆོས་མཉན་པའི་ཕྱིར་གསོལ་བ་གདབ་པར་བྱའོ། ། ང་ནས་དཀྱིལ་འཁོར་གྱིམོ་དཔོན་ལངས་ནས་ཙན་དན་དང་། གཟུར་དང་། སྲ་ཡས་པར་བསྲེས་པའི་མེ་ཏོག་དཀར་མ་དྲོའིམ་པ་ལ་ཙ་བའི་རིག་པ ་ཏེ། དཀྱིལ་འཁོར་དེ་ཐམས་ཅད་དུ་གཅུལ་དུང་གྲམ་པར་བྱའོ།། མངོན་པར་བཀྲམ་ནས་ཕྱི་རོལ་དུ་བྱུང་སྟེ་ཞག་བདུན་གྱི་བར་དུ་འདོད་པའི་ཁ་ཟས་བརྟེན་པ་གཉིས་སམ་གསུམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ། གསོ་སྦྱོང ་བར་གནས་པ་བསྟན་པ་ལ་གནས་པའི་རི་མོ་མཁན་མཁས་པ་དེ་གྲོགས་སམ། སློབ་མ་དེས་ལས་བླངས་པརབ་ཏུ་གཟུག་པར་བྱའོ།། གང་རྩ་བའི་རིག་པ་ཉིད་ཀྱིས་གཙུག་ཏོར་བཅིང་བ་བྱས་ནས།། དེ་ནས་གས ་དང་། དངུལ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་གོ་འཕང་རྣམ་པར་བཀྲ་ཞིང་། འབར་ལ་མཛེས་པའི་ཟངས་ཀྱི་བྱེ་མ་ཞིབ་མོ་སོ་སོར་བཟུང་ནས་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་། ཆོ ་དང་ལྡན་པའི་རྒྱལ་པོ་ཆེན་པོ་རྣམས་འདྲིར་གཞུག་པར་བྱའོ། ། དཀྱིལ་འཁོར་མཐོང་བ་ཉིད་ལས་ངེས་པར་བྱང་ཆུབ་ལ་གཞོལ་བ་ཡིན་ན། སྔགས་སྒྲུབ་པར་བྱེད་པ་ལྟ་ཅི་སྨོས། ཤཱཀྱ་སྐྱེས་མཆོག་མྱང་འདས་ནས ་སེམས་ཅན་བསོད་ནམས་ཆུང་རྣམས་ལ། ། འདི་ལྟའི་ལོངས་སྤྱོད་ག་ལ་ཡོད།། ཆོ་ག་འདི་ནི་བསྟན་པར་བྱ།། བྱང་ཆུབ་སེམས་དཔའ་འོད་ཆེན་ལྡན།། སྐྱེ་བོ་བཀྲེན་པ་གཟིགས་ནས་རི།། ཉུང་ཞིང་མདོར་བསྡུས ་དཀྱིལ་འཁོར་ནི། ། མདོར་བསྡུས་ནས་ནི་བསྟན་པ་ཡིན།། འབྲས་སཱ་ལུ་དང་ཐུག་པོ་ཆེའི་ཕྱེ་མ་ཤིན་ཏུ་ཞིབ་མོ་ཚོན་སྣ་ལྔ་པ་འབར་བས་དཀར་པོ་དང་།། སེར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་ཁུའི ་ཁ་དོག་ཏུ་ཁ་བསྒྱུར་ལ། ། སྔར་བཞག་པའི་ཕྱེ་མ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བླངས་ནས་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རྩ་བའི་རིག་པ་བཟླས་པས་ཕྱེ་མ་ལ་ཕྱག་བྱས་གདབ་པར་བྱའོ།། ་གཞན་ཞི་བ་སྒྲུབ་པ་པོའི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ལྷོ་ཤར་གྱི་ཕྱོགས་ལས་ཀྱི་ཆོ་ག་མཐོང་བས་མེ་ཐབ་བྱའོ།། ཁྲུ་གཉིས་ཀྱི་ཚད་ལ་དཔངས་ཁྲུ་གང་ཙམ་ཁོ་ར་ཁོར་ཡུག་ཏུ་པདྨའི་ཟེ་བའི་རྣམ་པ། ་རོལ་པདྨའི་ཟེ་བའི་རྣམ་པར་ཤིང་པ་ལ་ཤའི་ཡམ་ཤིང་རྣམས་ཀྱིས་མེ་རབ་ཏུ་སྦར་ཏེ། ཤིང་དཔལ་འབྲས་ཀྱི་ཡམ་ཤིང་མཐོ་གང་ཙམ་གྱི་ཚད་ལ་རླན་དང་བཅས་པ། ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ ་རྣམས་ཀྱིས་རྩ་བའི་སྙིང་པོས་སམ། ཕྱག་རྒྱ་དང་རྩ་བའི་རིག་སྔགས་ཀྱིས་མེ་ལྷ་སྤྱན་དྲང་བར་བྱའོ།། སྤྱན་དྲང་ནས་ཀྱང་སྔར་བརྗོད་པའི་ཡི་གེ་གཅིག་པ་ཉིད་ཀྱིས་རིག་པ་འམ། རྩ་བའི་རིག་པའི་སྙིང་པོས་སླར་ཡང ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། ། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གཙུག་ཏོར་བཅིང་ཞིང་ཡོ་བྱད་ཚོགས་པར་བྱས་ནས། བདག་ཉིད་དང་རི་མོ་མཁན་ཆེས་མཁས་པའམ་སློབ་མ་བྱེད་དུ་གཞུག་གོ། དེ་ནས ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བྱས་ནས་སྔར་བརྗོད་པའི་བདུག་པའི་རིག་པས་བདུག་པ་བསྲེག་གོ། ཐལ་མོ་སྦྱར་བ་བྱས་ནས་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱས་ནས་ཕྱེ་མ་བླངས་ཏེ་གཟུགས་ཀྱི་རྣམ་པར་བྱ་ཞིང་། རི་མོ་མཁན་མཁས ་པས་རྫོགས་པར་བྱའོ། ། ཆོ་ག་འདི་དག་གིས་དང་པོ་ཁོ་ནར་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རིན་པོ་ཆེ་སེང་གེའི་ཁྲི་ལ་བཞུགས་པ། གནས་གཙང་མའི་གནྡ ་ན་ཆོས་སྟོན་པར་མཛད་བཞིན་པ་ཀུན་ཏུ་བྲིའོ། ། དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཀུན་ཏུ་བྲིས་ནས་རྗེས་སུ་སྒྲུབ་པ་པོས་བདག་ཉིད་བསྲུང་བའི་ཆོ་ག་དང་རིག་པ་བྱས་ནས། འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱ་སྟེ། ་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་ཞི་དང་། སྟེང་དང་། འོག་ཏུ་གཏོར་བར་བྱའོ།། དེ་ནས་ཁྲུས་བྱས་ནས་མི་ཐབ་དང་ཉེ་བར་སོང་ནས་གོས་གཙང་མ་བགོས་ཏེ་གཙང་སྦྲ་དང་སྲུང་བའི་ཆོ་ག་བྱས་ཏེ། རྩ་བའི་རིག་པས་གུར་ཀུམ ་དང་བསྲེས་པའི་མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། དེ་ནས་ཀུ་ཤའི་ཁྲེས་པ་ཉེ་བར་འདུག་སྟེ། དེ་ཉིད་དུ་བཟླས་པ་བྱེད་ཅིང་དེ་ཉིད་དུ་གནས་པར་བྱའོ།། ཡུངས་ཀར་དཀར་པོ་ལ་ཁྲོ་བོ ་རྒྱལ་པོ་སྒྲོལ་མས་ནོན་པའི་སྔགས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ། མངོན་པར་བསྔགས་ནས་ཁམ་ཕོར་ཁ་སྦྱར་དུ་གཞག་པར་བྱའོ།། བགེགས་ཀྱི་རྣམ་པར་འགྱུར་བའི་གཟུགས་རྣམ་པ་དུ་མ་དང་། ང་རོ་དྲག་པོ་དང ་རླུང་དང་། ཆར་དང་། ཡུལ་ངན་གཞན་དང་གཞན་གང་ཡང་རུང་བ་འོངས་པ་མཐོང་ན། ཁྲོས་པས་ཡུངས་ཀར་གྱི་སྲེས་བླུགས་ལན་བདུན་སྦྱིན་སྲེག་བྱའོ།། དེ་ནས་བགེགས་རབ་ཏུ་འཇིགས་པར་འགྱུར་རོ།། མིའི་བགེགས་ལ་ནི ་ལན་ལྔ་ཆང་པ་ནས་སྦྱིན་སྲེག་བྱས་ན་སྐྱེས་བུ་དེ་རེངས་པར་འགྱུར་བ་འམ། ནུས་པ་མེད་པར་འགྱུར་བ་འམ། འཆི་བར་འགྱུར་བ་འམ། སྐད་ཅིག་དེ་ཉིད་ལ་མི་མ་ཡིན་པས་ཟིན་པར་འགྱུར་བར་ཐེ་ཚོམ་མེད། ཅི་ལྟར་ཡང་མ་ཡིན ་ནོ། བརྒྱ་བྱིན་ཡང་མྱུར་དུ་འཆིན་གདུག་པའི་སེམས་དང་ལྡན་པའི་མི་འམ། བགེགས་ཐ་མལ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྲོ་བོ་སྒྲོལ་མས་ནོན་པའི་འཇིགས་པས་ཕན་ཚུན་དུ་འབྲོས་ཤིང་ངེས་པར་རླག་པར ་འགྱུར་རོ། ། དེ་ནས་རྗེས་སུ་སྒྲུབ་པ་པོས་དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པས་འཟླས་པ་བྱེད་ཅིང་གནས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བཅོམ་ལྡན ་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་ཀྱི་གཡས་ཀྱི་གཞོགས་སུ་རང་སངས་རྒྱས་གཉིས་པདྨ་འི་གདན་ལ་བཞུགས་པ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པར་བྱའོ། ། དེ་དག་གི་འོག་ཏུ་ཉན་ཐོས་ཆེན་པོ་གཉིས་ཆོས་མཉན་པར ་བྱའོ། ། དེ་རྣམས་ཀྱི་གཡས་སུའང་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་སྤྲིན་གྱི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་པས ་པདྨ་བསྣམས་ནས་གཡས་པས་མཆོག་སྦྱིན་པའོ། ། དེའི་ཡང་གཡས་སུ་བཅོམ་ལྡན་འདས་མ་གོས་དཀར་མོ་ཕྱག་ན་པདྨ་བསྣམས་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ་པདྨའི ་གདན་ལ་ཉེ་བར་བཞུགས་པ། རལ་པའི་ཅོད་པན་འཆང་བ། དར་ལ་དཀར་པོའི་ན་བཟའ་བསྣམས་པ། དར་ལའི་སྟོད་གཡོགས་བླ་གོས་བསྣམས་པ། ཐལ་བ་ནག་པོའི་ཐིག་ལེ་གསུམ་བྱས་པའོ།། དེ་བཞིན་དུ་བརྟན་པ་དང ་ཁྲོ་གཉེར་ཅན་མའང་རང་རང་གི་གདན་ལ་རང་རང་གི་སྤྱོད་ལམ་དུ་གནས་ཤིང་ཉེ་བར་བཞུགས་པའང་བྱའོ། ། དེ་རྣམས་ཀྱི་གཡས་སུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། དེ་བཞིན་གཤེགས་པའི ་སྤྱན་མ་དང་། གཙུག་ཏོར་གྱི་རྒྱལ་མོའང་བྱའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བཅུ་དྲུག་བྱ་བ་ལ། འདི་ལྟ་སྟེ། ཀུན་ཏུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། སྒྲིབ་པ་ཐམས་ཅད ་རྣམ་པར་སེལ་བ་དང་། ངན་སོང་སྤོང་བ་དང་། བྱམས་པ་ཕྱག་ན་རྔ་ཡབ་ཐོགས་པ་སངས་རྒྱས་བཅོམ་ལྡན་འདས་ལ་ལྷ་བཞིན་པ་དང་། དྲི་མ་མེད་པའི་བློ་གྲོས་དང་། དྲི་མ་མེད་པའི་ཏོག་དང་། ནོར་བཟང་ང ་ཟླ་འོང་དང་། དྲི་མ་མེད་པར་གྲགས་པ་དང་། ནད་ཐམས་ཅད་གསོ་བར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་རྒྱལ་པོ་དང་། འཇིག་རྟེན་འགྲོ་བ་དང་། བློ་གྲོས་ཆེན་པོ་དང་། མངོན་པར་འཛིན་པ ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་འདི་རྣམས་རབ་ཏུ་ཞི་བའི་སྐུ་དང་རྒྱན་ཐམས་ཅད་ཀྱིས་བརྒྱར་པ་བྱའོ།། རིག་པའི་རྒྱལ་པོའི་གཙོ་བོ་དང་། རིག་པའི་རྒྱལ་མོ་དང་། པདྨའི ་རིགས་གཟུགས་དང་ཕྱག་རྒྱ་རྣམས་ལུང་ལས་ཇི་ལྟར་བཤད་པ་བཞིན་དང་། གནས་ཇི་ལྟ་བ་བཞིན་དུ་བྲིའོ།། མཐའི་གནས་སུའང་གྲུ་བཞིའི་རྣམ་པར་གནས་གཞག་པར་བྱའོ།། པདྨའི་མེ་ཏོག་ལེགས་པར་བྱས་པ་དང་། ་རིག་པའི་ལྷ་གང་གིས་དྲན་པའང་གནས་དེ་རྣམས་སུ་གཞག་པར་བྱའོ།། དེ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡས་ཀྱི་གཞོགས་སུ་རང་སངས་རྒྱས་ནམ་མཁའ་དང་། ཡོངས་སུ་གནས་ཞེས་བྱ་བ་གཉིས་ཀྱང་ངོ་།། དེ་བཞིན ་དུ་ཤར་དུ་ཁ་བལྟས་པའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་སྒོ་རྣམས་བྱའོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་རང་སངས་རྒྱས་ཙན་དན་དང་། གྲུབ་པ་ཞེས་པ་གཞན་གཉིས་ཀྱང་ཀུན་ཏུ་བྲིའོ།། དེ ་རྣམས་ཀྱི་འོག་ཏུ་ཉན་ཐོས་ཆེན་པོ་འོད་སྲུངས་ཆེན་པོ་དང་། ཀ་ཏྱཱ་ཡ་ན་དང་གཉིས་ཀུན་ཏུ་བྲིའོ།། དེ་རྣམས་ཀྱི་ཡང་གཞོགས་སུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་ལྟར་སྔོ་བསངས་སུ་སྣང་བ། རབ་ཏུ་ཞི་བའི་གཟུགས་རྒྱན ་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་རྔ་ཡབ་ཐོག་པ། གཡོན་པས་ཁྲོ་བོའི་སྤྱི་བོར་བཞག་པའོ།། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ལྕགས་སྒྲོགས་དང་། དཔུང་བཟང་དང་། རྡོ་རྗེ་སྡེ་རྣམས་ཆ་བྱང་ཇི་ལྟ་བ་དང་། ་མཚན་མ་ཇི་ལྟ་བ་བཞིན་དུ་བགེགས་རྣམས་འཇོམས་པའོ།། རིག་པའི་རྒྱལ་པོ་དང་རྒྱལ་མོ་འཁོར་དང་བཅས་པ་ཐམས་ཅད་དང་། གཟུག་དང་ཕྱག་རྒྱ་ལ་སོགས་པ་རྣམས་ཇི་ལྟར་དྲན་པ་བཞིན་དུ་བྲིའོ།། དེ་རྣམས་ཀྱི་ཡང་གཡོན་དུ་གྲུ ་བཞིའི་རྣམ་པར་རྡོ་རྗེའི་ཕྱག་རྒྱ་གཉིས་བྲི་བར་བྱའོ། ། བྲིས་ནས་ཀྱང་གནས་གང་དུ་རིག་པའི་ཚོགས་མ་དྲན་པ་དེ་རྣམས་གནས་འདིར་བཞུགས་ཤིག་ཅེས་བརྗོད་པར་བྱའོ།། དེ་རྣམས་ཀྱི་སྟེང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བཅོམ་ལྡན ་འདས་མ་མཱ་མ་ཀཱི་ཀུན་ཏུ་བྲི་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རབ་ཏུ་ཞི་བའི་ལུས་སོ། ། དེ་རྣམས་ཀྱི་ཡང་སྟེང་དུ་གཙུག་ཏོར་གྱི་རྒྱལ་པོ་བརྒྱད་ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། ཕྱག་རྒྱ་བཅིངས་པ། རང་རང་གི་འཁོར ་སྒྱུསྦྱར་བའི་རྒྱལ་པོ་ཆེན་པོའི་གཟུགསུ་ཀུན་ཏུ་བྲི་སྟེ། གསེར་མདོག་དབང་པོ་རབ་ཏུ་ཞི་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཅུང་ཟད་བལྔ་བ་སྦྱིན་པ་རྣམས་འདི་ལྟ་སྟེ། གཙུག་ཏོར་འཁོར ་ལོས་སྒྱུར་བ་དང་། གཙུག་ཏོར་མངོན་པར་འཕགས་པ་དང་། གཙུག་ཏོར་གདུགས་དཀར་པོ་དང་། རྒྱལ་བའི་གཙུག་ཏོར་དང་། པདྨའི་གཙུག་ཏོར་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་དང་། ་གཙུག་ཏོར་མཐོན་པོ་ཞེས་པ་སྟེ། གཙུག་ཏོར་བརྒྱད་པོ་འདི་རྣམས་ཀུན་ཏུ་བྲིའོ།། འཇུག་པའི་ཕྱོགས་ཀྱི་སྒོར་ནི་བྱང་ཆུབ་སེམས་དཔའ་གཉིས་བྱ་སྟེ། གཡས་ཕྱོགས་སུ་ནི་འཇིག་རྟེན་ལས་འདས་པར་འགྲོ་བ་ཞེས་བྱ ་བ.རབ་ཏུ་ཞི་བའི་ལུས་རལ་པའི་ཅོད་པན་འཆང་བ། ཕྱག་གཡས་མཆོག་སྦྱིན་པས་འཕྲེང་བ་འཛིན་པ། ཕྱག་གཡོན་པས་སྤྱི་བླུགས་འཛིན་ཅིང་སྒོལ་མངོན་དུ་ཕྱོགས་པ། བཞིན་ཅུང་ཟད་ཁྲོ་གཉེར་དང་བཅས ་པ་ཀུན་ཏུ་བྲིའོ། ། འཇུག་པའི་སྒོའི་གཡོན་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་རྒྱལ་བ་ལས་རྒྱལ་བ་བྲི་བར་བྱ་སྟེ། རབ་ཏུ་ཞི་བའི་ལུས་རལ་པའི་ཅོད་པན་འཆང་བ། ཕྱག་གཡོན་ན་དབྱུག་གུ་དང་རིལ་བ ་སྤྱི་བླུགས་འཛིན་པ། ཕྱག་གམས་པས་བགྲང་འཕྲེང་བཟུང་ནས་མཆོག་སྦྱིན་པས་རབ་ཏུ་སྦྱིན་པར་བྱེད་པ། བཞིན་ཅུང་ཟད་ཁྲོ་གཉེར་ཅན་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པ ་ཀུན་ཏུ་བྲིའོ། ། སེང་གེའི་ཁྲིའི་འོག་ཏུ་ཆོས་ཀྱི་འཁོར་ལོ་ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། དེའི་འོག་ཏུ་རིན་པོ་ཆེའི་གཞལ་ཡས་ཁང་དེ་ལ་གནས་པའི་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ཧ་ཅང་མི ་སྐེམ་ཧ་ཅང་མི་སྦོམ་པའི་ལུས་སུ་གནས་པ། རབ་ཏུ་ཞི་བའི་སྐུ། གཟུགས་མཛེས་ཤིང་ཅུང་ཟད་འཛུམ་པའི་བཞིན། ཕྱག་གཡོན་པས་ཨུཏྤ་ལ་སྔོན་པོ་བསྣམས་པ། ཕྱག་གཡས་པས་དཔལ་འབྲས་བསྣམས་པ། ་བྱིས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིན་པོ་ཆེའི་ཅོད་པན་འཆང་བ། མུ་ཏིག་གི་འཕྲེང་བས་མཆོད་ཕྱིར་ཐོགས་བྱས་པ། དར་ལའི་སྟོད་གཡོགས་མནབས་པ། དར་གྱི་ན་བཟས་སྨད་གཡོགས་པ། ཀུན་ནས ་འོད་འཕྲོ་བ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། པདྨའི་གདན་ལ་ཉེ་བར་བཞུགས་པ། ཁྲོ་བོའི་རྒྱལ་པོར་གྱུར་པ། སྒྲོལ་མས་ནོན་པ་ལ་གཟིགས་པར་གྱུར་པ། དཀྱིལ་འཁོར་དུ་འཇུག་པའི་སྒོ་ལ་མངོན ་པར་ཕྱོགས་པ། བལྟ་ན་སྡུག་པ་ཐམས་ཅད་དུ་སྲིན་མོ་རལ་པ་གཅིག་པ་བྱས་པའི་གཟུགས་འཆང་བ་ཀུན་ཏུ་བྲིའོ།། དེའི་གཡས་ཕྱོགས་ཀྱི་གཞོགས་སུ་པདྨའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་བྲི་སྟེ། རྣམ་པར ་འགྱུར་བ་ཆེན་པོའི་གཟུགས་ཅན་ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། བཀའ་སོ་སོར་བཞེས་བཞིན་པ། བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ལ་བལྟ་བ་ཀུན་ནས་དྲིའོ།། གཡོན་གྱི་གཞོགས་སུ་པདྨའི་འོག་ཏུ ་གནས་གཙང་མའི་རིས་ཀྱི་ལྷའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ལྔ་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་དུལ་བ་དང་། དག་པ་དང་། མུན་པ་སེལ་བྱེད་དང་། ཀུན་ཏུ་སྣང་བ ་ཞེས་པ་དེ་རྣམས་ཐམས་ཅད་ཀྱང་གནས་གཙང་མའི་གནས་ན་འདུག་པ། རིན་པོ་ཆེ་འབར་བ་དུ་མའི་རྡོའི་མཐིལ་དང་འདྲ་བ། ཀུན་ནས་འབར་བ་རྣམ་པར་བཀྲ་བའི་མེ་ཏོག་རྣམས་ཀྱིས་གཅལ་དུ་བཀྲམ་པ ་གཟུགས་མཛེས་པ་ཀུན་ཏུ་བྲིའོ། ། ཕྱི་རོལ་གྱི་ཁོར་ཡུག་ཏུ་གྲུ་བཞིའི་རྣམ་པ་ལ་ཕྱོགས་བཞིར་རྟ་བབས་བཞི་དང་ལྡན་པ། རྣམ་པར་བཀྲ་བའི་ཚོན་སྣ་ལྔས་གསལ་བ། ཤིན་ཏུ་དྲང་བའི་རི་མེ་དམའ་བས་ནང་གི་ཀྱི ་འཁོར་བྱའོ། ། ཤར་གྱི་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དུ་རི་མོའི་དབུས་སུ་མེ་ཏོག་གི་རྒྱལ་པོའི་དབང་པོ་པདྨའི་གདན་ལ་ཉེ་བར་བཞུགས་པ། དེ་བཞིན་གཤེགས་པའི་གཟུགས་ཤིན་ཏུ་ཆུང་ཙམ་དུ་བྱ ་སྟེ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། ཕྱག་མཆོག་སྦྱིན་པས་རབ་ཏུ་སྦྱིན་པ། སྐུའི་གཙུག་ཏོར་ལ་བཞུགས་པའོ།། དེའི་གཡས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་བྲི་བར་བྱའོ།། གཡོན་དུ་གཟི ་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་བར་བྱའོ། ། དེ་བཞིན་གཤེགས་པ་སྤྱན་མའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྲི་བར་བྱའོ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི ་ཕྱག་རྒྱའི་གཡས་སུ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེ་བཞིན་གཤེགས་པའི་སྐུར་བྱ་སྟེ། ཕྱག་མཆོག་སྦྱིན་པས་རབ་ཏུ་སྦྱིན་པ། པདྨའི་གདན་ལ་ཉེ་བར་བཞུགས་པ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པའོ།། ་དེའི་ཡང་གཡས་སུ་ལྷུང་བཟེད་དང་ཆོས་གོས་ཀྱི་ཕྱག་རྒྱ་བྱའོ།། དེ་བཞིན་དུ་མཐར་གྱིས་འཇུག་པའི་གནས་སུ་པདྨའི་ཕྱག་རྒྱ་བྱའོ།། བཅོམ་ལྡན་འདས་མེ་ཏོག་ཀུན་ནས་རྒྱས་པའི་རྒྱལ་པོ་དེ ་བཞིན་གཤེགས་པའི་གཡོན་དུ་གཙུག་ཏོར་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་སྟེ། ཀུན་ནས་འབར་བས་འཁྲུགས་པའོ།། དེའི་ཡང་གཡོན་དུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སྐུ་རིན་པོ་ཆེའི་རི་ལ་ཉེ་བར་བཞུགས ་པ་ཆོས་སྟོན་པར་མཛད་བཞིན་པ། བཻ་ཌཱུརྱ་སྔོན་པོ་དང་། མར་གང་དང་། པདྨ་རཱ་ག་རྣམ་པ་སྣ་ཚོགས་པ་འབར་བའི་འོད་འབྱིན་པ། ཀུན་ནས་ཀུན་ཏུ་འོད་གསལ་བ་བྲིའོ།། དེའི་ཡང་གཡོན་དུ་རྒྱལ་བའི་གཙུ ་ཏོར་གྱི་ཕྱག་རྒྱ་ཀུན་ནས་འབར་བས་འཁྲུགས་པ་ཀུན་ཏུ་བྲིའོ། ། དེའི་ཡང་གཡོན་དུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཀུན་ནས་འབར་བ་དང་ལྡན་པ་བྲིའོ།། དེའི་ཡང་གཡོན་དུ་རིལ་བ་སྤྱི་བླུགས་དང་། བགྲང་འཕྲེང་དང་། ་བཟང་པོའི་གདན་གྱི་ཕྱག་རྒྱ་བྲིའོ།། སྒོའི་གནས་སུ་རྡོ་རྗེ་རྩེ་གསུམ་པ་གཉིས་ཀ་ནས་ཀུན་ནས་འབར་བ་དྲིའོ།། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་ཕྱག་རྒྱ་ཆེན་པོ་དབྱུག་པ་ཅན་དང་། ཨུཿ ་ལའི་ཕྱག་རྒྱ་ཀུན་ནས་འབར་བ་འདི་དག་ཕན་ཚུན་མ་འབྱར་བར་ཀུན་ཏུ་བྲིའོ། ། དཀྱིལ་འཁོར་གྱི་རྣམ་པ་ཀུན་ཏུ་བྲིས་པའི་ཕྱི་རོལ་གྱི་དཀྱིལ་འཁོར་དེའང་ཚོན་སྣ་ལྔས་འབར་བ། རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ། ་ཟུར་བཞིས་རྣམ་པར་མཛེས་པ། རྟ་བབས་བཞིའི་རྣམ་པ་ཕྱོགས་བཞིར་རོ།། ནང་གི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་གྱི་ཕྱི་རོལ་གྱི་ཤར་ཕྱོགས་སུ་ཚངས་པ་ཆེན་པོ་བྲི་བར་བྱ་སྟེ། གདོང་བཞི་པ། ་གོས་དཀར་པོ་བགོས་པ། སྤྱོད་གཡོགས་གོས་དཀར་པོ་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། གསེར་གྱི་མདོག་རལ་པའི་ཅོད་པན་འཆང་བ། གཡོན་ན་དབྱུག་པ་དང་སྤྱི་བླུགས་ཐོགས་པ། ཕྱག་ན ་རྡོ་རྗེའོ། ། དེའི་ཡང་གཡས་སུ་འོད་གསལ་གྱི་ལྷའི་བུ་བྱ་སྟེ། ལུས་དར་ལའི་གོས་བགོས་པ། དར་ལའི་སྟོད་གཡོགས་ཅན། བཞིན་རབ་ཏུ་ཞི་བ། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར ་པོ་ཅན། སྐྱིལ་ཀྲུང་གིས་ཉེ་བར་འདུག་པ། ཕྱག་གཡས་མཆོག་སྦྱིན་པའོ།། དེའི་ཡང་གཡས་སུ་འོག་མིན་པའི་ལྷའི་བུ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རབ་ཏུ་ཞི་བའི་ལུས། ་སེམས་བསམ་གཏན་ལ་གནས་པ། དར་ལའི་གོས་ཀྱི་བགོ་བ་བགོས་པ། དར་ལའི་སྟོད་གཡོགས་ཅན། སྐྱིལ་ཀྲུང་གིས་ཉེ་བར་འདུག་པ། ཕྱག་གཡས་པས་མཆོག་སྦྱིན་པ། མཆོད་ཕྱིར་ཐོགས་དཀར ་པོ་ཅན་ནོ། ། དེའི་རིམ་པས་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འཐབ་བྲལ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་བྲི་བར་བྱ་སྟེ། གོ་རིམས་ཇི ་ལྟ་བ་བཞིན་དང་། ཆ་བྱད་དང་དབྱིབས་ཇི་ལྟ་བ་བཞིན་ནོ།། བརྒྱ་བྱིན་གྱི་འོག་ཏུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཏེ། རྟག་མྱོས་དང་། འཕྲེང་ཐོགས་དང་། ལག་ན་གནོང་ཐོགས་དང་། བི་ཝང་གཉིས་པ་དང་། ་ས་བླ་བའི་ལྷའི་བུ་རྣམས་གོ་རིམས་ཇི་ལྟ་བ་དང་། ཆ་བྱད་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ།། དེ་བཞིན་དུ་ལྷོ་ཕྱོགས་སུ་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། དགེ་ཆུང་དང ་བསོད་ནམས་སྐྱེས་ལ་སོགས་པའི་ལྷའི་བུ་རྣམས་ཆ་བྱད་དང་དབྱིབས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། ། དེ་བཞིན་དུ་ནུབ་ཀྱི་ཕྱོགས་དང་། དེ་བཞིན་དུ་ཡང་བྱང་གི་ཕྱོགས་སུའང་ངོ་།། ནུབ ་ཀྱི་ཕྱོགས་སུ་དེ་རྣམས་ཀྱི་འོག་ཏུ་འཕྲེང་གཉིས་ལ་བརྟེན་ནས་བྲི་བར་བྱའོ། ། དཀྱིལ་འཁོར་གཉིས་ཀྱི་ཕྱི་རོལ་དུ་དཀྱིལ་འཁོར་གསུམ་པར་འགྱུར་ཏེ། ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི་གོ་རིམས་བཞིན་དུ ་བྲི་བར་བྱའོ། ། བྱང་ཕྱོགས་སུ་འཇུག་པའི་གཡས་ངོས་སུ་ནོར་སྦྱིན་གཏེར་དང་ཉེ་བར་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཅོད་པན་ཅུང་ཟད་བཅོམ་པ། གནོད་སྦྱིན་གྱི་གཟུགས་ཅན་ནོ།། དེའི ་གཡས་སུ་ནོར་བུ་བཟང་པོ་དང་། གང་བ་བཟང་པོ་གནོད་སྦྱིན་གྱི་སྡེ་དཔོན་དག་བྲིའོ།། དེ་བཞིན་དུ་རིམ་གྱིས་གནོད་སྦྱིན་མ་ཆེན་མོ་འཕྲོག་མ་བྲི་སྟེ། གཞོན་ནུ་དགའ་བྱེད་པང་ན་འདུག་པ། དཀྱིལ་འཁོར་ལ་ངེས ་པར་རྟོག་བཞིན་པ་བྲིའོ། ། ལྔས་རྩེན་དམར་སེར་འཇིགས་སུ་རུང་བའང་བྲི་སྟེ། དེ་རྣམས་ཀྱི་ཉེ་ལོགས་སུ་གནོད་སྦྱིན་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱའོ།། དེ་བཞིན་དུ་རིམ་གྱིས་ནུབ་ཀྱི་ཕྱོགས་སུ་ཆུ་ལྷ་ལག་ན་ཞགས་པ་ཐོགས ་པ་དང་། ཀླུ་དགའ་བོ་དང་། ཉེ་དགའ་བོ་དང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བརྒྱད་བྲི་བར་བྱའོ།། དེ་བཞིན་དུ་འཕྲེང་གཉིས་པ་ལ་བརྟེན་ནས་གོ་རིམས་བཞིན་དུ་གནོད་སྦྱིན་དང་། ་སྲིན་པོ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲང་སྲོང་དང་། གྲུབ་པ་དང་། ཡི་དགས་དང་། ཤ་ཟ་དང་། ནམ་མཁའ་ལྡིང་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་དང་། སྨན་དང་། ་ནོར་བུ་རིན་པོ་ཆེའི་བྱེད་བྲག་དང་། རི་བོ་དང་། ཆུ་བོ་དང་། གླིང་རྣམས་གོ་རིམས་བཞིན་དུ་གཙོ་བོར་གྲགས་པ་དང་། མཆོག་ཏུ་གཙོ་བོ་ཐམས་ཅད་ཀྱང་བྲི་བར་བྱའོ།། ལྷོ་ཕྱོགས་སུ་གཤིན་རྗེ་མ་མོ་བདུན་གྱི་འཁོར་དང་བཅས ་པ་བྲི་བར་བྱའོ། ། ཤར་ལྷོའི་ཕྱོགས་སུ་མེ་ལྷ་ཀུན་ནས་འབར་བའི་འཕྲེང་བས་འཁྲུག་པ། དབྱུག་པ་དང་། རིལ་བ་སྤྱི་བླུགས་དང་། བགྲང་འཕྲེང་ལག་ན་ཐོགས་པ། རལ་པའི་ཅོད་པན་འཆང་བ། གོས་དཀར་པོ་བགོས ་པ་དར་ལའི་སྟོད་གཡོགས་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། གསེར་གྱི་མདོག་ཐལ་བའི་ཐིག་ལེ་གསུམ་བྱས་པ། སྣ་ཚོགས་པའི་རྒྱན་དང་། མཚོན་ཆ་དང་། ཆ་བྱད་དང་། དབྱིབས་དང་། ཁ་དོག ་དེའང་འཕྲེང་གཉིས་པ་ལ་བརྟེན་ནས་བྲི་བར་བྱའོ། ། ཐམས་ཅད་ནས་འཇུག་པའི་དཀྱིལ་འཁོར་ཆེན་པོར་དཀའ་བཟློག་གི་བདག་པོ་ཁྱུ་མཆོག་ལ་ཞན་པ། ལག་ན་མདུང་རྩེ་གསུམ་ཐོགས་པའོ།། ལྷ་མོ་དཀར ་བཟློག་མའང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། སྨིན་དྲུག་གི་བུའང་རྨ་བྱ་ལ་ཞོན་པ། ལག་ན་མདུང་ཐུང་ཐོགས་པ། གཞོན་ནུའི་གཟུགས་ཅན། གདོང་དྲུག་པ། ལུས་དམར་པོར་སྣང་བ། གོས་སེར་པོ ་བགོས་ཤིང་སྟོད་གཡོགས་གོས་སེར་པོ་ཅན། ཕྱག་གཡོན་པས་དྲིལ་བུ་ཐོགས་ནས་བ་དན་དམར་པོ་ཐོགས་པའོ།། གོ་རིམས་བཞིན་དུ་བྷྲྀ་གི་རི་ཊི་ཤིན་ཏུ་རིད་པའི་རྣམ་པ་དང་། ཚོགས་ཀྱི་བདག་པོ་ཆེན་པོ་དང་། ་དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། མ་མོ་བདུན་པོ་རྒྱན་དང་། ཆ་བྱད་དང་། དབྱིབས་ཇི་ལྟ་བ་བཞིན་དུ་མངོན་པར་བྲིའོ།། ནོར་ལྷ་བརྒྱད་དང་། དྲང་སྲོང་བདུན་དང་། ཁྱབ་འཇུག་ཕྱག་བཞི་པ། ་ཕྱག་ན་འཁོར་ལོ་དང་། བེ་ཅོན་དང་། དུང་དང་། རལ་གྲི་ཐོགས་པ། ནམ་མཁའ་ལྡིང་གི་བཞོན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། གཟའ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ ་བདུན་དང་། གང་ས་སྟེངས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བའི་ཉེ་བའི་གཟའ་བརྒྱད་པོ་ཉིད་ཀྱང་བྲིའོ།། གོ་རིམས་བཞིན་དུ་དཀར་པོ་དང་། ནག་པོའི་ཚེས་བཅོ་ལྔ་དང་། ཁྱིམ་བཅུ་གཉིས་དང་། དུས་དྲུག ་དང་། ཟླ་བ་བཅུ་གཉིས་དང་། ལོ་ཚོགས་དང་། སྲིང་མོ་བཞི་གྲུ་ལ་ཞོན་པ་དང་། ལྔ་པ་མིང་པོ་ཆུ་ལ་གནས་པ་རྣམས་ཀྱང་སྟེ། མདོར་ན་ཕྱག་རྒྱ་རྣམས་སུ་རྣམ་པར་གཞག་པར་བྱའོ།། ལྷ་རྣམས་གོ་རིམས་བཞིན་དུ ་འཕྲེང་གཉིས་སུ་བྱའོ། ། མདོར་ན་དཀྱིལ་འཁོར་གསུམ་པར་ཡང་དཀྱིལ་འཁོར་གསུམ་པ་ལ་བརྟེན་ནས་མངོན་པར་བྲི་བར་བྱ་སྟེ། དཀྱིལ་འཁོར་གསུམ་པོ་རྣམས་སུའང་གྲུ་བཞིར་རྣམ་པར་གཞུག་པར་བྱའོ།། འདི་རྣམ་བཅོམ་ལྡན་འདས་སོ།། ་མདོར་བསྡུས་ན་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ནི་ངེས་པར་མངོན་པར་བྲི་བར་བྱའོ།། པདྨའི་རིགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་གཡས་སུ་ངེས་པར་བྲི་བར་བྱའོ།། ་རྡོ་རྗེའི་རིགས་འཕགས་པ་ཕྱག་ན་རྡོ་རྗེ་ནི་གཡོན་དུ་ངེས་པར་བྲི་བར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ངེས་པར་བྲི་བར་བྱའོ།། འཇམ་དཔལ་གཞོན་ནུར་གྱུར་པ་ངེས་པར ་བྲི་བར་བྱའོ། ། ལྷག་མ་རྣམས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུ་ངེས་པར་བྲི་བར་བྱའོ།། འདི་དག་ནི་ནང་གི་དཀྱིལ་འཁོར་རོ།། དཀྱིལ་འཁོར་བར་བ་ལའང་ཤར་གྱི་ཕྱོགས་སུ་མི་མཇེད ་ཀྱི་བདག་པོ་ཚངས་པའང་ངེས་པར་མངོན་པར་བྲི་བར་བྱའོ། ། དེ་བཞིན་དུ་ལྷོའི་ཕྱོགས་སུ་འོད་གསལ་བའོ།། འོག་མིན་དང་གཟུགས་ཅན་མིན་པ་རྣམས་ལྷའི་དཀྱིལ་འཁོར་གྱི་རྣམ་པར་རོ།། འདུ་ཤེས་མེད ་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མི་གསལ་བའི་ལྷ་རྣམས་ནི་མ་ཡིན་ནོ། ། བྱང་གི་ཕྱོགས་སུ་བརྒྱ་བྱིན་ལྷའི་རྒྱལ་པོ་དང་། རབ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ་འོད་ཆུང་ལ་སོགས་པའི་ལྷའི་བུ་རྣམས་ལྷའི་རྒྱལ་པོ་རེ་རེ་ངེས་པར་མངོན་པར་བྲི་བར་བྱའོ།། ལྷག་མ་རྣམས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུ་མངོན་པར་བྲི་བར་བྱའོ།། དེ་བཞིན་དུ་དཀྱིལ ་འཁོར་གསུམ་པར་ཡང་བྱང་གི་ཕྱོགས་སུ་འབྱུང་པོའི་བདག་པོ་དབང་ལྡན་དཀའ་ཐུབ་བཟློག་པ་དང་བཅས་པ་ངེས་པར་མངོན་པར་དྲི་བར་བྱའོ། ། སྒོ་གཉིས་པའི་ཉེ་ལོགས་སུ་གཞོན་ནུ་སྨིན་དྲུག་གི་བུ་རྨ་བྱའི་གདན ་ལ་ལག་ན་མདུང་ཐུང་ཐོགས་པ། ལུས་དམར་པོར་སྣང་བ། གོས་སེར་པོའི་སྟོད་གཡོགས་བགོས་པ། ཕྱག་གཡས་ན་དྲིལ་བུ་དང་བ་དན་དམར་པོ་བྲེགས་པ། གཞོན་ནུའི་གཟུགས་ཅན་དཀྱིལ་འཁོར་ལ་ངེས་པར ་རྟོག་བཞིན་པའོ། ། ཤར་གྱི་ཕྱོགས་སུ་ནམ་མཁའ་ལྡིང་འདབ་ཆགས་ཀྱི་གཟུགས་ཅན་དང་། དྲང་སྲོང་མཱནཿ་ངེས་པར་མངོན་པར་བྲི་བར་བྱའོ།། ལྷག་མ་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུའང་ངོ་།། ་ལྷོ་ཤར་དུ་གཞོན་ནུ་མ་བཞི་དང་། གཞོན་ནུ་མིང་པོ་དང་ལྷན་ཅིག་པ་གྲུའི་བཞོན་པ་ལ་ཀུན་ཏུ་གནས་པ། ཆུ་གཏེར་ཆེན་པོ་ལ་ཡོངས་སུ་རྒྱུ་བར་བྱེད་པ་དང་། མེ་ལྷའི་རྒྱལ་པོའང་ངེས་པར་མངོན་པར་བྲི་བར་བྱའོ།། ་དེ་བཞིན་དུ་ལྷོའི་ཕྱོགས་སུ་ལང་ཀའི་གྲོང་གི་སྲིན་པོའི་བདག་པོ་ཤིན་ཏུ་འཇིགས་སུ་རུང་བ་སྟེ། དེར་ཤིང་པི་ཙུ་མ་རྟལ་བརྟེན་ནས་གནས་པ་དང་། རྨུགས་འཛིན་ཆུའི་དབང་པོ་ཞེས་བྱ་བ་གནོད ་སྦྱིན་གྱི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ངེས་པར་མངོན་པར་བྲི་བར་བྱའོ། ། དེ་བཞིན་དུ་གོ་རིམས་བཞིན་དུ་གཤིན་རྗེའི་རྒྱལ་པོ་ཡི་དགས་རྫུ་འཕྲུལ་ཆེན་པོ་ཅན་ངེས་པར་མངོན་པར་བྲི་བར་བྱའོ།། དེ་བཞིན་དུ ་ཟོའི་རྒྱལ་པོ་རྣམ་པར་གཡེང་བྱེད་ཅེས་བྱ་བ་ངེས་པར་མངོན་པར་བྲི་བར་བྱའོ། ། ལྷག་མ་ཕྱག་རྒྱ་རྣམས་སུའང་རྣམ་པར་གཞག་པར་བྱའོ།། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་སུ་ཀླུའི་གཙོ་བོ་དགའ་བོ་དང་ཉེ་དགའ་བོ་ངེས་པར་མངོན ་བར་དྲི་བར་བྱ་སྟེ། གཟའི་གཙོ་བོ་ཉི་མའང་ངོ་།། ནུབ་ཀྱི་ཕྱོགས་སུ་ཐུབ་པ་སེར་སྐྱ་ཞེས་བྱ་བ་དྲང་སྲོང་གི་མཆོག་དང་། མུ་སྟེགས་ཅན་གཅེར་བུ་པའི་ཁྱུ་མཆོག། ཅེར་བུའི་གཟུགས་སུ་གོ་རིམས་བཞིན་དུ་ཕྱག་རྒྱ་རྣམས ་སུ་རྣམ་པར་གཞག་པར་བྱའོ། ། བྱང་ཆུབ་ཀྱི་ཕྱོགས་སུ་གནོད་སྦྱིན་གྱི་རྒྱལ་པོ་ནོར་སྦྱིན་དང་། དྲི་ཟའི་རྒྱལ་པོ་ཟུར་བུད་ལྔ་པ་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་སྟེ། འདི་རྣམས་ངེས་པར་བྲི་བར་བྱའོ།། ལྷག་མ་ནི ་དབྱིབས་ཇི་ལྟར་ཀུན་ཏུ་གནས་པ་བཞིན་དུ་གོ་རིམས་བཞིན་ཕྱག་རྒྱ་རྣམས་སུའང་མངོན་པར་བྲི་བར་བྱའོ། ། དཀྱིལ་འཁོར་བཞི་པ་མངོན་པར་བྲིའོ།། ཞེས་པ་ཕྱི་རོལ་གྱི་དཀྱིལ་འཁོར་བཞི་པར་རི་མོ་ལྔས་སྤྲས་པ ་ཕྱག་རྒྱའི་འཕྲེང་བས་མཛེས་པར་བྱས་པ། གྲུ་བཞི་དང་རྟ་བབས་བཞིའི་རྣམ་པ་དང་། རྒྱལ་པོ་ཆེན་པོ་བཞིས་རྣམ་པར་བརྒྱན་པ། གོ་རིམས་ཇི་ལྟ་བ་བཞིན་དུ་གནས་པ་ལ་འདི་ལྟ་སྟེ། འཇུག་པའི་སྒོར་ཕྱག་རྒྱར ་གྱུར་པ་ནི་ཨུཏྤ་ལ་སྔོན་པོར་བྲིའོ། ། གཡས་དང་གཡོན་དུ་ནི་པདྨ་དང་། རྡོ་རྗེ་དང་། དགྲ་སྟ་དང་། དུང་དང་། མདུང་རྩེ་གསུམ་པ་དང་། བེ་ཅོན་དང་། འཁོར་ལོ་དང་། སྭསྟི་ཀ་དང་། བུམ་པ་དང་། ཉ་དང་། ་དུང་དང་། གདུབ་ཀོར་དང་། རིལ་བ་སྤྱི་བླུགས་དང་། རྒྱལ་མཚན་དང་། བ་དན་དང་། ཞགས་པ་དང་། དྲིལ་བུ་དང་། གྲི་དང་། ཐོ་བ་དང་། གཞུ་དང་། ལྕགས་མདའ་སྟེ། འདི་རྣམས་རྣམ་པ་སྣ་ཚོགས ་པའི་མཚོན་ཆའི་མཆོག་གི་ཕྱག་རྒྱས་ཁོར་ཡུག་ཏུ་གྲཝ་བཞི་འཕྲེང་བས་ཁྱབ་པར་བྱའོ། ། དེ་ནས་ཕྱི་རོལ་གྱི་ཕྱོགས་བཞིར་ཕྱག་རྒྱ་ཆེན་པོ་བཞི་གཞག་པར་བྱ་སྟེ། བྱང་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་པའི་རྣམ ་པ་ཅན་བྱས་ནས་རྡོ་རྗེ་གཉིས་ཀ་ནས་རྩེ་མོ་གསུམ་པའི་རྣམ་པ་ཀུན་ནས་འབར་བའོ། ། ཤར་ཕྱོགས་སུ་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པ་ཅན་བྱས་ནས་པདྨ་ཀུན་ནས་འབར་བ་ཅན་གཞག་པར་བྱའོ།། ལྕེའི ་ཕྱོགས་སུ་དཀྱིལ་འཁོར་གཞུའི་རྣམ་པ་ཅན་བྱས་ནས་ལྷུང་བཟེད་ཀུན་ནས་འབར་བ་ཅན་གཞག་པར་བྱའོ། ། ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་ཉི་མའི་རྣམ་པ་ཅན་བྱས་ནས་ཨུཏྤ་ལ་སྔོན་པོ་རང་གི་སྡོང་བུ་དང ་འདབ་མ་དང་ལྡན་པ་ཀུན་ནས་འབར་བའོ། ། ཕྱོགས་བྲལ་རྣམས་སུ་ཕྱག་རྒྱ་བཞིར་འགྱུར་ཏེ། ནུབ་བྱང་གི་ཕྱོགས་སུ་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་བྱས་ནས་ཞགས་པ་ཀུན་ནས་འབར་བའོ།། ལྷོ་ནུབ་ཀྱི་ཕྱོགས་སུ ་དཀྱིལ་འཁོར་རིང་པོའི་རྣམ་པ་བྱས་ནས་དབྱུག་པ་ཀུན་ནས་འབར་བའོ། ། ལྷོ་ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པ་ཅན་བྱས་ནས་དགྲ་སྟ་ཀུན་ནས་འབར་བའོ།། བྱང་ཤར་གྱི་ཕྱོགས་སུ་རལ་གྲི ་ཀུན་ནས་འབར་བ་གཞག་པར་བྱའོ། ། ཐམས་ཅད་ནས་མངོན་པར་བྲིས་ནས་སྟེང་དང་། འོག་དང་། ཐད་ཀར་ཕྱག་རྒྱ་གསུམ་ཕྱིའི་དཀྱིལ་འཁོར་གྱི་སྒོ་དང་ཉེ་བར་ཕྱེ་མ་ཉིད་ཀྱིས་བྲི་བར་བྱ ་བ་ལ་འདི་ལྟ་སྟེ། གོས་དང་། བསིལ་ཡབ་དང་། ལྷམ་ཀུན་ནས་འབར་བ་དེ་རྣམས་མངོན་པར་བྲི་བར་བྱའོ་ཞེས་སོ།། བྱང་ཆུབ་སེམས་དཔའ་བློ་ལྡན་པས། སེམས་ཅན་ཕན་དོན་འདོད་པ་ཡི། དཀྱིལ་འཁོར་ཚེ ་ག་འདི་རྣམས་ཀྱིས། མདོར་བསྡུས་འདིར་ནི་བསྟན་པ་ཡིན།། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་དང་པོ་ཉིད་དུ་སློབ་མ་གཟུང་བར་བྱ་སྟེ། དབང་པོ་མ་ཚང་བ་མེད་པ་དང་། ཡན་ལག་ཐམས་ཅད་མཛེས་པའི་བྲམ ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐེག་པ་ཆེན་པོའི་ཐེག་པ་པ། ཐེག་པ་གཞན་མི་འདོད་པའི་ངང་ཚུལ་ཅན་གྱི་སེམས་དཔའ་ཆེན་པོ་དད་ཅིང་དགེ་བའི་ཆོས་ཅན ་དང་རྒྱལ་སྲིད་ཆེན་པོ་མངོན་པར་འདོད་པ་དང་། ལོངས་སྤྱོད་ཆུང་བ་ལ་སྨོད་པ་དང་། ལོངས་སྤྱོད་ཆེན་པོ་མངོན་པར་འདོད་པ་དང་ལྡན་པ་དང་། བཟང་ཞིང་དུལ་ལ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང་། ་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྡོམ་པ་ལ་གནས་པ། གསོ་སྦྱོང་ལ་ཉེ་བར་གནས་ཤིང་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཞེ་མི་སྡང་བ་དང་། ཕྱོགས་ཆེན་པོ་དང་། རིགས ་དང་ལྡན་པ་དང་། རང་བཞིན་གྱིས་ཆོས་སྤྱོད་པ། ཉིན་དང་མཚན་དུ་སྦྱང་བར་གནས་པ། གོས་གཙང་མ་བགོས་པ། སྐྲ་དྲི་ཞིམ་པ་དང་ཁྲུས་གསུམ་བྱས་པ། མི་སྨྲ་བར་གྱུར་པ། དེའི་ཉིན་མོ་གའུར་དང་། ་གུར་ཀུམ་དང་། མ་ལ་ཡའི་ཙན་དན་དྲི་ཞིམ་པོས་དྲི་ཞིམ་པར་བྱས་པ། རྟག་ཏུ་ཉེ་རེག་བྱས་པ། རྟག་ཏུ་ཉེ་རེག་བྱས་པ་དང་ལྡན་པ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། སྲུང་བའི་ཆོ་ག་བྱས་པ་དང་། ཚངས་པར ་སྤྱོད་པ་དང་། བདེན་པ་དང་ལྡན་པ། རྒྱལ་བར་དགོངས་པ། ཕྱིའི་དཀྱིལ་འཁོར་དེ་ཉིད་དུ་ཧ་ཅང་ཡང་མི་ཉེ། ཧ་ཅང་ཡང་མི་རིང་བར་གཞག་པར་བྱའོ།། གཙང་ཞིང་གཙང་སྦྲ་བྱས་པ་ཇི་སྲིད་གཅིག་ནས་བརྒྱད་ལ ་སོགས་པའི་བར་རྣམས་ཏེ། གཞན་རྣམས་ནི་མ་ཡིན་ནོ།། དེ་རྣམས་ཀྱང་ཕན་ཚུན་ཀུན་ཏུ་ཆགས་པ། རྒྱལ་རིགས་སྤྱི་བོར་མངོན་པར་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དང་། དེ་རྣམས་ཀྱི་བུ་གཞོན་ནུ་དང་གཞོན་ནུ ་མ་རྣམས་གྲོང་པའི་ཆོས་མི་ཤེས་པ་སྟེ། བཅོམ་ལྡན་འདས་གཞོན་ནུའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་བྱིས་པའི་སྐྱེ་བོ་རབ་ཏུ་སད་པར་བྱེད་པ། གཞོན་ནུའི་སྐྱེ་བོ་དགའ་བར་བྱེད་པས ་སོ། དེ་ནས་ཆེས་ཐོག་མར་དེ་ལྟ་བུའི་གྲོང་པའི་ཆོས་མི་ཤེས་པ་རབ་ཏུ་གཞུག་པར་བྱ། རྒྱལ་པོ་ཆེན་པོ་མངོན་པར་འཕེལ་བ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། ལོངས་སྤྱོད་ཆེན་པོ ་མངོན་པར་འཕེལ་བ་དང་། ཁྱད་པར་དུའང་ཚུལ་ཁྲིམས་དང་ལྡན་པས་རིག་པའི་དངོས་གྲུབ་ངེས་པར་གནས་པའི་ཕྱིར་རོ།། དེ་ལྟར་སྔར་བཞག་པ་བྱས་ནས་གྲོགས་བཟང་པོ་དང་ལྡན་པའི་སློབ་དཔོན་གྱིས་ག་པུར་གྱི ་བདུག་པ་བསྲེགས་ཏེ། རྒྱབ་ཀྱིས་ཕྱོགས་པ་མ་ཡིན་པར་ཕྱི་རོལ་ཏུ་འབྱུང་བར་བྱ་སྟེ། བྱུང་ནས་ཀྱང་ཇི་ལྟར་བདེ་བའི་ཆུ་ཤིན་ཏུ་གཙང་སྦྲ་བྱས་པ། སྲོག་ཆགས་མེད་པ། རྩ་བའི་རིག་པ་བརྒྱད་བརྒྱ་མངོན་པར་བཟླས ་པ། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པའི་ཆུས་ཁྲུས་བྱས་ནས། ཉེ་རེག་བྲུས་ཏེ་གོས་གཙང་མ་བགོས་པའི་གཙང་མས་མེ་ཐུབ་ཏུ་སོང་ནས། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། བྱང ་ཤར་དུ་མངོན་པར་ཕྱོགས་པས་ག་པུར་དང་གུར་ཀུམ་ཙན་དན་དང་བསྲེས་པའི་མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། སྔར་བརྗོད་པའི་ཆོ་གས་སྤྱན་དྲངས་པ་དང་གཤེགས་སུ་གསོལ་ལོ།། སླར ་ཡང་དཀྱིལ་འཁོར་དུ་འཇུག་པར་བྱའོ། ། ཞུགས་ནས་བུམ་པ་གང་བ་བརྒྱད་གཙང་མའི་གོས་དང་ལྡན་པ། ཤིང་ས་ཧ་ཀ་རའི་ཡལ་འདབ་དང་འབྲས་བུས་རྣམ་པར་བརྒྱན་པ། གསེར་དང་། དངུལ་དང་། རིན་པོ་ཆེ ་དང་འབྲུ་ནང་དུ་བཅུག་པ་དེ་ལྟ་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོ་སོར་དབུལ་བར་བྱའོ། ། གཉིས་པ་ནི་སངས་རྒྱས་ཐམས་ཅད་ལའོ།། གསུམ་པ་ནི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལའོ།། བཞི ་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའོ། ། ལྔ་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལའོ།། དྲུག་པ་ནི་ལྷ་ཐམས་ཅད་ལའོ།། བདུན་པ་དང་བརྒྱད་པ་ནི་དཀྱིལ་འཁོར ་གཉིས་པའི་སྒོ་ཁང་དུ་གཞག་པར་བྱ་སྟེ། གཅིག་ནི་འབྱུང་པོ་ཐམས་ཅད་ལའོ།། གཉིས་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་པར་ཡོངས་སུ་བསྔོས་ནས་གཞག་པར་བྱའོ།། དེ་ནས་སྔར་བརྗོད་པའི ་ཆོག་ཉིད་ཀྱིས་བདུག་པ་བསྲེག་ཅིང་ཨུཏྤ་ལའི་ཕྱག་རྒྱ་བཅིངས་ནས་སླར་ཡང་སྤྱན་དྲང་བར་བྱ་སྟེ། སངས་རྒྱས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ ་སེམས་དཔའ་ཆེན་པོ་རྣམས་དང་། འབྱུང་པོ་ཐམས་ཅད་དང་། སྤྱན་རས་གཟིགས་དབང་ཕྱུག་ཀྱང་སྔར་བརྗོད་པའི་ཆོ་ག་ཉིད་ཀྱིས་སྤྱན་དྲང་བར་བྱའོ།། དེ་བཞིན་དུ་མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། ་ལྷ་བཤོས་ཀྱང་སྔར་བསྟན་པ་ཉིད་ཀྱི་ལས་ཀྱིས་ལྷ་བཤོས་ཐམས་ཅད་ཀྱིས་ཐམས་ཅད་དུ་གོ་རིམས་བཞིན་དུ་བྱའོ།། མར་མེ་སྨོས་པ་ཉིད་ཀྱིས་མར་གྱི་མར་མེ་དབུལ་བར་བྱའོ།། འཕགས་པ་དང་འཕགས་པ་མ་ཡིན་པ་ཐམས ་ཅད་ལ་ལྷ་བཤོས་སྨོས་པས། སཱ་ལུའི་ཟན་ཞོ་དང་སྦྲང་རྩི་དང་ལྡན་པ། འོ་ཐུག་ཁྱད་པར་ཅན་ཁྱད་པར་ཅན་གྱིས་ཉེ་བར་སྦྱར་བའི་མར་ལ་བཅོས་པའི་སྣུམ་འཁུར་གྱིས་མྱ་ངན་མེད་པ་འཁྱིལ་བ་དང་། ཁཎྜ་ལ་སོགས་པ་ཐམས ་ཅད་དེ་བཞིན་གཤེགས་པ་རྣམས་ལ་དབུལ་བར་བྱའོ། ། ཕྱི་རོལ་གང་བ་དང་། ཙན་དན་གྱི་ཐང་ཆུ་སྒྲརྩི་དང་འོ་མ། འོ་ཐུག་ཏུ་བཙོས་པའི་བཟའ་བ་རྣམས་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། འཕགས་པའི་ལྷ་རྣམས་ལ་མེ་ཏོག་དྲི་ཞིམ་པོ་རྣམས་ཀྱང་དབུལ་བར་བྱའོ།། ལ་དུ་ཅན་དང་། གརྦྷཏྟཱ་ར་ཀཱི་ཁྱད་པར་དང་། སྔར་གྱི་ཡོ་བྱད་རྣམས་ལྷ་ཐམས་ཅད་དང་། འབྱུང་པོའི ་ཚོགས་དང་། སེམས་ཅན་ཐམས་ཅད་ལ་སྔགས་དང་ལྡན་པའི་ཆོ་གས་དབུལ་བར་བྱའོ།། དེ་བཞིན་དུ་སྣ་མ་དང་། རྒྱ་སྤོས་ཀྱི་མེ་ཏོག་དང་། པུནྡྷ་ག་ལ་སོགས་པ་རྣམས་སྔར་ངེས་པར་བསྟན་པ་རྣམས་སངས་རྒྱས ་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འཕགས་པ་དང་། འཕགས་པ་མ་ཡིན་པའི་ལྷ་རྣམས་ཐམས་ཅད་ལ་དབུལ་བར་བྱའོ།། ཁྱད་པར་དུ་དེ་བཞིན ་གཤེགས་པའི་རིགས་ལ་སྣ་མའི་མེ་ཏོག་དང་། པདྨའི་རིགས་ལ་པདྨ་དང་། དེ་བཞིན་དུ་ཕྱག་ན་རྡོ་རྗེའི་རིགས་ལ་ཨུཏྤལ་དང་། གཞན་རྣམས་ལ་ཐ་མལ་བའི་སྔགས་ཀྱིས་སོ།། དེ་བཞིན ་གཤེགས་པའི་རིགས་ལ་ག་པུར་གྱི་བདུག་པའོ། ། པདྨའི་རིགས་ལ་ཙན་དན་ནོ།། དེ་བཞིན་དུ་གསང་བའི་བདག་པོ་རྡོ་རྗེ་ཅན་ཉིད་ཀྱི་གུ་གུལ་དུ་ཤེས་པར་བྱའོ།། སྔགས་གཞན་ཐམས་ཅད་ལ་བདུག་པ་ཐ་མལ་པ་དབུལ་བར ་བྱའོ། ། འཕགས་པ་རྣམས་ནི་ཐམས་ཅད་ལ།། མར་གྱི་མར་མེད་དབུལ་བར་བྱ།། འཕགས་པ་མིན་པའི་སྔགས་རྣམས་ལ།། དྲི་ཞིམ་ཏིལ་མར་དབུལ་དུ་གཞུག། ཆོ་གའི་གོ་རིམས་བཞིན་དུ་ནི།། བདུག་པ་མཐོང ་བའི་རྒྱུ་ཡིས་སོ། ། དེ་བཞིན་ཁོ་ནར་བརྗོད་པའི་དྲི།། སྔགས་རྣམས་ཀུན་ལ་རྟག་པར་དེའོ།། དེ་བཞིན་གཤེགས་ལ་གང་བརྗོད་དང་།། ཕྱག་ན་རྡོ་རྗེ་གང་བརྗོད་པ།། རང་རང་གི་ནི་རྒྱུད་རྣམས་སོ།། སྔགས་སྤྱོད་དོན་དུ ་སྒྲུབ་པ་པོས། ། འདིར་ནི་ཆོ་ག་བལྟ་བར་བྱ།། ཀུན་ནས་རྗེས་སུ་འཇུག་པའོ།། ཞེས་པའོ།། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་སྔར་ཆོ་ག་མཐོང་བས་སྤྱན་དྲང་བ་དང་། མཆོད་པ་དང་། བདུག་པ་ལ་སོགས་པ ་དང་། ལྷ་བཤོས་རབ་ཏུ་དབུལ་བ་རྗེས་སུ་འཇུག་པའི་བྱ་བ་བྱས་ནས། དེའི་འོག་ཏུ་སྒྲུབ་པའི་གྲོགས་མཆོག་མཁས་ཤིང་སྐྱེན་པས། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཤ་མེད་པ་ཐམས་ཅད་རྔ་པ་ཊ་ཧ་དང་། ་དུང་གི་དགའ་བའི་སྒྲ་དབྱངས་ངེས་པར་སྒྲོགས་པས། བདུག་པ་དང་། མེ་ཏོག་དང་། མར་མེ་དང་། འཕྲེང་བས་རྣམ་པར་སྤྲས་པ་ཕྱོགས་བཞི་རྣམས་དང་། ཕྱོགས་བྲལ་རྣམས་དང་། སྟེང་དང་། འོག་ད། ་ཐད་ཀ་ཐམས་ཅད་དུ་ཕྱིའི་དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་རྒྱ་ཆེར་གཏོར་བར་བྱའོ།། དེ་ནས་ཁྲུས་བྱས་ནས་སླར་ཡང་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་འབྲས ་སྤུསཱ་ལུ་དང་། ཐུག་པོ་ཆེའི་སྦྱིན་སྲེག་རྩ་བའི་རིག་པ་འམ་སྙིང་པོས་སྟོང་ཕྲག་བརྒྱད་བྱའོ།། སྦྱིན་སྲེག་བྱས་ནས་ཀྱང་སྔར་བཀོད་པའི་དཀྱིལ་འཁོར་ལ་རྗེས་སུ་ཞུགས་པའི་སེམས་དཔའ་ཆེན་པོ་ལ་སྲུང་བའི ་ཆོ་ག་རྣམས་བྱས་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་སློབ་མ་ཉིད་དུ་ཁས་བླངས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། གསོ་སྦྱོང་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་ལུས ་དངོས་གྲུབ་ཀྱི་དོན་དུ་ཕུལ་བ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་ལོངས་སྤྱོད་པ་ཐུན་མོང་བར་གྱུར་པ། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་གནོན་པར་བྱེད་པ། དགེ་བ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི ་སངས་རྒྱས་ཐོབ་པར་འདོད་པ་རྣམས་ལ་དཀྱིལ་འཁོར་བསྟན་པ་ཉིད་ལས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། མཚམས་མེད་པ་བྱེད་པའི་སྐྱེ་བོ་རྣམས་ཀྱང་སྐད་ཅིག་དེ་ལ་གྲོལ་བར་འགྱུར་རོ།། དེ་ནས ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གོས་མ་ཉམས་པ་ཐ་ག་པས་བཏགས་མ་ཐག་པ། སྒྲ་དང་བྲལ་བ། རྩ་བའི་རིག་པས་ལན་བདུན་མངོན་པར་བསྔགས་པ། དྲི་ཞིམ་པོའི་ཙན་དན་དང་གུར་ཀུམ་གྱིས་བགོས་པའི ་དར་གྱིས་དཀྱིལ་འཁོར་དུ་འཇུག་པར་འདོད་པ་རྣམས་ཀྱི་གདོང་གཡོགས་ནས། ཐོག་མ་ནས་བཅོམ་ལྡན་འདས་མ་སྒྲུབ་པ་པོས་རབ་ཏུ་འཇུག་པར་བྱའོ།། རྒྱལ་པོའི་བུ་སྤྱི་བོ་ནས་དབང་བསྐུར་བ་འམ། ་རྒྱལ་རིགས་ཀྱི་བུ་འམ། གཞན་ཡང་སྤྲོ་བ་ཆེན་པོ་རྒྱལ་སྲིད་ཆེན་པོ་འདོད་པའང་རབ་ཏུ་གཞུག་པར་བྱའོ།། དཀྱིལ་འཁོར་གཉིས་པར་གནས་པ་གདོང་གཡོགས་ནས་དྲི་བཟང་པོའི ་མེ་ཏོག་ཙན་དན་དང་གུར་ཀུམ་དག་གིས་རྣམ་པར་བསྲེས་པ་བྱིན་ཏེ། ཤིན་ཏུ་གཙང་སྦྲ་བྱས་པའི་ལག་པ་དག་གིས་མེ་ཏོག་འཐོར་དུ་གཞུག་པར་བྱའོ།། གང་དུ་དེའི་མེ་ཏོག་བབས་པ་དེ་ལ་དེའི་རིག་པའི ་སྔགས་སྦྱིན་པར་བྱའོ། ། སྐྱེ་བ་གཞན་དང་གཞན་རྣམས་སུ་དེ་ཉིད་དང་འདི་རྗེས་སུ་འབྲེལ་བའོ་ཞེས་ཀུན་ཏུ་གྲགས་པ་ཡིན་ཞིང་། དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་ཀྱི་སྙིང་པོ་གནོན ་པར་བྱེད་པ་དང་། བྱང་ཆུབ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་དོན་དུ་མངོན་པར་སྒྲུབ་པར་བྱེད་པའོ།། དེ་ཉིད་འདིའི་བསྒྲུབ་པར་བྱ་བ་དང་། ལོངས་སྤྱོད་ཆེན་པོ་དང་། ་རྒྱལ་སྲིད་ཆེན་པོ་དང་། དབང་ཆེ་བར་གྲགས་པའི་གང་ཟག་དང་འགྲོགས་པ་འདིའི་མངོན་པར་སྒྲུབ་པར་བྱེད་པའོ།། སྐྱེ་བ་འདི་ཉིད་དུ་ཐུབ་པ་གང་དང་ལྡན་པ་ལྷག་པར་སྤྱོད་པ་ལས། ལས་རྣམས་ཐམས་ཅད ་འགྲུབ་པར་འགྱུར་རོ། ། དེ་བཞིན་དུ་རིམ་གྱིས་དེ་ལྟ་བུ་ལ་སོགས་པ་ཇི་སྲིད་བརྒྱད་པོ་རྣམས་དེ་སྲིད་དེ། གཞན་རྣམས་ནི་མ་ཡིན་ནོ་ཞེས་སོ།། སྒྲུབ་པར་འདོད་པ་གཞན་ཡང་ཇི་ལྟར་འདོད་པ་བཞིན་དུ་སྡིག་པ་ཟད ་པའི་དོན་དུ་དམ་ཚིག་ཙམ་དུ་འགྱུར་ཞེས་པའོ། ། དཀྱིལ་འཁོར་གྱི་སློབ་དཔོན་གྱིས་མངོན་པར་དབང་བསྐུར་བ་སྦྱིན་ན། དང་པོ་རེ་ཞིག་དཀྱིལ་འཁོར་གྱི་ཕྱི་རོལ་ཧ་ཅང་མི་རིང་། ཧ་ཅང་མི་ཉེ་བའི་བྱང་ཤར་གྱི ་ཕྱོགས་ཀྱི་ཚའི་ས་ཕྱོགས་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་སྔགས་ཀྱིས་དག་པར་བྱས་ནས། དེ་ནས་རྒྱལ་པོ་མངོན་པར་དབང་བསྐུར་བ་དེ་བཞིན་དུ་སེམས་བཞིན་པས་མཐའ་གཅིག་ཏུ་སངས་རྒྱས ་དང་ཆོས་དང་། དགེ་འདུན་ལ་མངོན་པར་དང་བའི་དད་པ་དང་སྤྲོ་བ་ཆེན་པོ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ། ཐེག་པ་ཆེན་པོ་ལ་ཞུགས་པ། དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱེད ་པ་དབང་པོ་མ་ཚང་བ་མེད་ཅིང་མ་སྨད་པ། སྐྱེ་བ་འདི་ཉིད་ལ་རིག་པ་དང་སྔགས་སྒྲུབ་པར་འདོད་པ། བསམ་པ་བཟང་ཞིང་སྔགས་ཀྱི་སྤྱོད་པ་ལ་སྤྲོ་བའི་ཡིད་དང་ལྡན་པ། དགེ་མཚན་འདོད་པའི་རང་བཞིན ་ཅན་སད་པའི་རྒྱུར་ཡང་རིག་པའི་དོན་ལ་རྣམ་རྟོག་མེད་ཅིང་། དེར་གཏད་པའི་ཡིད་ཅན་དེ་ལྟ་བུ་ལ་སོགས་པ་ལྔ་ཇི་སྲིད་པར་མངོན་པར་དབང་བསྐུར་བར་བྱའོ།། ལྷག་མ་རྣམས་སྤང་བར་བྱའོ་ཞེས་སོ།། ཤེས ་རབ་ཅན་དང་སྤྱོད་པ་ལ་མ་རྨོངས་པའི་ཁྱད་པར་ལས་ཏེ། གཞན་རྣམས་བསྟེན་པར་བྱ་བ་མ་ཡིན་ནོ།། དེ་ནས་རྒྱལ་པོ་ཐམས་ཅད་དབང་བསྐུར་བ་བཞིན་དུ་ཡོ་བྱད་ཐམས་ཅད་བསོགས་ཏེ། སློབ་དཔོན་དང ་མཁན་པོ་མཉེས་པར་བྱའོ། ། དེ་ནས་བླ་རེ་བྲེས་ཏེ་རྒྱལ་མཚན་དང་། བ་དན་དང་། གདུགས་དཀར་པོ་མགོ་བོར་འཛིན་བཞིན་པ་དང་། རྔ་ཡབ་དཀར་པོ་གཡོ་བ་བཞིན་པ་དང་། བཀུར་སྟི་ཆེན་པོས་དུང་དང་། ་རྔ་བོ་ཆེ་དང་། རྫ་རྔའི་དགའ་བའི་སྒྲ་ངེས་པར་སྒྲོགས་པ་དང་། རྒྱལ་བའི་སྒྲ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མངོན་པར་བསྔགས་པ་དང་། བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྒྱལ་བས་གསུངས ་པ་རྣམས་ཀྱིས་མངོན་པར་བསྟོད་བཞིན་པས་བསྐོར་བ་དང་། བཀྲ་ཤིས་དེ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱའོ།། ་སློབ་དཔོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པ་མངོན་པར་སྒྲུབ་པ་ལ་ཡང་དག་པར་རྗེས་སུ་འཇུག་པ་དང་། འཇིག་རྟེན་པ་ཐམས་ཅད་ལས་འདས་པའི་གསང་ཆེན་རྣམ ་པར་ཐར་པའི་དཀྱིལ་འཁོར་དུ་ཡང་དག་པར་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྒྱལ་སྲིད་ཐམས་ཅད་ཀྱིས་སངས་རྒྱས་ཉིད་མངོན་པར་རྟོགས་པར་འདོད་པ་དང་། མདོར་བསྡུས་ནས་བརྗོད་ན་སངས་རྒྱས ་ཉིད་འབྱུང་བའི་ཕྱིར་བདག་ཉིད་སྤྲོ་བར་བགྱིའོ་ཞེས་སོ། ། དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཤར་དུ་མངོན་པར་ཕྱོགས་པས་དཀྱིལ་འཁོར་མཐོང་ཞིང་རྟོགས་པ་ལ། དང་པོ་རེ་ཞིག་རིག་པའི་མངོན ་པར་དབང་བསྐུར་བ་བྱིན་ནས་ཕྱག་རྒྱ་ཆེན་པོ་རྩ་བའི་རིག་པ་བཟླས་པར་བྱའོ། ། དེ་ནས་རིག་པ་དང་སྔགས་དག་གང་གནས་པ་གྲོ་གའི་འདབ་མ་ལ་གི་ཧཾ་གིས་བྲི་བར་བྱའོ།། བྲིས་ནས་ཙན་དན་དང་གུར་ཀུམ་དག ་གིས་ལག་པ་དག་དང་ཁམ་ཕོར་ཁ་སྦྱར་བ་བཀྲུས་ནས། དེ་ནས་གྲོ་གའི་འདབ་མ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཞག་པར་བྱས་ནས། དཀྱིལ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་གཞག་པར་བྱའོ། ། དེ་ནས་དེར་ཉེ་བར་འདུག་སྟེ་རིག་པ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་སྔ་མ་ཉིད་དུ་བརྗོད་པར་བྱའོ།། དེ་ནས་དེར་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པ་ལ ་མངོན་པར་དབང་བསྐུར་བར་བྱའོ། ། ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་བུམ་པ་གང་བསྒོ་དང་ཉེ་བར་སྔར་བཞག་པ་བླངས་ནས་སློབ་དཔོན་གྱིས་རྩ་བའི་རིག་པ་བཟླས་ཤིང་སྤྱི་བོར་མངོན ་པར་དབང་བསྐུར་བར་བྱའོ། ། སློབ་མ་ཇི་ལྟར་འདོད་པའི་ཆུས་སྤྱི་བོ་ནས་མངོན་པར་དབང་བ་སྐུར་བར་བྱའོ་ཞེས་སོ།། དེ་ནས་དེ་ལ་ཁམ་ཕོར་ཁ་སྦྱར་དེ་དེའི་ཆེད་དུ་སྦྱིན་པར་བྱའོ།། མར་མེ་ལ་ཀློག་ཏུ་གཞུག་པར ་བྱའོ། ། གལ་ཏེ་དེས་བཅོམ་ལྡན་འདས་ལས་རིག་པ་འམ་སྔགས་བཟུང་བ་ཉིད་ཡིན་པར་གྱུ་ན་བཀླགས་པ་ཉིད་ལས་ཀྱང་ལས་བྱེད་དོ།། རྣམ་པ་གཞན་དུ་ན་རིམ་གྱིས་འབད་པས་བསྒྲུབ་པས་བྱེད་པར་འགྱུར་རོ།། ་གཞན་རྣམས་ནི་སྔགས་བཟླས་པ་ཁོ་ནས་འགྲུབ་པར་བྱེད་དོ།། དེ་ནས་སྔགས་ཡོངས་སུ་བཟུང་བར་འགྱུར་རོ།། དང་པོ་སྒྲུབ་པ་ཁོ་ནས་འགྲུབ་པར་བྱེད་དོ་ཞེས་པ་རྣམ་པར་རྟོག་པ་མེད་པ་ལས་སོ།། དེ་ཁོ་ན་སྔར ་ས་པ་སློབ་དཔོན་གྱི་སྒྲུབ་པ་གསུ་མ་གྱིས་རྗེས་པར་འགྲུབ་པར་འགྱུར་ཏེ། འདབ་པ་མེད་པར་རོ།། དེ་བཞིན་དུ་ཐོག་མར་རིག་པའི་མངོན་པར་དབང་བསྐར་བ་སྦྱིན་པར་བྱའོ།། དཀྱིལ་འཁོར་གཉིས་པར་མངོན་པར ་དབང་བསྐུར་བ་ནི། དཀྱིལ་འཁོར་གཉིས་པར་དཀྱིལ་འཁོར་ཐམས་ཅད་ལ་དང་། ལྷ་ཐམས་ཅད་ལ་གང་རབ་ཏུ་བསྟབས་པའི་བུམ་པ་གང་བ་དེས་སྔ་མའི་ཆོ་ག་གང་ཡིན་པ་ཇི་ལྟ་བ་དེ་ཉིད་ཀྱིས་སྤྱི་བོར་མངོན་པར ་དབང་བསྐུར་བར་བྱས་ནས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་བར་འགྱུར་རོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དམ་ཚིག་དང་། ་དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་བསྒྲུབ་པ་ལའང་ལྷག་པར་འདོད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་དཔོན་དུ་མངོན་པར་དབང་བསྐུར་བ་སྦྱིན་ནོ།། ་དཀྱིལ་འཁོར་གསུམ་པར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕུལ་བའི་བུམ་པ་གང་བ་ཆོ་ག་དེ་ཉིད་ཀྱིས་སྤྱི་བོར་མངོན་པར་དབང་བསྐུར་བར་བྱའོ།། ཁྱོད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིག་པའི་སྔགས་རྣམས་དང་། དཀྱིལ་འཁོར་འདྲི་བ་དང་། ཉེ་བར་སྟོན་པ་དང་། རྒྱུད་དང་རྒྱུད་ཀྱི་ཕྱག་རྒྱ་དང་། སྤྱད་པ་ངེས་པར ་སྟོན་པ་དང་། རང་གི་ཆོ་ག་ངེས་པར་སྟོན་པར་རྗེས་སུ་གནང་ངོ་ཞེས་བརྗོད་པར་བྱའོ།། སྐྱེ་བ་འདི་ཉིད་དམ། གང་ཕྱི་མ་གཞན་དང་གཞན་རྣམས་སུ་སངས་རྒྱས་ཉིད་ངེས་པར་ཐོབ་བོ།། དེ་བཞིན་དུ་རྒྱལ་བ་དང་རྣམ་པར་རྒྱལ ་བའི་མངོན་པར་དབང་བསྐུར་བ་དང་། སྔར་ངེས་པར་བསྟན་པའི་ཆོ་གས་བཅོམ་ལྡན་འདས་ལ་སྔར་ཕུལ་བའི་བུམ་པ་གང་བ་དང་། བྱང་ཆུབ་སེམས་དཔའ་ལ་ཕུལ་བའི་བུམ་པ་གང་བས་དེ་བཞིན་ཁོ་ནར་མངོན་པར་དབང ་བསྐུར་རོ། ། དེ་བཞིན་དུ་ཡང་ཁྱོད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་ཀྱིས་འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ་དང་། ལུས་ཅན་ཐམས ་ཅད་ཀྱིས་མི་ཐུབ་ཅིང་རྣམ་པར་རྒྱལ་བ་དང་། ཁྱོད་སྔགས་རྣམས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྒྲུབས་ཤིག་ཅེས་རྗེས་སུ་གནང་ངོ་ཞེས་བརྗོད་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སེམས་ཅན ་ལྔ་པོ་ཉིད་རེ་རེ་ལ་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་དབང་བསྐུར་བ་ལྔ་སྦྱིན་པར་བྱའོ། ། དེ་ནས་དེ་དག་རིམ་གྱིས་དཀྱིལ་འཁོར་དུ་བཅུག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་ཏེ། དཀྱིལ ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་གཤེགས་སུ་གསོལ་བར་བྱའོ། ། དེ་ནས་ཉི་མ་གཞན་ལ་རིམ་གྱིས་རིག་པ་དང་གསང་སྔགས་ཀྱི་སྤྱོད་པ་རྣམས་ལ་བསླབ་པར་བྱ་ཞིང་། རྣམ་པར་སྦྱར་བར་བྱའོ།། སྐད་ཅིག། ་དེ་ཉིད་ལ་སོང་ནས་སྔར་བརྟེན་པར་ཕུལ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སྔར་ཕུལ་བའི་ཆུ་བུམ་པ་གང་བ་བླངས་ནས། དཀྱིལ་འཁོར་དུ་ཞུགས་པ་དེ་རྣམས་ལ་ཆུ་ཁྱོར་བ་གསུམ་ཤར་དུ་མངོན་པར་ཕྱོགས ་པར་བྱས་ནས་འཐུང་དུ་གཞུག་པར་བྱའོ། ། འདི་སྐད་བརྗོད་པར་བྱ་སྟེ། ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ་གསང་བའི་དམ་ཚིག་གང་གིས་འདའ་བར་བྱེད་ན་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་འགྱུར་རོ།། ་དཀྱིལ་འཁོར་གང་དུའམ། དེར་ཡང་རིགས་དམན་པ་གང་གིས་དཀྱིལ་འཁོར་དུ་འོངས་པ་དེ་རྣམས་ཀྱང་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། གྲོགས་བྱེད་པའི་ལག་པར་གོས ་དཀར་པོ་གཙང་མ་མགོ་བོར་བཅིངས་པ་གཞན་གྱིས་སམ་གོས་ཀུན་ཏུ་གཡོགས་ཏེ་གནས་པ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་རིགས་དམན་པ་རྣམས་ཀྱིས་མེ་ཏོག་གཏོར་བར་བྱའོ། ། དེ་ནས་གྲོགས་བྱེད་པ་དེ་རྣམས ་ཀྱིས་ཀྱང་རབ་ཏུ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཁྲུས་བྱའོ། ། དེ་རྣམས་ཀྱིའང་དམ་ཚིག་ཙམ་དེ་འབྱུང་བར་འགྱུར་རོ།། སྒྲུབ་པའང་གྲུབ་པར་འགྱུར་རོ།། དེ་སྔར་བྱས་པའི་མེའི་བྱ་བའི་གནས་སུ་སོང ་ན་རྩེ་མོ་མ་ཉམས་པའི་ཀུ་ཤ་རྣམས་ཀྱིས་སོ། ། དེར་ཡང་མེ་ཐབ་རྣམ་པ་གསུམ་དུ་བརྗོད་དོ།། ནི་བ་དང་། རྒྱས་པ་དང་། མངོན་སྤྱོད་དོ།། ནི་བའི་དོན་དུ་པདྨའི་རྣམ་པའོ།། ཡང་ན་ཚིམ ་པར་བྱེད་པས་དབང་དུ་བྱེད་པའང་ངོ་། ། མངོན་སྤྱོད་ལ་ཟུར་གསུམ་མོ།། དེ་ལ་མེའི་བྱ་བའི་ཆོ་ག་ཐམས་ཅད་ལ་ཀུ་ཤ་དགྲམ་པར་འགྱུར་རོ།། སངས་རྒྱས་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས་ཤར་གྱི་རྩེ་མོར་མེའི་བྱ་བ ་གཞག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་ནས་མེའི་བྱ་བ་མཛད་པ་རྣམས་ལ་ཕྱག་བྱས་ནས་ལྷོའི་རྩེ་མོར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བྱང་གི་རྩེ་མོར་སྦྱིན་པར ་བྱའོ། ། དེ་བཞིན་དུ་ཡང་བྱ་བ་རྣམས་གྲོགས་བྱེད་པས་གནས་པའི་ངང་ཚུལ་ཅན་གྱི་ས་མེའི་བྱ་བ་ཀུ་ཤ་རྣམས་ཀྱིས་སོ།། ཐོག་མར་རྩ་བའི་རིག་པས་སོ།། ཐོག་མར་ཞོ་དང་། སྤུ་རྩི་དང་། མར་ལ་བཏགས་པའི་འབྲས ་ཡོས་ཀྱི་སྦྱིན་སྲེག་ཉི་ཤུ་རྩ་གཅིག་སྦྱིན་པར་བྱའོ། ། ཞི་བའི་དོན་དུ་སྙིང་པོས་མར་གྱིས་སོ།། རྒྱས་པའི་དོན་དུ་ཤིང་ཨ་པ་མན་གསུམ་གྱི་སྦྱིན་སྲེག་གོ།། མངོན་སྤྱོད་ལ་ཀ་ཊ་ཀེ་ཡིས་སོ།། མེའི་བྱ་བའི་ཆོ་ག་འདིའང ་ཐམས་ཅད་དུ་ཐུན་མོང་བའི་སྒྲུབ་པ་རྣམས་ལའང་ངོ་། ། དཀྱིལ་འཁོར་ཐམས་ཅད་ཀྱི་ཉེ་བར་སྤྱོད་པ་རྣམས་སུའང་ངོ་།། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གནས་གཙང་མས་གཙོ་བོའི་ལྷ་ཉིད་བསྟན་ནས། ་མེའི་ཆོ་གའི་བྱ་བ་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ།། དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པ་རྣམས་ལ། དེ་ནས་རྩ་བའི་རིག་པ་བཟླས་པས་མཆོད་ཡོན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང ་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་ཡང་རྫུ་འཕྲུལ་ཆེན་པོའི་ལྷའི་ཁྱད་པར་རྣམས་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱང་གསན་དུ་གསོལ། གང་དམ་ཚིག་གི་དཀྱིལ་འཁོར་འདིར་ཆོ་ག ་ལས་འདས་པར་ཡང་རུང་སྟེ། གུས་པར་བྱེད་པ་དང་། གཞན་ཡང་གང་ཅུང་ཟད་བདག་ཉིད་ཉམས་པར་བྱ་བ་དེ་དག་དགེ་བའི་རྩ་བ་འདིས་དཀྱིལ་འཁོར་ཐམས་ཅད་རབ་ཏུ་གན་པ་དང་། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྤྱོད་ཡུལ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་དང་མ་བྲལ་བར་ཐོབ་པར་གྱུར་ཅིག། མྱུར་དུ་བདེ་བ་དང་ལྡན་པ་ཐོབ་པར་གྱུར་ཅིག། དེ་སྐད་ཅེས་བརྗོད་པར་བྱའོ།། དཀྱིལ་འཁོར་དུ་རབ་ཏུ ་ཞུགས་པའི་སེམས་ཅན་རྣམས་ཐམས་ཅད་ལ། མདོར་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་བར་བྱའོ།། སྦྱིན་པ་ལ་རབ་ཏུ་ཆགས་པ་དང་། བྱམས་པ་ལ་སོགས་པ་ལ་གནས་པ་དང་། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པ་དང་། མདོར་ན་ལུང་དང་། རིག་པ་དང་། གསང་སྔགས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསུངས་པ་རྣམས་བལྟ་བར་བྱ། བྱང་ཆུབ་ཀྱི་སེམས ་དང་མི་འབྲལ་བར་འགྱུར་བར་བྱའོ་ཞེས་བརྗོད་པར་བྱའོ། ། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་རྣམས་ཐམས་ཅད་ལ་དྲི་བཟང་པོའི་མེ་ཏོག་གིས་མཆོད་ཡོན་ཕུལ ་ནས་སམ། དེ་ནས་ཡིད་ཀྱིས་མཆོད་ཡོན་ཕུལ་ནས་རྩ་བའི་རིག་པ་བཟླས་པས་གཙྪ་གཙྪ་ཞེས་པ་དང་། སྭཱ་ཧཱ་ཞེས་པ་ཁོ་ན་བཟླས་པས་ཕྱོགས་བཞིར་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་མའི་རྩ ་བའི་ཕྱག་རྒྱ་བཅིངས་ནས་གྱེན་དུ་ངེས་པར་བསྡུས་པས་གཤེགས་སུ་གསོལ་བར་བྱའོ་ཞེས་པའོ། ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ ་རལ་པ་གྱེན་བརྗེས་ཀྱི་རྩ་བའི་ཆོ་ག་ལས། དཀྱིལ་འཁོར་གྱི་ཆོ་ག་རབ་འབྱིན་གྱི་ལེའུ་སྟེ་གཉིས་པ་རྫོགས་སོ།། ། དེ་ནས་སེམས་དཔའ་ཆེན་པོ་དེས་སླར་ཡང་ཐམས་ཅད་དང་ལྡན་པའི ་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས། ལྷའི་བུ་རྣམས་ཐམས་ཅད་ལ་སྨྲས་པར་གྱུར་ཏོ།། ཁྱེད་རྣམས་ཉོན་ཅིག། མཆོག་གི་གྲུབ་པ་མཆོག་ཏུ་གསང་བ་སྒྲུབ་ཐབས་ཐམས་ཅད་ཀྱི་ཆོ་ག་རིག ་པའི་ལས་ཐམས་ཅད་བྱེད་པ། རིག་པའི་ལས་བཟང་པོ་བྱེད་པ། ཆེན་པོ་ཉིད་དང་དོན་ཆེན་པོ་བྱེད་པ། ཕུང་ཀྲོལ་ཐམས་ཅད་ཟློག་པར་བྱེད་པ།། དོན་ཐམས་ཅད་སྒྲུབ་པར་བྱེད་པ། མཆོག་ཏུ་བཀྲ་མི་ཤིས་པ ་ཐམས་ཅད་ཀུན་ནས་བཀྲ་ཤིས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བདག་གི་མཆོག་ཏུ་གསང་བའི་སྙིང་པོ་ཡང་དག་པར་གྱུར་པ། ལས་ཕྲན་ཚེགས་ཐམས་ཅད་ལ་ཉེ་བར་སྦྱར་བར་བྱ་བ། རིག་པའི ་རྒྱལ་མོ་ཆེན་མོ་ལས་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པའི་སྒྲོལ་མ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ། ་རེ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་འཕགས་མ་སྒྲོལ་མ་ལས་ཆེན་པོ་ཐམས་ཅད་བྱེད་པ། ལས་ཕྲན་ཚེགས་ཐམས་ཅད་བཀླགས་པས་གྲུབ་པ། མཆོག་ཏུ་གསང་བ། ཤིན་ཏུ་གསང་བ། མཆོག་ཏུ་གྲུབ་པ། གཞན ་གྱིས་རབ་ཏུ་སྦྱར་བའི་ལས་ཐམས་ཅད་འཇིག་པར་བྱེད་པའི་རིག་པ་འདིའང་དཀྱིལ་འཁོར་གཉིས་པའི་ཆོ་ག་དང་སྒྲུབ་ཐབས་སུ་འགྱུར་ཏེ། འཕགས་མ་སྒྲོལ་མས་ལས་ཆེན་པོ་ཐམས་ཅད་མདོར་བསྡུས་པ་དང ་ལས་ཕྲན་ཚེགས་ཐམས་ཅད་ལའང་ཉེ་བར་སྦྱར་བར་བྱ་ཞིང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་དང་སྒྲུབ་ཐབས་རྣམས་ལའང་ངོ་།། ཉིན་མཚན་གང་དུ་འམ་དེར་ཡང་རུང་སྟེ། གཙང་མའི་ཕྱོགས་སུ་བྲི་བར་བྱའོ། ་བདག་ཉིད་ཉེས་པ་མེད་པ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གཅིག་པུས་དང་པོ་རེ་ཞིག་གྲུ་བཞི་མཉམ་པ། སྒོ་བཞི་པ། ཁྲུ་བཞིའི་ཚད་དང་ལྡན་པའི་དབུས་སུ་པདྨའི་ཕྱག་རྒྱ། དེའི་གཡས་སུ་ཨུཏྤ་ལ་སྔོན་པོ་དང་། དབྱུག ་པའི་ཕྱག་རྒྱ་དང་། རིལ་བ་སྤྱི་བླུགས་ཀྱི་ཕྱག་རྒྱ། གཡོན་དུ་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་དང་། གོས་དཀར་མོའི་ཕྱག་རྒྱ་དང་། རྟ་མགྲིན་དང་དཔལ་ཆེན་མོའི་ཕྱག་རྒྱའོ།། ཤར་སྒོར་པདྨ་བྱང་དུ་ཨུཏྤ་ལ། ལྷོ་རུ་རྡོ་རྗེ། ནུབ ་ཏུ་འཇུག་པའི་རིམ་པ་ལས་འདས་པར། སྟེང་དུ་འཁྱིལ་པའི་རྣམ་པའི་ཞགས་པའི་ཕྱག་རྒྱའོ།། དེའི་འོག་ཏུ་ཕྱི་ནས་མེའི་བྱ་བ་བྱས་ནས་སྔར་བརྗོད་པའི་ཆོ་གས་མཆོད་པ་ལ་སོགས་པ་བྱས་ཏེ། དཀྱིལ་འཁོར་དུ་འཇུག ་པར་བྱའོ། ། དེ་ལ་རྒྱལ་སྲིད་འདོད་པས་ཧངྠའི་ཤིང་དུའོ།། ལོངས་སྤྱོད་འདོད་པས་རང་གི་ཁྱིམ་གྱི་ལྷའོ།། རྟ་འདོད་པས་རྟའི་བྲེས་སུའོ།། གླང་པོ་ཆེ་འདོད་པས་གླང་པོ་ཆེའི་བྲེས་སུའོ།། བུ་འདོད་པས་པོ་དེ་རྩིའི་ཤིང་གི ་དྲུང་དུའོ། ། ཚངས་པའི་སྲིན་པོས་ཟིན་པ་ལ་ཚངས་པས་བསྐྱངས་པ་རུའོ།། ཀླུས་ཟིན་པ་ལ་ཀླུ་ཤིང་དང་ཉེ་བ་རུའོ།། མཁའ་འགྲོ་མས་ཟིན་པ་ལ་ལམ་བཞི་མདོ་རུའོ།། གནོད་སྦྱིན་གྱིས་ཟིན་པ་ལ་པ་ཊའི་ཤིང་གི ་དྲུང་དུའོ། ། སྲུལ་པོས་ཟིན་པ་ལ་ཁྲོན་པའི་དྲུང་དུའོ།། གཞན་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་གང་དུའམ་དེ་རུའང་ཉེས་པ་མེད་དོ།། གྲོགས་པོ་དག་མདོར་བསྡུས་ན་རིག་པ་འདི་ནི ་དཀྱིལ་འཁོར་དང་ལས་ཐམས་ཅད་པ་སྟེ། སྒྲུབ་ཐབས་ཐམས་ཅད་དང་། ལས་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ།། གསང་ཆེན་འདི་དང་ལྷན་ཅིག་རབ་ཏུ་སྦྱར་བར་བྱ་སྟེ། དཀྱིལ་འཁོར་འདི་ནི་སེམས་ཅན་རྣམས ་ལ་ཕན་པར་འདོད་པའི་འབྲས་བུ་ཡོད་པའོ། ། ལོངས་སྤྱོད་ཐམས་ཅད་མངོན་པར་འཕེལ་བར་བྱེད་པ་སྒྲོལ་མའི་དཀྱིལ་འཁོར་གྱི་རིག་པ་སྒྲུབ་པ་པོ་རྣམས་ལ་ཕན་པའི་དོན་གྱི་ཕྱིར་འབྱོར་པ་ཐམས་ཅད་མངོན་པར ་འཕེལ་བར་བྱེད་པ་སྟེ། མདོར་ན་ཕྱི་མའི་ལུས་ཅན་འབྱུང་བར་འགྱུར་བ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པར་རབ་ཏུ་གྲགས་སོ།། དེ་ནས་དཀྱིལ་འཁོར་ཆེན་པོར་གྱུར་པ་གང་ཐོབ་ནས་དཔལ་མེད་པ་འཇོམས་པར ་པར་བྱེད་ཅིང་ཞི་བར་བྱེད། ནད་དང་དགྲ་འཕྲོག་པ་དེ་ལྟ་བུའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི་གཟི་བརྗིད་དང་སྟོབས་སྒྲུབ་པར་བྱེད་པ་མཐོང་ཞིང་ཐོས་ནས། དེ་ནས་ཆོ་ག་ལ་རབ་ཏུ་དང་བསྐྱེ་བར་འགྱུར་བ་གང ་ཡིན་པ་དེ་རྣམས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཏུ་བདག་གིས་ལུང་སྟོན་པར་ཐེ་ཚོམ་མེད་དོ། ། གང་ཡང་མ་འོངས་པའི་སངས་རྒྱས་འབྱུང་བར་འགྱུར་བ། འཇིག་རྟེན་གྱི་འདྲེན་པ་དེ་རྣམས་ཀྱང་རྗེས་སུ་ཡི་རང ་བར་འགྱུར་རོ། ། ས་སྟེང་དཀྱིལ་འཁོར་སྨྲ་བ་ནི།། ཞི་བའི་ལས་རྣམས་ཐམས་ཅད་བྱེད།། བཀྲེན་པ་རྣམས་ཀྱིས་ཕན་པ་ཐོབ།། སེམས་ཅན་མགོན་མེད་སྡུག་བསྔལ་ཅན།། རྣམས་ཀྱིས་དཀྱིལ་འཁོར་རབ་སྦྱར་བྱ།། ་ཨིནྡྲ་ནཱི་ལ་སོགས་ཕྱེ་མས།། དཀྱིལ་འཁོར་ཡང་དག་ཀུན་ཏུ་བྲི།། ཨིནྡྲ་ནཱི་ལ་སོགས་མེད་ན།། སཱ་ལུའི་ཕྱེ་མས་ཡང་དག་བྲི།། སཱ་ལུའི་ཕྱེ་མ་སོགས་མེད་ན།། སོ་ཕག་ཕྱེ་མ་སོགས་ཀྱིས་བྲི།། སོ་ཕག་ཕྱེ་མ་སོགས ་མེད་ན། ། བྱེ་མ་རྣམས་ཀྱིས་ཡང་དག་བྲི།། དེ་ལྟར་ཡོན་ཏན་ཀུན་བསྡུས་པའི།། སྒྲོལ་མའི་དཀྱིལ་འཁོར་རྨད་བྱུང་བ།། འཇིག་རྟེན་མགོན་པོའི་ཡང་དག་བཀའ།། བྱང་ཆུབ་སེམས་དཔས་གསུངས་པ་ཡིན།། ཞེས ་སོ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་ཐེག་པ་ཆེན་པོའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་ལས། སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི ་ཆོ་ག་རབ་འབྱམས་ཀྱི་ལེའུ་སྟེ་གསུམ་པ་རྫོགས་སོ། ། ། དེ་ནས་སེམས་དཔའ་ཆེན་པོས་སླར་ཡང་དཀྱིལ་འཁོར་ཆེན་པོ་དེ་ལ་ཀུན་ཏུ་གཟིགས་ནས་དངོས་པོ་མེད་པའི་རང་བཞིན་ཡང་དག་པར ་འཕགས་པ་དགོངས་ནས། བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཤིང་མངོན་པར་ཡི་རང་བར་གྱུར་པ། མཆོག་གི་སྒྲུབ་པའི་ཆོ་ག་རས་རིས་ཀྱི་ཆོ་ག ་གསུངས་སོ། ། དང་པོ་རེ་ཞིག་དགེ་བའི་ཉི་མ་ལ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་བླངས་ནས་བྲམ་ཟེའི་བུ་མོའི་ལག་པས་རས་བལ་བྱེད་དུ་གཞུག་པར་བྱའོ།། དེ་ནས་རས་བལ་དེ་ལ་ལྷག་པར་གནས་པར་བྱ་སྟེ། ་རྩ་བའི་རིག་པ་དཔའ་བོའི་རིན་གྱིས་ཉོ་བའི་དོག་པ་བླངས་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལྷག་པར་གནས ་པར་མཛོད་ཅིག། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལེགས་པར་འཚོ་ཞིང་བདག་གི་སྐྱེ་བ་འབྲས་བུ་ཡོད་པ་དང་། སྔགས་ཀྱི་དངོས་གྲུབ་ལྷག་པར ་གནས་པར་མཛོད་ཅིཀ། དེའི་དུས་སུ་རྔ་པ་ཊ་ཧ་དང་། རྔ་བོ་ཆེ་དང་། དུང་དང་། པི་ཝ་ང་དང་། གླིང་བུ་དང་། འཁར་རྔ་དང་། རྔ་མུ་ར་ཛའི་སྒྲ་ཐོས་པར་གྱུར་པ་འམ། རྒྱལ་རིགས་སམ། རྒྱལ་རིགས་མོ་འམ། ་བུད་མེད་དམ། ཁྱིའུ་འམ། བུ་མོ་འམ། མི་རྣམས་གློ་བུར་དུ་འདི་སྐད་ཅེས་རྒྱལ་བ་དང་། གྲུབ་པ་དང་། དངོས་གྲུབ་སྦྱིན་པ་དང་། བྱིན་པ་དང་། ཟུང་ཞིག་དང་། དཔལ་དང་། འབྲས་བུ་དང་བཅས་པ་དང་། ་ལས་ཀྱི་འཁོར་ལོ་དང་། མང་པོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་གཞན་ཡང་དགེ་བའི་སྒྲ་རབ་ཏུ་འདོན་པ་དང་། དྲིལ་བུའི་སྒྲ་བྱུང་བ་དང་། དགའ་བའི་སྒྲའང་རུང་སྟེ། དེ་རྣམས་རིག་པ་འཛིན་པས་སངས་རྒྱས་བཅོམ ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། ། གཞན་དུ་དངོས་གྲུབ་འབྲས་བུ་མེད་དོ་ཞེས་པས་སོ།། དེའི་དུས་སུ་དེ་རྣམས་མ་རུངས་པའི་སྒྲ་འབྱིན་པའམ། ་ཟུང་ཞིག། ཟོ་ཞིག། འཛིན་དུ་ཆུག་ཅིག། ཉམས་པ། རྣམ་པར་བརླག་པ། ཀྱི་ཧུད། རིང་བ། མེད་པ། དེ་ལྟ་བུ་ལ་སོགས་པའི་སྒྲ་འབྱིན་པར་བྱེད་པ་དང་། མི་དང་། མ་ཧེ་དང་། ལྕེ་སྤྱང་དང་། བོང་བུ་དང་། ་བྱི་ལ་དང་། དུད་འགྲོ་དམན་པ་རྐང་གཉིས་པ་དང་། རྐང་བཞི་པ་རྣམས་ཀྱི་སྒྲ་འདོན་པར་གྱུར་ན། དེ་ལ་སྒྲུབ་པ་པོས་བདག་གི་དངོས་གྲུབ་མེད་དོ་ཞེས་ཤེས་པར་བྱ་ཞིང་། སྐྱེ་བ་འདི་ཉིད་ལ་ཀུན་ཏུ་བརྟུལ་བར་བྱའོ།། སླར ་ཡང་སྔ་མ་བཞིན་དུ་བྱས་ནས་བརྩམ་པར་བྱ་སྟེ། དེ་ལྟ་བུ་ལན་བདུན་གྱིས་མཚམས་མེད་པ་ལྔ་བྱེད་པའང་བདུན་པའི་ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར་རོ་ཞེས་སོ།། དེ་ནས་སྒྲུབ་པ་པོས་གཞོན་ནུ་མ་དེ་ལ་བསྲུང་བ ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ཏུ་བཅུག་སྟེ། ཤར་དུ་མངོན་པར་ཕྱོགས་པ་འམ། བྱང་དུ་མངོན་པར་ཕྱོགས་པར་བཞག་ནས། བདག་ཉིད་ཙཱ་རུའི་སྟོན་མོ་བཟའ་ཞིང་གཞོན་ནུ་མ་དེ་ལའང་ཙཱ་རུའི་སྟོན་མོ ་བཟར་གཞུག་པར་བྱའོ། ། སྔ་མ་ཁོ་ནར་ཡོངས་སུ་རྟགས་པའི་ཀུ་ཤའི་ཁྲེས་ལ་ཆོ་ག་དེ་ཉིད་ཀྱིས་རས་བལ་འཁལ་དུ་གཞུག་པར་བྱའོ།། དོག་པ་དེ་འཇམ་པ་དང་ལེགས་པར་བསྒྲིམས་པ་སྔར་བརླབས་པའི་བུ་མོས ་ཡང་དག་པར་བླངས་ཏེ་གཅིག་དང་། གསུམ་དང་། ལྔ་དང་། བརྒྱད་ལ་སོགས་པ་ནས། ཇི་སྲིད་བཅུ་དྲུག་ཙམ་གྱི་བར་དུ་ཀ་རཱའི་སྲང་གྲངས་ལེགས་པར་བགྲངས་པ་དང་ལྡན་པའི་གཞོན་ནུ་མས་བྱའོ།། དེ་ལ་རབ་ནི་བཅུ ་དྲུག་བྱ་བ་དེ་བཞིན་འབྲིང་ནི་བརྒྱད་པ་སྟེ། ། ཕྲན་ཚེགས་ལས་རྣམས་སྒྲུབ་པ་ལ།། ལྔ་དང་གཅིག་ནི་ཐ་མའོ།། སྔགས་རྣམས་ཀུན་ལ་སྔགས་རིག་པས།། ཇི་ལྟར་ནུས་པ་བཞིན་དུ་བྱ།། དེ་ནས་བརྩམས་ཏེ་གང་ཅུང ་ཟད་སྡིག་པའི་ལས་རྣམས་སྔོན་བྱས་པ། ། དོག་པ་ལ་དམིགས་སེམས་ཀྱིས་ནི།། དེ་ཡི་སྐད་ཅིག་ཉིད་ལ་འཇིག། དོག་པ་འདི་ནི་བླངས་ནས་སུ།། གཙང་མའི་སྣོད་དུ་གཞུག་པར་བྱ།། ཕྱོགས་སུ་གྱུར་པར་བཞག ་བྱས་ནས། ག་པུར་གྱི་ནི་བདུག་པས་བདུག། སྲོག་ཆགས་ཡན་ལག་མིན་བྱུང་བསམ།། གུར་ཀུམ་ཙན་དན་ལ་སོགས་སམ།། ཙམ་པ་ཀ་སོགས་མ་ལི་ཀ། དྲི་ཞིམ་མེ་ཏོག་རྣམས་ཀྱིས་བགོས།། གཙང ་མའི་ཕྱོགས་སུ་བཞག་ནས་ནི། ། སྲུང་བའི་ཆོ་ག་བྱས་ནས་ནི།། སྔགས་རིག་ལས་ཀུན་ཤེས་པ་ཡིས།། ཤིན་ཏུ་མཉམ་བཞག་བཟླས་པར་བྱ།། དེ་ནས་ཐ་ག་སར་སོང་ནས།། ཇི་ལྟར ་འདོད་པའི་གླུ་བྱིན་ཏེ། ། ཡན་ལག་བྲལ་མིན་སྐེམ་མིན་ཉིད།། དཀར་པོའི་ཆོས་ལ་རྟག་ཏུ་དགའ།། ནད་ཀྱིས་གདུངས་མིན་རྒན་པོ་མིན།། ལུད་པ་དབུགས་མི་བདེ་ལས་གྲོལ།། མ་ནིང་མཚན་གཉིས་མིན་པ ་དང་དེ་ནི་དམན་པ་མིན་ཉིད་དང་། ། ངན་པར་ལྟུང་བ་སྤངས་པ་ནི།། ཀུན་ནས་མཚན་ཉིད་ཡང་དག་ལྡན།། རབ་བསྔགས་བལྟ་ན་སྡུག་པ་དང་།། བློ་ཡིས་ཀུན་ཏུ་སྤྱོད་པ་དགེ། འཇིག་རྟེན་པ་ཡི་འཇུག་པ་རྟེན།། དངོ ་གྲུབ་འདོད་པས་དེ་ལ་ནི། ། རས་མཆོག་འཐག་པར་བྱེད་པ་ལ།། རབ་བསྔགས་དགེ་བའི་སྟོབས་ལྡན་ནམ།། བློ་ལྡན་བཟོ་ནི་ཤིན་ཏུ་མཁས།། ཤིན་ཏུ་ཁྱད་པར་མཆོག་གྱུར་པའི།། རས་ནི་འཐག་བྱེད་མཆོག ་གི་ནི། རབ་ཀྱིས་རབ་ལ་བྱ་བ་ཡིན།། འབྲིང་ལ་འབྲིང་པོ་སྒྲུབ་པར་བྱེད།། ཐ་མས་ཕྲན་ཚེགས་ལས་རྣམས་ནི།། དམན་པ་ཉིད་ནི་ཀུན་ལས་སོ།། བཟོ་བོས་ཇི་ལྟར་སྨྲ་བ་བཞིན།། དེ་ལས་གྲུ་ནི་ཇི་བཞིན་སྦྱིན།། ། ་བཟོ་བོ་ཡི་ནི་དང་པོའི་ངག། སྨྲས་པ་དེ་ལས་སྔགས་རིག་པས།། མྱུར་དུ་རིན་ནི་སྦྱིན་པར་གྱིས།། དཔའ་བོའི་ཚོང་ཞེས་དེ་ལ་བརྗོད།། དོན་དུ་གཉེར་བ་ཉིད་དང་དེའི།། རིན་གྱི་དངོས་པོ་ཟློག་པར་བྱེད།། མྱུར་དུ ་དངོས་གྲུབ་བྱེད་གང་འདིའོ། ། རས་ནི་བླ་ན་མེད་པའི་མཆོག། ལས་རྣམས་ཤིན་ཏུ་མཆོད་པར་འོས།། ལྷ་དང་མི་ཡི་བདེ་ཉིད་དང་།། འབྱུང་པོ་ཀུན་གྱི་དཔལ་ཡིན་ཞེས།། ཡང་དག་རྫོགས་སངས་རྒྱས་ཀྱིས ་གསུངས། ། དེ་ནས་རིག་པ་འཛིན་པས་ཐ་ག་པ་ལ་གསོ་སྦྱོང་བྱིན་ནས།། ཤིན་ཏུ་དག་པའི་རྒྱུ་སྐར་ལ་འམ། ཆོ་འཕྲུལ་གྱི་ཟླ་ཕྱེད་ལ་འམ། དཀར་པོའི་ཉི་མ་འམ། དཀར་པོའི་གཟའ་ངེས་པར་བལྟས་ཏེ། ་དཀར་པོའི་ཟླ་ཕྱེད་གཞན་ལའང་རུང་སྟེ། ཤིང་ས་ཧ་ཀཱ་རའི་སྙེ་མ་དང་མེ་ཏོག་སྐྱེས་ཤིང་། ཤིང་གི་མེ་ཏོག་དང་ཡལ་ག་རྒྱས་ཤིང་དཔྱིད་ཀའི་དུས། དུས་ཀྱི་མཆོག་དེར་སྔ་དྲོ་ཉི་མ་འཆར་བའི་ཚེ། སྔར་བསྟན་པའི ་རྒྱུ་སྤུན་དང་བཅས་པས་ཐ་ག་པ་ཙཱ་རུའི་བཟའ་བ་ཟོས་ཤིང་གོས་དཀར་པོ་གྱོན་པ། མགོ་ལ་གཙུག་ཏོར་བཅིངས་ནས་ལེགས་པར་བཀྲུས་པ། ཙན་དན་དཀར་པོ་དང་གུར་ཀུམ་དག་གང་ཡང་རུང་བས་ལེགས་པར་བྱུག ་པ་ལུས་ལ་རྗེས་སུ་བྱུགས་པ། ག་པུར་གྱི་དྲིས་ཁ་བསྒོས་པ། ཡིད་དགའ་ཞིང་བཀྲེས་པ་དང་སྐོམ་པ་དང་བྲལ་བར་བྱས་ནས། ཐགས་ཀྱི་སྣས་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཀྱང་ས་དང་བ་ལང་གི་ལྕི ་བ་དག་གིས་བཀྲུས་ཏེ། གསར་པ་རྣམས་ཀྱང་སླར་ཡང་བའི་རྣམ་ལྔས་བཀྲུ་བར་བྱའོ།། དེ་ནས་སྲོག་ཆགས་མེད་པའི་ཆུས་བཀྲུ་བར་བྱའོ།། ཙན་དན་དཀར་པོ་དང་གུར་ཀུམ་གྱིས་མངོན་པར་གཏོར་བར་བྱའོ།། ་སའི་ཕྱོགས་གཙང་མ་ཅ་ཅོ་དང་བྲལ་ཞིང་། ལྗོངས་ཀྱི་མི་དང་བྲལ་བ། རྣམ་པར་དབེན་པའི་གནས་བླ་གབ་དང་བཅས་ཤིང་གསང་བར་མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་དོ།། དེ་ནས་རྗེས་སུ་སྒྲུབ་པ་པོས་ཡང ་དག་པར་སྦྱོང་བར་བྱེད་པའི་སྔགས་ཉིད་ཡུངས་ཀར་དཀར་པོ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པར་བྱས་ནས་ཕྱོགས་བཞི་རྣམས་དང་། སྟེང་དང་། འོག་དང་། ཕྱོགས་བྲལ་རྣམས་སུ་གཏོར་བར་བྱའོ།། དེ་ནས ་ཐག་པ་ལ་ཡུངས་ཀར་གྱིས་ཡང་དག་པར་བསྣུན་ནས་ཕྱག་རྒྱ་ཆེན་པོ་གཙུག་པུད་ལྔ་པ་བཅིངས་ཏེ། གཙུག་ཏོར་བཅིང་བ་བྱས་ན་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ།། གལ་ཏེ་རས་རབ་ཡིན་ན ་ཞེང་དུ་ཁྲུ་བཞི། ཆུར་ཁྲུ་བརྒྱད་ཀྱི་ཚད་འདི་ཙམ་དུ་ཐ་ག་པས་བྲན་པར་བྱའོ།། འབྲིང་བར་གྱུར་ན་ཞེང་དུ་ཁྲུ་དོ།། ཆུར་ཁྲུ་ལྔ་ཉིད་དོ།། ཐ་མ་ནི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ། ཆུར་ནི་སངས་རྒྱས་ཀྱི་ཁྲུ་གང་ཉིད་དོ།། ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐོ་གང་ནི་ཡུལ་དབུས་ཀྱི་སྐྱེས་བུ་ཚད་དང་ལྡན་པའི་ཁྲུ་གཅིག་སྟེ། འདི་ནི་བདེ་བར་གཤེགས་པའི་མཐོའོ་ཞེས་བསྒྲགས་ཏེ། ཚད་འདིས་ཚད་ཀུན་ཏུ་བཤད་དོ།། འདི་ནི་འཕུར་བའི་དངོས ་གྲུབ་ཏུ། སྐྱེས་བུ་མཆོག་གིས་གསུངས་པ་ཡིན།། ཐུབ་པ་མི་སྣང་གྱུར་འོག་ཏུ།། རྒྱལ་སྲིད་འདོད་ལ་འབྲིང་པོ་སྟེ།། ལོངས་སྤྱོད་ཆེན་པོ་དོན་གཉེར་བའི།། སྐྱེས་བུ་ལྷ་དང་ལྷ་མིན་དང་།། གདེངས་ཅན་ཐ་མ་གྲུབ་པར ་བཤད། འདྲིང་བ་དངོས་གྲུབ་འབྲིང་པོའོ།། རས་འབྲིང་པོ་ནི་རྟག་པ་རུ།། སེམས་ཅན་ཀུན་གྱི་ལས་རྣམས་སྒྲུབ།། ཕྲན་ཚེགས་ལས་རྣམས་བསྒྲུབ་བྱ་ལ།། རས་ཐ་མ་ནི་རྟག་པ་རུ།། ལས་རྣམས་ཐམས་ཅད ་སྒྲུབ་པར་བྱེད། ། རྫས་རྣམས་ཀུན་ལ་རྟག་ཏུ་ནི།། ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད།། རས་རིས་གསུམ་གྱིས་ངེས་བསྟན་པའི།། དངོས་གྲུབ་དཔལ་དོན་གཉེར་བའི་མི།། བརྒྱ་བྱིན་བདེ་སོགས་བདག་པོ་ཡང་། ་ཆོ་ག་ཉམས་ན་མི་འགྲུབ་ཏེ།། ཆོ་ག་ཡང་དག་ལྡན་གྱུར་ན།། མི་ཡི་སྐྱེ་བོ་ཕལ་པ་ལའང་།། འབད་པ་ཡིས་ནི་ལས་རྣམས་ཀུན།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། རྒྱལ་དང་རྒྱལ་མཆོག་སྲས་རྣམས་ཀྱིས།། ་སྦྱོར་བ་འདི་དག་ཡང་དག་བཤད།། སེམས་ཅན་བཀྲེན་པ་མགོན་མེད་པ།། སྡུག་བསྔལ་གྱིས་གདུངས་ཀུན་གྱི་དཔལ།། བྱང་ཆུབ་ལམ་དུ་གང་འདི་ནི།། དེ་ཉིད་གཟིགས་པ་རྣམས་ཀྱིས་བསྟན།། ཆོས་འདི ་བྱང་ཆུབ་རྒྱུ་ཡིན་པར། ། སྔགས་ཀྱི་ལམ་གྱིས་བསྟན་པ་ཡིན།། དཀྱིལ་འཁོར་ཡང་དག་བསྟན་པ་གང་།། འཇིག་རྟེན་དཀྱིལ་འཁོར་ཐམས་ཅད་དང་།། འཇིག་རྟེན་འདྲ་བའང་འགྲུབ་འགྱུར་ཏེ།། འབད་པ་མེད་པར ་སྔགས་རྣམས་འགྲུབ། ། གང་ཞིག་བྱང་ཆུབ་རྒྱུར་འདོད་པ།། དེ་ལ་རྟག་ཏུ་དངོས་གྲུབ་འགྱུར།། རྟག་ཏུ་འགྲོ་ལ་མི་ཕན་པ།། གཞན་ལ་དངོས་གྲུབ་མེད་པར་གསུངས།། བྱང་ཆུབ་ཆེད་དུ་འཇུག་ཀུན་ལ།། རས་རིས། ་ཐམས་ཅད་འགྲུབ་པར་གསུངས།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི། དམ་ཚིག་འདི་ནི་ཁྱད་པར་དུ།། མྱུར་དུ་བྱ་བའི་དོན་བསྒྲུབ་ཕྱིར།། འདིར་ནི་མཐའ་དག་ཐོབ་པ་རུ།། བཅོམ་ལྡན་འདས་ཀྱིས་གསུངས ་པ་ཡིན། དེ་ནས་རིམ་གྱིས་བཟོ་བོ་ཡིས།། འབད་པས་རས་ནི་འཐག་པར་བྱ།། ཉིན་ཞག་ལྔ་དང་བརྒྱད་རྣམས་དང་།། བཅུ་དྲུག་གཉིས་དང་བཞི་དག་དང་།། ཉིན་མཚན་ཉིད་ཀྱིས་མྱུར་བ་རུ།། རས་ནི་འཐག་པ ་རྫོགས་པ་དང་། ། བཟོ་བོ་མཆོག་ཏུ་གྲུབ་པ་ནི།། ཉིན་མཚན་གྱིས་ནི་དགེ་བ་ཡིན།། གཙང་སྦྲའི་སྤྱོད་པ་ཕུན་སུམ་ཚོགས།། བཟོ་བོ་རྟག་ཏུ་བྱིན་བརླབས་པ།། ཐག་རིང་གནས་སུ་སོང་ནས་ནི།། བཤང་དང་གཅི ་བ་ཡོངས་སུ་དོར། ། འོངས་པའི་གོས་དང་བཅས་བཀྲུས་ནས།། གཞན་པའི་གོས་གཞན་བགོ་བྱ་ཞིང་།། གོས་དཀར་འཆང་ཞིང་འཕྲེང་བར་ལྡན།། ཡང་དང་ཡང་དུ་ཉེ་རེག་བྱ།། ལུས་ལ་ཙན་དན་དཀར་པོ ་བྱུག། བཟོ་བོའི་ལག་པ་གཙང་བར་བྱ།། རྟག་ཏུ་འཇམ་ཞིང་ལེགས་སྦྱངས་པས།། ཐར་ཡང་འབད་པས་བཏག་པར་བྱ།། དེ་ལ་སོགས་པའི་རབ་སྦྱོར་ནི།། རྒྱལ་བ་གཞན་གྱིས་གསུ། ་པའམཿའབད་པས་རྣམ་དཔྱད་ངང་ཚུལ་གྱིས།། རས་ནི་མ་ལུས་བཏག་པར་བྱ།། རས་ཀྱི་ཐགས་ནི་རྫོགས་པ་དང་།། སྔར་གྱི་ལས་ཀྱིས་ལེགས་སྤྲུལ་པ།། དེ་རྣམས་ཚད་ལྡན་མ་ཉམས་པ།། བྱའོ་བཟང ་པོའི་ཉིན་ཞག་ལ། ། རྒྱུད་དང་རྒྱུད་དུ་མཉམ་པར་འཇུག། དཀར་པོའི་ཕྱོགས་ཀྱི་མཛེས་པ་ལ།། རས་ནི་ཡོངས་སུ་བསལ་བྱས་ནས།། ཁ་ཚར་མདུད་པའི་མཐའ་མཛེས་ལ།། འོད་མའི་ཤིང་ནི་ཁྲུ་བཞི་ལ།། རས་ནི ་བླངས་ནས་དེ་ནས་འགྲོ། ། ནོར་ནི་རྒྱ་ཆེར་འགོད་པ་ཡིན།། བཟོ་བོ་བདེ་ལེགས་བྱས་ནས་ནི།། བརྟུལ་ཞུགས་བཟང་པོ་ལེགས་སྤྱོད་པའི།། སྔགས་པ་ཇི་ལྟར་འདོད་སོང་ནས།། དྲི་ཞིམ་མེ་ཏོག་གིས་མཆོད་དེ།། ་གཙང་བའི་ཕྱོགས་སུ་རྣམ་པར་དགོད།། འདི་ཉིད་ཀྱིས་ནི་སྔགས་ཀྱིས་ནི།། སྲུང་བའི་ཆོ་ག་རབ་ཏུ་བྱ།། གང་ཞིག་རས་བལ་སྔོན་དུ་ནི།། སླར་ཡང་རྣམ་མང་ཡོངས་སྦྱངས་པ།། དེ་ཉིད་ཀྱིས་ནི་བདག་ཉིད་དང་།། ་རས་ཉིད་བསྲུང་བར་བྱ་བའོ།། བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ།། སྔགས་བཟླས་པ་ཡིས་གསུངས་པ་ཡིན།། སངས་རྒྱས་རྣམས་ནི་མང་པོས་དང་།། ངས་ཀྱང་དེ་ནི་སླར་ཡང་སྟེ།། དེ་ཉིད་གསང་སྔགས ་ཐམས་ཅད་ཀྱིས། ། རྣམ་པར་སྤྱོད་པའི་སྔགས་ཀྱི་གཟུགས།། བརྩོན་འགྲུས་ཆེན་པོ་གཟི་བརྗིད་ཆེ།། སྔགས་ཀྱི་དོན་ཀུན་སྒྲུབ་པ་པོ།། སྣ་ཚོགས་སྐྱོབ་པའི་རྒྱུ་རྣམས་ནི།། རྣམ་པ་སྣ་ཚོགས་བྱེད་པར་འགྱུར།། ་འཛམ་གླིང་གནས་པའི་སེམས་ཅན་རྣམས།། སེམས་ཀྱི་སྤྱོད་པ་ཀུན་ཏུ་རྨོངས།། དད་པ་མེད་ཅིང་ཕྱིན་ཅི་ལོག། ལོག་པའི་ཀུན་སྤྱོད་ལ་རབ་བརྐམ།། སྔགས་རྣམས་སྒྲུབ་པར་མི་བྱེད་པའི།། དེ་ཉིད་ཕྱིར་ན་སླར ་གསུངས་པ། ། འཁོར་བ་མུན་པའི་བཙོན་རར་འཁྱམས།། གང་ཡང་རྟག་ཏུ་ཡིད་དག་ཅིང་།། དད་ལྡན་ལྟད་མོ་བཀྲ་ཤིས་དང་།། སྔགས་རྣམས་ཀུན་ལ་རྟག་ཏུ་སྤྱོད།། བདག་ཉིད་ཆེན་པོ་དངོས་གྲུབ་འདོད།། རྟག ་ཏུ་འཛིན་ཅིང་འཆང་བ་དང་། ། སྤྲོ་བ་ཆེ་ཞིང་གཟི་བརྗིད་ཆེ།། རྒྱལ་བས་གསུངས་པའི་སྔགས་རྣམས་གང་།། འབད་པ་མེད་པར་ཡང་དག་འགྲུབ།། དད་པ་མེད་པའི་སྐྱེ་བོ་ལ།། དཀར་པོའི་ཆོས་རྣམས ་མི་སྐྱེ་སྟེ། ། ས་བོན་ཚ་སྒོར་བཏབ་པ་ལ།། མྱུ་གུ་མེད་ཅིང་འབྲས་མེད་བཞིན།། དད་པ་རྟག་ཏུ་ཆོས་ཀྱི་རྩར།། དོན་ཀུན་གཟིགས་པས་གསུངས་པ་ཡིན།། ཆོས་དོན་ངང་ཚུལ་ཅན་དེ་རྣམས།། སྔགས་ཀྱི ་དངོས་གྲུབ་རྟག་ཏུ་བརྗོད། ། དེ་ནས་སྒྲུབ་པོས་བཟོ་བོ་ནོ།། རི་མོ་མཁན་ནམ་བདག་ཀྱང་རུང་།། རི་མོ་མཁས་པས་མ་འདྲེས་པའི།། ཚོན་རྩི་ཁ་དོག་གསལ་བ་དང་།། ཁ་དོག་ཅན་གྱི་ཚོན་བླངས་ནས།། ་ལྟར་ཐག་པ་ལ་ནི།། སྔར་གྱི་ཆོ་ག་དེ་ཉིད་ཀྱིས།། མཚན་ཉིད་ཡང་དག་ལྡན་པ་ཡིས།། རི་མོ་མཁན་ལ་གོང་བཞིན་དུ།། རྒྱས་པ་རུ་ནི་བྱ་བའོ།། ཇི་ལྟར་སྔར་བཞིན་ཐ་ག་པའི།། ཆོ་ག་དེ་ཉིད་ཀྱིས་ནི་དེ།། རས་ལ་རི་མོ ་བྲི་བར་བྱ། ། ཡང་ན་རང་གིས་རི་མོར་བྲི།། ག་པུར་གུར་ཀུམ་ཙན་དན་ལས།། སོ་ཕག་ཚོན་ལ་བསྒོ་བར་བྱ།། བདུག་པ་བསྲེགས་ཤིང་སྔགས་ཉིད་ཀྱིས།། ལན་གྲངས་བརྒྱ་རྩ་བརྒྱད་བཟླས་ནས།། ན་ག་གེ་སར་པུནྡྷ་ག། ་པ་ཀུ་ལཱ་དང་ཙམ་པ་ཀཱ། བཱ་རི་ཥི་ཀརྡྷ་ནུ་ཀཱ།། མཱ་ལ་ཏི་ཡི་མེ་ཏོག་སོགས།། རས་དེ་ལ་ནི་མངོན་པར་གཏོར།། ཤར་དུ་མངོན་ཕྱོགས་ཀུ་ཤ་ཡི།། ཁྲེས་ལ་ཉེར་འདུག་དང་བའི་བློས། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། སེམས་དཔར་གྱུར་པས་འདི་ཕྲ་མོ།། ལག་པས་བླངས་ནས་མ་འཁྲུགས་པའི།། སེམས་ཀྱིས་རས་ལ་རི་མོ་བྲི།། དང་པོ་རེ་ཞིག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྲི་བར ་བྱ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་པའི་སྐུ་རིན་པོ་ཆེའི་པདྨ་ལ་བཞུགས་པ། ཀུན་ནས་འོད་འབར ་བཀུན་ནས་འོད་འདོམ་གང་གིས་ཉེ་བར་མཛེས་པའི་སྐུ། ཆོས་སྟོན་པར་མཛད་བཞིན་པ། རབ་ཏུ་དང་པའི་སྐུ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དབུས་ན་གནས་པའི་པདྨའི་བཻ་ཌཱུཪྻའི་སྡོང་པོ་ཅན། འོག ་ན་ཀླུའི་རྒྱལ་པོ་སྲ་གདན་ཆེན་པོ་པདྨའི་སྡོང་བུ་དེ་ལ་འཛིན་བཞིན་པས་དེ་བཞིན་གཤེགས་པ་ལ་ལྟ་ཞིང་ལག་པ་གཡས་པས་ཕྱག་འཚལ་བཞིན་པ། དཀར་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལུས ་ཕྱེད་མིའི་རྣམ་པ་ཅན་གྱི་དགའ་བོ་དང་ཉེ་དགའ་བོ་བྲི་བར་བྱའོ། ། པདྨའི་མཚོ་དེའི་ཁོར་ཡུག་ཏུ་པདྨའི་འདབ་མ་དང་། མེ་ཏོག་དང་། ཅུང་ཟད་ཁ་བྱེ་བ་དང་། རྣམ་པར་ཁ་བྱེ་བ་དང་། ཆུ་ལས་སྐྱེས་པའི་བྱ་དང་ཉལ ་སོགས་པས་མངོན་པར་ཁྱབ་པ། མ་ལུས་པར་བཀོད་པ་ཤིན་ཏུ་སྦས་པ། མཛེས་པའི་རྣམ་པར་མངོན་པར་བྲི་བར་བྱའོ།། གང་བཅོམ་ལྡན་འདས་ཀྱི་རྩ་བའི་པདྨའི་སྡོང་བུ་དང་འདབ་མ་དེ་ཉིད་ལས་རྣམ་པར ་འཕྲོས་པའི་པདྨའི་མེ་ཏོག་དུ་མ་རྣམས་རིམ་གྱིས་མཐོ་བའོ། ། གཡོན་གྱི་གཞོགས་སུ་པདྨའི་མེ་ཏོག་བརྒྱད་དེ། དེ་རྣམས་ལའང་པདྨ་རྣམས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱི་སྐུ་མངོན ་པར་བྲི་བར་བྱའོ། ། དང་པོ་རེ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་ཟེ་བ་ལྟར་ཅུང་ཟད་དཀར་བའི་གུར་ཀུམ་དང་གསེར་གྱི་མདོག་ཅན། འོད་དཔག་ཏུ་མེད་པའི་ཅོད་པན་གྱིས་དབུ་ལ་རྣམ་པར་བརྒྱན ་པཕྱག་ན་ཨུཏྤལ་སྔོན་པོ་འཛིན་པ། གཡས་ཀྱི་ཕྱག་གིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་བཞིན་པ། སྐུ་མཛེས་པ། དེ་བཞིན་གཤེགས་པ་ལ་ལྟ་བ། ཞི་བའི་རྣམ་པ། བཞིན་ཅུང་ཟད ་འཛུམ་པ། ཀུན་ནས་འབར་བས་འཁྲིགས་པས་དཀྱིལ་འཁོར་གྱི་དབུས་སུ་གནས་པའོ།། པདྨ་གཞན་ལ་ནི་འཕགས་པ་ཟླ་འོད་གཞོན་ནུ་དེ་བཞིན་དུ་མངོན་པར་བྲི་བར་བྱའོ།། གསུམ་པ་ལ་ནོར་བཟངས་སོ།། ་བཞི་པ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། ལྔ་པ་ལ་ནམ་མཁའ་མཛད་དོ།། དྲུག་པ་ལ་སའི་སྙིང་པོའོ།། བདུན་པ་ལ་འཇམ་དཔལ་ལོ།། བརྒྱད་པ་ལ་སྤྱན་བཟངས་ཏེ། འདི་དག་ཐམས་ཅད་གཞོན་ནུའི ་ཆ་བྱད་ཅན། གཞོན་ནུ་རྒྱན་གྱིས་མངོན་པར་བརྒྱན་པ་མངོན་པར་བྲི་བར་བྱའོ།། བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ལ། བྱམས་པ་མ་ཏོགས་པ་རྒྱན་ཐམས ་ཅད་ཀྱིས་རྣམ་པར་བརྒྱན་པ་སྟེ། བཅོམ་ལྡན་འདས་ཀྱི་ཉེ་ལོགས་སུ་འཕགས་པ་བྱམས་པ་ཚངས་པར་སྤྱོད་པའི་ཆ་བྱད་འཛིན་པ། དབུ་ལ་རལ་པའི་ཅོད་པན་བཅིངས་པ། གསེར་མདོག་ངུར་སྨྲིག་དམར་པོ ་གསོལ་བ། དར་ལ་དམར་པོའི་སྟོད་གཡོགས་བྱས་པ། ཚོམ་བུ་གསུམ་གྱི་མཚན་མ་བྱས་པ། གཟུགས་མཛེས་པ། དབྱིག་པ་དང་རིལ་བ་སྤྱི་བླུགས་གཡོན་གྱི་ཕྱག་ཏུ་བཀོད་པ། ་ཀྲིཥྞ་སཱ་རའི་པགས་པ་ཕྲག་པ་གཡོན་དུ་བགོས་པ། ཕྱག་གཡས་པས་བགྲང་འཕྲེང་བཟུང་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་བཞིན་པ། དེར་གཏོད་པའི་ལྟ་བ་བསམ་གཏན་ལ་དམིགས ་པའི་སེམས་ཀྱི་སྤྱོད་པ་ཅན་ནོ། ། པདྨ་གཉིས་པ་ལ་འཕགས་པ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས་ཀྱི་མདོག། སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཡིད་བཞིན་གྱི་ནོར་བུ་རིན ་པོ་ཆེ་བསྣམས་པ། ཕྱག་གཡས་པས་དཔལ་འབྲས་བསྣམས་ནས་མཆོག་སྦྱིན་པ། མཛེས་པའི་གཟུགས་ཅན་དེ་བཞིན་དུ་མངོན་པར་བྲི་བར་བྱའོ།། གསུམ་པ་ལ་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། གསེར་གྱི་རྒྱན་གྱིས་རྣམ་པར་བརྒྱན་པ། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན། ཐམས་ཅད་མཁྱེན་པ་དབུལ་བྱས་པ། འཕགས་པ་འོད ་དཔག་མེད་སྟོབས་བཅུ་པ་རལ་པའི་ནང་དུ་ཉེ་བར་བཞུགས་པ། གཟུགས་མཛེས་པ། ཕྱག་གཡོན་ན་པདྨ་བསྣམས་པ། ཕྱག་གཡས་མཆོག་སྦྱིན་པ། བསམ་གཏན་ལ་དམིགས་པར་གྱུར་པའི་སེམས་ཀྱི ་སྤྱོད་པ་ཅན། སྐུ་ཀུན་ནས་གསལ་བར་གྱུར་པའོ།། བཞི་པ་ལ་འཕགས་པ་ཕྱག་ན་རྡོ་རྗེ་ཕྱག་གཡོན་པས་རྡོ་རྗེ་བསྣམས་པ། ཕྱག་གཡས་པས་ཉེ་བར་འགོག་པ་འབྲས་བུ་དང་བཅས་པ་བསྣམས་ནས་མཆོག ་སྦྱིན་པ། གསེར་མདོག་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཛེས་པའི་གཟུགས་ཅན་ཞི་བའི་ལྟ་བ་དང་ལྡན་པ། དོ་ཤལ་དང་དོ་ཤལ་ཕྱེད་པས་ལུས་ཉེ་བར་དཀྲིས་པ། མུ་ཏིག་གི་དོ་ཤལ་གྱི ་མཆོད་ཕྱིར་ཐོགས་བྱས་པ། ཅོད་པན་རིན་པོ་ཆེ་འབར་བས་རྣམ་པར་འཕྲོ་བ། དར་སྲབ་མོའི་ཤམ་ཐབས་དང་། དར་ལ་དཀར་པོའི་བླ་གོས་བྱས་པའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཀུན་ཏུ་བཟང ་པོའི་ཤམ་ཐབས་དང་བླ་གོས་ཀྱང་དེ་བཞིན་ནོ། ། ལུས་ཀྱི་རྣམ་པ་ནི་སྔར་བསྟན་པ་ཇི་ལྟ་བ་བཞིན་ནོ།། དེ་བཞིན་གཤེགས་པའི་པདྨ་ལྔ་པ་ལ་འཕགས་པ་བློ་གྲོས་ཆེན་པོ། དྲུག་པ་ལ་ཞི་བའི་བློ་གྲོས། བདུན་པ་ལ ་རྣམ་པར་སྣང་མཛད་ཀྱི་སྙིང་པོའོ། ། བརྒྱད་པ་ལ་ངན་སོང་སྤོང་བ་ཞེས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ཕྱག་ན་འབྲས་བུ་དང་གླེགས་བམ་བསྣམས་པ། རྣམ་པ་ཀུན་ཏུ་མཛེས་པ། དར་ལའི་སྟོད་གཡོགས ་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཡོ་བ་དང་ལྡན་པའི་གོས་མནབས་པ་རྣམས་མངོན་པར་བྲི་བར་བྱའོ།། དེ་རྣམས་ཀྱི་ཡང་སྟེང་དུ་རང་སངས་རྒྱས་བརྒྱད་མངོན་པར་བྲི་བར་བྱ་སྟེ། དགེ་སློང་གི་ཆ་བྱད ་འཆང་བ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའི་སྐུ། ངུར་སྨྲིག་དམར་པོ་གསོལ་བ། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། རིན་པོ་ཆེའི་རྡོ་ལིབ་ལ་བཞུགས་པ། ཞི་བའི་ཆ་བྱད་ཅན། ཀུན་ནས་འབར་བའི་འདྲེང ་བས་འཁྲུགས་པ། དྲི་ཞིམ་པོའི་མེ་ཏོག་གིས་གཅལ་དུ་བཀྲམ་པ་ལ་འདི་ལྟ་སྟེ། མཱ་ལ་ཏཱི་དང་། བཱིཪྵ་ཀཱ་དང་། དྷཱ་ནུསྐ་རི་སྐཱ་རི་ཀཱ་དང་། པུནྡྷ་ག་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་རས་ལ་ཀུན ་ནས་གཅལ་དུ་བཀྲམ་བཞིན་པས་མངོན་པར་བྲིའོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་འཕགས་པ་འཇམ་དཔལ་གང་ཡིན་པའི་སྟེང་དུ་རིན་པོ་ཆེ་དུ་མས་སྤྲས་པའི ་ཤིན་ཏུ་རིང་པོའི་རྣམ་པའི་གཞལ་མེད་ཀྱི་དཀྱིལ་འཁོར་རོ། ། བྲག་རིའི་རྒྱལ་པོ་ཉེ་བར་མཛེས་པ་རིན་པོ་ཆེའི་རྡོ་ལེབ་ཀྱིས་བཀབ་པ་རི་བོའི་རྣམ་པ་ལྟ་བུར་མངོན་པར་བྲི་བར་བྱའོ།། དེར་གནས་པའི་སངས་རྒྱས་བཅོམ་ལྡན ་འདས་བརྒྱད་མངོན་པར་བྲི་བར་བྱ་བ་ལ་འདི་ལྟ་སྟེ། རིན་ཆེན་གཙུག་ཏོར་ཅན་རིན་པོ་ཆེ་བཻ་ཌཱུཪྻའི་འོད་རྣམ་པར་འཕྲོ་བ། ཀུན་ནས་འོད་འདོམ་གང་བ། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མ་ར་ཀ་སྠ་ལ་སོགས་པ་དང་། ་བཻ་ཌཱུཪྻ་དང་། རྡོའི་སྙིང་པོ་ལ་སོགས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་ཁྱད་པར་ཅན་རྣམས་ཀྱིས་ཀུན་ནས་རབ་ཏུ་འབར་བཞིན་པ། ཅུང་ཟད་ཉི་མ་འཆར་ཀའི་མདོག་འདྲ་བ། དེ་བཞིན་གཤེགས་པའི་སྐུ་ཆོས་གོས་སེར ་པོའི་སྟོད་གཡོགས་མནབས་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ། ཤམ་ཐབས་སེར་པོ་མནབས་པ། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གྱི་གོ་ཆ་བགོས་པ། དཔེ་བྱད་བཟང ་པོ་བརྒྱད་ཅུས་ཉེ་བར་མཛེས་པའི་སྒྲ། རབ་ཏུ་ཞི་བའི་གཟིགས་སྟངས་ཅན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པ་རིན་ཆེན་གཙུ་ཏོར་ཅན་མངོན་པར་བྲིའོ།། གཉིས་པ་ལ་དེ་བཞིན་གཤེགས ་པ་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་གསེར་གྱི་མདོག་ཏུ་མངོན་པར་བྲི་བར་བྱའོ། ། ན་ག་གེ་སར་ཆེས་བཟང་བ་དང་། བ་ཀུ་ལ་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་བ་མངོན ་པར་བྲི་བར་བྱའོ། ། འཕགས་པ་འཇམ་དཔལ་ལ་མངོན་པར་གཟིགས་བཞིན་པ་ཀུན་ནས་འོད་ཅན་རིན་པོ་ཆེའི་འོད་རྣམ་པར་འཕྲོ་བའི་མཐར་ཐུག་པའོ།། གསུམ་པ་ལ་དེ་བཞིན་གཤེགས་པ་སཱ་ལའི་དབང ་པོའི་རྒྱལ་པོ་ངོན་པར་བྲི་བར་བྱ་སྟེ། པདྨའི་གེ་སར་གྱི་མདོག་ཏུ་སྣང་བ། ཆོས་སྟོན་པར་མཛད་བཞིན་པའོ།། བཞི་པ་ལ་དེ་བཞིན་གཤེགས་པ་སྤྱན་བཟང་མངོན་པར་བྲི་བར་བྱའོ།། ལྔ་པ་ལ་བཟོད་པར་དཀའ ་བའོ། ། དྲུག་པ་ལ་རྣམ་པར་སྣང་མཛད་རྒྱལ་བའོ།། བདུན་པ་ལ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའོ།། བརྒྱད་པ་ལ་དེ་བཞིན་གཤེགས་པ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དབང་པོའི་རྒྱལ་པོ ་མངོན་པར་བྲི་བར་བྱ་སྟེ། ཐམས་ཅད་གསེར་གྱི་ཁ་དོག་ཅན། དེ་བཞིན་གཤེགས་པའི་སྐུའི་རྣམ་པ་མི་འཇིགས་པ་སྦྱིན་པར་མཛད་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྟེང་དུའང་བྲིས་སྐུའི་ཟུར་གཉིས་ཀ་ནས ་སྤྲིན་གྱི་གོ་བར་ན་གནས་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་མེ་ཏོག་གི་ཆར་འབེབས་པར་བྱེད་བཞིན་པ་བྲིའོ། ། བར་སྣང་ལ་གནས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས ་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་བར་བྱེད་བཞིན་པ་མངོན་པར་བྲི་བར་བྱའོ། ། རང་སངས་རྒྱས་རྣམས་ཀྱི་བྱང་དུ་འཕགས་པ་ཉན་ཐོས་ཆེན་པོ་བརྒྱད་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་དབུའི་གནས་སྤངས་པའི་སྟེང་དུ་མངོན་པར་བྲི་བར་བྱའོ། ། འདི་ལྟ་སྟེ། གནས་བརྟན་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ཆེན་པོ་དང་། འོད་སྲུངས་ཆེན་པོ་དང་། རབ་འབྱོར་དང་། སྒྲ་གཅན་འཛིན་དང་། ་དགའ་བོ་དང་། བཟང་ལྡན་དང་། ཀ་པི་ན་ཞེས་པའོ།། རང་སངས་རྒྱས་ཀྱི་ས་རྣམས་འདི་ལྟ་སྟེ། དྲི་དད་ཅན་དང་། ཙན་དན་དང་། ཉེ་བའི་འཆི་ལྟས་དང་། དཀར་པོ་དང་། སི་ཀ་དང་། ་དབང་པོ་དང་། མུ་ཁྱུད་དང་། མུ་ཁྱུད་བཟང་པོ་ཞེས་པའོ།། ཐམས་ཅད་མཆོག་ཏུ་ཤིན་ཏུ་མཛེས་པ། ཞི་བའི་ཆ་ལུགས། ཞི་བའི་བདག་ཉིད། རབ་ཏུ་དུལ་བའི་རྣམ་པའོ།། ཉན་ཐོས་ཆེན་པོ་རྣམས་ཐལ་མོ ་སྦྱར་བར་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་ལ་ངེས་པར་རྟོག་པར་བྱེད་པའོ།། སྟེང་ངོས་སུའང་གནས་གཙང་མའི་ལྷ་དང་ཉེ་བར་གནས་པའི་ལྷའི་བུ་གཞན་གཉིས་དར་གྱི་བླ་རེ་ཀུན་ནས་ཆུང ་རིང་ཞིང་ཤིན་ཏུ་མཛེས་པ་བཟུང་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ཀྱི་སྟེང་དུ་འཛིན་པར་བྱེད་བཞིན་པ་ལྷའི་འཕྲེང་བ་དང་གོས་འཆང་བའི ་ལྷའི་བུ་མངོན་པར་བྲིའོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་ངོས་སུ་དབུ་ལ་མུ་ཏིག་གི་དོ་ཤལ་དང་། རིན་པོ་ཆེའི་སྐུད་པ་ལ་པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམས་ཀྱིས་བརྒྱུས་པའི་རིན་པོ་ཆེའི་སྐུད་པའི ་ཚོགས་དེ་ལ་དར་གྱི་བླ་རེ་ལེགས་པར་བཀོད་ཅིང་། ཁོར་ཡུག་ཏུའང་མུ་ཏིག་ག་དོ་ཤལ་རབ་ཏུ་འཕྱང་བ་མཛེས་པར་གྱུར་པ་མངོན་པར་བྲི་བར་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་པདྨའི་གདན་གྱི་འོག་ཏུ་བྱང་ཆུབ ་སེམས་དཔའ་ཆེན་པོ་དང་ཉེ་བར་ཀླུའི་རྒྱལ་པོ་ཉེ་དགའ་བོའི་གཞོགས་སུ་རིན་པོ་ཆེའི་རི་བོ་པདྨའི་མཚོ་ལས་མངོན་པར་འཕགས་པ། རིན་པོ་ཆེའི་མྱུ་གུ་དང་། ཕུག་དང་། རི་སུ་ལ་དང་། བྱུ་རུའི་འཁྲི་ཤིང་ཡོངས་སུ་དཀྲིས ་པའི་རིན་པོ་ཆེའི་ཤིང་དང་། དྲང་སྲོང་ཆེན་པོ་ཉེ་བར་གནས་ཤིང་བསྙེན་པའི་རི་བོ། དེའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་དྲག་པོ་ཆེན་པོའི་གཟུག་ཅན། ཕྱག་གཡོན་པས་ཞགས་པ་བཟུང་ནས། གཡས་པས་བྱུ ་པ་འཛིན་པ། བཞིན་ཁྲོ་གཉེར་ཅན།། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ལྟ་ཞིང་བཀའ་ནོད་པར་བྱེད་བཞིན་པ། གསུས་པ་རློབ། སྤུ་གྱེན་དུ་བརྫེས་པ། མིག་སྨན་ནག་པོ་དང་སྤྲིན་དང་མཚུངས་པ། ཨག་ཚེམ་སེར་རྒྱ ་དང་སྒྲ་རིང་ཞིང་སེན་མོ་རིང་བ། མིག་དམར་བ། མགྲིན་པའི་ཕྱོགས་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བགེགས་ཐམས་ཅད་རྣམ་པར་འཇོམས་པ། ཆེས་མི་བཟད་པ་ཆེན་པོ། ཁྲོ་བོའི་རྒྱལ་པོ ་ཆེན་པོ། ཀུན་ནས་འབར་བ། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་རྣམ་པ་འདི་ཉིད་ཁོ་ནས་བྲི་བར་བྱའོ།། དེའི་འོག་ཏུ་རལ་པ་ཅན་དེ་དང་དེའོ།། རི་དེའི་འོག་ཏུ་རྡོའི་སྟེང་དུ་ཉེ་བར་འདུག་པ། པུས་མོ་ས་ལ་འདུད་པའི་ལུས་ཅན ་ལག་པ་སྤོས་ཕོར་ཐོགས་པ། ཆ་བྱད་དང་། དབྱིབས་དང་། འཇུག་པ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་བྱས་པ། འཕགས་པ་འཇམ་དཔལ་ལ་ལྟ་བར་གྱུར་པ་ཡང་དག་པར་བྲིའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འོག ་གཡས་ཀྱི་གཞོགས་སུ་ཀླུའི་དབང་པོའི་རྒྱལ་པོ་དགའ་བོ་དང་ཉེ་ལོགས་སུ་པདྨའི་མཚོ་ལས་མངོན་པར་འཕགས་པའི་རིན་པོ་ཆེའི་རིའི་དབང་པོའི་རྒྱལ་པོ་གཞན་གསུངས་པ་དེ་བཞིན་དུ་གནས་པ་མངོན་པར་བྲི་སྟེ། ཁྲོ་བོའི་རྒྱལ ་པོསྒྲོལ་མས་ནོན་པ་ཕན་པ་ལྷའི་མེ་ཏོག་གཅལ་དུ་བཀྲམ་པ་མངོན་པར་བྲི་སྟེ། རི་དེ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་བྲིའོ།། རི་དེ་ནི་ཤིན་ཏུ་མཐོ་བ། པདྨ་རཱ་གའི་རྡོ་ལེབ་དང་། དེ་ཉིད་ཀྱི་མྱུ་གུ་དང་བཻ་ཌཱུཪྻའི ་རང་བཞིན་གྱི་རྩེ་མོའི་རྣམ་པར་བྲི་བར་བྱའོ། ། དེ་ལ་བརྟེན་པའི་ལྷ་མོ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེ། འཕགས་མ་སྒྲོལ་མ་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་དམར་པོའི་སྟོང ་གཡོགས་དང་། དརལ་ཁྲ་བོའི་ཤམ་ཐབས་ཅན། བུད་མེད་ཀྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡོན་ན་ཨུཏྤལ་སྔོན་པོ་བསྡམས་པ། གསེར་མདོག་ཅན་མ། ཧ་ཅང་མི་སྐེམ། ཧ་ཅང་མི་སྦོམ། ་ཅང་མི་རྒན་པ། སེམས་བསམ་གཏན་ལ་གནས་པ། བཀའ་ནོད་ཅིང་འདུག་པ། ཕྱག་གཡས་པས་མཆོག་སྦྱིན་པར་འདོད་པ། ལུས་ཅུང་ཟད་བཏུད་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་ལ་ཅུང་ཟད་ལྟ་བར་གྱུར་པ། ཀུན་ནས་འབར་བའི་འཕྲེང་བས་ཡོངས་སུ་བསྐོར་བའོ།། དེ་ཉིད་དུའང་རིན་པོ་ཆེ་བཻ་ཌཱུཪྻའི་རྩེ་མོ་དེ་ཉིད་དུའང་པུནྡྷ་གའི་ཤིང་གིས་ཡོངས་སུ་བསྐོར་བ། ཡལ་ག་ཐམས ་ཅད་ལ་ཀུན་ནས་མེ་ཏོག་གིས་སྤྲས་ཤིང་ཁ་བྱེ་བར་གྱུར་པས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་མངོན་པར་བཀབ་པ། ཡལ་གདུད་པ་དེ་ཉིད་ཀྱིས་ཀྱང་ཤིན་ཏུ་བཀྲ་བའི་བྱུ་རུའི་མྱུ་གུ་འབྲེལ་བ་རྣམ་པར་བཀྲ་བའི་གཟུགས ་ཅན་གྱི་ཚོན་རྩི་འབར་བ་ན་ལྷ་མོ་སྒྲོལ་མའི་བཞིན་ཀུན་ཏུ་སྣང་བར་མངོན་པར་བྲིའོ། ། ལྷ་མོ་བགེགས་ཀུན་འཇོམས་པ་མོ།། འཇིགས་པ་འཇོམས་པར་བྱེད་པའི་མཆོག། སྒྲུབ་པ་པོ་ནི་སྲུང་དོན་དུ།། མཆོག་སྦྱིན་དགེ་བ་བྲི ་བར་བྱ། བུད་མེད་གཟུགས་འཆང་ལྷ་མོ་ནི།། ཐུགས་རྗེ་སྟོབས་བཅུ་ལྡན་པའི་སྲས།། འབྱུང་པོ་ཀུན་གྱི་དཔལ་ཡིན་ཏེ།། མཆོག་སྦྱིན་བྱེད་མ་བྲི་བར་བྱ།། ལྷ་མོ་ལས་ཆེན་བྱེད་པ་མོ།། བྱང་ཆུབ་སེམས་དཔའ་འོད་ཆེན་པོ། ་བགེགས་ཀུན་རྣམ་པར་འཇོམས་དོན་དུ།། སྒྲུབ་པ་པོ་ནི་ཀུན་ཏུ་འདོད།། མི་དབང་རྣམས་ནི་སྲུང་དོན་དང་།། དཔལ་གྱི་དོན་དུ་རབ་ཏུ་གྲགས།། ཁྲོ་རྒྱལ་དབང་པོ་གང་ཡིན་དེ།། རི་ཡི་རྩེ་མོར་གནས་འདོད་པ།། བགེགས་ཀུན ་རྣམ་པར་གཞིག་པའི་ཕྱིར། ། རྒྱལ་མཆོག་སྲས་རྣམས་ཀྱིས་གསུངས་སོ།། དྲག་པོ་ཆེན་པོ་བརྩོན་འགྲུས་ཆེ།། གཏུམ་ཆེན་འོད་ཟེར་ཆེན་པོ་སྟེ།། བསྟན་པ་ལ་སྡང་སེམས་ཅན་རྣམས།། ཚར་གཅད་ཆེད་ཉིད་རབ་ཏུ ་བརྟག། སྒྲུབ་པ་པོ་ནི་སྲུང་དོན་དང་།། བགེགས་རྣམས་ཐམས་ཅད་འཇོམས་པ་དང་།། མི་བཟང་ཁྲོ་བོའི་ངང་ཚུལ་ཅན།། སྔགས་ཀྱི་ལྷ་རྣམས་འགུགས་པར་བྱེད།། ཤིན་ཏུ་དྲག་པོ་དྲག་གཟུགས་ཅན།། བརྩེ་བ་མེད་ཅིང་ངེས་པར ་འགོག། སྡིག་པ་དྲག་པོ་སྤྱོད་པ་རྣམས།། དབང་དུ་མ་གྱུར་དབང་དུ་བྱེད།། མཁའ་སྤྱོད་ས་ལ་སྤྱོད་པ་དང་།། ཀུན་ནས་འོག་སྤྱོད་པ་དང་།། ཐུབ་པའི་བསྟན་ལ་འགལ་བྱེད་པའི།། གདུག་པ་ཐམས་ཅད་འཇོམས་པར ་བྱེད། རས་ནི་ཀུན་ནས་གྲུ་བཞི་དང་།། གྲཝ་བཞི་དག་ཏུ་བྲི་བར་བྱ།། རས་ཀྱི་འོག་གི་མཐའ་རྣམས་སུའང་།། ཆུ་བོ་རྒྱ་ཆེར་བྱ་བ་ཡིན།། ཀླུ་ནི་གདེངས་ཀས་མཚན་པ་ཅན།། གཅིག་ཉིད་ཀུན་ཏུ་བྱ་བ་ཡིན།། ཡན་ལག ་དཀར་ཞིང་བཟང་བ་དང་། ། ལུས་ཕྱེད་མི་ཡི་རྣམ་པར་སྐྱེས།། རྟག་ཏུ་ཐལ་མོ་སྦྱོར་བྱེད་པ།། མགོ་བོའི་སྟེང་དུ་བཞག་བྱས་ནས།། གདེངས་ཀ་བདུན་པ་བརྩོན་འགྲུས་ཆེ།། དབང་ཆེན་ལྡན་པའི་ཀླུ་དེ་ནི།། མིང་ནི་མཐའ ་ཡས་ཞེས་བྱ་ཡིན། ། དེ་བཞིན་གཤེགས་ལ་ངེས་པར་བལྟ།། ནོར་བུ་རིན་ཆེན་གྱིས་མཛེས་ཤིང་།། ཤིན་ཏུ་མཛེས་ཤིང་གཟུགས་མཛེས་པ།། རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན།། འབར་བའི་འཕྲེང་ལྡན་ཀུན་ཏུ་བྲི།། ་ཀླུ་དབང་ཆེན་པོར་རྣམ་པར་གྲགས།། ཐུབ་པའི་བསྟན་ལ་རབ་ཞུགས་པའི།། འཇིག་རྟེན་ཀུན་ལ་ཕན་པར་བརྩོན།། བགེགས་ཀུན་རྣམ་པར་གཞོམ་དོན་དུ།། ཆུ་བོ་ལ་བརྟེན་བྲི་བར་བྱ།། དེ་ལ ་རས་ཀྱི་ཆོ་ག་འདི། ། མདོར་བསྡུས་རྒྱལ་བས་གསུངས་པ་ཡིན།། རྒྱས་པར་དེ་བཞིན་གཤེགས་རྣམས་ཀྱིས།། ཀུན་ནས་བཤད་པ་སྔར་གསུངས་སོ།། མཁས་པ་གང་ཞིག་འདྲི་བྱེད་པ།། དེ་ཡི་བསོད་ནམས་མཐའ ་ཡས་སོ། ། སྡིག་པ་ཤིན་ཏུ་མི་བཟད་པ།། བསྐལ་པ་བྱེ་བར་བྱས་པ་གང་།། ས་སྟེངས་བྲིས་སྐུ་མཐོང་བ་ཡིས།། དེ་ཡིས་སྐད་ཅིག་ཉི་ལ་འཇོམས།། མཚམས་མེད་ལྔ་པོ་བྱེད་པ་དང་།། ཚུལ་ཁྲིམས་འཆལ་དང་སྨད་པ་དང་། ་སྡིག་པ་ཀུན་ལ་རབ་འཇུག་དང་།། འཁོར་བར་ཡོངས་སུ་རྒྱུ་བ་ཡི།། འགྲོ་བ་སྐྱེ་གནས་དམན་པ་རྣམས།། དེ་རྣམས་རས་རིས་འཛིན་མི་གཞུག། དེ་རྣམས་རས་རིས་མཐོང་བས་ནི།། འབྲས་བུ་ཡོད་པར་ཐུབ་དབང་གསུངས།། ་དེ་ཕྱིར་མཐོང་བ་ཙམ་གྱིས་ནི།། སྐད་ཅིག་དེ་ལ་སྡིག་པ་འཇིག། དག་པས་འཇུག་པ་ཉིད་དང་ནི།། རྗེས་སུ་ཟློས་པ་དག་འཇུག་པ།། སྔགས་མཉན་པ་ལ་རྟག་བརྩོན་པའི།། མི་རྣམས་གྲུབ་ཐོབ་སྨོས་ཅི་དགོས།། བསྐལ་པ་བྱེ་བར ་སངས་རྒྱས་ཀུན། ། མཆོད་པའི་བསོད་ནམས་གང་ཡིན་པ།། ས་སྟེངས་རས་རིས་འདྲི་བ་ཡི།། སྔགས་པ་བསོད་ནམས་དེ་ཐོབ་འགྱུར།། གངྒཱ་ཡི་ནི་བྱེ་མ་ཡི།། ཚད་དུ་གྲགས་པ་གང་ཡིན་པ།། དེ་ཡི་ཚད་གྱུར་སངས་རྒྱས་དང་།། ་རྒྱལ་སྲས་རང་རྒྱལ་བསེ་རུ་དང་།། ཉན་ཐོས་རྣམས་ལ་འཇིག་རྟེན་དུ།། སླར་ཡང་ལན་མང་མཆོད་སྟོན་གསོལ།། འབྲས་བུ་ཐོབ་པ་གང་ཡིན་དེའི།། སྔགས་པ་རས་རིས་བྲིས་པ་དང་།། མཐོང་དང་ཆོ་ག་ཀློག་པ་དང་།། རྗེས་སུ་ཡི་རང ་བ་ཉིད་དང་། ། ཆོ་ག་ཐམས་ཅད་རབ་བརྟགས་པ།། དེ་ཡི་སྔགས་ཀྱི་དངོས་གྲུབ་ངེས།། ཇི་སྲིད་འཇིག་རྟེན་པ་ཡི་སྔགས།། གང་ཞིག་རྒྱལ་བ་སྐྱེས་མཆོག་དང་།། དེ་སློབ་བསེ་རུ་ལྔ་རྣམས་དང་།། བྱང་ཆུབ་སེམས་དཔའ་བདག་ཉིད ་ཆེས། ། གསུངས་པའི་སྔགས་རྣམས་ཐམས་ཅད་ནི།། རས་རིས་འདི་ཡི་སྤྱན་སྔར་འགྲུབ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐག་པ་ཆེན་པོའི་མདོ་སྡེ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ ་གྱེན་དུ་མཛེས་པའི་རྩ་བའི་ཆོ་ག་རབ་འབྱམས་ཀྱི་བྲིས་སྐུ་དང་པོ་རྫོགས་སོ། ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་གཞན་ཡང་ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་བར་མ་ཡོད་དེ། དེ་ངས་བཤད་པར་བྱ་ཡིས། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག ་བཤད་པར་བྱའོ། ། དང་པོ་རེ་ཞིག་སྔར་བསྟན་པའི་དོག་པ་དང་། སྔར་བརྗོད་པ་ཉིད་ཀྱི་ཆོ་ག་དང་། སྔར་ཡོངས་སུ་བརྟགས་པའི་བཟོ་བོ་དང་། སྔར་གྱི་ཚང་བར་མ་ཉིད་ཀྱི་རས་ཤིན་ཏུ་དག་པ། འཇམ་པ། ཤིན་ཏུ་སྦྱངས་པ། ཁ ་ཚར་དང་བཅས་པ། ཚོན་མ་འདྲེས་པ། སྒྲ་དང་འདྲེས་པ་དང་བྲལ་བ་ལ་སོགས་པ་རྣམས་ཀྱིས་ཚད་དང་གཟུགས་མ་གཏོགས་པ། དང་པོ་ཇི་ལྟ་བ་དེ་བཞིན་ཉིད་ཀྱིས་རས་རིས་ཕྱི་མ་འདྲིར་གཞུག་པར་བྱའོ།། དང་པོ་རེ་ཞིག་གནས ་གཙང་མའི་གནས་ཀུན་ནས་མཛེས་པའི་རྣམ་པ་རིན་པོ་ཆེ་ཤེལ་གྱི་རང་བཞིན་ལྟ་བུ། མུ་ཏིག་དཀར་པོའི་ངོ་ཤལ་གྱིས་བརྒྱན་པ། དེའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདྲིར་གཞུག་པར་བྱ་སྟེ། རིན་པོ་ཆེ་སེང་གེའི ་ཁྲི་ལ་ཉེ་བར་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ།། གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་གེ་སར ་དུ་སྣང་བ་འམ། གུར་ཀུམ་མམ། ཉི་མའི་ཁ་དོག་ཅན། ཕྲག་པ་གཡོན་པའི་ཕྱོགས་སུ་པདྨ་བསྣམས་པ། ཐལ་མོ་སྦྱར་བ་བྱས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ངེས་པར་རྟོག་བཞིན་པ། བཞིན་ཅུང་ཟད་འཛུམ ་པབྱང་ཆུབ་སེམས་དཔའ་ཆེན་པོ་བདེ་ལེགས་དབུས་མའི་ཅོད་པན་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། པུས་མོ་གཡས་པའི་ལྷ་ང་དང་མགོ་འདུད་པའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས ་སུ་ཕྱག་ན་རྡོ་རྗེ་བྲི་ཡང་ཀུ་ལྟར་སྔོ་བསངས་སྔར་ཇི་ལྟར་བསྟན་པ་དེ་བཞིན་དུ་མངོན་པར་བྲིའོ། ། འོན་ཀྱང་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱེད་བཞིན་པའོ།། དེའི་གཞོགས་སུ་འཕགས་པ་བྱམས་པ་དང་། ཀུན་ཏུ་བ# ་པོ་དང་ཕྱག་ན་རྡོ་རྗེ་དང་། བློ་གྲོ་ཆེན་པོ་དང་། ཞི་བའི་བློ་གྲོས་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། འདི་རྣམས་རིམ་གྱིས་མངོན་པར་བྲི་བར་བྱ་སྟེ། དང་པོ་ཇི་ལྟ་བ་དེ་བཞིན་དུ་རྒྱན ་ཐམས་ཅད་ཀྱིས་བརྒྱན་པ་འདྲིར་གཞུགས་པར་བྱའོ། ། དེ་རྣམས་ཀྱི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་བརྒྱད་འདྲིར་གཞུག་པར་བྱ་སྟེ། བཞུགས་པ་ཕྱག་གཡས་མི་འཇིགས་པ་སྦྱིན་པ། ཆོས་གོས་སེར་པོའི ་བླ་གོས་མནབས་པའི་སྐུ་ཅན། ཕྱག་གཡོན་པས་ཆོས་གོས་ཀྱི་རྣ་བ་འཛིན་པ། ཅུང་ཟད་དམར་བར་སྣང་བའི་ངུར་སྨྲིག་གི་ཤམ་ཐབས་ཅན། ཀུན་ནས་སྣང་བའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་འདི་ལྟ་སྟེ། ་བཞིན་གཤེགས་པ་མེ་ཏོག་རབ་ཏུ་རྒྱས་པའི་རྒྱལ་པོ་དང་། རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུངས་དང་། སྤྱན་བཟང་ཞེས་པའི་སངས་རྒྱས ་བཅོམ་ལྡན་འདས་འདི་རྣམས་འདྲིར་གཞུག་པར་བྱའོ། ། བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཉེ་བར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདྲིར་གཞུག་པར་བྱའོ།། ་ཉན་ཐོས་ཆེན་པོ་བརྒྱད་དང་། རང་སངས་རྒྱས་བརྒྱད་སྔར་ཇི་ལྟར་བསྟན་པ་དེ་བཞིན་དུ་འདྲིར་གཞུག་པར་བྱ་སྟེ། འོན་ཀྱང་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཤཱ་རིའི་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ ་རྔ་ཡབ་གཡོབ་པར་བྱེད་བཞིན་དུ་འཁོད་པའི་ལུས་སུ་མངོན་པར་བྲི་བར་བྱའོ། ། དེ་བཞིན་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མངོན་པར་བྲི་བར་བྱའོ།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། རབ་འཐབ་བྲལ་དང་། ་དགའ་ལྡན་དང་། འཕྲལ་དགའ་དང་། དག་པ་དང་། དྲི་མ་མེད་པ་དང་། ཤིན་ཏུ་མཐོང་དང་། འོད་གསལ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། འོག་མིན་ཏེ། དེ་ལྟ་བུ་ལ་སོགས་པའི་ལྷའི་བུ་གཟུགས ་ན་སྤྱོད་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་རིམ་གྱིས་མངོན་པར་བྲི་བར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་དང་ཉེ་བར་གནས་པའི་འཁོར་གྱི་དཀྱིལ་འཁོར་ཉེ་བར་སྤྲས་པ་དགོད་དེ། རང་གི་གཟུགས ་དང་ཆ་བྱད་འཆང་བ་འདྲིར་གཞུག་པར་བྱའོ། ། བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲིའི་འོག་ཏུ་རྒྱ་མཚོ་ཆེན་པོ་ལས་མངོན་པར་འཕགས་པའི་ཀུན་ནས་རིན་པོ་ཆེའི་རི་བོ་ཇི་སྲིད་དུ་རས་ཀྱི་མཐའ་མར་འདྲིར་གཞུག་པར་བྱ་སྟེ། རས་ཀྱི ་མཐའི་གྲཝའི་ཕྱོགས་གཅིག་ཏུ་སྒྲུབ་པ་པོ་ཆ་བྱད་དང་དབྱིབས་ཇི་ལྟ་བའི་རྣམ་པ་པུས་མོ་དང་མགོ་བོ་བཏུད་པ། ལག་པ་སྦོས་ཕོར་ཐོགས་པ་འདྲིར་གཞུག་པར་བྱའོ།། རིན་པོ་ཆེའི་རི་བོ་དེ་ལ་འཕས ་བ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྔར་ཇི་ལྟར་ངེས་པར་བསྟན་པ་དེ་བཞིན་དུ་མངོན་པར་བྲིའོ། ། བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་ཀྱི་སེང་གེའི་ཁྲིའི་འོག་ཏུ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དང་ཉེ་བ་དེར་རིན་པོ་ཆེའི་རི་ལ་བཞུགས་པའི་ལྷ་མོ་སྒྲོལ་མ་མངོན་པར་བྲི་སྟེ། སྔར་ཇི་ལྟར་ངེས་པར་བསྟན་པ་དེ་བཞིན་དུ་འདྲིར་གཞུག་པར་བྱའོ།། རས་དེའི་ཁོར་ཡུག་ཏུའང་མེ་ཏོག་སིལ་མ ་མངོན་པར་གཏོར་ཏེ། ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། པདྨ་དང་། སོའུ་གནྡྷི་ཀ་དང་། མཱ་ལཱ་ཏཱི་དང་། བི་རཱ་ཀ་དང་། དྷཱ་ནུ་ཀཱ་རཱི་ཀཱ་དང་། པུནྡ་ག་དང་། ན་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་ཁོ་ར་ཁོར་ཡུག ་ཏུ་གཅལ་དུ་དགྲམ་པར་བྱའོ། ། རས་ཀྱི་སྟེང་རས་ཀྱི་མཐའི་གྲཝ་གཉིས་སུ་ལྷའི་བུ་གཉིས་མེ་ཏོག་གི་ཚོགས་འཐོར་བར་བྱེད་བཞིན་པ། གཟུགས་རྣམ་པར་བཀྲ་བ། བར་སྣང་ལ་གནས་པའི་ཆར་སྤྲིན་གྱི་ནང་ན་ལྡིང་བ། ་ཁ་དོག་དཀར་པོར་མངོན་པར་བྲི་བར་བྱའོ།། འདི་ནི་རས་རིས་འབྲིང་པོར་བརྗོད།། རྟག་ཏུ་དགེ་ལེགས་དོན་འབྱུང་བ།། ས་སྟེང་སྐྱེ་བོ་མི་རྣམས་ལ།། དངོས་གྲུབ་འབྲིང་པོ་སྦྱིན་པར་བྱེད།། འཁོར་བར་ཀུན་ཏུ་འཁོར་བ་ན།། ་སྡིག་པ་ཅུང་ཟད་སྔོན་བྱས་གང་།། འདིར་ནི་བྲིས་སྐུ་མཐོང་བ་ཡིས།། དེ་ཡིས་སྐད་ཅིག་ཉིད་ལ་འཇིག། སེམས་ཅན་རྨོངས་པ་མི་ཤེས་པ།། དེ་རྣམས་འགྲོ་བ་ལྔ་པོར་འཁྱམས།། གང་ཞིག་བྱང་ཆུབ་སེམས་དཔའ་ཡི།། བྲིས་སྐུ།། ་བར་མ་མཐོང་བ་ཡང་།། སྡིག་པ་བྱེད་པར་འགྱུར་བ་དང་།། མཚམས་མེད་ལྔ་པོ་བྱེད་པ་དང་།། ཚུལ་འཚལ་གྱིས་ཀྱང་འགྲུབ་པར་འགྱུར།། རྣམ་པ་སྣ་ཚོགས་སྔགས་གསུངས་པའང་།། ཤིན་ཏུ་མྱུར་བར་དངོས ་གླུ་ནི། ། བཟླས་པ་བྱས་པས་ཐོབ་པར་འགྱུར།། ནད་ཅན་རྣམས་ནི་ནད་ལས་གྲོལ།། བཀྲེན་པས་ནོར་ནི་རྙེད་པར་འགྱུར།། བུད་མེད་རྣམས་ནི་བུ་ཐོབ་འགྱུར།། བྲིས་སྲུ་བར་པ་བལྟ་བན།། མཐོང་བ་ཙམ་གྱིས་དེ་མ ་ཚེ། བསོད་ནམས་རྒྱས་པ་ཆེན་པོ་ཐོབ།། ངེས་པར་ལྷ་དང་མི་རྣམས་ཀྱི།། བདེ་བའི་སྐལ་བ་ཅན་འགྱུར་མི།། དེ་ཡི་སྐྱེ་བ་གཞན་ལ་ཡང་།། ངེས་པར་སངས་རྒྱས་ཉིད་དུ་འགྱུར།། བྲི་བ་དང་ནི་ཀློག་པ་དང་།། ལྷ་མཆོད ་པ་དང་འདྲིར་འཇུག་དང་། ། དེ་བཞིན་མཐོང་དང་རེག་ཉིད་ཀྱང་།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། འདི་ལྟར་འོད་ཆེན་བྲིས་སྐུ་ལ།། དོན་དུ་གཉེར་དང་གསོལ་འདེབས་པ།། རྗེས་སུ་ཡི་རང་བ་ལས་ཀྱང་།། སྐྱེ་བ ་འབྲས་བཅས་མྱུར་དུ་ཐོང་། ། བསྐལ་མཆོག་བྱེ་རྣམས་ཀྱིས་ཀྱང་།། སྐྱེ་བོས་བསོད་ནམས་གང་ཐོབ་པ།། ཚིག་ཏུ་བརྗོད་པར་མི་ནུས་སོ།། བྲིས་སྐུ་མཐོང་བ་འབྲས་བུར་བཅས།། ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྡེ་སྣོད ་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་རབ་འབྱམ་ལས་ལེའུ་གསུམ་པ་ཡོངས་སུ་རྫོགས་སོ།། ་དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། སླར་ཡང་སེམས་དཔའ་ཆེན་པོ་དེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་ཆུང་ངུ་ཞེས་བྱ་བ་གཞན་གསུམ་པའང་ཡོད་དེ། གང ་འབད་པ་མེད་པར་དངོས་གྲུབ་འགྲུབ་པར་འགྱུར་བ་སྟེ། སྔར་བསྟན་པ་ཉིད་ཀྱི་ཆོ་ག་དང་། བཟོ་བོས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཙམ་ཐད་ཀར་དང་། དེ་བཞིན་ཁོ་ནར་ཀུན་ནས ་གྲུ་བཞི་པ་ལ་སྔར་བཞིན་དུ་རས་རིས་སྔར་བསྟན་པའི་ཚོན་རྩི་རྣམས་ཀྱིས་འདྲིར་གཞུག་པར་བྱའོ། ། དང་པོ་རེ་ཞིག་བྱང་ཆུབ་སེམས་དཔའ་ཆེན་པོ་སེང་གེའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། བྱིས་པ་ཁྱེའུ་སྔར ་བཞིན་དུ་ཆོས་སྟོན་པར་མཛད་བཞིན་པ། ཀུན་ནས་འོད་ཟེར་འཕྲོ་བར་བྱེད་བཞིན་པ། མཛེས་པའི་གཟུགས་ཅན་འདྲིར་གཞུག་པར་བྱའོ།། གཡོན་གྱི་གཞོགས་སུ་འཕགས་པ་ཀུན་ཏུ་བཟང་པོ་རིན་པོ་ཆེའི་རྡོ་ལེབ་ལ ་གནས་པ། ཕྱག་ན་རྔ་ཡབ་ཐོགས་པ། གཡོན་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ། ཁ་དོག་པྲི་ཡང་ཀུ་ལྟར་སྔོ་བསངས་སོ།། གཡས་ཀྱི་གཞོགས་སུའང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིན་པོ་ཆེའི་རྡོ་ལེབ ་ལེབ་ལ་གནས་པ། ཕྱག་ན་རྔ་ཡབ་ཐོགས་ཤིང་། ཕྱག་གཡོན་པས་པདྨ་བསྣམས་པ། ཀུན་ནཱ་འོད་དང་ལྡན་པའི་ལུས་ཅན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྔ་མ་བཞིན་དུ་མངོན་པར་བྲི་བར་བྱའོ།། ་སེང་གེའི་ཁྲིའི་འོག་ཏུ་གསེར་གྱི་རི་བོ་ཇི་སྲིད་རས་ཀྱི་མཐའི་བར་དུ་འདྲིར་གཞུག་པར་བྱའོ།། རས་རིས་ཀྱི་མཐའི་ཟུར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སེང་གེའི་ཁྲིའི་འོག་ལས་གཡས་ཀྱི་གཞོགས་སུ་ཁྲོ་བོའི ་རྒྱལ་པོ་སྒྲོལ་མས་ནོན་པ་སྔ་མ་བཞིན་དུ་འདྲིར་གཞུག་པར་བྱའོ། ། དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་སྔ་མ་བཞིན་དུ་འདྲར་གཞུག་པར་བྱའོ།། དེ་ཐམས་ཅད་སྔ་མ་ཇི་ལྟ་བ་དེ་བཞིན་དུའོ།། དེ་ནས ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་འདྲིར་གཞུག་པར་བྱ་སྟེ། རིན་པོ་ཆེའི་རིའི་ཕུག་སོར་བཅུ་དྲུག་པའི་ཚད་ན་བཞུགས་པ། ཁང་པ་བརྩེགས་པ་འདྲ་བའི་རི་བོའི ་བྱ་སྒྲིབས་མཐོ་བ་འདྲིར་གཞུག་པར་བྱའོ། ། རས་རིས་དེའི་ཁོར་ཡུག་ཏུ་རི་བོའི་རྣམ་པས་ཡོངས་སུ་བསྐོར་བ་མངོན་པར་བྲིའོ།། རས་རིས་དེའི་སྟེང་གི་ཟུར་དུ་གན་པའིའི་བོའི་བྱ་སྐྱིབས་དང་ཀུན་ཏུ་འབྲེལ་བར་ལྡིང་བཞིན་པ་ལྟ་བུ། ་མེ་ཏོག་སྣ་ཚོགས་འཐོར་བར་བྱེད་བཞིན་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་པ་དང་རྣམ་པར་དག་པ་ཞེས་བྱ་བ་གཉིས་འདྲིར་གཞུག་པར་བྱའོ།། རས་དེ་ལ་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ་མངོན་པར་འདྲིར ་གཞུག་པར་བྱའོ། ། རས་རིས་རྣམ་གསུམ་མཚན་ཉིད་ནི།། ཐམས་ཅད་འདིར་ནི་བསྟན་པ་ལས།། འདི་ནི་ཆུང་ངུ་ཞེ་བྱ་སྟེ།། རས་རིས་ཕྲན་ཚེགས་ལས་ལ་ཤིས།། སྡིག་ལས་ཤིན་ཏུ་མི་བཟད་པ།། བསྐལ་པ་བྱེ་བ་སྟོང་ཕྲག་ཏུ།། ་གང་ཞིག་བྱས་སམ་བྱེད་འགྱུ་བ།། རས་རིས་མཐོང་བས་གྲོལ་འགྱུར་ཏེ།། རས་རིས་མཐོང་བ་ཙམ་ཉིད་ཀྱིས།། སྐད་ཅིག་ཉིད་ལས་གྲོལ་བར་འགྱུར།། བསྐལ་པ་བྱེ་བ་སྟོང་ཕྲག་ཏུ།། བློ་ལྡན་སངས་རྒྱས་བསྙེན་བཀུར་བྱས།། རས ་རིས་ཐ་མ་མཐོང་བ་ཡི། ། བཅུ་དྲུག་ཆར་པར་མི་ཕོད་དོ།། སངས་རྒྱས་སྐྱོབ་པ་ཐམས་ཅད་ལ།། མཆོད་བྱས་བསོད་ནམ་ས་གང་ཡིན་དེ།། རས་རིས་ཆུང་ངུ་མཐོང་བ་ལ།། མཁས་པས་དེ་ཡི་བསོད་ནམས་ཐོབ།། མཛེས་པ ་ཡི་ནི་ལས་རྣམས་དང་། ། ལོངས་སྤྱོད་རྒྱུད་ཀྱང་འདི་སྤྱད་དོ།། རིག་དང་གསང་སྔགས་ཇི་སྙེད་པ།། ཚངས་དབང་དྲང་སྲོང་གིས་བཤད་དང་།། ནམ་མཁའ་ལྡིང་གིས་གང་བཤད་དང་།། ཆུ་ལྷ་ཉི་མ་ལུས་ངན་དང་།། ནོར་སྦྱིན་སོག ་དང་སྲིན་པོ་དང་། ། ལྷ་མིན་དབང་པོ་ཐམས་ཅད་དང་།། ལྟོ་འཕྱེ་ཆེ་དང་ཟླ་བ་དང་།། རླུང་དང་གཤིན་རྗེ་ལ་སོགས་དང་།། སེང་གེ་འཕྲོག་བྱེད་སོགས་བཤད་པའི། སྔགས་རྣམས་ཐམས་ཅད་འདིར་དྲངས་ཏེ། ་རས་རིས་སྤྱན་སྔར་འགྲུབ་པར་འགྱུར།། ཞི་བ་ཅན་དང་དེ་བཞིན་དུ།། རྒྱས་པ་ཅན་རྣམས་བྱ་བ་སྟེ།། དེ་བཞིན་འདིར་ནི་མི་བཟད་པ།། རྒྱལ་མཆོག་གིས་སྨད་སྤང་བར་བྱ།། ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན ་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་ཆོ་ག་བཞི་པ་རས་རིས་ཀྱི་ཆོ་ག་རབ་འབྱམ་ཡོངས་སུ་རྫོགས་སོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡམ་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གསུངས་པ་ནི་ལེགས་སོ་ལེགས་སོ།། རིག་པའི་བརྟུལ་ཞུགས་ཐམས་ཅད་ང་བྱེད་པའི་དོན་དང་། ་ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་བསྟན་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་བྱེད་པའི་ཆོས་ལྷག་མ་དང་བཅས་པ། ངེས་པར ་བྱང་ཆུབ་ལ་རྒྱུན་དུ་མཆོག་ཏུ་གཞོལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་དང་སྔགས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། བདག་གི་རིག་པ་གསང་ཆེན་འདི་ཉིད་སྐྱེ་བོ་ཐམས་ཅད་རྒྱས་པར་བྱེད་པར ་འགྱུར་བ། ། མ་འོངས་པའི་དུས་འཇིག་རྟེན་གྱི་བླ་མ་མྱ་ངན་ལས་འདས་པ་ན་དེ་བཞིན་གཤེགས་པ་ཉི་མའི་རིགས་ནུབ་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས ་ཐམས་ཅད་ཀྱིས་སྤངས་ཤིང་ཐམས་ཅད་བོར་ཏེ་མུན་པར་གྱུར་པ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པར་ཞིག་སྟེ། འཕགས་པའི་ལམ་དང་། རིག་པ་དང་། སྔགས་དང་། སྨན་དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་དང་བྲལ་བ། ་སྐྱེ་བོ་ལེགས་པས་ཡོངས་སུ་གཟུང་བའི་སྣང་བ་མེད་པའི་སེམས་ཅན་གྱི་ཁམས་འབྱུང་བར་འགྱུར་ཏེ། ལེ་ལོ་ཅན་དང་། དྲན་པ་ཉམས་པ་དང་། མ་དད་པ་དང་། མི་སྲུང་བ་དང་། མི་དགེ་བའི་བཤེས་གཉེན་གྱིས ་ཡོངས་སུ་ཟིན་པ། སྒྱུ་དང་། གཡོ་དང་། རྫུན་དང་། གཡོ་བའི་སྤྱོད་པ་དང་ལྡན་པ་དེ་རྣམས། ཆོས་ཀྱི་རྣམས་གྲངས་འདི་ཐོས་ནས་ཀུན་ཏུ་སྐྲག་པར་འགྱུར་ཏེ། ལེ་ལོ་དང་སྙོམས་ལས་ལ་མངོན་པར་དགའ་ཞིང་དད ་པ་མེད་པར་འགྱུར་ཏེ། འདོད་པ་ཚོལ་ཞིང་གསང་སྔགས་ཚོལ་བར་མི་འགྱུར་ཏེ། ལོག་པར་ལྟ་བ་ལ་དགའ་བ་རྣམས་ཀྱང་བསོད་ནམས་མ་ཡིན་པ་མང་པོ་ལ་རབ་ཏུ་འཇུག་པར་འགྱུར་ཏེ། དམ་པའི་ཆོས་སྤོང་བར་བྱེད་པ ་འབྱུང་བར་འགྱུར་རོ། ། མནར་མེད་པ་ལ་མཆོག་ཏུ་གཞོལ་ཞིང་དྲག་པོའི་ཡང་དྲག་པོར་འགྲོ་བ་སྡུག་བསྔལ་གྱིས་གདུངས་པ་དེ་རྣམས་ཀྱི་དོན་གྱི་ཕྱིར་དང་། དབང་དུ་མ་གྱུར་པ་རྣམས་དབང་དུ་གྱུར་པར་བྱ་བ་དང་། དབང་དུ ་གྱུར་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་དང་། ཐབས་ལ་མཁས་པས་བསྡུ་བའི་སྦྱོར་བ་རིག་པ་དང་། རས་རིས་ཀྱི་ཆོ་ག་ད་ལྷ་གསུང་བའི་དུས་ལ་བབ་པར་དགོངས་ནས་བཅོམ་ལྡན་འདས་གསུང་དུ་གསོལ། དེ་སྐད ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་མཆོག་ཏུ་གསང་བ། རིག་པའི་བརྟུལ་ཞུགས་ཀྱི་ཆོ་ག་སྒྲུབ་པ། རས་རིས་ཀྱི་ཆོ་ག་རབ་འབྱམ་མཆོག་ཏུ་གསང་བ་འདོད་པའི་དོན་བྱེད་པ། དོན་ཆེན ་པོ་རྣམ་པར་འབྱོར་པ་རིག་པ་བདུན་ཅུ་པོ་ཐམས་ཅད་ཀྱི་མཆོག་གི་སྙིང་པོ། རྣམ་པར་རྟོག་པ་མེད་པའི་དུས་དེར་འགྲུབ་པར་འགྱུར་རོ།། དེའང་སེམས་ཅན་རྣམས་འདུལ་བའི་དོན་གྱི་ཐབས་ལ་མཁས་པས་འཁོར་བར ་ཀུན་ཏུ་འཇུག་པ་རྣམས་སྐྱོབ་པ། ངེས་པར་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་བྱེད་པ། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་དྲུག་གིས་གསུངས་པར་གྱུར་པ། འདི་ལ་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྠ ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། ཏཱ་རེནྟ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཤིན་ཏུ་རྒྱས་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བཞིན་བཟང་མ་ཞེས་བྱ་བའོ།། ནེ་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དབུས ་ལེགས་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱཱ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལེགས་སྤྱོད་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ ་ཡན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བི་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་མཚན་ལེགས་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་མཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ ་ཡདྷམ་ཧཱ་སཏྭཱ་ཡ། ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལྷོ་ཆུང་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ། ཏུ་རེ་ཏུ་རེ་སྭཱཧྣ། 2 ་མ་སྒྲོལ་མ་ལེགས་གནས་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་ར། ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཉེ་བར་འདུད་པ་ཞེས་བྱ་བའོ།། ཞེ ་པ་འདི་རྣམས་བཅོམ་ལྡན་འདས་བདག་གི་རིག་པ་ཆེན་པོ་མཆོག་གི་སྙིང་པོ་ཆེན་པོ་དང་མཚུངས་པ། བྱ་བ་ཐམས་ཅད་མཆོག་ཏུ་གྲུབ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་སྐྱེས་པ། སངས་རྒྱས་ཐམས་ཅད ་ཀྱིས་རྗེས་སུ་ཡི་རང་བ། འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པ། ལས་ཐམས་ཅད་བྱེད་པ། བྱང་ཆུབ་ཀྱི་ལམ་སྟོན་པ་པོ། པདྨའི་རིགས་ཀྱི་རིག་པ་རབ་དང་། འབྲིང་དང་། ཐ་མ་ལ་ཡང་དག་པར་རབ་ཏུ་སྦྱོར་བ། ་ཤིན་ཏུ་མཛེས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རབ་ཏུ་སྦྱིན་པ་དང་། བསྟན་པ་ནུབ་པའི་དུས་ཀྱི་ཚེའང་འགྲུབ་པར་འགྱུར་རོ།། དམ་པའི་ཆོས་ཀྱི་ཚུལ་སྲུང་བའི་ཆེད་དུ་མཉམ་པར་འཇུག་ཅིང་འགྲུབ་པར ་འགྱུར་རོ། ། དེ་རྣམས་སྦྱོར་བ་ཆུང་ངུ་ཉིད་ཀྱིས་རྒྱལ་སྲིད་ཆེན་པོ་དང་། ལོངས་སྤྱོད་ཆེན་པོའི་དབང་ཕྱུག་གིས་དོན་དེ་རྣམས་འགྲུབ་པར་འགྱུར་རོ།། དེ་རྣམས་ཤིན་ཏུ་མྱུར་བར་དེའི་ཚེ་དེའི་དུས་སུ་དངོས་གྲུབ ་ཐོབ་པར་འགྱུར་ཏེ། ཉམས་སད་པའི་རྒྱུར་ཡང་མཆོག་གི་སྙིང་པོ་འདི་དག་བསྒྲུབ་པར་བྱ་སྟེ། མདོར་ན་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་དངོས་གྲུབ་ཐོབ་པར་འགྱུར་རོ།། རས་རིས་ཀྱི་ཆོ་ག་མདོར་བསྡུས་པར ་གྱུར་པ་འདི་དེའི་ཚེ་དེའི་དུས་ན་འཇིགས་པ་ཆེན་པོ་དང་། སྙིགས་མ་ལྔའི་སེམས་ཅན་བསོད་ནམས་ཆུང་བར་འབྱུང་བར་འགྱུར་ཏེ། དབང་ཆུང་བར་གྲགས་པ། ཚེ་ཐུང་བ། ལོངས་སྤྱོད ་ཆུང་བ། བརྩོན་འགྲུས་ཞན་པས་རས་རིས་ཀྱི་ཆོ་ག་ཤིན་ཏུ་རྒྱས་པའི་ལས་བསྒྲུབ་པར་བྱ་བ་ལ་སོགས་པའི་ལས་རྣམས་རབ་ཏུ་རྩོམ་པར་མི་ནུས་ཏེ། དེ་རྣམས་ཀྱི་དོན་དུ་ཆེས་མདོར་བསྡུས་ཏེ་གསུངས་པ་ནི། དང ་པོར་རེ་ཞིག་དཔའ་བོའི་རིན་གྱིས་དོག་པ་ཉོས། སྲང་ཚད་ཙམ་མམ་སྲང་ཕྱེད་ཙམ་དཀྱུས་སུ་ཁྲུ་གང་ཙམ་ལ་ཞེང་དུ་ཁྲུ་ཕྱེད་ཙམ་པའི་རས་ཁ་ཚང་བའི་རས་ཁ་ཚར་དང་བཅས་པ་ཐ་ག་པས་བཏག་པར་བྱའོ།། ཡང་ན་སླར ་ཡང་སྒྲ་དང་བྲལ་བའི་རས་ཀྱི་དུམ་བུ་གསར་པ་སྟེང་འོག་ཏུ་ཇི་ལྟར་འདོད་པ་ཁྲུ་གཉིས་སམ། བཞི་འམ། དྲུག་གམ། ལྔ་འམ། བཅུའམ། བརྒྱད་པའི་རས་ཤིན་ཏུ་དཀར་བ་བླངས་ཏེ། ཇི་ལྟར་འདོད་པ་བཞིན ་དུ་རི་མོ་མཁན་གྱིས་འདྲིར་གཞུག་པར་བྱའོ། ། ཙན་དན་དང་། ག་པུར་དང་། གུར་ཀུམ་གྱིས་བསྒོས་པའི་མ་འདྲེས་པའི་ཚོན་རྩི་དེ་རྣམས་དང་། རས་ཙན་དན་དང་། གུར་ཀུམ་དང་། ག་པུར་རྣམས་གཅིག་ཏུ ་བྱས་པས་སྲོག་ཆགས་མེད་པའི་ཆུ་རྙོག་མ་མེད་པ་དང་བསྲེས་ཏེ། སྣོད་གསར་པར་རས་སྤང་དུ་བཅུག་ནས་ཉི་མ་གསུམ་དུ་ལེགས་པར་མནན་པས་མནན་ལ་གཞག་གོ།། གཙང་བའི་ཕྱོགས་སུ་བསྲུང་བ་བྱས་ཏེ་བདག ་ཉིད་ཀྱང་གཙང་མར་བྱས་ནས། དཀར་པོའི་ཕྱོགས་ཀྱི་ཉ་ལ་རས་ཀྱི་སྣོད་ཀྱི་མདུན་དུ་ཁ་ཤར་དུ་ཕྱོགས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། སྔགས་ཀྱི་ཚིག་འདི་ལན་སྟོང་ཕྲག་བརྒྱད་བརྗོད་པར་བྱའོ།། ཏདྱ་ཐཱ ་ཨོཾ་ཧེ་ཧེ་བྷ་ག་བཱན། བཱ་ཧུ་རཱུ་པ་དྷ་ར་དི་བྱ་ཙཀྵ་ཥ། ཨ་བ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ་མཱཾ་ས་མ་ཡ་མ་ནུ་ཝ་ར། ཀུ་མཱ་ར་རཱུ་པ་དྷཱ་རིཿཎ། མ་ཧཱ་བོ་དྷི་སཏྭེ། ཀིཉྩི་རཱ་ཡ་སི་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྔགས་འདི་བཟླས་པ་བྱས ་ལ་དེ་ཉིད་དུ་ཉལ་བར་བྱའོ། ། རྨི་ལམ་དུ་གྲུབ་པའམ་མི་འགྲུབ་པ་སྟོན་པར་འགྱུར་རོ།། དེ་ནས་ལངས་ནས་གྲུབ་པའི་མཚན་མའི་རྨི་ལམ་མཐོང་ན། རིང་པོ་མི་ཐོགས་པར་རས་རིས་བྲི་བར་བྱའོ།། གལ་ཏེ་གྲུབ་པའི་མཚན ་མའི་རྨི་ལམ་མ་མཐོང་ན་རས་དེ་སྣོད་དེ་ནས་ཕྱུང་སྟེ་ཉི་མ་ལ་བསྐམ་པར་བྱའོ། ། བསྐམས་ནས་སླར་ཡང་སྣོད་གསར་པ་གཞན་ཞིག་ཏུ་ལེགས་པར་སྦས་ལ་བསྲུང་བ་བྱས་ཏེ་གཞག་པར་བྱའོ།། དེ་ནས་སླར་ཡང་མཆོག་གི་སྙིང་པོ་དེ ་རྣམས་ལས་སྔགས་གང་ཡང་རུང་བ་གཅིག་བཟུང་ནས་ཇི་ལྟར་འདོད་པ་བཞིན་དུ་ཡི་གེ་དྲུག་པོ་རྣམས་ལས་སླར་ཡང་ཡི་གེ་འབུམ་བཟླས་པར་བྱའོ། ། དེ་ནས་ཆེས་མྱུར་བར་རས་རིས་འགྲུབ་པར་འགྱུར་རོ།། དང་པོ་རེ་ཞིག་རས་དེ ་བླངས་ནས། ཆོ་འཕྲུལ་གྱི་ཟླ་ཕྱེད་དམ། གཞན་ཡང་དཀར་པོའི་ཉི་མ་དང་། རྒྱུ་སྐར་དགེ་བ་དང་ཡང་དག་པར་ལྡན་པ། དགེ་བའི་ཚེ་དཀར་པོའི་གཟའི་རེས་ཀྱི་ཉི་མ་ལ་ཤིན་ཏུ་མཛེས་པའི་དགེ་མཚན་དང་། བཀྲ་ཤིས་ཕུན ་སུམ་ཚོགས་པའི་མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ། རི་མོ་མཁན་གསོ་སྦྱོང་ལ་ཉེ་བར་གནས་པས་རས་རིས་དེ་འདྲིར་གཞུག་པར་བྱའོ།། གཙང་བའི་ཕྱོགས་སུ་ག་པུར་གྱི་བདུག་པ་བསྲེགས་ཏེ། དང་པོ་རེ་ཞིག་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱས་ཏེ། དབུ་ཟུར་བུད་ཅན་སྐྱེས་བུ་ཆེན་པོའི་མཚན་གྱིས་རྣམ་པར་བརྒྱན་པ། གསེར་གྱི་མདོག་ཅན། དར་ལ་སྔོན་པོ་གཡོ་བཞིན་པའི་ཤམ་ཐབས་ཅན། དར་ལ་སྔོན་རྡོས ་བླ་གོས་མནབས་པ། སེང་གེའི་ཁྲི་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཏེ་ཆོས་འཆང་བཞིན་པ། ཞབས་གཡས་པ་རིན་པོ་ཆེའི་ཞབས་རྟེན་ལ་བཞག་པ། སེང་གེའི་ཁྲི་ལ་བཞུགས་པ། རྣམ་པ་ཐམས་ཅད ་ཀྱི་མཆོག་དང་ལྡན་པ། བལྟ་ན་སྡུག་པ། བཞིན་ཅུང་ཟད་འཛུམ་པ། སྒྲུབ་པ་པོ་ལ་གཟིགས་པར་གྱུར་པ་བྲི་བར་བྱའོ།། གཡས་ཀྱི་གཞོགས་སུ་འཕགས་པ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས། རྔ་ཡབ་དཀར་པོ ་གཡོ་བ་བཞིན་པ། ཕྱག་གཡོན་ནི་ཡང་བཞིན་གྱི་ནོར་བུ་བསྣམས་པ། ལུས་ཐམས་ཅད་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་སྔོན་པོ་གཡོ་བ་དང་བཅས་པའི་ཤམ་ཐབས་མནབས་པ། མུ་ཏིག་གི་དོ་ཤལ ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཕྱག་གཡོན་པས་པདྨ་དཀར་པོ་བསྣམས་པ། ཕྱག་གཡས་པས་རྔ་ཡབ་དཀར་པོ་གསེར་གྱི་ཡུ་བ་ཅན་བསྣམས་ནས་གཡོབ་པར་བྱེད་བཞིན་པ། ཞི་བའི་རྣམ་པ་ཅན། སྤྱན་རས ་གཟིགས་དབང་ཕྱུག་ལ་ལྟ་བར་གྱུར་པའོ། ། དེ་བཞིན་དུ་འཕགས་པ་ཀུན་ཏུ་བཟང་པོ་པདྨ་དཀར་པོའི་གདན་ལ་བཞུགས་པ་སྟེ། དེ་དག་གཉིས་ཀའང་དེ་ལྟར་མངོན་པར་བྲིའོ།། པདྨའི་སྡོང་བུ་གཅིག་ལས་འཐོན་པའི ་པདྨ་གསུམ་གྱི་དབུ་མ་རྩ་བའི་པདྨའི་ཟེ་འབྲུ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་སེང་གེའི་ཁྲི་དང་རིན་པོ་ཆེའི་ཞབས་རྟེན་ནོ། ། པདྨ་གཞན་ལ་ནི་འཕགས་པ་ཀུན་ཏུ་བཟང་པོའོ།། པདྨ་གསུམ་པ་ལ་ནི་འཕགས ་པ་མཐུ་ཆེན་ཐོབ་བོ། ། པདྨའི་སྡོང་བུ་དེ་ནི་མཛེས་པ། རིན་པོ་ཆེ་མར་གད་ཀྱི་རྣམ་པ་ལ་པདྨའི་མེ་ཏོག་དུ་མ་ཁ་མ་བྱེ་བ་དང་། ཕྱེད་ཙམ་ཁ་བྱེ་བ་དང་། མེ་ཏོག་ཁ་བྱེ་བ་དང་ལྡན་པ། མཚོ་ཆེན་པོ་མ་དྲོས་པ ་ལས་བྱུང་བའི་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་མཚོ་ཆེན་པོ་ལས་སྐྱེས་པའི་པདྨའི་སྡོང་བུ་ལ་འཛིན་པ། ཀླུའི་རྒྱལ་པོ་དེ་གཉིས་ཁ་དོག་དཀར་བ། གདེངས་ཀ་བདུན་གྱིས་བརྒྱན་པ། རྒྱན་ཐམས་ཅད་ཀྱིས ་མཛེས་པ། ལུས་ཕྱེད་མིའི་ལུས་ཁ་སྦྲུལ་གྱི་གདེངས་ཀ་ས་མཚན་པ། ཕྱེད་སྦྲུལ་གྱི་ལུས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་རྟོག་བཞིན་པ། ཕྱེད་ཆུའི་ནང་དུ་ནུབ་པ། ནོར་བུ་རིན་པོ་ཆེ་དང ་གོ་ཀྱིས་ཉེ་བར་མཛེས་པ་བྲི་བར་བྱའོ། ། མཚོན་ཆེན་པོ་དེའི་ཁོར་ཡུག་གི་འོག་ཏུ་རས་རིས་ཀྱི་མཐའི་གྲཝ་གཡས་ཀྱི་གཞོགས་སུ་སྒྲུབ་པ་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དཀྱིལ ་འཁོར་ལ་ངེས་པར་རྟོག་བཞིན་པ། ལག་ན་སྤོས་ཕོར་ཐོགས་པ། ལུས་དང་པུས་མོའི་ལྷ་ང་འདུད་པ། ཆ་བྱད་དང་ཁ་དོག་ཇི་ལྟ་བ་དེ་བཞིན་དུ་མངོན་པར་བྲིའོ།། འཕགས་པ་སྤུ་ན་རས་གཟིགས་དབང་ཕྱུག་གི ་སྟེང་དུ་རས་རིས་ཀྱི་མཐའ་གཉིས་སུ་ལྷའི་བུ་འཕྲེང་བ་འཛིན་པ་གཉིས་མེ་ཏོག་གི་འཕྲེང་བ་བཟུང་ནས་ནམ་མཁའ་ལ་ལྡིང་བ། མེ་ཏོག་གི་ཚོགས་ཆེན་པོ་འཐོར་བར་བྱེད་བཞིན་པ། ཤིན་ཏུ་མཛེས་པ་དག ་མངོན་པར་བྲིའོ། ། རས་རིས་དེའི་ཁོར་ཡུག་ཏུ་ན་ག་གེ་སར་ལ་སོགས་པའི་མེ་ཏོག་རབ་ཏུ་བཀྲམ་པ་བྲི་བར་བྱ་སྟེ། ཇི་ལྟར་འདོད་པའི་གཟུགས་གསུམ་ལྷག་པར་གནས་པ་འམ། མངོན་པར་བྲིའོ།། ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཆོས་སྟོན་པར་མཛད་བཞིན་པ་དང་། འཕགས་པ་ཀུན་ཏུ་བཟང་པོ་དང་། འཕགས་པ་ཕྱག་ན་རྡོ་རྗེ་ཕྱག་ན་རྔ་ཡབ་ཐོགས་པ་འདྲིར་གཞུག་པར་བྱའོ།། སྒྲུབ་པ་པོ་ཇི ་ལྟར་འདོད་པའི་གཟུགས་གསུམ་པོ་རྣམས་གདོན་མི་ཟ་བར་འདྲིར་གཞུག་པར་བྱ་སྟེ། ཇི་ལྟར་འདོད་པའི་རྣམ་པ་དང་། དབྱིབས་ཇི་ལྟར་གནས་པ་བཞིན་དུ་འམ། སྒྲུབ་པ་པོ་ཇི་ལྟ་ཇི་ལྟར ་འདོད་པ་དེ་ལྟ་དེ་ལྟར་བྲི་བར་བྱའོ། ། དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མཐའ་གཉིས་སུའང་ཕྱག་ན་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་ཇི་ལྟར་འདོད་པ་བཞིན་དུ་གདོན་མི་ཟ་བར་འདྲིར་གཞུག ་པར་བྱའོ། ། ཇི་ལྟར་རྙེད་པའི་རས་ཀྱི་དུམ་བུ་མཐོ་གང་ངམ། ཁྲུ་གང་ཙམ་ལ་བདག་ཉིད་དམ། གཞན་གྱིས་སམ། རི་མོ་མཁན་གསོ་སྦྱོང་ཅན་ནམ། གསོ་སྦྱོང་མེད་པ་འམ། དད་པ་མེད་པ་འམ། དད་པ ་ཅན་ནམ། གཙང་མ་འམ། མི་གཙང་བ་འམ། ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པའང་རུང་སྟེ། རི་མོ་མཁན་གྱིས་འདྲིར་གཞུག་པར་བྱའོ།། སྒྲུབ་པ་པོ་བདག་ཉིད་ནི་གདོན ་མི་ཟ་བར་སྔོན་སྤྱད་པ་བྱས་པ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གདོན་མི་ཟ་བར་འགྱུར་བས་བྱ་སྟེ། དེ་ལྟར་ན་སྔགས་འགྲུབ་པར་འགྱུར་གྱི། གཞན་དུ་སྡིག་པ་བྱེད་པས་ནམས་ཀྱང་མ་ཡིན་ནོ།། དེ་ལྟར ་དད་པར་གྱུར་པ་ཡིས། ། སྔགས་ཀྱི་ལྷ་རྣམས་བསྒྲུབ་བྱ་ཞིང་།། དད་པ་དེ་ཡིས་གསང་སྔགས་རྒྱལ།། འགྲུབ་འགྱུར་འདིར་ནི་གཞན་དུ་མིན།། གང་ཕྱིར་དད་པ་ཐེག་པའི་མཆོག། གང་གིས་འདྲེན་པ་འགྲོ་བར་བྱེད།། ་ངདང་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།། ས་བོན་མེ་ཡིས་ཚིག་པ་ལ།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ངད་དང་ལྡན་པའི་མི་རྣམས་ལ།། སངས་རྒྱས་ལས་རྣམས་འགྲུབ་པར་འགྱུར།། ལྷ ་རྣམས་ཀུན་དང་ཁྱད་པར་དུ། ། གསང་སྔགས་རྣམས་ནི་ཐམས་ཅད་ནི།། དད་པ་མེད་ན་མི་འགྲུབ་བོ།། འཇིག་རྟེན་པ་ཡི་ལྷ་རྣམས་དང་།། གང་ཡང་འཇིག་རྟེན་འདས་དེ་བཞིན།། དད་དང་ལྡན་པར་བརྗོད་པ་དང་།། ་རྙོག་པ་བྲལ་བས་འགྲུབ་པར་འགྱུར།། ཡིད་ནི་བྱང་ཆུབ་དེར་སོན་པས།། དེ་རྣམས་བྱང་ཆུབ་ངེས་པར་འགྲུབ།། གཞན་གྱིས་གྲུབ་པར་མ་གསུངས་ཏེ།། བསྟན་པ་འདི་ལས་ཟློག་པ་ཡིན།། རས་རིས་ཆུང་དང་ཆེན་པོ་དང་།། ་བར་མ་ཡོངས་སུ་བསྒྲགས་པ་ཡིན།། ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ།། དེ་ནི་རབ་ཏུ་བཤད་པར་བྱ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། བཅོམ་ལྡན་འདས ་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་ཆོ་ག་ལས། ། རས་རིས་ཀྱི་ཆོ་ག་རབ་འབྱམ་ལྔ་པ་རྫོགས་སོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་དེ་རྣམས་ཀྱི་དོན་གྱི་ཕྱིར་བསྟན་པ་གང་ཡིན་པ་དེ་རྣམས་རས་རིས་ཀྱི་ཆོ་ག་རབ་འབྱམ་བཤད་པ་འདི ་ཐབས་ཉུང་ངུ་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ། དེ་རྣམས་ཀྱི་དོན་གྱི་ཕྱིར་སྒྲུབ་པར་བྱེད་པའི་ཐབས་ཡོན་ཏན་རྒྱས་པ་རབ་ཏུ་དབྱེ་བས་རྣམ་པར་ཕྱེ་བ་ལས་རྣམ་པར་དབྱེ་བ་དེ་ཡང་དག་པར་འཐུན་པར་བཤད་པར་བྱ་ཡི།། ་དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བཤད་པར་བྱའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་འབྱོར་པ་བསྟེན་པར་མཛད་ཅིང་སྔགས་ཀྱི་སྤྱོད་པའི་ཡོན་ཏན་སྒྲུབ་པའི་མཐུ་གསལ་བར་མཛད་པ་ལེགས་པར ་གསུངས་པ་ནི་ལེགས་སོ། ། བཅོམ་ལྡན་འདས་གང་ད་ལྟ་དེའི་དུས་ལ་བབ་པར་དགོངས་ནས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང ་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་འཛུམ་པ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྒོ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ ་དོག་ལ་སོགས་པ་བྱུང་བར་གྱུར་ཏོ། ། འོད་ཟེར་དེ་བྱུང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དུད་ཀྱི་གནས་ཐམས་ཅད ་སྤ་བཀོང་བར་མཛད་ནས། རྒྱུ་སྐར་གྱི་འོད་དང་། རིའི་ལྷའི་ཚོགས་ཀྱི་འོད་དང་། གང་དུ་ཟླ་བ་དང་ཉི་མ་འདི་ལྟར་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དེ་དག་གི་འོད་ཀྱང་སྤ་བཀོང་བར་མཛད་ནས། དེ་རྣམས་མི་གསལ་ཞིང ་འོད་མེད་པར་གྱུར་ཏེ་རྣམ་པར་སྣང་བར་མི་འགྱུར་ཞིང་སྤ་བཀོད་པར་མཛད་དེ། ནོར་བུ་དང་། སྔགས་དང་། སྨན་དང་། རིན་པོ་ཆེའི་འོད་ཐམས་ཅད་འོད་མེད་པར་བྱས་ནས། སླར་ཡང་བཅོམ་ལྡན་འདས་ཤཱཀྱ ་ཐུབ་པའི་ཞལ་གྱི་སྒོར་ནུབ་པར་གྱུར་ཏོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན་འདུས་ཤིང་འཁོད་པར་གྱུར་པ་དེ་སྟན་ལས་ལངས་ནས། རིངས་པའི ་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་པོ་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ཀྱི། རྒྱུ་ཡོད། རྐྱེན་ཡོད་དོ།། གང་ཞིག་མདོ་སྡེའི་དབང ་། པོ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་ཆོ་ག་རིག་པའི་སྤྱོད་པ་རྗེས་སུ་སྒྲུབ་པ་ལས་སྒྲུབ་པར་བྱེད་པའི་ཐབས་ལ་ཡང་དག་པར་གཞོལ་བ། ཆོས་ཀྱི་སྤྲིན་ལ་བརྟེན་ཅིང་ཡང་དག་པར་རྗེས་སུ ་འཇུག་ཅིང་རྗེས་སུ་འབྲང་བར་བྱེད་པར་འགྱུར་པ་དང་། འཛིན་པར་འགྱུར་པ་དང་། ཀློག་པར་འགྱུར་བ་དང་། དད་པར་འགྱུར་བ་དང་། གླེགས་བམ་དུ་བྲི་བར་བྱས་ནས་མཆོང་པར་འགྱུར་བ་དང་། ཙན་དན ་དང་། ཕྱེ་མ་དང་། བྱུག་པ་དང་། བདུག་པ་དང་། འཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་པ་འམ། སིལ་སྙན་གྱི་རྣམ་པའི་ཁྱད་པར་རམ། རོལ་པོ་སྣ་ཚོགས ་དང་། ཕེག་རྡོབ་པ་དང་། ཐ་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་རྒྱུན་དུ་ཐོབ་པ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་བྱེད་པར་འགྱུར་བ་འམ། རིག་པའི་མཐུ་དང་ནུས་པ་ཐོས་ནས་དགའ་བ་སྐྱེ་བར་འགར ་བ་འམ། རྗེས་སུ་ཡི་རང་བར་འགྱུར་བ་འམ། སྤྱོད་པ་སོ་སོར་སྒྲུབ་པར་འགྱུར་བ་དེ་རྣམས་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། དེ་རྣམས་ཐམས ་ཅད་སངས་རྒྱས་བཅོམ་ལྡན་འདས་སུ་བྱེད་པར་འགྱུར་རོ། ། དེ་ཉིད་ཀྱི་ཕྱིར་རྒྱལ་བ་འཛུམ་པ་མཛད་ཀྱི། རྣམ་པ་གཞན་དུ་མ་ཡིན་ནོ།། དང་པོ་རེ་ཞིག་དམ་ཚིག་མཐོང་བ། སྔོན་སྤྱད་པ་རྣམས་བྱས་པ། མངོན ་པར་དབང་བསྐུར་བ་ཐོབ་པས་རྟོག་པའི་རྒྱལ་པོ་འདི་ལ་རྩ་བའི་རིག་པ་འམ། སྙིང་པོ་འམ། ཉེ་བའི་སྙིང་པོ་འམ། གཞན་གང་ཡང་རུང་བའི་སྔགས་བཟུང་ནས་ཡི་གེ་གཅིག་པ་འམ། ཇི་ལྟར་འདོད་པ་གཞན ་ཡང་རུང་སྟེ། དགོན་པ་ཆེན་པོར་སོང་ནས་ལོ་བདུན་དུ་བཟླས་པ་བྱ་སྟེ། འབྲས་བུ་དང་། ཆུའི་བཟའ་བ་དང་། རྩ་བ་དང་། འདབ་མ་བཟའ་ཞིང་། སྔོན་སྤྱོད་པ་རྣམས་བྱས་པར་འགྱུར་རོ།། དེ་ནས་རིའི་རྩེ་མོར ་འཛེགས་ཏེ་རས་རིས་ཀྱི་ཐུ་བོ་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས། བདག་ཉིད་ཤར་དུ་མངོན་པར་ཕྱོགས་ཏེ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་པདྨ་དཀར་པོ་དང་། ཙན་དན་དཀར་པོ་དང་། གུར་ཀུམ་གྱིས་མངོན་པར ་བཏགས་ཏེ། འབུམ་ཕྲག་གཅིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ཀྱི་རས་རིས་ཀྱི་འོག་ནས ་དཔྲལ་བར་བྱའོ། ། ག་པུར་གྱི་བདུག་པར་འཇི་ལྟར་འབྱོར་པ་བསྲེག་གོ།། ལྷའི་བུ་རྣམས་ལ་ཇི་ལྟར་རྙེད་པའི་མེ་ཏོག་གི་མཆོད་པ་བྱའོ།། དེ་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་ཉའམ། ཉ་སོ་སོ་ལ་མཚན་མོ་བྱེད ་ཀྱི་དུས་ཀྱི་ཚེ་རས་རིས་ཀྱི་སྤྱན་སྔར་མེ་ཐབ་པདྨའི་རྣམ་པ་ལྟ་བུ་བྱས་ནས། ཙན་དན་དཀར་པོའི་ཤིང་གིས་མེ་སྦར་ཏེ། གུར་ཀུམ་དང་ག་པུར་གཅིག་ཏུ་བྱས་ནས་སྲེག་བླུགས་ཇི་ལྟར་འབྱོར་པས་སྟོང་ཕྲག་བརྒྱད་སྦྱིན་སྲེག ་བྱས་ཏེ། དེ་ནས་བསྲུང་བ་བྱའོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་འོད་ཟེར་བྱུང་སྟེ། རས་རིས་ཀྱི་ཁོར་ཡུག་ཏུ་གཅིག་ཏུ་འབར་བར་གྱུར་པ་འབྱུང་ངོ་།། དེ་ནས་སྒྲུབ་པ་པོས་ཙན་དན་དང་གུར་ཀུམ ་གྱིས་བཏགས་པའི་པདྨ་དཀར་པོའི་མེ་ཏོག་གིས་མཆོད་ཡོན་དབུལ་ལོ། ། དེ་ནས་སྒྲུབ་པ་པོས་རིངས་པའི་ཚུལ་གྱིས་རས་རིས་ལ་བསྐོར་བ་ལན་གསུམ་བྱས་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ལ་ཕྱག་འཚལ་ནས་སྔར་སྒྲུབ་པ་པོས་བྲིས་པའི་རས་ཀྱི་མཐའི་ཕྱོགས་ནས་འཇིགས་པ་མེད་པས་རས་རིས་གཟུང་བར་བྱའོ།། དེ་ནས ་བཟུང་བ་ཙམ་གྱིས་འཕུར་བར་འགྱུར་ཏེ། སེ་གོལ་གཏོགས་པ་ཙམ་ལ་ཚངས་པའི་འཇིག་རྟེན་ལས་འདས་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་གནས་པར་འགྱུར་རོ།། གང་དུ་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་དབང་པོའི་རྒྱལ་པོ་དེ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་བྱེད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་མངོན་སུམ་དུ ་མཐོང་སྟེ། ཆོས་ཉན་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དག་ཀྱང་མཐོང་སྟེ། དེ་རྣམས་ལ་བསྙེན་བཀུར་བྱེད་དོ།། བསྐལ་པ་ཆེན་པོ་སྟོང་དུ་རྒ་བ་མེད་པ་དང་འཆི་བ་མེད་པར་རོལ་པར་འགྱུར ་རོ། ། བྲིས་སྐུ་གནས་པ་དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ།། དེ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱང་ཤེས་སོ།། ་ཞིང་སྟོང་ཕྲག་ཀྱང་འདའ་བར་བྱེད་དོ།། ལུས་སྟོང་ཕྲག་སྟོན་པར་བྱེད་དོ།། རྫུ་འཕྲུལ་གྱི་མཐུ་དུ་མ་ཡང་དག་པར་འབྱིན་པར་བྱེད་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་བའི ་བཤེས་གཉེན་དུ་འགྱུར་རོ། ། ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་སྣོད།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་བྲིས་སྐུ་རབ་འབྱམ་ལས། མཆོག་གི་སྒྲུབ་པའི་ཐབས་ཀྱི་ཆོ་ག་ལས་ཀྱི་འབྲས་བུ་དྲུག་པ་རྫོགས་སོ།། ། དེ་ནས་ཡང་སེམས་དཔའ་ཆེན་པོས ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ན་འདུག་པའི་ལྷ་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་ཅག་ཉོན་ཅིག། ལས་ཆེན་པོ་དང་བཅས་པའི་རིག་པ་འཕགས་མ་སྒྲོལ་མའི་སྤྱོད ་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་ལས་ཀྱི་ཆོ་ག་སྒྲུབ་པ་པོ་སྲུང་བའི་དོན་དུ་གསང་བ་དམ་པ་མཆོག་གི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། རིག་པའི་རྒྱལ་མོ་ཆེན་མོ་གང་གིས་བཟླས ་པས་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། ། ཀྱེ་ཀྱེ་ལྷའི་ཚོགས་རྣམས་འདི་ནི་འདའ་བར་བྱེད་པ་མ་ཡིན་པའི་རིག་པའི་རྒྱལ་མོ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཀྱང་རིག་པ་འདིས་འགུགས་ཤིང ་དབང་དུ་བྱེད་ལ། ཡང་དག་པར་འདོད་པར་གྱུར་པར་བྱེད་ན། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། སྔགས་ཐམས ་ཅད་དང་བགེགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ། འདི་ནི་བརྩོན་འགྲུས་ཆེ་བ་དང་། མཐུ་ཆེ་བ་དང་། གཅིག་ཏུ་དཔའ་བ། རིག་པ་ཐམས་ཅད་གཅིག་ཁོ་ནར་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བཤད་པ་དང་། གཅིག ་ཁོ་ན་རིག་པའི་རྒྱལ་པོ་འཇིགས་པ་ཆེན་པོ་རྣམས་ལས་མཆོག་ཏུ་བཤད་པ་སྟེ། དེ་གང་ཞེ་ན། ལས་ཆེན་པོ་ཐམས་ཅད་བྱེད་པ། དོན་ཐམས་ཅད་སྒྲུབ་པ། བྱ་བ་ཐམས་ཅད་བྱེད་པ། སྔགས་ཐམས་ཅད་གཅོད ་པར་བྱེད་པ། གདུག་པའི་ལས་རྣམས་དང་སྡིག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སྔགས་ཐམས་ཅད་སོ་སོར་རྫོགས་པར་བྱེད་པ། དགེ་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས ་པའི་རིག་པ་དང་སྔགས་ཐམས་ཅད་ཀྱི་གོང་ནས་གོང་དུ་རབ་ཏུ་འཇུག་པ། ཐོགས་པ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་གྱུར་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ ་། གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་མཆོག་ཏུ་གསང་བ་དམ་པ། ལས་ཆེན ་པོ་ཐམས་ཅད་བྱེད་པ། རིག་པའི་རྒྱལ་མོ་ཆེན་མོ་སེམས་ཅན་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བཀྲ་ཤིས་པ། རིག་པ་དང་སྔགས ་ཐམས་ཅད་ཀྱིས་བསྒྲུབས་པ། འཇིག་རྟེན་ཐམས་ཅད་ཀྱི་མངའ་བདག། རིག་པའི་དབང་ཕྱུག་ཐམས་ཅད་ཀྱི་དབང་ཕྱུག། རྣམ་པར་སྡང་བ་ཐམས་ཅད་ལ་བྱམས་པའི་བདག་ཉིད། སྐྱེ་བོ ་རྣམས་ལ་སྙིང་བརྩེ་བ་དང་། བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་སྟེ། མདོར་ནི་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་རབ་ཏུ་བྱེད་དོ།། མ་བསྒྲུབས་པར་ཡང་ལས་རྣམས་བྱེད་དོ།། རིག་པ་བཟླས་ནས་གང ་ལ་རེག་པ་དེ་དབང་དུ་འགྱུར་རོ། ། གོས་ལ་མངོན་པར་བསྔགས་ནས་གྱོན་ན་སྐལ་བ་བཟང་པོར་འགྱུར་རོ།། སོ་ཤིང་ལ་མངོན་པར་བསྔགས་ཏེ་ཟོས་ན་སོ་ནད་སེལ་བར་འགྱུར་རོ།། ཀ་ར་བཱི་ར་དཀར་པོ་ལ་ལན་བདུན ་མངོན་པར་བསྔགས་ནས་ཟོས་ན་དོན་དུ་མ་གཉེར་བར་ཡང་ཁ་ཟས་འབྱུང་བར་འགྱུར་རོ། ། མིག་གི་ནད་ལ་རྒྱམ་ཚ་ཕྱེ་མར་བྱས་པ་ལ་ལན་བདུན་མངོན་པར་བསྔགས་ནས་མིག་བཀང་ན་མིག་ནད་སེལ་བར་བྱེད་དོ།། ་རྣ་བའི་ནད་ལ་གླང་པོ་ཆེའི་རྒྱབ་ནས་ཐོན་པ་འབྲུག་སྒྲོགས་པ་ན་འབྱུང་བའི་ཚེ་དྷི་ཀ། ཀ་བུ་ཀའི་ལོ་མར་གཏུམས་ཏེ་མེ་ཆུང་ངུས་བཙོ་བར་བྱའོ།། ཚོས་ནས་ཕྱིར་བཙོ་བ་བྱས་ལ་ཆུ་དྲོ་འཇམ་ལ་རྒྱམ་ཚྭ་དང་སྦྱར་བ་བྱས ་ནས། ལན་བདུན་མངོན་པར་བསྔགས་ཏེ་དེས་རྣ་བ་དགང་བར་བྱས་ཏེ་སྐད་ཅིག་དེ་ཉིད་ལ་ཉེ་བར་ཞི་བར་བྱེད་དོ།། བུད་མེད་བུ་འབྱུང་བའི་དུས་སུ་མངལ་འགགས་ནས་གཟེར་བས་ཟིལ་གྱིས་ནོན་པར་གྱུར་ན། ཨཱ་ཊ་རླུང་ཥ ་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་ལ་བཏགས་ནས་ལྟེ་བའི་ཕྱོགས་སུ་བྱུགས་ན་བདེ་བླག་ཏུ་བཙའ་བར་འགྱུར་རོ། ། སྐྱེས་བུ་ཟུག་རྔུས་ཉམས་པ་འམ་མཚོན་ནང་དུ་ལུས་པ་ལ་མར་རྙིང་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས ་ནས་བླུད་པར་བྱ་བ་འམ། དེའི་ཕྱོགས་སུ་བྱུགས་ན། དེའི་སྐད་ཅིག་ཉིད་ལ་ཟུག་རྔུ་མེད་པར་འགྱུར་རོ།། མ་ཞུ་བ་དང་། གསུད་པ་དང་། ཚད་པའི་ནད་ལ་ཁ་རུ་ཚྭ་དང་། རྒྱམ་ཚྭ་དང་། ཚྭ་གཞན་གང་ཡང་རུང་བ་ལ་མངོན ་པར་བསྔགས་ནས་ཟོས་ན་ནད་དེ་ལས་གྲོལ་བར་འགྱུར་ཏེ། ཉི་མ་དེ་ཉིད་ལ་བདེ་བར་གནས་པར་འགྱུར་རོ།། ལྡན་པའི་ནད་ཀྱི་ཚད་པ་འམ། འཕྲལ་གྱི་ཚད་པ་ལའང་རུང་སྟེ། མ་ཏུ་ལུང་གའི་རྩ་བ་བཏགས་ནས་སྲོག ་ཆགས་མེད་པའི་ཆུ་འཐུང་དུ་གཞུག་སྟེ་གནོད་པ་མེད་པར་དེ་ལས་གྲོལ་བར་འགྱུར་ཏེ། ལན་བདུན་བཟླས་པས་སམ། གཉིས་བཟླས་པས་སོ།། བུད་མེད་མོ་གཤམ་མི་སྐྱེ་བའི་ཆོས་རྣམས་སྐྱེ་བར་འདོད་ན ་ཨ་ཤོ་གནྟའི་རྩ་བ་བའི་མར་དང་ལྷན་ཅིག་བསྐོལ་ཏེ། བའི་འོ་མས་བསྲེས་ཏེ་ལན་ཉི་ཤུ་རྩ་ལྔ་ཡོངས་སུ་བཟླས་ཏེ། ཟླ་མཚན་གྱི་དུས་སུ་འཐུང་དུ་བཅུག་ནས་ཁྲུས་བྱས་པའི་མཐར། སྐྱེས་པ་གཞན་སྤང་ཞིང ་ཁྱིམ་པའང་འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤངས་ན། རང་གི་སྐྱེས་པ་འམ་རང་གི་བདག་པོའི་བུ་སྐྱེ་བར་འགྱུར་རོ།། ལོ་གསུམ་མམ། ལོ་ལྔ་རབ་ཏུ་སྐྱེ་བའི་དུས་ལས་ལྷག་པ་འམ། ལོ་དུ་མར ་བུ་མ་ཆགས་པ་འམ། གཞན་གྱི་སྔགས་དང་། སྨན་དང་། གཞན་གྱི་ཕྱག་རྒྱས་བཏབ་པ་དང་། གཞན་གྱིས་གདུག་པར་བྱས་པ་འམ། མངལ་འཛིན་པ་མི་འཛིན་པར་བྱས་པ་འམ། ནད་ཀུན་ཏུ་ལངས་པ ་འམ། སྦྱོར་བ་གཞན་ཀུན་ཏུ་སྤངས་པའམ། ནད་གཞན་གང་ཡང་རུང་བ་ཅུང་ཟད་ཀྱིས་ཡོངས་སུ་མི་འཛིན་པར་བྱས་པ་འམ། བརྟན་པ་དང་། གཡོ་བ་དང་། བཅོས་མ་དང་། བཅོས་མ་མ་ཡིན་པ་ལ་སོགས ་པའི་དུག་ལ་སོགས་པ་རབ་ཏུ་ཞུགས་པ་འམ། རྩ་བ་དང་། སྔགས་དང་། སྨན་དང་། མཛའ་བ་དང་། མི་མཛའ་བའི་སྦྱོར་བ་བྱས་པ་ལ། མར་རྙིང་པ་དང་རྨ་བྱའི་མདོངས་གཅིག་ཏུ ་བྱས་ནས་བཏགས་ལ། ཤ་ཀ་ར་དང་ལྷན་ཅིག་སྦྱར་ཏེ་ལན་ཉི་ཤུ་རྩ་བདུན་མངོན་པར་བསྔགས་ནས་ཨ་རུ་ར་ཙམ་བཟའ་བར་བྱ་སྟེ། ཉིན་ཞག་བདུན་གྱི་བར་དུ་ཤ་ཀ་ར་དང་ལྡན་པའི་འོ་མ་བསྐོལ་བ་བཏུང་བར་བྱཞིང ་ཡང་དང་ཡང་དུ་སྔགས་ཀྱང་བཟླས་སོ། ། ཀླད་པ་ན་བ་ལ་བྱ་རོག་གི་གཤོག་པ་ལ་ལན་བདུན་མངོན་པར་བསྔགས་ཏེ། དེས་བྱ་བས་ན་བདེ་བར་གནས་པར་འགྱུར་རོ།། བུད་མེད་ལ་ཆེས་སྤྱད་པ་ལ་སོགས་པའི ་ནད་རྣམས་ལ་ཨ་ལམ་བུ་ཤའི་རྩ་བ་འོ་ཨ་དང་ལྷན་ཅིག་བཏག་ས་ནས་ནི་ལི་ཀའི་རྩ་བ་དང་ལྡན་པ་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས་ནས་འོ་མས་སྐྱོ་མར་སྦྱར་ནས་བཏུང་བར་བྱའོ། ། དེ་བཞིན་དུ་རིམས ་ཉིན་བཞི་པ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། རྒྱུན་པ་དང་། རྟག་པའི་རིམས་དང་། རིམས་དྲག་པོ་ལ་སོགས་པ་རྣམས་ལ་འོ་ཐུག་མར་དང་སྦྱར་ལ་བརྒྱ་རྩ་བརྒྱད་མངོན ་པར་སྔགས་ཏེ་འཐུང་དུ་བཅུག་ན་བདེ་བར་གནས་པར་འགྱུར་རོ། ། དེ་བཞིན་དུ་མཁའ་འགྲོ་མའི་གདོན་གྱིས་ཟིན་པ་ལ་བདག་ཉིད་ཀྱི་འདོང་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བལྟས་ན་བདེ་བར་གནས་པར ་འགྱུར་རོ། ། དེ་བཞིན་དུ་མ་མོ་དང་། བྱིས་པ་དང་། སྲུལ་པོ་དང་། རོ་ལངས་དང་། གྲུལ་བུམ་གྱི་གདོན་ལ་སོགས་པ་རྣམས་དང་། མི་ཐམས་ཅད་གདུག་པ་ཅན་དྲག་པོས་མངོན་པར་ཟིན་པ་ལ་བདག་ཉིད་ཀྱི་ལག་པ ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། ཟིན་པ་དེའི་མགོ་བོ་ལ་རེག་ན་བདེ་བར་གནས་པར་འགྱུར་རོ།། ལན་གཅིག་བཟླས་པས་བདག་ཉིད་སྲུང་ངོ་།། གཉིས་བཟླས་པས་གྲོགས་པོ་སྲུང་ངོ་།། གསུམ་བཟླས་པས་ཁྱིམ ་སྲུང་ངོ་། ། བཞི་བཟླས་པས་གྲོང་སྲུང་ངོ་།། ལྔ་བཟླས་པས་གྲོང་གི་སྤྱོད་ཡུལ་དུ་གྱུར་པ་སྲུང་བར་འགྱུར་རོ།། དེ་བཞིན་དུ་ཇི་སྲིད་སྟོང་ཕྲག་གི་བར་དུ་བཟླས་པས་དམག་གི་ཚོགས་བསྲུང་བ་བྱས་པར་འགྱུར་རོ།། འདི་རྣམས ་སམ་གཞན་ཡང་ལས་ཕྲ་མོ་རྣམས་མ་བསྒྲུབ་པར་ཡང་བྱེད་དོ། ། དེ་ནས་སྒྲུབ་པར་འདོད་ན་ཕྲ་མོའི་ལས་རྣམས་མི་བྱ་བར་མཐའ་གཅིག་ཏུ་སོང་ནས་རྣམ་པར་དབེན་པའི་ཕྱོགས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་འབབ་པ་དང་། རྒྱ་མཚོ ་ངོགས་དང་། གངྒཱའི་ཀླུང་གི་ངོགས་དང་། གཞན་ཡང་ཆུ་ཀླུང་ཆེན་པོའི་ངོགས་ལ་བརྟེན་ནས། ཕྱོགས་གཙང་མ་ཕྱག་བདར་བྱས་ནས་ཁྲུས་ལན་གསུམ་བྱ་ཞིང་། གོས་ལན་གསུམ་བརྗེས་ཏེ་སྨྲ་བ་བཅད་དེ་སློང་མོའི་ཁ་ཟས་ཟ་ཞིང་། ་ལོ་མ་དང་། ནས་ཟན་དང་། འོ་མ་དང་། འབྲས་བུ་ཟ་ཞིང་འབུམ་ཕྲག་བཅུ་གཅིག་བཟླས་པ་བྱའོ།། གྲུབ་པའི་མཚན་མ་མཐོང་ན། དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ་ཕྱོགས་དེ་ཉིད་དུ་རས་རིས་ཐུ་བོ་དེར་བཞག་ལ། རས་རིས ་ལ་མཆོད་པ་ཆེན་པོ་བྱས་ནས་གསེར་དངུལ་གྱི་རང་བཞིན་ནམ། ཟངས་དང་སའི་རང་བཞིན་གྱི་མར་མེའི་སྣོད་ཏུ་རུ་ཀའི་འབྲུ་མར་གྱིས་བཀང་བ་འམ། དྲི་ཞིམ་པོའི་འབྲུ་མར་གྱིས་བཀང་བ་འམ། བའི་མར་གྱིས་བཀང་བའི ་མར་མེའི་སྣོད་དུ་རས་གསར་པ་དུམ་བུ་དུམ་བུར་བྱས་པའི་མར་མེ་འབུམ་ཕྲག་གཅིག་རས་རིས་ལ་དབུལ་བར་བྱའོ། ། དེའི་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་རྣམས་ཕུལ་མ་ཐག་ཏུ་རས་རིས་ལས་འོད་ཟེར་རྣམས་འབྱུང་སྟེ། འོད་ཟེར་རྣམ ་བྱུང་མ་ཐག་ཏུ་རས་རིས་ཀུན་ནས་འབར་བའི་འཕྲེང་བར་འགྱུར་རོ། ། སྟེང་གི་བར་སྣང་ལ་རྔ་བོ་ཆེའི་བླ་སྒྲོགས་ཤིང་ལེགས་སོ་ཞེས་པའང་ཐོས་ཏེ། དེ་ནས་རིག་པ་འཛིན་པས་རིངས་པའི་ཚུལ་གྱིས་རས་རི ་ཀྱི་མཐའི་ཟུར་དུ་སྒྲུབ་པ་པོ་སྔར་བྲིས་པ་རས་རིས་ལ་བརྟེན་པ་ལ་མཆོད་ཡོན་ཕུལ་ནས་བསྐོར་བ་བྱས་ཏེ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་གཟུང་བར་བྱའོ།། དེ་ནས་བཟུང་བ་ཙམ་གྱིས་མར་མ་འཛིན་པ་དེ་རྣམས ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་འཕུར་བར་འགྱུར་རོ། ། གཅིག་གིས་ལྷག་པའི་གཞལ་མེད་ཁང་བརྒྱར་ཡང་འགྲོ་བར་བྱེད་དོ།། ལྷའི་སིལ་སྙན་དང་སོ་སོར་ཡང་དག་པར་ལྡན་པ་དང་། སྒྲ་སྦར་པའི་གླུ་དབྱངས་སྒྲོགས་ཤིང ་གར་བྱེད་པའི་རིག་པ་འཛིན་མ་དེ་རྣམས་ཀྱིས་ཁོར་ཡུག་ཏུ་ཀུན་ཏུ་ཁྱབ་པར་སྣང་བ་སྒྲུབ་པ་པོ་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་དབང་བསྐུར་བ་བྱེད་དོ། ། མར་མེ་འཛིན་པ་དེ་རྣམས་ཀྱིས་ལྷན་ཅིག་རྒ་བ་མེད་ཅིང་འཆི་བ ་མེད་པར་རོལ་པར་བྱེད་དོ། ། བསྐལ་པ་ཆེན་པོར་གནས་ཤིང་ཉི་མ་འཆར་ཀ་འདྲ་བ་དང་། ལྷའི་རྒྱན་གྱིས་མཛེས་པ་དང་། རྣམ་པར་བཀྲ་བའི་གོས་ཀྱིས་བརྒྱན་པ་དེ་རྣམས་དབང་དུ་བྱས་ནས་མངག་གཞུག་པར ་འགྱུར་ཏེ། དེ་རྣམས་དང་ལྷན་ཅིག་རྣམ་པར་སྤྱོད་པར་གྱུར་ཏེ། ལྷའི་རིག་པ་འཛིན་པ་ཐམས་ཅད་ཀྱང་འདིའི་བྲན་ཉིད་དུ་ཉེ་བར་གནས་པར་འགྱུར་རོ།། རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་ཞིང་རིང་དུ་འཚེ་ཞིང ་གྲུབ་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། མཆོག་ཏུ་སྐལ་བ་བཟང་པོར་འགྱུར་ཞིང་། རིག་པ་འཛིན་པའི་བུ་མོ་རྣམས་དབང་དུ་འགྱུར་རོ།། རྫས་ཐམས་ཅད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་མཆོད་པ་བྱེད་པ་ལ་དགའ་བར་འགྱུར་རོ། ། སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་མངོན་པར་འགྲོ་བར་འགྱུར་རོ།། བརྒྱ་བྱིན་གྱིས་ཀྱང་གྲངས་སུ་མི་འགྲོ་ན། དེ་ལས་གཞན་པའི ་རིག་པ་འཛིན་པ་རྣམས་ཀྱི་ས་ལྟ་ཅི་སྨོས། མཐར་ཡང་འདི་སངས་རྒྱས་ཉིད་དུ་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དགེ་བའི་བཤེས་གཉེན་དུ་འགྱུར་རོ།། ལས་སྒྲུབ་པའི་ཐབས་གཞན ་ཡང་ཡོད་དེ། ཆེས་དཀའ་ཐུབ་བྱས་པ། དེ་ནས་མཐའ་གཅིག་ཏུ་སོང་ནས་ལྷག་པར་གནས་ཏེ་འདུ་འཛིན་མེད་ཅིང་འདུ་འཛི་དང་བྲལ་བའི་དགོན་པ་ཆེན་པོར་ཞུགས་ནས། གནས་གང་ན་པདྨའི་མཚོ་ཆེན་པོ ་དང་ཆུ་དང་བཅས་པ། རི་བོ་གཅིག་ལ་བརྟེན་པའི་རི་དེའི་རྩེ་མོར་འཛེགས་ཏེ། རིག་པ་རྣམས་ཀྱིས་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ནས། དེ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འོ་མ་འམ། ནས་ཟན་དང ་པདྨའི་རྩ་བ་དང་། འབྲས་བུ་བཟའ་ཞིང་འོ་མ་ལས་བྱུང་བ་ཟོས་ཏེ་རིག་པ་འབུམ་ཕྲག་བཅུར་བཟླས་པར་བྱའོ།། བཟླས་པའི་མཐར་ཡང་སྔར་བསྟན་པའི་ཆོ་ག་དེ་ཉིད་ཀྱིས་རས་རིས་ཀྱི་ཐུ་བོ་བཞུགས་ནས། ་པདྨའི་མེ་ཏོག་ལ་ཙན་དན་དཀར་པོ་དང་། གུར་ཀུམ་གྱིས་བཏགས་ཏེ་སེང་ལྡེང་གི་ཤིང་གིས་མེ་སྦར་ནས། སྔར་ཡོངས་སུ་བརྟགས་པའི་པདྨས་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་སྦྱིན་སྲེག་བྱའོ།། དེ་ནས་སྦྱིན ་སྲེག་གི་མཐར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རས་རིས་ལས་འོད་ཟེར་འབྱུང་སྟེ། དེས་སྒྲུབ་པ་པོ་ཀུན་ཏུ་སྣང་བར་བྱས་ནས་སྤྱི་བོར་ནུབ་པར་འགྱུར་རོ།། རེག་མ་ཐག་ཏུ་སྒྲུབ་པ་པོ་མངོན་པར་ཤེས་པ་ལྔར ་འགྱུར་རོ། ། བྱང་ཆུབ་སེམས་དཔའི་ས་ཐོབ་བོ།། ལྷའི་གཟུགས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུ་སྟེ། བསྐལ་པ་སུམ་ཅུ་རྩ་དྲུག་ཏུ་འཚེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང ་སུམ་ཅུ་རྩ་དྲུག་འདའ་བར་བྱེད་དོ། ། དེ་རྣམས་ཀྱི་མཐུའང་ཡང་དག་པར་རྗེས་སུ་མཐོང་ངོ་།། སངས་རྒྱས་སུམ་ཅུ་རྩ་དྲུག་མཉེས་པར་བྱེད་དོ།། དེ་རྣམས་ཀྱང་མཆོད་པ་དང་བསྙེན་བཀུར་བས་མངོན་པར་དགའ་བར ་འགྱུར་རོ། ། མཐར་ཡང་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ།། ཇི་སྲིད་བྱང་ཆུབ་ཏུ་མྱ་ངན་ལས་འདས་པའི ་མཐར་ཐུག་པའི་བར་དུའོ། ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་ལས། ལས་མཆོག ་སྒྲུབ་པའི་ཐབས་ཀྱི་ཆོ་ག་བདུན་པའི་ལེའུ་རབ་འབྱམ་ཡོངས་སུ་རྫོགས་སོ། ། ། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་སྒྲུབ་པའི་ལས་མཆོག་གསུངས་ཏེ། རྟོག་པའི་རྒྱལ་པོ་འདི། ་ལ་རྩ་བའི་རིག་པའི་སྔགས་ཡོངས་སུ་བཟུང་ནས་གངྒཱའི་ཀླུང་དུ་ཞུགས་ནས་གྲུའི་བཞོན་པ་ལ་རབ་ཏུ་གནས་ཏེ། གངྒཱའི་དབུས་སུ་འོ་མ་དང་ཆུ་བཏུང་ཞིང་། སྟོང་ཕྲག་སུམ་ཅུར་ཇི་ལྟར་འདོད་པའི་ཉིན་ཞག་གི་བཟླས་པ་བྱའོ།། ་དེ་ནས་བཟླས་པའི་མཐར་ཀླུ་ཐམས་ཅད་མཐོང་ངོ་།། དེ་ནས་སྒྲུབ་པ་བརྩམ་སྟེ། གྲུའི་དབུས་དེ་ཉིད་དུ་མ་ཐབ་པདྨའི་རྣམ་པ་བྱའོ།། དེ་ནས་ན་ག་གེ་ས་ར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་རས་རིས་ལ་མཆོད་པ་ཆེན་པོ་བྱའོ།། ་རས་རིས་ཀྱི་ཐུ་བོ་ཞལ་ནུབ་ཏུ་མངོན་པར་ཕྱོགས་པར་གཞག་སྟེ། བདག་ཉིད་ཤར་དུ་མངོན་པར་ཕྱོགས་ཏུ་ཀུ་ཤའི་ཁྲེས་ལ་འདུག་སྟེ། ན་ག་གེ་སར་གྱི་མེ་ཏོག་རེ་རེ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་སེང་ལྡེང་གི ་ཤིང་གིས་མེ་སྦར་ཏེ། ཙན་དན་དཀར་པོ་དང་གུར་ཀུམ་བསྲེས་པའི་ན་ག་གེ་སར་གྱི་མེ་ཏོག་རྣམས་ཀྱིས་སྟོང་ཕྲག་བཅུའི་བར་ཇི་སྲིད་པར་སྦྱིན་སྲེག་བྱའོ།། གཞན་ཀླུ་རྣམས་མཐོང་བ་ན་ཉེ་བར་བཅིངས་པའི་དངོས་གྲུབ ་ཀྱི་རྫས་རྣམས་རབ་ཏུ་ཆགས་པས་བླང་བར་མི་བྱའོ། ། གང་ལས་སྦྱིན་སྲེག་གི་མཐར་གྲུའི་བཞོན་པ་དང་ལྷན་ཅིག་འབྲར་བར་འགྱུར་རོ།། རིག་པ་འཛིན་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ།། ཀླུའི་དབང་པོ་རྒྱལ་པོ་ཐམས་ཅད ་ཀྱང་རྗེས་སུ་འབྲང་ཞིང་བྲན་བཞིན་དུ་གནས་སོ། ། བར་གྱི་བསྐལ་པ་སུམ་ཅུར་འཚོ་བར་འགྱུར་རོ།། རང་དབང་དུ་སྤྱོད་པར་འགྱུར་རོ།། འགྲོ་བ་ལ་ཐོགས་པ་མེད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ ་དུ་མཐོང་སྟེ། དེའི་སྤྱི་བོ་ལ་རེག་པར་མཛད་དོ།། རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔར་འགྱུར་རོ།། ངེས་པར་སངས་རྒྱས་ཉིད་དུ་ལྷག་པར་འགྲོ་བར་བྱེད་དོ།། གཞན་ཡང་མཆོག་གི་སྒྲུབ་པའི་ཆོ་གའི་སྒྲུབ་ཐབས ་འགྱུར་བ་ནི་སྔར་བཞིན་དུ་གངྒཱའི་ཀླུང་དུ་ཞུགས་ནས་བིལ་བའི་ཤིང་གི་རང་བཞིན་གྱིས་ཤིང་གཅིག་ཉིད་ཀྱིས་གྲུའི་བཞོན་པ་བྱས་ནས་ཤིན་ཏུ་བརྟན་པ་ལེགས་པར་བྱས་པ་དེར་མངོན་པར་འཛེགས་ནས། བདེ་བའི་ཤིང ་གི་རང་བཞིན་གྱི་སྐྱ་བ་ངེས་གྲུ་དེའི་རྗེས་སུ་སྒྲུབ་པ་པོ་ཆེས་མཁས་ཤིང་གསལ་བ་ཉིད་ཀྱིས་གཡབ་པར་བྱ་སྟེ། གངྒཱའི་ཀླུང་ཆེན་པོ་ཡོངས་སུ་མི་དོར་བར་ཀུན་ནས་ཐད་ཀར་རམ་རྒྱུན་རིངས་སུ་གཡབ་པར་བྱའོ།། དེ་ནསཿ ་བའི་རིག་པ་བཟུང་ནས་སམ། སྙིང་པོ་འམ། ཉེ་བའི་སྙིང་པོ་འམ། ཡི་གེ་གཅིག་པ་འམ། ཁྲོ་བོ་འམ། ཕོ་ཉ་འམ། རིང་དུ་རྗེས་སུ་འབྲང་བ་འམ། གཞན་གང་ཡང་རུང་བའི་སྔགས ་བཟུང་ནས་རས་རིས་ཀྱི་ཐུ་བོ་དེ་ཉིད་དུ་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས། བདག་ཉིད་དང་པོར་ཤར་དུ་མངོན་པར་ཕྱོགས་ལ། ཕྱིས་ནི་ཇི་ལྟར་འདོད་པར་བྱའོ།། འོ་མ་དང་། ནས་ཟན་དང་། འབྲས་བུ་བཟའ་བ་འམ། ་ཆུ་འམ། པདྨའི་རྩ་བ་དང་འབྲས་བུ་བཟའ་ཞིང་སྨྲ་བ་བཅད་དེ། དུས་གསུམ་དུ་ཁྲུས་བྱ་ཞིང་། གོས་ལན་གསུམ་དུ་བརྗེས་ཏེ། ཤིན་ཏུ་དཀར་བའི་ལས་ཀུན་ཏུ་སྤྱོད་ཅིང་ཤིན་ཏུ་དཀར་བའི་བློ་དང་ལྡན་པས། དང ་པོ་རེ་ཞིག་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་སྔར་ཆོ་ག་མཐོང་བས་རིག་པ་འབུམ་ཕྲག་དྲུག་ཅུ་བཟླས་པར་བྱའོ། ། དེ་ནས་གལ་ཏེ་རྩ་བའི་རིག་པར་འགྱུར་རོ།། དེ་ནས་སྟོང་ཕྲག་དྲུག་ཅུ་བཟླས ་པའི་མཐར་གྲུ་རྒྱ་མཚོ་ཆེན་པོར་འགྲོ་བར་འགྱུར་རོ། ། དེ་ནས་སྒྲུབ་པའི་ཡོ་བྱད་རྣམས་བསྡུས་ཏེ་སྔར་གྱི་གནས་དེ་ཉིད་དུ་གཞག་པར་བྱའོ།། དེ་ནས་གྲུའི་བཞོན་པ་རྒྱ་མཚོ་ཆེན་པོར་འགྲོ་བ་ན། འཇིགས་པར་མི་བྱ་ཞིང་། ་བཟློག་པར་མི་བྱའོ།། སྒྲུབ་པ་པོའི་དབང་ལས་མ་གཏོགས་པར་བཟློག་པར་ནུབ་པའང་མ་ཡིན་ནོ།། དེ་ནས་དཔག་ཚད་སྟོང་དུ་གནས་པའི་རྒྱ་མཚོ་ཆེན་པོར་ཡང་ཡུད་ཙམ་གྱིས་འཇུག་པར་བྱེད་དེ། ལམ་ཐུང ་ན་ལྟ་ཅི་སྨོས། དེར་ཞུགས་ནས་ཆུའི་སྟེང་དུ་སྒྲུབ་པའི་ལས་བརྩམ་པར་བྱའོ།། དེ་ནས་མེ་ཐབ་སྔར་གྱི་རྣམ་པ་འམ། རྫ་མཁན་གྱིས་བྱས་པའི་སའི་སྣོད་དུ་སེང་ལྡེང་གི་མེ་སྦར་ལ། ན་ག་གེ་སར་གྱི ་ཟེ་འབྲུ་དང་། མེ་ཏོག་ཙན་དན་དཀར་པོ་དང་ག་པུར་དང་བསྲེས་པའི་སྲེག་བླུགས་ཆེས་ཉུང་བ་འམ། ཆེས་མང་བའི་ཚད་ཀྱང་རུང་སྟེ། སྔར་བཞིན་དུ་རྩ་བའི་རིག་པས་འབུམ་ཕྲག་དྲུག་ཅུ་སྦྱིན་སྲེག་བྱའོ།། ་སྦྱིན་སྲེག་བྱེད་པ་ན། ལང་ཀའི་གྲོང་ན་གནས་པའི་སྲིན་པོ་གཟུགས་སྣ་ཚོགས་འཛིན་པ་རྣམས་ཧཱ་ཧཱ་ཞེས་སྒྲོགས་པ་དང་། ཀླུའི་གྲོང་ལོངས་སྤྱོད་ལྡན་ན་གནས་པའི་ཀླུའི་རྒྱལ་པོ་རྣམ་པ་སྣ་ཚོགས་པའི་གཟུགས ་འཆང་བ། ཆེས་ཞི་བ་དང་། ཆེས་ཁྲོ་བ་རྣམས་ལངས་ཏེ། ཀླུ་དང་སྲིན་པོ་རྣམས་ཀྱང་འདི་སྐད་ཅེས་སྨྲའོ།། ཁྱེད་བཞེངས་ཤིག་ཁྱེད་བཞེངས་ཤིག། བདག་ཅག་གི་རྗེ་བོ་མཛོད་ཅིག་ཅེས་སོ།། དེ་བཞིན་དུ་ལྷ ་མ་ཡིན་དང་། གནོད་སྦྱིན་དང་། ལྷ་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུབ་པ་དང་། མི་མ་ཡིན་པ་ཐམས་ཅད་ཀྱང་རབ་ཏུ་ཆགས་པར་བྱེད་མོད་ཀྱི། ལྡང་བར་མི་བྱའོ།། དེ་ནས་རིག་པ་འཛིན་པས་སྔགས་བཟླས་ཤིང ་ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་བྱའོ། ། དེ་ནས་རྣམ་པར་འབྱོར་ཞིང་ཕན་ཚུན་དུ་རབ་ཏུ་འབྲོས་ལ་འཇིགས་པར་བྱེད་དོ།། དེ་ནས་སྦྱིན་སྲེག་གི་མཐར་གྲུ་དེས་སྒྲུབ་པ་པོ་དེ་ཁྱེར་ནས་སྐད་ཅིག་ལ ་འོག་མིན་གྱི་གནས་སུ་འགྲོ་བར་བྱེད་དོ། ། འཇིག་རྟེན་གྱི་ཁམས་གཞན་དུའང་འགྲོ་ཞིང་འོང་བར་བྱེད་དོ།། བྱང་ཆུབ་སེམས་དཔའི་སེམས་ཤེས་པར་འགྱུར་རོ།། མངོན་པར་ཤེས་པ་ལྔ་དང་། རྫུ་འཕྲུལ་ཆེན་པོ ་དང་མཐུ་ཆེན་པོ་དང་ལྡན་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རྟག་ཏུ་མཐོང་བར་འགྱུར་རོ།། ཀླུ་ཐམས་ཅད་དང་། སྲིན་པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། ་ལྷ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར་ཏེ། བཀའ་བཞིན་བྱེད་པ་ལ་བཞག་ནས། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་རྣམས་འདིའི་སྔགས་གྲུབ་པ་དེ་རྣམས་ཀྱང་འདི་ལ་བྱམས་པའི་བདག་ཉིད་དུ་འགྱུར་རོ།། རྗེས་སུ་འདོད་པར་འགྱུར་རོ།། ་སེམས་ཅན་ཐམས་ཅད་ཀྱིས་མི་ཚུག་པར་འགྱུར་རོ།། གཞན་ཡང་ལས་ཀྱི་ཆོ་ག་མཆོག་གི་སྒྲུབ་ཐབས་སུ་འགྱུར་བ་ནི་བིལ་བའི་ཤིང་ལ་གྲུ་བོ་ཆེའི་བཞོན་པ་བྱེད་དུ་གཞུག་སྟེ། ཤིང་གཅིག་གི་བཞོན་པ་འམ། ་བསྡུས་པའང་རུང་སྟེ་གནས་ཆེན་པོ་བྱའོ།། གངྒཱའི་དབུས་ཀྱི་གླིང་དེར་གནས་པའི་གྲུའི་བཞོན་པར་སྐྱེས་བུ་བརྒྱ་ཉི་ཤུ་ལག་ན་སྒྲོན་མེ་ཐོགས་པ་རྣམས་གྲུའི་བཞོན་པ་ལ་འཛེགས་ཏེ། གོས་དཀར་པོ་གྱོན་ཞིང ་བསྲུང་བ་བྱས་པ་རས་རིས་ཀྱི་ཐུ་བོ་སྔར་གྱི་ཚོ་གས་ཀུན་ཏུ་བཞག་པའི་སྤྱན་སྔར་གཞག་པར་བྱའོ། ། དེ་ནས་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་ན་ག་གེ་སར་གྱི་བྱེ་མ་རྣམས་དང་། གུར་ཀུམ་དང་། ་ཙན་དན་དཀར་པོ་དང་། ག་པུར་བསྲེས་པ་དང་། སེང་ལྡེང་གི་སྲེག་བླུགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྦྱིན་སྲེག་བྱའོ།། དེ་ནས་སྦྱིན་སྲེག་གི་མཐར་གྲུ་དེ་སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང ་འོང་བར་འགྱུར་ཏེ། ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ།། མཐོང་བ་ཙམ་ལས་ཐོབ་པར་འགྱུར་རོ།། མངོན་པར་ཤེས་པ་ལྔ་དང་། ་ཡུན་རིང་དུ་འཚོ་ཞིང་། བསྐལ་བ་ཆེན་པོར་གནས་པར་འགྱུར་རོ།། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་འགྱུར་རོ།། མར་མེ་འཛིན་པ་དེ་རྣམས་ཀྱང་འདིའི་རིག་པ་འཛིན་པ་འགྲུབ ་པར་འགྱུར་རོ། ། ལྷན་ཅིག་སྤྱོད་པ་དེ་རྣམས་དང་ཐབས་ཅིག་ཏུ་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུ་ཞིང་། རང་དགར་འགྲོ་བར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པ་དང་བསྙེན་བཀུར་གྱིས་མངོན་པར ་དགྱེས་པར་འགྱུར་རོ། ། མཐར་ཡང་སངས་རྒྱས་ཉིད་དུ་ངེས་པར་འགྱུར་རོ།། གཞན་ཡང་ལས་ཀྱི་ཆོ་གའི་སྒྲུབ་ཐབས་དམ་པར་འགྱུར་བ་ནི། ཆུ་ཀླུང་འགྲམ་མམ་རྒྱ་མཚོའི་ངོགས།། དེ་བཞིན་ཁ་བ་ཅན་གྱི་རི།། རི་ཡི་རྒྱལ་པོ ་འབིགས་བྱེད་དེ། ། དེར་ནི་ལས་མཆོག་བསྒྲུབ་པར་བྱ།། ས་ཧྱེ་མ་ལ་ཡ་ཉིད་དང་།། རི་བོ་སྤོས་ཀྱི་ངད་ལྡང་དང་།། བྱ་རྒོ་ཕུང་པོའི་རི་རྒྱལ་དུ།། ལས་ཀྱི་མཆོག་ནི་བསྒྲུབ་པར་བྱ།། རྒྱ་མཚོ་ཆེན་པོའི་བྲག་དང་ནི།། ཤིང་སོགས ་མེ་ཏོག་ལྡན་པ་སྟེ། ། རྒྱལ་བས་གསུངས་པའི་སྔགས་རྣམས་ནི།། ཕྱོགས་འདི་རྣམས་སུ་བསྒྲུབ་པར་བྱ།། རྣམ་པར་དབེན་པའི་ཕྱོགས་གཙང་མ།། བས་མཐའ་གྲོང་པའི་ཆོས་སྤངས་པར།། གསང་སྔགས་རྒྱལ་པོ ་བསྒྲུབ་པར་བྱ། ། དེ་བཞིན་ཁོ་ནར་ཐམས་ཅད་དུ།། རི་བོ་དང་ནི་ཚང་ཚིང་དང་།། བས་མཐའི་གནས་མལ་ཉམས་དགའ་བ།། དེ་བཞིན་རྒྱལ་བས་སྤངས་པ་ཡི།། གདུག་པའི་སེམས་ཅན་རྣམས་བྲལ་བར།། གསང ་སྔགས་རྒྱལ་པོ་ཐམས་ཅད་བསྒྲུབ། ། རྒྱལ་པོ་ཆོས་དང་ལྡན་པའི་ཡུལ།། སྐྱེ་བོ་གཙང་སྦྲ་སྤྱོད་ལ་དགའ།། མ་དང་ཕལ་གུས་པ་དང་།། གཉིས་སྐྱེས་རིགས་ཀྱིས་དོར་བ་རུ།། ལྷ་རྣམས་དངོས་གྲུབ་ཐོབ་པར་འགྱུར།། ་གནས་དེར་ཡིན་གྱི་གཞན་དུ་མིན།། ཉམས་དགའ་སྐལ་ལྡན་ཤིང་རྟའི་འགྲས།། ཡམན་ཉིད་རང་མཛེས་པ།། སིནྡྷུ་ནར་མ་བྱེའོ།། ཟླ་བའི་ན་ནི་གཙང་མའི་འཇས།། ཀཱ་ཏྲེ་རཱི་དང་དབྱངས ་ཅན་ཉིད། ། ཆུ་ཀླུང་ཆེན་པོ་ཤཱི་ཏ་ཉིད།། འདི་དག་གྲུབ་ཞིང་གཞན་མིན་པར།། སྟོབས་བཅུ་ལྡན་སྲས་རྣམས་ཀྱིས་བཤད།། སྟོབས་བཅུ་པ་ཡིས་གསུངས་པའི་ཞིང་།། བྱང་ཕྱོགས་ལམ་མེད་རི་བོ་དང་།། ཁ་ཆེ་དང་ནི་རྒྱ་ཡུལ ་དང་བལ་ཡུལ་དེ་བཞིན་མང་ཡུལ་དང་། ། རྒྱན་ག་ཆེ་དང་ལི་ཡུལ་ཉིད།། དེ་དག་མ་ལུས་གྲུབ་པའི་ཞིང་།། བྱང་གི་ཕྱོགས་སུ་བརྟེན་པ་ཡི།། གང་ཡངྒ་རི་དང་ཆུ་བོ་ཡང་།། བསོད་ནམས་ཡུལ་དུ་རབ་ཏུ་བརྗོད།། ནས་དཱང ་གྲོ་ནི་ཟ་བའོ། ། གང་དུ་སེམས་ཅན་སྙིང་རྗེ་ལྡན།། དེ་རུ་རྟག་པར་དངོས་གྲུབ་འགྱུར།། དཔལ་གྱི་རི་བོ་བྲག་རི་ཆེ།། ལྷོ་ཕྱོགས་ཡུལ་དུ་གནས་པ་ཡི།། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ནི།། ས་སྟེངས་རྒྱལ་བའི ་རིང་བསྲེལ་འཛིན། ། དེར་ནི་སྔགས་རྣམས་བསྒྲུབ་པར་བྱ།། མྱུར་དུ་ལས་དང་ལས་རྣམས་སོ།། རྡོ་རྗེ་གདན་དང་མཆོད་རྟེན་ཆེ།། ཆོས་ཀྱི་འཁོར་ལོ་མཛེས་པ་དང་།། གང་དུ་ཐུབ་གཙོ་ཞི་བར་གཤེགས།། དེར་ཡང ་དངོས་གྲུབ་བལྟ་བར་བྱ། ། ལྷ་ལས་བབས་པའི་མཆོད་རྟེན་ཆེ།། ས་པཀྵེ་དང་ཆོ་འཕྲུལ་ཆེ།། སེར་སྐྱ་ཞེས་བྱའི་གྲོང་མཆོག་དང་།། ལུམ་པའི་ཚལ་དུ་འཁྲུངས་པ་དེར།། གསང་སྔགས་རྒྱལ་པོ་འགྲུབ་པར་འགྱུར།། ་རྒྱལ་བས་བསྟོད་ཅིང་རབ་བསྔགས་པའི།། བྱ་རྒོད་ཕུང་པོའི་རི་དེར་དང་།། དེ་བཞིན་བྲག་དང་བསིལ་བའི་ཚལ།། མེ་ཏོག་ཅེས་བྱའི་གྲོང་མཆོག་དང་།། དེ་བཞིན་རྟག་ཏུ་ཀཱ་ཤའི་གྲོང་།། བཅོམ་བརླག་ཀ་བྱ ་ཀུབ་ཛཾ་དང་། ། ས་སྟེངས་གྲོང་ནི་འཕགས་རྒྱལ་དང་།། མཆོད་རྟེན་དེ་བཞིན་ཡངས་པ་ཅན།། རྟག་ཏུ་ས་སྟེངས་མི་ཐི་ལ།། གྲོང་དང་གྲོང་ཁྱེར་གཙོ་བོ་རྣམས།། གང་གཞན་རྒྱལ་བ་ཡང་དག་འབྱུང་།། རབ ་བསྔགས་བསོད་ནམས་ཡུལ་དག་ཏུ། ། དེ་རྣམས་སུ་ནི་དངོས་གྲུབ་སྒྲུབ།། འདི་རྣམས་ལས་གཞན་ཡུལ་རྣམས་ནི།། གྲོང་དང་ལྗོངས་དང་རི་བོ་དང་།། གནས་དང་གྲོང་མཆོག་གཙོ་བོ་ནི།། འོ་མའམ་འབབ ་ཆུ་ལ་བརྟེན་པ། ། དེར་ནི་རྣམ་དབེན་རྗེས་འཇུག་ཅིང་།། བཟླས་དང་སྦྱིན་སྲེག་དགའ་བར་འགྱུར།། གནས་ནི་བླ་ཁབ་མེད་པ་དང་།། རྟག་ཏུ་ཁང་པ་སྟོང་པ་རུ།། སྔོན་དུ་བསྙེན་པ་བྱ་བའོ།། སྔགས་རྣམས ་རྗེས་མཐུན་ལས་རྣམས་ནི། ། སྔགས་པས་རྟག་ཏུ་ཡུལ་དབུས་སུ།། སྔགས་བཟླས་ཡང་དག་འདོད་པར་བྱ།། བཟླས་ལ་རབ་ཞུགས་རྟག་ཏུ་བརྩོན།། སྔགས་རིག་གཏོང་བ་དག་ལ་གོམས།། ཚུལ་ཁྲིམས ་སྤྱོད་ཅིང་ཤིན་ཏུ་བདེན། ། འབྱུང་པོ་ཀུན་ལ་ཕན་པར་དགའ།། སྔགས་ཀྱི་སྤྱོད་པ་ལ་དད་པ།། བཏུལ་ཞུགས་ཅན་གྱིས་སྔར་བཞིན་འདས།། གཙང་མའི་ཡུལ་དང་གཙང་སྦྲ་ཅན།། ཀླ་ཀློ་རྐུན་མ ་སྤངས་པ་དང་། ། སེམས་ཅན་སྡིག་སྦྲུལ་ལ་སོགས་པ།། སྤངས་པའི་ས་ཕྱོགས་འདོད་པར་བྱ།། འབྲས་བུ་མེ་ཏོག་ཡང་དག་ལྡན།། དྲི་མེད་ཆུ་ནི་རབ་བསྔགས་པ།། སྔགས་རིག་པས་ནི་སྔགས་བསྙེན ་བྱ། ། ཡུལ་གཞན་རྣམས་སུ་བསྒྲག་མི་བྱ།། ལྷ་ཡི་གནས་སམ་དུར་ཁྲོད་དང་།། བརྟན་པའི་མཚན་མ་གཅིག་པ་དང་།། རྟགས་གཅིག་དེ་བཞིན་པས་མཐའ་རུ།། སྔགས་རིག་སྔགས་ནི་བསྙེན་པ་བྱ།། ་བདག་དང་གྲོགས་རྣམས་བསྲུངས་བྱས་ནས།། སྔར་སྤྱད་གསང་སྔགས་ལྡན་པ་དང་།། སྔགས་པས་རྟག་ཏུ་སྔགས་བཟླས་བྱ།། དགོན་པ་ཆེ་མཆོག་ཤིང་ཆེན་དང་།། མེ་ཏོག། ་འབྲས་བུ་ལ་སོགས་འབྱུང་།། རི་ཡི་རྩེ་དང་ཁུང་བུ་དང་།། ཆུ་ཡི་གནས་ནི་གཙང་མར་བཅས།། འབབ་ཆུ་ཆེ་འགྲམ་ཡིད་འོང་བར།། སྔགས་རིག་པས་ནི་སྔགས་བསྙེན་བྱ།། སྔགས་ཤེས་གནས་འདི ་ངེས་རྟོགས་བྱེད། ། ཤར་ཕྱོགས་སུ་ཡང་ཆུ་ཀླུང་ཆེ།། ལུ་ཧི་ཏ་འགྲམ་དགེ་བ་དང་།། དེ་བཞིན་ཀཱ་མ་རུ་པའི་ཡུལ།། གྲོང་མཆོག་འཕེལ་བར་བྱེད་པ་དང་། དམའ་བ་གང་དུ་འདི་འགྲོ་མཆོག། འདུག་པ་དང་། ་ནི་ཆུ་ཀླུང་མཆོག། གནས་དེར་རྟག་ཏུ་ཟློས་པ་དང་།། གཙང་མ་བློ་གྲོས་ལྡན་པས་བསྟེན།། སྔོན་དུ་བསྙེན་པའང་དེར་གྱིས་ཤིག། གངྒཱའི་སྒོ་རུ་ལས་རྣམས་ཀུན།། དེ་བཞིན་རྟག་ཏུ་གངྒཱ་དང་།། དུག་ཅན ་པ་ནི་ཕྲད་པ་རུ། ། རབ་ཏུ་སྦྱོར་བ་ཀུན་ཉིད་དང་།། གཙང་མའི་སྔགས་ཀྱི་བཟླས་པ་བྱ།། དུར་ཁྲོད་ཆེ་དང་གཞན་ཉིད་ནི།། ཟློས་པོས་དེར་ནི་རྟག་ཏུ་བཟླས།། དྲི་མེད་ཆུ་དང་འབབ་ཆུ་ནི།། སྲོག་ཆགས་རྣམས ་ཀྱིས་སྤངས་པ་རུ། ། དེ་ཉིད་ཕྱིར་ནི་ཤིན་ཏུ་ནི།། མཉམ་བཞག་སྔགས་ཀྱི་ཟླས་པ་བྱ།། དེར་ནི་འཇིག་རྟེན་བསམ་པ་ཡི།། བསོད་ནམས་མིན་པ་ཅུང་ཟད་མཐོང་།། འོན་ཀྱང་སྔགས་ཀྱི་ཉེར་བསྟན་པས།། ཅུང་ཟད ་དུས་སུ་འདུག་པར་བྱ། ། དེ་ནས་གཞན་དུ་འགྲོ་བར་བྱ།། ཟླ་བ་གཟས་ཟིན་དུས་དེར་ནི།། དུས་ལ་བབ་ན་དུས་ཅུང་ཟད།། དེར་འདུག་བྱ་ཡི་གཞན་དུ་མིན།། གཞན་དུ་སྔགས་རིག་ཅི་ནུས་པས།། དེ་ནས་མྱུར་དུ་འགྲོ ་བར་བྱ། ། བདེ་གཤེགས་མཆོད་རྟེན་བཞུགས་པ་ཡི།། ས་སྟེང་རྣམས་སུ་ཀུན་ཏུ་འདུག། འཇིག་རྟེན་མུ་སྟེགས་ཐམས་ཅད་ནི།། ལྟ་བ་ངན་པར་ལྷུང་བ་རྣམས།། མུ་སྟེགས་ཅན་གཞན་གནས་རྣམས་ནི།། ་སྔགས་རིག་པས་ནི་རྟག་ཏུ་སྤང་།། སྔགས་ཤེས་དེར་ནི་མི་བསྡད་དོ།། སྐྱེས་མཆོག་བློ་གྲོས་རྒྱུ་ངན་པ།། རྒྱལ་བ་མཆོག་གིས་གང་བཞུགས་དང་།། རང་རྒྱལ་བསེ་རུ་ལྟ་བུ་དང་།། བྱང་ཆུབ་སེམས་དཔའ ་སྐལ་བ་ཆེ། ། རྒྱལ་མཆོག་སྲས་པོ་ཉན་ཐོས་རྣམས།། དེ་རྣམས་ཀུན་བཞུགས་ས་སྟེང་གི། ཡུལ་རྣམས་ཀུན་ཏུ་སྔགས་ཤེས་པས།། འབད་པས་སྔོན་དུ་བསྙེན་པ་བྱ།། མཉམ་པར་བཞག་པས་གསང ་སྔགས་ནི། ། གནས་དེ་རུ་ནི་བཟླས་པར་བྱ།། གསུངས་པའི་གནས་ནི་འདི་རྣམས་སུ། གསུངས་པའི་ལས་རྣམས་ཐམས་ཅད་དང་།། ལས་ཀྱི་ཆོ་གའི་སྒྲུབ་ཐབས་རྣམས།། ་འདི་རྣམས་རྙེད་པར་མ་གྱུར་ན།། གང་ཡང་རུང་བའི་གནས་དེར་ནི།། གཙང་མས་སྔོན་དུ་བསྙེན་པ་བྱ།། དད་ཅིང་མོས་པས་སྒྲུབ་ཐབས་ཀྱི།། ཆོ་ག་མཆོག་གི་ལས་བརྩམ་མོ།། དང་པོ་རེ་ཞིག་བྲིས་སྐུའི་ཐུ་བོ་ཞལ་ནུབ་ཏུ་བསྟན ་ནས་བཞག་སྟེ། བདག་ཉིད་ཤར་དུ་མངོན་པར་ཕྱོགས་ལ་གྲོག་མཁར་གྱི་ས་འམ། གངྒཱའི་ཀླུང་གི་འགྲམ་གྱིས་བླངས་ནས། པུ་ཤེལ་ཙི་དང་། ཙན་དན་དཀར་པོ་དང་། གུར་ཀུམ་དང་། ག་པུར་རྣམས་བསྲེས་ལ ་རྨ་བྱའི་གཟུགས་བྱས་ཏེ། དེ་བྲིས་སྐུའི་སྤྱན་སྔར་བཞག་ནས་རྩེ་མོ་མ་བཅད་པའི་ཀུ་ཤ་གཙང་མའི་ཕྱོགས་ནས་བྱུང་བས་འཁོར་ལོའི་རྣམ་པ་བྱས་ནས་བྲིས་སྐུའི་སྤྱན་སྔར་ལག་པ་གཡས་པས་བཟུང་སྟེ། ་ལག་པ་གཡོན་པས་ནི་རྨ་བྱའོ།། དཀར་པོའི་ཟླ་བ་ཉ་བའི་མཚན་ཕྱེད་ན་བྲིས་སྐུ་ལ་མཆོད་པ་ཆེན་པོ་བྱས་ནས། ག་པུར་གྱི་བདུག་པ་བསྲེགས་པའི་དྲི་དང་། ཇི་སྲིད་རམ་ལངས་པའི་བར ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་ཉི་མ་འཆར་བའི་དུས་ཀྱི་ཚེ་དེ་རྨ་བྱའི་རྒྱལ་པོར་འགྱུར་རོ།། འཁོར་ལོའང་འབར་རོ།། བདག་ཉིད་ལྷའི་འཕྲེང་བ་དང་གོས་འཆང་ཞིང་རྣམ་པར་བརྒྱན་པ་དང་། ཉི་མ་འཆར་ཀ་འདྲ ་བར་འདོད་པའི་གཟུགས་ཅན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ཏེ་རས་རིས་ལ་བསྐོར་བ་བྱས་ལ། རས་རིས་བླངས་ནས་རྨ་བྱའི་གདན་དེ་ལ་འདུག་ན་ཡུད་ཙམ་གྱིས་ཚངས་པའི་འཇིག་རྟེན ་ལས་འདའ་བར་བྱེད་དོ། ། རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་འོག་འཛིན་གྱི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར། བསྐལ་པ་དྲུག་ཅུའི་བར་དུ་འཚོ་བར་འགྱུར་རོ།། ཇི་ལྟར ་འདོད་པར་འགྲོ་ཞིང་རབ་ཏུ་སྤྱོད་པར་འགྱུར་རོ། ། ཐོགས་པ་མེད་པར་འགྲོའོ།། ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ།། ་དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ།། མཐར་ཡང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ།། དེ་བཞིན་དུ་དབྱིག་པ་དང་། རིལ་བ་སྤྱི་བླུགས་དང་། མཆོད་ཕྱིར་ཐོགས་དང་། ལྡོང་རོས་དང་། གིའུ་ཝང ་དང་རལ་གྲི་དང་། ལྕགས་མདའ་དང་། མཚོན་རྩེ་གཅིག་པ་དང་། དགྲ་བྷ་དང་། མཚོན་ཆའི་ཁྱད་པར་རྣམ་པ་སྣ་ཚོགས་པ། སའི་རང་བཞིན་གྱི་ཁྱད་པར་དང་། རྐང་གཉིས་པ་དང་། རྐང་བཞི་བ་དང་། ་བྱ་དང་། བཞོན་པའི་ཁྱད་པར་སེང་གེ་དང་། བྷ་ག་དང་། གཟིག་ལ་སོགས་པ་རྣམས་གྲོག་མཁར་གྱི་ས་ལས་བྱས་པ་འམ། དྲི་ཞིམ་པོའི་དྲི་ཞིམ་བསྲེས་པ་ལས་བྱས་པ་འམ། སྟན་དང་། བཞོན་པ་དང་། ་མལ་ཆ་དང་། གདུགས་དཀར་པོ་དང་། ཅོད་པན་དང་། རྒྱན་གྱི་བྱེ་བྲག་ཐམས་ཅད་དང་། རིན་པོ་ཆེའི་བྱེ་བྲག་ཐམས་ཅད་དང་། རབ་ཏུ་བྱུང་བའི་ཡོ་བྱད་ཀྱི་བྱེ་བྲག་ཐམས་ཅད་ལ་བགྲང་འཕྲེང་དང་། མཆིལ་ལྷམ ་དང་ཤིང་ལྷམ་དང་། ལྷུང་བཟེད་དང་། ཆོ་གོས་དང་། ཁབ་དང་། གྲི་ལ་སོགས་པ་རྒྱལ་གྱི་ལྕགས་ལས་བྱས་པ་འམ། གཞན་ཡང་གང་ཅུང་ཟད་སེམས་ཅན་གྱི་ཡོ་བྱད་སྣོད་ལ་སོགས་པ་རྒྱལ་གྱི་ལྕགས་ལས ་བྱས་པ་འམ། གྲོག་མཁར་གྱི་ས་འམ། ཆུ་ཀླུང་གི་ས་ལས་བྱས་པ་དེ་ཐམས་ཅད་པའི་རྣམ་ལྔས་བཀྲུས་ནས་མངོན་པར་བསང་གཏོར་བྱས་ཏེ་སྔ་མ་བཞིན་དུ་སྦྱོང་བའི་སྔགས་སམ། ཡི་གེ་གཅིག་པའི་སྔགས་སམ། ་སྔགས་གཞན་གང་ཡང་རུང་བ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས། རྟོག་པའི་རྒྱལ་པོ་འདིར་གསུངས་པ་མ་གཏོགས་པ་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པ་ཇི་ལྟར་འདོད་པ་དང་། ཇི་ལྟར་མངོན་པར་དགའ ་བས་བདག་ཉིད་སྲུང་ཞིང་གྲོགས་པོའང་ཡོངས་སུ་བསྐྱབ་པར་བྱས་པ། ཤིན་ཏུ་གསང་ཐུབ་ཅིང་སྔགས་དང་རྒྱུད་ཤེས་པ། སྔར་བསྟན་པའི་གནས་སུ་བྲིས་སྐུ་ཞལ་ནུབ་ཏུ་བསྟན་ལ་གཞག་སྟེ་བདག་ཉིད ་སྔར་བཞིན་དུའོ། ། བྲིས་སྐུ་ལ་མཆོད་པ་ཆེན་པོ་བྱས་ནས་གཙོ་བོ་རག་པུར་གྱི་བདུག་པ་བསྲེགས་ཏེ་སྔར་བསྟན་པའི་མཚོན་ཆ་དང་། ཡོ་བྱད་དང་། སེམས་ཅན་གྱི་ཁྱད་པར་རྣམས་སྔར་བསྟན་པའི་བཅོས་མར ་བྱས་ལ། ཡར་དེའི་ཟླ་བ་ཉ་བའི་མཚན་མོ་རྫས་དེ་རྣམས་གང་རུང་ཐངས་ཏེ་མཚན་མོ་ཇི་སྲིད་དུ་བཟླས་པ་བྱས་ན་ཉི་མ་འཆར་བའི་དུས་ཀྱི་ཚེ་བར་སྐབས་འདིར་བྲིས་སྐུ་ལ་འོད་ཟེར་གྱི་འཕྲེང་བ ་ཆེན་པོ་ཀུན་ཏུ་མཐོང་ངོ་། ། གལ་ཏེ་སྒྲུབ་པ་པོ་བཞོན་པའི་ཁྱད་པར་བླངས་པར་གྱུར་ན། དེ་ལ་ཞོན་ནས་ཇི་ལྟར་འདོད་པར་འགྲོ་བར་འགྱུར་རོ།། གལ་ཏེ་རྒྱན་གྱི་ཁྱད་པར་རམ། མཚོན་ཆའི་ཁྱད་པར་བླངས ་པ་འམ། བཅངས་པས་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ།། ཇི་ལྟར་འདོད་པ་བཞིན་འགྲོ་ཞིང་ལྷའི་ལུས་ཅན་ཉི་མ་ཤར་བ་དང་མཚུངས་པ། འོད་ཟེར་ཆེན་པོའི་འཕྲེང་བ་དང་ལྡན་པ། གློག་ལྟར ་གསལ་བའི་སྐུ། རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་བདག། རིང་དུ་འཚོ་ཞིང་བསྐལ་པ་ཆེན་པོར་གནས་པ། རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་ལྷའི་ནོར་བུ་རིན་པོ ་ཆེའི་གཞལ་ཡས་ཁང་ན་སྤྱོད་པ། སྔར་ཡོངས་སུ་བརྟག་པའི་སའི་རང་བཞིན་གྱི་བཞོན་པ་གང་གིས་གྲུབ་པ་དེ་ཉིད་མཐུ་ཆེན་པོར་འགྱུར་ཏེ། དེ་ཉིད་འདིའི་བཞོན་པ་དང་། དེ་ཉིད་འདིའི་གྲོགས་པོ་སྟེ། གཞན་གྱི ་སྔགས་ཀྱི་དངོས་གྲུབ་བཟློག་པར་གྱུར་པ། བདག་གི་སྔགས་ཀྱི་དངོས་གྲུབ་ཀུན་ཏུ་སྦྱར་བར་བྱས་པ། བྱམས་པའི་བདག་ཉིད་ཅན། ཕན་པར་འདོད་པ། རྟག་ཏུ་རྗེས་སུ་བཅིངས་པ། དེ་ཉིད་འདིའི་མཚོན་ཆ་དང་། ་རྒྱན་དང་། རིན་པོ་ཆེའི་བྱེ་བྲག་དང་། སྟན་དང་། མལ་ཆ་དང་། སེམས་ཅན་ལ་སོགས་པ་གང་ཡིན་པ་དེ་ཉིད་འདིའི་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་ཆེན་པོ་རྟག་ཏུ་རྗེས་སུ་འབྲེལ་བར་འགྱུར་རོ།། མཐུ་ཆེན་པོ་དང་། ་བརྩོན་འགྲུས་ཆེན་པོ་དང་། ལུས་ཆེན་པོར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་མཐོང་ཞིང་། ལེགས་སོ་ཞེས་བྱ་བ་གནང་སྟེ་སྤྱི་བོར་བྱུགས་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་རྗེས་སུ་ཐོབ་ཀྱི་བར་དུ་དགེ་བའི ་བཤེས་གཉེན་མཛད་དེ། སྟོབས་བཅུ་པོ་རྣམས་ངེས་པར་ཀུན་ནས་ཐོབ་སྟེ། མཆོད་པའི་འོས་སུའང་འགྱུར་རོ།། སེམས་ཅན་རྣམས་ཀྱིས་ཟིལ་གྱིས་མ་ནོན་པ་དང་། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། ཡང ་དག་པའི་མཐའི་རིགས་རྒྱུན་མི་གཅོད་པ་དང་། ས་ཐོབ་པར་ཡང་འགྱུར་རོ།། སྟོབས་བཅུ་དང་། བྱང་ཆུབ་སེམས་དཔའ་ཉིད་དུ་ངེས་པ་དང་། ཏིང་ངེ་འཛིན་དུ་འགྱུར་རོ།། མདོར་བསྡུས་ན་ལས་མཆོག་ཐམས་ཅད་དང་། ་གནས་མཆོག་ལ་གནས་པས་རས་རིས་མཆོག་གི་སྤྱན་སྔར་མཆོད་པ་མཆོག་ལ་མངོན་པར་དགའ་བས་ལས་མཆོག་གཞན་ཉིད་བྱའོ།། རིག་པ་འཛིན་པ་ཉིད་ནམ་མཁའ་ལ་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་འདུག ་པ་དང་། མངོན་པར་ཤེས་པ་ལྔ་དང་། ས་རྗེས་སུ་ཐོབ་པར་བྱེད་པ་ཉིད་དང་། ལུས་འདི་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་འགྲོ་བ་ཉིད་དང་། སྟོབས་བཅུའི་རྒྱུད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། ་འཕགས་པ་བྱམས་པ་མངོན་སུམ་དུ་མཐོང་བ་ཉིད་ཀྱི་ཕྱིར་དང་། ཆོས་བསྟན་པ་དོན་ཡོད་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཏུ་གནོན་ཅིང་རྗེས ་སུ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། ཆོས་ཀྱི་སྤྲིན་རྣམ་པར་འབྱོར་པ་ལ་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་དང་། ཉོན་མོངས་པའི་ཡོངས་སུ་གདུང་བ་མེད་ཅིང་བདུད་རྩིའི་ཆར་གྱི་རྒྱུན་གྱིས་རབ་ཏུ་ཞི་བར་བྱེད་པ་ཉིད་ཀྱི་ཕྱིར་དང་། ་འཇིག་རྟེན་རྗེས་སུ་འཛིན་པ་ལ་རབ་ཏུ་འཇུག་ཅིང་ནན་ཏན་བྱེད་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་སྲུང་བ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་གསུང་དོན ་ཡོད་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། སྔགས་ཀྱི་སྤྱོད་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རབ་ཏུ་སྒོམ་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན ་ཐོས་བདག་ཉིད་ཆེན་པོ་རྣམས་འབྱུང་བ་ཉིད་ཀྱི་ཕྱིར། རྟོག་པའི་རྒྱལ་པོ་འདི་བསྒྲུབ་པར་བྱ་སྟེ། སྔགས་ཀྱི་མཐུ་རབ་འབྱམ་དང་ལྡན་པ་རས་རིས་ཐུ་བོ་སྤྱན་ལྔ་དང་ཉེ་བར་འདུག་ནས། འཇིག་རྟེན་པ་དང་འཇིག་རྟེན་ལས ་འདས་པ་ཐམས་ཅད་ཀྱི་སྔགས་ཀྱི་ཆོ་ག་དང་། རྒྱུད་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པའི་ལམ་སྟེ། མདོར་ན་འདིར་རྟོག་པ་གཞན་དུ་གསུངས་པའི་ལས་རྣམས་ཀྱིས་ཀྱང་རས་རིས་ཀྱི་རྒྱལ་པོ་འདི་བསྒྲུབ་པར་བྱ ་སྟེ། མྱུར་དུ་དེ་རྣམས་ཀྱི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། གང་ངས་བསྟན་པ་དེ་དག་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་པལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ། ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བཛེས་ཀྱི་རྩ་བའི་ཆོ་ག་ལས། རས་རིས་མཆོག་གི་བསྒྲུབ་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། ། དེ་ནས་བཅོམ་ལྡ་འདས ་ཤཱཀྱ་ཐུབ་པས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་པར་མའི་ལས་ཀྱི་ཆོ་གའི་སྒྲུབ ་ཐབས་པར་མ་ཡོད་དོ། ། དེ་མདོར་བསྡུས་ནས་བཤད་པར་བྱ་ཡིས། ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས ་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྟོན་པ་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་དགྱེས་པ། བདག་ཅག་ལ་ཐུགས ་བརྩེ་བའི་དོན་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་གཟིགས་ནས། གང་དེའི་དུས་ལ་བབ་པར་དགོངས་ན་དེ་གསུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྤྱན་རས་གཟིགས་དབང་ཕྱུག་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་དཔའ་ཆེན་པོ་ཉོན་ཅིག། དང་པོ་རེ་ཞིག་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། གཙང་སྦྲའི་ཀུན་ཏུ་སྤྱོད་པ ་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། བསམ་གཏན་དང་། ཆོ་ག་དང་། གང་དུ་རབ་ཏུ་གནས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་སྒྲུབ་པའི་ལས་འབྲས་བུ་དང་བཅས་ཤིང ་དོན་མེད་པར་མི་འགྱུར་བ་དང་། སྔགས་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བའི་དངོས་གྲུབ་འགྲུབ་པར་འགྱུར་བ་དེ་གང་ཞེ་ན། དེ་ངས་བཤད་ཀྱི། སེམས་དཔའ་ཆེན་པོ་ཉོན་ཅིག། དང་པོ་རེ་ཞིག་རིག་པའི་བརྟུལ་ཞུགས ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་དང་པོ་ཉིད་དུ་ཡང་དག་པར་བླངས་ཏེ། དང་པོ་རེ་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཉེ་བར་བསྟན་པའི་དམ་ཚིག་ལ་ཡང་དག་པར་རྗེས་སུ་འཇུག་པར་བྱའོ།། ་ཁྱོད་ཀྱིས་རྟོག་པའི་རྒྱལ་པོ་གསུངས་པ། སྔར་ངེས་པར་བསྟན་པ། གསལ་བ། ཡིད་གཞུངས་པ་དང་ལྡན་པ། སློབ་དཔོན་དུ་དབང་བསྐུར་བ་ཐོབ་པ། ཁྱོད་ཀྱིས་བསྟན་པའི་ཆོ ་གཤེས་པ། མཁས་པ་གསལ་བ། ཆོས་དང་ལྡན་པ། བདེན་པར་སྨྲ་བ། སྤྲོ་བ་ཆེ་བ། བྱས་པ་གཟོ་བ། བརྟན་པ། སེམས་བཟང་བ། ཧ་ཅང་མི་རྒན་ཅིང་ཧ་ཅང་མི་གཞོན་པ།། རྙེད་པ་དང་བཀུར་སྟི་ཐམས་ཅད ་ལ་འདོད་པ་མེད་པ། ཚངས་པར་སྤྱོད་པ། སྙིང་རྗེ་དང་ལྡན་པ། རྙེད་པ་ཙམ་གྱིས་སམ། ལོངས་སྤྱོད་ཀྱི་རྒྱུར་རམ། རྗེས་སུ་ཆགས་པའི་རྒྱུར་ཡང་བརྫུན་མི་སྨྲ་ན། ཤིན་ཏུ་ཆུང་ངུ་ཙམ་ཉིད་དང་། རྙེད་པ་དང་། རྨོངས ་པའི་རྣམ་པ་ལྟ་ཅི་སྨོས། དམ་བཅས་པ་བརྟན་པ་དང་། འབྱུང་པོ་ཐམས་ཅད་ལ་མཉམ་པ་ཉིད་དུ་སྙིང་བརྩེ་བ་དང་ལྡན་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། སྔར་སྤྱད་པ་བྱས་པ་ཁྱོད་ཀྱི་གསང་བའི་རིག་པ་དང ་སྔགས་རྗེས་སུ་ཟློས་པ། རིག་པ་སྔོན་དུ་བསྙེན་པ་བྱས་པ། ཁྱོད་ཀྱི་དཀྱིལ་འཁོར་དུ་ཡང་དག་པར་ཞུགས་པ། འཇིག་རྟེན་ཤེས་པ། ཡང་དག་པར་རྗེས་སུ་འཛིན་པར་བྱེད་པ། འབྲས་བུ་དང་ལྡན་ཞིང་མཁས་པ། ་ལེགས་པ་ལ་རབ་ཏུ་ཞུགས་པ། མི་འཇིགས་ཤིང་མི་གནོད་ལ། ཆགས་པ་མེད་པ། དཔའ་བ། བརྩོན་འགྲུས་བརྟན་པ། ནད་མེད་པ་སྟེ། ནད་གང་གིས་ལས་སུ་མི་རུང་བའི་ངང་ཚུལ་ཅན་དང་། རིགས་ཆེ་ཞིང་མཐོ ་བར་རབ་ཏུ་སྐྱེས་པ་ཞེས་པ། ཡོན་ཏན་འདི་རྣམས་དང་ལྡན་པ་ནི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་ཏེ། སྒྲུབ་པ་པོའང་དེ་དང་འདྲ་བ་འམ། ཡན་ལག་ཅུང་ཟད་མ་རྫོགས་པའོ།། དེ་ལྟ་བུའི་དཀྱིལ་འཁོར་གྱི་སློབ ་དཔོན་ལ་མཆོད་པ་བྱས་ནས་འདིའི་དོན་དུ་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིག་པ་དང་། སྔགས་དང་། བཅོམ་ལྡན་འདས་མ་དེའི་དཀྱིལ་འཁོར་གྱི་དམ་ཚིག ་ལ་རྗེས་སུ་འཇུག་པར་འཚལ་ན། བདག་ཅག་ལ་རྗེས་སུ་བརྩེ་བའི་དོན་དང་། ཕན་པའི་ཐུགས་བསྐྱེད་ནས་དེ་སློབ་དཔོན་གྱིས་གསུང་དུ་གསོལ། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྔར་བསྟན་པའི་ཆོ་གས་སློབ་མ ་ཇི་ལྟ་བ་བཞིན་རིམ་གྱིས་བརྟགས་ནས་གཞུག་པར་བྱ་ཞིང་། སྔར་བཞིན་དུ་མངོན་པར་དབང་བསྐུར་བ་བྱིན་ནས་རིག་པ་དང་སྔགས་བྱིན་ལ། རིམ་པ་ཇི་ལྟ་བར་དམ་ཚིག་བསྟན་པར་བྱའོ།། གསང་ཆེན་དང་། ཕྱག་རྒྱ་དང་། ་རྒྱུད་དང་། སྔགས་དང་། ལས་རྣམས་ཀྱང་དུས་རིང་མོ་ཉིད་ནས་ཡོངས་སུ་བརྟགས་ཏེ་བསམ་པ་ཤེས་ནས་རྒྱུད་དང་སྔགས་ལ་སོགས་པ་དང་། ལས་རྣམས་ཐམས་ཅད་བསྟན་པར་བྱའོ།། གཞན་དུ་མ་ཡིན་ནོ་ཞེས ་པའི་ཆོ་ག་འདི་རབ་ཏུ་བསྒྲགས་སོ། ། དེ་ནས་སློབ་མས་དཀྱིལ་འཁོར་གྱི་སློབ་དཔོན་ལ་ཇི་ལྟར་ནུས་པས་གང་གིས་སློབ་དཔོན་དགྱེས་པའམ་བདག་ཉིད་དང་ལོངས་སྤྱོད་ཀྱང་དབུལ་བར་བྱའོ།། དེ་ནས་དཀྱིལ་འཁོར ་གྱི་སློབ་དཔོན་དེས་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། ། བུ་བཞིན་དུ་སྦྱང་བར་བྱའོ།། མ་བཞིན་ལོངས་སྤྱོད་ཀྱིས་ཉེ་བར་བསྡུ་བར་བྱའོ།། དེ་ནས་སྒྲུབ་པ་པོ་དེས་རིག་པ་དང་སྔགས་གང་ཡང་རུང་བ་ཞིག་བཟུང ་ནས་མཐའ་གཅིག་ཏུ་སོང་སྟེ། སྔར་བསྟན་པའི་གནས་རྒྱ་ཆེར་གོང་མ་བཞིན་དུ་སྦྱར་བས་རིག་པ་ལ་སོགས་པ་དེ་རྣམས་ཉིད་ཀྱིས་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མར་མེ་དང་། དྲི་དང་། བདུག་པ་དང་། ་@#གཏོར་མ་དང་། ལྷ་བཤོས་དག་དཀྱིལ་འཁོར་དུ་གསུངས་པའི་ཆོ་ག་ཉིད་ཀྱིས་རྒྱས་པར་བྱས་ཏེ་སྤྱན་དྲངས་ནས་གདན་ཕུལ་ཏེ། ཐུན་མཚམས་གསུམ་དུ་ཁྲུས་གསུམ་བྱ་ཞིང་། གོ་ས་ལན ་གསུམ་བརྗེས་ཏེ་ཉི་མ་སོ་སོ་ལ་བཟླས་པ་བྱའོ། ། དེ་ལ་ཐུན་མཚམས་ཀྱི་དུས་ཞེས་བྱ་བ་ནི་མཚན་མོའི་མཐའ་ནས་བརྩམས་ཏེ་ཇི་སྲིད་ཉི་མ་འཆར་བའི་དུས་ཙམ་གྱི་བར་འདི་ལ་དང་པོར་ཤད་དོ།། ཉི་མ་གུང་ནི་ཉི་མ ་ཤར་བའི་མཐར་དུས་ཙམ་གྱི་ཚད་ཀྱི་མཚམས་ཉི་མའི་དཀྱིལ་འཁོར་ནམ་མཁའ་ལ་ཡང་དག་པར་བརྟེན་པ་ནི་ཆོ་ག་ཤེས་པས་གུང་གི་ཐུན་མཚམས་སུ་ཤེས་པར་བྱའོ། ། ནུབ་པའི་དུས་སུའང་ལྷག་མ་བཞི་ཆ ་ཙམ་ནི་ཐུན་མཚམས་གསུམ་པར་བརྗོད་པར་བྱའོ། ། སློབ་དཔོན་མཁས་པ་ཤེས་ཉེན་ཅན།། ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་ལྡན།། ཆེན་པོའི་རིགས་སུ་འཁྲུངས་པ་དང་།། ཀུན་ནས་བརྩོན་འགྲུས་བརྟན་པ ་ནི། ། སྔགས་དང་རྒྱུད་སོགས་ཡང་དག་ལྡན།། བྱ་བ་ཀུན་ལ་བློ་གྲོས་བྱང་།། ཕྲ་ཞིང་མཁས་ལ་ཚོད་ཤེས་པ།། ཆོས་ཀྱི་དབྱིངས་ནི་རྟག་ཏུ་འཛིན།། སྤྲོ་བ་ཆེ་ཞིང་གཟི་བརྗིད་ལྡན།། འཇིག་རྟེན་ཆོས་ལ་ལྟོས ་པ་མེད། ། ཐུབ་པ་མཆོག་གི་ཆོས་ལ་དད་།། འཇིག་རྟེན་པ་རྣམས་དོར་བ་དང་།། བཟླས་པ་བྱས་ཤིང་རྣམ་དབེན་ཤེས།། སྔོན་དུ་བསྙེན་པ་རྗེས་བརྟེན་པ།། བྱང་ཆུབ་སེམས་དཔའི་གསངས་སྔགས་ཤེས།། ་དེ་ལས་གཞན་པའི་རྐྱེན་རྣམས་མཐོང་།། སངས་རྒྱས་ཀྱིས་གསུང་གསང་སྔགས་དང་།། འཇིག་རྟེན་པ་ཡི་རབ་སྦྱོར་ཤེས།། བསྲུང་བ་བྱས་ཤིང་མཐུ་བརྟན་པ།། གཙང་སྦྲའི་ཀུན་སྤྱོད་ལ་རྟག་དགའ།། སངས ་རྒྱུས་ཉེར་བསྟན་ལམ་ལ་ནི། ། ཀུན་ནས་རྗེས་སུ་འཇུག་པ་དང་།། རབ་བསྔགས་རྒྱལ་བས་གསུངས་པ་ཡི།། གསང་སྔགས་ཟློས་ལ་རྟག་ཏུ་བརྩོན།། རྟག་ཏུ་མཐོང་ཆོས་འབྲས་བུ་དང་།། འཇིག་རྟེན་པ ་རོལ་དེ་བཞིན་ཉིད། ། སྡིག་པ་ཀུན་ལ་འཇིགས་པ་དང་།། ཕྲ་མོ་ཙམ་ལའང་དེ་བཞིན་ནོ།། གཙང་ཞིང་མཁས་ལ་ལེ་ལོ་མོང་།། ཡིད་གཞུངས་བལྟ་ན་སྡུག་པ་དང་།། སྟོབས་བཅུ་པས་བཤད་སྔགས ་གང་དང་། ། དེ་བཞིན་ཁོ་ནར་རྒྱལ་སྲས་དང་།། འཇིག་རྟེན་པ་ཡི་སྔགས་གང་ཉིད།། རྡོ་རྗེ་པདྨའི་རིགས་དག་ལ་ལ།། དེ་ལ་རྟག་ཏུ་ངལ་བར་བྱས།། གཞུང་དང་བསྟན་བཅོས་དོན་འཛིན་པ།། ནད་མེད ་ནུས་པ་མེད་མིན་པ། ། རྒ་དང་ནད་ནི་རྣམ་པར་སྤངས།། དེ་བཞིན་ཤེས་ཉེན་ཅན་སྔགས་གྲུབ།། ཀུན་ནས་མྱུར་དུ་བྱེད་པ་དང་།། མཐའ་རིང་མིན་ཞིང་དེ་བཞིན་དུ།། ང་རྒྱལ་ཆུང་ཞིང་ཟུར་གྱིས་གོ། ཚངས་པར ་སྤྱོད་ཅིང་ཤེས་རབ་ཆེ། ། ཁྱད་པར་དུ་ནི་ཤེས་པ་དང་།། གཅིག་ཏུ་འདུ་འཛི་མེད་པ་དང་།། དཔའ་ཞིང་དབང་བསྐུར་ཐོབ་པ་དང་།། དེ་འདིར་བྱང་ཆུབ་ཕ་རོལ་སོན།། སྲིད་པ་ཞི་བར་བྱེད་ལ་བརྩོན།། དེ་བཞིན་ཉིད ་དུ་རིག་སྔགས་བྱས། ། མཐུ་ཆེན་འཇིག་རྟེན་ཤེས་པ་དང་།། འགྲོ་བ་སེམས་ཅན་རྗེས་སེམས་པ།། དཔལ་ཉིད་དང་ནི་རབ་ཏུ་ལྡན།། སྦྱིན་དང་འབྱུང་པོ་ཕན་ལ་དགའ།། དེ་བཞིན་ཁྱད་འཕགས་སློབ་དཔོན་ལ།། ་རྟག་ཏུ་གསོལ་བ་གདབ་པར་བྱ།། དེས་ནི་དཀྱིལ་འཁོར་བྲིས་པ་ཡི།། སྔགས་ཀྱི་དངོས་གྲུབ་སྟེར་བར་བྱེད།། དེ་ཉིད་ཀྱིས་ནི་དབང་བསྐུར་གྱིས།། འབྲས་བུ་ཆེན་པོ་སྦྱིན་པར་འགྱུར།། དངོས་གྲུབ་འདོད་པའི་སློབ་མས ་ཀྱང་། ། ཐུབ་པ་བཞིན་དུ་རྟག་ཏུ་མཆོད།། དེ་ཡི་གསུང་ནི་མི་འགོམ་པ།། སློབ་མས་འབད་པས་བྱ་བ་ཡིན།། ཇི་ལྟར་འབྱོར་ཅིང་བདོག་པ་ཡི།། ལོངས་སྤྱོད་དེ་ལ་དབུལ་བར་བྱ།། ཉུང་ངུ ་ཙམ་མམ་མང་ཡང་རུང་། ། གང་གིས་མཉེས་པར་འགྱུར་བ་དང་།། ལུས་ནི་འཚོ་བའི་རྒྱུ་ཡི་ཕྱིར།། ཕ་ལ་ནོར་ནི་སྟེར་བ་ལྟར།། དེ་བཞིན་སློབ་མ་ཆོས་ཤེས་པས།། སློབ་དཔོན་ལ་ནི་ནོར་དབུལ་བྱ།། མཐའ་ཡི་དབང ་ཕྱུཕྱག་དངོས་གྲུབ་ཐོབ། ། ཚེ་དང་དེ་བཞིན་ནད་མེད་དང་།། རྒྱས་པའི་འགྲོ་བ་ཐོབ་པར་འགྱུར།། སློབ་མས་བླ་མ་དེ་མཆོད་ན།། དེ་ཡིས་སྔགས་རྣམས་འགྲུབ་པར་འགྱུར།། ལམ་དང་ཆོ་ག་ཉེར་མཐོང་དང་།། བསྙེན་པ ་ལས་དང་བརྟེན་པ་ལས། ། དེ་བཞིན་རི་མོར་བྱས་མཆོད་ལས།། སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར།། དེ་བཞིན་རྒྱལ་མཆོག་སྲས་རྣམས་དང་།། ལྷ་རྣམས་ཐམས་ཅད་དགྱེས་པར་འགྱུར།། བླ་མ་རྟག་ཏུ ་བསྙེན་བཀུར་ན། ། བླ་མ་སྔགས་རྣམས་མཐོང་བ་ཡི།། འདི་དག་ཐམས་ཅད་བརྟན་པར་འགྱུར།། སྒྲུབ་པོས་སྔོན་དང་ཐོག་མར་ནི།། དམ་ཚིག་ལ་ནི་རྗེས་འཇུག་བྱ།། དམན་ནམ་དེ་དག་མཉམ་ཡང་རུང་།། གལ ་ཏེ་ཆེས་མཆོག་གྱུར་པ་འམ། ། རྨོངས་པའམ་ལྷག་པར་ཁྲོ་བ་ཡིས།། རྟག་ཏུ་བླ་མ་བརྙས་མི་བྱ།། དེས་ཀྱང་རྒྱུད་འདིར་དེ་ལ་ནི།། མན་ངག་རྟག་ཏུ་སྦྱིན་པར་བྱ།། གང་ཚེ་སྔགས་ཀྱི་དངོས་གྲུབ་བྱིན།། ་འདིས་ནི་སེར་སྣ་བྱས་པ་མིན།། སྔར་བསྟན་སློབ་མ་དེ་ལ་ནི།། ལུས་ཅན་ཞེན་པ་འཕེལ་བྱེད་པའི།། མིག་ནི་གང་ལ་ཡོད་གྱུར་པ།། དེ་ཉིད་སློབ་མ་ཉིད་བྱའོ།། སློབ་དཔོན་འམ་ནི་སློབ་མའི་རྒྱུར།། ཕན ་ཚུན་རྗེས་སུ་འཇུག་བྱེད་པ། ། གང་དུ་ཞེན་པའི་རྒྱུན་སྐྱོང་བ།། འཇམ་པོའི་རྒྱུན་ནི་འཛིན་པ་སྟེ།། དེ་ལ་སྔགས་ནི་སྦྱིན་པར་བྱ།། སློབ་དཔོན་དེ་བཞིན་སློབ་མ་ནི།། ཐོབ་མ་བླ་མར་མཐོང་བ་ལ།། ཏག ་ཏུ་སྤྲོ་བར་འགྱུར་བ་འམ། ། གཉིས་ཀས་དངོས་གྲུབ་ཡང་དག་འབྱོར།། དེ་ལ་རྟག་ཏུ་ལམ་ཉིད་དང་།། སྔགས་ཀྱི་སྤྱོད་པ་རྗེས་བསྟན་བྱ།། གཉིས་ཀས་པ་དང་བུར་ཤེས་པས།། སྔགས་ནི་འབྲས ་བཅས་རྗེས་འཇུག་པ། ། བརྟན་དང་དགའ་བ་དེ་བཞིན་ཐོབ།། རྟག་ཏུ་སློབ་མས་བླ་མ་ནི།། རབ་ཏུ་འབད་པས་བསྲུང་བར་བྱ།། དུ་ནི་བདག་ཉིད་ཆེན་པོ་རྣམས།། སངས་རྒྱས་ཆོས་རྒྱུན་མི་འཆད་འགྱུར།། ་དེ་མེད་མགོན་མེད་དེ་རྣམས་ལ།། ཇི་སྐད་གསུངས་པའི་སྔགས་རྣམས་སྦྱིན།། སེམས་ཅན་བཀྲེན་དང་མ་ནིང་ལའང་།། ཐམས་ཅད་ལ་ནི་ཁྱད་པར་དུ།། སྔགས་ཀྱི་སྤྱོད་པ་ཁྱད་པར་འཕགས།། ཐ་མ་མཆོག ་དང་བར་མ་ལ། ། དུས་རྣམས་ཀུན་ཏུ་བྱ་བའོ།། ཡོངས་སུ་ཐོབ་པའི་ཆོས་རྣམས་ལ།། རྗེས་སུ་གཟུང་བའི་རྒྱུར་བྱའོ།། འགྲོ་བ་བློ་གྲོས་ངེས་པ་ཡི།། འདོད་པ་རྣམས་ལའང་རབ་སྦྱིན་བྱ།། དེ་ཕྱིར་ཇི་ལྟར་འདོད ་བའི་སྔགས། ། སློབ་མ་ཉིད་ཀྱིས་བླང་བར་བྱ།། དེ་ཉིད་ཀྱིས་ནི་ཉེར་བསྟན་པས།། ལམ་ཉིད་ཡིན་ནོ་གཞན་དུ་མིན།། དངོས་གྲུབ་འདོད་པས་གང་དེ་ལ།། ཕ་ནི་ཕ་རོལ་སོང་བ་ན།། ཕ་བཞིན་མགོ་བོས་ཕྱག་བྱས ་ཏེ། ། དེ་ནས་ཇི་ལྟར་འདོད་པར་འགྲོ།། དེ་ནས་འདིར་ནི་སོང་ནས་ནི།། མཉམ་པར་བཞག་པས་གསང་སྔགས་བཟླས།། སློང་མེ་སྤོང་བའི་རྗེས་འཇུག་ཅིང་།། སྨྲ་བ་བཅད་དེ་དུས་གསུམ་བཟླས།། དེ་ལྟར ་བསྟན་པ་ཉིད་དུ་འགྱུར། ། ཇི་ལྟར་ལམ་ལ་རབ་འཇུག་པ།། དེ་ཚེ་རྣམ་འགྱུར་དེ་གཅོད་པ།། ཁང་སྟོང་དང་ནི་དགོན་པ་ཆེ།། རི་བོ་ཆེ་དང་ཆུ་ཀླུང་ངོགས།། གཙབ་དང་བ་ལང ་གནས་མཚོ་ཆེན། ། རྣམ་དབེན་སྐྱེ་བོ་སྤངས་པ་བསྟེན།། ལྷ་ཁང་དང་ནི་ཤིང་དྲུང་དང་།། མཚན་གཅིག་རི་ནི་མཐོན་པོ་དང་།། རྒྱ་མཚོ་ཆེ་འགྲམ་ཉམས་དགའ་དང་།། ཆུ་གླིང་ངམ་ནི་གླིང་རྣམས་དང་། ་རྣམ་པ་སྣ་ཚོགས་སྔར་བསྟན་པའི།། ཡུལ་རྣམས་སྣ་ཚོགས་ཡིད་འོང་བ།། འདི་རྣམས་ལས་ཀྱང་ཕྱོགས་གཞན་དུ།། མཉམ་པར་བཞག་པས་སྔགས་བཟླས་བྱ།། གྲོགས་པོ་མཚན་ཉིད་ལྡན་པ་ནི།། ་སྔགས་དོན་ངེས་པའི་རྟོག་ག་པ།། ལྟས་ཀྱི་རྣམ་པ་དེ་ཉིད་ཤེས།། དཔའ་ཞིང་གཡུལ་ལས་རྣམ་རྒྱལ་བ།། སྙིང་སྟོབས་ལྡན་ཞིང་བཟོད་པ་ཅན།། དད་དང་ཚུལ་ཁྲིམས་ཕུན་ཚེགས་ལྡན།། རྒྱལ་བས་གསུང ་པའི་ཡུལ་འདིར་ནི། ། རབ་བསྔགས་མཚན་ཉིད་དང་ལྡན་པ།། བཟོད་དང་ལྡན་པའི་གྲོགས་པོ་ཡིས།། འབད་པ་མེད་པ་ཉིད་ཀྱིས་དེའི།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། ཐོ་རངས་མལ་ནས་ལངས་ནས་ནི།། ་འབབ་ཆུ་མཚོ་ཆེན་ལས་བྱུང་བའི།། སྲོག་ཆགས་མེད་ཅིང་དྲི་མ་མེད།། ཆུ་དེ་ཉིད་ལ་ཁྲུས་བྱས་ནས།། ས་དང་བ་བྱུང་ཕྱེ་མ་ཡིས།། སྔགས་ཤེས་ལུས་ནི་དྲིལ་ཕྱིས་བྱ།། དེ་ནས་སྔགས་ཀྱིས་སྦྱང་བྱས་པའི།། ཆུ་ཉིད་ཤིན ་ཏུ་དྲི་མེད་ལ། ། ཟློས་པོ་བརྩོན་པས་ཁྲུས་བྱའོ།། ཧ་ཅང་ཡུན་རིང་ཁྲུས་མི་བྱ།། དེ་ནས་ལངས་ལ་ལག་པ་དག། ས་དག་གིས་ཀྱང་བཀྲུ་བར་བྱ།། བདུན་དང་བདུར་དང་ཡང་ལན་བདུན།། ཉི་ཤུ་རྩ་གཅིག་ཉེ་རེག་བྱ།། ཡང ་དེར་སོ་ཤིང་ཀུན་ཏུ་སྤྱད། ། སོ་སྦྱངས་ནས་ནི་དོར་བར་བྱ།། དེ་ནས་སྐྱོབ་ལ་ཕྱག་བྱས་ཤིང་།། འཇིག་རྟེན་མགོན་ལ་ཕྱག་བྱས་ནས།། སྔགས་རིག་མཆོད་པ་ཡིད་འོང་བྱ།། རྣམ་པ་སྣ་ཚོགས་བསྟོད་མཆོད་ཀྱིས།། ཡང ་དང་ཡང་དུ་ཡང་དག་བསྟོད། ། དེ་བཞིན་དྲི་ཞིམ་མེ་ཏོག་གིས།། སྟོན་པ་སྐྱོབ་ལ་མཆོད་ཡོན་དབུལ།། སངས་རྒྱས་རྣམས་ལ་མགོས་ཕྱག་བྱས།། དེ་ཚེ་སློབ་མར་གྱུར་པ་རྣམས།། འཇིག་རྟེན་མགོན་པོ་དེ་རྣམས་ཀྱི།། སྤྱན ་སྔ་ཉིད་དུ་སྡིག་པ་བཤགས། ། བདག་ཉིད་དག་ཀྱང་ཕུལ་བྱས་ནས།། རས་རིས་སྤྱན་སྔར་འཁོད་པར་བྱ།། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག། སྔགས་རིག་གཉིས་ཀ་འདུག་ནས་ནི།། མཚན་ཉིད་ཇི་ལྟ་བ་བཞིན་ཏེ།། ་དེར་ནི་བགྲང་འཕྲེང་ཉིད་ཀྱིས་ནི།། རབ་ཏུ་འབད་པས་བཟླས་པ་བྱ།། དེ་ཚེ་སྔགས་གཞན་མི་བཟླས་སོ།། ཆོ་ག་དམན་པ་ཡང་སྤང་ཞིང་།། ཧ་ཅང་མཆོག་ཀྱང་དེ་བཞིན་ནོ།། བར་མ་བར་མའི་ལས་དག་ལ།། བརྟུལ ་ཞུགས་ཅན་དག་སྔགས་བཟླས་བྱ། ། ཧ་ཅང་མཐོན་པོ་སྤང་བར་བྱ།། གལ་ཏེ་ཚིག་ནི་དམའ་བའང་མིན།། བར་མ་བར་མའི་ལས་རྣམས་ལ།། རབ་ཏུ་བསྔགས་པར་རྒྱལ་བས་གསུངས།། ཧ་ཅང་མཐོ་མིན་དམའ་བ ་མིན། ། བར་མར་རྟག་ཏུ་བཟླས་པ་བྱ།། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས།། ཚིག་ནི་དཔལ་དང་ལྡན་པར་གསུངས།། གཞན་གྱི་དྲུང་དུ་མི་བཟླས་ཤིང་།། གཞན་གྱི་ལས་ལམ་རྟག་ཏུ་གསང་།། བདག་ཉིད ་རིག་པའི་ཡུལ་དུ་བཟླས། ། སྔགས་ནི་བར་མ་དེ་བཞིན་དུ།། བཟླས་པས་རབ་ཏུ་འབྱོར་པར་འགྱུར།། སྔགས་དོན་ལེགས་པར་ཐོས་པ་འགའ།། དངོས་གྲུབ་འབྲིང་པོ་འདོད་པ་ཉིད།། སྔགས་ནི་དགེ་བར་བཟླས ་པར་བྱ། ། དེ་ཕྱིར་སྐྱེ་བོ་དང་བྲལ་བར།། སྔགས་ཀྱི་དེ་ཉིད་དོན་ལེགས་ཐོས།། ཚོགས་དང་བྲལ་ཞིང་རྣམ་དབེན་པར།། ཟློས་པ་པོས་ནི་སྔགས་བཟླས་བྱ།། མཚན་མོ་ཡི་ནི་བཞི་ཆ་དང་།། ་དེ་ཡི་ཕྱེད་ཀྱི་ཕྱེད་ཉིད་ཀྱི།། སྐྱ་རེངས་དམར་པོའི་དུས་ཙམ་སྟེ།། ཉི་མའི་དཀྱིལ་འཁོར་ཤར་བ་ན།། ཐུན་ནི་དང་པོར་དེ་བཞིན་དུ།། ཐུབ་པའི་སྐྱེས་མཆོག་གིས་གསུངས་སོ།། དུས་ཀྱི་ཚད་ནི་བཞི་ཡིན ་ཏེ། ། བར་མར་ཡོངས་སུ་བསྒྲགས་པ་ཡིན།། དེ་ནས་ཉི་མ་ཕྱེད་ནུབ་ན།། སྔགས་ཀྱི་བཟླས་པ་དེ་ཚེ་བཏང་།། སྔགས་ཟློས་བོར་བ་དེ་ཡི་ཚེ།། མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ།། བརྟུལ་ཞུགས་ཅན ་གྱིས་རྣམ་གཞན་སྤང་། ། དེ་ཚེ་བོར་བའི་དུས་ལྷག་ན།། ཐུབ་པའི་བསྟན་ལ་དགེ་བ་བྱ།། ཤེས་རབ་ཕ་རོལ་ཕྱིན་ལ་སོགས།། དམ་པའི་ཆོས་ནི་ཀློག་པ་དང་།། ས་བཅུ་པ་ཡི་གླེགས་བམ་ནི།། མཆོད་དང ་། ཀློག་པ་རྟག་ཏུའོ།། དེ་ནས་དུས་ལ་བབ་གྱུར་ན།། རང་སྔགས་སྔགས་ཀྱི་མགོན་པོ་དང་།། ཐུབ་པ་སྐྱེས་མཆོག་ཕྱག་བྱས་ནས།། དེ་ནས་འཚོ་བ་ལ་འགྲོ་ཞིང་།། དེ་བཞིན་དུས་སུ་སྤྱོད་པར་ལྡན།། དུས་སུ ་ཟ་ཞིང་དབང་པོར་ཐུལ། ། སྒྲུབ་པོ་ཆོས་དང་ལྡན་པ་དང་།། སངས་རྒྱས་བསྟན་ལ་རབ་དང་བརྩོན།། གྲོང་གཞན་དུ་ནི་འཇུག་པ་ན།། མི་སྨྲ་གཙང་སྦྲ་སྤྱོད་ལ་དགའ།། སེམས་ཅན་རྟག་ཏུ་ཆོས་ལྡན་པའི།། ་ཁྱིམ་དུ་བསོད་སྙོམས་དག་ལ་འཇུག། ཟློས་པོ་སྲོག་ཆགས་མེད་པའི་ཆུ།། ཚོས་པར་གྲུབ་པ་གཙང་མར་འདོད།། ཡང་དག་ལྟ་བ་ཕུན་སུམ་ཚོགས།། སངས་རྒྱས་བསྟན་ལ་རབ་ཏུ་དད་།། དེ་ལྟའི་ཁྱིམ་དུ ་རྟག་ཏུ་ནི། ། བསོད་སྙོམས་དོན་དུ་སློང་མོ་བསླང་།། དཔེར་ན་བརྩོན་པས་གོས་བགོས་ཏེ།། ཉམ་ངའི་གཡུལ་དུ་རབ་འཇུག་པ།། རྟག་ཏུ་དགྲ་ནི་འཇོམས་པར་བྱེད།། དགྲ་རྣམས་ཀྱིས་གཞོམ་མི་ནུས ་པ། ། དེ་བཞིན་སྔགས་པ་སློང་མོས་འཚོ།། རྟག་ཏུ་གྲོང་དུ་འཇུག་པ་ན།། དེ་བཞིན་ཆགས་པར་འོས་པ་ཡི།། གཟུགས་སྒྲ་མཐོང་ནས་མི་དགེ་བ།། འདོད་ཆགས་ཞི་བའི་དོན་གྱི་ཕྱིར།། མི་སྡུག་དགེ་བ་བསྒོམ ་པར་བྱ། ། ལང་ཚོའི་རྣམ་པས་བརྒྱན་པ་ཡི།། བུད་མེད་ལུས་ནི་མཐོང་ནས་ཀྱང་།། སྨད་ཅིང་རུལ་བའི་ལུས་རྣམས་ནི།། སྲིན་བུས་ཟོས་ཤིང་དུར་ཁྲོད་གནས།། ལུས་ནི་མི་རྟག་སྡུག་བསྔལ་བ།། མི་གཙང་དྲི ་མི་ཞིམ་པར་བསྒོམ། ། གང་ལ་བྱིས་པ་རྨོངས་པ་ཡི།། འགྲོ་བ་ལྔ་པོར་འགྲོ་ཞིང་འཁོར།། ལས་ཀྱི་སྲད་བུས་བརྒྱུས་པ་ནི།། ཡུན་རིང་དུས་སུ་མྱ་ངན་བྱེད།། མི་ཤེས་སྒྲིབ་པས་རྨོངས་པ་ནི།། དམུས་ལོང ་སྡུག་བསྔལ་རྒྱུ་ཅན་ནོ། ། གང་དུ་བློ་ནི་ཕྱིན་ཅི་ལོག། ཆགས་པས་སྐྱེ་བ་འཕོངས་པར་འགྱུར།། རྣམ་པ་སྣ་ཚོགས་ལས་ལམ་གྱིས།། རྣམ་པ་དུ་མར་ཆགས་གྱུར་པ།། རིང་ནས་ཁྱོགས་ཀྱིས་འགྲོ་བ་ནི།། ་འགྲོ་དང་འོང་བ་སྤྱོད་པར་བྱེད།། རྟག་པ་ཉིད་ཕྱིར་རྗེས་ཆགས་པ།། འཛིན་པའི་ཀུན་ཏུ་སྤྱོད་པ་སྤྱོད།། གང་དུ་སེམས་ཅན་མི་དགེ་འགའ།། ལམ་དུ་ཡུན་རིང་རྒྱུ་བར་བྱེད།། ཟོ་ཆུན་ཁྱུད་མོའི་རྣམ་པ་བཞིན།། སྲིད ་པའི་མཚོ་ཆུ་འབྱུང་བ་རྣམས། ། འགྲོ་བ་དེ་རྣམས་མི་བཟད་པའི།། སྡུག་བསྔལ་ཆུ་བོས་ཀུན་ཏུ་གཡེངས།། དེ་བཞིན་བུད་མེད་སྡུག་བསྔལ་གྱི།། རྩ་བ་འབའ་ཞིག་ཡིན་པ་རུ།། སངས་རྒྱས་བྱང་ཆུབ་སེམས ་དཔའ་དང་། ། དེ་བཞིན་ཉན་ཐོས་རང་རྒྱལ་དང་།། ཐུབ་པ་རྣམས་ཀྱིས་གསུངས་པ་ཡིན།། སྲིད་པའི་རྒྱ་མཚོ་མི་འཁྲུགས་པའི།། མཚོ་ཆེན་འདི་དག་བསྐམ་པར་དཀའ།། བུད་མེད་སེམས ་ཀྱིས་བསླུས་པ་ཡི། ། སེམས་ཅན་གནས་གང་བྱིང་བ་དེ།། དམྱལ་བ་དུད་འགྲོའི་འཇིག་རྟེན་དང་།། ཡི་དགས་འཇིག་རྟེན་ལྷ་མ་ཡིན།། དེ་བཞིན་མོ་ཡི་འཇིག་རྟེན་ཉིད།། ལྷ་ཡི་འགྲོ་བར་འགྲོ་བར་བྱ།། རྟག་ཏུ་ཀུན་ནས ་ཡོངས་སུ་འཁོར། ། བུད་མེད་ཆགས་པས་བསླུས་པ་ནི།། འཁོར་བའི་རྒྱ་མཚོ་བཙོན་ར་ཡི།། འདམ་རྫབ་ཆེན་པོར་བྱིང་བར་འགྱུར།། བུད་མེད་ཆགས་པའི་བླུན་པོའི་མི།། རོ་ལ་ཆགས་པའི་ཅེ་སྤྱང་བཞིན།། གང་ལ ་སེམས་ཅན་རྟག་དགའ་བ། ། མི་བཟད་སྡུག་བསྔལ་བཟོད་པར་བྱེད།། དཀར་པོ་ཆོས་ལས་ངེས་པར་ཉམས།། སངས་རྒྱས་བསྟན་ལ་རབ་ཏུ་གནས།། སྲིད་པའི་མཚོ་ཡི་སྡུག་བསྔལ་ཉིད།། ཐམས་ཅད་ཟློག་པར ་བྱེད་པ་ཡིན། ། སྔགས་ཟློས་པ་ལ་དགའ་ཞིང་བརྩོན།། དབང་ཆེར་གྲགས་ཤིང་ཡིད་དང་ལྡན།། གཟི་བརྗིད་ལྡན་ཞིང་སྔགས་ཐུབ་པ།། དེ་རྣམས་ལ་ནི་སྡུག་བསྔལ་མེད།། ཡང་དག་སྡོམ་དང་ཚངས་བདེན་ཤེས།། བླ ་མ་ལྷ་ལ་མཆོད་པ་བྱེད། ། མ་དང་ཕ་ལ་གུས་པ་རྣམས།། གསུམ་པོ་རྣམས་ལ་སྡུག་བསྔལ་མེད།། མི་རྟག་སྡུག་བསྔལ་སྟོང་པ་དང་།། གཞན་གྱི་དོན་ལ་རྗེས་སུ་བསྙེན།། བུད་མེད་ལུས་ལ་འབྱུང་པོའི་གཟུགས།། ་དེ་བཞིན་འབྲས་དང་ཟུག་རྔུ་དང་།། བློ་ངན་ཕུང་པོའི་ལྕགས་ཀྱུས་ཟིན།། འཁོར་བ་ལས་ནི་མི་འདའ་བར།། རྟག་ཏུ་བུད་མེད་ཆགས་གྱུར་པ།། དེ་ལ་དངོས་གྲུབ་ཡོད་པ་མིན།། དེ་ལ་མཆོག་འགྲོ་ཡོང་མ་ཡིན།། ་འགྲོ་བ་འབྲིང་ཡང་ཡོང་མ་ཡིན།། དངོས་གྲུབ་ཆུང་ངུའང་ཡོད་མ་ཡིན།། འདིར་ནི་ཟློས་པོ་ཁྲིམས་འཆལ་ན།། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས།། སྔགས་ཀྱི་དངོས་གྲུབ་མ་བསྟན་ནོ།། མྱ་ངན་འདས ་གྲོང་འགྲོ་བ་ཡི། ། ལམ་ཡང་མེད་ཅིང་ཕྱོགས་དང་བྲལ།། འདིར་ནི་བྱིས་པ་སྨད་པ་ལ།། སྔག་གྲུབ་པ་ནི་ག་ལ་ཡོད།། སྐྱེ་བོ་ཚུལ་འཆལ་འདི་ལ་ནི།། དེ་ལ་བདེ་འགྲོའང་ཡོད་མ་ཡིན།། མཐོ་རིས་རེག་པ ་ཡོད་མ་ཡིན། ། བདེ་བ་ཉིད་ལ་གཞོལ་བའང་མེད།། དེ་བཞིན་རྒྱལ་བས་གསུངས་པའི་སྔགས།། གྲུབ་པར་འགྱུར་བ་སྨོས་ཅི་དགོས།། ཏ་ལའི་ཤིང་གི་མགོ་བོ་ནི།། གང་ཚེ་བཅད་ན་སླར་ཡང་ནི།། སྔོན་པོ ་ཉིད་དུ་མི་འགྱུར་ཞིང་། ། མྱུ་གུ་སླར་ཡང་ནམ་ཞིག་འགྱུར།། དེ་བཞིན་སྔགས་གྲུབ་རྨོངས་པ་ནི།། ཚུལ་ཁྲིམས་འཆལ་ཞིང་སྡིག་པའི་ལས།། རྟག་ཏུ་སླར་ཡང་བུད་མེད་ཆགས།། མི་དགེའི་གྲོགས་དང་ཕྲད ་པ་ལ། སྔགས་ཀྱི་རྒྱལ་པོ་ག་ལ་འགྲུབ།། དེ་བས་གང་ཚེ་ཟློས་པ་པོས།། བདེ་བར་གཤེགས་པས་སྤངས་པ་ཡི།། བུད་མེད་ཉེས་པ་རྣམས་སྤྱད་དེ།། གང་གི་དངོས་གྲུབ་བསྒྲུབ་བྱ་སྟེ།། བྱིས་པ་བུད ་མེད་ལ་རྨོངས་པ། ། གཞན་གྱིས་གྲུབ་པར་མ་བསྟན་ནོ།། དེ་ནས་དང་པོར་བློ་ལྡན་པ།། གཙང་ཞིང་འདུ་འཛི་མེད་ལ་དགའ།། རིགས་ལྡན་བརྟན་ཞིང་དཔའ་བ་དང་།། སེམས་བཟང་ལྡན་ཞིང་མཐོང་ན་དགའ ་ཆོས་དང་ཆོས་མིན་རྣམ་དཔྱོད་ཤེས། ། དེ་རྣམས་གྲུབ་པ་རྙེད་མི་དགའ། དེ་ལྟར་སྔགས་ཤེས་ཞུགས་པ་ནི།། གྲོང་དུ་བསོད་སྙོམས་ཕྱིར་དུ་འཇུག། ཇི་ལྟར་འདོད་པ་བཞིན་སོང་ནས།། སྔར་ནི་བརྟགས ་པའི་གནས་དག་ཏུ། ། མཁས་པས་དག་པའི་བློས་བཟའ་བ།། བཟའ་བ་ཕྱོགས་སུ་བཞག་ནས་ནི།། ཕྱི་རོལ་སོང་ནས་རྐང་པ་བཀྲུ།། དེ་ནས་སླར་ཡང་གནས་དེ་རུ།། སྲོག་ཆགས ་མེད་པའི་ཆུ་རྣམས་ཀྱིས། ། དང་པོ་འདྲེན་པ་ཉིད་ཡིན་ཏེ།། གཉིས་པ་ལ་ནི་ལག་གཡོན་གྱི།། རྐེད་པ་མན་ཆད་དྲིལ་ཕྱིས་བྱ།། ཀུན་ཏུ་གཡས་པ་སླར་བྱིན་ནས།། ལག་པ་ས་ཡིས་བཀྲུ་བར་བྱ།། སྔར་གཞག ་པ་ཡི་དག་པ་དང་། ། གཙང་མ་རྣམས་ཀྱིས་བདུན་ཉིད་དུ།། བཟང་ཞིང་དག་ཆུས་གཙང་སྒྲར་བྱས།། སེར་སྐྱའི་བ་ལས་བྱུང་བ་ཡི།། བ་ཡི་ལྕི་བ་གསར་པ་དག། གཙང་ཞིང་དྲི་མེད་སྣོད་བླངས་ལ།། སྲོག ་ཆགས་མེད་པའི་ཆུས་སྦྱར་ཏེ། ། དང་པོར་སྟོན་པ་ཐུབ་པ་ཡིས།། མཆོག་ལ་དཀྱིལ་འཁོར་བྱ་བ་ཡིན།། ཁྱད་པར་ཁྲུ་གང་ཙམ་དུའོ།། གཉིས་པ་རང་སྔགས་མགོན་པོ་ལ།། གསུམ་པ་རིགས་ཀྱི་ལྷ་མོ་ལ།། ་གང་ཞིག་སྔགས་པ་ཟློས་པ་པོ།། སླར་ཡང་རྟག་ཏུ་བྱ་བ་ཡིན།། བཞི་པ་སེམས་ཅན་ཐམས་ཅད་ཀྱི།། ཉེ་བར་ལོངས་སྤྱོད་དོན་དུ་གྲགས།། གཡས་སུ་འཇིག་རྟེན་མགོན་པོ་ཡི།། དཀྱིལ་འཁོར་འདི་ནི་རྟག ་ཏུ་བྱ། ། དཀོན་མཆོག་གསུམ་གྱི་ཆེད་དུ་ནི།། དཀྱིལ་འཁོར་དེ་ནི་ཁྲུ་བཞིའོ།། གཉིས་པ་རང་སངས་རྒྱས་རྣམས་དང་།། གསུམ་པ་སྟོབས་བཅུ་ལྡན་པའི་སྲས།། དཀྱིལ་འཁོར་བདུན་པོ་འདི་དག་ནི།། ་ཀུན་ནས་གྲུ་བཞི་པ་རུའོ།། ཁྲུ་གང་ངམ་ནི་ཁྲུ་ཕྱེད་རུང་།། ཉིན་རེ་ཞིང་ཡང་བྱ་བའོ།། ཟློས་པོས་དེ་ཚེ་སྦས་པའི་ཕྱོགས།། སྡིག་པ་འཇོམས་བྱེད་ཉིན་རེ་བཞིན།། དེ་ནས་སྔགས་པ་ཐུབ་པ་ལངས།། ་ལག་གཉིས་འབད་པས་བཀྲུས་ནས་ནི།། གཙང་མའི་ཆུ་ཡིས་ཉེ་རེག་བྱ།། དག་ཅིང་སྲོག་ཆགས་སྤངས་པ་ཡི།། དྲི་མ་མེད་པའི་གཙང་མ་ནི།། འབད་པས་གཙང་མའི་སྣོད་དུ་བླངས།། མཚོ་ཆེན ་དང་ནི་འབབ་ཆུའམ། ། ཆུ་མིག་ཆུ་བོ་ལ་གནས་པ།། གཙང་མའི་ཕྱོགས་ནས་བྱུང་བ་ཡི།། སེམས་ཅན་གཙང་མ་ལག་གིས་བཅུས།། སྔགས་པས་སླར་ཡང་ཉེ་རེག་བྱ།། གཉིས་སམ་གསུམ་དུ་རྟག་ཏུ་ཡང་།། དེ ་ནས་ཁ་ལ་རེག་བྱ་ཞིང་། ། དེ་བཞིན་ཉིད་དུ་རྣ་བའི་རྒྱུན།། མིག་དང་སྣ་ཡི་བུ་ག་དང་།། སྤྱི་བོ་ལྟེ་བའི་ཕྱོགས་རེག་བྱ།། དགེ་བ་སྤྱོད་པས་ལན་ལྔ་འམ་བདུན།། ཆོ་ག་བཞིན་དུ་ཐམས་ཅད་བྱ།། གཙང་སྦྲའི་སྤྱོད ་པ་ཕུན་སུམ་ཚོགས། ། ཟློས་པོ་གཙང་མར་གྱུར་ནས་ནི།། བསོད་སྙོམས་སྣོད་ནི་བླངས་ནས་སུ།། ཆུ་ཡི་གནས་སུ་འགྲོ་བར་བྱ།། གང་དུ་ཆུ་བོ་རབ་གནས་པ།། དེ་བཞིན་དམའ་བར་གྱུར་པ་དང་།། ཆུ་ཀླུང་རབ ་ཏུ་འབབ་ལ་སོགས། ། རྟག་ཏུ་བླངས་པ་བཀྲུ་བར་བྱ།། སླར་ཡང་དེ་ནས་ལངས་ནས་ནི།། གཙུག་ལག་ཁང་ངམ་གནས་སུ་འགྲོ།། གང་དུ་སྔོན་ནི་ཡང་དག་བསྟེན།། གང་དུ་གནས་པ་དེར་འགྲོ་བྱ།། སོང་ནས ་ཟློས་པོས་ཕྱོགས་དེ་རུ། ། ལྷུང་བཟེད་དེ་ནི་གཞག་པར་བྱ།། དེ་ནས་མྱུར་དུ་ཉེ་རེག་བྱ།། དེ་བཞིན་སླར་ཡང་ལྷུང་བཟེད་བླང་།། ལྷུང་བཟེད་ས་འམ་ལོ་མ་འམ།། དངུལ་ལམ་དེ་བཞིན་གསེར་ཉིད་དང་།། ཟངས་སམ ་ཤིང་ཤུན་དག་ཀྱང་རུང་། ། སྟོན་པ་ལ་ནི་ལྷ་བཤོས་དབུལ།། སྟོན་ལ་ལྷ་བཤོས་ཕུལ་ནས་ནི།། སླར་ཡང་རང་རིག་སྔགས་རྒྱལ་ལའོ།། འགྲོན་པོ་གཅིག་ནི་འོངས་གྱུར་དང་།། སྡུག་བསྔལ་ཅན་ལའང་ཅི་ནུས་སྦྱིན།། ་བཤོས་ཉིད་ཀྱང་ནི་ཐམས་ཅད་དུ།། ཀུན་ནས་ངེས་པར་བཟའ་བ་ཉིད།། གཙང་མང་པོ་སྲིན་མི་བྱ།། སྔགས་ཤེས་འདིར་ནི་གདུང་མི་བྱ།། ཀུན་ནས་རིགས་པ་ལྡན་པར་བྱ།། ལྟོ་བའི ་ཙམ་བཞག་ནས་ནི། ། གཞན་པའི་ཟན་ནི་རྟག་ཏུའོ།། བཀྲེས་དང་སྐོམ་པས་ཉེན་པ་ཡིས།། སྔགས་དོན་སྒྲུབ་པར་མི་ནུས་ཏེ།། ཧ་ཅང་མང་དང་ཉུང་ཟོས་ན།། སྔགས་དོན་བསྟེན་པར་མི་ནུས་སོ།། དེ་ཉིད་ཕྱིར་ན་རྒྱལ ་དབང་གིས། ། སེམས་ཅན་ཟས་ཀྱི་གནས་སོ་ཞེས།། ལུས་ཅན་ཀུན་ལ་གསུང་པ་ཡིན།། གང་གིས་མི་རྣམས་འཚོ་བ་དང་།། ལྷ་དང་ལྷ་མིན་དྲི་ཟ་དང་།། ཀླུ་དང་གནོད་སྦྱིན་མི་འམ་ཅི།། སྲིན་པོ་ཡི་དགས་ཤ་ཟ ་དང་། ། འབྱུང་པོ་སྐར་མ་གཟའ་དག་ནི།། གང་ཞིག་ཟས་ལ་མི་ལྟོས་པ།། དེ་ནི་འགའ་ཡང་ཡོད་མ་ཡིན།། རྟག་ཏུ་ཁ་ཟས་རགས་པ་ནི།། ཁམ་གྱི་ཟས་ཞེས་གྲགས་པའོ།། སེམས་ཅན་ཕྲ་མོའི་ཟས་ཅན ་ཡང་། ། དེ་བཞིན་གཤེགས་པས་གསུངས་པ་ནི།། བསམ་གཏན་ཟས་ཅན་རྟག་པར་ནི།། གཟུགས་ན་སྤྱོད་ཅིང་གཡོ་བ་སྟེ།། གཟུགས་མེད་ཉིད་ཀྱི་ལྷ་རྣམས་ཀྱང་།། ཏིང་འཛིན་འབྲས་བུ་ཟ་བའོ།། སྲིད་པ ་བར་མའི་སེམས་ཅན་ཡང་། ། དྲི་ཟ་བར་ནི་རབ་ཏུ་གྲགས།། དེ་བཞིན་འདོད་ཁམས་སེམས་ཅན་རྣམས།། ཟས་ནི་རྣམ་པ་སྣ་ཚོགས་ཟ།། འདོད་དང་ལྡན་པའི་ལྷ་དང་མི།། ཁམ་གྱི་ཟས་ནི་ཟ་བར་བྱེད།། དེ་ཉིད ་ཕྱིར་ན་ཐུབ་དབང་གིས། ། སེམས་ཅན་ཟས་ཀྱིས་གནས་པ་ཞེས།། ཆོས་ཀྱི་རྒྱུ་རུ་བསྟན་པ་ཡིན།། གང་དེ་རྣམས་ནི་རབ་ཏུ་གྲགས།། ཟློས་པོ་རྟག་ཏུ་བརྩོན་པ་ནི།། ཟས་ཀྱི་ཚོད་ནི་རིག་པར་བྱ།། གང་ཕྱིར་རིག ་པ་བསྙེན་པ་ནི། ། ཟས་འདི་ལ་ནི་རབ་ཏུ་གནས།། ཀུན་སྤྱོད་མ་ནོར་དག་པ་དང་།། དགེ་ཞིང་ཚངས་པར་སྤྱོད་པ་དང་།། ཟས་ཀྱི་ཚོད་ཀྱང་ཤེས་པ་ལ།། དེ་ཡི་དངོས་གྲུབ་རྙེད་མི་དཀའ།། དཔེར་ན་ཁུར་ནི་ང ་བའི་རྒྱུར། ། ཤིང་རྟ་ཡུན་རིངས་གནས་དོན་དུ།། ཤིང་རྟའི་མིག་ནི་སླུ་བར་བྱེད།། དེ་བཞིན་སྔགས་པ་སྔགས་རིག་པས།། ཟས་ནི་གནས་པའི་ཆེད་དུ་སྤྱད།། ལུས་ནི་གསོ་བའི་དོན་དུ་ནི།། བློས་པོས་རྟག་ཏུ ་གསོ་བར་བྱ། ། སྔགས་རྣམས་སྒྲུབ་པའི་དོན་ཕྱིར་དང་།། བྱང་ཆུབ་ཚོགས་ཀྱི་རྒྱུ་ཡི་ཕྱིར།། མི་ཡི་འཇིག་རྟེན་རྗེས་གཟུང་རྒྱུར།། དེ་བཞིན་རྟག་ཏུ་སྔགས་བཟླས་བྱ།། དེ་ཉིད་ཕྱིར་ན་ཐུབ་པའི་གཙེས།། ་བརྩོན་འགྲུས་ཆེན་པོས་འདི་གསུངས་སོ།། མཚན་ནི་འོད་སྲུངས་ཞེས་བྱ་བས།། སྔོན་ནི་དེ་ཚེ་ས་སྟེངས་དེར།། སྒྲོལ་མའི་རྟོག་པའི་རྒྱལ་པོ་འདིར།། འབྱུང་པོ་རྣམས་ལ་ལེགས་དོན་དུ།། སྔགས་ནི། ་རབ་ཏུ་གསུངས་པ་ཡིན།། སྡུག་བསྔལ་གྱུར་པའི་འཇིག་རྟེན་ཀུན།། དབུལ་ཞིང་སྐྱོ་ལ་ཤ་ཐང་པ།། མཆོག་ཏུ་ཉོན་མོངས་གྱུར་པ་རྣམས།། འདི་རྣམས་དོན་དུ་གསུངས་པ་ཡིན།། འབྱུང་པོ ་རྣམས་ལ་ལེགས་པ་ཉིད། ། སླར་ཡང་ཀུན་ཏུ་བརྟེན་པ་རྣམས།། འབྱུང་པོ་ཀུན་གྱི་ཟས་དོན་དུ།། གསང་སྔགས་འདི་ནི་མཆོག་ཏུ་གསུངས།། ང་ཡིས་གསང་སྔགས་འདི་བརྗོད་ཀྱི།། བྱང་སེམས་ལ་བརྟེན་ཐམས ་ཅད་དང་། ། ཉན་ཐོས་རྣམས་ནི་མཉན་པར་གྱིས།། ནད་ཀྱིས་ཟིན་པ་འཇོམས་བྱེད་ཅིང་།། བཀྲེས་པའི་ནད་ཀྱིས་གཟིར་བ་དང་།། གང་ཡང་སེམས་ཅན་སྒོམ་པ་དང་།། སྡུག་བསྔལ་ཐམས་ཅད་ནི་དོན་དང་།། འབྱོར་པ ་འདོད་རྣམས་མཉན་པར་གྱིས། ། འོད་སྲུངས་འོད་ནི་ཆེན་པོ་པ།། ཐུབ་པའི་གཙོ་བོས་དེ་སྐད་གསུངས།། ཉན་ཐོས་རྣམས་ནི་ཡིད་མགུ་ནས།། ཁྱབ་པདག་དེ་ལ་གསོལ་བ་བདེ་བས།། ཆོས་ཀྱི།། ་རྒྱལ་པོ་ཐུབ་པ་ཆེ།། ཆོས་མཁྱེན་གསང་སྔགས་བཤད་དུ་གསོལ།། དམ་ཚིག་མཆོག་ལ་ཉེར་གནས་པའི།། སེམས་ཅན་རྣམས་ལ་རྗེས་བརྩེར་མཛོད།། དེ་སྐད་གསོལ་ནས་ཐུབ་པ་ཡིས།། སྔགས་མཆོག ་རྒྱས་པར་གསུང་བར་བྱེད། ། ཀ་ལ་བིང་ཀའི་སྒྲ་དབྱངས་དང་།། རྔ་བོ་ཆེ་དང་སྤྲིན་གྱི་སྒྲ།། ཚངས་དབྱངས་བརྩོན་འགྲུས་ཆེན་པོ་དང་།། ཚངས་པའི་སྲས་གང་རྒྱལ་མཆོག་གིས།། གང་ཡང་ཅུང་ཟད་འདིར་འོངས ་པ། ། རྐང་མེད་པ་དང་རྐང་མངས་དང་།། རྐང་གཉིས་པ་དང་རྐང་བཞི་པ།། འབྱུང་པོའི་ཚེགས་རྣམས་ཀུན་ཉོན་ཅིག། མདོར་ན་སེམས་ཅན་ཀུན་དོན་དུ།། བདེ་འབྱུང་སྔགས་ནི་བཤད་པར་བྱ།། འདས་དང ་མ་འོངས་ད་ལྟར་གྱི། ། སེམས་ཅན་ལ་སོགས་འདིར་ལྷགས་པ།། མདོར་བསྡུས་ནས་ནི་བཤད་པར་བྱ།། འབྱོར་པ་འདོད་པ་རྣམས་ཉོན་ཅིག། ར་མཿས་རནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ག་ག་ནེ། ་ག་གཱ་ན་གནྡོ། ཨཱ་ནཱ་ཡཱ། སརྦ་ལ་ཧུ་ལ་ཧུ། ས་མ་ཡ་མ་ནུསྨ་ར། ཨཱ་ཀཪྵ་ཎེ། མཱ་བཱི་ལམྦྷ། ཡཱ་ཐེ་བྲི་ཏ་མེ་སཱཾ་པཱ་དཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་སྐད་ཅེས་གསུངས་ནས།། ཅང་མི་གསུང་བར ་གྱུར་ཏོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུངས་ཀྱིས་རིག་པའི་སྔགས་ཀྱི་ཚིག་འདི་རྒྱ་ཆེར་གསུངས་པའི་བར་སྐབས་འདིར།། ནམ་མཁའ་ཐམས་ཅད་ཆེན་པོ་ལ་འོས་པའི་ཟས་ཀྱི ་སྤྲིན་གྱིས་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་མཐིལ་ཐམས་ཅད་ཟས་ཀྱི་སྤྲིན་གྱིས་ཀུན་ཏུ་གཡོགས་པར་སྣང་བར་གྱུར་ཏོ།། བསམ་པ་ཇི་ལྟ་བ ་བཞིན་དུ་མངོན་པར་འདོད་པའི་ཟས་ཐམས་ཅད་དང་། ཇི་ལྟར་མངོན་པར་སྲེད་པའི་བཟའ་བ་དེ་དེ་རྣམས་སུ་ཆར་འབབ་པར་གྱུར་ཏོ།། ཇི་ལྟར་མངོན་པར་སྲེད་པའི་བཟའ་བ་དེ་རྣམས་ཀྱི་ཟས་ཀྱི་བྱ་བ་བཀྲེས་པའི་སྡུག་བསྔལ་ཞི་བའི་དོན ་དང་སྐོམ་པ་རྣམས་ཀྱི་བཏུང་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོའི་རྒྱུན་ལྟ་བུ་བཏུང་བར་བྱ་བའང་ཡིད་ལ་འདོད་པ་བཞིན་དུ་དེ་བབ་པར་གྱུར་ཏོ། ། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་བཀྲེས་པའི་ནད་ཐམས་ཅད་རབ་ཏུ ་ཞི་བ་དང་། སྐོམ་པ་ཐམས་ཅད་བསལ་བར་བྱས་པར་གྱུར་ཏོ།། ཐམས་ཅད་དང་ལྡན་པོའི་འཁོར་ཐམས་ཅད་ཀྱང་ངོ་མཚར་ཐོབ་ཅིང་ཚིམ་པ་ཐོབ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས ་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་འོད་སྲུངས་ཀྱང་དེ་བཞིན་གཤེགས་པའི་གནས་ལ་ཡོངས་སུ་བཞུགས་སོ།། བཅོམ ་ལྡན་འདས་ཤཱཀྱ་ཐུབ་པ་ངས་ཀྱང་དེའི་ཚེ་གསུངས་པ་ལ་མངོན་པར་རྗེས་སུ་ཡི་རང་ངོ་། ། རྟོག་པའི་རྒྱལ་པོའི་མཆོག་འདི་ལ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་།། བཀྲེས་པ་དང་སྐོམ་པ་བསལ་བའི་དོན་གྱི་ཕྱིར་དང་། ་ཁྱད་པར་དུ་སྔགས་ཟློས་པ་པོ་ཐམས་ཅད་ཀྱི་ཕྱིར་རོ།། དང་པོ་རེ་ཞིག་ཟློས་པ་པོས་སྔགས་འདིས་བསྒྲུབ་པར་བྱའོ།། གལ་ཏེ་བསོད་སྙོམ་ལ་འགྲོ་བར་མི་སྤྲོན། རིའི་རྩེ་མོར་འཛེགས་ནས་འབུམ་ཕྲག་བདུན་བཟླས་པར་བྱ། ་དེ་ནས་དཀར་གསུམ་བཟའ་བ་འམ། འོ་མ་བཏུང་བའོ།། རིའི་རྩེ་མོ་དེ་ཉིད་དུ་འཕགས་མ་སྒྲོལ་མའི་རས་རིས་བར་མ་སྔར་བཞིན་དུ་བཞག་ནས་མཆོད་པ་ཆེན་པོ་བྱས་ཏེ། གཏོར་མ་དང་ལྷ་བཤོས ་ཆེས་རྒྱ་ཆེན་པོ་བྱས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་གསུངས་པའི་གསང་སྔགས་འདི་ཉིད་ཀྱིས་སེང་ལྡེང་གི་ཡམ་ཤིང་རྣམས་ཀྱི་མེ་སྦར་ནས། ཨུ་དུམ་པ་རའི་ཡམ་ཤིང་ལ་ཞོ་དང་། སྦྲང ་རྩི་དང་། མར་ལ་བཏགས་པ་རླན་དང་བཅས་པའམ། དཔལ་འབྲས་ཀྱི་ཡམ་ཤིང་ཡང་རུང་སྟེ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ།། དེ་ནས་མཚན་ཕྱེད་ཀྱི་དུས་ཀྱི་ཚེ་སྤྲིན་ནག་པོ་ཆེན་པོ་དང་རླུང་གི་དཀྱིལ་འཁོར ་འོང་པར་འགྱུར་ཏེ། འཇིགས་པར་མི་བྱ། ལངས་ནས་འགྲོ་བར་ཡང་མི་བྱའོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྙིང་པོས་བདག་ཉིད་བསྲུང་བར་བྱ་ཞིང་། དཀྱིལ་འཁོར་བཅིང་བ་དང་གྲོགས་རྣམས ་ཀྱང་སྔར་བཞིན་བསྲུང་བར་བྱའོ། ། དེ་ནས་རླུང་ནག་པོའི་དཀྱིལ་འཁོར་མི་སྣང་བར་འགྱུར་ཏེ། བུད་མེད་ཀྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་ཀྱི་འཕྲེང་བ་དང་ལྡན་པས་ཕྱོགས་རྣམས་ཀྱང་ཀུན་ཏུ་སྣང་བར ་བྱེད་བཞིན་པ་སྒྲུབ་པ་པོའི་མདུན་དུ་འདུག་སྟེ། ཀྱེ་ཀྱེ་སེམས་ཅན་ཆེན་པོ་ལོངས་ཤིག། གྲུབ་པ་ཡིན་ནོ་ཞེས་སོ།། དེ་ནས་སྒྲུབ་པ་པོས་སྔ་མའི་མེ་ཏོག་དང་བསྲེས་པའི་དྲི་ཆུས་མཆོད་ཡོན་དངུལ་ལོ།། དེ་ནས་དེ་ཉིད་དུ་མི ་སྣང་བར་འགྱུར་རོ། ། ཉི་མ་དེ་ནས་བདག་ཉིད་དམ་འདིའི་གྲོགས་པོ་ཉི་ཤུ་རྩ་ལྔ་ལདེ་ནས་ཇི་ལྟར་མངོན་པར་འདོང་པའི་བཟའ་བ་རྣམས་རབ་ཏུ་སྟེར་བར་བྱེད་དོ།། ཇི་ལྟར་འདོད་པའི་ཡོ་བྱད་རྣམས་ཀྱང་ཀུན་ཏུ་སྦྱིན་པར ་བྱེད་དོ། ། དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ནས་ཤེགས་སུ་གསོལ་བར་བྱའོ།། རས་རིས་ལ་སྐོར་བ་ལན་གསུམ་བྱས་ནས་རས་རིས་བླངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། ་དེ་ནས་རིའི་རྩེ་མོ་འམ་མི་མེད་པའི་གནས་སུ་འགྲོ་བར་བྱའོ།། དེར་བདག་ཉིད་ངམ་གྲོགས་པོས་ཕྱག་བདར་བྱས་ནས་དགྲམ་པར་བྱ་བ་རྣམས་བཀྲམ་ལ། གནས་དེར་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལས་རྣམས ་བྱའོ། ། དེ་ནས་སྒྲུབ་པ་པོས་སྔར་བཞིན་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། རས་རིས་བར་མ་སྔར་བཞིན་དུ་བཞུགས་སུ་གསོལ་ནས་སེང་ལྡེང་གི་ཤིང་གིས་མེ་སྦར་ལ་ཐུན་གསུམ་དུ་པདྨ་དཀར་པོའི་མེ་ཏོག་ཞོ་དང་། སྦྲང་རྩི ་དང་། མར་ལ་བཏགས་པ་རྣམས་ཀྱིས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་རྩ་བའི་རིག་པ་འམ། སྙིང་པོ་འམ། ཉེ་བའི་སྙིང་པོས་ལས་ཆེན་པོ་ཐམས་ཅད་ཀྱི་ཆེད་དུ་འམ། ཡི་གེ་གཅིག་པའི་ཆེད་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག ་བྱའོ། ། དེ་ནས་མཚན་ཕྱེད་ཀྱི་དུས་ཀྱི་ཚེ་སྦྱིན་སྲེག་གི་མཐར་བཅོམ་ལྡན་འདས་མ་སྒྲོལ་མ་མངོན་སུམ་དུ་མཐོང་བར་འགྱུར་ཞིང་། འདོད་པའི་མཆོག་གནང་བར་བྱེད་དོ།། ནམ་མཁའ་ལ་འགྲོ་བ་འམ། མི་སྣང་བ་འམ། ་བྱང་ཆུབ་སེམས་དཔའི་ས་འམ། རང་སངས་རྒྱས་སམ། ཉན་ཐོས་ཉིད་དམ། མངོན་པར་ཤེས་པ་ལྔ་ཉིད་དམ། ཚེ་རིང་བ་ཉིད་དམ། རྒྱལ་སྲིད་ཆེན་པོ་དག་ཡོ་སྤྱོད་ཆེན་པོ་ཉིད་ཀྱི་ས་ངག་རྒྱལ་པོ་ཆེན་པོ་མཉེས་པ་ཉིད་དམ། འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྗེས་སུ་རྣམ་པར་སྤྱོད་པ་ཉིད་དམ། མདོར་ན་ཡིད་ལ་འདོད་པ་དེ་ཐམས་ཅད་གནང་བར་བྱེད་དོ།། གང་བླངས་ཀྱང་རུང་སྟེ། དེ་མཐུན་པར་གནང་བར་བྱེད་ཅིང་། གྲུབ་པའི་རྫས ་རྣམས་ཐམས་ཅད་ཀྱང་ཐོབ་བོ། ། སེམས་ཅན་ཆེན་པོ་རྣམས་འགུགས་པར་བྱེད་པ་འམ། མདོག་ཇི་ལྟ་ཇི་ལྟར་ཞུས་པ་དེ་ཐམས་ཅད་མཛད་དོ།། ལས་ཀྱི་ཉེས་པ་རབ་ཏུ་སྔགས་པའང ་ཡང་དག་པར་སྦྱོང་བར་བྱེད་དོ། ། ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་སོ།། ལས་ཀྱི་ཆོ་ག་གཞན་པ་བར་མའི་སྒྲུབ་ཐབས་སུ་འགྱུར་བ་ནི། དང་པོ་རེ་ཞིག་ཁྱད་པར་གྱི་གནས་སམ། གཙང་མའི་ཕྱོགས ་སམ། ཆུ་ཀླུང་ངམ། ཆུ་གླིང་གི་འགྲམ་དུ་སྔར་བཞིན་དུ་ཐམས་ཅད་བྱས་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་གཞག་ལ། བདག་ཉིད་ཁ་ཤར་དུ་ཕྱོགས་པར་གནས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། རྒྱས ་པར་གོང་བཞིན་དུ་སྦྱར་བར་བྱ་སྟེ། ཐུན་གསུམ་དུ་འབུམ་ཕྲག་དྲུག་བཟླས་པར་བྱའོ།། བཟླས་པ་ཡོངས་སུ་རྫོགས་པ་དང་། དོང་ཀའི་མེ་ཏོག་ཙན་དན་དཀར་པོ་དང་བསྲེས་པ་འམ། གུར་ཀུམ་དང་བསྲེས་པས་སྔ་མ་དེ་བཞིན ་ཁོ་ནར་མེ་སྦར་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། སྦྱིན་སྲེག་གི་མཐར་རས་རིས་འགུལ་ན་བློན་པོ་ཉིད་དོ།། རས་རིས་ལ་འོད་ཀྱི་སྣང་བ་བྱུང་ན་འོད་ལས་རྒྱལ་སྲིད་དོ།། རས་རིས་ཀུན་ནས་འབར་བའི་འཕྲེང་བས་འཁྲུགས ་ན་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་རྒྱལ་སྲིད་དོ། ། རས་རིས་ལ་མེ་བྱུང་ན་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་ཉིད་དེ་བརྒྱ་བྱིན་ཉིད་དོ།། རས་རིས་ཆོས་སྟོན་པར་བྱེད་པ་བྱུང་ན་བྱང་ཆུབ་སེམས་དཔའ་གསུམ་གྱི་དབང་ཕྱུག ་ཉིད་དོ། ། རས་རིས་ཀྱི་ཕྱག་སྤྱི་བོར་རེག་ན་མངོན་པར་ཤེས་པ་ལྔ་དང་། ས་བདུན་རྗེས་སུ་ཐོབ་པ་དང་། སྟོབས་བཅུ་ངེས་པ་ཉིད་རིམ་གྱིས་ཐོབ་པར་བྱེད་པ་ཉིད་དོ།། དེ་ནས་སྒྲུབ་པ་པོས་བཅོམ་ལྡན་འདས་འོད་སྲུངས ་ཀྱིས་གསུངས་པའི་སྔགས་བསྒྲུབ་ཏེ་བཀྲེས་པ་དང་སྐོམ་པ་ཕྱིར་གཞིལ་བའི་དོན་རྗེས་སུ་ཐོབ་པ་དེ་ཉིད་ཀྱིས་དང་། ཆོ་ག་དེ་ཉིད་ཀྱི་ཡོ་བྱད་ཀྱིས་རིག་པའི་སྤྱོད་པའི་དོན་སྒྲུབ་པའི་ཐབས་ཀྱི་ཆོ་གའི་ཆོས་ལ ་ཡང་དག་པར་ནན་ཏན་བྱའི། ། གཞན་དུ་གྲུབ་པར་མི་འགྱུར་རོ།། དེ་ལྟར་རིམ་གྱིས་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་ཅིང་མདོར་ན་ནན་ཏན་གྱིས་ངེས་པར་སྒྲུབ་པར་བྱེད་དེ། རྫས་དང་། སྨན་དང་། ཡོ་བྱད ་ཀྱི་ཁྱད་པར་དང་། ནོར་བུ་རིན་པོ་ཆེ་རྣམས་ཇི་ལྟར་སྔར་ངེས་པར་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་དོ།། སྔགས་ཤེས་སྔགས་ནི་ཟློས་པ་པོའང་།། ཆོ་ག་བཤད་པ་ལ་སེམས་པ།། སྔགས་པ་དེ་ཚེ་དེ་ཕྱོགས་སུ།། ་གཙང་མའི་འགྲོ་བས་ཟས་ཀྱང་ནི།། ཟོས་ནས་ཡིད་ནི་དགའ་བ་དང་།། དབང་པོ་ཡོངས་སུ་རྫོགས་པ་དང་།། ལྷུང་བཟེད་ལྷག་མ་རྟག་བླངས་ཏེ།། སེམས་བཟང་ཆུ་བོ་གཙང་མར་འགྲེ།། མཐའ་གཅིག་ཏུ་ནི་བོར་ནས་ནི།། ་བརྟུལ་ཞུགས་ཅན་གྱིས་དུད་འགྲོ་སྦྱིན།། དུད་འགྲོ་རྣམས་ལ་འཐུན་བྱིན་ནས།། འབད་པས་ལྷུང་བཟེད་བཀྲུ་བར་བྱེད།། ལྷག་མ་ལྷུང་བཟེད་བྱ་བ་ནི།། སྣུམ་མེད་ཟས་དང་དྲི་བྲལ་གང་།། ལྷུང་བཟེད་ལྷག་མར་ཐུབ ་པས་གསུངས། ། གང་དུ་སློང་བའི་སྣོད་དུ་ནི།། དེ་རུ་ཟན་ནི་མི་བཟའ་སྟེ།། དེར་ནི་བཟའ་བ་འབྲས་བུ་དང་།། རྫས་རྣམས་རྟག་ཏུ་བཟའ་མི་བྱ།། པད་འདབ་ཀྱིས་ཀྱང་མ་ཡིན་ཏེ།། ཨུཏྤལ་ལས་བྱུང ་བས་སམ། ། དྲི་བཟང་ལྡན་རྣམས་སྤངས་པ་སྟེ།། སྔགས་པས་དེར་ནི་མི་བཟའ་འོ།། གང་ཡང་སྔགས་པས་ཀུ་མུ་ད།། པླཀྵ་ཨུ་དུམ་བ་ར་ལས་བྱུང་།། བ་ཊའི་འདབ་མ་དང་ཡང་ནི།། ཚེར་མའི་ཡལ་ཀ ་ཁྲོད་བྱུང་། ། ཨཱ་མྲའི་འདབ་མ་རུ་ཡང་མིན།། དེ་བཞིན་པཱ་ཊ་ལ་ལས་བྱུང་།། སཱ་ལའི་འདབ་མ་ཤི་རཱི་ཥ།། བྱང་ཆུབ་ཤིང་ལས་བྱུང་བ་དང་།། གང་དུ་བཅོམ་ལྡན་སངས་རྒྱས་ནི། ་ཤཱཀྱ་སེང་གེ་བཞུགས་པ་ཡི།། ཤིང་དེ་འབད་པས་སྤང་བར་བྱ།། ཤིང་དེ་ཡི་ནི་ཡལ་ག་དང་།། ན་ག་གེ་སར་ཤིང་ལའང་མིན།། གང་དུ་ནམ་ཡང་བཟའ་མི་བྱ།། མཁས་པས་དེ་ཀུན་ཅིས་ཀྱང་སྤང་།། ་ཐུབ་པའི་ལོ་མའི་སྤྱིལ་པོ་ནི།། རྨོངས་པས་ནམ་ཡང་འགོམ་མི་བྱ།། སྔགས་པ་དམ་ཚིག་ཉམས་པར་འགྱུར།། ཟས་ནི་ལོ་མ་དེ་རྣམས་ལས།། གཞན་པའི་ལོ་མ་རྣམས་སུ་བཟའ།། ས་བྱུང་ཟངས་སུ ་ངེས་བསྟན་དང་། ། དེ་བཞིན་གསེར་དང་དངུལ་ལས་བྱུང་།། ཤེལ་དང་རྡོ་བ་ལས་བྱུང་བ།། དེ་བཞིན་བཟའ་བ་བླངས་ནས་ནི།། རྟག་ཏུ་སྔགས་པས་དེར་མི་བཟའ།། ལོ་མའི་རྒྱབ་ཏུ་མི་བཟའ་སྟེ།། དེ་བཞིན ་ལག་པའི་མཐིལ་དུའང་མིན། ། སྟོབས་བཅུ་པ་ཡི་སྲས་རྣམས་དང་།། རང་རྒྱལ་བསེ་རུ་ལྟ་བུ་གང་།། དེ་བཞིན་གཤེགས་པའི་ཉན་ཐོས་གཙོ།། ལོ་མ་གཞན་དང་ལྷ་བཤོས་འབྱུང་།། ཟློས་པོས་དེ་རྣམས ་སྤང་བར་བྱ། ། ཡི་གེ་རྐང་པས་ཀྱང་མི་འགོམ།། སྣ་ཚོགས་བཟའ་བ་ཟླུམ་འཁུར་དང་།། དེ་བཞིན་བཏུང་དང་བཟའ་བ་རྣམས།། སྔགས་པས་བབད་པས་བླང་བར་བྱ།། རྒྱལ་དང་རྒྱལ་བའི་མཆོག་རྣམས ་དང་། ། དེ་བཞིན་ཉན་ཐོས་སྐྱེས་བུ་མཆོག། དཀོན་མཆོག་གསུམ་ལ་ཕུལ་བ་ཡི།། ལྷ་བཤོས་ཐམས་ཅད་ཉིད་ཀྱང་ནི།། ཟློས་པོས་རྟག་ཏུ་སྤང་བར་བྱ།། ཆུང་ངུ་ཙམ་ཡང་ལུས་ཅན་ལ།། སྔགས་རྣམས ་དེ་ཡིས་མི་འགྲུབ་སྟེ། ། ཀུན་ནས་བཀྲ་ཤིས་ཐམས་ཅད་དང་།། རྟག་ཏུ་དཔལ་ནི་སྨོས་ཅི་དགོས།། རྒྱས་པ་ཅན་དང་ཞི་བ་ཅན།། ལྷ་བཤོས་གཏོར་མ་ཟ་བྱེད་པ།། དེ་ཚེ་དེ་ཡི་ཀུན་མི་འགྲུབ།། གཙང་ཞིང ་མཁས་ལ་ཚུལ་ཁྲིམས་ལྡན། ། སྙིང་རྗེ་སྙིང་རྗེའི་ལས་ཅན་དང་།། གཙང་སྦྲའི་སྤྱོད་པ་ལ་དགའ་བ།། རིག་སྔགས་ཀུན་ཏུ་སྒྲུབ་པར་བྱེད།། སེམས་ཅན་གཞན་ལ་བྱིན་པའི་ཟས།། ཟློས་པོས་དེ་ནི ་བཟའ་མི་བྱ། ། གཞན་གྱིས་རབ་ཏུ་མ་བརྟགས་པའི།། ཟས་གཞན་བཟའ་བར་མི་བྱའོ།། རང་ལ་བྱིན་པའི་ཁ་ཟས་ནི།། ཅུང་ཟད་ཙམ་ཡང་བླང་བར་བྱ།། སྔགས་ཤེས་དེ་ལྟར་འཇུག་པ་ནི།། དེ་ཡི་དངོས ་གྲུབ་སྡིག་པའི་དགྲ། ། ཡོངས་སུ་རྫོགས་པར་བྱེད་པར་གནས།། ཟློས་པོས་ཆོ་ག་འདི་ཡིས་ནི།། བཟའ་བ་ལེན་པའི་བརྟུལ་ཞུགས་ཅན།། ཐུབ་པ་རྣམས་ཀྱིས་ལེགས་པར་བསྔགས།། སྔགས་རྣམས་ཐམས ་ཅད་སྒྲུབ་པ་ལ། ། མདོར་ན་ཆོ་ག་མཐོང་བ་ཡིས།། བཟའ་བ་ཀུན་དང་ལས་རྣམས་ལའོ།། དེ་ནས་གཞན་ཡང་རབ་འཆད་བྱེད།། སྔགས་ནི་ཐམས་ཅད་སྦྱོང་བར་བྱེད།། དེ་ནས་ཟློས་པོས་ཉེ་རེག་བྱ།། དེ་ཚེ་སྔགས་འདི ་བརྗོད་པར་བྱ། ། དེ་ཚེ་སྔགས་པས་ལན་བདུན་དུ།། ལུས་སྦྱོང་བྱེད་པ་བཟླས་བྱས་ནས།། འབྱུང་པོའི་ཚོགས་དང་ལྷ་རྣམས་འདིར།། དེ་དོན་རྒྱས་པ་མཉན་པར་གྱིས།། ལུས་ཀུན་ཉེ་རེག་བྱས་ནས་སུ།། ཐུབ་པས ་སྔགས་འདི་བརྗོད་པར་བྱ། ། ན་མཿསརྦ་བུདྡྷཱ་ནཱ། ཨཱ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་སརྦ་ཀིལླི་ཥ། ནཱ་ཤ་ནི། ནཱ་ཤ་ཡ། སརྦ་དུཥྚ་པྲ་ཡུཀྟཾ། ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཛཿསྭཱ་ཧཱ། སྔགས་འདིས་བསླངས་པའི ་ཟས་གཞན་གང་ཡང་རུང་བ་ཡོངས་སུ་སྤྱོད་པ་ན་སྔགས་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཡོངས་སུ་ལོངས་སྤྱད་པར་བྱའོ། ། ཟོས་ནས་སྔ་མ་བཞིན་དུ་ཉེ་རེག་བྱས་ཏེ་སྤྱི་བོ་ལ ་སོགས་པའི་ལུས་ཐམས་ཅད་དུ་བྱུགས་ནས་དེ་ནས་ངལ་བསོ་བར་བྱའོ། ། ངལ་སོས་ནས་ཡུད་ཙམ་ཕྱེད་དམ་ཐུན་གཅིག་ལའོ།། དེ་ནས་རས་རིས་དང་། སངས་རྒྱས་ཐམས་ཅད་ལ་མངོན་པར་ཕྱག་བྱས་ནས། དམ ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱའོ། ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་དང་། འཕགས་པ་ས་བཅུ་པ་དང་། འཕགས་པ་གསེར་འོད་དམ་པ་དང་། ་འཕགས་པ་རྨ་བྱ་ཆེན་མོ་དང་། འཕགས་པ་རིན་པོ་ཆེ་ཏོག་གི་གཟུངས་ཏེ། འདི་རྣམས་ལས་གཞན་དང་གཞན་གང་ཡང་རུང་བ་བཀླག་པར་བྱའོ།། ཉི་མའི་དུས་ཀྱི་ཚད་བཞི་ཆ་ཙམ་དུའོ།། དེ་ནས་ཡོངས་སུ་ཞི་ནས་ཇི ་ལྟར་འདོད་པ་བཞིན་དུ་ཀླག་པར་བྱ་སྟེ། གླེགས་བམ་བརྟུལ་ནས་གོས་གཙང་མ་བགོས་ཏེ་དམ་པའི་ཆོས་ལ་ཕྱག་བྱས་ནས། དེ་ནས་ཁྲུས་ཀྱི་ཆེད་དུ་ཆུ་ཀླུང་གི་འགྲམ་མམ་མཚེ་བྲན་ཆེན་པོར་འཇུག་པས་སོང་ནས།། སྲོག ་ཆགས་མེད་པའི་ས་བླངས་ཏེ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་རིག་པ་འདིས་ཆུ་ལ་གདབ་བོ། ། གང་ཞེ་ན། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་སརྦ་དུཥྚ་སྟམྦྷ་ཡ་ཧཱུཾ། ན་དཱི་བ་ར་དྷཱ ་རི་ཎེ། ས་མ་ཡ་མ་ནུ་སྨ་ར་ཕཊ་ཕཊ་སྭཱ་ཧཱ། འདིས་བསྲུང་བ་བྱས་ནས་ཕྱོགས་རྣམས་བཅིང་བ་དང་། གྲོགས་རྣམས་དང་། དཀྱིལ་འཁོར་བཅིང་བ་དང་། ཁ་བཅིང་བ་དང་། གདུག་པ་དང་། རབ་ཏུ་གདུག་པ་རྣམས ་ཐམས་ཅད་དང་། ལས་ཐམས་ཅད་འགུགས་པར་བྱེད་པ་དང་། བགེགས་བཅིང་བ་ལའང་སྲད་བུ་ལ་ལན་བདུན་བཟླས་ནས་རྐེད་པའི་ཕྱོགས་སུ་བཅིངས་པས་ཐམས་ཅད་དུ་ཡོངས་སུ་འཆགས་པ་དང་། བཟླས ་པའི་དུས་ཐམས་ཅད་དང་། ཁྲུས་ཀྱི་དུས་ཐམས་ཅད་དང་། གདུག་པའི་བགེགས་རྣམ་པར་གཞོམ་པ་དང་། རབ་ཏུ་ཞི་བའི་དོན་དུ་སྔགས་འདི་སྟོང་ཕྲག་གཅིག་བཟླས་པར་བྱའོ།། དེ་ནས་ལས་ཐམས་ཅད་བྱེད་དོ།། ་པདྨའི་གདན་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པ་དགོད་པར་བྱའོ།། ལས་རྣམས་ཐམ་ཅད་དུ་ཐམས་ཅད་བྱེད་ཀྱི། རྣམ་པ་གཞན་དུ་མི་འགྱུར་རོ།། དེ་ནས་སྒྲུབ་པ་པོས་ས་ལས་བྱུང་བའི་ཕྱེ་མ་ལ་སོགས་པ་རྣམས་བླངས ་ནས་ཇི་ལྟར་བདེ་བར་ཁྲུས་བྱ་ཞིང་སྲོག་ཆགས་མེད་པའི་ཆུས་ཁྲུས་བྱས་ཏེ། ཐམས་ཅད་དུ་ལས་ཐམས་ཅད་ལ་སོགས་ཆགས་མེད་པ་ཉིད་ཀྱིས་བྱའོ།། དེ་ནས་ཁྲུས་བྱས་ནས་སའི་རང་བཞིན་ནམ། གཞན་དྲི ་ཞིམ་པོ་དང་ལྡན་པའི་དྲི་དང་ཡོ་བྱད་ཀྱི་ཁྱད་པར་གྱིས་རྗེས་སུ་བྱུག་པར་བྱའོ། ། ཆུའི་ནང་དུ་མཆིལ་མ་དང་། བཤང་བ་དང་། གཅི་བ་ལ་སོགས་པའང་དོར་བར་མི་བྱའོ།། རྩེ་བར་ཡང་མི་བྱའོ།། སྙིང་རྗེ་དང་ལྡན ་པས་བདག་དང་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་པར་བྱ་སྟེ། བདག་མེད་པ་དང་། སྟོང་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་ཉེ་བར་འགགས་པ་དང་། ཚོར་བས་མངོན་པར་ནོན་པ་དང་། ཆུ་རླབས ་བཞིན་དུ་མངོན་པར་འབྱུང་བའི་རབ་ཏུ་སྦྱོར་བའི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་འདི་ལྟར་སྒྲུབ་པ་དང་བྲལ་བ་སྔགས་ཤེས་པས་གང་དེ་བཞིན་དུ་དུག་དང་། གཅོད་པ་དང་། ལྟུང་བ་དང་། ་རྣམ་པར་འབོར་བ་དང་། རྣམ་པ་འཇིགས་པ་ལ་སོགས་པ་རྣམས་ཀྱི་སྔགས་བསྔལ་གྱི་ཕུང་པོ་ཉེ་བར་འགོག་པར་བྱ་བཞིན་པ། འཁོར་བའི་རྒྱ་མཚོ་ཐིབས་པོ་གནས་པའི་བདག་ཉིད་དུ་མཐོང་ཞིང་གནས ་བེདེད་པ་དང་། སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། ཤིན་ཏུ་དམན་པའི་ཡིད་ཅན་གྱི་བདག་ཉིད་དུ་བརྟགས་ནས་སྒོམ་པ་པོ་མགྲིན་པ་ནུབ་ཙམ་གྱི་ཆུ་ན་གནས་པ་འམ། ལྟེ་བ་ཙམ་དུ་གནས་པའི་ཆུ་དེ ་ཉིད་ཀྱི་ནང་དུ་སེམས་རྩེ་གཅིག་ཏུ་ཉེ་བར་གཟུང་བར་བྱའོ། ། དང་པོ་རེ་ཞིག་པདྨ་ཆེན་པོའི་འདབ་མ་ལ་མེ་ཏོག་ཆེན་པོ་དང་ལྡན་པ། པདྨ་ཆེན་པོའི་ལོ་མས་ཉེ་བར་མཛེས་པ། བལྟ་ན་སྡུག་པ། རིན་པོ་ཆེ་བཻ ་ཌཱུཪྻའི་རང་བཞིན་ལས་བྱུང་བའི་སྡོང་བུ་དང་། རིན་པོ་ཆེ་མ་ད་ཀ་ལས་གྲུབ་པའི་པདྨའི་གེ་སར་དང་། ཤེལ་ལས་བྱས་པའི་འདབ་མ་སྟོང་ལེགས་པར་ཁ་ཕྱེ་བ་དང་། དེའི་རྗེས་སུ་སྐྱེས་པའི་ཤེལ་དང་པདྨ་རཱ ་གའི་མེ་ཏོག་རྣམས་ཀྱིས་མཛེས་པའོ། ། དེའི་སྟེང་དུ་སེང་གེའི་ཁྲི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ། རིན་པོ་ཆེ་དུ་མས་ཉེ་བར་མཛེས་པ་རས་བཅོས་བུ་ཟུང་གིས་བཀབ་པའོ།། དེའི་སྟེང་དུ་བཞུགས་པའི་སངས་རྒྱས ་བཅོམ་ལྡན་འདས་བསམ་པར་བྱ་སྟེ། ཆོས་སྟོན་པར་མཛད་ཅིང་བཞུགས་པ། གསེར་གྱི་མདོག་ཏུ་སྣང་བ། ཀུན་ནས་འོད་འབར་བའི་འཕྲེང་བས་ཁྱབ་པའི་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ། ཚད་ཆེན་པོ་ནམ ་མཁའ་ལྟ་བུ་མཆོག་ཏུ་བྲིས་བཞིན་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། པདྨ་ཆེན་པོའི་གངན ་ལ་བཞུགས་པ། རྔ་ཡབ་བསྣམས་པ། བཅོམ་ལྡན་འདས་བཞུགས་པའི་གྲན་འཁོད་དེ། ལུས་དམར་སེར་གུར་ཀུམ་བཏགས་པའི་ཁ་དོག་ལྟ་བུའོ།། གཡོན་དུ་འཕགས་པ་མཐུ་ཆེན་པོ་ཐོབ་སྟོན་ཀའི ་སྤྲིན་ལྟར་དཀར་བ་ཕྱག་ན་རྔ་ཡབ་ཐོགས་པའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྒྱུད་ལ། འཕགས་པ་བྱམས་པ་དང་། ཀུན་ཏུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། སྒྲིབ་པ་ཐམས ་ཅད་རྣམ་པར་སེལ་བ་དང་། འཕགས་པ་འཇམ་དཔལ་དང་། འཕགས་པ་ཕྱག་ན་རྡོ་རྗེ་དང་། ནོར་བཟང་ཞེས་པ་བྱང་ཆུབ་སེམས་དཔའ་བཅུ་པོ་འདི་རྣམས་ཀྱི་གཡས་སུ་རང་སངས་རྒྱས་བརྒྱད་བསམ་པར་བྱ ་སྟེ། ཙན་དན་དང་། སྤོས་ངད་ལྡན་དང་། ཏོག་དང་། ཏོག་དཀར་དང་། འདོད་པ་དང་། ཉེ་བའི་འདོད་པ་དང་། ཆུ་ཁྱུང་དང་། མུ་ཁྱུད་བརྒྱད་དོ།། དེ་ཉིད་དུ་ཉན་ཐོས་ཆེན་པོ་བརྒྱད་གནས་པ་ལ། འདི་ལྟ་སྟེ། འཕགས་པ་མོའུ ་འགལ་གྱི་བུ་ཆེན་པོ་དང་། འཕགས་པ་ཤཱ་རིའི་བུ་དང་། བ་ལང་བདག་དང་། བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། པི་ལེན་དའི་བུ་དང་། འཕགས་པ་སྒྲ་གཅན་ཟིན་དང་། འཕགས་པ་འོད་སྲུངས་ཆེན་པོ་དང་། ་འཕགས་པ་ཀུན་དགའ་བོ་ཞེས་པའི་ཉན་ཐོས་ཆེན་པོ་དེ་རྣམས་དང་ཉེ་བར་དགེ་སློང་གི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ།། རང་སངས་རྒྱས་རྣམས་དང་ཉེ་བར་རང་སངས་རྒྱས་མཐའ་ཡས་པ་བསྒོམ ་པར་བྱའོ། ། བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ཀྱི་གནས་སུའང་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ།། དེ་བཞིན་དུ་ཀུན་ནས་འཁོར་གྱི་དཀྱིལ་འཁོར་དུ་འཁོར་གྱི ་དཀྱིལ་འཁོར་ཆེན་པོ་དང་ལྡན་པར་བསྒོམ་པར་བྱའོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་ལྟེ་བ་ཙམ་གྱི་ཆུ་ལ་གནས་བཞིན་དུ་ལྷ་དང་མིའི་མེ་ཏོག་རྣམ་པ་སྣ་ཚོགས་པ་ལ ་མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། པདྨ་དང་། པདྨ་ཆེན་པོ་དང་། དྷཱ་རུ་སྥཱ་རི་ཀ་དང་། བཱ་རཱི་ཀ་དང་། ཨིནྡྲ་བ་རིའི་མེ་ཏོག་རྣམ་པ་སྣ་ཚོགས་པ་ཚད་ཆེན་པོ་ཕུང་པོ་ཆེན་པོར་གནས་པ་རི་རབ ་ཙམ་གྱི་མེ་ཏོག་གི་ཕུར་མས་བཅོམ་ལྡན་འདས་ལ་མཆོད་པ་བྱ་ཞིང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱེ་མ་དང་། ཆོས་གོས་དང་། གདུགས ་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། ལྷ་དང་མིའི་མར་མེ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཡིད་དུ་འོང་བ་རྣམས་ཀྱིས་མཆོད་པར་བྱའོ།། དེ་བཞིན་དུ་གཏོར་མ་དང་། བདུག་པ་དང་། ལྷ་བཤོས ་དང་། མཆོད་པ་དང་། བསྙེན་བཀུར་ལ་སོགས་པ་ཡོ་བྱད་ལྷ་དང་མིའི་ཉེར་མཁོ་རྣམས་དབུལ་བར་བྱའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་མངོན་པར་འདྲོ་ལའི ་པས་བདག་ཉིད་དང་ཕྱོགས་ཐམས་ཅད་ཀྱང་ཀུན་ཏུ་སྣང་བཞིན་པར་བསྒོམ་པར་བྱའོ། ། སྒོམ་པ་པོ་བསམ་གཏན་ལ་ཞུགས་མ་ཐག་ཏུ། ཚངས་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་བོ།། ངེས་པར་བྱང་ཆུབ ་མཆོག་ཏུ་གཞོལ་བར་འགྱུར་རོ། ། དེ་ལྟ་བུ་སོགས་བསམ་གཏན་རྣམས།། འཇིག་རྟེན་སྐྱེས་མཆོག་རྣམས་ཀྱིས་གསུངས།། འབྱུང་པོ་ཀུན་ཀྱང་ལེགས་པ་དང་།། སྔགས་པ་རྣམས་ལ་ཕན་དོན་པ། ་དེ་ཚེ་བསམ་གཏན་དང་པོའི་གཙོ།། སྔགས་པ་ཀུན་ལ་ཕན་དོན་དུ།། སེམས་ཅན་རྣམས་ཀྱི་ཕྱིར་གསུངས་སོ།། དེ་ནས་ཐུབ་མཆོག་བདུན་པ་ཡི།། དཀྱིལ་འཁོར་རྣམ་པར་བརྗོད་པར་བྱ།། ཐུབ་པས་དང་པོར ་གསུངས་པ་ཡིན། ། གཉིས་པ་ཡི་ནི་དཀྱིལ་འཁོར་དང་།། གསུམ་པར་ཡང་ནི་དེ་ལས་གཞན།། དང་པོར་མཆོག་གི་དངོས་གྲུབ་སྟེ།། བར་མ་ལ་ནི་དེ་བཞིན་གཞན།། ཆུང་ངུ་ལ་ནི་ཕྲན་ཚེག་འགྲུབ།། ཐུབ་པ ་མཆོག་གིས་ངེས་པར་གསུངས། ། དེ་བཞིན་རས་རིས་བསམ་གཏན་ནི།། ཐུ་བོ་བར་མ་ཆུང་ངུ་སྟེ།། ཐམས་ཅད་སྡིག་པ་འཇིག་བྱེད་པའོ།། དེ་ལས་གཞན་ཡང་མཁས་པས་ནི།། བསམ་གཏན་རྣམ་པ་རབ་བསྒྲུབ་བྱ།། ་བསམ་གཏན་དེ་ལ་རབ་གནས་ན།། སྔགས་རྣམས་དེ་ལ་འགྲུབ་པར་འགྱུར།། ཇི་ལྟར་འདོད་པའི་ཆོ་ག་བཤད།། ཟློས་པོས་བསམ་གཏན་བསྒོམས་ནས་ནི།། སྔགས་ཀྱི་མཆོད་ཡོན་དེར་ཕུལ་ནས།། ཇི་ལྟར་བདེ་བར ་གཤེགས་སུ་གསོལ། ། ཆུ་ཚོགས་དེ་ལས་བསྒྲལ་ནས་ནི།། དེ་ནས་ཇི་ལྟར་བདེ་བར་འགྲོ།། གནས་ནི་སྔོན་དུ་ངེས་བསྟན་པར།། ཆོ་ག་མཐོང་བས་ལེགས་ཞི་བར།། དེ་ཚེ་སྔགས་པས་གསང་སྔགས་བཟླས།། སྔར ་ལས་ཇི་ལྟར་བརྗོད་པ་བཞིན། ། རང་གི་གྷ་ནི་སྤྱན་དྲངས་པ།། དེར་ནི་སྔགས་ཀྱིས་གཤེགས་སུ་གསོལ།། དེ་ནས་བདག་ཉིད་དེ་བཞིན་ཉིད།། གྲོགས་པོ་རྣམས་ནི་བསྲུངས་བྱས་ནས།། དགེ་བའི་ལས་ཀྱིས་དེ་ཉིད་ཤེས།། ་ཆོགའི་ལས་ལ་དགའ་ཞིང་འདུད།། རྣམ་པ་སྣ་ཚོགས་བསྟོད་མཆོད་ཀྱིས།། གང་ཟག་མཆོག་ལ་ཀུན་བསྟོད་ནས།། རང་སྔགས་སྔགས་ཀྱིས་མགོན་པོ་དང་།། ཉན་ཐོས་རང་རྒྱལ་བས་རུ་དང་།། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེ། ། འཇིག་རྟེན་གསུམ་པོ་རྗེས་འཛིན་བཟོད།། དེ་ནས་གསང་སྔགས་ཟློས་པ་པོ།། སྟན་དེ་ལ་ནི་སླར་ལངས་ནས།། ཐག་རིང་གནས་སུ་སོང་ནས་ནི།། ཕྱི་རོལ་རླུང་གི ་རྣམ་པར་སྤངས། ། སྣབས་དང་མཆིལ་མ་རྣམ་པར་དོར།། བཤང་དང་གཅི་བའང་དེ་བཞིན་ནོ།། ཉིན་པར་བྱང་དུ་ཁ་ཕྱོགས་ཤིང་།། མཚན་མོ་ལྷོ་རུ་ཁ་བལྟའོ།། སྔགས་ཟློས་པོས་ནི་ནམ་ཡང་དེར།། དོན་རྣམས ་བསམ་པར་མི་བྱའོ། ། དེར་ནི་རང་ལས་བྱེད་གསུངས་པའི།། སྔགས་ཀྱི་བཟླས་པ་མི་བྱའོ།། རབ་བསྔགས་འགྲོ་བ་མཚན་སོགས་ཀྱི།། དེ་ཚེ་ས་སྟེང་ཉེར་འདུག་སྟེ།། དག་པའི་ཆུ་ཡིས་ཉེ་རེག་བྱ།། གཙང་མའི་གོས ་མཐའ་ཆུར་གཞུག་བྱ། ། ས་ཡི་ཕུང་པོ་བདུན་ཉིད་ཀྱིས།། འབད་པས་རྐང་པ་བཀྲུས་བྱས་ནས།། རབ་ཏུ་འཛག་པ་བདུན་བླངས་ནས།། བཤང་བ་འཛག་ལ་སུམ་ཅུ་སྟེ།། གཉིས་ཀའི་མཐའ་ལ་ལག་པ་དག། མཆིས ་མདོར་བ་ཉིད་དང་ནི། ། སྣབས་ལའང་གཉིས་ཏེ་དེ་བཞིན་ནོ།། དེ་ནས་འབང་པས་ཉེ་རེག་བྱ།། གནས་ལས་རིང་དུ་སོང་བའི་སར།། དེ་བཞིན་ཟླ་ཙམ་སོང་ནས་ནི།། ལམ་ལ་སོགས་པ་སྤངས་པ་རུ།། དེ་ནས ་གཞན་གྱིས་ཅི་འདོད་བཞིན། ། ལྷོ་ཕྱོགས་མཐའ་ཡི་ཕྱི་རོལ་ཏུ།། ཆུ་དང་གཡང་ས་མེད་པ་དང་།། དེ་བཞིན་བྱེ་མས་ཁྱབ་པ་དང་།། ཆུ་ཀླུང་སྤངས་ཤིང་ངོགས་ཀྱང་སྤངས།། འབད་པས་མི་གཙང་ཆུ་སྤངས་པར།། ་བསང་ཞིང་ཤིན་ཏུ་སྦྱངས་པ་དང་།། བས་མཐའ་ལྗོངས་ནི་སྤངས་པ་དང་།། རྣམ་པར་དབེན་པའི་སར་སོང་ནས།། སྔགས་པས་མི་གཙང་དོར་བར་བྱ།། ཟླས་པོ་དུས་ནི་ཤེས་བྱས་ནས།། ཇི་ལྟར་འདོད་པའི་ཤུགས ་དགག་མིན། ། དེ་ནས་དག་པའི་ཕྱོགས་སོང་སྟེ།། བསམ་མཐར་དེ་བཞིན་བཤང་བ་དང་།། གཅི་བའི་བྱ་བ་བྱས་ནས་ནི།། དེ་རུ་ལུས་ནི་ཅི་བདེ་བར།། གཉིས་ཀའམ་གསང་གཡོགས་སྦས་པ་དང་།། སྐྱེ་བོ་མེད ་པའི་ས་གཞི་ལ། ། མི་སྨྲ་རེག་པ་སྤངས་ནས་ནི།། རྟག་ཏུ་གཅི་བ་བྱ་བ་ཡིན།། ལུས་ལ་ལྷག་གནས་བཤང་བ་དང་།། གརྟུལ་ཞུགས་ཅན་རྟག་གཙང་སྦྲ་བྱ།། རེག་ན་གཞོན་ཤ་ཅན་རྣམས་འདོད།། སྲོག་ཆགས ་སྤངས་པའི་ས་རྣམས་ནི། ། གསུམ་པོ་དེ་བཞིན་བླངས་ནས་ནི།། རྟག་པ་ཁོ་ནར་བཤང་ལམ་ལའོ།། དེ་བཞིན་གཉིས་ཀའི་མཐར་ལག་པ།། སྔགས་པས་རྟག་ཏུ་ས་དག་ནི།། སྔར་བསྟན་པ་དག་བླངས་ནས་ནི།། ་། ཟློས་པོས་རྟག་ཏུ་རྐང་པ་ཉིད།། གཡས་དང་དེ་ལས་གཞན་པ་ནི།། ཕན་ཚུན་ཉིད་དུ་ཀུན་བཞག་ནས།། འབད་པས་རྐང་པ་བཀྲུ་བར་བྱ།། རྒྱ་ཆེར་སྔར་ནི་བརྗོད་པ་བཞིན།། སྔགས་ཟློས་པོ་ཡི་གཙང་སྦྲ་ཡང་།། ་དྲི་ང་མེད་པའི་གཙང་སྦྲ་སྟེ།། རྟག་ཏུ་ཐུབ་པ་ཉིད་ཀྱིས་གསུངས།། འདི་དག་མདོར་བསྡུས་བསྟན་པ་ཡིན།། རྒྱུད་རྣམས་ཀུན་ཏུ་མཐོང་ངོ་ཞེས།། མངའ་བདག་ཐུབ་པ་ཉིད་ཀྱིས་གསུངས།། དེ་ནས་ཟློས་པོས་ཉེ ་། རེག་བྱ།། སྡོམ་བརྩོན་དངོས་གྲུབ་ལས་ལ་དགའ།། སྔར་བརྗོད་པ་ཡི་ཆོ་ག་ཡིས།། ཡིད་ཀྱིས་ནང་གི་དག་པ་ཡིན།། གཙང་སྦྲ་རྣམ་པ་ལྔ་རུ་བརྗོད།། སྔགས་པས་སྔགས་རྣམས་ཐམས་ཅད་དུ།། ལུས་ཀྱི ་གཙང་སྦྲ་དེ་བཞིན་དུ། ། ངག་ཡིད་ཁོ་ནར་རབ་ཏུ་བསྒྲགས།། བཞི་པ་བདེན་པའིགཙང་སྦྲ་སྟེ།། ཆུ་ནི་ལྔ་པར་བརྗོད་པར་བྱ།། བདེན་པའི་ཆོས་ནི་ཁྲོ་བ་ཐུལ།། རྒྱུད་ཤེས་བསྟན་བཅོས་མཐོང ་བ་དང་། ། ཕྲ་མོའི་དེ་ཉིད་དོན་ལ་མཁས།། སྔགས་ཤེས་ལས་ལ་གྲགས་པ་དང་།། རྒྱུ་ཡིས་ནང་ལ་མཁས་པ་སྟེ།། དེ་ལ་དངོས་གྲུབ་རྙེད་མི་དཀའ།། བདེན་པའི་ཆོས་ནི་རྣམས་སྤངས་པའི།། ་བརྫུན་པའི་ཚིག་ནི་སྨྲ་མི་བྱ།། བདེན་པ་ཐམས་ཅད་རྣམས་སྤངས་པའི།། མ་རུངས་རབ་ཏུ་མ་རུངས་ཉིད།། རྣམ་པར་སྡང་དང་འཁྲུག་བཅས་དང་།། གཙུབ་ཅིང་གནད་ནི་འགེམས་པ་དང་།། བདེན་པའི་ཆོས་ནི་རྣམ ་པར་ཉམས། ། སེམས་ཅན་གཞན་ལ་གདུང་བར་བྱེད།། ཕྲ་མ་ཉོན་མོངས་ཅན་སེམས་དང་།། ཆོས་རྣམས་ཐམས་ཅད་སྤངས་པ་དང་།། དེ་བཞིན་འཚེ་བའི་བདག་ཉིད་ཅན།། རྟག་ཏུ་ཁྲིམས་འཆལ་ཆོས་མིན་སྤྱོད།། ་སྔགས་ཟློས་པ་ཡིས་སྤང་བར་བྱ།། དེ་བཞིན་ཉིད་དུ་གྲོང་གི་ཆོས།། ཁྲོ་བ་བརྣབ་སེམས་འབྱུང་བ་ཡི།། འཇིག་རྟེན་ཕ་རོལ་འཇིགས་པ་རྣམས།། བློ་ལྡན་རང་རྒྱལ་བསེ་རུ་དང་།། སླར་ཡང་རྟག་ཏུ་ཉན་ཐོས་དང་།། ། ་སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྨད།། དེ་བཞིན་རྟག་ཏུ་རྫུན་སྨ་བ།། འཇིག་རྟེན་དངོས་གྲུབ་འདོད་དོན་གཉེར།། ས་སྟེངས་རྫུན་སྨྲ་ཉེ་བར་སྨྲ།། མི་བཟད་དམྱལ་བ་ཆེན་པོར་ལྟུང་།། སྔོན་གྱི་ངེས་པ་ལས་དེ་བཞིན།། ་དགའ་བས་གཤིན་རྗེའི་འཇིག་རྟེན་དུ།། རྟག་ཏུ་སླར་ཡང་དེར་གནས་སོ།། རྟག་ཏུ་རྫུན་སྨྲས་ཉེར་འཚོ་བ།། མི་བཟད་ངན་འགྲོར་ལྟུང་བར་འགྱུར།། ཐིག་ནག་རབ་ཏུ་ཚ་བ་དང་།། ཡང་སོས་རལ་གྲི་ལོ་མ་དང་། ་དེ་བཞིན་ཤལ་མ་ལི་ཡི་ནགས།། དེར་ནི་བསྐལ་པ་མང་པོར་གནས།། རྫུན་དུ་སྨྲ་བའི་སྐྱེ་བོ་ན།། གསང་སྔགས་ལོག་པར་སྨྲ་བ་དང་།། རྨོངས་པས་ལོག་པར་བརྗོད་པ་ཡིས།། འབྱུང་པོ་རྣམས་ལ་བྲུ་བྱེད་པ།། དེ་ལ ་གྲུབ་པ་ག་ལ་ཡོད། ། དེ་ཕྱིར་རྨོངས་པ་ལས་འདི་ཡི།། སྔགས་ཀྱི་དངོས་གྲུབ་མ་མཐོང་ནས།། སྔགས་པའི་དངོས་གྲུབ་མེད་དེ་ཞེས།། འདི་སྐད་དུ་ནི་ཚིག་སྒྲབ།། གང་གིས་སངས་རྒྱས་བསྟན་པ་ནི།། ས་སྟེངས་འདིར ་ནི་རབ་སྤངས་པ། ། བསྐལ་པ་བྱེ་བ་མང་པོ་ཡིས།། དེ་ཡིས་གྲུབ་པར་ག་ལ་འགྱུར།། དེ་ཕྱིར་འདི་ནི་མི་བཟད་པའི།། འཇིགས་ཆེན་མནར་མེད་འཚེད་པར་འགྱུར།། ཡང་སོས་དང་ནི་ཐིག་ནག་དང་།། རབ་ཏུ་ཚ་བའི ་དམྱལ་བར་ནི། ། དེར་ནི་བསྐལ་པ་ཆེན་པོར་གནས།། དམ་ཆོས་སྣང་བ་བྲལ་བའི་ཕྱིར།། དམྱལ་བ་མི་བཟང་མུན་པ་རུ།། བྱིས་པའི་སྐྱེ་བོ་འཚེད་པར་བྱེད།། དམ་པའི་ཆོས་ལ་བརྙས་པ་དང་།། མི་ཤེས་མུན་པས ་བསྒྲིབས་པ་སྟེ། ། ཡེ་ཤེས་བྱིས་པའི་ངོ་བོ་འམ།། རྨོངས་པ་ལོག་པའི་ང་རྒྱལ་ཅན།། རིག་པའི་རྒྱལ་པོ་བརྙས་བྱེད་པ།། མི་བཟད་དམྱལ་བར་ལྟུང་བར་འགྱུར།། དེ་ཕྱིར་སྡིག་པ་མི་བྱ་ཞིང་།། ལོག་པར་སྨྲ་བའང ་སྨད་པ་ཡིན། ། དམ་པའི་ཆོས་ལ་བརྙས་པ་དང་།། ལོག་པར་བལྟ་བ་སྨད་པ་ཡིན།། དེ་ཕྱིར་རྟག་ཏུ་དང་གྱུར་ནས།། གསང་སྔགས་ཆོ་ག་རྟག་ཏུ་བསྟེན།། བདེན་པར་སྨྲ་ཞིང་ཆོས་ཤེས་པ།། སེམས་ཅན་རྣམས་ལ་རྔག ་ཏུ་ཕན། ། སྔགས་ཤེས་སྔགས་ནི་སྟེན་པར་བྱེད།། དེ་ཡིས་དངོས་གྲུབ་ངེས་པར་འགྱུར།། མཆོག་དང་འབྲིང་དང་ཐ་མ་ཡི།། ལས་ནི་རྣམ་པ་སྣ་ཚོགས་བྱེད།། ལས་རྣམས་བྱ་བ་རྣམས་ཀྱིས་བྱེད།། རྟག་ཏུ་ཕན་པས ་བྱ་བ་ཡིས། ། བྱ་བའི་ལས་དང་ཡང་དག་ལྡན།། དེ་ལ་རྟག་ཏུ་གྲུབ་པར་འགྱུར།། བྱ་བའི་དོན་དང་དོན་ཀུན་ཕྱིར།། ལས་དོན་རྟག་ཏུ་བྱ་བའོ།། བྱ་བའི་དོན་དུ་བྱ་མིན་གང་།། བྱ་བ་ལས་ལ་སྦྱར་བར་བྱ།། འབྲས་བཅས ་ཉིད་ཀྱི་བྱི་དོན་གྱི། ། བྱ་བ་ཉིད་ནི་རྟག་ཏུ་བྱ།། བྱ་བ་ལས་དང་འབྲས་བུ་ཉིད།། བྱ་བ་ལས་འབྲས་རྟག་ཏུའོ།། འབྲས་མེད་འབྲས་བུ་ཉིད་འགྱུར་ཞིང་།། འབྲས་བུ་ཉིད་ཀྱང་རྟག་ཏུ་འབྲས ་འབྲས་མེད་འབྲས་བུ་བཅས་པ་ཉིད། ། ཐམས་ཅད་ཉིད་ཀྱང་འབྲས་བུར་བཅས།། རྣལ་འབྱོར་སྔགས་ནི་བསྒྲུབ་བྱ་སྟེ།། ཡང་དག་སྦྱོར་དང་བྲལ་བ་ཡང་།། བྲལ་དང་ཡང་དག་ལྡན་སྒྲུབ་པོ།། བསྒྲུབ་བྱ་སྒྲུབ་བྱེད་མེད ་པར་ནི། ། དེ་ལ་གྲུབ་པ་ཡོད་མ་ཡིན།། གྲུབ་པའི་རྫས་ནི་ཐམས་ཅད་ཀྱང་།། གྲུབ་པའི་རྒྱུ་དང་འགལ་བ་ཡིན།། སྔགས་ཀྱི་དངོས་གྲུབ་མ་གྲུབ་པ།། སྔགས་ནི་སྒྲུབ་པར་བྱེད་པའི་རྒྱུ།། བྱེད་པར་འདོད་པ་དེ་ལས ་ཏེ། ། འདོད་པའི་ལས་ནི་བྱ་བར་འགྱུར།། ལས་མིན་ལས་ནི་ཐམས་ཅད་ལ།། ལས་ཀྱི་རྒྱུད་ནི་མི་བྱའོ།། སྔགས་དང་རྒྱུད་ཀྱི་དོན་ལྡན་པའི།། ལས་ནི་མཐའ་དག་བརྩམ་པར་བྱ།། བརྩམས་དང་རྩོམ་པས་འདུད་པ་ཡི།། ་ལས་ཉིད་བརྩམ་པར་མི་བྱའོ།། བྱ་བ་མ་བརྩམས་སྔགས་རྣམས་ནི།། ལུས་ཅན་ཀུན་ལ་འགྲུབ་མི་འགྱུར།། སེམས་ཅན་ཀུན་རྗེས་སྐྱོང་བ་ཡིས།། ཐུབ་པའི་གཙོ་བོས་སྔོན་གསུངས་པ།། གསང་སྔགས་སྨྲ་བས་བསྟན་པ ་ཡི། ། རྒྱལ་བའི་སྲས་ཀྱིས་ཡང་དག་སྡོམ།། སྒྲུབ་པོ་སྔགས་ནི་ཀུན་ཤེས་ཤིང་།། རྟོག་པའི་རྒྱལ་པོ་འདི་ལ་ཚིག། སྔགས་ཀྱི་ཚུལ་གྱིས་བསྟན་པ་ཡིན།། ལམ་ནི་བྱང་ཆུབ་རྒྱུར་གྱུར་པ།། སྔགས་ཀུན་ཉིད་ནི ་སྒྲུབ་པར་བྱེད། ། རིག་པ་མཉམ་པར་འགྱུར་བ་ཡིན།། དེ་ནི་རིང་པོ་མི་ཐོགས་པར།། མཁས་པས་དངོས་གྲུབ་འགྱུར་བ་ཡིན།། འབྱུང་པོ་ཐམས་ཅད་ཞི་དོན་དུ།། སངས་རྒྱས་ཀུན་གྱིས་རབ་ཏུ་བསྒྲགས།། ་གསང་སྔགས་ཚུལ་གྱི་ལམ་འདས་ནི།། མྱ་ངན་འདས་ཐོང་འགྲོ་བ་ཡིན།། དེ་བཞིན་དྷག་བྱང་ཆུབ་ལྕས།། ཆོས་ངན་ཐམས་ཅད་རྫོགས་པར་བྱེད།། དེ་མི་མཐར་ཐུག་དབྱུང་གཉེན་ནི།། དང་པོའི་བནས ་སངས་རྒྱས་ཉིད། ། དེ་བཞིན་འདིར་ནི་ལྷུན་གྲུབ་ཏུ།། འབྲས་བུར་བཅས་པའི་དངོས་ཟུང་ཐོབ།། བླ་ཚོགས་ལས་དང་ཆོས་ཤེས་པ།། སྔགས་རྣམས་བྱེད་པར་འགྱུར་བ་ཡིན།། ཚུལ་ཁྲིམས་བསམས ་རྣམ་ཐར་རྣམས། ། འདི་རྣམས་མདོར་བསྡུས་ཐོབ་པ་ཡིན།། དངོས་གྲུབ་དོན་ཀུན་སྒྲུབ་བྱེད་པ།། རྒྱལ་བ་གཙོ་བོས་གསུངས་པ་ཡིན།། གང་ཟག་རྐང་པའི་དོན་ཐོབ་པ།། དམ་པའི་འགྲོ་བར་གནས་པ་དང་།། ་དེ་བཞིན་རྟག་ཏུ་གནོད་སྦྱིན་གཙོ།། ཐ་མས་རྒྱལ་སྲིད་རྒྱུ་ཡིན་ཏེ།། ལྷ་མིན་ལྷ་ཡི་འཇིག་རྟེན་གྱི།། དེ་བཞིན་དེ་རྣམས་བདག་པོ་ནི།། སྔགས་པས་ཐམས་ཅད་ཐོབ་པར་འགྱུར།། བྱ་བ་འབྲས་བཅས་བྱེད་པར་འགྱུར། ་གཙང་སྦྲའི་ཀུན་སྤྱོད་ཡང་དག་ལྡན།། ཚུལ་ཁྲིམས་བསམ་གཏན་རྟག་ཏུ་དགའ།། སྔགས་རྣམས་ཀུན་ཏུ་གསུངས་པ་ཡི།། དེ་ནས་སྔགས་པས་སྔགས་བཟླས་བྱ།། སྔགས་པ་འབྱོར་པ་འདོད་པ་ཡིས།། ་རྣམ་པ་སྣ་ཚོགས་ལས་བྱས་ཏེ།། དེ་བཞིན་མཆོག་དང་བར་མ་དང་།། ཐ་མ་ཉིད་ཀྱང་བྱ་བ་ཡིན།། ཐ་མས་ལོངས་སྤྱོད་འཕེལ་བ་སྟེ།། བར་མས་གོང་མའི་ལུས་ཅན་ཉིད།། མཆོག་ཉིད་ཀྱིས་ནི་ལྡང་བ ་ཉིད། ། ཟློམ་པོས་རྟག་ཏུ་ཐོབ་པར་བྱེད།། སྔགས་པས་བཟླས་མཐར་ངལ་བསོ་ཞིང་།། ཇི་སྲིད་དུས་སུ་བརྟག་པར་བྱ།། བཟླས་པའི་དུས་ལ་བབ་པ་ན།། དེར་ནི་བསྒྲུབ་པ་བྱ་བ་ཡིན།། དེ་བཞིན་ལས་རྣམས ་སྒྲུབ་པར་བྱེད། ། དེ་ལ་རྟག་ཏུ་བཟླས་པས་སྐྱེས་བུ་རང་གི་སྡིག་པ་ཟད་པར་བྱེད་དོ།། སྔགས་པས་སྔོན་ལས་ཀྱི་ཆོ་ག་གང་བྱས་པ་སྐྱེ་བ་བརྒྱད་པ་རྣམས་སུ་གྲུབ་པར་གནས་པ་དེ། དེ ་བཞིན་དུ་ལས་ཚོགས་པ་རྙེད་པར་འགྱུར་བ་དེ་སྐྱེས་པས་སྔགས་བཟླས་པས། སླར་ཡང་སྔགས་ཟློས་པ་པོའི་སྡིག་པ་ཟད་པའི་དོན་དང་། ལས་དེ་འཇོམས་ཤིང་སྔགས་གྲུབ་པར་འགྱུར་ཏེ། དེ་བཞིན་དུ ་མཆོག་དང་། བར་མ་དང་། ཐ་མའི་འཇིག་རྟེན་གྱི་མཆོད་པ་དང་བཟླས་པས་སྡིག་པ་མ་ལུས་པ་ཟད་པར་བྱེད་ཅིང་། སྐྱེ་བ་བརྒྱུད་པ་རྣམས་སུ་གང་བྱས་པའི་སྡིག་པ་དེ་ཐམས་ཅད་འཇིག་པར་བྱེད་དེ། ་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་བཟླས་པས་ལུས་རྣམ་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་དང་། ཐུབ་པ་རྣམས་ཀྱིས་གནས་པས་དགའ་བ་དང་། ཡོན་ཏན་ཐམས་ཅད་ཀྱི་གྲགས་པར ་འགྱུར་བ་དང་། གནོད་སྦྱིན་གྱི་ཁང་པར་གནས་པའི་རྒྱལ་པོ་ཉིད་དང་། རྟག་ཏུ་དོན་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པ་དང་ལྡན་ནོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་པལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ ་རྒྱས་པའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྗེས་ཀྱི་རྩ་བའི་རྟོག་པ་ལས། རས་རིས་བར་མའི་ཆོ་ག་རབ་འབྱམ་སྟེ་དགུ་པ་རྫོགསོ།། ། དེ་ནས ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པ ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། ཁྱོད་ཀྱི་རིག་པའི་སྔགས་རྗེས་སུ་སྤྱོད་པ། སེམས་ཅན་མཐའ་དག་གི་དོན་ལ་བརྩོན་པ། སེམས་ཅན་རྣམས་གང་གིས་བཟླས་པར་བྱ་བའི ་རིག་པའི་སྔགས་དང་། གང་དང་ལྡན་པས་བགྲང་བར་བྱ་བའི་བགྲང་འཕྲེང་གི་ཆོ་ག། རྒྱུད་ཐམས་ཅད་ཀྱི་ཐུན་མོང་གི་སྒྲུབ་ཐབས་ཀྱི་ཆོ་ག། སྔགས་ཐམས་ཅད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་དེ་ལེགས་པར་ཉོན་པ་ལེགས་པར ་ཡིད་ལཟུང་ཞིག་བཤད་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། སེམས་དཔའ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་བདག་ཅག ་ལ་རྗེས་སུ་བརྩེ་བས་ཉེ་བར་བླངས་ནས་རིག་པའི་སྔགས་ཐམས་ཅད་ཀྱི་སྤྱོད་པ་དང་། དམ་ཚིག་ལ་རབ་ཏུ་ཞུགས་པའི་སེམས་ཅན་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཡང་དེ་བཀའ་སྩལ་དུ ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་རྣམ ་པར་དབྱེ་བ་རྒྱས་པར་བཤད་པར་བྱའོ་ཉོན་ཅིག། གང་གིས་སྔགས་ཐམས་ཅད་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ། སེམས་ཅན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དེ་གང་ཞེ་ན། དང་པོ་རེ་ཞིག་སྔགས་སུ་འགྱུར་བ་ནི། ་ན་མཿསརྦ་བུདྡྷཱ་ནཱཾ། ཨ་ཙིནྟུདྷཱ་ཏ། རཱུ་བི་ནཱཾ། ཏདྱ་ཐཱ། ཨོཾ་ཀུ་རུ་ཀུ་རུ་སརྦ་ཨརྠ་སཱ་དཱ་ཡ། སརྦ་དུཥྚ་བི་མོ་ཧ་ནི། ག་ག་ནཱ་བ་ལམྦེ། བི་ཤོ་དྷ་ཡ་སྭཱ་ཧཱ། རིག་པ་འདིས་བགྲང་འཕྲེང་ཐམས་ཅད་ལ་ལས་བྱའོ།། སྦྱང ་བ་དང་། དབུག་པ་དང་། བླང་བ་དང་། རྒྱུ་བ་ལ་སོགས་པའི་ལས་རྣམས་བྱའོ།། དང་པོ་བཟང་འཕྲེང་ཤིང་ལ་ནི།། ལན་གྲངས་སུམ་ཅུ་རྩ་བདུན་དུ།། དེ་ཡིས་མངོན་པར་བསྔགས་ཀྱི ་ནས། ། བརྟུལ་ཞུགས་ཅན་གྱིས་བསྲུང་བ་བྱ།། མཚན་མོ་གཅིག་ཏུ་གཉིད་ལོག་ནས།། དེར་ནི་རྨི་ལམ་བརྟག་པར་བྱ།། མི་མ་ཡིན་གཟུགས་ཀུན་རྫོགས་པ།། མི་སྡུག་ལྷག་པར་མཆེ་བ་གཙིགས།། སྔགས་པ ་ལ་ནི་དེས་སྨྲས་པ། ། བཅོམ་ལྡན་སེམས་པ་ཇི་བཞིན་ལོང་།། སྒྲུབ་པོ་ཐོ་རངས་ལངས་ནས་ནི།། ཤིང་དེ་རུ་ནི་འགྲོ་བར་བྱེད།། མི་སྡུག་གཟུགས་ལྡན་གཙིགས་པ་ཆེ།། རྨི་ལམ་དུ་ཡང་མ་མཐོང་ན།། སྔགས ་པས་ཤིང་དེ་བོར་བར་བྱ། ། དེ་ནས་གཞན་དུ་འགྲོ་བར་གྱིས།། དང་པོ་རུ་རཀྵ་ཡིན་ཏེ།། དེ་ལས་གཞན་པ་དབང་པོའི་ཤིང་།། བོ་དེ་ཙེ་ནི་འདོད་པའོ།། གཞན་ཡང་འབྲས་བུ་འབྱུང་བ་ཡི།། ཤིང་ལ་འཛེགས་པ ་ལེགས་རྫོགས་པའི། ། གྲོགས་དང་ལྷན་ཅིག་འཛེག་པར་བྱ།། གྲོགས་པོ་མེད་པར་གྱུར་ན་ནི།། རང་ཉིད་དེ་ལ་འཛེག་པར་བྱ།། སྟེང་གི་ཡལ་གའི་འབྲས་གནས་སུ།། འཛེགས་ནས་ཕུན་ཚོགས ་བརྟུལ་ཞུགས་ཅན། ། དེ་ལ་རྟག་ཏུ་བག་ཡོད་པས།། སྟེང་གི་ཡལ་གའི་འབྲས་བུ་བླངས།། སྟེང་གི་ལས་ལ་ལེགས་སྦྱར་བྱ།། སྟེང་ནི་མཆོག་གི་དངོས་གྲུབ་ཏུ།། གང་ཟག་མཆོག་གིས་གསུངས་པ་ཡིན།། ་བར་མར་དངོས་གྲུབ་འབྲིང་པོ་སྟེ།། ཐ་མ་ལ་ནི་འོག་མའོ།། སྲོག་ཆགས་རྣམས་ཀྱིས་མ་སྨད་པའི།། འབྲས་བུ་དེ་རྣམས་ཡང་དག་བླང་།། ནུབ་ཀྱི་ཡལ་ག་ལས་ཐོབ་པ།། རྫས་ཀྱི་རྒྱུར་ནི་བསྒྲུབ་པར་བྱ།། བྱང ་གི་གནོད་སྦྱིན་མོ་ལ་སོགས། ། ལྷ་རྣམས་ལྷན་ཅིག་འགུགས་པར་བྱེད།། དགུག་པའི་བྱ་བ་བཤད་པ་ནི།། ཀུན་གྱི་དོན་དུ་ཞི་ཕྱིར་རོ།། ལྷ་དང་ལྷ་མིན་གཡུལ་འགྱེད་དང་།། མི་འམ་ཅི་དང་སྲིན་པོ་རྣམས།། འདོད་པ ་རྣམ་པ་སྣ་ཚོགས་བྱེད། ། འབྱུང་པོ་ཐམས་ཅད་རྒྱས་པའི་ཕྱིར།། འབྲས་བུ་དང་བཅས་ལས་རྣམས་ནི།། མ་ལུས་སྤྱོད་པ་བྱེད་པའོ།། ཤར་གྱི་ཕྱོགས་ཀྱི་ཡལ་ག་ལ།། དེར་གནས་འབྲས་བུ་འབྱུང་བ་རྣམས།། ་དེ་བཞིན་འབད་པས་བྱས་གྱུར་ན།། ཚེ་རིང་པོ་ཡི་དོན་གྱི་རྒྱུ།། རྟག་ཏུ་སྔགས་ཀྱི་དངོས་གྲུབ་འབྲས།། རྣམ་པ་སྣ་ཚོགས་བྱེད་པ་ཡིན།། གང་ཞིག་ལྷོར་ནི་འགྲོ་བ་ཡི།། ཡལ་ག་ལོ་མར་རབ་ལྡན་པ།། སེམས ་ཅན་རྣམས་ཀྱི་སྲོག་འཕྲོག་བྱེད། ། དེ་ནི་ཟློས་པོས་འབད་པས་སྤང་།། ལྷོ་རུ་བརྟེན་པའི་ཡལ་ག་ལ།། འབྲས་བུ་གང་དུ་ཡང་དག་བརྗོད།། ཕྱོགས་ངེས་གདུང་བྱེད་དགྲ་རྣམས་ཀྱི།། སྲོག་ནི་འཇིག་པར་བྱེད་པ་ཡི།། ་བསོད་ནམས་མ་ཡིན་མང་པོའི་རྒྱུ།། དེ་ནི་ཟློས་པོས་འབད་པས་སྤང་།། འོག་ཏུ་འཕྱང་བའི་ཡལ་གར་གནས།། འབྲས་བུ་གང་ཞིག་རབ་བསྒྲགས་པ།། ལྷ་མ་ཡིན་དང་ལྡན་པ་ཡི།། ས་ཡི་འོག་ཏུ་དེ་རྣམས་འགྲོ།། ་དེ་རྣམས་འབྲས་བཅས་འཕྲེང་བ་ནི།། བླངས་ནས་ཡང་དག་རབ་བསྒྲགས་པ།། འོག་ཏུ་འགྲོ་བའི་འཁྲི་ཤིང་ལ།། དེས་ན་དེ་ནི་ས་འོག་འགྲོ།། དེ་རུ་རབ་ཏུ་ཞུགས་ནས་ལྷའི།། བདེ་ཉིད་ཟློས་པོས་དང་འགྱུར་རོ།། ་ལྷ་མིན་བུ་མོ་ཡང་དག་ལྡན།། དེ་ནི་བསྐལ་པར་གནས་པར་བྱེད།། བགྲང་འཕྲེང་འབྲས་བུ་ཀུན་བླངས་ནས།། དེ་ནས་བློས་པོས་བཟླས་པ་བྱ།། ལྷན་ཅིག་བསྲུང་བ་བྱས་ནས་ནི།། དེ་ནས་ཇི་ལྟར་བདེ་བར ་འགྲོ། དེ་ཉིད་རིང་པོའི་གནས་སུ་ནི།། གཙང་མའི་ཕྱོགས་དེར་སྔགས་པ་ནི།། དེ་བཞིན་རྟག་ཏུ་འདུག་པར་བྱ།། བགྲང་ཕྲེང་སྐྱེས་པ་སྦྱང་བར་བྱ།། བརྩོན་པས་བགྲང་འཕྲེང་འབྲས ་བུ་བླང་། ། དེ་ནས་ཀུན་ཏུ་ཡང་དག་སྦྱང་།། དེར་ནི་འཕྲེང་བ་དབུག་པར་གྲགས།། གསུམ་བདུན་བརྒྱད་དང་གཅིག་དང་ནི།། ལན་གྲངས་ཉི་ཤུ་རྩ་གཅིག་ཏུ།། སྔགས་ཤེས་དེར་ནི་སྦྱང་བར་བྱ།། རྟག་ཏུ་སྔ ་མའི་སྔགས་ཀྱིས་ནི། ། བརྒྱད་དམ་བདུན་དུ་བཟླས་བྱས་པ།། དེ་ནས་དེ་ནི་དག་པར་འདོད།། པདྨའི་རྩ་ལག་ལེགས་བརྗོད་པས།། བུ་མོས་བཀལ་བའི་སྲད་བུ་ཡིས།། སུམ་འགྱུར་ལྔ་དང་ལྡན་པ་ཡི།། བརྟུལ ་ཞུགས་ཅན་གྱིས་འཕྲེང་ཐག་བྱ། ། སྔགས་ཀྱི་དེ་ཉིད་ཤེས་པས་བརྒྱུ།། འབྲས་བུ་ཕྲ་མོ་ཟླུམ་པོར་བཅས།། རྟག་ཏུ་སྲོག་ཆགས་བུ་ག་མེད།། ཡན་ལག་མ་ཉམས་མ་སྨད་པ།། མཛེས་ཤིང་ཁ་དོག་སྡུག་པ ་དང་། ། བུ་ག་མེད་ཅིང་གས་པ་མེད།། རིལ་བུ་ཟླུམ་པོ་ཇི་བཞིན་པ།། དེ་བཞིན་རུ་རཀྵ་དང་ནི།། བོ་དེ་ཙེ་དང་ཨིནྡྲ་ཀྵ།། འབྲས་ཉིད་རྟག་ཏུ་ལུང་ཐང་མཛེས།། འབྲས་བུ་དམ་པའམ་གང་གི་ཚེ།། སྔགས་པ་མཆོག་ཏུ ་བརྩོན་པ་ཡིས། ། འབད་པས་བགྲང་འཕྲེང་བ་རྒྱུ་བར་བྱ།། གསེར་རམ་ཡང་ན་དངུལ་དག་གམ།། ནོར་བུ་ཤེལ་ལས་བྱུང་བ་དང་།། མུ་ཏིག་དུང་ཉིད་མུ་ས་ར།། བྱུ་རུ་ཡིས་ཀྱང་བྱ་བ་སྟེ།། འཕྲེང་བ་རྣམ་པ་སྣ་ཚོགས ་བྱ། ། གཞན་ཡང་རིན་ཆེན་ལས་བྱུང་བའི།། བགྲང་འཕྲེང་བཟང་པོ་བྱ་བ་དང་།། ས་ལས་བྱུང་བའི་ཟླུམ་པོ་ཡི།། རིལ་བུས་བགྲང་འཕྲེང་ཅན་དག་ནི།། མཉམ་པར་བཞག་སྟེ་སྲང་བུ་བརྒྱུ།། གཞན་ཡང་རིལ་བུ ་འགའ་ཞིག་གམ། ། འབྲས་བུའམ་ཁམས་ལས་བྱུང་བ་ཡིས།། ཀུ་ཤའི་རྩེ་མོས་བརྒྱུས་པ་ཡང་།། ཟློས་པོས་འབད་དེ་བྱ་བ་ཡིན།། བརྒྱ་རྩ་བརྒྱད་དམ་ཉི་ཤུ་ལྔ།། ལྔ་བཅུ་འདི་དག་པར་མ་ཡིན།། སྔགས་པ ་མཉམ་པར་བཞག་པ་ཡིས། ། འབྲས་བུའི་ཚད་རྣམས་བརྒྱུ་བར་བྱ།། སྟོང་རྩ་བརྒྱད་པ་ཉིད་བྱ་བ།། འཕྲེང་བ་འདི་ནི་ཐུ་བོ་ཡིན།། འཕྲེང་བ་རྣམ་པ་འདི་བཞི་ནི།། སྔགས་པས་རྟག་ཏུ་བརྒྱུ་བར་བྱ།། དེ་ནས་བརྒྱུས ་ཏེ་སྔགས་རྣམས་ནི། ། ཕྱི་མོ་གསུམ་མམ་གཉིས་ཉིད་དང་།། རྒྱ་ལྕགས་ལས་བྱུང་གདུ་བུ་དང་།། དེ་བཞིན་གསེར་དང་དངུལ་དག་དང་།། དེ་ནས་ཟངས་བྱུང་གདུ་བུས་ཀྱང་།། འཕྲེང་བ་ཀུན་ནས་བརྒྱུ་བར་བྱ།། དེ་ནས ་མཐའ་རུ་ཡང་མིག་བྱ། ། དེ་ལ་རིམ་གྱིས་དགོད་པར་བྱ།། འབད་པས་མཛེས་པར་དཀྲི་བར་བྱ།། སངས་རྒྱས་མ་ལུས་བཞུགས་པར་ནི།། ཡོངས་སུ་གསལ་བར་བྱས་དེ་ནས།། དཀྱིལ་འཁོར་ལྟ་བུར་མཐོང་བ་ཡིན།། ་སྦྲུལ་ཅི་གདེངས་ཀའི་རྣམ་པ་བཞིན།། ཡོངས་སུ་དཀྲིས་པས་བརྒྱན་པ་ཡིན།། མུ་ཏིག་དོ་ཤལ་རྣམས་མཚུངས་ཤིང་།། མགུལ་རྒྱན་རྣམ་པར་སྤྲུལ་པའོ།། དེ་ནས་འབབ་ཆུ་དགེ་བའི་མཐར།། དྲི་མ་མེད་ལ་ཁྲུས་བྱས ་ནས། ། གོ་རིམས་ཇི་བཞིན་ཁྲུས་བྱས་ཏེ།། ཆུ་ཡི་གནས་ལས་ལྡང་བར་བྱ།། དེ་བཞིན་བརྩོན་པས་ཉེ་རག་བྱ།། བགྲང་འཕྲེང་སྲང་བུ་བླངས་ནས་ནི།། བ་ཡི་རྣམ་ལྔས་རབ་ཏུ་བཀྲུ།། ས་ཡི་ཕྱེ་མས་རབ་བཀྲུས ་ནས། ། གཙང་མའི་གོས་ལ་དྲི་བཟང་གིས།། རྗེས་སུ་ཉེ་བར་བྱུགས་པ་དང་།། རབ་ཏུ་བསྔགས་པའི་ཁ་དོག་ཀྱང་།། ཙན་དན་དཀར་པོ་གུར་ཀུམ་དང་།། འབད་པས་དྲོན་མོས་བཀྲུ་བར་བྱ།། དེ་བཞིན་གཉིས ་ཀ་འགྲོ་བར་འགྱུར། ། ཇི་ལྟའི་གནས་སུ་སོང་ནས་ནི།། གང་དུ་རས་རིས་བར་བ་ནི།། རྒྱལ་མཆོག་ཐུབ་པའི་གཙོ་བོ་ནི།། ཤཱཀྱ་སེང་གེ་མི་ཡི་མཆོག། སྟོན་པའི་གཟུགས་བརྙན ་དེ་བཞིན་དུ། ། ས་སྟེང་རྒྱལ་བའི་རིང་བསྲེལ་ཅན།། མཆོད་པ་དེ་ཡི་སྤྱན་སྔར་དགོད།། དེ་དང་ཉེ་བར་བཞག་ནས་ནི།། དེ་ཚེ་དེ་ཡི་སྤྱན་སྔ་རུ།། དམ་ཚིག་ལ་གནས་སྟོང་རྩ་བརྒྱད།། སོན་པའམ་བརྒྱ ་ཡང་གཅིག་ཏུ་ནི། ། བརྒྱད་དང་བཅས་པ་བཟླས་བྱས་ནས།། ཉིན་མཚན་སྨྱུང་བར་གནས་གྱུར་ནས།། བདུན་པའི་ཐུབ་ལ་འཕྲེང་བ་དབུལ།། སྔ་མ་དེ་བཞིན་བཟླས་བྱ་བ།། ཚད་ཉིད་དེ་དང་མཉམ་པར ་བྱ། ། དེ་ནས་འཕྲེང་ལ་ཡོངས་སུ་བཟླས།། མཚན་མོ་དེ་ཉིད་དུ་འཁོད་དེ།། ཀུ་ཤ་བཏིང་བའི་ས་གཞི་ལ།། སྔགས་ཤེས་དེར་ནི་ཉལ་བར་བྱ།། རྨི་ལམ་གང་དང་གང་མཐོང་བ།། དགེ་བའི་རྨི་ལམ་མཐོང་ན་ནི།། ་རྨི་ལམ་ངེས་པར་བསྟན་པ་ཡི།། དངོས་གྲུབ་དེ་ཡིས་བསྒྲུབ་པར་བྱ།། སངས་རྒྱས་ཉན་ཐོས་བསེ་རུ་རྣམས།། གལ་ཏེ་རྨི་ལམ་མཐོང་གྱུར་ན།། སྔགས་པས་འབྲས་བུ་བཅས་པར་འགྲུབ།། ངེས་པར་དེ་ཡི་ཆོ་ག ་བྱ། ། དགེ་སློང་གཟུགས་དང་བྲམ་ཟེ་ཡི།། གཟུགས་བརྙན་སྣ་ཚོགས་མཛེས་པ་མཐོང་།། གལ་ཏེ་རྨི་ལམ་དེ་མཐོང་ན།། འཕྲེང་བ་དབུལ་བྱ་དེ་བཞིན་དུ།། སྔགས་ཀྱི་དོན་ཀུན་སྒྲུབ་པ་པོ།། དེ་ཡིས་གདོན ་མི་ཟ་བར་འགྲུབ། ། བྱང་ཆུབ་སེམས་དཔའི་སྡེ་སྣོད་པལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྗེས་ཀྱི་རྩ་བའི་རྟོག་པ་ལས། རས ་རིས་བར་མའི་ཆོ་ག་རབ་འབྱམ་ལས་བཅུ་པ་བགྲང་འཕྲེང་གི་ཆོ་གའི་ལེའུ་རབ་འབྱམ་རྫོགས་སོ། ། ། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་ཐམས་ཅད་དང ་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི ་རིག་པའི་སྔགས་ཀྱི་ལེའུ་རྫོགས་པའི་ཁྱད་པར་གྱི་ཆོ་ག་དང་། སྦྱིན་སྲེག་གི་ལས་ལ་རབ་ཏུ་སྦྱོར་བའི་རིག་པའི་སྒྲུབ་པ་ཡོད་དེ། མེ་ལ་ཉེ་བར་སྤྱོད་པའི་ཁྱད་པར་གྱི་ཆོ་ག་ལས་གང་དུ་རིག་པའི་སྤྱོད་པ་ལ་མངོན ་པར་བརྩོན་པའི་སེམས་ཅན་རྣམས་རབ་ཏུ་སྦྱོར་ཞིང་གནས་པར་འགྱུར་བ་དེ་གང་ཞེ་ན། རིག་པའི་སྔགས་ཀྱི་ཚིགས་གསང་ཆེན་ནི། ཏདྱ་ཐཱ། ཨོཾ་ཏིཥྛ་ཧ་རི་པིངྒི་ལེ། ཧི་རཀྵ་དི་ཧི་ད་དཱ་པཱ་ཡ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྤྱན ་རས་གཟིགས་དབང་ཕྱུག་འདི་ནི་མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པ། འདོད་པ་ཐམས་ཅད་སྟེར་བའོ།། དང་པོ་རེ་ཞིག་སྒྲུབ་པ་པོས་མེའི་སྙིང་པོ་འདི་ལན་ཅིག་བཟླས་པས་མར་གྱི་སྲེག་བླུགས་གསུམ་མེ་ལ ་སྦྱིན་སྲེག་བྱ་སྟེ། མེ་ལྷ་སྤྱན་དྲངས་པར་འགྱུར་རོ།། དེ་བཞིན་དུ་རབ་ཏུ་སྦྱར་ཏེ། ཞི་བ་ཅན་དང་། རྒྱས་པ་ཅན་དང་། དྲག་པོའི་ལས་རྣམས་ལ་ཡམ་ཤིང་རྣམ་པ་གསུམ་དུ་འགྱུར་རོ།། མྱ་ངན་མེད་ཤིང་ཞི་དོན་དུ།། ཁྱད ་པར་རླན་དང་བཅས་པ་ཉིད། ། མཐོ་གང་ངམ་ནི་ཁྲུ་གང་ཙམ།། སོར་མོ་གསུམ་དུའང་མཐོ་བ་ཡི།། སྣུམ་པའི་རྣམ་རབ་ཏུ་ཤིས།། ཆོ་ག་འདི་ནི་བྱ་བ་ཡིན།། བུ་ག་མེད་ཅིང་སེར་ཀ་མེད།། དེ་བཞིན་ནེ་ཙོའི་གཤོག་པ་འདྲ།། ་ལྗང་དང་དཀར་བའི་ཁ་དོག་གམ།། ཁ་དོག་ནག་པོ་སྤང་བར་བྱ།། སྲིན་བུ་རྣམས་ཀྱིས་ཟོས་པ་སྤང་།། བུ་ག་མེད་པའང་ཡང་དག་སྦྱིན།། གཞན་ཡང་ཁ་དོག་མཆོག་མིན་པ།། ཐ་མའི་ཆོས་ཀྱང ་སྤབླངས་པའོ། ། དེ་རྣམས་སྐམ་དང་རློན་པའང་ཡིན།། དེ་ཡི་ཚེ་ཡང་བརྩམ་པར་བྱ།། མ་རུལ་ཡོན་པོ་མིན་ཉིད་དང་།། ཤིན་ཏུ་རིང་བའང་སྤང་བར་བྱ།། དེ་ནས་མེ་ཐབ་བྱས་ནས་ནི།། ཀུན་ནས་ཟུར་ནི་བཞི་པ་རུ།། ལོག ་ཉིད་དུ་ནི་འབད་པས་བརྐོ། ། ཁྲུ་བཞི་པ་ཡི་ཚད་དང་ནི།། ཁྲུ་གསུམ་ཁྲུ་ནི་གཉིས་པ་དང་།། དེ་བཞིན་ཉིད་དུ་ཁྲུ་གཅིག་པ།། རྟག་ཏུ་སྲོག་ཆགས་སྤངས་པ་དང་།། བྱེ་མས་ལེགས་པར་སྦྱར་བ་དེ།། དེ་ནས་པད་འདྲའི ་ཁ་ཁྱེར་ནི། ། ཀུན་ནས་དཀྱིལ་འཁོར་རྣམ་པའོ།། ཡང་ན་འབད་པས་ཟུར་བཞི་པ།། འདབ་མ་གསུམ་དུ་བྱ་བའོ།། ཞི་བ་ཅན་དང་རྒྱས་པ་ཅན།། འདི་ཡང་ཡང་དག་བསྒྲགས་པ་ཡིན།། མངོན་སྤྱོད་ལ་ནི་སའི་དབུས་སུ།། ་རྡོ་རྗེ་བྱ་ཞིང་རྩེ་གཉིས་སུ།། རྩེ་མོ་གསུམ་དུ་བྱ་བ་ཡིན།། མེ་ཐབ་རྒྱ་ལ་ཁྲུ་གཉིས་རེ།། གཙང་མའི་ཕྱོགས་སུ་དེ་བཞིན་བདར།། ཆུ་ཀླུང་འགྲམ་དུ་དེ་བཞིན་སྤྱད།། བསྟན་པ་གཅིག་གི་ཕྱོགས་རྣམས་དང་།། དུར ་ཁྲོད་ཁང་པ་སྟོང་པ་རུ། ། སྦྱིན་སྲེག་ལེགས་པར་བརྩམ་པར་བྱ།། དེ་བཞིན་རི་བོའི་རྩེ་ཉིད་དང་།། རྟག་ཏུ་ལྷ་ཁང་སྟོང་པ་དང་།། དེ་བཞིན་ཉིད་དུ་དགོན་པ་ཆེ།། གང་ཡང་སྒྲུབ་པའི་ཕྱོགས་རྣམས་ནི།། གང་ཟག ་མཆོག་གིས་གསུངས་པ་དང་། ། སྦྱིན་སྲེག་ལས་ནི་ཐམས་ཅད་ལ།། དེ་རྣམས་གནས་སུ་གསུངས་པ་ཡིན།། ཁྲུ་གང་ཚད་དུ་གནས་པ་ཡི།། ཀུ་ཤའི་ཁྲེས་ལ་ཉེར་འདུག་ནས།། དེར་ནི་སྔགས་ཤེས་ཁྱད ་པར་དུ། ། སྦྱིན་སྲེག་གི་ནི་ལས་བྱའོ།། གནས་དེ་ཉིད་དུ་རབ་གནས་པས།། མྱུར་དུ་དངོས་གྲུབ་ཐེ་ཚོམ་མེད།། ཤར་དང་བྱུང་དུ་ཁ་ཕྱོགས་པས།། ཞི་བ་ཅན་དང་རྒྱས་པ་བྱ།། ལྷོ་རུ་དྲག་པོའི་ལས་རྣམས་ཏེ།། ་དེ་ནི་སྔགས་པས་སྤང་བར་བྱ།། ཤར་བལྟས་ཞི་བའི་དངོས་གྲུབ་སྟེ།། རྒྱས་པ་ཅན་ཡང་བྱང་དུ་ཕྱོགས།། དེ་ཡིས་སྔགས་ནི་དུས་རྟག་ཏུ།། རིག་པའི་བཟླས་པ་བརྩམ་པར་བྱ།། བིལ་བ་ཨརྒ་པླཀྵ་དང་།། ་ནྱ་གྲོ་དྷ་ཡིས་རྒྱས་ལས་བྱ།། མངོན་སྤྱོད་ཤིང་ནི་སྐམ་པོ་དང་།། ཚ་བ་མྱུར་དང་རྣོན་པོ་རྣམས།། དེ་དག་ཐམས་ཅད་སྤང་བྱ་སྟེ།། ཐུབ་པ་རྣམས་ཀྱིས་རྟག་ཏུ་བཀག། ཞི་བ་ཅན་དང་རྒྱས་པ་ཅན།། རློན་པའི ་ཤིང་གིས་རབ་ཏུ་ཤིས། ། དེ་བཞིན་དྲག་ལས་ལ་ཤིང་སྐམ།། རྟག་ཏུ་ཐུབ་པ་རྣམས་ཀྱིས་སྤངས།། ཡམ་ཤིང་དེ་རྣམས་མེད་ན་ནི།། ཤིང་ལ་དེ་རྣམས་སུ་བརྟག་བྱ།། རྩེ་མོ་གཉིས་སུ་བརྟག་པར་བྱ།། སྔོ ་དང་སྣུམ་དང་འདྲ་བ་དང་། ། རྨ་བྱའི་མགྲིན་པ་དང་མཚུངས་པའི།། རྣམ་པ་དེ་ལྷའི་ཀུ་ཤ་ཡིས།། ཁོ་ར་ཡུག་ཏུ་ཀུ་ཤ་ནི།། རྟག་ཏུ་དགྲམ་པར་བྱ་བ་ནི།། ཞི་བ་ཅན་དང་རྒྱས་པ་ཅན།། མར་གང་དང་ནི་མཚུང ་པས་སོ། ། དེ་བཞིན་རྟག་ཏུ་སྐམ་པོའི་རྫས།། སྡིག་པའི་ལས་ནི་བྱ་བ་སྟེ།། འདིར་ནི་རྒྱལ་བ་མཆོག་གིས་བཀག། དྲི་མེད་ཆུ་ནི་དག་པ་ལ།། རྟག་ཏུ་སྲིན་བུས་སྤངས་པ་ཡི།། དེ་ནས་ཀུན་ནས་བསང ་གཏོར་བྱ། ། གཡས་ཕྱོགས་སུ་ནི་བསྐོར་བྱས་ཏེ།། བརྩོན་པས་མེ་ནི་སྦར་བར་བྱ།། ཆོ་ག་ཇི་བཞིན་ཉེ་རེག་བྱ།། གཙང་མའི་རྩཝ་ཡི་རྩ་བ་ཡིས།། སྒྲོན་མེ་ཚད་དང་ལྡན་བྱས་ནས།། དེ་ནས་ཁུ་ཚུར་བརྩམས ་བྱས་ནས། ། འབད་པས་མེ་ནི་སྦར་བར་བྱ།། ཁ་ཡི་རླུང་གིས་མི་བྱ་སྟེ།། རྟག་ཏུ་གོས་ཀྱི་མཐས་ཀྱང་མིན།། ཤམ་ཐབས་བླ་གོས་མངོན་པར་སྤང་།། གོས་གཞན་གྱིས་ཀྱང་ལག ་པ་ཡི། ། རླུང་གིས་ཉེ་བར་གཞོམ་པ་ལ།། མངོན་པར་དགའ་བས་མ་ཡིན་ནོ།། གཙང་མའི་རླུང་ཡབ་དེ་བཞིན་གོས།། ནོར་བུས་ཀྱང་ནི་རླུང་ཡབ་བྱ།། རླུང་ནི་ཡང་དག་འབྱུང་བ་འདིས།། མེ་ནི་མཉམ་པར ་བྱས་པ་ལ། ། སྔགས་ཤེས་པས་ནི་མེ་སྦར་རོ།། སྦྱིན་སྲེག་དོན་དུ་མཉམ་བཞག་པས།། དེ་ནས་གཡས་པ་མིན་པ་ཡིས།། དེར་ནི་བསང་གཏོར་བྱས་ནས་ནི།། དེར་ནི་བ་ཡི་མར་གྱིས་ནི།། སྲེག་བླུགས་གསུམ་ནི། ་སྦྱིན་པར་བྱ།། དེ་ནས་ཀྱང་ནི་ཕྱག་བྱ་སྟེ།། སངས་རྒྱས་ཀུན་དང་སྐྱོབ་པ་དང་།། རང་སྔགས་སྔགས་ཀྱི་མགོན་པོ་ལ།། དེ་ནས་ཅི་འདོད་ཕྱག་བྱའོ།། དེ་ཚེ་མེ་ཡི་སྙིང་པོ་ཡི།། སྔགས་ནི་ལན་བརྒྱ་བཟླས་པ ་ཡིས། ། བརྩོན་ལྡན་དྲི་ཞིམ་མེ་ཏོག་གིས།། རྟག་ཏུ་མེ་ནི་སྤྱན་དྲང་བྱ།། སྔགས་ཤེས་རྟག་ཏུ་སྤྱན་དྲངས་ནས།། གནས་ལ་མཁས་པས་གདན་དང་གནས།། སྔགས་དེས་དབུལ་གྱི་གཞན་གྱིས་མིན།། ཞོ་དང ་མར་དུ་བསྒྲེས་པ་དང་། ། སྦྲང་རྩི་བཏགས་པའི་ཡམ་ཤིང་ནི།། མེ་ལས་ལན་གསུམ་སྦྱིན་སྲེག་བྱ།། རྒྱས་པའི་དོན་དུ་སྔགས་དང་ལས།། ཀུན་ནས་བར་བའི་འཕྲེང་བ་ཡིས།། འཁྲུགས་པ་དེར་ནི་ངེས་སྦྱར་བྱ།། ་སྐོམ་པ་ཚིམ་པར་བསམ་པར་བྱ།། ཞི་བའི་ལས་དང་རྒྱས་པ་ཅན།། དེ་ལ་གསང་སྔགས་རིག་པ་ཡིས།། ལྷ་ཡི་གཟུགས་ནི་དགའ་བའོ།། མངོན་སྤྱོད་ལས་ལ་ཐུན་མོང་བའི།། ངེས་པར་འབྱུང་བའི་ལྷ ་རྣམས་ལས། ། གཞན་པའི་གཟུགས་ནི་བལྟ་བར་བྱ།། རིམ་པ་ཇི་བཞིན་མེ་ཐབ་འདིར།། ཇི་ལྟར་བསྙེན་པའི་མེ་ཏོག་དང་།། མར་ལ་ལན་བདུན་ཡོངས་བཟླས་པས།། དེ་ཚེ་སྤྱན་དྲང་རྣམ་པ་དེར།། ཇི་ལྟར ་སླར་ཡང་སྤྱན་དྲངས་པས། ། ལྷག་པར་གནས་པས་གཉིས་ཀ་གནས།། ཡམ་ཤིང་རྫས་དང་བསྲེས་པ་དང་།། མར་དང་སྦྲང་རྩི་མཉམ་ལྡན་པ།། དེ་བཞིན་ཉིད་དུ་ཞོ་བསྲེས་པས།། སྟོང་ངམ་འབུམ་གྱི་ཚད་དང ་ནི། ། བརྒྱ་དང་བརྒྱད་དུའང་བརྟག་པར་བྱ།། དེ་བཞིན་སྔགས་པས་རིག་པ་གཟུང་།། ལན་རེ་བཟླས་ཤིང་མེ་ལ་དོར།། འབར་བའི་མེ་ཡི་འཕྲེང་བ་དང་།། དེ་བཞིན་མེ་ལྕེ་གཅིག་གྱུར་པ།། ཞི་བའི་ལས་ཀྱི་སྦྱིན་སྲེག ་བྱ། ། དུ་བ་མེད་ལའང་རྒྱས་པ་ཅན།། དུ་བཅས་དྲག་པོའི་ལས་རྣམས་ནི།། རྒྱལ་བས་སྨད་ཅིང་སྤངས་པ་ཡིན།། མེ་ནི་ཁ་དོག་ལྡན་གྱུར་ན།། སྦྱིན་སྲེག་ལས་ནི་རབ་ཏུ་སྦྱར།། ཞི་བ་ཅན་ལ་ཁ་དོག་དཀར།། རྒྱལ་བ་མཆོག ་གིས་རྟག་ཏུ་བསྔགས། ། གལ་ཏེ་མེ་དཀར་སྦྱིན་སྲེག་བྱེད།། དེ་ལ་སྔགས་རྣམས་འགྲུབ་པར་འགྱུར།། དེ་བཞིན་རྟག་ཏུ་ཁ་དོག་དཀར།། རྒྱས་པ་ཅན་གྱི་དངོས་གྲུབ་འདོད།། ནག་པོ་དུ་བའི་ཁ་དོག་དང་།། སེར་སྐྱ་ཡང་ནི་སྡིག ་པ་ཅན། ། ཁ་དོག་རྣམ་གསུམ་རབ་བསྒྱུར་བས།། དངོས་གྲུབ་རྣམ་གསུམ་འདི་དག་ཡིན།། གཞན་པའི་ཁ་དོག་སྦྱིན་མདོག་གམ།། སླར་ཡང་བརྟན་པའི་ས་སྟེང་དེར།། སྔགས་པ་དེ་ལ་དངོས་གྲུབ་མེད།། དེ་ལྷའི་ཁ་དོག ་འདྲ་བ་འམ། ། རྣམ་པ་སྣ་ཚོགས་ཁ་དོག་ཅན།། མེ་ནི་འབར་བ་དེ་མཐོང་ན།། སླར་ཡང་ལས་རྣམས་བརྩམ་པར་བྱ།། ཕྱིར་ཞིང་བཟླས་པ་བྱ་བ་ཡིན།། གལ་ཏེ་སྔགས་ནི་གྲུབ་གྱུར་ན།། ལས་ཀྱི་ཆོ་ག་མཐོང་བ་ཡིས། ་སླར་ཡང་སྦྱིན་སྲེག་ལ་རབ་འཇུག། གཤེགས་གསོལ་སྤྱན་དྲངས་ཉིད་ལ་ནི།། མེ་ཡི་སྔགས་ནི་བརྗོད་པར་བྱ།། སྔར་ནི་རབ་ཏུ་བརྟགས་པས་ཀྱང་།། དཀྱིལ་འཁོར་འདི་ནི་གཤེགས་གསོལ་དང་། ་སྤྱན་དྲང་བ་ཡི་ལས་རྣམས་ནི།། དེ་ཉིད་དུ་ནི་ལས་རྣམས་ཀྱང་།། དེ་ཉིད་ཀྱིས་ནི་བྱ་བ་ཡིན།། མི་ཡི་སྤྱོད་པ་དེ་བཞིན་གཟུགས།། རས་རིས་ཀྱི་ནི་སྤྱན་སྔར་བརྩམ།། དེར་ནི་སྔགས་རྣམས་འགྲུབ་འགྱུར་བར།། སྔོན་གྱི ་དེ་བཞིན་གཤེགས་པས་གསུངས། ། རྒྱལ་བས་བསྔགས་པའི་ལས་རྣམས་ནི།། ཐམས་ཅད་དེ་ཉིད་དུ་བྱའོ།། གཞན་པའི་ལས་ནི་མི་བྱ་སྟེ།། སྡིག་པའི་ལས་ནི་ཁྱད་པར་དུ།། གང་དུ་རྒྱལ་མཆོག་གིས་སྨོད་དང་། ་འཇིག་རྟེན་འགལ་དང་སྨད་རྣམས་སོ།། ལྡང་དང་འཁོར་ལོས་སྒྱུར་བ་དང་།། བྱང་ཆུབ་སེམས་དཔའི་ས་རྣམས་དང་།། དེ་བཞིན་མངོན་ཤེས་ལྔ་དང་ནི།། འཇིག་རྟེན་ལྷ་ཉིད་ལྡན་པ་འགྲུབ།། རྟག་ཏུ་རས་རིས་ལ ་བརྩོན་ཤེས། ། སྦྱིན་སྲེག་ལས་ལ་མཁས་པ་ནི།། ས་ཡི་འོག་གི་བདག་པོ་འམ།། ཡང་ན་བར་སྣང་སྤྱོད་པར་འགྱུར།། ས་བླའི་ལྷ་དང་གནོད་སྦྱིན་ཉིད།། རྟག་ཏུ་གནོད་སྦྱིན་མོ་རྣམས་འགུགས།། རྒྱལ་སྲིད་བདག ་པོ་ཉིད་དང་ནི། ། ཡུལ་དང་ཡང་ན་གྲོང་ཉིད་དམ།། རིག་པ་འཛིན་དང་ལྷ་མིན་ཉིད།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། འབྱུང་པོ་ཐམས་ཅད་འགུགས་པར་བྱེད།། སེམས་དཔའ་ཆེན་པོ་བདག་ཉིད་ཆེ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། ས་བཅུ་ལ་ནི་ཡང་དག་བརྟེན།། སྦྱིན་སྲེག་ལས་ཀྱིས་འགུགས་བྱེད་ན།། ས་སྟེང་མི་རྣམས་སྨོས་ཅི་དགོས།། སྡེ་དཔོན་བདག་པོ་དེ་བཞིན་དུ།། ཁྱད་པར་འཇིག་རྟེན ་དབང་ཕྱུག་དང་། ། འབྱུང་པོ་ཐམས་ཅད་ཀུན་དབང་བྱེད།། དེ་བཞིན་ཉིད་དུ་མི་བདག་ཉིད།། འབྱུང་པོ་ཐམས་ཅད་དབང་དོན་དང་།། ཡང་ན་ས་སྟེང་རྒྱལ་པོ་མཉམ།། དེ་བཞིན་རྟག་ཏུ་ལས་ཀུན་ལ།། ཐམས་ཅད ་སྦྱིན་སྲེག་གིས་ནི་བྱ། ། ཀུན་ནས་ཀུན་ཏུ་བརྩོན་ལྡན་པས།། ལས་ཀུན་ཡང་དག་བསྟེན་པར་བྱ།། དེ་ཆེད་ངེས་པར་བསྒྲུབ་པར་བྱ།། དཔལ་དོན་ལས་ནི་མཆོག་ཡིན་ཏེ།། བར་མ་ཉིད་ཀྱང་སྒྲུབ་པར་བྱེད།། ཡང ་ན་ཆུང་ངུ་ཉིད་ཀྱང་ངོ་། ། དེ་བཞིན་དུ་ནི་རྫས་རྣམས་ཀུན།། དེ་བཞིན་སླར་ཡང་འགྲུབ་པར་གསུངས།། སྦྱིན་སྲེག་ལས་ལ་རབ་འཇུག་པས།། འབྲས་བུར་བཅས་པའི་དངོས་གྲུབ་མཐོང་།། ཕྱག་རྒྱ་བཅིང་དང ་རིག་པ་ཉིད། ། ལས་རྣམས་ཀུན་ལ་རྟག་ཏུ་བྱ།། སྦྱིན་སྲེག་ལས་ལ་རབ་འཇུག་པས།། བདག་ཉིད་བསྲུང་བར་བྱས་པར་འགྱུར།། དེ་ནས་སྔགས་འདི་བཀླག་པར་བྱ།། འདི་ནི་རྟག་ཏུ་ལས་རྣམས་ལ།། བདུན་བཟླས ་པའམ་བརྒྱད་བཟླས་སོ། ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ག་ཏི་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ཛྭ་ལ་ཏིཥྛ་ཧཱུཾ། རུ་རུ་བི་ཤྭ་སམྦྷ་བེ་སྭཱ་ཧཱ། སྔགས་ཀྱི་རབ་སྦྱོར་འདི་ཡིས་ནི།། སླར་ཡང་ཤིང་ལ་བཟླས་བྱ་བ།། གཉིས ་བཟླས་པ་འམ་བདུན་བཟླས་པ། ། སྔགས་རིག་དེས་མེར་སྦྱིན་སྲེག་བྱ།། མེ་ཏོག་བདུག་པ་དྲི་དག་གམ།། མདོར་ན་ཐམས་ཅད་ཉིད་ཀྱང་ནི།། གསང་སྔགས་བཟླས་པའི་ཆུ་རྣམས་ཀྱིས།། འདི་ཉིད་ཀྱི་ནི་བསང ་གཏོར་བྱ། ། དེ་ནས་ལས་རྣམས་ཐམས་ཅད་ནི།། རྒྱུ་འདིས་ཆོ་ག་བརྩམ་པར་བྱ།། ལས་རྣམས་ངག་ནི་ཐམས་ཅད་ལ།། སྔ་མའི་རབ་སྦྱོར་ཉིད་ཀྱིས་བྱ།། སྔར་གྱི་སྒྲ་ཅན་མ་བཅིངས་ནས།། ཕྱག་རྒྱ་ཆེན ་མོར་གྲགས་ལྡན་མ། ། བསྲུང་བ་བྱས་པར་གྱུར་དེ་ནས།། ཟློས་པོས་རིག་པ་གཅིག་གིས་ནི།། ལས་རྣམས་ཐམས་ཅད་བརྩམ་པར་བྱ།། དངོས་གྲུབ་རྒྱུ་ལ་མཁས་པ་ཡིས།། གལ་ཏེ ་དགེ་མཚན་མཐོང་གྱུར་པ། ། རྟག་ཏུ་དགེ་བའི་སྒྲ་གྲགས་ན།། དེ་ལ་སྔགས་ཀྱི་འབྲས་བུ་ནི།། ཇི་ལྟར་འདོད་བཞིན་མཆོག་སྩོལ་འགྱུར།། དང་པོ་ལས་ལ་རབ་སྦྱོར་དང་།། སྔགས་ཀྱི་རྒྱུ་ལ་རབ་འཇུག་པས།། ་འབྲས་མེད་འབྲས་བུར་བཅས་པ་ཉིད།། དངོས་གྲུབ་དེ་ལ་བརྗོད་པར་བྱ།། རྒྱལ་བའི་སྒྲ་འམ་པ་ཊ་ཧ།། རྔ་བོ་ཆེ་ཡི་སྒྲ་གྲགས་ན།། བརྩོན་ལྡན་ཀུན་འགྲོའི་དངོས་གྲུབ་སྟེ།། སྦྱིན་སྲེག་ལས་ལ་ཡང་དག་བརྟེན།། ་གཞན་ཡང་དགེ་མཚན་དཔལ་དང་ནི།། འདབ་ཆགས་སྒྲ་ནི་བཟང་པོ་དང་།། རྣམ་པ་སྣ་ཚོགས་སྒྲ་དབྱངས་སམ།། རྒྱལ་བས་བསྔགས་ཤིང་རབ་སྔགས་པ།། བཀྲ་ཤིས་བཟང་པོ་ཡིད་འོང་དང་།། རྣམ་པ་སྣ ་ཚོགས་སྒྲ་དང་ནི། ། གདུགས་དང་རྒྱལ་མཚན་བ་དན་དང་།། བུད་མེད་རྒྱན་གྱིས་བརྒྱན་པ་དང་།། དེ་བཞིན་བུམ་པ་གང་བ་དང་།། མཆོད་ཡོན་མཐོང་ན་དངོས་གྲུབ་རྒྱུ།། ཁ་དོག་རྣམ་པ་དུ་མ་དང་།། རབ ་བསྔགས་འཇིག་རྟེན་གྱིས་མཆོད་པའི། ། དགེ་སློང་རྣམས་དང་དགེ་སློང་མ།། མཐོང་ནས་དེ་རྣམས་བལྟ་བ་ལ།། གསང་སྔགས་སྤྱོད་ཚུལ་སྣ་ཚོགས་འགྲུབ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག ་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ལས། བགྲང་འབྲང་སྲང་བུའི་ཆོ་གའི་ལེའུ་རབ་འབྱམ་བཅུ་གཅིག་པ་ཡོངས་སུ ་རྫོགས་སོ། ། ། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི་རིག་པའི་གསང་ཆེན་ཡོད་དོ།། སྔགས་ཐམས་ཅད་ཀྱི་སྒྲུ་བ་ཐབས་ཀྱི་ཆོ་གའི་དམ་ཚིག་ཤེས་པ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཆོས་ཀྱི་མཛོད་ལས་བྱུང་བ། ཆོས་ཀྱི་སྤྲིན་ལ་འཐུན་པར་རབ་ཏུ་ཞུགས་པ། ནམ་མཁའི་རང་བཞིན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ཀྱི་མངའ་བདག་ཆེས་གཙོ་བོར ་གྱུར་པ་སེམས་དཔའ་ཆེན་པོ། དཔེར་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ། ཆེས་གཙོ་བོར་གྱུར་པ། ལྷ་དང་མི་རྣམས་ཀྱི་ནང་ནས་སྐྱེས་བུའི་ཁྱུ་མཆོག་སངས་རྒྱས་བཅོམ་ལྡན་འདས ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་རིག་པའི་རྒྱལ་པོ་འདི་ནི་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བསྟན་ཅིང་གཙོ་བོ་དམ་པ་ཡིན་ཏེ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན ་འདས་བརྗོད་དུ་མེད་པ་རྣམས་ཀྱིས་སྔར་གསུངས་པ། དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་མཆོག་གི་སྙིང་པོ་མཆོག་ཏུ་གསང་བ་ཀུན་ནས་བཀྲ་ཤིས་པར་འདོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར ་བསྟོད་ཅིང་རབ་ཏུ་བསྔགས་ལ། སེམས་ཅན་ཐམས་ཅད་ལ་དབུགས་འབྱིན་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འདོད་པ་ཐམས་ཅད་སྦྱིན་པ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་གང་ཞེ་ན། ་བར་སྐབས་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་བྱུང་བར་གྱུར་ཏོ།། གང ་འདིར་ཕྱོགས་བཅུ་སྟེང་འོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་ཞིང་། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱང་ཚིམ་པར་བྱས་ནས། སླར་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཙུག་ཏོར་བྱ ་ནུབ་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་ཀུན་ནས་འབར་བའི་འཕྲོ་བའི་ལུས་ཅན་བལྟ་བར་མི་ནུས་པ། སེམས་ཅན་ཀུན་གང་གིས་ཀྱང་མི་ཐུབ་པ། འོད་ཆེན་པོ་ཡང་དག་པར་བྱུང་བ། འོད་ཀྱི ་དཀྱིལ་འཁོར་གྱིས་ལུས་བརྒྱན་པ། རྣམ་པ་སྣ་ཚོགས་པའི་གཟུགས་ཅན། འཁོར་ལོས་སྒྱུར་བ་ཆེན་པོའི་གཟུགས་དང་ལྡན་པ། རིག་པའི་རྒྱལ་པོ་ཡི་གེ་གཅིག་པ་ཞེས་བྱ་བ་བྱུང་བར་གྱུར་ཏོ།། བྱུང་ནས ་ནམ་མཁའི་དཀྱིལ་ཀུན་ཏུ་སྣང་བར་བྱས་ཏེ། རིག་པའི་རྒྱལ་པོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ། རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་མདུན་དུ་བདར་ནས་མཆོད་བཞིན་པ། འཇིག་རྟེན ་ཐམས་ཅད་ཀྱི་བླ་མ། རིག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོས་མངོན་པར་བསྔགས་བཞིན་པ། སངས་རྒྱས་ཐམས་ཅད་ལ་མངའ་སྒྱུར་བཞིན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས ་པ་རྣམས་ཀྱི་རིམ་གྲོ་བྱེད་བཞིན་པའི་བློ་གྲོས་ཆེན་པོ། ནམ་མཁའི་དཀྱིལ་ཐམས་ཅད་ཀྱི་ལྷའི་རིན་པོ་ཆེས་ཉེ་བར་མཛེས་པ་དང་། ནོར་བུ་རིན་པོ་ཆེའི་དོན་དུ་བྱས་པས་ཐམས་ཅད་བཀང་སྟེ། མཛེས་པའི ་གཟུགས་ཅན་མཆོག་ཏུ་འོད་གསལ་བ། སྤྲུལ་པ་པོ་རྣམ་པ་སྣ་ཚོགས་པའི་གཟུགས་བྱེ་བ་ཁྲག་ཁྲག་བརྒྱ་སྟོང་ཕྲག་འབྱིན་བཞིན་པ། ཡི་གེ་གཅིག་པའི་སྒྲ་འདོན་བཞིན་པ། འོད་ཟེར་ཆེན་པོ ་འབར་བ་རབ་ཏུ་འཕྲོ་བཞིན་པ། བར་སྣང་གི་ཕྱོགས་སུ་གནས་པར་གྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཉེ་བར་ཕྱོགས་ནས་ལྟ་བར་བྱེད་བཞིན་པ། དེ་ཐམས་ཅད་དང་ལྡན་པའི་གནས་གཙང་མའི ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་ཀུན་ཏུ་ལྟ་ཞིང་སྣང་བར་བྱེད་བཞིན་པའོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡི་གེ་གཅིག་པའི་རྟོག་པའི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ།། ན་མཿསརྦ་བུདྡྷཱ་ནཱཾ། ་བྷྲཱུཾབཀའ་སྩལ་པ་ཙམ་ཉིད་ལ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུ་རྣམ་པར་འགྱུར་བ་དྲུ་ཏུ་གཡོས་པར་གྱུར་ཏོ།། སེམས་ཅན་གང་ལ་ལ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི ་སྡུག་བསྔལ་བར་སྐྱེས་པ་མེད་པར་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་ཡང་དག་པར་བསྟན་པའི་ཕྱིར་དང་། སྡིག་པ་ཐམས་ཅད ་རབ་ཏུ་འཇོམས་པར་བྱེད་པའི་ཕྱིར་དང་། སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པའི་ཕྱིར་དང་། རྟོག་པའི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ཡང་དག་པར་སྲུང་བའི་ཕྱིར་དང་། དམྱལ་བའི་སྡུག ་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཀུན་ཏུ་བསྟན་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ཀྱི་བསམ་གྱིས་མི་ཁྱབ་པའི་རྡུལ་འཕྲུལ་གྱི་མཐུ་ཀུན་ཏུ་བསྟན་པའི་ཕྱིར་རིག་པའི་རྒྱལ་པོ་ཆེན་པོའི་རྟོག་པ་འདི་བཀའ་སྩལ་ཏོ། ། སེམས་དཔའ་ཆེན་པོ་གང་ལ་ལ་སྔགས ་ཀྱི་རྒྱལ་པོ་འདི་སྒྲུབ་པར་འདོད་ན་དེའི་དོན་གྱི་ཕྱིར་ཆོ་ག་འདིར་འགྱུར་རོ། ། དང་པོར་རེ་ཞིག་མ་བརྟབས་པ་དང་། མི་སྨྲ་བ་དང་། མི་ཟ་བར་བརྗོད་པའི་མོད་དང་། སྔགས་ཀྱི་འདུལ་བ་ལ་སོགས་པ་ལ་རབ ་ཏུ་བརྩོན་པས་འབྱུང་པོ་ཐམས་ཅད་ལ་རབ་ཏུ་བརྩེ་བས་གཞན་སྡུག་ན་བདག་སྡུག་པར་ལེགས་པར་མཐོང་བར་བྱེད་པའི་ཡེ་ཤེས་དང་ལྡན་པ། དབང་པོ་རྣམས་ལེགས་པར་བཟུང་སྟེ་རྣམ་པར་གཡེང་བ ་དང་བཅས་པའི་སེམས་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པ་ལ་འཇུག་པ། རབ་ཏུ་དགག་པའི་དོན་དུ་རྫས་ཡོངས་སུ་འཇལ་བ་དང་། ལྷ་གཞན་ལ་ཕྱག་མི་བྱེད་པ་དང་། དཀོན་མཆོག་གསུམ་ལ ་ད་པ་ཤིན་ཏུ་མངོན་དུ་གྱུར་པའི་དད་པའི་ནོར་གྱིས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ་མངོན་པར་དད་པ་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་དང་། ལེགས་པར་བརྩོན་པའི་བསམ་པས་བྱང་ཆུབ ་ཏུ་སེམས་བསྐྱེད་ཅིང་། མདོར་ན་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་རྒྱུན་དུ་སྒྲུབ་པར་འགྱུར་བར་བྱའོ།། དེ་ལ་དང་པོ་རེ་ཞིག་བྲིས་སྐུའི་ཆོ་གར་འགྱུར་ཏེ། རྒྱལ་པོ་ཐམས་ཅད་ཀྱི་བདག་པོ་འཁོར ་ལོས་གྱུར་པ། མ་ཉམས་པའི་རས་ལྷག་མ་མིན་པ། ཁ་དོག་ཅན་ལ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འདྲིར་གཞུག་པར་བྱ་སྟེ། གསེར་ལྟར་སེར་བའི་གཟུགས་བརྙན་ཆོས་སྟོན་པར་བྱེད་བཞིན་པ། ་སེང་གེའི་ཁྲི་ལ་ཉེ་བར་བཞུགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ལུས་ཐམས་ཅད་ཀུན་ནས་འབར་བའི་དོ་ཤལ་ཅན་བྱའོ།། སྟེང་དུ་རིའི་རྩེ་མོར་གློག་དང་སྤྲིན་དང་བཅས་པའོ།། འོག་ཏུ ་པདྨའི་མཚོ་བྱའོ། ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་འོད་ཟེར་ལས་བྱུང་བཞིན་པ་བྱའོ།། སྒྲུབ་པ་པོའང་གནས་དང་། ཆ་བྱད་དང་། དབྱིབས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་དང་། ལག་ན་སྤོས་པོར་ཐོགས་པ ་བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ། རས་རིས་རྣམ་པ་དེ་ལྟ་བུར་བྲིས་ལ། སྒྲུབ་པ་པོའང་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་གཙང་མ་བགོས་ཏེ། སྐྱེ་བོ་དང་བྲལ་བའི་དབེན་པར་རྒྱུན་ཆེན་པོར་རས་རིས ་བཞུགས་སུ་གསོལ་ལ། རྣམ་པ་ཐམས་ཅད་དུ་ལུས་དང་། ངག་དང་། སེམས་ཡོངས་སུ་སྐྱོ་བ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། ཟླ་བ་ཉ་ལ་ཉིན་མཚན་དུ་སྦྱང་བར་གནས ་ཏེ་སྒྲུབ་པ་རྩམ་པར་བྱའོ། ། ལོ་མ་དང་། ནས་ཟན་དང་། འོ་མ་དང་། སློང་མོའི་བསོད་སྙོམས་ཀྱི་བཟའ་བ་དང་། ཆུ་དང་། ཕྱེའི་བཟའ་བ་འམ། འོ་མ་དང་ནས་ཟན་བཟའ་བར་བྱའོ།། ཨ་ཀ་རུའི་བདུག་པ་བསྲེགས ་ཏེ་འབུམ་ཕྲག་བཅུར་བཟླས་པ་བྱའོ། ། སྔོན་དུ་བསྙེན་པ་བྱས་པ་དང་། སྔོན་སྤྱད་པ་བྱས་པར་འགྱུར་རོ།། དེ་ནས་མིག་སྨན་སྒྲུབ་པར་འདོད་ན་དཔའ་བོའི་རིན་གྱིས་ཉོས་པའི་དཔའ་བོ་བཟང་པོ་ལས་བྱུང་བའི་མིག་སྨན ་སྲང་གཅིག་བླངས་ནས། བྲམ་ཟེའི་བུ་མོས་པ་བྱུང་ལྔ་ཁ་བྱང་དུ་བལྟས་པས་འཐག་ཏུ་གཞུག་པར་བྱའོ།། མིང་མེད་ཀྱི་སོར་མོས་རིལ་བུ་བཞི་བྱས་ལ་པདྨའི་འདབ་མས་བཀབ་ལ་སྐམ་དུ་གཞུག་པར་བྱའོ།། ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོ་ག་བཞིན་དུ་མེ་སྦར་ནས་སྟོང་ཕྲག་རྫོགས་པར་སྦྱིན་སྲེག་བྱ་སྟེ། དེ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་རས་རིས་བཞུགས་ནས་མཆོད ་པཔརྒྱ་ཆེན་པོ་བྱས་ཏེ། ཕྱོགས་བརྒྱད་དུ་པ་ལ་ཤའི་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་རྣམ་པར་འདྲེན་པའི་སྦྱིན་སྲེག་བྱའོ།། དེ་ནས་ཕྱོགས་བཞི་རྣམས་སུ་དཀྱིལ་འཁོར་བྱས་ནས་ཕྱོགས ་སྐྱོང་བ་རྣམས་གཞག་སྟེ། དཀྱིལ་འཁོར་གཉིས་པར་རབ་ཏུ་སད་པར་བྱེད་པ་ལག་ཏུ་ཡུངས་ཀར་ཐོགས་པའོ།། དཀྱིལ་འཁོར་གསུམ་པར་ལེགས་པར་གྲོགས་བཟང་པོ་འམ། གྲོགས་མེད་ཀྱང་རུང་སྟེ། སྔགས ་ཀྱི་མཆོད་པ་ཆེན་པོ་བྱས་ནས་བསྲུང་བ་བྱས་ཏེ། ཁ་ཤར་དུ་ཕྱོགས་པས་ཉེ་བར་འདུག་ལ་ཀུ་ཤ་བཏིང་ཞིང་བཀྲམ་ནས་ཨ་ཤྭདྠའི་འདབ་མ་གསུམ་གྱི་སྟེང་ནས་དང་། བཞིས་འོག་ནས་གཡོགས་ཏེ། ལག་པས ་མནན་ལ་ཇི་སྲིད་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། རབ་ཏུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དང་པོ་དངོས་གྲུབ་ནི་འདིས་རྒྱལ་བའི་བདག་ཉིད་ཀྱི་སྤྱན་ཏེ། གང་མཐོང་བ་དང་། གང་རྣམས་མཐོང་བ་དེ་རྣམས ་ཐམས་ཅད་དབང་དུ་འགྱུར་རོ། ། གཉིས་པའི་དངོས་གྲུབ་ནི་གླང་པོ་ཆེ་དགུའི་སྟོབས་དང་། རླུང་ལྟར་མགྱོགས་པ་དང་། ལོ་ལྔ་བརྒྱར་འཚོ་བ་དང་། གླང་པོ་ཆེ་བཅུ་འཕྲོག་པ་དང་། རིག་པ་འཛིན་པ་ཐམས་ཅད་ཀྱིས ་ཟིལ་གྱིས་གནོན་པ་མ་ཡིན་པ་དང་། འབར་ཞིང་འཆར་བའི་ཉི་མ་དང་འདྲ་བ། ལུས་རིན་པོ་ཆེས་བརྒྱན་པ། བར་གྱི་བསྐལ་པར་གནས་ཤིང་གཞན་འདྲེན་པར་བྱེད་པ། རིག་པ་འཛིན་པས་ཟིལ་གྱིས་མི་ནོན་པའི ་འཁོར་ལོས་སྒྱུར་བ། གསར་དུ་འགྲོ་བཞིན་པ། རླུང་གི་ལམ་བདུན་དུ་རྣམ་པར་རྒྱུ་བར་བྱེད་པར་འགྱུར་རོ།། རྣ་བའི་མིག་སྨན་བསྟེན་པ་དང་། ལྡོང་རོས་ལ་སོགས་པའང་དངོས་གྲུབ་རྣམ་པ་གསུམ་མོ།། ་དེནས་རྡོ་རྗེ་སྒྲུབ་པར་འདོད་ན་ཐོག་ཕོག་པའི་ཤིང་གི་ཤིང་བླངས་ནས་སོར་བཅུ་དྲུག་པའི་ཚད་ཀྱི་རྡོ་རྗེའི་རྣམ་པ་བྱའོ།། ཟླུམ་སྐོར་དུ་ཁྲུ་གང་ཙམ་གྱི་ཚད་ཀྱི་མཆོད་རྟེན་བྱས། དེའི་སྤྱན་སྔར་ཆོ་ག་འདི་མཐོང ་བས་ཟླ་བ་ཉ་ལ་མཚན་མོ་གསུམ་དུ་སྒྲུང་བར་གནས་པས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། རྡོ་རྗེ་དེ་ཉིད་ལ་ངེས་པར་སེམས་པས་ལྟ་བཞིན་པ་དང་ལྡན་པས་རྡོ་རྗེ་བླངས་ཏེ་དུ ་ཁྲོད་དུ་འགྲོ་བར་བྱའོ། ། ཤར་དུ་རྒྱུན་འབབ་པ་དང་འཐུན་པའི་རྒྱུན་བྱའོ།། ཆུ་ཀླུང་གི་འགྲམ་གཉིས་ཀྱི་ས་བླངས་ནས་པ་བྱུང་ལྔས་ཟླུམ་བསྐོར་བྱའོ།། ཟླུམ་བསྐོར་བྱས་ནས་ཁྲུ་གང་ཙམ་གྱི་ཚད་ཀྱི་མཆོད་རྟེན ་བྱས་ནས་དེའི་སྤྱན་སྔར་ཆོ་ག་འདི་མཐོང་བས་མཆོད་པ་བྱའོ། ། དེ་ནས་དུར་ཁྲོད་དུ་རས་རིས་དེའི་དྲུང་དུ་རྡོ་རྗེ་བཞག་སྟེ། དེའི་སྟེང་དུ་བཞག་ནས་ལག་པས་མནན་ལ་ཇི་སྲིད་དུ་གོང་བུའི་འོག་གི་ཁུང་བུར་ལྟུང་བ་དེ ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་ཁྲུས་བྱས་ནས་དེ་ཉིད་དུ་ལག་པས་རྡོ་རྗེ་བླངས་ནས་རབ་ཏུ་འཇུག་གོ།། བསླངས་པའི་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ལ་གཏོར་མས་ཉེ་བར་མཆོད་དེ། ཁྲུས་བྱས ་ནས་རྡོ་རྗེ་ཉིད་ལ་དུར་ཁྲོད་ཀྱི་ཐལ་བ་ཇི་སྲིད་སྦགས་པར་སོ་སོར་གཞག་གོ། ། ཆོ་ག་འདིས་དུར་ཁྲོད་ཀྱི་ཤ་ལ་བཟླས་པར་བྱའོ།། མཐར་མཚན་མོ་གསུམ་དུ་ཆོ་ག་བཞིན་དུ་གཏོར་མའི་མཆོད་པ་དབུལ་བར ་བྱས་ནས་བདག་ཉིད་དམ། གྲོགས་བཟང་པོས་བསྲུང་བ་བྱས་ཏེ། ལག་པ་གཉིས་ཀྱིས་མནན་ཏེ་ཇི་སྙིད་དུ་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ།། དངོས་གྲུབ ་དང་པོ་ལ་གང་བལྟས་པ་དང་། གང་གིས་མཐོང་བ་དེ་རྣམས་རབ་ཏུ་དགའ་ཞིང་དང་རྐུ་འགྱུར་རོ།། གཉིས་པ་ལ་རས་རིས་ཀྱི་སའི་རྡུལ་ཕྱིས་པ་ཙམ་གྱིས་མི་སྣང་བ་དང་། གླང་པོ་ཆེ་སྟོང་ཕྲག་དགུའི་སྟོབས ་དང་ལྡན་པ་དང་། རླུང་ལྟར་མགྱོགས་པ་དང་། སྐལ་བ་དྲུག་འཕྲོག་པ་དང་། འདོད་པས་འགྲོ་བ་དང་། ཆར་འབེབས་པ་དང་། རྣམ་པར་སྣང་བར་བྱེད་པ་དང་། མཐུ་ཆེན་པོར་འགྱུར་རོ།། གསུམ་པ་ལ་ནི་ཉི ་མ་འཆར་ཀ་དང་མཚུངས་པ་དང་། ལོ་སྟོང་ཕྲག་བཅུར་འཚོ་ཞིང་འཁོར་ལོས་སྒྱུར་བའང་འདྲེན་པར་འགྱུར་རོ།། རྡོ་རྗེའི་ལག་པར་རྣམ་པར་རྒྱུ་སྟེ། དེ་བཞིན་དུ་པདྨ་དང་། དགྲ་སྟ་ལག་པའི་ཆོ་གས་ཀྱང་ངོ་།། ་དེ་ནས་རིལ་བུ་སྒྲུབ་པར་འདོད་ན་སྔོན་དུ་བསྙེན་པ་བྱས་ཏེ་ལོར་སྐྱེས་པའི་སྡིགས་མཛུབ་ཀྱི་སོར་མོ་བླངས་ནས། སྔར་གྱི་ཆོ་གས་མཆོད་རྟེན་བྱས་ཏེ་དུར་ཁྲོད་དུ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཁ་ཤར་དུ་ཕྱོགས ་པས་རབ་ཏུ་ཞུགས་ལ། དེ་སྲིད་དུ་སོར་མོ་ངེས་པར་རིག་པ་སྟོན་པས་མནན་ནས་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དེ་སྲིད་དུ་བཟླས་པ་བྱའོ།། ཉིན་མོ་ནམ་མཁའི་རླུང་ལ་བསྲུང་བ་བྱ་ཞིང་། མཚན་མོ་གཉིད་མི ་ལོག་པར་ཐོ་རངས་ཇི་སྲིད་དུ་སོར་མོ་རྣམས་དགུག་པར་བྱའོ། ། བཀུག་པའི་གནས་དེར་མཚན་མོ་གསུམ་དུ་སྨྱུང་བར་གནས་པ། བ་དང་བེའུ་རྒྱུད་མཚུངས་པ་གྲགས་པ་དང་ལྡན་པའི་འོ་མ་བླངས་ནས། སངས ་རྒྱས་བཅོམ་ལྡན་འདས་ལ་ཙན་དན་གྱི་མཎྜལ་དང་། མར་གྱི་མར་མེ་རབ་ཏུ་སྦར་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་སའི་སྣོད་དུ་འོ་མ་བླུག་པར་བྱ་ནི། ་ཐལ་བས་ཀྱང་དཀྱིལ་འཁོར་བཅིངས་ལ། ཐོ་རངས་ཁྲུས་བྱས་ནས་སྔགས་འདི་ཉིད་ཀྱིས་ངེས་པར་བསྲུབས་པའི་མར་གསར་བླངས་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་སྟོང་ཕྲག་བརྒྱད་དུ ་མངོན་པར་བསྔགས་ནས་མ་རེག་པར་ཟོས་ནས་མཐོང་བ་ཞེས་བྱ་བ་སྟེ། འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ།། གྲོལ་བར་འདོད་ན་གནས་ལ་ཕན་པའི་དྲི་ཐམས་ཅད་ལ་སོགས་པ་ལ་དཔའ་བོའི་རིན་གྱིས ་ཉོས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་རང་ཉིད་སྔགས་ཟློས་ཤིང་བརྟག་པར་བྱའོ།། དེ་ནས ་གཟུགས་བརྙན་བྱས་ནས་ཨ་ཤྭདྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་སྲིད་དུ་རང་གིས་རིག་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་ཕྱེ་མར་བྱས་ནས་ཕྱེ་མ་དེས་ཀུན་ཏུ་རེག་པ་དེ ་དབང་དུ་འགྱུར་རོ། ། ཆོ་ག་འདི་ཉིད་ཀྱིས་ན་ག་གེ་སར་གྱི་ཕྱེ་མ་ལ་གཟུགས་བརྙན་བྱས་ཏེ། བདུག་པའི་ཁམ་པོར་བརྒྱད་བརྒྱར་སྦྱིན་སྲེག་བྱས་ན་གང་ལ་རྗེས་སུ་སེམས་པ་དེ་དབང་དུ་བྱེད་དོ།། ཆོ་ག་འདི་ཉིད་ཀྱིས་ཨ ་པཱ་མཱནའི་ཡམ་ཤིང་གིས་སྦྱིན་སྲེག་བྱའོ། ། ནོར་འདོད་ན་པ་ལང་གི་གནས་སུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ལ་མ་ལྷུང་བའི་བ་བྱུང་གིས་ལག་པས་མ་བཟོས་པའི་མཆོད་རྟེན་བྱས་ལ། ཆོ་ག ་བཞིན་དུ་མཆོད་ནས་གུ་གུལ་བསྲེགས་ཏེ་སྟོང་ཕྲག་བརྒྱར་བཟླས་པ་བྱའོ། ། བ་ལང་སྟོང་ངམ་ནོར་རྙེད་པར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་མར་དང་སྦྲང་རྩི་སོགས་སྲེག་ཅིང་སྟོང་ཕྲག ་བརྒྱར་བཟླས་པ་བྱའོ། ། གྲོང་བཅུ་གཉིས་ཀྱིས་བསྐོར་བ་རྙེད་པར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་མཆོད་རྟེན་བྱས་ནས་ཙན་ངན་གྱིས་བཏགས་པའི་པདྨའི་གདན་དང་ལྷ་བཤོས་སྟོང་ཕྲག་བརྒྱ་དབུལ་ཏེ་ཡུལ་གྱི ་དཔོན་པོ་ཐོབ་པར་འགྱུར་རོ། ། ཆོ་ག་འདི་ཉིད་ཀྱིས་གུ་གུལ་གྱི་བདུག་པ་བསྲེགས་ཏེ་ཙམ་པ་ཀའི་མེ་ཏོག་སྟོང་ཕྲག་བརྒྱ་དབུལ་ཏེ་གསེར་སྟོང་རྙེད་པར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་ན་ག་གེ་སར་གྱི་མེ་ཏོག ་སྟོང་ཕྲག་བརྒྱར་དབུལ་བར་བྱ་སྟེ་རས་བཅོས་བུའི་གོས་སྟོང་རྙེད་པར་འགྱུར་རོ། ། དེ་བཞིན་དུ་མེ་ཏོག་ཐམས་ཅད་འདོད་པའི་ཆོ་ག་ཐམས་ཅད་དུར་ཁྲོད་དུ་རོ་བསྲེགས་པའི་ཐལ་བ་བླངས་ནས་ཟླ་བ་ཉ་ལ་ཉིན ་མཚན་དུ་སྨྱུང་བར་གནས་ཏེ། མིང་མེད་ཀྱི་སོར་མོའི་ཁྲག་གིས་ཟླུམ་བསྐོར་བྱས་ནས་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན། དང་པོ་གོས་བདུན་དང་། མདོར་ན ་རིགས་དང་བཅས་པ་ཐམས་ཅད་རྙེད་པར་འགྱུར་རོ། ། མཆོད་རྟེན་བྱས་ནས་ཤཱིང་ཨ་དྷི་བ་ལ་ཛ་ལ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། གང་སྟོན་པའི་བུ་མོ་དེས་སྦྱིན ་པར་བྱེད་དོ། ། མི་སྦྱིན་ན་འཆི་བར་འགྱུར་རོ།། སཱ་ལའི་རྒྱབ་ནས་བྱུང་བའི་གཟུགས་བརྙན་བྱས་ལ་ཡུངས་མར་གྱིས་འདི་བཀང་ནས་ལྕགས་ཀྱི་ཐུར་མས་ཕུག་སྟེ་ཚ་བའི་ཏིལ་མར་གྱིས་བྱུགས་ཏེ་དུར་ཁྲོད ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། ལུས་གཅིག་པའི་བུད་མེད་དམ། དམངས་རིགས་དབང་དུ་འགྱུར་རོ།། གཉིས་པ་ལ་རྗེ་རིགས་དང་། རྒྱལ་རིགས་མའོ།། གསུམ་པ་ལ་དགེ་སློང་དང་། བྲམ་ཟེ་མའོ ་ཞེས་ཏེ། མདོར་ན་མ་བསྒྲུབས་པར་ཡང་ལས་བྱེད་པར་འགྱུར་རོ།། གི་ཧཾ་ལ་ལན་བདུན་མངོན་པར་བསྔགས་པས་ཁྱད་པར་དུ་བྱས་ནས་གང་མཐོང་བ་དང་། གང་རྣམས་ཀྱང་མཐོང་བ་དེ་ཐམས་ཅད་དགའ་བར ་འགྱུར་རོ། ། དེ་བཞིན་དུ་མིག་སྨན་གྱིས་སོ།། ཐོ་རངས་ལངས་ནས་ལན་བདུན་མངོན་པར་བསྔགས་པའི་ཆུས་བདེ་བར་ཁྲུས་བྱས་ན་གང་ལ་བལྟས་པ་དེ་སྦྱིན་པར་བྱེད་ཅིང་དེ་འབངས་སུའང་འགྱུར་རོ།། དེ་བཞིན ་དུ་ཏིལ་མར་སོ་ལ་མ་རེག་པ་བཟའ་བར་འདོད་པས་ཁྱེར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་འཐུངས་ན་དོན་དུ་མ་གཉེར་བར་ཡང་བཟའ་བ་རྙེད་དོ། ། རྒྱལ་པོའི་ཁབ་ཏུ་ཞུགས་ནས་ཆོས ་གོས་ཀྱི་མཐའ་ནས་བཟུང་སྟེ་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ནས་ལག་པ་གཡོན་པས་མདུད་པ་བྱའོ། ། རྒྱབ་ཏུ་མི་ལྟ་བར་སོང་ན་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ།། ཆོམ་རྐུན་གྱི་ནང་དུ་སོང་བས ་ཀུན་ཏུ་འཕྲོག་པར་བྱ་བ་ཉིད་ལ་བཟླས་པས་གཙང་བར་བྱེད་དོ། ། གཅོད་པ་དང་འབུགས་པ་ལ་སོགས་པ་རྣམས་ཀྱི་སྔགས་རྣམས་སོ།། སཱ་ལུའི་འབྲུ་དང་། ཀཱ་ར་བཱི་ར་དཀར་པོ་དང་། དོན་གྲུབ་དང་། ཀཱ་པ་རྣམས་ཀྱི ་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་སྟོང་དུ་ལངས་པར་བྱས་པར་འགྱུར་རོ། ། རིམས་གཞོམ་པར་འདོད་ན་གི་རི་ཀིརྞ་ཀ་རའི་མེ་ཏོག་ལ་སྟོང་ཕྲག་བརྐྱང་བཟླས་པ ་བྱས་ན་ཉི་མ་བདུན་གྱིས་ཤ་ཟ་བའི་རིམས་ཉམས་པར་བྱེད་དོ། ། སེང་ལྡེང་གི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གདོན་ཐམས་ཅད་འཇོམས་པར་བྱེད་དོ་ཐལ་བ་ལ་ལན་བདུན ་བཟླས་པས་ཕ་རོལ་གྱི་སྔགས་རྣམས་འཆིང་བར་བྱེད་དོ། ། ཆུ་ལ་ལན་ཅིག་བཟླས་པས་གྲོལ་ལོ།། དེ་ལྟ་བུ་ལ་སོགས་པའི་ལས་རྣམས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་འཁོར་གྱི ་དཀྱིལ་འཁོར་ཆེན་པོ་དེ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་ཞེས་བྱ་བ་ཡོད་དེ། དེ་ནི་རིགས་ཀྱི་བདག་པོ། སངས ་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རངས་པ། རྟོག་པའི་རྒྱལ་པོ་འདིར་སྒྲུབ་ཐབས་ཀྱི་ཆོ་ག་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་གསང་ཆེན་དུ་གྱུར་པ་སྒྲུབ་པ་པོས་གདོན་མི་ཟ་བ་ཁོ་ནར་དྲན་པར་བྱ་བ་སྟེ། ་དེ་སེམས་དཔའ་ཆེན་པོ་ཁྱོད་ལ་བཤད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་མ་སྒྲུབ་པའི་དོན་དུ་རིགས་ཀྱི་བདག ་པོ་གསུང་དུ་གསོལ། འདོད་པ་ཕུན་སུམ་ཚོགས་བྱེད་པ།། བཅོམ་ལྡན་རྡུལ་མུན་རྣམ་པར་གྲོལ།། ཆགས་པ་མངོན་པར་ཞི་བ་དང་།། བྱང་ཆུབ་ངེས་འབྱིན་སྡིག་པ་ལས།། ཀུན་ཏུ་གཟིགས་པའི་ཟླ་བ་ལ།། འཕགས ་པསྤྱན་རས་གཟིགས་དབང་ཕྱུག། སྲིད་པའི་ས་བོན་རྣམས་འཇོམས་པར།། ཕྱག་འཚལ་མཆོད་དེ་ཁྱོད་ལ་བརྟེན།། བཤད་བྱ་གལ་ཏེ་འབྱུང་བར་བྱེད།། སླར་ཡང་སྲིད་པར་འབྱུང་བར་འགྱུར།། ཏདྱཿ། ་ཤྭེ་ཏི་ཤྭེ་ཏེ་གེ་ཤྲེ་བྷུ་ཛེ་ཤྭེ་ཏ། མཱ་ལྱེ་ར་ལཾ་ཀྲྀ་ཏེ། ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་སྭཱ་ཧཱ། དྲན་པ་ཉིད་ལས་འདིའི་སྔགས་ཀྱི་དངོས་གྲུབ་མྱུར་དུ་འབྱུང་བར་འགྱུར་རོ།། དེ་ལ་འདིའི་སྔགས་ནི་ཐོ་རངས་ལངས ་ནས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་པ་པོས་གཙང་མར་གྱུར་པ་ལན་བདུན་བྱས་ནས། རྒྱ་བོར་ཞུགས་ཤིང་ཐལ་མོ་སྦྱར་ཏེ་ཡོངས་སུ་བཟླས་ནས་ཤར་དུ་མངོན་པར་ཕྱོགས་པས་གཏོར་བར་བྱའོ།། ་བགེགས་ཐམས་ཅད་ཞི་བར་འགྱུར་ཞིང་ལས་ཀྱི་དངོས་གྲུབ་ཀྱང་འབྱུང་ངོ་།། སྙིང་ཁར་མཐེ་བོང་བྱིན་ནས་ལན་ཅིག་བཟླས་ན་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ།། བདག་ཉིད་རྣམ་པར་དག་པར་ཡང་འགྱུར་རོ།། ་དེའི་ཕྱག་རྒྱའང་འདིར་སྦྱར་བར་བྱའོ།། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། མ་ཉམས་པའི་རས་སྒྲ་དང་བྲལ་བ་འབྲས་བུ་ཅན་ནམ། མ་འདྲེས་པའི་ཚོན་གྱིས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། ། པདྨའི་སྙིང་པོ་ལ་འདུག་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་གྱེན་དུ་བརྫེས་པ་དེའང་རབ་ཏུ་འཕྱང་བཞིན་པ། ཕྱག་ན་བྱ་མ་བུམ་ཐོགས་པ་འམ། ་པདྨ་དཀར་པོའི་འདབ་མ་བསྟིམས་པ། གཡོན་གྱི་གཞོགས་སུ་ལྷ་མོ་འཕགས་མ་དཀར་མོ་ཆེན་མོ་སེང་གེའི་གདན་ལ་ཉེ་བར་འདུག་པ། ཕྱག་ན་པདྨ་དང་། མཆོག་སྦྱིན་མ་དང་། སྒྲུབ་པ་པོ་ནི་སྔོན་བཞིན་ནོ།། དེ་ནས་རིག ་པ་འཛིན་པས་འོ་མ་དང་ནས་ཟན་བཟའ་ཞིང་བྲིས་སྐུའི་སྤྱན་སྔར་སྔོན་དུ་བསྙེན་པ་བྱའོ། ། དྲི་ཞིམ་པོའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང་། མར་གྱི་མར་མེ་དང་། ཨ་ཀ་རུ་དང་། དུ་རུ་ཀའི་བདུག་སྤོས་དང་། ་གཏོར་མ་རང་རིག་པ་འཛིན་པས་དེ་བཞིན་དུ་དབུལ་བར་བྱའོ།། ན་མོ་བུདྡྷ་སྱ། ན་མོ་དྷརྨཱ་སྱ། ནཱ་མཿསཾ་གྷཱ་སྱ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ར་མ་ཨཱརྱཱ་ཡ་ཡ་ཧཱ ་སཏྭཱཀྵཎ་ཐཱ། སུ་རུ་མེ་སུ་རུ་མེ། ཀུ་རུ་ཀུ་རུ། སུ་རུ་མེ་ཀརྨ་སཱ་དྷཱ་ཡ། བུདྡྷ་སཏྱེ་ན། དྷརྨས་ཏྱེ་ན། སཾ་གྷ་ས་ཧྱེན། ཨཱ་ག་ཙྪ་ཤྲཱིགྷྣ་དེ་བ་དཏྟེ་སྭཱ་ཧཱ། སྤྱན་དྲང་བའི་རིག་པའོ།། ཏདྱ་ཐེ། ད་མེ་ད་མེ་སྭཱ་ཧཱ། དྲིའི་རིག ་པའོ། ། ཏདྱ་ཐཱ། ཧུ་ཧུ་ཧུ་ར་ཧུ་མ་ཧཱ་མེ་དེ་སཱ་རེ་སྭཱ་ཧཱ། མེ་ཏོག་གི་རིག་པའོ།། ཏདྱ་ཐཱ། མེ་གྷ་བི་ཧྲ་ཏེ་སྭཱ་ཧཱ། བདུག་པའི་རིག་པའོ།། ཏདྱ་ཐཱ། ཏུ་ཏུ་ཏུ་ཏུ་ཏུ་རུ་མ་ཧཱ་ཏུ་རུ་ཎེ་སྭཱ་ཧཱ། གཏོར་མའི་རིག་པའོ།། འདི་རྣམས ་ཉིད་དང་མར་མེ་བདུན་གྱི་འཕྲེང་བ་གནས་པའི་རས་རིས་ཀྱི་སྤྱན་སྔར་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཞོ་དང་སྦྲང་རྩི་དང་། མར་ལ་བཏགས་པའི་པདྨའི་སྦྱིན་སྲེག་བྱ་སྟེ་འབུམ་ཕྲག་བདུན་དེ་སྲིད་པར་རོ།། རང ་ཉིད་འགུལ་བ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ། ། རང་འདོད་པ་དེ་རྙེད་པར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་བིལ་བའི་ཡམ་ཤིང་གིས་སྟོང་ཕྲག་བརྒྱར་སྦྱིན་སྲེག ་བྱས་ན་གང་འདོད་པ་དེ་ཡང་དག་པར་རྫོགས་པར་བྱེད་དོ། ། གངྒཱའི་ཀླུང་གི་འགྲམ་དུ་ཉེ་བར་གནོད་པ་མེད་པ། སྐྱེ་བོ་དང་བྲལ་བར་བྱེད་མ་ལ་མཆོད་རྟེན་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་ཕུལ ་ཏེསྟོང་ཕྲག་བརྒྱད་བཟླས་པ་བྱའོ། ། ཉི་མ་སོ་སོ་རེ་རེ་ཞིང་མཆོད་རྟེན་བྱའོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་པལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ ་བའི་རྟོག་པ་ལས། ལེའུ་རབ་འབྱམ་བཅུ་གཉིས་པ་རྫོགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་ལྷའི་སྤྱན་གྱིས་གཟིགས་ནས། ཡངས་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཡངས་པ་དང་ལྡན་པ ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བི་མ་ལེ་བི་མ་ལེ། བི་པུ་ལ་པྲ་བྷེ། བི་པུ་ལ་པྲི་ཡེ། ་བི་པུ་ལ་མ་ཏི། ས་མ་ཡ་མ་ནུ་སྨ་ར། ཏཱ་མེ། བ་རུ་སཱཾ། སཱ་དྷ་ཡ་སཱ་དྷ་ཡ། གརྫ་གརྫ། ཧ་ན་ཧ་ན། བི་པུ་ལ་མ་ཏི། ཧྲྀ་ད་ཡ། མ་ནུ་སྨ་ར། བུ་དྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན། བོ་དྷི་སཏྭ་ས་ཏྱེ་ན། ་། བི་པུ་ལ་མ་ཏི་སཏྱེ་ན། བཛྲ་པཱ་ཎི་སཏྱེ་ན། ས་ཏྱ་བཱ་ཏི་ས་ཏྱེ་ན། ལེ་ལེ་ལེ་ལེ། ཨོཾ་ཨོ་ཨོཾ། བྷུ་བ་བྷུ་བ་བྷུ་བ། ག་གཱ་ག། མ་ཐ་མ་ཐ་མ་ཐ། ཧཱུཾ་ཧཱུཾ་ཧཱུཾ། ཨ་བ་ལོ་ཀི་ཏི། མུ་ཙེ་སྭཱ་ཧཱ། འདི་ནི་མཐུན་ཆེན་པོ་ཐོབ་པ ་ཡངས་པ་དང་ལྡན་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཏིང་ངེ་འཛིན་ལས་བྱུང་བ། བཀླགས་པས་གྲུབ་པ། བདག་སྲུང་བ་དང་། གཞན་སྲུང་བ་དང ་གྲོང་སྲུང་བ་དང་། རིའི་འཇིགས་པ་དང་། གདུག་པའི་འཇིགས་པ་དང་། ཤ་ཟའི་འཇིགས་པ་དང་། མདོར་བསྡུ་ན་འཇིགས་པ་ཐམས་ཅད་བཀླགས་པ་ཙམ་གྱིས་སེལ་བར་བྱེད་དོ།། འདི་ལས་གཞན ་ཡང་སྔགས་ཀྱི་ཆོ་གར་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ད་དེ་ཤཱནྟེ། པྲ་སནྣ་ཙི་ཏེ་སྭཱཿ ་། སྤྱན་དྲང་བའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཏྲཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཤྭེ་ཏེ་ས་མ་ཡེ་ཏྱེ་ཐཱ། བི་ཤུདྡྷ་བསྟི་སྭཱ་ཧཱ། གོས་བགེ་བོའི ་། སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། མུ་ནེ་མུ་ནེ། ཤཱནྟེ་བི་ཤུདྡྷེ་ག་ག་ན་ཏ་ལེ་སུ་གནྡྷེ་གནྡྷ། ཨུ་དཱ་ཀ་བ་ལྀ་ཙ་ཧ་ར ་ཧ་ར་ཀ་ར་ཀ་ར་བི་བྷུ་སྭཱ་ཧཱ། མེ་ཏོག་དང་། དྲི་དང་། བདུག་པ་དང་། མར་མེ་ཐམས་ཅད་ལ་སྔགས་འདིས་ལན་བདུན་མངོན་པར་བསྔགས་པས་ལན་ཅིག་བཟླས་པས་དབུལ་བར་བྱའོ།། སའི་གོང་བུ་དཀར ་པོས་རྟག་ཏུ་བདག་ཉིད་གཙང་བར་བྱའོ། ། བཅོམ་ལྡན་འདས་ལ་གུར་ཀུམ་གྱི་ཆུ་དང་། ཙན་དན་དང་། ག་པུར་གྱི་དྲི་དང་། ཏུ་རུརྐ་ལ་སོགས་པ་དང་། ཨ་ཀ་རུའི་བདུག་པ་དང་། བལླི་ཀ་འམ། ཙམ་པ ་ཀའི་མེ་ཏོག་གི་འཕྲེང་བ་དང་། འོ་མ་སུམ་ཅུ་རྩ་གཉིས་སུ་འགྲོ་བར་བྱ་སྟེ། ཟན་གྱི་གཏོར་མ་དང་། བའི་མར་གྱི་མར་མེ་རྣམས་སོ།། དེ་ནས་འདིའི་རས་རིས་འབྱུང་སྟེ། འདོད་པའི་སྐུ་དང་བྲའ་བ་ཁ ་ཚར་མ་བཅད་པ་ཇི་ལྟར་རྙེད་པར་གྱུར་པ་ལ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གུར་ཀུམ་གྱིས་བྲི་བར་བྱའོ། ། ཆུ་ལས་སྐྱེས་པའི་པདྨའི་གདན་དང་། ཕྱག་ན་པདྨ་དང་། པདྨའི་འཕྲེང་བས་བརྒྱན་པར ་བྱས་པ། གོས་དཀར་པོ་ཅན། མཆོད་ཕྱིར་ཐོགས་པ། ཕྱག་མི་འཇིགས་པ་རབ་ཏུ་སྦྱིན་པ། རལ་པ་གྱེན་དུ་བརྫེས་པ་དེ་ལྟ་བུར་བྲི་བར་བྱའོ།། བཅོམ་ལྡན་འདས་སྔར་བརྗོད་པའི་གནས་སུ་རས་རིས་ཞལ་ཤར་དུ ་མངོན་པར་ཕྱོགས་པར་བཞུགས་སུ་གསོལ་ནས་འབུམ་ཕྲག་བཅུར་བཟླས་པར་བྱའོ། ། བཟླས་པ་ཡོངས་སུ་རྫོགས་པ་ན་མེ་སྦར་ནས་སྦྲང་རྩི་དང་མར་སྦྱར་བས་དུས་གསུམ་དུ་སྦྱིན་སྲེག་ཇི་སྲིད་འབུམ་རྫོགས་ཀྱི་བར་དུ་བྱས ་ནས། གང་མངོན་པར་འདོད་པ་དེ་རྙེད་པར་འགྱུར་རོ།། རྒྱལ་སྲིད་ཀྱི་ལོངས་སྤྱོད་འདོད་ན་གུར་ཀུམ་དང་། ཙན་དན་དང་། མེ་ཏོག་བརྒྱ་པ་དང་། འབྲས་ཡོས་རྣམས་གཅིག་ཏུ་བྱས་ནས་མར་དང་སྦྲང་རྩི་བཏགས་ནས་ཐུན ་གསུམ་དུ་སྦྱིན་སྲེག་བྱའོ། ། སྦྱིན་སྲེག་མཐའི་ཉི་མ་ལ་མཐོང་བ་སྩོལ་བར་བྱེད་དོ།། མཚན་མ་འདི་རྣམས་ཀྱང་སྩོལ་ཏེ། གཙུག་པུད་གྱེན་དུ་བརྫེས་པར་འགྱུར་རོ།། སྐྱོན་མེད་པའི་འོད་ཀྱི་རྒྱལ་མཚན་དང་། འཕྲེང་བ ་འབར་བའི་རས་རིས་རབ་ཏུ་སྦྱིན་པ་འམ་སྨྲ་བར་བྱེད་དོ། ། རིག་པ་འཛིན་པས་ཡིད་ཀྱིས་བཟླས་པ་བྱ། ནམ་མཁར་ལྷའི་ངག་ཐོས་ན་གྲུབ་པ་ཡིན་ནོ།། དེ་ནས་རྒྱལ་སྲིད་སླར་རྙེད་ན་ཆོས་ཀྱིས་བྱེད་དུ་གཞུག་གོ། སླར་ཡང་དེ ་ཉིད་དུ་ཏིང་ངེ་འཛིན་བསྒོམ་པར་བྱ་བཞིན་པ་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོ་རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ ་ན.ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བུདྡྷ་ཨ་བྷི་ཤེ་ཀ་སྱ་པྲ་ཛྭ་ལི་ཏ་དཱིཔྟ་ནེ་པྲ། བྷུ་ཛཱ་ཡ་པྲ་ཛྭ་ལི་ཏཾ། དཱིཔྟ་ཧ་པུ་ཀ་མནྟ་ལཱ་ཡ། ཏདྱ་ཐཱ། ཧྲྀ་ད་ཡ་མཱ་བརྟ་ཡི་དྷ་མི་གྷུ་ཊ། ་བནྡྷ། དྷུ་དྷེ་དྷ་རྡྷ་རྡྷ། ཙ་ར་ཙ་ར་བ་ར་བ་ར་ཡ་ཤ་སྨ། ཨོཾ་ཀ་རཾ་པྲ་ཏ། བི་དྱཱ་ཏེ་ཛ་ཡ་མ་ཧཱ། བི་དྲཱ་ཡ་ཡ་སཱ་ཡསྐ་པྲ་བརྟ་ཡ་ཧ་ར་ཎེ་ར་ཎེ་ར་ཀ་རུ་ཎེ། མུ་ནི་མུ་ནི། བི་མུ་ནེ། ཤཱནྟཙྪིནྟ་སཱ་ཧཱ། འདི་ནི་མཐཱ ་ཆེན་པོ་ཐོབ་པ་རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཐོགས་པ་མེད་པ། བཟླས་པ་ཙམ་གྱིས་འཐབ་པ་དང་། འཐབ་མོ་དང་། རྩོད་པ་ལ་སོགས་པ་ཐམས་ཅད་འཇོམས་པར་བྱེད་པ། དཔག་ཏུ་མེད་པའི་སྟོབས་ཀྱི ་ཕ་རོལ་གནོན་པ་རིག་པའི་རྒྱལ་པོ་སྟེ། རིགས་ཀྱི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྒྲུབ་པ་བཙམས་ཏེ་ཁྲུས་གསུམ་བྱས་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། ཇི་སྲིད་ཟླ་བ་ཉའི་བར་དུ་བཅོམ་ལྡན ་འདས་ཀྱི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་དཔག་ཏུ་མེད་པ་བཟླས་པར་བྱའོ། ། ལས་ཕྲན་ཚོགས་རྣམས་ཐམས་ཅད་གྲུབ་པར་འགྱུར་རོ།། འདི་རྣམས་ནི་འདིའི་འཁོར་དུ་གྱུར་པའི་སྔགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ་ནམ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བི་བྷུ་རི་བི་བྷུ་རི། བི་བྷུ་མི། ཨཱ་ཀཱ་མ་བྷྱཱ་མི་ཨཱ་ཀཱ་མ་ཏིཥྛ་ཏིཥྛ་བི་ཛ་ཡ་བརྟ། ཤ་ཤ་ཤྲ་ཤ་ཤ་ཤ། ཐ་ཐ་ཐ་ཐ་ཐ་ཐ་ཐཱ་ཐ། ་ཨཱ་ཀནྡྷ། ཨ་ཀནྡྷ། ཨཱ་ཀནྡྷེ། པདྨ་ཧསྟཱ་ཡ་སྭཱ་ཧཱ། རས་རིས་རབ་ཏུ་གནས་པར་བྱེད་པའི་སྔགས་སོ།། དང་པོར་རི་མོ་མཁན་གྱི་ལས་དང་འོག་ཏུ་རས་རིས་ཀྱི་ཆོ་གར་འགྱུར་ཏེ། མ་འདྲེས་པའི་ཁ་དོག་གིས་སྤྱན ་རས་གཟིགས་དབང་ཕྱུག་ཞབས་གཅིག་གནས་པ་འདྲིར་གཞུག་པར་བྱའོ། ། མེ་ཏོག་སྣ་མའི་འཕྲེང་བའི་མཆོད་ཕྱིར་ཐོགས་པ་ཅན། མེ་ཏོག་གི་འཕྲེང་བའི་འོད་ཀྱིས་བརྒྱན་པ། དབྱུག་པ་དང་རིལ་བ་སྤྱི་བླུགས ་ཕྱག་ན་བསྣམས་པ། ཕྲག་པར་གཡང་གཞི་ནག་པོ་ཀུན་ཏུ་འཕྱང་བར་བྱའོ།། གཡས་པས་དབུགས་འབྱིན་པར་བྱེད་པ་དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས། དེའི་སྤྱན་སྔར་དགེ་སློང་གི་ཚོགས་ལ་སྟོན་མོ ་བྱའོ། ། ཡོན་ཡང་ཅི་འབྱོར་པ་དབུལ་ལོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཛ་ལ་དྷ་ར། བི་མུཀྟ་ཡ་ཐཱ་ཡ་སཱཧྨ། ཉེ་བར ་། བྱུག་པའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སུ་གནྡྷ། བི་མུཀྐ་བི་ཛ་ཡ་སྭཱ་ཧཱ། དྲིའི་སྔགས་སོ།། ན་མོ ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སུ་མ་ན་ཤྲི་ཡེ། ས་སཾ་དཪྴ་ན་སཽ་མ་ན། སཽ་མ་ན་སཱ་ཧཱ། མེ་ཏོག་གི་སྔགས་སོ།། ན་མོ་རཏྣ་ཏྲ ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡཱ། ཏདྱ་ཐཱ། དྷུ་མྦ་བརྩ་སི་ར་ར་ར་ར། ལ་ལཱ་ཡ། མུ་ནེ་སྭཱ་ཧཱ། བདུག་པའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ན་མཿཔྲི་ཡཾ་ཀ་ར། པྲི་ཏི་བི་ཛ་ཡ། ཨོ་ཛ་ཡེ་བི་ཛ་ཡེ་སཾ་ཀལླ་སྭཱ་ཧཱ། གཏེར་མིའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མཿཤུ་ཙི་ན། མ་ཏི་བི་མ་ལི། བི་ཤུདྡྷ་ག་ཏི་སྭཱ་ཧཱ། ཉེ་རེག་གི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མཿ ་ཏ་དྱ་ཐཱ། ཤྭེ་ཏེ་པནྡྷ་བཱ་སི་ནི་རཀྵ་རཀྵ་མཱཾ་སྭཱཧཱ། འདིས་ཐམས་ཅད་དུ་བདག་ཉིད་བསྲུང་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བེ་དྷི་སཏྭཱ་ཡ། མ་ཧཱ ་སཏྭཱ་ཡ། དྷ་ར་དྷ་རིཤྩིཏྟེ། ཛ་བ་རཾ་ཤུ་བ་ཙི་བ་ཏི་སྭཱ་ཧཱ། འདིས་ས་བླང་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མཿཛ་ལི་ཛི་ལི། ཙ་ལཱ་ར་ལེ ་བ་བ་རེ། ར་ར་རེ་སྭཱ་ཧཱ། སྔགས་འདིས་ཁྲུས་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། ཏདྱ་ཐཱ། ར་མཿཤུ་ལམྦིཿབསྟཾ་ཏ་དྷཱ་རཱ་རི་པ་བ་ནེ་སྭཱ་ཧཱ། ་གོས་ཀྱི་སྔགས་ཏེ། འདི་གོས་ལ་ཡོངས་སུ་བཟླས་ཏེ་བགོ་བར་བྱ་ཞིང་། དེ་བཞིན་དུ་བཅོམ་ལྡན་འདས་ལའང་དབུལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། ་མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ནཱ་མ་ཨུཙྪཥྨ་པ་ར་མ། ད་ཤ། ཤོ་དྷ་ན། ཤོ་དྷ་ཡ་སྭཱཧཱ། གཅི་བ་དང་། བཤང་བ་དང་། མཆིལ་མ་དང་། མི་གཙང་བ་ཐམས་ཅད་འདིས་ཡོངས་སུ་ཕྱིས་ན་གཙང་མར་འགྱུར ་རོ། ། གཙང་སྦྲའི་སྔགས་སོ།། རྒྱུ་སྤོས་ཞོ་འམ་སྲང་གཉིས། ཙན་དན་གཉིས།། འདབལ་མ་གྱི་རྣམ་དུ་ཉིས་སུ་ཀུམ་གཉིས། དྲི་འདི་རྣམས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ།། ག་པུར་དང་། ཨ་ཀ་རུ་དང ་ཙན་དན་གྱི་བདུག་པའོ། ། འདི་ལྟ་བུའི་ཆོ་གས་ཇི་སྐད་གསུངས་པའི་གནས་སུ་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞུགས་སུ་གསོལ་ནས། ཁྲུས་གསུམ་བྱ་ཞིང་གོས་ལན་གསུམ་དུ་བརྗེས་ནས་རྟག་ཏུ ་གསོ་སྦྱོང་ལ་གནས་པས་འབུམ་ཕྲག་དྲུག་བཟླས་པར་བྱའོ། ། མཐར་པདྨ་དཀར་པོ་རེ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་ཡོངས་སུ་དོར་ཞིང་དབུལ་བར་བྱ་སྟེ། ཉི་མ་གསུམ་ལ་སྟོང་ཕྲག་བརྒྱད་དུ་བྱའོ།། ་དེ་ནས་མཚན་མོ་གསུམ་དུ་སྦྱང་བར་གནས་ཏེ་མཚན་ཐོག་ཐག་མི་སྨྲ་བར་པདྨ་མར་ལ་བཏགས་པ་རྣམས་ཀྱིས་སྦྱིན་སྲེག་བྱའོ།། དངོས་གྲུབ་ཀྱི་མཚན་ཉིད་དུ་འགྱུར་བ་ནི་རིག་པ་འཛིན་པ་རབ་ཏུ་གྲོལ་བ་རྣམ ་པ་གསུམ་དུ་རྒྱུ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་གྲུབ་པར་འགྱུར་རོ།། རིག་པ་འཛིན་པར་འདོད་ན་རིག་པ་འཛིན་པར་འགྱུར་རོ།། ལྷ་མ་ཡིན་འདོད་ན་ལྷ་མ་ཡིན་དུ་འགྱུར་རོ།། རྒྱལ་སྲིད་འདོད་ན་ས ་ཐམས་ཅད་པའི་རྒྱལ་སྲིད་ཆེན་པོར་འགྱུར་རོ། ། གང་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ངེས་པར་སྐྱེའོ།། ་རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡོངས་སུ་རྫོགས་སོ།། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ ་ཉིད་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོའི་རྟོག་པར་འཇུག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ།། དེ་ལ་འདི་རྣམས་ནི་སྔགས་ཀྱི་ཚིག་ཆེན་པོར་འགྱུར་ཏེ། ན་མོ་རཏྣ ་དྲཏྲ་ཡཱ་ཡ། ན་མ་ཨཱརྱ་བི་ཛ་ཡ་ཤྲཱི་གརྦྷ་སྱ། ས་མྱ་ཀ་ས་བུདྡྷ་སྱ། ན་མཿམ་ཧེ་ཤྭ་རེ་སཱ། བོ་དྷི་སཏྭ་སྱ། ན་མ་ཨཱི་ཤ་པྲ་བྷ་སྱ། བོ་དྷི་སཏྭ་སྱ། ན་མ་ཨཱ་ཀཱ་ཤ་གརྦྷ་སྱ། བོ་དྷི་སཏྭ་སྱ། ན་མོ་བཛྲ་མ་ཏོ་སྱ། བོ་དྷི་སཏྭེ་སྱ། ་ནམ་ཨཱ་རཱུབ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཿཐཱ། བྷ་ག་བ་ཏེ་ཧྲྀད་ཡ། མ་པྲ་ག་ཡི་ཥྛ་མི། ཨོཾ་ཏ་ར་ཏ་ར། ཨོཾ་ཨ་ཨ་ཨོཾ་བྷུ་བ་ཨ་བྷ་ཡ་ཨ་བྷ་ཡ་བ་ར ་བ.ཱ་ནྱན་ཏི་ཨུ་ཙུཥྚཱ་ཏི། སུ་ཁ་བ་ཏི་སུ་ཁཱ་བཱ་ཏཱི། ར་ར་ར་ར་ལ་ལ་ལ་ལཅུ་ལུན་པ་པག་ཁག། ཨཱ་གཙྪ་ཨཱ་གརྦྷ་དྷཱ་ཏེ་མ་མ་བ་རཾ། དཱ་སྱ་སི། ཨ་བྷྱཱ་སྭ་ར། མདྷམྦྷ་བི་པུ་ལ་མ་ཏི་སམཱ་དྷི་བི་ཛ་ཏྲི་སྭཱ་ཧཱ། འཇུག་པ་ཞེས་བྱ ་བ་རིག་པའི་རྒྱལ་པོ་ཆེན་པོ་བཀླགས་པ་ཙམ་གྱིས་གྲུབ་པར་འགྱུར་བ་སྟེ་འཇིགས་པ་ཐམས་ཅད་སྲུང་བ་དང་། ཞིང་ཐམས་ཅད་དུ་ལས་རྣམས་བྱེད་དོ།། དེ་ནས་འདིའི་རས་རིས་ཀྱི་ཆོ་གར་འགྱུར་ཏེ། བཅོམ་ལྡན་འདས ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀུན་ནས་དཀར་བ་སྔར་གསུངས་པའི་རས་རིས་ཀྱི་མཚན་ཉིད་ཀྱི་རིན་པོ་ཆེའི་པདྨ་ལ་གནས་པ། ཕྱག་ན་པདྨ་དམར་པོ་བསྣམས་པ། གཙུག་པུད་གྲོལ་བ། ཕྱག་ན་རིལ་བ་སྤྱི ་བླུགས་བསྣམས་པའོ། ། གཡས་དང་གཡོན་པ་དག་ཏུ་ཇི་ལྟར་རིག་པ་བཞིན་ཏེ། གཡོན་གྱི་གཞོགས་སུ་གཞོན་ནུ་དཀར་པོ་ཕྱག་ན་པདྨ་བསྣམས་པ། བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་བཞིན་པ་འདྲིར་གཞུག ་པར་བྱའོ། ། གཡས་ཀྱི་གཞོགས་སུ་བཅོམ་ལྡན་འདས་མ་དཔལ་ཆེན་མོ་ཕྱག་ན་པདྨ་བསྣམས་པ། པདྨ་ལ་ཉེ་བར་འདུག་པ་འདྲིར་གཞུག་པར་བྱའོ།། གཡོན་གྱི་གཞོགས་སུ་སའི་ལྷ་མོ་རིན་པོ་ཆེ་སྣ་བཞིའི་གཞོང་པ་ཕྱག་ན ་བསྣམས་པའོ། ། ནམ་མཁའ་ལ་འོད་གསལ་གྱི་བྱང་ཆུབ་སེམས་དཔའ་དཀར་པོ་མེ་ཏོག་གི་འཕྲེང་བ་ཡོངས་སུ་ཐོག་པ་འདྲིར་གཞུག་པར་བྱའོ།། གཡས་ཀྱི་གཞོགས་སུ་སྒྲུབ་པ་པོའང་ལག་ན་སྤོས་ཕོར་ཐོགས་པ་སྔར ་བཞིན་ནོ། ། རྣམ་པ་དེ་ལྟ་བུའི་རས་རིས་བྱས་ནས་སྔར་གསུངས་པའི་གནས་སུ་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། འོ་མ་དང་ནས་ཟན་བཟའ་ཞིང་རྩ་བའི་སྔགས་ཀྱིས་སྤྱན་དྲང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿཏདྱ་ཐཱ། པཎྜ་པཎྜ་ལ་གྷུ་ཤུ་ཙི་བི་མ་ལེ་སྭཱ་ཧཱ། དཀྱིལ་འཁོར་གྱི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿཏདྱ་ཐཱ། ཨགྣི་ཛུ་ལུ་ཛུ་ལུ་ཧུ། ར་མ་མེ་སཱ་ཧཱ། དྲིའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ་། མ་ཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿཏདྱ་ཐཱ། དྷཱུ་བ་སིདྡྷི་བྲཧྨ་ཏི་ཛེ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ཡཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ ་བོ་དྷི་སཏྭེ་བྷྱ། ཏདྱ་ཐཱ། བི་པུ་ལ་ཏེ་ཛ་པྲེཧྨ་ཤྭ་རུ་སཱུཧཱ། བདུག་པའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སརྦ་བུདྡྷ་བོ་དྷི་སཏེ་བྷྱཿནི་དྷི་བི་པུ་ནི་ཨ ་བྷུབྷ་ཡ་པྲ་ད་སྭཧཱ། གཏོར་མའི་སྔགས་སོ།། འདི་ཉིད་མར་མེའི་སྔགས་སོ།། པུ་ཤེལ་ཅི་དང་། བཱ་ལ་ཀ་དང་། ག་པུར་ཆ་མཉམ་པའི་དྲིའི་འཕྲེང་བ་དང་། ཀ་བ་ཝཱི་ར་དམར་པོའི་མེ་ཏོག་དང་། སྣ་མའི་མེ་ཏོག་ལ ་སོགས་པ་དང་། དཔལ་བརྟགས་པ་དང་། སྲ་ཙི་པོག་དང་། ཤ་ལྱ་ཀཱི་དང་། བུ་རམ་སྦྱར་བའི་བདུག་པ་དང་། དཀར་གསུམ་གྱི་གཏོར་མ་དང་། བའི་མར་གྱི་མར་མེ་སྟེ། དེ་ལྟ་བུ་བྱས་ནས་འབུམ་ཕྲག་དྲུག ་བཟླས་པར་བྱའོ། ། མཐར་ཟླ་བ་ཉལ་མཚན་མོ་གསུམ་དུ་སྦྱང་བར་གནས་ཏེ་ཀ་ར་ཝཱི་རའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་སྟོང་ཕྲག་བརྒྱད་དུས་གསུམ་དུ ་སྦྱིན་སྲེག་བྱ་སྟེ། དེ་ལྟ་བུ་ཉི་མ་གསུམ་དུ་བྱའོ།། དེ་ནས་ཉི་མ་གསུམ་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཇི་སྐད་བརྗོད་པའི་ཆོ་གས་བཅུ་གཉིས་ཡོངས་སུ་འགྱུར་བའི་ཁམ་པོར་ཞོ་དང་། སྦྲང་རྩི་དང་། འོ་ཐུག ་ཁམ་ཕོར་བཅུ་ཀུ་ཤའི་ཁྲེས་ལ་འདུག་སྟེ། སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དེ་སྲིད་དུ་བཟླས་པ་བྱའོ།། ལྷའི་མེ་ཏོག་གི་ཆར་འབབ་པ་དང་། འབྲུག་དང་རྔ་བོ་ཆེ་རྣམས་ཀྱང་སྒྲ ་ཟློག་པ་དང་། རས་རིས་འགུལ་བ་དང་། མར་མེའི་རྩེ་མོ་འཕེལ་ལོ།། དེ་ནས་གྲུབ་པ་ཡིན་ཏེ། ས་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ།། གང་མངོན་པར་འདོད་ཀྱང་རུང་སྟེ་ཐམས་ཅད་ཐོབ་པར་བྱེད་དོ།། ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་རྩ་བའི་རྟོག་པར་འཇུག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། ། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་རྗེས་སུ་གཟུང་བའི་ཆེད་དུ་སླར་ཡང་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ཉིད་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་འཕགས ་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོར་སྐྱེ་བོ་དབུལ་པོ་རྗེས་སུ་གཟུང་བའི་ཆེད་དུ་དཀར་མོ་ཆེན་མོའི་རིག་པ་བཀའ་སྩལ་ཏོ། ། དེ་ལ་འདི་རྣམས་ནི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་རིག་པའི་སྔགས་ཀྱི་ཚིག ་རྣམས་སུ་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡཱ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏྭེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སརྦཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀྲྀཥྞ་ཛི་ན་པ་ར་དྷཱ་ར། ཀ་མ་ལཱ་ཡ། ཏཱཀྵི་པདྨ་ཨ་སན་སྐྲྀ་ཨ་བྷཱ་ཡ་པྲ་ད། ་མ་གྲ་ཧ་ཏཾ། བྷཱ་ཥ་སཱ་ཛྫ་ཊ་མཱུ་ཊ་དྷ་རི། ཎཽ་པདྨ་བརྞ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རི་མ་ཧཾ་ས་ར་ཎཾ་པྲ་པ་དྱ། ཏདྱ་ཐཱ། ཤྭེ་ཏི་བི་ཛ་ཡེ་ཤྭེ་ཏ་བསྟྲ། ཤྭེ་ཏ་བྷུ་ཛེ། ཤྭེ་ཏ་པདྨ་ཨ་ལཾ་ཀཱི་ཏི་ཛ་ཡ་བི་ཛ་ཡེ། ཨ་བྷ་ཡེ་ཤྭེ་ཏ་ཨཾ་ཤྩ ་མ་བྷ་ཡ་པྲ་ཏེ་ཤྭེ། ཏཾ་ཙ་ག་ག་ན་ཤུདྡྷཾ་ཤྭེ་ཏཾ་བི་དྷ། ས་མ་པྲ་བྷེ་ཤྭེ་ཏ་བྷྱཿབྷ་བ་སྱ། ཤུ་ཀཱཾ་ཤུ་རཾ་བྷ་བཱནྟ་རེ་པཎྜ་ར། པ་ཊ་པ་ཊཱ་ཡ་ར་ར་ར་ར་ར་ཡ་བི་ཛ་ཡེ་སྭཱ་ཧཱ། པྲ་རི་ཀྲཱི་བ་ལེ་བ་རེ་བ་རཱ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན ་པོ་ཐོབ་པའི་དཀར་མོ་ཆེན་མོ་ཞེས་བྱ་བའི་རིག་པའི་རྒྱལ་མོ་སྟེ། ལས་ཐམས་ཅད་བྱེད་མ། དབུལ་བ་དང་ནད་རབ་ཏུ་ཞི་བར་བྱེད་མ། དོན་ཐམས་ཅད་སྒྲུབ་པར་བྱེད་མ། དོན་ཐམས་ཅད་ཡོངས་སུ་རྫོགས ་པར་བྱེད་མ་སྟེ། གང་འདི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྟག་ཏུ་དྲན་པར་བྱེད་པ་དང་། མཆོད་པ་བྱེད་པར་འགྱུར་རོ།། སྐྱེ་བོ་ཡོངས་སུ་སྐྱོབ་པར་བྱེད་པར་འགྱུར་ཞིང་།། ་སྐྱེ་བོ་ཐམས་ཅད་དགའ་བར་ཡང་འགྱུར་རོ།། དེ་ནས་འདིའི་ཆོ་ག་ནི། སྔར་བརྗོད་པའི་ཚོགས་ཁྲུ་བཅུ་པའི་རས་བྱེད་དུ་བཅུག་ནས་ཁཚར་མ་བཅད་པ་ལ་ཙན་དན་གྱི་ཁུ་བས་མནན་པར་བྱའོ།། ཁ་དོག་མ་འདྲེས་པས ་དྲིའི་ཁུ་བས་བསྒྱུར་བས་བཅོམ་ལྡན་འདས་བྲི་བར་བྱའོ། ། སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་རིལ་བ་སྤྱི་ཐུགས་ཐོགས་པ། ཕྱག་གཡས་ཀྱིས་པདྨ་བསྣམས་པ། རལ་པ་གྱེན་དུ་བརྫེས་པ། པདྨའི་གདན། ་@གོས་དཀར་པོ། འཕྲེང་བ་དཀར་པོའི་རྒྱན་གྱིས་བརྒྱན་པ། པདྨའི་འཕྲེང་བ་བཅུ་དྲུག་རྣམས་ཀྱིས་བརྒྱན་པ། ཐམས་ཅད་དཀར་པོ་རྣམས་ཀྱིས་ཐམས་ཅད་དཀར་པོར་བྱའོ།། བྱང་ཆུབ ་སེམས་དཔའ་བཅུ་དྲུག་འོག་བྲི་བར་བྱའོ། ། འཇིག་རྟེན་སྐྱོང་བ་བཞི་པོ་རྣམས་ཕྱོགས་འཁོར་བ་རྣམས་སུའོ།། སའི་ལྷ་མོ་འདིར་བྲི་བར་བྱ་སྟེ། ཕྱག་གཡས་ཀྱི་ཙེ་གཽ་ཊ་ཀ་ཐོགས་པའོ།། འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གི་སྤྱི་གཙུག་གི་ཆ་ལ་དེ་བཞིན་གཤེགས་པ་པདྨ་ཕལ་པོ་ཆེ། གཡོན་དུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་མི་འཇིགས་པ་རབ་ཏུ་སྦྱིན་པ། གཡོན་པས་ཆོས་གོས་བསྣམས་པ། གསེར་མདོག ་ཕྱག་ནས་འོད་ཟེར་འཕྲོང་བར་བྱེད་བཞིན་པའོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འོད་ཟེར་གྱི་འཕྲེང་བ་ཅན། རྣམ་པར་བཀྲ་བའི་རྒྱན་ཐམས་ཅད་ཀྱིས་ལུས་བརྒྱན་པའོ།། སྒྲུབ་པ་པོའང་གཡས་ཕྱོགས་སུ ་ཆ་བྱད་དང་རྣམ་པ་ཇི་ལྟ་བ་བཞིན་དུ་འདྲིར་གཞུག་པར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སྭེ་ཏེ་སྭེ་ཏེ་སྭེ་ཏེ་སྭེ་ཏ་བྷུ་ཛེ ་པ་རཱ་ཀྲ་མེ་བི་ཛ་ཡ་བི་ཙེ་དྷུ་ཏེ་སྭཱ་ཧཱ། དྲི་དཀར་པོའི་ཆུས་དཀྱིལ་འཁོར་ཉེ་བར་བྱུག་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བྲ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན ་མ་ཧཱ་སྭེ་ཏཱ་ཡ། སྭེ་ཏ་གནྡྷ་བི་ཤུདྡྷཱ་ཡ། སུ་གནྡྷ་ཡ་སྭཱ་ཧཱ། དྲིའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སེ་ཏཱ་ཡ། ་ཛྱོ་ཏིསྠ། ཏཱི་ཛྱཾ་ཏི་པ་ར་སཱཧྨ། མེ་ཏོག་གི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནཱ་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྭེ་ཏཱ་ཡ། སེ་ཏ་པ་རཱ་ཡ། དྷཱུ་པ་པ ་རཱ་ཡ་སྭཱ་ཧཱ། དཀར་པོ་བསྲེས་པ་དང་ལྷན་ཅིག་པའི་བདུག་པ་དབུལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྲྀ་ཏ་ཡ ་བ་ལ་བིཪྵ་པྲ་བ་ར་བ་ར་ཤུཀླྀ་ཤུཀྟོ་ངན་བ་ར་པྲི་ཡཱ་ཡ། བ་ར་བ་ར་བ་ར་བ་ར་ཤུཀླེ་ཤུཀྐ་ཤུཀླེ་སྭཱ་ཧཱ། གཏོར་མའི་སྔགས་ཏེ། ལྷག་མ་རྩ་བའི་རིག་པ་ཉིད་ཀྱིས་དབུལ་བར་བྱའོ།། མེ་ཏོག་དང་། བདུག་པ་དང་། ་དྲི་དང་། འཕྲེང་བ་ཉིད་དཀར་པོའི་རྣམ་པ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་སྦྱིན་སྲེག་བྱའོ།། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཟླ་བ་ཉའི་བར་དུ་ཏིལ་མར་ལ ་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག་དང་། རིག་པ་འཛིན་པ་གོས་དཀར་པོ་བགོས་ཏེ་ཙཱ་རུའི་སྟོན་མོ་བཟའ་ཞིང་མཆོད་ཕྱིར་ཐོགས་དཀར་པོ་འཆང་བ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་སྦྱིན་སྲེག་ལ་སོགས་པ ་བྱའོ། ། མཆོད་པ་ཆེན་པོ་བྱས་ནས་ཉིན་མཚན་དུ་གཏོར་མའི་མཆོད་པ་ལ་སོགས་པ་བྱའོ།། སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་བྱུང་བའི་བར་དུ་བཟླས་པ་བྱའོ།། ལྷའི་རྔ་བོ་ཆེ་སྒྲ་དབྱངས ་ཐོས་པ་དང་། ས་རབ་ཏུ་གཡོ་བ་དང་། ནམ་མཁའ་ལ་མེ་ཏོག་གི་ཆར་དང་། རས་རིས་ལས་ཀྱང་འོད་ཟེར་འབྱུང་བར་འགྱུར་རོ།། བར་སྐབས་འདིར་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ ་འབྱོན་ཏེ། དམྱལ་བ་དང་། ཡི་དག་སྣ་དང་། དུད་འགྲོ་རྣམས་སྐད་ཅིག་དེ་ལ་ཞི་བར་འགྱུར་རོ།། བྱོན་པ་ལ་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་གསུང་བར ་འགྱུར་ཏེ། ཅི་འདོད་པ་དེ་རྣམས་སྦྱིན་པར་བྱེད་དོ།། རིག་པ་འཛིན་པ་དེ་ཉིད་དམ། རིག་པ་འཛིན་པའི་རྒྱལ་པོ་ཉིད་དམ། རྒྱལ་སྲིད་ཆེན་པོར་ལུས་ཡོངས་སུ་བརྗེ་བ་ཉིད་དམ། ས་འོག་ཏུ་འཇུག་པ་ཉིད་དམ། ་མིག་སྨན་དང་། ལྡོང་རོས་དང་། གི་ཧཾ་ངམ། ཐོས་པ་འཛིན་པ་ཉིད་དམ། མངོན་པར་ཤེས་པ་ལྔའང་རུང་སྟེ། གང་དོན་དུ་གཉེར་བ་དེ་རྙེད་དོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན ་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ། དཀར་མོ་ཆེན་མོའི་རྟོག་པ་ཡོངས་སུ་རྫོགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྤྱན་རས་གཟུགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གཟིགས་པར་བྱས་ནས། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཆེན་པོའི་རྟོག་པའི་རྒྱལ་པོ ་ཐམས་ཅད་ཀྱི་རྗེས་སུ་སོན་པ་པོ་ཞེས་བྱ་བའི་རིག་པའི་རྒྱལ་པོ་བཀའ་སྩལ་ཏོ། ། དེ་ལ་འདི་རྣམས་ནི་གྲུབ་པའི་སྔགས་ཀྱི་ཆོ་ག་རྣམས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བེ་དྷི ་སརྦཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བི་མུཀྟི་ཙེ་ཏ་པཱ་ཡ། བི་ཛ་ཡ། པ་རཱ་ཀྲ་མཱ་ཡ། ཨ་པྲ་ཏི་ཧ་ཏ། གྲཱི་ཡཱ་ཡ། ཨ་པ་རི་མི་ཏ། དྷརྨྨ་དེ་ཤ་ཧ་ནཱ་ཡ། དུཿཁ་བི་ཤོ་དྷ་ནཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ ་ཏེཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨཏྟ་པ་རི་དྲ་ན་ཧྲྀ་ད་ཡ་མ་བརྟ་ཡི་ཥྱ་མི་མི་ཏི། ཏདྱ་ཐཱ། ལཾ་བེ་ཨཱ་ལཾ་བེ་ལམྦ་པྲ་མུཀྵ་ལམྦ་བྷི་རེ། ལམྦ་བིདྷ་ཡ་ཏེ། ན་མཿཀཱ་རུ་ཎི་ཀཱ་རུ་ཎེ། ཀཱ་རུ་ཎ་ཡ་ཏི། ་བྷོ་མུ་ནེ་ཀུ་རུ། དྷྱཱརྞྞ་ཧྲྀ་ད་ཡེ་ཀཱ་རུ་ཎཱནྣ་ན་མཿཏུ་ཏེ་ཤཱནྟ་མུཀྵེ་ཙ། ཤཱ་ནེ་ཀ་ཡ་བི་བྷྱོ། སྱཱ་ཏ་ཤཱནྟ་པྲ་དྷཱ་ཏྭེ། ནི་ཏྱཾ་བྷ་ག་བ་ཏྱ། ན་མ་སྟུ་ཏེ། སུ་རུ་སུ་རཱ། ཨཱ་གཙྪ་ཨཱ་གཙྪ་བྷ་ག་བཱན་མ་མ་བ་ར་ད་དཱི་སྱ་སི་དུཿ ་ཁི་ཏཱ་ནཱ་མ་ས་ར་དྲི་ཎི་ཀ་རཾ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ། སེམས་ཅན་ཐམས་ཅད་མི་འགྲོ་བར་བྱེད་པ། རིག་པའི་རྒྱལ་པོ་ཆེན་པོ་དྲན་པ་ཙམ་གྱིས་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པ། ཉམ་ཐག་པ་རྣམས་ཡོངས ་སུ་སྐྱོབ་པར་བྱེད་པ། ངན་འགྲོ་རྣམ་པར་ཟློག་པར་བྱེད་པ། བཀླགས་པས་གྲུབ་པ། མདོར་ན་འཇིགས་པ་ཐམས་ཅད་ལ་དྲན་པ་ཙམ་གྱིས་འདིའི་གྲོགས་བརྒྱད་སྲུང་བ་ལ་སྦྱོར་བ། རིག་པའི་རྒྱལ་པོ་འདི་རྗོད་པར ་བྱེད་པ་དང་། སྒྲུབ་པར་བྱེད་པ་དང་། ཡོངས་སུ་འཇུག་པར་བྱེད་པ་དེ་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ།། དབུལ་པོར་གྱུར་པའི་རིགས་ཀྱི་བུ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ ་ཀློག་པར་བྱེད། བཟླས་པར་བྱེད། སྒྲུབ་པར་བྱེད། སེམས་ལ་རྗེས་སུ་ཆགས་པར་བྱེད་པའང་དེ་ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི། བཅོམ་ལྡན་འདས ་སྤྱན་རས་གཟིགས་དབང་ཕྱུག་བྱོན་པ་བྲི་བར་བྱ་སྟེ། མི་འཇིགས་པ་སྦྱིན་པ། རལ་པ་གྱེན་དུ་བརྫེས་པ། སྐུལ་སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པ། སྤྱན་གསུམ་པ། ཟླ་བའི་འོད་ཟེར་རབ་ཏུ་བབང་བ། ་འཇིགས་པ་བརྒྱད་པོ་ཐམས་ཅད་སྐྱོབ་པ། བཅོམ་ལྡན་འདས་འོད་དཔག་མེད་དབུ་ལ་བཞུགས་པ། མཆོད་ཕྱིར་ཐོགས་དཀར་པོ་ཅན་བྲི་བར་བྱའོ།། སྒྲུབ་པ་པོའང་སྔར་བཞིན་དུའོ།། ་རྣམ་པ་འདི་ལྟ་བུའི་རས་རིས་བྲིས་ནས་མཆོད་པ་ཆེན་པོ་བྱ་སྟེ། འདི་ཉིད་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་ཆོགས་དབུལ་ལོ།། གང་བྱེད་པ་ལ་གཅིག་ཏུ་དཔའ་བས་རིག་པའི་རྒྱལ ་པ་ཨོ་ཆེན་པོ་འདི་དུས་མ་ཡིན་པར་གསོ་སྦྱོང་ལ་གནས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བྱམས་པའི་བདག་ཉིད་ཅན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོན་པས་སྟོང་ཕྲག་བརྒྱད་བཟླས་པ ་བྱའོ། ། དེ་ནས་གྲུབ་པར་འགྱུར་ཏེ་གང་འདོད་པ་དེ་ཐམས་ཅད་དང་། ལས་ཕྲན་ཚེགས་ལ་སོགས་པ་བྱེད་དོ།། ཆུས་དུག་འཇོམས་པར་བྱེད་དོ།། ཀུ་ཤས་བྱབས་པས་རིམས་ཉིན་གཅིག་པ་འམ། ཉིན་གཉིས་པ ་འམ། ཉིན་བཞི་པ་ལ་སོགས་པ་འཇོམས་པར་བྱེད་དོ།། སྔགས་བཟླས་པ་ཉིད་མེ་ཏོག་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། མདོར་ན་བྱབས་པས་ནད་ཐམས་ཅད་འཇོམས་པར་བྱེད་དོ།། འདིའི ་སྒྲུབ་ཐབས་སུ་གྱུར་པ་ནི་རས་རིས་སྔར་བརྗོད་པའི་གནས་སུ་བཞུགས་སུ་གསོལ་ནས་འབུམ་བཟླས་སོ། ། མཐར་མཚན་མོ་གཅིག་སྦྱང་བར་གནས་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ཏེ། གཏོར་མ་ནི་དཀར ་གསུམ་དུ་འགྱུར་རོ། ། མཆོད་པའི་ཆོ་ག་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། སྲོང་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མར་གྱུར་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ།། རས་རིས་རབ་ཏུ་འགུལ་བ་དང་། ་མར་མེའི་རྩེ་མོ་འཕེལ་ནས་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ།། མ་གྲུབ་ན་ཡུལ་རྙེད་དོ།། མི་འཇིགས་པ་ཐམས་ཅད་རབ་ཏུ་སྦྱིན་ནོ།། བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ནད་ཐམས ་ཅད་རབ་ཏུ་ཞི་བར་བྱེད་དོ། ། འཆིང་བ་ཐམས་ཅད་གཅོད་པར་བྱེད་དོ།། ཡང་ན་དྲན་པས་འགྲོ་བར་བྱེད་དོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ ་པོར། སེམས་ཅན་ཐམས་ཅད་རྗེས་སུ་སོན་པར་བྱེད་པ་པོ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས ་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། གསེར་འོད་ཅེས་བྱ་བའི་རིག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་ཆེན་པོར་བཅོམ་ལྡན་འདས་མའི་ཡང་རྟོག་པའི་རྒྱལ་པོ་ཆེན་པོ་བཀའ ་སྟུསྱཱ་ལ་ཏོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། པྲ་ཛ་ལི་ཏ་ཧསྟ་ཀ་མཎྜ་ལུ་པྲི་ཡཱ་ཡ། ཏདྱ་ཐཱ། སུ་ར་སྱ་ཨ་མྲྀ་ཏ་ཨ་པྲ་ཏི་ཧ་ཏཾ། བེ་བེ་ཙ་ཙ་རེ་ཙནྡ ་རཾ་བེ་བེ་རུ་རུ་བེ་རུ་རུ་ཏྭེ་ཐཻ་ཐེ་ཐེ། ས་ར་དྷེ། ས་ར་ས་ར་དྷི། གུ་གུ་མེ་གྷ་ནེ་གྷ་ན་གྷ་ནེ། ཨ་པྲ་ཏི་ཧ་སྟེ་བུདྡྷ་སཏྱ་དྷརྨྨ་སཏྱེ་ས་གྷ་སཏྱཾ་ཨུ་པ་རི་སརྦེ་ན་བྷ་ག་བན་ས་མ་ཡ་མ་ནུ་སྨ་ར། པདྨ་གརྞྞ་སྭཱཧཱ། པདྨ་སུ་བརྞ་ཏི་སྭཱ་ཧཱ། པདྨ་ཛས ་པདྨ་པྲི་ཡཱ་ཡ་སྭཱ་ཧཱ། པདྨ་སུ་པྲ་ཏིཥྛི་ཏ་ཙ་ར་ཏཱ་ཡ་སྭཱ་ཧཱ། སརྦ་བྷ་ཡ་ད་སྭཱ་ཧཱ། ཨཱརྱ་ཨ་མི་ཏཱ་བྷ་ས་མཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་གསེར་འོད་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་སངས་རྒྱས་དུ་མས ་རྗེས་སུ་གནང་བ། གསེར་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱེད་པ། བཀླགས་པས་གྲུབ་པ། གནོད་སྦྱིན་ཐམས་ཅད་ལས་གྲོལ་བར་བྱེད་ཅིང་འཕོ་བར་བྱེད་པ། བཟླས་པ་ཙམ ་གྱིས་ནད་ཐམས་ཅད་སེལ་བར་བྱེད་པའོ། ། དེ་ནས་འདིའི་རས་རིས་ཀྱི་ཆོ་གར་འགྱུར་ཏེ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་མདོག་ལྟར་སྣང་བ། རལ་པ་གྱེན་དུ་བརྫེས་པ། ཕྱག ་གཡས་པས་མི་འཇིགས་པ་སྦྱིན་པ། པདྨའི་འཕྲེང་བས་སོ་སོར་བརྒྱན་པ། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས་པ། གོས་དཀར་པོ་ཅན། བཞིན་རབ་ཏུ་འཛུམ་པ། ཞབས་གཉིས་པདྨ་ལ་གནས་པའོ།། སྒྲུབ་པ་པོའང ་། སྤོས་ཕོར་ལག་ན་ཐོགས་པ་སྟེ་སྔར་བཞིན་ནོ།། དེ་ལྟ་བུའི་རས་རིས་ཀྱི་ཆོ་ག་བྱས་ནས་སྔར་བརྗོད་པའི་གནས་སུ་བཞུགས་ནས་འབུམ་ཕྲག་ལྔ་བཟླ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལེ་ཀི་ཏེ་ཤྭ ་རཱ་ཡ། བོ་དྷི་སཏྐཱ་ཡ། མ་ཧཱ་སཏྭཱ་ཡ། ཛ་ལེ་ཛ་ལེ་ད། ཤུ་ཙ་དུརྦ་ཙེ་ཨ་པྲ་དེ་ཤུ་ཙི་ནི་པྲ་བྷུ་ཏེ་སྭཱ་ཧཱ། ཉེ་བར་བྱུག་པའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ ་སཏྭཱ་ཡ། པདྨ་གརྦྷེ། སུ་གནྡྷ་ཡ། མུ་རུ་སུ་རུ་སྭཱ་ཧཱ། དྲིའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བྷཱུ་བཿདྷཱ་དྷཱུ་བ། བི་དྷ་ཙནྟ ་ཙ་ལེ་ཙ་ལེ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཾ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། པདྨ་ཤྲཱི་ཡེ་བ་ར་བ་རི་ལེ་སྭཱ་ཧཱ། བདུག་པའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་མྲ་ཏེ་ཨ་མྲྀ་ཏེ། ག་ཧ་རེ་སུ་མུ་ཁེ་སྭཱ་ཧཱ། གཏོར་མའི་སྔགས་སོ།། དེ་ལྟར་སྔ་མ་བཞིན་དུ་བྱས་ཏེ། ཨ་ཀ་རུའི་སྦྱིན་སྲེག་གིས་གང་འདོད་པ་དེ་རྙེད་དོ།། ་ཙན་དན་གྱི་སྦྱིན་སྲེག་གིས་འགུགས་སོ།། སྣ་མའི་མེ་ཏོག་གི་སྦྱིན་སྲེག་གིས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་རས་རིས་ཀྱི་སྤྱན་སྔར་མཆོད་པའི་ཆོ་གས ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ། ཇི་སྲིད་ཟླ་བ་ཉ་བའི་བར་དུའོ།། མཚན་མོ་གསུམ་སྦྱང་བར་གནས་པས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་མམ། ཆུ་གླིང་དུ་རས་རིས་བཞུགས་ནས་མཆོད་པའི་ཆོ་ག་བྱ་སྟེ། ་སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ།། རས་རིས་རབ་ཏུ་འགུལ་བ་འམ། མར་མེའི་རྩེ་མོ་མངོན་པར་འཕེལ་ལམ། ནམ་མཁའ་ལ་མེ་ཏོག་གི་ཆར་འབབ་བམ། འབྲུག ་གི་སྒྲ་ཐོས་པའང་རུང་སྟེ། རས་རིས་འགུལ་བས་ནི་རྒྱལ་པོ་ཆེན་པོར་འགྱུར་རོ།། མར་མེ་འཕེལ་ན་གྲོང་གི་རྗེ་བོར་འགྱུར་རོ།། མེ་ཏོག་བབས་ན་ཡུལ་གྱི་བདག་པོར་འགྱུར་རོ།། འབྲུག་གི་སྒྲས་གྲོང་བཅུ་དྲུག་སོ་སོར ་རྙེད་དོ། ། མ་གྲུབ་ན་ལས་དང་ཡོ་བྱད་ཐམས་ཅད་ཡང་དག་པར་འབྱོར་པར་འགྱུར་རོ།། ནད་ཐམས་ཅད་སྤངས་པར་འགྱུར་རོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོར།། གསེར་འོད་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས ་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་རྒྱ་པོ་ཏོད་པའི་རྒྱལ་པོ་ཆེན་པོའི་མཐུ་ཡང་དག་པར་བ ་སྟན་པའི་ཆེད་དུ། སངས་རྒྱས་བཅུ་གཉིས་ཀྱིས་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡིད་ལ་བྱས་ནས་བཀའ་སྩལ་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི ་། སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སརྦ། ཊཱ་ས་ཊ་ས་ར་ས་རཱ་ཎི་ཤུདྡྷི་བི་ཏྲི་མུ་ཁེ་བི་ཛ་ཡེ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་རིག་པའི་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན ་པོ་སྟེ། གང་ལ་ཀློག་པར་བྱེད་པ། ཟློས་པར་བྱེད་པ་དེས་སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་ལ་ཕྱག་བྱས་པར་འགྱུར་རོ།། འདི་རྟག་ཏུ་བཟླས་པས་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྱུར་རོ།། ། ་སྐྱེ་བ་བརྒྱ་ཕྲག་བཅུ་གཉིས་སུ་སྐྱེ་བ་དྲན་པར་འགྱུར་རོ།། དུས་ཐམས་ཅད་དུ་མངོན་པར་ཤེས་པ་ལྔ་དང་ཐུན་མཚམས་གསུམ་དྲན་པར་འགྱུར་རོ།། དེའི་ནད་ཐམས་ཅད་དང་ཤ་ཟ་ལ་སོགས་པ་རྣམས་དང་། སྲིན་པོ ་ལུས་ལ་འཕོ་བར་མི་འགྱུར་ཏེ། བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུའང་དེ་ལྟར་འགྱུར་རོ།། འདིའི་རས་རིས་ཀྱི་ཆོ་ག་ནི་མ་ཉམས་པའི་རས་སྔར་བརྗོད་པའི་མཚན་ཉིད་དང་ལྡན་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་ཀུན་ནས་བྲི་བར་བྱའོ། ། རལ་པ་གྱེན་དུ་བརྫེས་པ་དཀར་པོ་ཕྱག་ན་པདྨ་སྟེ་གཡས་པས་མཆོག་སྦྱིན་པ། གཡོན་པའི་ཕྱག་གིས་པདྨ་བསྣམས་པ། དེའི་སྟེང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་གཉིས་བྲི་བར་བྱའོ།། ་གསེར་མདོག་མི་འཇིགས་པ་རབ་ཏུ་སྦྱིན་པའོ།། འདི་ལྟ་སྟེ། པདྨའི་བླ་མ་དང་། ཡོན་ཏན་བླ་མ་དང་། ཡེ་ཤེས་དབང་ཕྱུག་དང་། རྟག་པར་སྒྲ་དབྱངས་དང་། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ་ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་དང་། འོད་དཔག་མེད་དང་། མི་འཁྲུགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འདི་རྣམས་ཀུན་ནས་བྲི་བར་བྱའོ།། དེ་ལྟ་བུའི་རས་རིས ་འདྲིར་བཅུག་ནས་སྔར་གསུངས་པའི་གནས་སུ་བཞུགས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། འདི་ཉིད་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དབུལ་བར་བྱའོ།། གང་བྱེད་པ་ལ་གཅིག་ཏུ་དཔའ་བས་འབུམ ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་མཚན་མོ་གསུམ་དུ་སྦྱང་བར་གནས་ཏེ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་མིག་སྨན་ནམ། ལྡོང་རོས་སམ། གིའུ་ཝཾ་ཡང་རུང་སྟེ་སྟོང་དུ་བཟླས་པའི་རས་རིས་ཀྱི་སྤྱན་སྔར་ཨ་ཤྭཏྠའི ་འདབ་མའི་ནང་དུ་གཏུམས་ཏེ། ཇི་སྐད་གསུངས་པའི་ཆོ་གས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། སྲོད་ནས་བརྩམས་ཏེ་ཇི་སྲིད་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་ཟླས་པར་བྱའོ།། དྲོ ་བར་བྱེད་བཞིན་པས་ནི་ཐིག་ལེ་བྱས་ན་ཐམས་ཅད་དབང་དུ་བྱེད་དོ། ། དུ་བ་འཐུལ་བཞིན་པས་ནི་མི་སྣང་བར་འགྱུར་རོ།། འབར་བས་ནི་ནམ་མཁའ་ལ་འགྲེའོ།། རས་རིས་རབ་ཏུ་འགུལ་ན་རྒྱལ་སྲིད་དུ་འགྱུར་རོ།། ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། སངས་རྒྱས་བཅུ་གཉིས་ཀྱིས་མངོན་པར་དབང་བསྐུར་བ་ཞེས ་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན ་པའི་ཏིང་ངེ་འཛིན་སྒོམ་བཞིན་པས། ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ཡང་དག་པར་དགོངས་ནས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོར་ལྷག་པར་མོས་པའི་འཕྲེང་བ ་ཞེས་བྱ་བ་སངས་རྒྱས་ཀྱིས་གསུངས་པ་འདི་བཀའ་སྩལ་ཏོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ན་མོ་ན་མ། སརྦ་བོ་དྷི་སཏྭཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ ་། ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། མཎྜ་མརྡྷ་བི་ཤཱ་ལ་ཀཱིརྟི་སརྦ་བིདྱཱ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ལྷག་པར་མོས་པའི་འཕྲེང་བ་ཞེས་བྱ་བའི་རིག་པའི་རྒྱལ་མེ་ཆེན་མོ་སྟེ། སངས་རྒྱས་དུ་མས་རྗེས་སུ་གནང་བ། བྱང་ཆུབ ་སེམས་དཔའ་དུ་མའི་ཏིང་ངེ་འཛིན་ཡང་དག་པར་སྐྱེད་པར་བྱེད་པ་འདི་བསྒྲུབ་པར་བྱའོ། ། དབུལ་པོ་གང་ལ་ལ་བསྒྲུབ་པར་བྱ་བ་རས་རིས་ཟླ་བའི་ནང་དུ་དེའི་འབྱོར་པ་རྒྱས་པར་འགྱུར་རོ།། དབུལ་པོ་ཐོབ་པ་གང་ལ་ལ་རིག་པ ་འདི་དོན་ཆེན་པོ་སྦྱིན་པས་མཆོད་པ་བྱ་བར་འགྱུར་རོ། ། འཇིག་རྟེན་གྱི་རྣམ་པར་འབྱོར་པ་སྒྲུབ་པར་བྱེད་པའི་ལས་སོ།། དེ་ནས་སྒྲུབ་ཐབས་སུ་འགྱུར་བ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སྔར་བརྗོད་པའི ་རས་རིས་བྲི་བར་བྱའོ། ། དགུ་པ་ནས་བརྩམས་ཏེ་དཀར་པོའི་ཟླ་བ་ཉ་ལ་ཡོངསུ་རྫོགས་པར་བྱེད་དུ་གཞུག་པར་བྱའོ།། པདྨ་དཀར་པོའི་གདན་ལ་བཞུགས་པ། རལ་པ་གྱེན་དུ་བརྫེས་པ། འཕགས་པ་འོད་དཔག་མེད་གཉིས་པ ་སྟེང་དུའོ། ། རང་གི་གཞོགས་སུ་ཤཱཀྱ་ཐུབ་པའང་ངོ་།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་དཔལ་ཆེན་མོ་བྲི་བར་བྱའོ།། གཡོན་གྱི་གཞོགས་སུ་རྡོ་རྗེ་སྡེ་བྲི་བར་བྱའོ།། སྐུ་མདོག་དཀར་པོ་སྟོན་ཀའི་སྤྲིན ་། ལྟར་དཀར་བ། ཕྱག་ན་རིལ་བ་སྤྱི་བླུགས་དང་ཆུ་སྣོད་བསྣམས་པའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ཨ་ཏི་མུཀྟ་ཀའི་མེ་ཏོག་གོ། འཕགས་པ་འོད་དཔག་མེད་ལ་བརླའི་མེ་ཏོག་གི་འཕྲེང་བའོ།། ་ཤཱཀྱ་ཐུབ་པ་ལ་སྣ་མའི་མེ་ཏོག་གི་འཕྲེང་བའོ།། དཔལ་ཆེན་མོ་ལ་ན་ག་གེ་སར་གྱི་མེ་ཏོག་གི་འཕྲེང་བའོ།། རྡོ་རྗེ་སྡེ་ལ་མེ་ཏོག་དཀར་པོའི་འཕྲེང་བ་དང་བདུག་པ་དྲི་ཞིམ་པོ་རྣམས་ཇི་ལྟར་འབྱོར་པ་དབུལ་བར་བྱའོ།། སྔར ་བརྗོད་པའི་གནས་སུ་རས་རིས་བཞུགས་སུ་གསོལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་ཟླ་བ་ཉ་ལ་རས་རིས་ལ་མེ་ཏོག་གི་འཕྲེང་བ་ལ་སོགས་པའི་མཆོད་པ་ཆེན་པོ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར ་འདུག་སྟེ། འདི་ཉིད་ཀྱིས་གང་བྱེད་པ་དེ་ཐམས་ཅད་ལ་གཅིག་ཏུ་དཔའ་བས་བྱའོ།། རིག་པའི་རྒྱལ་མོ་ཆེན་མོ་གང་ཇི་སྲིད་འཕྲེང་བ་ཐམས་ཅད་རབ་ཏུ་གཡོ་བའི་མཚན་མ་འབྱུང་གི་བར་དུ་བཟླས་པར་བྱའོ།། དངོས་གྲུབ ་ཀྱི་མཚན་ཉིད་ནི་གང་གི་ཚེ་མངོན་པར་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ། ། གང་ཐམས་ཅད་དུ་རས་རིས་ཀྱི་སྤྱན་སྔར་ཏིལ་གྱིས་མངོན་པར་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་དྲུག་བྱས་ན་རྒྱལ་སྲིད་རྙེད་དོ།། ཡུལ ་གྱི་ལོངས་སྤྱོད་འདོད་ན་རས་རིས་ཀྱི་སྤྱན་སྔར་ཡུངས་ཀར་དང་། ཏིལ་དང་། ཙེ་ཀ་ཏའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་ན་ཡུལ་རྙེད་དོ།། རས་རིས་ཀྱི་སྤྱན་སྔར་མར་དང་སྦྲང་རྩི་བཏགས་པའི་ཏིལ་དང་། གུར་ཀུམ་དང་། ་སྲ་རྩི་པོག་དང་། ན་ལེ་ཤམ་དང་། རུ་རྟ་རྣམས་འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཆེན་པོ་རྙེད་དོ།། མ་གྲུབ་ན་ཡུལ་རྙེད་དེ་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ།། བཅོམ་ལྡན་འདས་མ ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ། ལྷག་པར་མོས་པའི་འཕྲེང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡོངས་སུ་རྫོགས་སོ།། ། ་། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། ཁྱོད་ཀྱི་རིགས་ཀྱི་ལྷ་རྣམ་པ་སྣ་ཚོགས་པའི་གཟུགས་ཅན་རྒྱུན་དུ་གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་མོ་དང་། ལྷའི་མེ་ཏོག་དང་། ཟླ་བ་ཉིད་དང་། ཞི་བར ་འདོད་པ་དང་ལྡན་པའི་ཐབས་དེ་རྣམས་ཀྱང་དགུགས་པའི་ཆེད་དུ་སྔགས་འདི་མངའ་བདག་ཏུ་བྱ་བར་འགྱུར་རོ། ། འདིར་གནོད་སྦྱིན་ཐམས་ཅད་དགུག་པར་བྱེད་པའི་སྔགས་ཆེན་པོའི་ཚིག་རྣམས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ ་། ནམོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་ས་ནཱ་པ་ཏ་ཡེ། ན་མ་ཨཱ་རཱུ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཡཀྵ་ཛྲམྦྷ་ན་མུཀྵ་ཡ། སརྦ་ཡཀྵོ་ཧྲྀ་ད་ཡཾ། གུ་ཧྱཿས་དྷི་པ་ཏཱ་ཡ་བྷ་ར ་བྷན་ཨཱརྱཱ་བ་ལཾ་ཀ་ཏེ་ཤྭ་རཱ་ཡ། ཧྲྀ་ད་ཡ། མ་ནུ་སྨ་ར། སཏྱ་མུ་ནུ་སཱ་ལ་ཡ། ཏདྱ་ཐཱ། ཤཱི་ལེ་ཤཱི་ལ་བ་ཏི་དཱན་པྲི་ཡེ་ཤནྟི་སཏྭཱ་ང་ཪྴ་ནན་ཏ་ཐཱ་ག་ཏ་སརྦ་ཛྙཱ་དྷཱ་ནཱ་ད~ཾ་ཪྴ་ན་མ་མ་ས་རཾ་པྲ་ཡནྡྷ་སརྦ་སཏྭཱ་རྦ་ཏཱདྷ་ཡ་སྭཱ་ཧཱ། སྟོབས ་ཆེན་པོས་ཕ་རོལ་གནོན་པའི་གསང་སྔགས་འདི་གསུངས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་དུ་གནས་པ་བཀུག་ནས། གནོད་སྦྱིན་ཐམས་ཅད་ཀྱི་དབང་པོ་བྱང་ཆུབ་སེམས་དཔའི ་མཐུ་ལས་ཕྱག་ན་རྡོ་རྗེས་གསང་བའི་དབང་པོ་ཕྲན་ཚོགས་མ་ཡིན་པ་ཉིད་ཀྱིས་རྫུ་འཕྲུལ་ཆེན་པོ་དང་ལྡན་པས་ཚིག་འདི་སྨྲས་སོ། ། སེམས་ཅན་གྱི་དོན་ལ་བརྩོན་པར་སེམས་པས་གང་ལ་ལ་སྒྲོལ་མ་སྒྲུབ་པདེའི་དངོས་གྲུབ ་ངེས་པར་བྱིན་ཅིག། ཕྱེད་ཕྱེད་རྟག་ཏུ་ཕན་པས་བྱའོ།། སེམས་ཅན་ཐམས་ཅད་ཀྱིས་དེ་དྲན་པར་བྱས་ནས་ལྷ་མོ་སྒྲོལ་མ་འདི་ལུས་ཅན་རྣམས་བསྲུང་བ་དང་། བསྒྲུབ་པ་དང་། སྦ་བར་བྱའོ།། གང་བདག་གི་བཀའ་མི་བྱེད ་ན་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་དང་། རྡོ་རྗེ་འཆང་བ་སྟོབས་ཆེན་པོས་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྔོན་མ་ཅན་འདི་ནི་མཐུ་ཆེན་པོ་ཐོབ་པ། གནོད་སྦྱིན་མ་ཐམས་ཅད ་འགུགས་པར་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་བཀླགས་པ་ཙམ་གྱིས་གདུག་པ་དང་འཇིགས་པ་ཐམས་ཅད་ལས་སྲུང་བའོ། ། དེ་ནས་འདི་སྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ། སྔར་གསུངས་པའི་རས་རིས་ཀྱི་ཆོ་ག ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། རལ་པ་གྱེན་དུ་བརྫེས་པ་རིལ་བ་སྤྱི་བླུགས་དང་པདྨའི་སྡོང་པོ་ཕྱག་ན་བསྣམས་པ། ཕྱག་ན་པདྨ་གཡང་གཞི་ནག་པོ་འཕྱང་བ། གོས་དཀར་པོ་ཅན། ་སྐྱིལ་ཀྲུང་གིས་བཞུགས་པ་འདྲིར་གཞུག་པར་བྱའོ།། གཡས་ཀྱི་གཞོགས་སུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་བྲི་བར་བྱ་བ་ལ་འདི་ལྟ་སྟེ། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། རྟག་ཏུ་རེ་བོ་དང་། གངས་ལྡན་གྱི ་བུ་དང་། ནོར་བུ་བཟང་པོ་དང་། བཟང་འགྲོའི་བུ་དང་། བྱམས་པའི་བུ་དང་། དཔའ་བོ་བཟང་པོའི་བུ་དང་། ཚངས་པ་དང་། ཆུ་ལ་སེམས་ཏེ། དེ་ལྟ་བུ་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ ་མང་པོ་འདྲིར་གཞུག་པར་བྱ་སྟེ། ཁུག་མ་དང་ས་བོན་གྱིས་གང་བ་ཕྱག་ན་བསྣམས་པའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཉེ་བར་འདུག་པར་བྱའོ།། གཡོན་གྱི་གཞོགས་སུ་རྣམ་པར་རྒྱལ་བའི་མཐའ་དང་། སྡོང་པོ་དང ་རྣམ་རྒྱལ་ཐོབ་པ་དང་། མ་འགགས་པ་དང་། མཁའ་ལྡིང་རྒྱལ་པོ་ཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་འདི་རྣམས་ཐམས་ཅད་སྔར་བཞིན་ཁ་དོག་ལྗང་ཁུའོ།། བཅོམ་ལྡན་འདས་ཀྱི་གཡས་སུ་རིག་པ་འཛིན་པའང་ལག ་ན་སྤོས་པོར་ཐོགས་པ་སྔར་བཞིན་ནོ། ། རྒྱུ་སྐར་སྐག་ལ་འདྲིར་གཞུག་པར་བྱའོ།། དེ་ནས་རས་རིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། ཕྱོགས་གཙང་མ་གཞན་དུ་བཞུགས་སུ་གསོལ་ནས། སྔགས ་འདིས་སྤྱན་དྲང་བར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ན་མཿཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་ཨཱརྱ་ཡ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛ་ཡ་བི་ཛ་ཡེ་ཨཱ་གུ་རུ་ཨེ་ཧི་ཨེ་ཧི་སྠཱ་ནཱ། ་སྱཱ་ཀྲ་མ། བི་ཛ་ཡེ། བ་ཧ་ཤཱནྟི་ཀ་ར་སྭཱཧཱ། སྔགས་འདིས་བཅོམ་ལྡན་འདས་དང་གནོད་སྦྱིན་ཐམས་ཅད་སྤྱན་དྲུང་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མཿསརྦ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་ན་མ་ཨཱརྱཿ ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། ར་ར་རར་ཤཱནྟི་བི་ཛ་ཡེ་སྭཱ་ཧཱ། འདིས་དྲི་དང་བདུག་པ་ལ་སོགས་པ་ཐམས་ཅད་དབུལ་བར་བྱའོ།། དེ་བཞིན་དུ་རས་རིས་ཀྱི་སྤྱན་སྔར་འབུམ ་ཕྲག་གསུམ་བཟླས་པར་བྱའོ། ། ཟླ་བ་ཉབ་ཉིན་མཚན་དུ་སྦྱང་བར་གནས་པས་བཅོམ་ལྡན་འདས་ལ་ཞོ་དང་འོ་མའི་ཟན་གྱི་གཏོར་མ་དབུལ་བར་བྱའོ།། གཡས་ཀྱི་གཞོགས་སུ་གནས་པའི་གནོད་སྦྱིན་གྱི་སྡེང་པོ། ་། ཆེན་པོ་རྣམས་ལ་ཞོ་དང་བུ་རམ་དབུལ་བར་བྱའོ།། གཡོན་གྱི་གཞོགས་སུ་བྲིས་པ་རྣམས་ལ་ཏིལ་དང་ཏིལ་གྱི་ཐུག་པ་དབུལ་བར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་ལ་ཨ་ཀ་རུའི་བདུག་པ་དབུལ་ལོ།། དྲི ་ཙན་དན་དབུལ་ལོ། ། འཕྲེང་བ་སྣ་མའི་མེ་ཏོག་དབུལ་བར་བྱའོ།། གཡས་ཀྱི་གཞོགས་སུ་གནས་པའི་སྡེ་དཔོན་རྣམས་ལ་ཐང་ཆུ་ལྔའི་བདུག་པ་དང་། ཀ་ར་ཝཱི་ར་དཀར་པོའི་མེ་ཏོག་གོ། གཡོན་གྱི་གཞོགས ་སུ་སྲ་རྩི་པོག་གི་བདུག་པ་དང་། ཨ་ཏི་མུཀྟ་ཀའི་མེ་ཏོག་དབུལ་བར་བྱའོ།། དེ་ལྟར་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། དེ་ནས་དུས་གསུམ་དུ་དེ་བཞིན་དུ་མཆོད་པ་བྱ་ཞིང་འོ་མ་དང ་ནས་ཟན་བཟའ་ཞིང་། པདྨ་དཀར་པོ་རེ་རེ་ལ་ཡོངས་སུ་བཟླས་ནས་རས་རིས་ཀྱི་སྤྱན་སྔར་བཅོམ་ལྡན་འདས་ལ་དབུལ་བར་བྱའོ།། དེ་ལྟར་ཇི་སྲིད་འབུམ་ཕྲག་གཅིག་གི་མཐར་བྲིས་པའི་གནོད་སྦྱིན་ཐམས་ཅད་རྫུ ་འཕྲུལ་སྨྱོན་པར་བྱེད་དོ། ། རས་རིས་འགུལ་བ་དང་། མེ་ཏོག་གཡོ་བ་བླུན་མཚམས་སུ་མཐོང་ངོ་།། དེ་ནས་གྲུབ་པར་འགྱུར་ཏེ་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ།། ནམ་མཁའ་ལའང་གྲུབ་བོ་ཞེས་པའི་སྒྲ ་སོ། ། རིག་པ་འཛིན་པའི་མཆོག་སྩོལ་བར་བྱེད་དོ།། ཚོལ་བ་དེ་གནོད་སྦྱིན་ཐམས་ཅད་ཀྱི་བཀས་བྱེད་པར་འགྱུར་རོ།། མ་གྲུབ་ན་ལས་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། རྟག་ཏུ་རྨི་ལམ་དུ་གནོད་སྦྱིན་རྣམས་དགེ ་ཀྱི་ཆ་རྣམས་སུ་བཞག་ནས། ནག་པོའི་བཅུ་བཞི་པ་ནས་བརྩམས་ཏེ་མཆོད་པའི་ཆོ་ག་བྱ་ཞིང་འདི་ཉིད་ཀྱིས་འབུམ་བཟླས་པར་བྱ་སྟེ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། ཉིན་མཚན་དུ ་སྨྱུང་བར་གནས་པ་ནག་པོའི་བཅུ་བཞི་པ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དཀར་པོའི་གཏོར་མ་དབུལ་བར་བྱ་ཞིང་། ཨ་ཀ་རུ་དང་དུ་རུ་ཀའི་བདུག་པ་དབུལ་བར་བྱའོ།། འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་ལ་འོ་མ་དང་ལྷན་ཅིག་པའི་བདུག་པ་དབུལ་བར་བྱ་ཞིང་། ཁ་དོག་ཐམས་ཅད་དུ་སྣང་བ་ཐམས་ཅད་འདོད་པའི་རིགས་ལ་ཞོ་དང་། བུ་རམ་གྱི་བཟའ་བ་དང་། གུ་གུལ་གྱི་བདུག་པ་དབུལ་བར་བྱའོ།། ་རས་རིས་ཀྱི་ཕྱི་རོལ་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ཞིང་། དགེ་སློང་རྣམས་ལ་ཡོན་དང་བཅས་པའི་སྟོན་མོ་དབུལ་ལོ།། ཕྱུགས་བདག་རྣམས་ལ་ཞོ་ཟན་དབུལ་ཞིང་དེའི་ཞི་བ་ཐོབ་པར་བྱའོ།། ཇི ་སྲིད་དུ་ཟླ་བ་ཉེ་བའི་བར་དུ་དུས་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། དེ་ནས་སྲོང་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་དབང་ལྡན་གྱི་མིག་འཕྲོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ།། ་འདིར་དངོས་གྲུབ་ཀྱི་མཚན་མ་བྱུང་བ་དེ་ནས་མེ་ཏོག་གི་འཕྲེང་བ་དབུལ་བར་བྱ་ཞིང་གུ་གུལ་གྱི་བདུག་པ་དབུལ་ལོ།། གང་དཀའ་ཐུབ་པ་རྣམས་ཀྱིས་ཇི་ལྟར་བྱུང་བ་ཟོས་ནས་ཡོན་དབུལ་བར་བྱའོ།། དེ་ནས་ལས་ཐམས ་ཅད་བྱེད་དོ། ། མེ་ཏོག་གམ། འབྲས་བུ་འམ། དྲི་དང་། གོས་ལ་སོགས་པ་ལ་མངོན་པར་བསྔགས་ནས་གང་ལ་བྱིན་པ་དེ་བྲན་ཉིད་དུ་ཉེ་བར་གནས་སོ།། རྒྱལ་སྲིད་ཀྱི་ལོངས་སྤྱོད་འདོད་ན་རས་རིས་ཀྱི་སྤྱན་སྔར ་ཞོ་དང་། མར་དང་། བོ་ཐུག་གི་སྦྱིན་སྲེག་བྱ་སྟེ། འབུམ་ཕྲག་གཅིག་གི་མཐར་རིག་པ་འཛིན་པའི་གཙུག་པུད་འབར་བར་འགྱུར་རོ།། ཆད་པ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་ཐུན ་གསུམ་དུ་ཏིལ་དང་ཏིལ་གྱི་ཐུག་པའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། བུ་མོ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་ཐུན་གསུམ་དུ་དང་པོ་བཙས་པའི་བའི་འོ་མའི་སྦྱིན་སྲེག་སྟོང་ཕྲག་བརྒྱད ་བྱས་ན་རྙེད་དོ། ། ཕྱུགས་ཀྱི་བདག་པོ་རྣམས་དབང་དུ་བྱ་བར་འདོད་ན་ཐལ་བའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་ཏེ། ཞག་བདུན་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་ན་དེ་ཇི་སྲིད་འཇིག་རྟེན་པའི་ལས་ལས་འདས་པ་རྣམ་པ་སྣ ་ཚོགས་པའི་སའི་སྟེང་གི་མི་རྣམས་ཀྱི་ཏིང་ངེ་འཛིན་ཐམས་ཅད་བྱེད་དེ། སྔགས་འདི་ལ་ཐེ་ཚོམ་མེད་དོ།། འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས ་པ། དབང་ལྡན་གྱི་རིགས་ཀུན་ཏུ་འོང་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང ་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། སེམས་ཅན་ལ་རྗེས་སུ་བརྩེ་བས་བཅོམ་ལྡན་འདས་མ་ཇོག་པའི་རྒྱལ་པོ་ཆེན་པོར་འཇུག་པར་བྱེད་བཞིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྗེས་སུ་དྲན་ནས་གསུངས་པ ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། ན་མོ་བིདྷ་རཱ་ཛཱ་ཡ། ཏདྱ་ཐཱ། བི་ཤུདྡྷ་པྲ་བ། ཀརཱ་ཀརཱ་བྷ་ཤི་ཥེ་བིདྱཱ་དྷ་ར་གུ་ཧྱེ་ཀ་མ་ནུ་སྨ་ར་བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན། ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་སཏྱེ་ན། སིདྡྷནྟྲ་མེ་མནྟ་པ་དཱ་ཕཊ་ཕཊ་ཡཱ། མུ་ནི་མུ་ནཱ་ཡ། ས་མ་ཐ་ས་མཱ་ཡ། ཨུདྡྷ་རཾ་ཏེ་ཀོ་ཀ་རཱནྟེ་མ་ནུ་སྨཱ་ར་ཏྲ། ཧྲྀ་ད་ཏ་ས་ཀཱ་རཱ་ཊོ་ཊཾ། ཀ་ཊ་ཊཾ་སྭཱ་ཧཱ། འདི་ནི་མཐུ་ཆེན ་པོ་ཐོབ་པ་འཇུག་པར་བྱེད་བཞིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་བཟླས་པས་གདུག་པ་དེ་ཐམས་ཅད་འཇིགས་པར་བྱེད་པ། དུག་ཐམས་ཅད་འཇོམས་པར་བྱེད་པ། གདོན་དང་རིག་པ་ཐམས་ཅད་ཟློག་པར་བྱེད ་པ། མདོར་ན་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།། དེ་ནས་འདིའི་སྒྲུབ་པ་འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། སྐུ་མདོག་དཀར་པོ། རལ་པ་དུད ་ཁ། བཞིན་རབ་ཏུ་འཛུམ་པ། ཕྱག་གཡས་པས་མཆོག་སྦྱིན་པ། ཕྱག་གཡོན་པས་པདྨ་བསྣམས་པ། གསེར་གྱི་ཐེམ་སྐས་བཟང་པོ་ལས་འཇུག་པར་བྱེད་བཞིན་པ་བྲི་བར་བྱའོ།། ངང་པ་དང་། བྱ་ཀུ་ར་བ་དང་། ངུར ་པ་དང་། ཤང་ཤང་ཏེའུ་དང་། ནེ་ཙོ་ལ་སོགས་པ་རབ་ཏུ་བསྔགས་པའི་བྱ་རྣམས་གཡས་ཀྱི་གཡས་སུ་འཇུག་པ་སྐོར་བ་བྱེད་པ་བྲི་བར་བྱའོ།། མི་འམ་ཅི་གཉིས་གླུ་ལེན་བཞིན་པ་བྲི་བར་བྱ་སྟེ། གཡོན་པས་རྣ་བ ་འགེབས་པ་བྲི་བར་བྱའོ། ། སྒྲུབ་པ་པོའང་འོག་ཏུ་ཁ་ཕྱོགས་པ། སྤོས་ཕོར་ལག་ན་ཐོགས་པ། བཅོམ་ལྡན་འདས་འཇུག་པར་བྱེད་བཞིན་པ་ལ་ལྟ་བར་བྱེད་པ། པུས་མོ་བཙུགས་པ། གཡས་ཀྱི་འོག་ཏུ་བྱང་ཆུབ་སེམས ་དཔའི་ལུས་ལས་འོད་ཀྱིས་མནན་པ་བྲི་བར་བྱའོ། ། རྣམ་པ་དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་སྔར་བརྗོད་པའི་གནས་སུ་རས་རིས་བཞུགས་སུ་གསོལ་ཏེ། ཡང་དག་པར་བརྩམ་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཛཱ་ཏི་པྲ་ཏི་མ་མ་ཨ་བ་ཏདྱ་སྭཱ་ཧཱ། དཀྱིལ་འཁོར་གྱི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སཱུརྱ.་བ་ལོ་ཀི་ཏེ་ཤྭ་ར་ཡ། དོ་དྷི་སཏྭཱ་ཡ། མ་ཧཱ ་སཏྭཱ་ཡཱ། མུ་ནེ་མུ་ནེ་སྭཱ་ཧཱ། འདིས་ཐམས་ཅད་བྱེད་པ་སྟེ། འབུམ་ཕྲག་ལྔར་བཟླས་པ་བྱའོ།། སྔོན་དུ་བརྟེན་པ་བྱས་པར་འགྱུར་རོ།། མཐར་ཞོ་དང་། སྦྲང་ནྟི་དང་། མར་གྱིས་བཏགས་པའི་པདྨ་ཐ~ཾང་ཕྲག ་བརྒྱར་སྦྱིན་སྲེག་བྱའོ། ། མཐར་ཉིན་མཚན་དུ་སྨྱུང་བར་གནས་པ་སྟེ། དཔག་ཏུ་མེད་པ་བཟླས་པས་དངོས་གྲུབ་ཀྱི་མཚན་མ་རས་རིས་རབ་ཏུ་འགུལ་ན་ས་ཆེན་པོའི་བདག་པོར་འགྱུར་རོ།། མི་འགུལ་ན་ཡུལ་གྱི ་བདག་པོར་འགྱུར་རོ། ། རྟག་ཏུ་བཟླས་པས་གཏེར་མཐོང་བར་འགྱུར་རོ།། རས་རིས་ཀྱི་སྤྱན་སྔར་པདྨ་འབུམ་ཕྲག་བཅུ་དབུལ་བར་བྱ་སྟེ་གྲོང་རྙེད་དོ།། སྟོང་ཕྲག་སུམ་ཅུ་དབུལ་བར་བྱ་སྟེ་གྲོང་ལྔ་རྙེད་པར་འགྱུར་རོ།། ་རིག་པའི་རྒྱལ་པོའི་སྦྱོར་བས་རྟག་ཏུ་འདོད་ཅིང་དྲན་པར་བྱེད་ན་དེ་དབུལ་བར་མི་འགྱུར་རོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས ་ངེས་པར་བྱུང་བའི་འཇུག་པར་བྱེད་བཞིན་པ་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་པས། བཅོམ་ལྡན་འདས་ལ་རྟོག་པའི་རྒྱལ་པོ་ཆེན་པོ་ཡི་གེ་བཅུ་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོར་དོན་ཆེན་པོ་རྨང་དུ་བྱུང་བ། སངས་རྒྱས་བྱ་བ ་ཕྲག་བཅུས་རྗེས་སུ་ཡི་རང་བར་མཛད་པ། ཕྲ་མོ་ཐམས་ཅད་སེལ་བར་བྱེད་པ། སེམས་ཅན་ཐམས་ཅད་སྲུང་བར་བྱེད་པའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ།། ན་མོ་རཏྣ ་། ཏྲཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་གྷནྡ་ནི་ཕུ་མ་ཏ་ན་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ཡི་གེ་བཅུ་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན ་པོ་ཐོགས་པ་མེད་པ། ལས་ཐམས་ཅད་པ། སངས་རྒྱས་བྱེ་བ་ཕྲག་བཅུས་རྗེས་སུ་གནང་བ། མངོན་པར་མཛེས་པ། སྲུང་བ་ལ་རྟག་པ་ཁོ་ནར་མཆོད་པ་བྱའོ།། དེ་ནས་འདི་སྒྲུབ་པའི་མཆོད་པར་འགྱུར་ཏེ། ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས། འདི་ཉིད་ཀྱི་དྲི་དང་བདུག་ལ་སོགས་པ་ཕུལ་ནས་བྱེ་བ་བཟླས་པར་བྱའོ།། རྒྱལ་སྲིད་ཆེན་པོ་རྙེད་དོ།། འབུམ་ཕྲག་བཅུར་བཟླས་ན ་གསེར་སྟོང་རྙེད་དོ། ། མཆོད་རྟེན་གྱི་དྲུང་དུ་དཀྱིལ་འཁོར་སྟོང་ཉེ་བར་བྱུགས་ནས་དྲི་དང་བདུག་པ་ལ་སོགས་པ་ཕུལ་ཏེ་འབུམ་བཟླས་ན་གང་འདོད་པའི་རྒྱལ་སྲིད་དབང་དུ་འགྱུར་རོ།། ཆུ་ཀླུང་ཆེན་པོ་དང་། ཆུ་གླིང་དང ་མཆོད་རྟེན་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་འབུམ་ཕྲག་གསུམ་བཟླས་པ་བྱའོ། ། རྒྱལ་སྲིད་ཆེན་པོ་རྙེད་དེ་དོན་ཆེན་པོ་ཡང་དག་པར་འགྱུར་རོ།། གང་ཞིག་སྔགས་འདི་རྟག་ཏུ་དྲན་པར་བྱེད་པ་དེ་ནི་སངས ་རྒྱས་བྱེ་བ་ཕྲག་བཅུས་རྗེས་སུ་ཡི་རང་ཞིང་། རབ་ཏུ་བསྔགས་ལ་ཐམས་ཅད་སོན་པའོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྗེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས ་པར་སྐྱེས་པ། ཡི་གེ་བཅུ་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང ་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། སྤྱི་བོར་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ ་། ཡཱ་ཡ། ན་མོ་ཨཀྵོ་བྷྱ་ཡ། ཏདྱ་ཐཱ། ན་མོ་བི་མུཀྟ། དཪྵ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་གམྦྷཱི་ར་གྷོ་ཥཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ་ཀུ་མཱ་རི། ཀུ་མཱ་རི། མ་ནོ་ཛི་བེ་ཥུ་ནཱ་ཛ་ཡེ། ཤ་ར་ད་བི་ཛ་ཡཱ་ཡ། དུམ་དུ་བྷི་སྭ་རཱ་ཡ། དེ་བི་དི་བི་དེ་བི་པཱུ་ཛཾ་ཏཱ་ཡ། ན་མསླྀ་ཏ་གརྫི་ཏཱ་ཡ། ར་ར་ལ་ལ་ཁ་གཱ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། ཨ་པྲ་ཏི་ཧ་ཏ། བ་ད་ནཱ་ཡ་སཱ་ཧཱ། ་། བྲཧྨེ་ཤྭ་ར་གྷོ་ཥ་རུ་ཏྲཱ་ཡ་སྭཱ་ཧཱ། བི་ས་ཏི། ས་ཏི་རཱ་ཛཱ་ཡ་སྭཱ་ཧཱ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། མཱུརྡྷ་ནཱ་བ་ར་ཎ་སྭཱ་ཧཱ། མ་མ་ཀཨཱརྱཾ་ཀུ་རུ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་སྤྱི་བོར་མངོན་པར་དབང་བསྐུར་བ་ཞེས་བྱ ་བའི་རིག་པའི་རྒྱལ་པོ་ཆེན་པོར་བདག་གི་སྤྱི་བོར་སྐྱེས་པ། སངས་རྒྱས་བྱེ་བ་ཕྲག་དུ་མས་གསུངས་པ། སངས་རྒྱས་དུ་མའི་ཕྱག་གིས་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བ། དེ་བཞིན་གཤེགས ་པབ་འོད་དཔག་མེད་ཀྱི་གནས་སུ་གྱུར་པ། ལས་ཕྲན་ཚེགས་ཐམས་ཅད་མྱུར་དུ་བཀླགས་པས་གྲུབ་པའོ།། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་གསོ་སྦྱོང ་ལ་གནས་པས་འབུམ་བཟླས་སོ། ། གླགས་ཚོལ་བ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། རྒྱུ་སྐར་ས་གའི་ཉི་མ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་མེ་ཏོག་ལ་སོགས ་པ་ཕུལ་ནས། ཁ་ཚར་མ་བཅད་པའི་རས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། རལ་པ་གྱེན་དུ་བརྫེས་པ། པདྨ་ལ་བཞུགས་པ། བཅོམ་ལྡན་འདས་འོད་དཔག་མེད་ཐུབ་པ་ལ་ཐལ ་མོ་སྦྱར་ནས་ཕྱག་འཚལ་བར་བྱེད་བཞིན་པ་བྲི་བར་བྱའོ། ། རིག་པ་འཛིན་པ་ལག་ན་སྤོས་ཕོར་ཐོགས་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པའོ།། རྣམ་པ་དེ་ལྟ་བུ་ཕྱོགས་སམ་ཉིན་ཞག་བཅུ་གཉིས་ཀྱི་ནང་དེར ་འདྲིར་གཞུག་པར་བྱའོ། ། རྣམ་པ་དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་མཆོད་རྟེན་གྱི་དྲུང་དུ་རས་རིས་བཞུགས་སུ་གསོལ་ཏེ། དེ་ལ་འདི་ཉིད་ཀྱིས་ཐམས་ཅད་བྱས་ལ་འབུམ་ཕྲག་ལྔ་བཟླས་པར་བྱའོ།། མཐར ་མཚན་མོ་སྦྱང་བར་གནས་ཏེ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་ལ་རེ་རེ་ལ་ཡོངས་སུ་བཟླས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་བསྣུན་པར་བྱའོ། ། དེ་ལྟ་བུ་ཐུན་གསུམ་དུ་འབུམ ་ཕྲག་གཅིག་བྱས་པའི་མཐར། བཅོམ་ལྡན་འདས་ཀྱིས་མཆོག་སྩོལ་བར་འགྱུར་རོ།། གལ་ཏེ་རིག་པ་འཛིན་པ་ཉིད་ལུས་འབར་བར་བྱེད་དམ། རས་རིས་འགུལ་བ་དང་། ལྡེག་པ་དང་། མར་མེའི་རྩེ་མོ་འཕེལ་ན ་རྒྱལ་སྲིད་དོ། ། གང་ཏེ་སྒྲུབ་པ་བྱེད་པར་འདོད་ན་ཐོས་པ་འཛིན་པ་ཉིད་དམ། སྨྲ་བའི་མཆོག་ཉིད་དང་། མིག་སྨན་དང་། ལྡོང་རོས་དང་། གི་ཧང་ལ་བྱས་པ་རས་རིས་ཀྱི་སྤྱན་སྔར་ཐམས་ཅད་སྒྲུབ་པར་བྱེད་ན་དངོས ་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་སྐྱེས་པ། སྤྱི་བོར་མངོན་པར་དབང་བསྐུར་བ་ཞེས ་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུང ་ནས། བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར་འོད་དང་ལྡན་པའི་མཚན་ཉིད་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ན་མ་བི་པ་ཤྱཾ། ཤི་ཥྚི། ་བིཤྭ་བྷུ། ན་མ་ཨཱ་རུ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་ཤཱནྟ་པྲ་བྷཱ་ཡ། པྲ་མུ་དི་ཏ། ཀཱ་བ་ཙ་ནཱ་ཡ་ནི་ཏྱོ་ཏཱ་བ། ཙིཏྟ་ཡ། བྷ་ག་བན་ཧྲྀ་ད་ཡ་མ་ནུ་སྨ་ར། ཨ་ཙིཙྪ་ཎྱ ་ལོ་ཀཱ་དྷྱ་ཏོ། སརྦ་བོ་དྷི་སཏྭཱ་པཪྵ་ཏཱ་དྷྱེ་བྷཱུ་ཥི་ཏཱཾ། བུདྡྷ་སཏྱཾ། དྷརྨ་སདྡྷི། སཾ་གྷ་སཏྱཾ། ཨ་ན་བྷཱུ་མི་སཾ་ཏྱཾ། སྲྀ་ཏ་ཨཱ་པནྟི་སདྡྷི། ཡཀྵ་སརྦཾ། ཀུ་བཱདྡྷ་ས་ཏྱཾ། པྲརྦ་བོ་དྷི་སཏྭཱ་སཏྱཾ། ཧྲྀ་ད་ཡ་མ་ནུ་སྨཱ་ར་ཧེ་ཧེ་ཧེ་ཧེ ་ཧི་ཏྲེ་ཏྲེ་ཏེ་ཏྲེ་ཏྲེ་ར་ར་ར་ར་ར་ལ་ལ་ལ་ལ་ལ། ཨོཾ་ཀཱ་ར་པྲ་བེ་བྷུཾ་པཉྩ་པྲ་དྷཱ་ཤི་ཏ་ཀརྫྫ་སརྦ་བུདྡྷ་ས་རཱ་ཛི་ཏཾ་ཏཱ་མེ་བ། རཀྵཾ་བི་ད་ཏཱ་སི་ར་ས་པྲ་ཏཱ་མྱ་ཧཾ་ཁ་ག་ཁ་ག། བི་ཛ་ཨ་པ་རཱ་ཛ~ཾ་ཏཱ་ཡ་སྭཱ་ཧཱ། ཨ་བ་ལོ་ཀི་ཏེ་ཤྭ་རཱ ་བི་ཛ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་འོད་ཟེར་དང་ལྡན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ལས་ཕྲན་ཚེགས་རྣམས་ཐམས་ཅད་བཀླགས་པས་གྲུབ་པའོ།། དེ་ནས་འདིའི་སྒྲུབ་ཐབས་སུ་འགྱུར་ཏེ། ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུའམ། རིའི་རྩེ་མོ་འམ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་མམ། ཆུའི་དབུས་སམ། གླིང་དུ་འོ་མ་དང་ནས་ཟན་ཟ་བས་འདི ་ཉིད་ཀྱི་ཐམས་ཅད་བྱས་ལ་འབུམ་བཟླ་བར་བྱ་སྟེ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་མིག་སྨན་དང་། ལྡོང་རོས་དང་། གིའུ་ཝང་སྟེ། དེ་རྣམས་གཅིག་ཏུ་བྱས་ལ་ཨ་ཤྭཏྠའི་འདབ་མས ་གཏུམས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་བྱས་ནས། ཐུན་གསུམ་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རྫས་ལ་ཉི་མ་ཉི་ཤུ་རྩ་གཅིག་ཁོ་ནར་བཟླས་པར་བྱའོ།། དྲོ་བར་གྱུར་པ་དང ་དུ་བ་འཐུལ་བ་དང་། འབར་བར་གྱུར་ན་གྲུབ་པ་ཡིན་ཏེ། དང་པོས་ནི་དབང་དུ་བྱེད་དོ།། གཉིས་པས་ནི་མི་སྣང་བར་འགྱུར་རོ།། གསུམ་པས་ནི་ནམ་མཁའ་ལ་འགྲོའོ།། རས་རིས་རབ་ཏུ་འགུལ་ན་རྒྱལ་སྲིད ་རྙེད་དོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། འོད་ཟེར་དང་ལྡན་པ་ཞེས་པའི་རྟོག་པའི་རྒྱལ་པོ ་ཆེན་པོ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ ་སྒོམ་པར་བྱེད་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་པོར་རྟོག་པའི་རྒྱལ་པོར་པདྨ་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མཿསུ་བརྣ་བ་བྷཱ་སཱ་ཡ། ཏ་ཐཱ་ག་ཏཿ། ་ཨརྦ་ཏེ། སམྱ་ཀ་སེ་བུདྡྷཱ་ཡ། བེཥྚི་ཀོ་ཊི་ཡཀྵ་པ་རི་པྲི་ཏཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱཐཱ། ཨུདྒྷཛྙཱ་ཊ། པྲ་ཛྭ་ལི་ཏཱ་ཡ། པནྡྷ་ཨ་བ་བྷཱ ་ཏ་ཐཱ་ག་ཏཱ་བ་ཙ་ནེ་ན་ཏཱ་ཡ་བྷ་ཤཱི་ཏི། ཀལྤཾ། སརྦ་ཀྵ་ཡ། ཀཱིརྟ་ན་ཡ། སརྦ་སཏྭ་ཧི་ཏ། ཨ་ནུ་ཀརྷ། སརྦ་སཏྭ་པ་རཱ་ཛི་ཏཱ་ཡ། སརྦ་སཏྭ་ཧི་ཏཱརྠཱ་ཡ། སརྦ་སིདྡྷ། ཙ་ཏྱ་ཡོ་གི་ནཿན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་ཏདྱ་ཐཱ། དྷ་མ་ནི་དྷ་མ་ནི། བྷཱུརྞྞ་བ། ཨོཾ་ཨོ་ཨཽ། བི་པུ་རི་རི། པྲ་ནེ་སྭཱ་ཧཱ། བི་ཛ་ཡ་པཊ་པ་ཊ་པ་ཊ་ཀཱ་ར་སྭཱ་ཧཱ། མ་ཧཱ་ཡ་ཤ་ཨ་ནུ་མུ་ནེ་སྭཱ་ཧཱ། ཨ་པྲ་ཏི་ཧ་ན་པ་ཙི་ནེ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨ་ཀུན་ཏུ་སྣང ་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་པདྨ་ཀུན་ཏུ་སྣང་བས་དེ་བཞིན་དུ་བདག་གི་སྙིང་པོ་འདི་གང་དེ་དྲན་པ་ཙམ་གྱིས་འདིའི་འཇིགས་པ་ཆེན་པོ་ཐམས་ཅད་མེད་པར་འགྱུར་རོ། ། གང་ཡང་ཉིན་མཚན་གསུམ་དུ ་འདི་བྱས་ན་དེ་ཡུན་རིང་པོ་ནས་མཚམས་མེད་པ་ལྔ་བྱས་པ་ཐམས་ཅད་ཡོངས་སུ་སྦྱོང་བར་འགྱུར་རོ། ། རྣམ་པ་སྣ་ཚོགས་པའི་རྨི་ལམ་མཐོང་བར་འགྱུར་རོ།། སྒྲུབ་ཐབས་ཀྱི་ཆོ་ག་ནི་རིང་བསྲེལ་དང་བཅས་པའི ་མཆོད་རྟེན་ལ་དྲི་དང་བདུག་པ་ལ་སོགས་པ་ཕུལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། མཐར་མཚན་མོ་སྦྱང་བར་གནས་པས་ཟླ་བ་བཅུ་གཉིས་སུ་འོ་མ་བཅུ་གཉིས་དང་། ཞོ་བཅུ་གཉིས་དང་། བུམ ་པ་གང་བ་བཅུ་གཉིས་དང་། སྦྲང་རྩིའི་བུམ་པ་བཅུ་གཉིས་དང་། ཏིལ་དང་ཐུག་པའི་བུམ་པ་བཅུ་གཉིས་དང་། ཀུཥྨཱཎྜའི་ཁམ་ཕོར་བཅུ་གཉིས་སུ་བདུག་པ་དང་། ཁམ་པོར་བཅུ་གཉིས་སུ་པདྨ་དང་། སློང་མོའི ་ཟས་བཅུ་གཉིས་བཟའ་བར་བྱའོ། ། དེ་ནས་སྲོང་དེར་དེ་ལྟ་བུ་ལ་སོགས་པའི་མཆོད་པའི་ཆོ་ག་བྱས་ནས། དེ་ནས་གུར་ཀུམ་བྱུགས་ལ་དེར་ཨུཏྤལ་སྔོན་པོའི་ཁ་དོག་དང་མཚུངས་པའི་སྲ ་མའི་མེ་ཏོག་གི་འཕྲེང་བ་ཕུལ་ནས་མཆོད་རྟེན་གྱི་སྤྱན་སྔར་ནག་པོའི་བཅུ་བཞི་འམ། ཟླ་བ་ཉ་བ་ལ་ལག་པ་གཡས་པས་རལ་གྲི་བཟུང་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། ་མཐར་གྲུབ་པའི་མཚན་མ་ནམ་མཁའ་ནས་ལེགས་སོ་ལེགས་སོ་ཞེས་བྱ་བའི་ཚིག་ཐོས་པར་འགྱུར་རོ།། དེ་ནས་རལ་གྲི་འབར་བར་འགྱུར་ཏེ་སྐད་ཅིག་དེ་ཉིད་ལ་ལྷའི་ལུས་འཁོར་དང་བཅས་པར་འགྱུར་རོ།། ་བསྐལ་པ་ཆེན་པོར་གནས་སོ།། དེ་ནས་རལ་གྲི་འགུལ་ལམ་མཆོད་རྟེན་གཡོ་བར་བྱེད་ན་མིའི་རྒྱལ་པོར་འགྱུར་རོ།། ཡང་ན་གང་འདོད་ཅིང་དོན་དུ་གཉེར་བ་དེ་རྙེད་ཅིང་། དོན་དུ་གཉེར་བ་དེ་འགྲུབ་སྟེ་དངོས་གྲུབ་ཀྱི ་ཡུལ་རྙེད་དོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ངེས་པར་སྐྱེས་པ། པདྨ་ཀུན་ཏུ་སྣང་བ་ཞེས་བྱ་བའི ་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི ་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོར་དཔེ་བྱད་བརྒྱད་ཅུ་རྗེས་སུ་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་པ ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་དྲི་ཛཱ་ནྡྲཱ་ཡ། ན་མཿཀ་མཏྟ་ཝ་ཧསྟཱ་ཡ། ན་མཿཔདྨ་བི་དྷུ་ཥི་ཏཱ་ཡ། ན་མཿཔདྷཱ་ཡ་ནཱ་ཡཱཿ། ན་མཿཔདྨཱ་ཧ་སྟཱ་ཡ། ན་མོ་མཎྜ་ལ་ཤི་དྷཱ ་ནམོ་ཨ་ཤྲཱི་ཏྱ་ནཱ་བྱཻ་ཛ་ན། ལ་ཀཱ་ཎཱ་ཡ། ན་མོ་ཨ་སུ་རཱ། རེ་ཀུཉྩི་ཏཱ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དཔེ་བྱད་བརྒྱད་ཅུའི་རྗེས་སུ་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་སྒྲོལ་མའི་རྟོག་པ་དོན་ཆེན་པོ ་སྦྱིན་པ་པ་སྟེ། གང་ལ་ལ་འདི་དྲན་པར་བྱེད་པ་དེའི་དོན་ཐམས་ཅད་གྲུབ་པར་འགྱུར་རོ།། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་ངམ། ཆུ་གླིང་ངམ། རྒྱ་མཚོའི་ཆུ་གླིང་དུ་གང་བདེ་བར ་གཤེགས་པའི་མཐོ་གང་གི་ཚད་ཀྱི་བྱེ་མའི་རང་བཞིན་གྱི་མཆོད་རྟེན་བྱས་ཏེ། སྲོག་ཤིང་བཙུགས་ནས་དྲ་དང་བདུག་པ་ལ་སོགས་ཇི་ལྟར་འབྱོར་པས་རེ་རེའི་སྤྱན་སྔར་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། ཇི་སྲིད ་དུ་མཆོད་རྟེན་སྟོང་ཕྲག་བརྒྱད་པོ་རྫོགས་ཀྱི་བར་དུའོ། ། གལ་ཏེ་ཕྱིས་མཆོད་རྟེན་འབར་ན་ས་ཆེན་པོའི་བདག་པོར་འགྱུར་རོ།། དེ་ནས་འབར་ན་གྲུབ་པར་འགྱུར་ཏེ། དེ་ནས་ལས་ཐམས་ཅད་དུ་འགྱུར་རོ།། རྒྱལ་པོ ་འམ། རྒྱལ་པོའི་བློན་པོ་འམ། བུད་མེད་དམ། སྐྱེས་པ་དབང་དུ་བྱ་བར་འདོད་ན་མཆོད་རྟེན་གྱི་སྤྱན་སྔར་དྲི་ལ་སོགས་པ་ཕུལ་ནས་སྟོང་ཕྲག་བརྒྱད་བཟླས་པ་བྱའོ།། ཉི་མ་བདུན་ཐུན་གསུམ་དུ་བྱས་ན་དགའ་བར ་འགྱུར་རོ། ། གང་བླངས་པ་དེ་རྙེད་དོ།། འཇིགས་པ་ལ་དམ་ཚིག་ལ་གནས་ཏེ་བཟླས་པ་བྱས་ན་འཇིགས་པ་མེད་པར་འགྱུར་རོ།། ལས་ཕྲ་མོ་རྣམས་བཀླགས་པ་ཙམ་གྱིས་གྲུབ་ཏེ། ལས་ཐམས་ཅད་བྱེད་དོ།། ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། དཔེ་བྱད་བརྒྱད་ཅུའི་རྗེས་སུ་བྱེད་པ ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ ་། བཞིན་དུ། བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་རྒྱན་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བི་མུཀྟི་ཏེ་ཛ། ཨ་བྷ་ཡ་དྷརྨ། ར་སི་གུ་ན་སཱ་ག་ར་པདྨེ་མ་ན་སི། བྲཧྨནྣ་པྲ་ཏི་པནྣ་མ་ཧོ་ཏྱ་ཏ། ཏདྱ་ཐཱ། ད་མ་ན། དཱ་མ་ནི། ཏུ་རུ་ཏུ་རུ། ཏིཥྛ་ཏིཥྛ་ཏི། མ་དྷུ་མ་བྷུ་མད་དྷི་ང་དྷི། སརྦ ་ཀཨཱརྱཾ་ཀུ་རུ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ཡོན་ཏན་གྱི་རྒྱན་ཅེས་བྱ་བ། སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་སྦྱིན་པ། གང་རིག་པའི་རྒྱལ་པོ་ཡོན་ཏན་གྱི་རྒྱན་འདི་རྟག་ཏུ་དྲན་པར་འགྱུར་བ་དེ་དུས ་རིང་པོར་མི་ཐོགས་པར་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། སྔར་བརྗོད་པའི་ཆོ་གས་བཅོམ་ལྡན་འདས་འོད་དཔག་མེད་ཐུབ་པའི་རས་རིས་འདྲིར་གཞུག་གོ།། འདབ ་མ་སྟོང་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ་འདྲིར་གཞུག་པར་བྱའོ།། གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་ལ་བཞུགས་པ། སྐུ་མདོག་དཀར་པོ ་རལ་པའི་ཅོད་པན་འཆང་བ། བཅོམ་ལྡན་འདས་ལ་ཕྱག་འཚལ་བཞིན་པའོ།། དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་པོར་ཐོགས་པ། པུས་མོ་བཙུགས་པ་སྟེ་སྔར་བཞིན་ནོ།། རིང་བསྲེལ་དང་བཅས་པའི་མཆོད་སྟེ། ་དུ་རས་རིས་དེ་བཞུག་སུ་གསོལ་ནས། ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་དགེ་བས་གསོ་སྦྱོང་ཡན་ལག་བརྒྱད་པ་དང་། བྱམས་པ་ལ་གནས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཟླ་བ་ཉ་ལ་སྟོང་ཕྲག་བཅུར་བཟླས་པར ་བྱའོ། ། འདིས་སྔོན་དུ་བསྙེན་པ་བྱས་ན་མཆོད་རྟེན་དེ་ཉིད་ལ་པདྨ་རེ་རེ་ལ་ཡོངས་སུ་བཟླས་ནས་རས་རིས་ཀྱི་སྤྱན་སྔར་དབུལ་བར་བྱའོ།། ཉི་མ་རེ་རེ་ལ་སྟོང་དབུལ་བར་བྱ་སྟེ། གང་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད ་བཅུ་གཉིས་ཀྱི་བར་དུའོ། ། མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨ་དཀར་པོ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱའོ།། རས་རིས ་ཀྱི་འཕྲེང་བ་གཡོ་བ་དང་མར་མེ་འཕེལ་ཏེ་གཞན་དུ་འཕྲོ་བར་བྱེད་ན། འདི་ནི་དངོས་གྲུབ་ཀྱི་མཚན་མ་སྟེ་རྒྱལ་སྲིད་ཆེན་པོ་རྙེད་དོ།། མ་གྲུབ་ན་ཡུལ་རྙེད་དོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི ་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ངེས་པར་སྐྱེས་པ། ཡོན་ཏན་གྱི་རྒྱན་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། །། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར་བདེ་བ ་ཅན་གྱི་བཀོད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་ས་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨུརྡྷ་པྲ་ཛྭ་ལི་ཏ་ཛ་ནཱ་ཡ། སུ་ཁཱ་བ་ཏྱཾ། བྲ་མོ་ཙ་ཏེ། ཏདྱ་ཐཱ། བྷ་ག་བ་ཏོ། ཨ་མི་ཏཱ་བཱ་ས་ཡ། པཱ་དཱ་མཱུ་ལེ། མ་མ་ཙ་ཧྲྀ་ད་ཡ། པྲ་ཏི་གྲྀཧྞ་ཏུ་བྷཱ་ག་བཱན། མ་མ་ཨ་ནུ། ་། ཀམྨ་མུ་ས་ཏ་ཡི། ཏདྱ་ཐཱ། སཱ་དྷུ་སཱ་དྷཱ། སུཥྐུ་པ་རི་ཥཱ་མི་ཏི་ལཾ་གྷ་ལདྦྷཿཛྱོ་ཏི་ཥྤ་པ་ཏི། བི་བྷུ་དྷ་པདྨ་ཧསྟཱ་ཡ་སུ་མེ་ས་མེ། བི་སུ་མ་གི་རི་གི་རི་ཎི་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ ་རིག་པའི་རྒྱལ་པོ་ཆེན་པོ་བཟླས་པ་ཙམ་གྱིས་འཇིགས་པ་ཐམས་ཅད་ལས་སྲུང་བའོ། ། འདིའི་ཆོ་ག་ནི་བླ་གབ་མེད་པར་ཤིང་གཅིག་གི་འོག་ཏུ་བུམ་པ་ཙམ་གྱི་མཆོད་རྟེན་བྱས་ནས། དེའི་སྤྱན་སྔར་ཨ་ཀ་རུ ་འབུམ་གྱི་སྦྱིན་སྲེག་བྱའོ། ། གང་གི་དོན་དུ་སྦྱིན་སྲེག་བྱས་པ་དེའི་མཆོག་རྙེད་དོ།། རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་པས་མཆོད་རྟེན་གྱི་སྤྱན་སྔར་ལན་ཚྭའི་གཟུགས་བརྙན་གྱིས་གཟུགས་བརྙན ་བྱས་ནས། པཱ་ལ་ཤའི་མེ་ལ་ཉི་མ་གསུམ་ལ་ལན་བདུན་ཐུན་མཚམས་གསུམ་དུ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། བུད་མེད་དབང་དུ་བྱ་བར་འདོད་ན་ཐང་གི་ཕྱོགས་སུ་ཡུངས་ཀར་ཁྲག་གིས་བཏགས་པ ་རྣམས་སེང་ལྡེང་གི་མེ་ལ་ཡུངས་ཀར་དང་སེང་ལྡེང་བཏགས་པ་རྣམས་ཀྱིས་ཉི་མ་གསུམ་དུ་ཐུན་མཚམས་གསུམ་དུ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་བྱེ་མ་ལ་མཆོད ་རྟེན་སོར་བཞི་ཙམ་མམ། མཐོ་གང་ཙམ་མམ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཙམ་པ་བརྒྱད་ལྷག་པའི་སྟོང་བྱས་ལ་སྲོག་ཤིང་ཕུལ་ཏེ། མཆོད་པ་ལ་སོགས་པའི་ཆོ་གས་རེ་རེའི་སྤྱན་སྔར་སྟོང་རྩ་བརྒྱད་བཟླས ་པར་བྱ་སྟེ། ཇི་སྲིད་སྟོང་རྩ་བརྒྱད་གནས་པ་ན་དོང་ཚེ་སྟོང་རྙེད་པར་འགྱུར་རོ།། རྒྱ་མཚོའི་ངོགས་སུ་མཆོད་རྟེན་རེ་རེའི་སྤྱན་སྔར་ཆོ་ག་སྔོན་དུ་འགྲོ་བས་སྟོང་ཕྲག་བརྒྱ་བཟླས་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་མཐོང་སྟེ། མཆོག་ཅི་འདོད་པ་དེ་སྩོལ་བར་མཛད་ཅིང་གང་ཚོལ་བ་དེ་རྙེད་དོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། བདེ་བ་ཅན་གྱི་བཀོད་པ་ཞེས ་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཏིང་ངེ་འཛིན་དེ་ཉིད་སྒོམ་བཞིན་དུ། བཅོམ ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར་དཔའ་བོ་ལྡན་མ་ཞེས་བྱ་བ་རིག་པའི་རྒྱལ་པོ་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི ་ཀཱ་ཡ། ཏདྱ་ཐཱ། ཤི་རི་བི་སི་རི་སྨྲྀ་ཏི་བ་ཙ་ནེ། ཏེ་ཛོ་བནྡྷ་ནི་ཧ་ར་ཧ་ར་ཨ་མུ་ཀཾ་མེ་བ་ས་མཱ་གཙྪ་ཏུ་ར་མ་ཎི། བི་ར་མ་ཎི། བི་ར་བཱ་སི། མི་ནི་སཽ། ཏ་མུ་ཏ་ཁེ་བཱི་ཏ་བརྞ་སཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས ་པ་དཔའ་བོ་དང་ལྡན་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཆེན་མོ་སེམས་ཅན་ཐམས་ཅད་རྗེས་སུ་སྲུང་བར་བྱེད་པ། རྒྱལ་བ་མཆོག་གི་སྲས་རྣམས་ཀྱིས་གང་དཔའ་བ་དང་ལྡན་པའི་རིག་པ་འདི་རྟག་ཏུ་དྲན་པ་དེ་ནོར་གྱི ་དངོས་གྲུབ་ངེས་པར་དེའི་བརྩོན་པ་དང་བཅས་པ་དང་། དེའི་འདོད་པ་ལས་འགྲུབ་བོ།། འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གི་ཧཾ་གིས་འདྲིར་གཞུག་པར་བྱ་སྟེ། པདྨའི་གདན་ཕྱག་ན་པདྨ་སྟེ། གཡས་པས་མི་འཇིགས་པ་སྦྱིན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ།། དེའི་གཡས་སུ་སྒྲུབ་པ་པོ་སྟེ་སྔར་བཞིན་ནོ།། ་རས་རིས་དེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། འཕྲེང་བ་ཕུལ་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་ཟླ་བ་ཉལ་པོ་ཐུག་གི་ཁམ་ཕོར་བཅུ་གཉིས་ཕུལ་ནས་ཨ་ཀ ་རུའི་བདུག་སྤོས་དབུལ་ལོ། ། དེ་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྟོང་རྩ་བརྒྱད་བཟླས་པར་བྱའོ།། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། ལས་ཐམས་ཅད་ཀྱི་དངོས་གྲུབ་ནི་འདི་ཉིད་ཀྱི་ཆོ་གས་འབུམ་བཟླས ་པར་བྱའོ། ། ཕྱི་ནས་རས་རིས་ཀྱི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། སྣ་མའི་མེ་ཏོག་རེ་རེ་ལ་ཡོངས་སུ་བཟླས་ནས་དཀྱིལ་འཁོར་དུ་གཏོར་བར་བྱའོ།། དེ་ལྟ་བུ་ཉི་མ་བདུན་དུ་ཐུན་གསུམ་དུ་ཇི་སྲིད་སྟོང་རྩ ་བརྒྱད་བྱས་ན་ཉི་མ་བདུན་པ་ལ་གང་འདོད་པ་དེ་དབང་དུ་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་ཨ་ཀ་རུ་ནག་པོ་འབུམ་ཕྲག་གསུམ་སྦྱིན་སྲེག་བྱས་ན་རྒྱལ་སྲིད་རྙེད་དོ།། མ་གྲུབ་ན་གྲོང་ངོ་།། བཅོམ་ལྡན་འདས་མ ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། དཔའ་བོ་ལྡན་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཆེན་མོ་ཡོངས་སུ་རྫོགས་སོ།། ་། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ཉིད་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ ་། ཆེན་པོར་མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུང་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། དཱི་བྷ་པིངྒ་ལེ ་ཧ་རི་པིངྒ་ལེ་ཨ་སོ་ནི་ཏཱ་དྷ་དྲཱ་ཨེ་ཧཾ་ཨེ་ཧི། མ་མ་བ་རཾ་པྲ་ཡཙྪ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ། མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོའོ།། དེ་ནས་འདིའི་ཆོ་ག་ནི་རས་སམ ་འབྲས་བུ་ཅན་ལ་ཚོན་རྩིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། པདྨའི་གདན་ལ་པདྨའི་ཕྱག་ཅན། མི་འཇིགས་པ་རབ་ཏུ་སྦྱིན་པའོ།། སྒྲུབ་པ་པོའང་སྔར་བཞིན་ནོ།། དེའི་སྤྱན་སྔར ་ཐུན་གསུམ་དུ་མར་གྱིས་བཏགས་པའི་ཙན་དན་དམར་པོའི་སྦྱིན་སྲེག་འབུམ་བྱས་ན་གསེར་བརྒྱ་རྙེད་དོ། ། འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་རྒྱལ་སྲིད་རྙེད་དོ།། འདིར་པདྨ་རཱ་ག་འབྱུང་བར་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མོ་ཨཱ་རྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཡི་གེཙྪེ་ཏཱ་ཙ་པ་རི་པྲ་ཎ། ཨེ་ཤྲུ་ཏྱཾ། ད་དཱ་ཏི། མེ་བཛྲེ་ཎི། གྷྲྀ་ཎི། མོ་ཧ་ནི། མོ་ཧ་ཛ། ཛམྦྷ་ནི། སྟམྦྷ་ནི། ཨ་བྷ་ཡ ་པྲ་ད། ཨ་བྷ་ཡ་པྲ་དེ། ལ་ལ་ལ་ལ། ལ་ལ་ལ་ལ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨ་རཱ་ག་སྦྱིན་པའི་སྔགས་སོ།། འདིའི་ཆོ་ག་ནི་ཙན་དན་དམར་པོས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱའོ།། ་དེའི་སྤྱན་སྔར་མར་དང་སྦྲང་རྩིས་བཏགས་པའི་མེ་ཏོག་དམར་པོའི་སྦྱིན་སྲེག་འབུམ་བྱས་ན་པདྨ་རཱ་ག་བརྒྱ་རྙེད་དོ།། ཟས་ཀྱི་སྔགས་ཀྱི་ཆོ་གར་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ས ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། པྲ་བྱཱ་ཀ་རཱི། པྲ་བྷ་ཀཱ་རི། ཛྱོ་ཏིཥྛ་ཏི་སུ་ཙ~ཾ་བི་མུ་ཙཱ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ། ཟས་གོས་སྦྱིན་པའི་སྔགས ་སོ། ། འདིའི་ཆོ་ག་ནི་ཁྲག་དང་བ་བླ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱའོ།། དེའི་སྤྱན་སྔར་མར་གྱིས་བཏགས་པའི་འོ་ཐུག་གི་སྦྱིན་སྲེག་ཇི་སྲིད་འབུམ་ཕྲག་གཅིག་བྱས་ན་གནས་ཐམས་ཅད་དུ་ཟས ་གོས་རྙེད་དོ། ། འདི་ནི་དངུལ་སྦྱིན་པར་འགྱུར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ། གྷ་ན་གྷ་ན། ཧ་ཊཱ་ཡ། སཱ་དྷ ་། ཡ་སཱ་དྷ་ཡ། ཨེ་ཧི་ཨེ་ཧི། ཕུ་ཕུ་བུ་ཕུ། བྷུ་གྷུ། ཕུ་ར་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་དངུལ་སྦྱིན་པའི་སྔགས་ཏེ། འདིའི་ཆོ་ག་ནི་གུར་ཀུམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག ་པར་བྱ་སྟེ། དེའི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ན་ག་གེ་སར་གྱི་སྦྱིན་སྲེག་འབུམ་བྱས་ན་དངུལ་བརྒྱ་རྙེད་པར་འགྱུར་རོ།། ཡང་འདིར་གསེར་རབ་ཏུ་སྦྱིན་པའི་སྔགས་ནི། ན་མོ་རཏྣ་ཏྲ་ཡ ་། ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ག་རུ་རུ་ཕ་ར་བ་ར། བ་རི་ལི་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་གསེར་སྦྱིན་པའི་སྔགས་སོ།། ་འདིའི་ཆོ་ག་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མལླི་ཀའི་མེ་ཏོག་རེ་རེ་ལ་ཡོངས་སུ་བཟླས་ནས་མཆོད་རྟེན་གྱི་དྲུང་དུ་གཏོར་བར་བྱརོ།། ཐུན་གསུམ་དུ་སྟོང་ཕྲག་བརྒྱད་གཏོར་ན་ཟླ་བའི་ནང་དུ་གསེར་བརྒྱ་རྙེད་དོ།། ་རས་རིས་ཀྱི་ཆོ་གར་འགྱུར་བ་ནི་རས་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པ་གྱེན་དུ་བརྫེས་པ། ཕྱག་ན་སྤྱི་བླུགས་བསྣམས་པ། པདྨའི་གདན་ལ་བཞུགས་པ་འདྲིར་གཞུག་པར་བྱའོ།། ་རས་རིས་དེས་གྲོང་ངམ་དགོན་པར་ཨ་ཤྭཏྠའི་ཤིང་གི་འོག་ཏུ་གཙང་མའི་ཕྱོགས་སུ་བཞུགས་ནས་སྲ་རྩི་པོག་གི་སྲེག་བླུགས་འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་བཅོམ་ལྡན་འདས་ཀྱིས་མྱུར་དུ་རྒྱལ་སྲིད་སྩོལ་བར ་འགྱུར་རོ། ། ཞེས་པ་དེ་རྣམ་པ་ལྔ་པོ་ཙམ་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། མི་འཇིགས་པ་རབ་ཏུ་སྦྱིན་པ་རྫོགས་སོ།། ། ་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམས་ནས། བཅོམ་ལྡན་འདས་མའི ་རྟོག་པའི་རྒྱལ་པོ་ཆེན་པོར་ཨོཾ་ཡིག་རབ་ཏུ་འབྱུང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་སྱ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་སྱ། ན་མ་ཨཱརྱ་ཨ་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨ་མུཀྟེ། ཙཙྪ་ད་ནེ། མཱ་དྷེ་ནི་མ་དྷེ་ནི། སུ་རུ་དྷི། རུ་ཏ་མཱ་ཡ། དྷཱ། རཱི། ཧུ་ཧུ། ཧུ་ཧུ། མ་ཐ་མ་ཐ་མ་ཐེ། ཨོཾ་ར་པྲ་མུ་ཁ། པཱ་ལ། ་པཱ་ལ། མ་ཧཱ་བ་རི་བཱ་ལ། ཏེ་ཛ། ན་མོ་སྱཱ་ཏ། སརྦ་དུཥྚཏ་དཱ་སི་སཱ་ཏྭཱ་ཎྜི་མཱ་ནེ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ། འཁོར་བའི་སྣ་ཐག་གྲོལ་བར་བྱེད་པ་ཞེས་བྱ་བ་རིག་པའི ་རྒྱལ་པོ་ཆེན་པོ་གང་འདི་རྟག་ཏུ་དྲན་པར་བྱེད་ན་འཁོར་བར་ཡུན་རིང་དུ་མི་འཁོར་རོ། ། བཟླས་པ་ཉིད་ཀྱིས་མཚམས་མེད་པ་ལྔ་པོ་རྣམས་རྣམ་པར་སྦྱོང་བར་བྱེད་དོ།། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་སྔར ་བརྗོད་པའི་རས་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནམ་མཁའ་ལ་འགྲོ་བ། ཀུན་ནས་འོད་འབར་བ། པདྨ་ཕྱག་ན་བསྣམས་པ། གཡས་པས་མི་འཇིགས་པ་སྦྱིན་པའོ།། སྒྲུབ་པ ་པོ་ཡང་དག་པའི་ལུས་ཀྱི་མགོ་བོས་བདུག་པ་སྲེག་པ་ཆ་བྱད་དང་རྣམ་པ་ཇི་ལྟ་བ་བཞིན་འདྲིར་གཞུག་པར་བྱའོ། ། དེ་ནས་རས་རིས་དེ་སྔར་བརྗོད་པའི་གནས་སུ་བཞུགས་ནས་དྲི་དང་། མེ་ཏོག་དང་། བདུག་པ ་ལ་སོགས་པ་འདི་ཉིད་ཀྱིས་ཕུལ་ལ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། མཚམས་མེད་པ་ལྔ་པོ་རྣམས་རྣམ་པར་སྦྱོང་བར་བྱེད་དོ།། འབུམ་ཕྲག་དྲུག་བཟླས་པས་དམ ་བཅས་པ་རྙེད་པར་འགྱུར་རོ། ། གདུག་པ་དང་། ཤ་ཟ་དང་། སྲིན་པོ་རྣམས་འཆིང་བར་འདོད་ན་ཀུ་ཤའི་སྣ་ཐག་གིས་བསྐོར་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ་གདུག་པ་གང་ན་གནས་པའི་ཤིང་ངམ ་ཁྱིམ་ལ་སོགས་པ་ལ་དཀྲི་བར་བྱའོ། ། གདུག་པ་ཐམས་ཅད་བཅིངས་པར་འགྱུར་རོ།། གདུག་པའི་སེམས་དང་སེམས་ཅན་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ།། རྣ་བའི་མིག་སྨན་སྒྲུབ་པར་འདོད་ན་རས ་རིས་ཀྱི་སྤྱན་སྔར་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱས་ནས། ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཞག་ནས་དུ་བ་འཐུལ་ན་དེ་རྣམས་རྒྱལ་བའི་སྤྱན་དང་མཚུངས་པར་འགྱུར་རོ།། ལོ་སྟོང་ཕྲག་གསུམ་དུ་འཚོ ་བར་བྱེད་དོ། ། རས་རིས་ཀྱི་སྤྱན་སྔར་པདྨ་དཀར་པོ་འབུམ་ཕྲག་གསུམ་དབུལ་བར་བྱའོ།། རྒྱལ་སྲིད་རྙེད་དོ།། མ་གྲུབ་ན་ཡུལ་རྙེད་དོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི ་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། འཁོར་བའི་སྣ་ཐག་གྲོལ་བར་བྱེད་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར་ཡི་གེ་བཅུ་གཅིག་པ་ཞེས་བྱ་བའི ་རིག་པའི་རྒྱལ་པོ་ཆེན་པོ་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ད་ཤ་ནི། ཀ་ར་ཎི། བི་ཀ་ར་ཎི། དི་དྷུ་ལི། ་བཱི་ལ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་ཡི་གེ་བཅུ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྟག་ཏུ་སངས་རྒྱས་བཅུ་གཅིག་ལ་འདི་བདག་གིས་སྔོན་བཤད་པ་སྟེ་རྟག་ཏུ་བཟླས་པས་གསེར་རྙེད་དོ།། དེ ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་སྒྲུབ་པའི་ཆེད་དུ་འགྱུར་ཏེ། སྔར་བརྗོད་པའི་རས་རིས་ན་ག་གེ་སར་གྱི་ཕྱེ་མ་དང་བ་ལི་ཀ་བསྲེས་པས་འདྲིར་གཞུག་སྟེ། པདྨའི་གདན་ལ་བཞུགས་པ། བསམ་གཏན་སྒོམ་པ། ཕྱག་ན་པདྨ ་བསྣམས་པ། ཕྱག་གཡས་པས་བགྲང་འཕྲེང་བསྣམས་པ། སྐུ་མདོག་དཀར་པོའོ།། རྩུབ་པ་པོའང་སྔར་བཞིན་ནོ།། རས་རིས་དང་པོའི་གནས་སུ་བཞག་ནས་འབུམ་ཕྲག་ལྔ་བཟླས་པར་བྱའོ།། སྔོན ་དུ་བསྙེན་པ་བྱས་པར་འགྱུར་རོ། ། རིའི་རྩེ་མོར་ཉི་མ་གསུམ་དུ་མི་བཟའ་བར་སྟོང་ཕྲག་ཉི་ཤུ་བཟླས་པར་བྱ་སྟེ། གསེར་སྟོང་རྙེད་པར་འགྱུར་རོ།། ཙན་དན་དཀར་པོའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྔར ་བརྗོད་པ་བཞིན་འདྲིར་གཞུག་པར་བྱའོ། ། དེའི་སྤྱན་སྔར་ཙན་དན་དཀར་པོའི་ཞོགས་མ་དང་བཅས་པ་འབུམ་ཕྲག་གསུམ་སྦྱིན་སྲེག་བྱས་ན་རྒྱལ་སྲིད་རྙེད་དོ།། མ་གྲུབ་ན་གྲོང་རྙེད་དེ། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི ་རྒྱལ་པོ་སྒོམ་བཞིན་པ་ལའོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར་འདོད་ཅིང་དོན་དུ་གཉེར་བ་སྦྱིན་པའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། ་དེནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་སྒྲོལ་མ་རལ་པ་གྱེན་བརྗེས་ཀྱི་རྟོག་པའི་རྒྱལ་པོ་ཆེན ་། པོར་རས་རིས་ཀྱི་གནས་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཀ་ཊེ་ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཛྱོ་ཏི། ་ཏིཥྛ་ཏཱི། བི་པུ་ལེ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་རས་རིས་ཀྱི་གནས་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོའོ།། རྟག་ཏུ་བཟླས་པས་དོན་སྦྱིན་པར་བྱེད་ཅིང་སྡིག་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་གྲུབ་པར ་ཡང་འགྱུར་རོ། ། ཡང་འདིའི་ཆོ་ག་ནི་སྔར་བརྗོད་པའི་རས་རིས་ལ་འོད་དཔག་མེད་འདྲིར་གཞུག་པར་བྱ་སྟེ། སྐྱིལ་མོ་ཀྲུང་གིས་བཞུགས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། བཅོམ་ལྡན་འདས་ཀྱི་གཡས་སུ་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ། དར་དཀར་པོའི་སྟོད་གཡོགས་ཅན། བཅོམ་ལྡན་འདས་ལ་ཐལ་མོ་སྦྱོར་བར་བྱེད་བཞིན་པའོ།། གཡོན་དུ་འཕགས་པ་མཐུ་ཆེན་ཐོབ་པྲི་ཡང་ཀུ་ལྟར་སྔོ་བསངས ་པདྨའི་གདན་ལ་བཞུགས་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱོར་བར་བྱེད་པའོ།། དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་གཙང་མའི་ཕྱོགས་སུ་བ་ཊའི་ཤིང་ལ་སོ་སོ་སོ་སོར་བཞག་ནས་འདི་ཉིད་ཀྱིས་དྲི་དང་མེ་ཏོག་ལ་སོགས་པ ་ཕུལ་ལ་འབུམ་ཕྲག་བདུན་བཟླས་པར་བྱའོ། ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། མཐར་མཚན་མོ་གསུམ་དུ་སྦྱང་བར་གནས་ཏེ། མེ་ཏོག་དཀར་པོ་སྟོང་ཕྲག་བརྒྱད་ལ་རེ་རེ་ལ་ཡོངས་སུ་བཟླས་ནས་སྤྱན་རས་གཟིགས་དབང ་ཕྱུག་གི་དྲུང་དུ་དབུལ་བར་བྱའོ། ། དངོས་གྲུབ་ཀྱི་མཚན་མ་ནི་པདྨ་སྟོང་རྩ་བརྒྱད་པོ་དེ་རྣམས་གཅིག་ཏུ་གནས་པར་འགྱུར་ཏེ། འདི་ནི་དངོས་གྲུབ་ཀྱི་མཚན་མའོ།། འདི་དག་ཕྱེ་མར་བྱས་ནས་གཞན་པ་ལ་དང་བསྲེས་ཏེ་རྒྱལ་པོའམ། ་རྒྱལ་པོའི་བློན་པོ་འམ། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། ནད་ཀྱིས་གདུངས་པ་ལ་བྱིན་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། ཕྱེ་མ་དེས་མཚན་མ་དང་ལྡན་པ་མོ་ལ་རྡུལ་བཏབ་ན་བུ་རྙེད་དོ།། ཐོ་རངས་བདག་ཉིད་ཀྱི་སྤྱི ་བོར་ཕྱེ་མ་དེས་རྡུལ་བཏབ་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། དེ་ལྟར་གང་འདོད་པ་དེ་ཐམས་ཅད་ཕྱེ་མ་དེས་བྱེད་དོ།། གྲོལ་བར་འདོད་ན་ཉེ་བར་བཞག་པའི་ནད་དམ། ཁྲག་འཛག་པ་འམ། མཚན་པར་རྡོལ་བ་འམ། ་དེ་བཞིན་དུ་དུག་ལ་སོགས་པ་ཐམས་ཅད་ལ་འཐུང་ངུ་བཅུག་པ་འམ། ཅུང་ཟད་དྲུག་པར་སྦྱིན་པར་བྱ་སྟེ། ནད་ཐམས་ཅད་ཞི་བར་འགྱུར་རོ།། ཡང་འདིར་རས་རིས་ཀྱི་གནས་ཀྱི་ཕྱེ་མའི་ཚེ ་ག་ནི་ན་ག་གེ་སར་དང་། ཙན་དན་དང་། ད་མ་ན་ཀ་དང་། ཏ་མ་ལའི་འདབ་མ་དང་། པུ་ཤེལ་ཙི་དང་། རུ་རྟ་དང་། མེ་ཏོག་བརྒྱ་པ་སྟེ། འདི་རྣམས་མ་མཉམ་པར་སྦྱར་ནས་ཕྱེ་མར་བྱེད་དུ་གཞུག་གོ།། འདི་ནི་རས་རིས ་ཀྱི་གནས་ཀྱི་ཕྱེ་མ་སྟེ། བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་ནས་གང་ལ་བཏུང་བ་ལ་སོགས་པ་བྱིན་པ་དེ་དབང་དུ་འགྱུར་ཏེ། བྲན་ཉིད་དུ་ཉེ་བར་གནས་པ་དང་། མཚོན་ཆའི་འཇིགས་པ་མེད་པ་དང་། གཉིས་མཉམ ་དུ་རྙེད་ཅིང་རབ་ཏུ་འཇུག་གོ། ། དེ་བཞིན་དུ་འཇིགས་པ་ལ་རས་རིས་ཀྱི་སྤྱན་སྔར་པདྨ་དཀར་པོ་འབུམ་ཕྲག་གསུམ་དབུལ་བར་བྱ་སྟེ་ཡུལ་ཆེན་པོ་རྙེད་དོ།། ཨརྐའི་ཤིང་གིས་མེ་རབ་ཏུ་སྔར་ནས་པདྨ་དམར་པོས་འབུམ་ཕྲག ་བདུན་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཆེན་པོ་རྙེད་དོ། ། མ་གྲུབ་ན་གྲོང་ཁྱེར་ཆེན་པོ་རྙེད་དོ།། ཏིལ་གྱི་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གྲོང་གཅིག་རྙེད་དོ།། འབུམ་ཕྲག་ལྔ་སྦྱིན་སྲེག་བྱས་ན་ནོར་སྦྱིན་པ་དང་མཆོག་སྦྱིན་པར ་བྱེད་ཅིང་དེ་དངང་དུ་བྱེད་དོ། ། དུང་ལ་བརྒྱ་བཟླས་པ་ཉིད་ཀྱིས་དོན་ཐམས་ཅད་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པའི་རྒྱུད་ཆེན་པོར། རས་རིས་ཀྱི་གནས ་ཡོངས་སུ་རྫོགས་སོ། ། ། སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། ་པདྨའི་མཐའ་ཞེས་པའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་རྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀྵ་ཎི་ཀཱ་ཡ། ཏདྱ་ཐཱ། བྱ་ཛ་ནི། བེ་ཛ་ནི། བེཛྲ ་། ཧཏེ། པདྨ་ཥཎྜ་ནི། བཱ་སཱི་ནི་བུདྡྷེ། བུདྡྷཱ་ཡ། པ་རཾ་པ་རཱ་ཡ། སརྦ་ག་ཏི་བི་ཛ་ཡཱ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨའི་མཐའ་ཞེས་བྱ་བའི་རིག་པ་ཆེན་པོ་སྟེ། འདི་རྟག་ཏུ་བཟླས་པས་ཕྱིར་ཟློག་པར་འགྱུར ་ཞིང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་ཡང་འགྱུར་རོ། ། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། གྲོ་གའི་འདབ་མ་ལ་གིའུ་ཝང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། ་པདྨ་ལ་བཞུགས་པ་ཐམས་ཅད་དཀར་པོ། རལ་པ་གྱེན་དུ་བརྫེས་པ། ཕྱག་གཡོན་པས་པདྨ་དང་། གཡས་པས་རིལ་བ་སྤྱི་བླུགས་པདྨ་བསྣམས་པའི་ཕྱག་གོ། དེ་ནས་རས་རིས་གཙང་མའི་གནས་སུ་བཞུགས་སུ ་གསོལ་ནས། འདི་ཉིད་ཀྱིས་དྲི་དང་བདུག་པ་ལ་སོགས་པ་ཐམས་ཅད་བྱ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ།། མཐར་ཉིན་མཚན་དུ་སྦྱང་བར་གནས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། བཅོམ་ལྡན ་འདས་ལ་མེ་ཏོག་སྟོང་ཕྲག་བརྒྱད་ལ་ལན་རེ་བཟླས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་བསྣུན་པར་བྱའོ། ། དེ་ལྟར་ཇི་སྲིད་དུ་སྟོང་ཕྲག་བརྒྱད་ཅུ་རྫོགས་པའི་མཐར་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲོད་ནས་བརྩམས་ཏེ་བཟླས ་པར་བྱའོ། ། དེ་ནས་ནམ་མཁར་གྲུབ་བོ་ཞེས་པའི་ཚིག་འབྱུང་སྟེ། གལ་ཏེ་མངོན་པར་འདོད་པ་དེ་རྙེད་དོ།། རྒྱལ་པོ་དང་གང་དབང་དུ་བྱེད་པར་འདོད་ན་སྣ་མའི་འབྲེང་བ་ཡོངས་སུ་བླངས་ནས་མེ་ཏོག་དེ་རེ་རེ་ལ་མངོན ་པར་བསྔགས་ནས་རས་རིས་ཀྱི་སྤྱན་སྔར་དབུལ་བར་བྱ་སྟེ། ཉིན་ཞག་བདུན་ཐུན་གསུམ་དུ་དབུལ་བར་བྱས་ན་དབང་དུ་འགྱུར་རོ།། བྲམ་ཟེ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་པཱ་ལ ་ཤའི་མེ་ལ་ཉིན་ཞག་བདུན་ཐུན་གསུམ་དུ་གཡང་གཞི་ནག་པོའི་པགས་པས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་བིལ་བའི་མེ་ལ་ཨུ་དུམ་བ་རའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་ཞག་གསུམ་གྱིས ་དབང་དུ་འགྱུར་རོ། ། དམངས་རིག་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་ཨརྐའི་མེ་ལ་ལན་ཚྭའི་སྦྱིན་སྲེག་བྱས་ན་ཉི་མ་གསུམ་གྱིས་དབང་དུ་འགྱུར་རོ།། ཐུན་མོང་བའི་བུད་མེད་དབང་དུ་བྱ་བར་འདོད་ན་མེ་དེ་ལ ་ནས་ཀྱི་སྦྱིན་སྲེག་བྱའོ། ། དགེ་སློང་ངམ་བྲམ་ཟེ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་སེང་ལྡེང་གི་མེ་ལ་དུར་བའི་སྦྱིན་སྲེག་ཐུན་གསུམ་ཉི་མ་བདུན་དུ་བྱས་ན་བདུན་པ་ལ་དབང་དུ་འགྱུར་ཏེ། གང་དབང་དུ ་བྱ་བ་དེ་ལ་ཟླ་བ་གཅིག་ཏུ་བཟླས་པས་དེ་དབང་དུ་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་སྐྱེས་པ། པདྨའི་མཐའ ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན ་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོར་པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ ་ནམ་ས+འུ་རྱ་ཨ་པ་ལོ་ཀི་དྷ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སདྡྷ་། ཨརྦྦ་ཀཱ་རཱ་ཎི་ཀ་ཡ། ཏཿརྠ། དམ་ན་དམན། ཤྭེ་ཤཱ། མནས། བི་ཛྲ་བྷེ། ཛུམ་པ་ཏེ། ཨན་ཏྲེ། ཥྤེ། དཱནྟེ། ཨ་པྤ་ཏིཿ། ་སཱ་ས་ནེ། ཏིཥྛ་ཏིཥྛ། བི་ཛ་ཡ་བ་ཧེ། མ་བ་བ་རཾ། ཤོ་དྷ་ནེ། རུ་རུ་རུ་རུ་རུ་རུ་རུ། རཱ་ཡ་སཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོའོ།། འདི་རྟག་ཏུ ་བཟླས་པས་ནད་ཐམས་ཅད་མེད་པར་འགྱུར་རོ། ། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། ལེ་བརྒན་རྩིའི་ཆུ་དང་འདྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་རིས་འདྲིར་གཞུག ་པར་བྱའོ། ། དཀར་པོ་རལ་པ་གྱེན་དུ་བརྫེས་པ། ཕྱག་ན་པདྨ་བསྣམས་པ། པདྨའི་གདན་ལ་ཉེ་བར་འདུག་པ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པའོ།། དེ་ནས་གཙང་མའི་ཕྱོགས་སུ་བཞུགས་ནས། ་འདི་ཉིད་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་སྲེག་ཅིང་འབུམ་ཕྲག་ལྔ་བཟླས་པར་བྱའོ།། དེ་ནས་ཙན་དན་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱའོ།། དེ་མ་ཐབ་ཏུལ ་སྲིད་རྙེད་དོ། ། མ་གྲུབ་ན་གྲོང་གཅིག་གོ།། རས་རིས་ཀྱི་སྤྱན་སྔར་པཱ་ལ་ཤ་འམ། ཨ་ཀ་རུ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱས་ན་གོས་བྱེ་བ་བརྒྱ་རྙེད་དོ།། ལེ་བརྒན་རྩིའི་སྲེག་བླུགས་འབུམ་བྱས་ར་གཏེར་མཐོང་ངོ་།། གང་བསྟན ་པ་ཟླ་བ་གཅིག་ཏུ་བཟླས་ན་དེའི་དོན་རྙེད་དོ་ཞེས་པ་སྟེ། འདོད་པས་ཉེ་བར་བཞག་པ་མ་གཏོགས་སོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན ་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར། དཔལ་བེའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བ་སུར། མ་ར་བ་ར། བྷུ་བྷཱུ། ནི་པ་རཾ། པ་རཱ་ཡ།། ཨོཾ་འི་ཨེ་ཧྲཱི། བུདྡྷ་དུདྡྷ། བོ་དྷ་སེ་སྭཱ་ཧཱུ~ཾ། འདི་ནི་མཐུ་ཆེན་པོ་ཐོབ་པ ་དང་བཅས་པསྟེ། དཔལ་བཻའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་དྲན་པ་ཙམ་གྱིས་ཉེ་བར་འཆེ་བ་ཐམས་ཅད་འཇོམས་པར་བྱེད་པའོ།། འདིའི་ཆོ་ག་ནི་གུར་ཀུམ་དང་བསྲེས་པའི་ཚོན་གྱིས་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། ། རལ་པ་གྱེན་དུ་བརྫེས་པ། པདྨ་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྡམས་པ། ཕྱག་གཡས་པས་མཆོག་སྦྱིན་པ། ཐུགས་ཀར་དཔལ་བེའུའི་མཚན ་མས་བརྒྱན་པའོ། ། གམས་སུ་གུར་གྲམ་གྱིས་དཔལ་བེ་དྲི་བར་བྱའོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་རས་རིས་ལལ་ནུབ་ཏུ་ཕྱོགས་པར་བཞུགས་ནས་མཆོད་རྟེན་དེ་ཉིད་ལ་འདི་ཉིད་ཀྱིས་བདུན་པ་སེགས ་རྗེ་འཇམ་ཕྲག་གསུམ་པཟླས་པར་བྱའོ། ། མཐར་ཉིན་མཚན་དུ་བྱུང་བར་གནས་ཏེ། ནག་གི་ས་རེ་རེ་རེ་ལ་ཡོངས་སུ་བཟླས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་བཐུན་པར་བྱའོ།། དེ་ས ་ཟླ་བ་ཟླ་བར་རྫོགས་པར་བྱས་ན་གཏེར་ཆེན་པོ་མཐོང་བར་བྱེད་དོ། ། ཉི་མ་བདུན་གྱིས་གསེར་སྟོང་རྙེད་དོ།། ཕྱོགས་ཀྱི་ཡུལ་རྙེད་དོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། དཔལ་བེའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར། མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་གསུངས་སོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་རྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། གོ་པ་ཏི་པ་ཏི། ཙ་ར་པ་ཏི་པ་ཏི། ཤ་ས་ནི། ཤ་ས་ནི། བྷཱུ་བྷྱཱ། ཙི་ལི་ཙི་ལི་ཙི་ལཱ་པ ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ། མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྟག་ཏུ་བཟླས་པས་ས་པའི་རྒྱལ་པོར་འགྱུར་རོ།། འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་བ་ནི་རས ་ལ་ལི་ཁྲིའི་ཕྱེ་མ་དང་བསྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། རལ་པ་གྱེན་དུ་བརྫེས་པ། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས་པ། གཞོགས་སུ་སོན་པ། པདྨའི ་གདན་ལ་བཞུགས་པ། མི་འཇིགས་པ་རབ་ཏུ་སྦྱིན་པའོ།། དེ་ནས་རས་རིས་དེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ། མཆོད་རྟེན་གྱི་བྱང་དུ་བཞུགས་ནས་འདི་ཉིད་ཀྱིས་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས ་འབུམ་བཟླས་སོ། ། མཐར་ཉིན་མཚན་དུ་སྦྱང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲོད་ནས་བརྩམས་ནས་བཟླས་པར་བྱ། ནམ་མཁའ་ལ་གྲུབ་བོ་ཞེས་པའི་སྒྲ་ཐོས་པར ་འགྱུར་ཏེ། གང་དུ་འདོད་པ་དེར་ཆར་ལྷུང་བར་འགྱུར་རོ།། མ་གྲུབ་ན་ཡུལ་རྙེད་དོ།། དེའི་སྤྱན་སྔར་པཱ་ལ་ཤའི་མེ་ལ་ཀླུ་ཤིང་གི་མེ་ཏོག་མར་ལ་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་དངུལ་འབུམ་རྙེད་དོ།། དོང་ཚེ ་བརྒྱ་རྙེད་པར་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་རིག ་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ ་བའི་རྟོག་པ་ལས། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པའི་རིག་པའི་སྔགས་རྣམས་ཏེ། ལེའུ་རབ་འབྱམ་བཅུ་གསུམ་པ་རྫོགས་སོ།། །། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཐམས་ཅད་དང་ལྡན་པའི་འཇིགས་རྟེན་གྱི་ཁམས་སུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དག་པའི་ཡུལ་རྣམ་པར་འཕྲོ། ཞིང་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ་། སྙོམས་པར་ཞུགས་ནས་རྟོག་པའི་རྒྱལ་པོ་ཆེན་པོ་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་བསྒྲུབ་པར་བྱ་བའི་དོན་དུ ་བ་དག་གིས་འཆང་བཞིན་པའི་ཆེད་དུ་ལྷ་ཐམས་ཅད་ཀུན་ཏུ་བགེགས་ཀྱི་བསམ་པ་དེ་བཞིན་གཤེགས་པ་ཉེ་བར་འཕོ་བར་འགྱུར་བ་དེ་ལ་བདག་གིས་སེམས་ཅན་ཐམས་ཅད་རབ་ཏུ་སྡུག་པར་བྱེད་པ་ལ་མི་འཇིགས་པ་རབ ་ཏུ་སྦྱིན་པ་བཤད་ཀྱིས། ཀྱེ་ལྷའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་ཐམས་ཅད་དང་། བགེགས་དང་། ལོག་པར་འདྲེན་པ་དང་། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་དང་། གང་ཡང་གཞན་རིག་པའི ་སྡེ་དཔོན་རྣམས་ཉོན་ཅིག། བདག་གིས་རིག་པའི་རྒྱལ་པོ་ཆེན་པོ་ཁྲོ་གཉེར་ཅན་ཞེས་བྱ་བའི་རིག་པ་ཐམས་ཅད་ཀྱི་རྒྱལ་མོ་བཅོམ་ལྡན་འདས་མ་སྒྲོལ་མས་གསུངས་པ། རིག་པ་ཐམས་ཅད་ཀྱི་མངའ་བདག། ་དབང་དུ་གྱུར་པ། དེ་བཞིན་གཤེགས་པས་གསུངས་པ། གསོལ་བ་འདེབས་པ། མངོན་པར་འདུ་བྱེད་པ་ཉིད་དེ་དང་འཐུན་པར་འཇིགས་པ་ཆེན་པོ་ཐམས་ཅད་འཕྲོག་པ་དང་། སྐེམས་པ་དང་། གསོད ་པར་བྱེད་པ། རྟོག་པའི་རྒྱལ་པོ་འདིར་ལས་ཀྱི་ཆོ་ག་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཀྱི་སྔ་དྲོ་ལངས་ནས་གཙང་མར་གྱུར་པས་ཤར་ལ་སོགས་པར་ཀུན་ཏུ་བལྟས་ཏེ། ལག་མཐིལ ་ལ་ཡོངས་སུ་བཟླས་ནས་ཉི་མའི་དཀྱིལ་འཁོར་ལའང་ཀུན་ཏུ་བལྟས་ནས། དེར་ལག་མཐིལ་ལ་བཟླས་པར་བྱའོ།། བགེགས་ཐམས་ཅད་རེངས་པར་འགྱུར་རོ།། གཞན་ཡང་གདུག་པའི་བསམ་པ་རྣམས་ལ་དེ ་བཞིན་དུའང་ཉི་མ་སོ་སོར་བྱས་ན་ཐམས་ཅད་རིང་པོར་མི་ཐོགས་པ་ཁོ་ནར་ཐམས་ཅད་ཞི་བའི་ལས་འགྲུབ་པར་འགྱུར་རོ། ། རྒྱས་པ་ཅན་ཡང་ཉི་མ་ནུབ་པའི་དུས་ཚོད་ལ་དེ་ཉིད་ཀྱི་ལས་བྱའོ།། མངོན་སྤྱོད་ཅན ་ལ་མཚན་ཕྱེད་ན་གནས་གཅིག་ཏུ་གཙུག་པུད་དགྲོལ་ཞིང་ལན་བདུན་བརྗོད་ཅིང་ནམ་མཁའི་མཐིལ་དུ་བལྟས་ནས་བློ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། ། དེའི་སེམས་ཅན་མངོན་སྤྱོད་ཅན་གྱི ་ལས་རྣམས་འགྲུབ་པར་འགྱུར་རོ། ། གང་ཡང་ལྷའི་ཚོགས་དང་། འབྱུང་པོའི་ཚོགས་ཐམས་ཅད་དང་། ལོག་པར་འདྲེན་པའི་ཚོགས་རྣམས་ཀྱང་འདི་སྐད་ཅེས་བདག་གིས་གསུངས་པའི་རིག་པའི་རྒྱལ་པོ ་གསང་ཆེན་གསང་བའི་སྦྱོར་བ་བྱེད་པར་འགྱུར་བ། དེའི་དངོས་གྲུབ་གདོན་མི་ཟ་བར་འགྱུར་བ་དང་། བཅོམ་ལྡན་འདས་མའི་སྒྲུབ་པ་པོ་དང་སྔགས་ཀྱི་རྟོག་པ་འདིར་གསུངས་པའི་སྒྲུབ་པ་པོས་གདོན་མི ་ཟ་བར་བྱེད་པར་འགྱུར་རོ། ། འདི་ལྟར་ཀུན་ཏུ་རྟོགས་པར་བྱའི། གཞན་མ་ཡིན་ནོ་ཞེས་སོ།། ཀྱེ་ལྷའི་ཚོགས་རྣམས་རིག་པ་ཆེན་པོ་གང་མ་མོའི་གསང་ཆེན་གསང་བ་རྣམས་ཉོན་ཅིག། དེ་སྐྱེད་པར་བྱེད ་པའི་ཆོ་གའི་རིག་པའང་བཤད་པར་བྱའོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་མཐའ་ཀུན་ཏུ་སྣང་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། ། ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པས་སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་བརྗེས་ཏེ་སྟོབས་དང་། བརྩོན་འགྲུས་དང་། མཐུ་དང་། རྣམ་པར ་ཤེས་པ་དང་ལྡན་པར་གྱུར་ཏོ། ། སྙོམས་པར་ཞུགས་པ་དེ་ལས་མཐུ་དང་བཅས་པར་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ་།། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་གོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན ་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིག་པ་འོང་བ་འམ་འགྲོ་བར་ག་ལ་འགྱུར། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་གང་ཁྱོད་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་བུ་ཡོངས་སུ་ཞུས་པ་ལེགས ་སོ་ལེགས་སོ། ། དེས་ན་རིགས་ཀྱི་བུ་ཉོན་ཅིག་དང་བཤད་པར་བྱའོ།། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཕྱིན་པའི་སངས་རྒྱས་ཀྱི་ཞིང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་རང་གི་སངས་རྒྱས་ཀྱི་ཞིང་དུ་རིག་པའི་རྒྱལ་མོ་འདི་ཉིད་རབ་ཏུ་སྟོན་པར་གྱུར་ཏོ། ། ལྷོ་ཕྱོགས་སུ་དེ་བཞིན་གཤེགས་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསེར་ཀུན་ཏུ་སྣང་བ་ཞེས་བྱ་བ་དེའང་སྒྲོལ་མའི་རིག་པ་འདི་ཉིད་གསུང་བར་གྱུར་ཏོ། ། ནུབ་ཕྱོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཚེ་དཔག་མེད་ཅེས་བྱ་བ་དེས་ཀྱང་རང་གི་སངས་རྒྱས་ཀྱི་ཞིང་དུ་རིག་པ་འདི་གསུང་བར་གྱུར་ཏོ། ། བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་བཅོམ་ལྡན་འདས་ལུས་མཛེས་ཞེས་བྱ་བ་དེའང་རིག་པའི་རྒྱལ་མོ་འདི་ཉིད་གསུང་བར་གྱུར་ཏོ། ། དེ་ལྟར་ཕྱོགས་བཅུ་རྣམས་སུའང་དེ་ལྟ་བུ་ལ་སོགས་པའི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་གསུངས་པ་དང་ལྡན་པ་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྙིང་པོ་འདི་ཉིད་ཀུན་ཏུ་བཤད་པར་མཛད་དོ།། རིགས་ཀྱི་བུ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་ན་འཛིན ་རྟེན་གྱི་ཁམས་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ཅེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་བཅོམ་ལྡན་འདས་དེའང་བྱང་ཆུབ་སེམས་དཔའ་རིན་ཆེན་འབྱུང་གནས་ལ་རིག་པ་འདི་རབ་ཏུ་སྟོན་ཏོ།། དེ་ནས ་ཀྱང་སངས་རྒྱས་ཀྱི་ཞིང་ལས་འདས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་རབ་སྣང་ཞེས ་བྱ་བ་བཞུགས། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ཞེས་བྱ་བ་ཡོད་དེ། དེ་ནའང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན ་རབ་སྣང་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རིག་པ་འདི་སེམས་ཅན་རྣམས་ཀྱི་དོན་གྱི་ཆེད་དུ་ངས་བཤད་ཀྱིས་མཆོག་ཏུ་ཟུང་ཞིག། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཀྱིས་རིག་པ་མཆོག་ཏུ་གཟུང་བར་གྱུར་ཏོ། ། དེ་ནས་འཇིག་རྟེན་གྱི་ཁམས་དྲི་མ་མེད་པར་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་འོད་ཅེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ་སོ། ་སོར་འཁོད་དོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། ་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཆེད་དང་། ལྷ་དང་མི་རྣམས་ཀྱང་རྗེས་སུ་གཟུང་བའི་ཆེད་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སེམས་ཅན་ཐམས་ཅད་ལ་བཤད་པར་བྱའི། མཆོག་ཏུ་ཟུང ་ཞིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཀྱིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་རིག་པ་མཆོག་ཏུ་བཟུང་བར་གྱུར་ཏོ།། རིགས་ཀྱི་བུ ་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དེ་གཞན་མ་ཡིན་ཏེ། དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས ་དབང་ཕྱུག་འདི་དེར་གྱུར་པའོ། ། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ཞེས་པ་འདི་དེ་བཞིན་གཤེགས་པ་རིན་ཆེན་རབ་སྣང་གི་སངས་རྒྱས་ཀྱི་ཞིང་དུ་ལྷ་མོ་གོས་དཀར་མོ་དང་། དེ་བཞིན ་གཤེགས་པ་འོང་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བྱས་པའི་གནས་སུ། རིགས་ཀྱི་བུ་རིག་པ་འདི་འགྲོ་བ་དང་འོང་བ་ཉིད་ཀྱང་། རིགས་ཀྱི་བུ་རིག་པའི་རྒྱལ་པོ་སྟོན་པར་བྱེད་དོ།། དེ་ནས ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཕྱག་ན་རྡོ་རྗེ་ལ་དངོས་གྲུབ་ཀྱི་དོན་དུ་རིག་པ་སྦྱིན་པར་བགྱིའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས ་གཟིགས་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ཕྱག་ན་རྡོ་རྗེ་བདག་གིས་ཀྱང་གོས་དཀར་མོའི་སྙིང་པོའི་རིག་པ་སྦྱིན་པར་བགྱིའོ།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་སེམས ་ཅན་རྣམས་ལ་གཅིག་ཏུ་སྙིང་བརྩེ་བ་ཤིན་ཏུ་སྙིང་བརྩེ་བ་ཅན། སེམས་ཅན་རྣམས་ལ་མི་འཇིགས་པ་རབ་ཏུ་སྩོལ་ཅིག། ཐུབ་པས་གསུངས་པའི་རིག་པ་སྟོན་ཅིག། དེ་ནས་ཡང་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅུང་ཟད་འཛུམ་པའི་བཞིན་གྱིས་འཇིག་པར་བྱེད་པའི་མེ་ལྔར་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། ། སངས་རྒྱས་ཀྱི ་ཞིང་རྣམས་ཐམས་ཅད་ཀྱང་དེའི་འོད་ཟེར་གྱིས་ཀུན་ཏུ་སྐུལ་བར་བྱེད་པ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་དཔྲལ་བར་སྤྱན་གསུམ་པ་བྱུང་སྟེ། སྤྱན་དེ་ལས་སྣ་ཚོགས་དབང་དུ་བྱེད་པའི་འོད་ཟེར་བྱུང་བར་གྱུར ་། ། འོད་ཟེར་དེ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུའང་རིགས་ཀྱི་བུ་གང་ཁྱོད་འདི་ལྟ་བུའི་རིག་པ་སྨྲས་པ་ལེགསོ་ལེགས་སོ་ཞེས་པའི་ཚིག་ཐོས ་སོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའང་པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཏྟཱ་རཱི་ཀ་དང་། དྲི་བཟང་ལྡན་དང་། ཀ་ཊོ་ར་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོའི་མེ་ཏོག ་རྣམས་ཀྱིས་མངོན་པར་གཏོར་བར་གྱུར་ཏོ། ། རིགས་ཀྱི་བུ་རིག་པའི་རྒྱལ་པོ་སྨོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས ་རིག་པ་གསུངས་པ། ན་མངས་རྦ་ཏ་ཐཱ་ག་ཏེ་བྷྱཿརྷ་ཏེ་བྷྱཿསམྱཀ་སཾ་བུདྡྷེ་བྷྱཿོཾ་བྷ་ཡ་ནཱ་ཤ་ནི་ཏྲཱ་ས་ནི་ཏྲཱ་ས་ཏྭ་ས་ཡ། བྷྲྀ་ཀུ་ཊི། ཏ་ཊི། བཻ་ཏ་ཊི་བཻ་ཏ་ཊི། སཽ་ཏེ། ཛ་ཊི་ནི་སྭཱ་ཧཱ། རིག་པ་འདི་གསུངས་མ་ཐག་ཏུའང་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ་བ་དང་། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བ་དང་། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ་བ་དང་། ཤར་ཕྱོགས་མཐོ་ན་ནུབ ་ཕྱོགས་དམའ་པར་གྱུར་ཏོ། ། དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ། གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་ཀྱང་གདན་ལས་བསྐྱོད། དྲི་ཟ་རྣམས་ཁ ་བུབ་ཏུ་གྱུར། ལྷ་མ་ཡིན་རྣམས་ཀྱི་དབྱངས་ཉམས་པ་དང་། ནམ་མཁའ་ལྡིང་རྣམས་ཀྱི་དབྱངས་ཉམས་པ་དང་། ནམ་མཁའ་ལྡིང་རྣམས་ཀྱི་སྒྱུ་མའི་མགྱོགས་པ་དང་། སྲིན་པོ་རྣམས་ཀྱི ་ཏྲུ་ཏ་ཏ་ར་དང་། གདུག་པ་རྣམས་ཉེ་བར་འགྲོ་བར་གྱུར་ཏོ།། མ་མོའི་ཚོགས་རྣམས་ངུ་འབོད་ཀྱི་ཉམ་ཐག་པའི་ང་རོ་དང་ངུ་འབོད་ཀྱི་ཀླག་ཅོར་སྨྲའོ།། དེ་བཞིན་དུ་གནོད་སྦྱིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས ་སྐྱབས་མེད་དཔུང་གཉེན་མེད་དེ། ཇི་སྲིད་འོག་མིན་པའི་ལྷའི་རིས་རྣམས་ཀྱང་སྲེག་པར་གྱུར་ཏོ།། ལྷ་རྣམས་ཐམས་ཅད་རིངས་པ་རིངས་པར་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་ལྷགས་སོ།། དེ་ནས་ཕྱག་ན་རྡོ་རྗེ ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་རྒྱན་གྱི་འོད་ཟེར་རྣམས་ཀྱིས་ཡིད་ཚིམ་ནས་སྟན་ལས་འཕོས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་ན་ཉེ་བར་ལྷགས ་སོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་དབུགས་འབྱིན་པ་མཛད་དེ། མ་འཇིགས་ཤིག། གྲོགས་པོ་དག་མ་འཇིགས་ཤིག། དེ་ནས་ཡང་བྱང་ཆུབ ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་རབ་ཏུ་ཞུགས་ཤིག། དེ་བཞིན་གཤེགས་པའི་གཙུག་ཏོར་དུ་སེམས་དཔའ་ཆེན་པོ་རབ་ཏུ་ཞུགས་པ་ཙམ ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ལྷ་ཐམས་ཅད་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས ་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་དབྱངས་སུ་གྱིས་ཤིག། དེ་ནས་ལྷ་དེ་རྣམས་ཐམས་ཅད་དང་། དྲི་ཟ་དང་། གནོད་སྦྱིན་ལ་སོགས་པ་དང་། བྱང ་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བར་གྱུར་ཏོ།། དེ་ནས་འཁོར་ཐམས་ཅད་དང་བཅས་པ་ཉིད་ངོ་མཚར ་ཐོབ་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་ལྷགས་སོ། ། ཉེ་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འདི་ལྟ་བུའི ་གསང་སྔགས་བྱང་ཆུབ་སེམས་དཔའ་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། ། བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ཏོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས ་གསུངས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གཙུག་ཏོར་ནས་ངེས་པར་འཐོན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ། ། བྱང་ཆུབ་སེམས་དཔའ་ཆེན་པོའི་མཐུ་ལྷ་རྣམས་ཀྱིས་སྔོན་ཆད་མ་ཐོས་པ་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་རོ།། བདེ་བར་གཤེགས་པ་ངོ་མཚར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། འདས་པའི་དུས་ན་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ཞེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན་རིག་པ་འཛིན་པ་བྱེ ་པ་ཕྲག་བརྒྱང་རྒྱན་པའི་པོ་སོར་གནས་སོ། ། སངས་རྒྱས་ཀྱི་ཞིང་དེན་བུང་མེད་ཅེས་བྱ་བ་ག་གས་པ་མེད་དོ།། དེ་རྣམས་ཐམས་ཅད་ཀྱང་རིག་པ་འཛིན་པརྩོན་མེད་པ་ཁོ་ནྡ་ཏེ། རིག་པ་འཛིན ་བར་གྱུར་བ་ལས་མ་འདས་ཏེ། རིགས་ཀྱི་པྲ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་བ་དང་། མི་འམ་ཅི་དང་། ་འཕྱེ་ཆེན་པོ་ལ་སོགས་པ་འདི་རྣམས་མདོར་ན་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིམ་པ་ལས་མ་འདས་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས ་། དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་སོང་ངོ་།། ཉེ་བར་སོང་ནས་དགའ་ནས་གསང་སྔགས་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཊཀྐི་ཧཱུཾ་ཛྫ། འདིའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ། རིག་པ་མཆོག་གི་རྒྱལ་པོའི་སྙིང་པོ་རིག་པའི་རྒྱལ་པོ ་སྟོང་བཟླས་པར་བྱའོ། ། རྒྱུད་ཕྱི་མ་བསྐྱེད་པ་ཞེས་བྱ་བའི་ལེའུ་དང་པོའོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། དྲི་ཟ་དང་། ཀླུ་དང་། གནོད་སྦྱིན་དང ་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། སྨྱོ་བྱེད་དང་། གནོན་པོ་དང་། ལོག་འདྲེན་ཐམས་ཅད་ནས ་རྒྱལ་པོ་དང་། ལྷ་དང་། སྒྲ་འམ། ཆུ་ཀླུང་དང་། རྒྱ་མཚོར་བཅས་པའི་ལྷ་རྣམས་དང་། སྨན་ཆེན་པོ་རྣམས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་ལྷགས་སོ།། ཉེ་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི ་ཞབས་ལ་མགོ་བོས་མངོན་པར་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་གོ། ། དེ་ནས་དེ་རྣམས་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་འགའ་ཞིག་ཡོངས་སུ་ཞུ་བར་འཚལ་ལོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་དང་། ལྷ་རྣམས་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ། ། བཞིན་བཟངས་དག་ལེགས་སོ།། གང་དང་གང་འདོད་པ་དྲིས་ཤིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་རིག་པ་རྣམས་འཆར་བ་འམ། ནུབ་པར་འགྱུར་བ་གདགས་པ་དང་། གང་གི་དུས་སུ་རིག་པ་རྣམས་འགྲུབ་པར་འགྱུར། ལྷ་རྣམས་ཀྱིས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད ་ཅེས་བཀའ་སྩལ་ཏོ། ། ཀྱེ་ལྷ་རྣམས་རིགས་ཀྱི་བུ་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་རིག་པ་རྣམས་འཆར་བར་འགྱུར་ཏེ། ་བརྩོན་འགྲུབ་དང་ལྡན་པ་དང་། དལ་ཞིང་དལ་བའི་བརྩོན་འགྲུས་དང་། སྙིང་སྟོབས་དང་། ལེ་ལོ་དང་། བརྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། སྲོག་གཅོད་པ་དང་། དྲག་པོ་ཅན་དང་། སྲེད་པ་དང་། ་བརྐམ་པ་རྣམས་ཏེ། དེ་རྣམས་རྟག་ཏུ་མར་མི་ཤེས་པ་དང་། པར་མི་ཤེས་པ་འདི་ལྟ་བུ་རྣམས་ཀྱིས་རིག་པའི་དངོས་གྲུབ་མི་རྙེད་དོ།། རིགས་ཀྱི་བུ་འདས་པའི་དུས་ན་བསྐལ ་པ་བཟང་པོ་འདི་ཉིད་ལ་རིག་པ་འཛིན་པའི་རྒྱལ་པོ་བཅོ་བརྒྱད་འདས་པ་ན་རྫུ་འཕྲུལ་ཆེན་པོ་ཅན། མཐུ་ཆེན་པོ་ཅན། དེ་རྣམས་རིག་པ་འཛིན་པའི་མིང་དུ་གྲགས་པར་གྱུར་ཏོ།། དེ་རྣམས་ཐམས ་ཅད་ཀྱང་རིག་པ་འཛིན་པ་ཉིད་དང་རིག་པའི་མཐུ་ཡིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། རིགས་ཀྱི་བུ་ཤར་ཕྱོགས་སུ་སྡིག་མེད་ཅེས་བྱ་བའི་རིག་པ་འཛིན་པའི ་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བཞིའི་མངའ་བདག་གོ། བྱང་ཕྱོགས་སུ་རི་རབ་ལྷུན་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་དྲུག་ཅུའི་མངའ་བདག་གོ།། རི་རབ ་ལྷུན་པོ་རིའི་རྒྱལ་པོའི་ཉེ་ལོགས་ན་གླང་པོའི་སྡེ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ལྷ་མ་ཡིན་གྱི་དབང་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། གཞོན་པ་དཀར་པོ་ཞེས ་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ཆ་བྱད་བཟང་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། གསེར་གྱི་ཡན་ལག་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། པདྨ་བཀོད་པའི་རྒྱན ་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རྡོ་རྗེའི་ཕྱག་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རིན་ཆེན་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ཞགས་པའི་ཕྱག་རྒྱ ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། མེ་ལྕེ་འབར་བའི་འོད་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། སྒྱུ་འཕྲུལ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རྟག་ཏུ་རབ་འ ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་སྟེ། རིག་པ་འཛིན་པའི་རྒྱལ་པོ་བཅོ་བརྒྱད་པོ་འདི་རྣམས་རིག་པ་འཛིན་པ་སྟོང་ཕྲག་བཅུ་བཞི་ཡོངས་སུ་བསྐོར་བ། མཐུ་ཆེན་པོ་དང་ལྡན་པ། དེ་རྣམས་ཐམས ་ཅད་ཀྱང་བུད་མེད་རྣམས་ཀྱིས་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། རིགས་ཀྱི་བུ་རིག་པ་འཛིན་པ་འདི་རྣམས་སྐྱེ་བ་བདུན་གྱི་ནང་དུ་རིག་པའི་རྗེས་སུ་འབྲང་བར་གྱུར་པ་སྟེ། ་གང་དང་གང་དུ་སྐྱེས་པ་དེ་དང་དེ་ཉིད་དུ་རིག་པ་འདིའི་མཐུས་དྲན་པ་སོ་སོར་རྙེད་དོ།། རིགས་ཀྱི་བུ་དེ་ལྟ་བུའི་གནས་སུ་གནས་པས་རིག་པ་འགྲུབ་པར་འགྱུར་རོ།། དེ་ནས་ལྷ་དང་བྱང་ཆུབ་སེམས་དཔའི ་འཁོར་དེ་རྣམས་ངོ་མཚར་ཐོབ་ནས། བཅོམ་ལྡན་འདས་ལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གིས་མངོན་པར་གཏོར་བར་གྱུར་ཏོ།། དེ་ནས་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་རབ་ཏུ་དགའ ་བའི་ཡིད་ཀྱིས་རིག་པས་དགའ་བའི་དོན་དུ་ཆོ་ག་གསུངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེས་རིག་སྔགས་གསུངས་པ། ཨོཾ་པདྨ་བཛྲི་ཧཱུཾ། སྙིང་པོའོ།། ག་ག་ན་བི་དཱ་རི་ཎི། ཉེ་བའི་སྙིང་པོའོ།། ཨོཾ་བྷ་ཡ་ནཱ་ས་ནི ་ཕཊ། མགོ་བོའོ།། ཨོཾ་ཏྲ་པ་ནི་ཧཱུཾ། གཙུག་ཏོར་དུའོ།། ཨོཾ་ཏཿ་ཧཱུཾ། གོ་ཆའོ།། ཨོཾ་བེ་ཏ་ཊི་ཧཱུཾ། གུར་རོ།། ཨོཾ་ས་ཏེ་ཛ་ཊི་ནི་ཕཊ། ར་བའོ།། ཞེས་པ་འདི་དག་རིག་པའི་འཁོར་གྱི་ལྷག་མའོ།། ་བའི་རིག་པ་ཉིད་ཀྱིས་དྲི་དང་། མེ་ཏོག་དང་།། བདུག་པ་ལ་སོགས་པའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས ་དབང་ཕྱུག་གིས་བཅོམ་ལྡན་འདས་མའི་རས་རིས་ཀྱི་ཆོ་ག་གསུངས་སོ། ། དང་པོ་རེ་ཞིག་ཚད་མེད་ཅིང་སྐྲ་དང་བྲལ་བའི་རས་བཀྲུས་པ་ཙན་དན་དཀར་པོ་དང་ཨ་ཀ་རུའི་འདབ་མ་སྤང་སྤོས་དང་ལྷན་ཅིག་སྦྱར་བ། ་བཅོམ་ལྡན་འདས་མས་ལན་བདུན་མངོན་པར་བསྔགས་པས་ལན་བདུན་བཀྲུ་བར་བྱའོ།། བཀྲུས་པ་ལའང་བྱུག་པར་བྱའོ།། འབྱུང་པོའི་སྐྲ་དང་། ག་ཛ་ཧ་དང་། ཤ་ཏྲུ་གྷ་ནི་དང་། པྲི་ཡང་ཀུ་སྟེ། ་འདི་རྣམས་ཀྱིས་བདུག་པར་བྱའོ།། འདི་རྣམས་ཀྱིས་གང་འདོད་པ་དེ་གྲུབ་པར་མཚོན་ནོ།། མཚན་མོ་གཅིག་སྨྱུང་བར་གནས་པར་གྱུར་ནས་མི་བློ་དང་ལྡན་པས་མཉན་པར་བྱའོ།། དེ་ནས་ཐོ་རངས་དང ་མཚན་མོ་མེ་སྦར་ནས་རང་གི་ཁྲག་གིས་བཏཀྲ་པའི་ཡུངས་ཀར་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། ། ཆོ་ག་འདི་ཉིད་ཀྱིས་རས་རིས་འདྲི་བཞིན་པ་ལ་བགེགས་མི་འབྱུང་ངོ་།། དེ་བས་ཀྱང་བྱུག་པར་བྱ་སྟེ་རྣམ་པ ་གཞན་དུ་ན་ལོག་འདྲེན་གྱིས་བྱིན་གྱིས་བརླབས་པས་གྲུབ་པར་མི་འགྱུར་རོ། ། དེ་ནས་རིག་པ་འཛིན་པ་རང་ཉིད་ཀྱིས་རིག་སྔགས་ཟློས་བཞིན་པས་རི་མོ་མཁན་ཁྲུས་བྱེད་དུ་གཞུག་གོ།། བཀྲུས་ནས་དེ ་ལའང་གོས་རབ་ཏུ་སྦྱིན་པར་བྱ་སྟེ་ཇི་སྲིད་འདྲི་བའི་བར་རོ། ། རི་མོ་མཁན་གསོ་སྦྱོང་ལ་གནས་པར་བྱ་ཞིང་། འདྲི་བཞིན་པ་ནའང་རས་རིས་ཀྱི་མཐར་རྣམ་པ་སྣ་ཚོགས་པའི་གཏོར་མ་དབུལ་བར་བྱ་ཞིང་། བུམ་པ ་གང་བ་བཞི་གཞག་པར་བྱའོ། ། དབུས་སུའང་དཀྱིལ་འཁོར་གྲུ་བཞི་པ་བྱའོ།། དེར་ཡང་བུམ་པ་གང་བ་གཞག་པར་བྱའོ།། བུམ་པ་དེ་རྣམས་ཐམས་ཅད་ཀྱང་མེ་ཏོག་གིས་བརྒྱན་པར་བྱའོ།། མར་མེའི་འཕྲེང ་དབུལ་ལོ། ། རིག་པ་འཛིན་པས་རིག་པ་ཡིད་ལ་བྱེད་ཅིང་བདུག་སྤོས་སྲེག་པར་བྱའོ།། དེ་ནས་རི་མོ་མཁན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ཚངས་པའི ་རི་མོ་གདབ་པར་བྱའོ། ། དེ་ནས་སླར་ཡང་རིག་པ་འཛིན་པས་ཁ་ཤར་དུ་མངོན་པར་ཕྱོགས་པས་ཉེ་བར་ཞུགས་ནས་རས་རིས་ཀྱི་སྤྱན་སྔར་ཨ་པཱ་མཱརྒའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དེ་ནས་རི་མོམལ ་གྱིས་ལྷ་ལ་ཕུལ་བའི་སྟོན་མོ་ཟོས་པས་མ་འདྲེས་པའི་ཚོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱའོ། ། གསེར་མདོག་པུད ་དཀར་པོའི་གདན་ལ་བཞུགས་པའོ། ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ་ལ་རལ་པའི་ཅོད་པན་འཕྱང་བ། སྤྱན་གསུམ་པ། དཔྲལ་བ་ནས་འོད་ཟེར་འབྱུང་བ། ་པདྨ་ལ་གནས་པའོ།། དེའི་རྒྱབ་ཏུ་རིག་པའི་ལྷ་མོ་གོས་དཀར་མོ་རིན་པོ་ཆེའི་འོད་དཀར་པོ་བགོས་པ། པདྨ་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ།། དེའི་བར་མ་ཆད་པར་ཁྲོ་གཉེར་ཅན་མ་གོས་དཀར་པོ ་འཆང་བ་འདྲིར་གཞུག་པར་བྱའོ། ། གཡས་སུ་བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོ་བྲི་ཡང་ཀུ་ལྟར་སྔོ་བསངས་ཕྱག་ན་རིན་པོ་ཆེ་བསྣམས་པ་འདྲིར་གཞུག་པར་བྱའོ།། དེ་རྣམས་ཐམས་ཅད་ཀྱང་བདེ་བར ་གཤེགས་པའི་མཐོ་གང་གི་ཚད་དུ་བྱ་ཞིང་པདྨ་ལ་གནས་ཤིང་སོ་སོར་གནས་པའོ། ། གཡོན་གྱི་གཞོགས་སུ་ཕྱག་ན་རྡོ་རྗེ་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་ན ་རྡོ་རྗེ་བསྣམས་པའོ། ། གཡོན་གྱི་གཞོགས་སུ་རིག་པའི་རྒྱལ་པོ་དམ་པ་རྨ་བྱ་ལ་ཉེ་བར་འདུག་པའོ།། རིག་པའི་རྒྱལ་པོའི་ཉི་ལོགས་སུ་གསེར་ལྡན་མའང་རྡོ་རྗེ་ལྕགས་ཀྱུ་མ་འདྲིར་གཞུག་པར་བྱ ་རྡོ་རྗེ་ཁུ་ཚུར་རྫོ་སངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་རྡོ་རྗེ་བསྣམས་པའི་དྲར་གཞུག་པར་བྱའོ། ། རྡོ་རྗེ་དབྱུག་པ་དབྱུག་པ་བསྣམས་པ་འདྲིར་གཞུག་པར་བྱའོ།། བློ་གྲོས་རྡོ་རྗེ་མ་དང་གནམ ་ལྕགས་མའང་རྡོ་རྗེ་དབྱུག་པའི་རྒྱབ་ཏུ་འདྲར་གཞུག་པར་བྱའོ། ། གཡོན་དུ་ལྷ་སྐྲག་པ་འདྲིར་གཞུག་པར་བྱའོ།། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་རྡོ་རྗེ་དྲག་ཏུ་དགོད་པ་འདྲིར་གཞུག་ཅིང་། ཕྱག་ན་རྡོ་རྗེའི ་ཉེ་ལོགས་སུ་རྡོ་རྗེ་སྡེ་དང་གཙུག་འཕྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། ། ཐམས་ཅད་ཀྱང་པདྨ་ལ་སོ་སོར་གནས་པའོ།། རྒྱལ་པོ་ཆེན་པོ་བཞི་བྱ་སྟེ།། ལོག་འདྲེན ་གྱི་རིགས་བཞི་རྣམས་རྣམ་པར་འགྱུར་བའི་གཟུགས་ཅན་འབྲོས་བཞིན་པ་འོག་ཏུ་བྲི་བར་བྱའོ། ། དེ་རྣམས་ཀྱི་འོག་ཏུ་པདྨའི་མཚོ་བྱའོ།། ཀླུ་ལག་ན་པདྨ་ཐོགས་པ་འདྲིར་གཞུག་པར་བྱའོ།། ལྷའི ་ཚོགས་ཐམས་ཅད་ཀྱང་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། ། ལྷའི་རྔ་བོ་ཆེ་འདྲིར་གཞུག་པར་བྱའོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས ་ཀྱང་མཚོན་ཆ་དང་བཅས་པ་འདྲིར་གཞུག་པར་བྱའོ། ། རིག་པ་འཛིན་པའི་རྒྱལ་པོ་ལུས་མེད་འདྲིར་གཞུག་པར་བྱའོ།། ཀླུའི་རྒྱལ་པོའི་ཉེ་ལོགས་སུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་འདྲི ་གཞུག་པར་བྱའོ། ། རས་རིས་འདི་བྲིས་པ་ཙམ་ཉིད་ཀྱིས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ཕྱི་ནས་ལྷ་རྣམས་བདེ་བླག་ཏུ་སྒྲུབ་པོ།། དེ་ནས་རིག་པ་འཛིན་པས་རས་རིས་ཀྱི་རྒྱལ་པོའི་མཆོ ་དེའི་སྤྱན་སྔར་སློང་མོ་བཟའ་ཞིང་རིག་པ་འབུམ་ཕྲག་བཅུ་གཉིས་སུ་བཟླས་པར་བྱའོ། ། དེ་ནས་འདི་ལ་རིག་པ་འཛིན་པ་ལུས་མེད་ཀྱིས་རྨི་ལམ་དུ་སྟོན་པར་བྱེད་དེ། རིག་ཀྱི་བུ་སྒྲུབ་ཤིག་སྒྲུབས་ཤིག་ཅེས ་དེ་ནས་རིག་པ་འཛིན་པས་ལྕགས་གསུམ་གྱི་པདྨ་གསེར་གྱི་སྙིང་པོ་ཅན། ། འདབ་མ་ཟངས་དང་ཆུབ་དངུལ་ལ་འདབ་མ་སྟོང་པའོ།། པདྨ་བཞིས་ཡོངས་སུ་བསྐོར་བ་བཞི་པོ་འདི་འདབ་མ་བརྒྱ་པར་བྱེད་དུ་གཞུན ་གོ། བྱི་ནས་སྒྲུབ་པ་པོས་འོ་མ་དང་ནས་ཟན་པ་ཞིང་རིག་པ་བཟླས་པར་བྱའོ།། དེ་ནས་ཟླ་བ་ཉལ་མཚན་མོ་གསུམ་སྦྱང་བར་གནས་པར་བྱས་ལ་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞུགས་ནས། པདྨ ་གཡས་ཀྱི་ལུས་ལ་བཅོམ་ལྡན་འདས་མའི་ལྷ་ཐམས་ཅད་སྤྱན་དྲང་བར་བྱའོ། ། རབ་ཏུ་འབད་པས་གཏོར་མ་བྱས་ལ་ལྷ་རྣམས་ལ་གཏོར་མ་དབུལ་བར་བྱའོ།། མེ་ཏོག་དཀར་པོ་དང་། ཨ་ཀ་རུ ་དང་། རུ་རྟ་དང་། གུར་ཀུམ་དང་། མར་གྱི་མར་མེ་བརྒྱའང་རབ་ཏུ་སྦར་བར་བྱའོ།། ལྷ་མ་ཡིན་རྣམས་ལ་གཏོར་མ་དང་། གནོད་སྦྱིན་ལ་དཀར་གཏོར་དང་། མར་གྱི་མར་མེ་དང་། དྲི་ཟ་རྣམས ་ལ་གཏོར་མ་དང་། མེ་ཏོག་དམར་པོ་དང་། མར་གྱི་མར་མེ་དང་། ཤ་ཟ་རྣམས་ལ་གཏོར་མ་དང་། མེ་ཏོག་དམར་པོ་དང་། མར་གྱི་མར་མེ་དང་། ནམ་མཁའ་ལྡིང་རྣམས་དང་། ་གནོད་སྦྱིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། རོ་ལངས་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྨྱོ་བྱེད་དང་། གནོན་པོ་དང་། མ་མོའི་ཚོགས ་རྣམས་དང་། ལོག་འདྲེན་དང་བཅས་པ་རྣམས་ལ་ཤ་དང་། ཛམྦུ་ལི་ཀ་དང་། ས་ཏི་ཀ་ལ་སོགས་པ་རྣམས་སོ།། གནོད་སྦྱིན་རྣམས་ལ་ཤ་དང་། ཁྲག་དང་། སྡོང་བུ་དང་། འབྲས་བུ་དང་། མངར ་གསུམ་མོ། ། ཀླུ་རྣམས་ལ་འབྲས་ཡོས་དང་། མུང་གའི་ལ་དུ་དང་། འབྲས་བུ་རྣམས་སོ།། རྣམ་པ་སྣ་ཚོགས་པའི་བཟའ་བར་བྱ་བ་དང་། སྒྲོན་མ་དང་། བདུག་པ་རྣམས་ཀྱང་སོ་སོ་སོ་སོར་རོ།། ལྷ་རྣམ ་པར་ཤེས་པ་ཉིད་འཕེལ་བཞིན་དུ་མཆོད་པ་བདུན་བྱའོ། ། དེ་ནས་ཉི་མ་བདུན་པ་ལ་གྲོགས་གཞག་པར་བྱའོ།། ལེགས་པར་བསམ་པའི་ཆོས་ཅན། བྱས་པ་གཟོ་བ། རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན ་ནད་མེད་པ་དེ་ལྟ་བུ་གཞག་པར་བྱའོ། ། ཤེས་རབ་ཅན་གྱིས་དེ་ནས་ལས་ཡང་དག་པར་བརྩམས་ཏེ། ཀུ་ཤའི་ཁྲེས་ལ་མངོན་པར་བསྔགས་པ་ལ་ཉེ་བར་འདུག་ནས། དེ་ནས་པདྨའི་ཟེའུ་འབྲུ་ལ ་ལག་པ་གཡས་པས་མནན་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། རས་རིས་རབ་ཏུ་འགུལ་བར་འགྱུར་རོ།། ཀླུ་རྣམས་ཀྱང་སྒྲ་སྒྲོགས་ཏེ་འཇིགས་པར་མི་བྱའོ།། སླར་ཡང་བརྒྱད་བརྒྱར་བཟླས་སོ།། ་དྷིདྷ་དྲུག་ཏུ་དགོད་པའི་དཔྲལ་བ་ནས་འོད་ཟེར་འབྱུང་སྟེ། ཟླ་ཆེན་པོའང་སྒྲོགས་ཤིང་ལུད་ཅས་བརྒྱལ་བ་བྱེ་སྟེ་། འཇིགས་པར་མི་བྱ། སླར་ཡང་བརྒྱན་བརྒྱ་བབྱས་སོ།། ཕྱོགས་དང་ཕྱོགས་བྲལ་རྣམས་པ ་བོ་ཆེའི་སྒྲ་སྒྲོགས་སོ། ། ལོག་འདྲེན་རྣམས་ཀྱང་རྣམ་པར་འབྲོས་ཏེ་ལྷན་ཅིག་འཇིག་རྟེན་གྱི་ཁམས་གང་དུ་འགྲོ་བར་བྱེད་པར་རིག་པ་འཛིན་པ་དེ་རྣམས་འོང་བར་བྱེད་དོ།། ལྷ་མ་ཡིན་གྱི་བུ་མོ་རྣམས ་འདུས་པར་འགྱུར་རོ། ། སྤྲིན་རྣམས་ཀྱང་འུར་འུར་པོའི་སྒྲ་སྒྲོགས་པར་བྱེད་དོ།། ལྷ་རྣམས་ཀྱང་འོང་པར་འགྱུར་རོ།། གནོད་སྦྱིན་ཐམས་ཅད་དང་། རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱང་འདུས ་པར་འགྱུར་རོ། ། ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་ཞིང་རིག་པའི་ཚོགས་ཐམས་ཅད་ཀྱང་སྙིང་པོ་མེད་པར་འགྱུར་རོ།། དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག ་བརྒྱད་བརྒྱ་བྱའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྣམས་དང་ལྷན་ཅིག་འབྱོན་པར་འགྱུར་རོ།། ལྷ་རྣམས་དང་ལྷན་ཅིག་བྱོན་པ་ལ་མཆོད་ཡོན་དབུལ་ལོ།། བྱོན་པ་ཙམ་གྱིས་ལྷ་ཐམས་ཅད ་དང་། རིག་པའི་རྒྱལ་པོ་ཐམས་ཅད་ཀྱ་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ།། དེ་ནས་རིག་པ་འཛིན་པས་པདྨ་མནན་ནས་རིག་པ་ལན་བདུན་བཟླས་པར་བྱའོ།། པདྨ་རེ་རེ་ལ་པདྨ་བྱེ་བ་ཕྲག་བཞི་པ་ནི་འབྱུང་བར ་འགྱུར་རོ། ། རིག་པ་འཛིན་པ་སྟོང་ཕྲག་བཅུ་དྲུག་པོ་ཐམས་ཅད་ཀྱང་པདྨའི་གདན་ལ་གནས་པ་ཤ་སྟག་འབྱུང་ངོ་།། དེ་ནས་རིག་པ་འཛིན་པས་ལན་ཅིག་བརྗོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་མའི ་སྐུ་ལས་འོད་ཟེར་སྣ་ཚོགས་པ་འབྱུང་སྟེ། སྒྲུབ་པ་པོ་ལ་བྱུགས་ནས་པདྨའི་ཟེ་འབྲུར་ནུབ་པར་འགྱུར་རོ།། དེ་ནས་ཡང་པདྨ་ལ་ཉེ་བར་འདུག་པ་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱད ་ཅུ་རྩ་བཞི་འབྱུང་བར་འགྱུར་རོ། ། དེའང་པདྨའི་བཀོད་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་འབྱུང་སྟེ། དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཀུན་ནས་ཁྱབ་པའོ།། དེར་དེ་ལ་དེ་བཞིན་གཤེགས་པ་ཐམས ་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ། ལྷ་རྣམས་ཀྱིས་ཀྱང་བསྟོད་པར་བྱ་བཞིན་པ། རིག་པ་འཛིན་པའི་རྒྱལ་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བཞིན་པ། ་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱས་ཡོངས་སུ་བསྐོར་ནས་འགྲོ་སྟེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་སངས་རྒྱས་ཀྱི་ཞིང་བདུན་འདའ་བར་བྱེད་དོ།། རང་གི་འདོད ་པས་སྐྱེ་བ་འཛིན་པར་བྱེད་ཅིང་། རང་གི་འདོད་པས་འཆི་བར་བྱེད་དོ།། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་རྣམ་པར་གནོན་པ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་ཡོད་དེ། དེས་ལས ་འདི་བསྒྲུབས་པའོ། ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་པོར་ལེའུ་དང་པོ་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། སྤྱན་རས ་གཟིགས་དབང་ཕྱུག་ལ་དགའ་བས་ཆོ་ག་སྨྲས་པ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ། གསེར་ལྟར་སེར་བ། ཆོས་སྟོན་པར་མཛད ་བཞིན་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། དམ་པར་བྱས་པ། དམར་སེར་མཆོད་ཕྱིར་ཐོགས་དཀར་པོ། དར་ལའི་སྟོད་གཡོག་དང་སྨད་གཡོགས་ཅན། ་ཕྱག་ན་ཤིང་གི་དབྱུག་པ་བསྣམས་པའོ།། གཡོན་དུ་རྡོ་རྗེ་འཆང་སྔོ་བསངས་རྣམ་པར་རྒྱན་དང་བཅས་པ། ཕྱག་གཡོན་པས་ཁྲོ་བོའི་རྡོ་རྗེ་འཕྱར་བཞིན་པའོ།། རྡོ་རྗེ་འཆང་གི་ཉེ་ལོགས་སུ་རྡོ་རྗེ་ལྕགས ་ཀྱུ་མ་དང་རྡོ་རྗེ་ཁུ་ཚུར་མ་འདྲིར་གཞུག་པར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཉེ་ལོག་སུ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་བྱ་སྟེ། པྲི་ཡང ་ཀུ་ལྟར་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྐུ་མདོག་དཀར་པོ།། ཕྱག་གཡོན་པས་ཀུརྦ་འཛིན་པའི་སྙིང་པོ་མཆོག། བཅོམ་ལྡན་འདས་མའི་ཉེ་ལོགས་སུ་འདྲིར་གཞུག་པར ་བྱའོ། ། སྟེང་དུ་གནས་གཙང་མའི་ལྷའི་བུ་མེ་ཏོག་གི་ཕུར་མ་ལག་ན་ཐོགས་པ་འདྲིར་གཞུག་པར་བྱའོ།། ལྷའི་རྔ་བོ་ཆེ་འདྲིར་གཞུག་པར་བྱའོ།། འོག་ཏུ་སྤོས་ཕོར་ལག་ན་ཐོགས་པ་འདྲིར་གཞུག ་པར་བྱའོ། ། དཀར་གསུམ་ཟ་ཞིང་རས་རིས་ཀྱི་སྤྱན་སྔར་རིག་པ་འབུམ་ཕྲག་བདུན་བཟླས་པར་བྱའོ།། དེ་ལྟ་བུ་སྔོན་སྤྱད་པ་བྱས་པར་འགྱུར་རོ།། དེ་ནས་ལས་ཡང་དག་པར་བརྩམས་ཏེ་སྔོན ་དུ་ལྡོང་རོས་བླངས་ཏེ་གོས་ཀྱི་ནང་དུ་འོ་མས་བཀྲུ་བར་བྱའོ། ། དཀར་པོའི་བཅོ་ལྔ་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། སྒོ་བཞི་རྣམས་སུ་བུམ་པ་གང་བ་བཞི་གཞག་པར་བྱའོ།། ཐམ ་ཅད་ཀྱང་མེ་ཏོག་གིས་བརྒྱན་པར་བྱ། བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་ལས་ཐམས་ཅད་བྱའོ།། དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཨ་ཤཏྠའི་འདབ་མ་བདུན་གྱིས ་ལྡོང་རོས་གཏུམས་ཏེ་བཞག་ནས། ཇི་སྲིད་འཕགས་པ་ཕྱག་ན་རྡོ་རྗེ་གཡོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས་ཡིད་ཀྱིས་མཆོད་ཡོན་དབུལ་བར་བྱ། སླར་ཡང ་དུ་བ་འཐུལ་བ་དང་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། འབར་བ་དང་བླངས་ནས་སྒྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། རིག་པ་འཛིན་པ་བཅུ་དྲུག་གི ་ཡོངས་སུ་བསྐོར་བར་འགྱུར་ཏེ། ལོ་སྟོང་ཕྲག་བརྒྱད་ཅུ་རུ་འཚོ་བར་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ།། ཚེས་གྲངས་མི་དགོས།། རྒྱུ་སྐར་མི་དགོས།། ་སྨྱུང་བར་གནས་པ་མི་དགོས་ཏེ། སྐྱེས་བུ་རྒྱ་མཚོའི་འགྲམ་དུ་མགོ་བོ་ཤར་དུ་བཞག་ནས་ཤི་བའི་རོ་བླངས་ནས་དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་པར་བྱས་ནས། སྒྲུབ་པ་པོ་ཁ་ཤར་དུ་ཕྱོགས་པས་རེ ་རོ་ལ་སོ་སོར་བསམ་པའི་ཡིད་ཀྱི་རྒྱུད་མཚུངས་པའི་བའི་མར་གསར་ལ་རིག་པ་བཟླས་པས་རོའི་ཁ་རུ་བླུགས་ནས། ཇི་སྲིད་ཀུན་ཏུ་གཡོ་ཞིང་ལྡང་བ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ།། དེ་ནས་རིག་པ ་འཛིན་པས་རྒྱ་མཚོར་འཇུག་པར་བྱ་སྟེ། ཇི་སྲིད་ཉི་མ་འཆར་བར་འགྱུར་བ་དེ་སྲིད་དུ་ཆུར་གནས་པར་བྱའོ།། དེ་ཙམ་གྱིས་སྦ་ལི་ཞིང་འཁྱིལ་བ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན་སེམས་བསྐྱེད་པས་འདིའི ་ཕྱག་རྒྱ་ཐམས་ཅད་འབྱུང་བར་འགྱུར་རོ། ། ལོ་སྟོང་ཕྲག་དྲུག་ཅུར་འཚོ་བར་འགྱུར་རོ།། དཔག་ཚད་སྟོང་ཕྲག་བཅུ་གཅིག་ཏུ་འཕུར་བར་འགྱུར་རོ།། ཐོག་ཕོག་པའི་ཤིང་ལས་བྱུང་བའི་ཕྱག་ན་རྡོ་རྗེ་བྱས་ལ། སྨན་གྱིས ་གཟུགས་ཀྱི་རྣམ་པའི་བཅོམ་ལྡན་འདས་མ་པྲི་ཡང་ཀུའི་ཤིང་ལས་བྱས་པ་སྙིང་པོ་མཉམ་པར་འགྲོ་མ་བྱེད་དུ་གཞུག་གོ། ། སྤྱན་རས་གཟིགས་དབང་ཕྱུག་ནིམ་པའི་ཤིང་ལས་བྱུང་བ་བྱེད་དུ་གཞུག་གོ།། ཐམས་ཅད ་ཀྱང་བད་ཀན་མཐར་བྱེད་ཀྱི་འབྲས་བུ་ལ་སོ་སོར་དགོད་པར་བྱའོ། ། སྒྲུབ་པ་པོ་པུས་མོ་བཙུགས་པ་ལག་ན་པོག་པོར་ཐོགས་པ་བྱེད་དུ་གཞུག་གོ། དེ་ནས་གོས་གཙང་མ་བགོས་ཏེ་མི་སྨྲ་བའི་བརྟུལ ་ཞུགས་ཀྱིས་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་བཅུ་གཅིག་ཏུ་བཟླས་པར་བྱའོ། ། དེ་ལྟ་བུས་སྔོན་སྤྱད་པ་བྱས་པར་འགྱུར་རོ།། དེ་ནས་བཅོ་ལྔ་པ་ལ་མཚན་མོ་གསུམ་སྤང་བར་གནས་ཏེ་མཎྜལ་དང ་བཅས་པ་བཟའ་ཞིང་དགེ་འདུན་ལ་སྟོན་མོ་དབུལ་བར་བྱའོ། ། དེ་ནས་མཚན་མོ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས།། འབྲས་བུ་དང་བཅས་པའི་གཏོར་མ་རྣམ་པ་སྣ་ཚོགས་པ་རྗེས་སུ ་དབུལ་ཞིང་མར་མེ་སྟོང་སྦར་བར་བྱའོ། ། དེ་ནས་བསྲུང་བ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཨུཏྤ་ལའི་འཕྲེང་བ་ཉི་ཤུ་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་སུ་ཕུལ་ལ ་ཇི་སྲིད་ཐམས་ཅད་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། ། འཇིགས་པར་མི་བྱ་བར་སླར་ཡང་རིག་པ་བཟླས་པར་བྱའོ།། གཡོ་བར་གྱུར་པ་དང་དེ་དག་བླངས་པས་ཨུཏྤལ་སྔོན་པོའི་འདབ་མ་ལྟར་སྔོ་བསངས་ཀྱིས ་རྡོ་རྗེའི་ལུས་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་སྐལ་བ་བཟང་པོར་འགྱུར་ཞིང་། ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་འགྱུར་རོ།། དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ལྡིང་བར་འགྱུར་རོ། ་གི་ཚེ་འཆི་བ་དེའི་རྩེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ།། མ་ཉམས་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་འདྲིར་གཞུག་པར་བྱ་སྟེ། སྔོ་བསངས་སྤྱན་གསུམ་པའི ་མོ་ཆ་བྱད་དང་རྒྱན་མ་ཉམས་པ་འདྲིར་གཞུག་པར་བྱའོ། ། འོག་ཏུ་རྗེས་སུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པ་བྱའོ།། དེ་ནས་སྒྲུབ་པ་པོས་རས་རིས་ཀྱི་སྤྱན་སྔར་རིག་པ་འབུམ་ཕྲག་གསུམ་དམྱ ་པར་བྱའོ། ། དེ་ནས་མཚན་མོ་དུར་ཁྲོད་དུ་སོང་ནས་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞག་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ཏེ། འབྱུང་པོ་ཐམས་ཅད་པ་ལ། དེ་ནས་རིག་པ་འཛན ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་གཅིག་པུ་ཐོད་པ་ལ་ཞག་ཆེན་པོའི་དུད་པ་བླངས་ནས་སྙིང་པོ་མཉམ་པར་འགྲོ་མའི་རིག་པ་བཟླས་པར་བྱའོ། ། དེ་ནས་རིག་པ་འཛིན་པས་སླར་ཡང་ཇི་སྲིད་དུ་བ ་འཕྲུལ་བ་དང་འབར་བར་གྱུར་གྱི་བར་དུ་རིག་པ་བཟླས་པར་བྱའོ། ། རྒྱལ་བའི་སྤྱན་གཉིས་པ་ལྟ་བུ་དང་། དབང་ཕྱུག་ཆེན་པོའི་མདུང་གི་མཚོན་ཆས་དབང་ཕྱུག་ཆེན་པོ་རྣམས་ཐམས་ཅད་རིག་པ་ལ ་དབང་དུ་འགྱུར་རོ། ། དེ་ནས་མིག་སྨན་སྒྲུབ་པར་འདོད་ན་རྒྱ་མཚོའི་འགྲམ་དུ་སོང་ནས།། སྔོན་དུ་བསྙེན་པ་ནི་ཆུང་ང་རིམས་ཁྲུས་བྱས་ནས་མི་སྨྲ་བར་རིག་པ་སྟོང་ཕྲག་དྲུག་བརྒྱར་བཟླས་པར་བྱའོ།། དེ་ནས ་རིག་པ་འཛིན་པ་གཙང་མས་གོས་གཙང་མ་བགོས་ཏེ་བ་ལང་གི་པགས་པ་ཙམ་གྱི་གཞི་ལ་ཉེ་བར་བྱུག་པ་བྱས་ནས། དེར་འཕགས་པ་ཕྱག་ན་རྡོ་རྗེའི་གཟུགས་བརྙན་རབ་ཏུ་སོ་སོར་གནས་པ་བྱེད་དུ་གཞུག ་གོ། ། དེ་ནས་མགོ་བོའི་ཐོད་པ་ལྔ་བླངས་ནས་དྲི་བཟང་པོའི་ཏིལ་མར་གྱིས་རབ་ཏུ་སྦར་བར་བྱ་སྟེ་དུ་བ་མེད་པར་བྱའོ།། དེ་ནས་རྣམ་པ་སྣ་ཚོགས་པའི་གཏོར་མ་བྱས་ནས་མར་གྱི་མར་མེ་ཕུལ་ཏེ། དེ་ནས་མགོ་དོ། ་ཐོད་པར་སོ་སོར་བཞག་ནས་ཕྱག་ན་རྡོ་རྗེའི་སྤྱན་སྔར་བསྲུང་བ་བྱས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། མིག་སྨན་དེ་དྲོ་བར་འགྱུར་རོ།། དེ་ནས་རིག་པ་འཛིན་པས་རིངས ་ཐབས་སུ་རིག་པ་ལན་བདུན་ཡོངས་སུ་བཟླས་པར་བྱའོ། ། དུ་བ་འཐུལ་བ་དང་འབར་བར་བྱེད་དོ།། འབར་བ་ན་ཐོད་པ་དེ་བླངས་ནས་ཕྱག་ན་རྡོ་རྗེའི་གནས་སུ་འགྲོའོ།། འདི་ཟར་མའི་མེ་ཏོག་དང་མཚུངས་པ་སྔོན ་མེད་པའི་བྱེ་བ་ཕྲག་དགུའི་དབང་ཕྱུག་ཏུ་འགྱུར་རོ། ། དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲེས་པའི་ཚོན་གྱིས་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་དང་། བཅོམ་ལྡན ་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་བྱ་སྟེ། པྲི་ཡང་ཀུ་ལྟར་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ།། སྙིང་པོའི་ཡང་གཡས་པའི་ཕྱག་གིས་རྡོ་རྗེའོ།། དེ་ནས་བསྒྲུབ་པ་པོ ་རིའི་རྩེ་མོར་མངོན་པར་འཛེགས་ཏེ་མི་སྨྲ་བས་གྲོགས་མེད་པར་ཡང་རུང་སྟེ་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། ། དེ་ནས་བཅོ་ལྔ་ལ་གཙང་མ་གོས་གཙང་བགོས་ཏེ། རས་རིས་ལ་མཆོད་པ་རྒྱ་ཆེན་པོ ་བྱས་ནས་མར་གྱི་མར་མེ་ཐར་ཡེ། དེ་ནས་སྒྲུབ་པ་པོས་བསྲུངས་པའི་ཆོ་ག་བྱས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ།། རྩེ་མོ་མ་བཅད་པའི་ཀུ་ཤས་སོར་བརྒྱད་པའི་ཚད་ཀྱི་རྩེ ་གསུམ་པའི་རྡོ་རྗེ་བྱེད་དུ་གཞུག་གོ། ། རྡོ་རྗེ་དེ་ལག་པ་གཡས་པས་མནན་ནས་ཇི་སྲིད་བཅོམ་ལྡན་འདས་མ་ལ་ས་འོད་ཟེར་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ།། རྡོ་རྗེ་ཙ་ཊ་ཙ་ཊིའི་སྒྲ་ཐོས་ཏེ་འཇིགས་པར ་མི་བྱ་བར་སླར་ཡང་ཡུད་ཙམ་རིག་པ་བཟླས་པར་བྱའོ། ། ཇི་སྲིད་རྔ་བོ་ཆེའི་སྒྲ་ཐོས་པ་ན་སླར་ཡང་ཡུད་ཙམ་དུ་རིག་པ་བཟླས་པར་བྱའོ།། རིག་པ་འཛིན་པས་རིང?་ཐ་བྲ་སུ་མར་དང་སྦྲང་རྩིས་བཏགས་པའི་བྱང་ཆུབ་ཤིང ་གི་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། ། སྦྱིན་སྲེག་ཡོངས་སུ་རྫོགས་ནས་ཀྱང་ཇི་སྲིད་རྡོ་རྗེ་ལ་འོད་ཟེར་འབྱུང་གི་བར་དེ་སྲིད་དུ་བཟླས་པར་བྱའོ།། དེས་དུས་གསུམ་དུ་ཁྲུས་བྱས་པས་སྒྲ་ལི་ཞིང་འཁྱིལ་པ། ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཕྱག་ན་རྡོ་རྗེ་གཉིས་པ་ལྟ་བུ་སྔོ་བསངས་དང་བའི་ལུས་སུ་གྱུར་ནས་བསྐལ་པར་གནས་སོ།། གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ།། དེ་ནས་ལྕག ་ཀྱུ་སྒྲུབ་པར་འདོད་ན་སྔོན་བཞིན་དུ་སྒྲུབ་པ་པོས་སྔོན་སྤྱད་པ་བྱའོ། ། འོ་མ་དང་ནས་ཟན་ཟ་ཞིང་མི་སྨྲ་བས་བ་ལང་གི་གནས་སུ་ཀུ་ཤ་བཏིང་བའི་མལ་སྟན་ལ་གཙང་ཞིང་གོས་གཙང་མ་བགོས་ཏེ། དུས ་གསུམ་དུ་ཁྲུས་བྱས་ལ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། ། དེ་ནས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་སློང་མོ་ཟ་ཞིང་རྐེད་པ་ཙམ་གྱི་ཆུར་ཞུགས་ནས་འབུམ་བཟླས་པར་བྱའོ།། དགེ་འདུན ་ལ་བཟའ་བ་དབུལ་བར་བྱའོ། ། དེ་ནས་རི་མོ་མཁན་གསོ་སྦྱོང་ལ་གནས་པས་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་གསེར་ལྟར་སེར་བ་སྤྱན་གསུམ། ་པའོ།། དེའི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་འདྲིར་གཞུག་པར་བྱའོ།། རྡོ་རྗེ་འཛིན་པའང་དེ་བཞིན་གཤེགས་པའི་གཙུག་ཏོར་དུ་རབ་ཏུ་འཇུག་བཞིན་པ་འདྲིར་གཞུག་པར་བྱའོ།། ཐམས་ཅད ་ཀྱང་པདྨའི་གདན་ལ་རབ་ཏུ་གནས་པར་བྱའོ། ། དེ་ནས་སྒྲུབ་པ་པོས་མཆོད་པ་རྒྱ་ཆེན་པོ་བྱས་ནས་བཅོམ་ལྡན་འདས་མས་ཀུ་ཤའི་ཁྲེས་ལ་མངོན་པར་བསྔགས་པ་ལ་ཉེ་བར་འདུག་པར་བྱའོ།། དེ་ནས་རིག་པ ་འཛིན་པས་རྩེ་མོ་མ་བཅད་པའི་ཀུ་ཤས་ལྕགས་ཀྱུ་བྱས་ནས་ལག་པ་གཡས་པས་བླངས་ཏེ། ཇི་སྲིད་ལྕགས་ཀྱུ་ལས་འོད་ཟེར་བྱུང་བ་དེ་སྲིད་དུ་དཔག་ཏུ་མེད་པ་བཟླས་པར་བྱའོ།། འོད་ཟེར་དེ་སྒྲུབ་པ་པོ་ལ་བསྐོར ་བ་བྱས་ཏེ་ནུབ་པར་འགྱུར་ཏེ། དེ་བཟུང་བས་རིག་པ་འཛིན་པར་འགྱུར་ཏེ། རིག་པ་འཛིན་པ་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་འགྱུར་རོ།། ལྕགས་ཀྱུ་ལག་ན་ཐོག་པས་རིག་པ་འཛིན་པ་སྟོང་ཕྲག་གི་མངའ་བདག་ཏུ་འགྱུར།། ་བསྐལ་པར་གནས་པ་དང་། རླུང་ལྟར་འགྲོ་བ་དང་། ལྷའི་ལུས་དང་། རང་འཆི་བ་ཤེས་པར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ ་ཕྱག་ན་རྡོ་རྗེས་གསུངས་པ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ལེའུ་བཞི་པའོ། ། ། དེ་ནས་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། ། ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མགོ་བོས་ཕྱག ་བྱས་ནས་བསྐོར་བ་བྱས་ཏེ་མཐའ་གཅིག་ཏུ་འདུག་གོ། ། དེ་ནས་ཡང་ཚངས་པ་ཆེན་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། བདག་རིག་པ ་རྒྱལ་མོའི་ཆོ་ག་འཆད་དོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ཚངས་པ་ཆེན་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཆེད་དུ་རིག་པའི་རྒྱལ་མོ་ཆེན་མོའི་ཆོ་ག་གསུངས ་ཤིག། དེ་ནས་ཡང་ཚངས་པ་ཆེན་པོས་ཆོ་ག་གསུངས་པ། རིགས་ཀྱི་བུ་གང་ལ་ལ་རིག་པའི་རྒྱལ་མོ་སྨྲ་བར་གྱུར་པ་འམ། འཆང་བར་གྱུར་པ་དེ་ལ་བདག་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ།། གང་དང་གང ་དུ་སྐྱེ་བ་དེ་དང་དེར་བདག་འདི་ལ་སངས་རྒྱས་རྗེས་སུ་དྲན་པ་རྗེས་སུ་སྦྱིན་པར་བགྱི་ཞིང་། རྟག་ཏུ་སྐྱེ་བ་དྲན་པར་འགྱུར་རོ།། རིགས་དམའ་བར་སྐྱེ་བར་མི་འགྱུར་རོ།། བཀླགས་པས་ལས་རྣམས་འགྲུབ་པར ་འགྱུར་རོ། ། ཆོམ་རྐུན་གྱི་དབུས་སུ་སོང་བས་ཡིད་ལ་བྱའོ།། སྦྲུལ་གྱི་འཇིགས་པ་དང་།། གནམ་ལྕགས་ལྷུང་བ་ལ་ལན་ཅིག་བརྗོད་པར་བྱའོ།། ཁྲོས་པའི་མདུན་དུ་དྲན་པར་བྱས་ན་དཔལ་རབ་ཏུ་སྟེར་རོ།། ་གདོན་གསོ་བར་འདོད་ན་ལན་བདུན་མངོན་པར་བསྔགས་ལ་སྲང་གིས་བསྡིགས་པར་བྱས་ན་གྲོལ་ལོ།། ཕྱག་རྒྱ་དབྱེ་བར་འདོད་ན་གདོང་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་བལྟ་བར་བྱ་སྟེ། ་ཕྱག་རྒྱ་དབྱེ་བ་བྱས་པར་འགྱུར་རོ།། ཡུངས་ཀར་ལ་དཀྱིལ་འཁོར་བཅིངས་པའོ།། ཕུར་བུས་ཁང་བཟངས་སྦྱོང་བའོ།། ཕུར་བུ་ཉིད་ཀྱིས་མཚམས་བཅིང་བའོ།། གང་དུ་རྡོ་རྗེ་གནས་པའི་གནས་དེར ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་ལན་བརྒྱད་བརྒྱར་བཟླས་པར་བྱའོ། ། རྡོ་རྗེ་རྣམས་བཅིང་བ་བྱས་པར་འགྱུར་རོ།། རྡོ་རྗེ་དབྱེ་བར་བྱ་བར་འདོད་ན། དུག་དང་། ལིང་ཀ་དང་། ཀ་ར་ཝཱི་རའི་མེ ་ཏོག་དང་། ལུག་གི་རཱ་སྟེ། འདི་རྣམས་ཆ་མཉམ་པར་བྱས་ལ་རིག་པ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་རྡོ་རྗེའི་མེ་ལ་དེ་རབ་ཏུ་བྱུག་པར་བྱའོ།། རྡོ་རྗེ་རྣམ་པར་དབྱེ་བ་བྱས་པར་འགྱུར་རོ།། ནོར་སྒྲུབ ་པར་འདོད་ན་སྔ་མ་བཞིན་དུ་སྔོན་སྤྱད་པ་བྱས་ལ། ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་ཉམས་པའི་རས་སྒྲ་དང་བྲལ་བ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ཆོས་སྟོན་པར་མཛད་བཞིན ་པ་འདྲིར་གཞུག་པར་བྱའོ། ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ་ལ་རལ་པའི་ཅོད་པན་འཆང་། འོད་དཔག་མེད་དབུ་ལ་བཞུགས་པ།། རྒྱན་ཐམས ་ཅད་ཀྱིས་རྣམ་པར་བརྒྱན་པའོ། ། གཡོན་དུ་རྡོ་རྗེ་འཛིན་པ་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཕྱག་ན་རྡོ་རྗེ་ཐོགས་པའོ།། ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཉེ་ལོགས་ན ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་པྲི་ཡང་ཀུ་ལྟར་སྔོ་བསངས་འདྲིར་གཞུག་པར་བྱའོ། ། བཅོམ་ལྡན་འདས་མའི་ཉེ་ལོགས་སུ་རིག་པའི་རྒྱལ་མོ་ཆེན་མོ་འདྲིར་གཞུག་པར་བྱའོ།། ཚངས་པའང་ལག ་ན་རིལ་བ་སྤྱི་ཐུགས་ཐོགས་པའོ། ། འོག་ཏུ་ལོག་འདྲེན་སྣ་ཚོགས་པའི་གཟུགས་ཅན་འདྲིར་གཞུག་པར་བྱའོ།། ལྷ་ཐམས་ཅད་ཀྱང་པདྨའི་གདན་ལ་གནས་པར་བྱའོ།། སྐུ ་པ་པོ་ནི་སྔོན་བཞིན་ནོ། ། དེ་ནས་སྒྲུབ་པ་པོས་བཅོ་ལྔ་ལ་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་སྔར་བཞིན་རྒྱུ་སྐར་རྒྱལ་ལ་བསྒྲིལ་བའི་མཆོད་ཕྱིར་ཐོགས་བྱས་ལ།། དེ་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས ་གཏོར་མ་རྣམ་པ་སྣ་ཚོགས་དབུལ་ལ་མར་གྱི་མར་མེའང་སྦར་བར་བྱའོ། ། དེ་ནས་རིག་པ་འཛིན་པས་ཀུ་ཤར་ཁྲིས་ལ་ཉེ་བར་འདུག་སྟེ་མཆོད་ཕྱིར་ཐོགས་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས། ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པར་དབུལ་བར་བྱའོ།། རིག་པ་འཛིན་པ་རྣམས་ཀྱང་གཡས་པའི་ཕྱག་བརྒྱད་ཀྱིས་རེག་གོ།། ཇི་སྲིད་དྲོ་བར་གྱུར་པ་འམ། དུབ་འཐུལ ་བ་འམ། འབར་བར་གྱུར་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ།། འབར་བན་ཡིད་ཀྱིས་མཆོད་ཡོན་དབུལ་ལོ།། དེ་ནས་རིག་པ་འཛིན་པས་ཚངས་པ་ཡིད་ལ་བྱའོ།། དྲན་པ་ཙམ་གྱིས་དབྱུགས་པའི་ཤིང་དུ ་འགྱུར་རོ། ། ཡུངས་ཀར་ལ་ལན་བརྒྱ་བཟླས་པ་བསྣུན་པར་བྱ་སྟེ་མཆོད་ཕྱིར་ཐོགས་སུ་འགྱུར་རོ།། བཅོམ་ལྡན་འདས་མ་དྲན་པ་ཉིད་ཀྱིས་རྗེས་སུ་བླང་བར་བྱ་སྟེ། བླངས་པ་ཙམ་གྱིས་སྦྲུ་ལི་ཞིང་འཁྱིལ་བ། ལོ་བརྒྱད ་གཉིས་ལོན་པའི་རྣམ་པ། དཀར་ཞིང་དང་བའི་ལུས། རིག་པ་འཛིན་པ་བཅུ་གཉིས་ཀྱི་མངའ་བདག་ཏུ་འགྱུར་རོ།། ཚངས་པའི་འཇིག་རྟེན་དུ་འགྲོའོ།། གང་གི་ཚེ་འཕོས་པ་དེའི་ཚེ་སླར་ཡང་རིག་པ་ཉམས་སུ ་མྱོང་བར་འགྱུར་རོ། ། སྒྲུབ་པ་གཞན་ཡང་སྔར་བཞིན་དུ་རིག་པ་འཛིན་པས་དུར་ཁྲོད་དུ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ།། དེ་ནས་སློང་མོའི་ཟས་བཞིང་ཤི་བའི་རས་བླངས་ནས་རྫས ་འདི་རྣམས་ཀྱིས་བཀྲུ་བར་བྱ་སྟེ། ཙན་དན་དང་། རྒྱ་སྤོས་དང་། པུ་ཤེལ་ཅི་དང་། བཱ་ལ་ཀ་དང་། རཱ་ཛ་ཧ་སྟེ། རྫས་འདི་རྣམས་གཅིག་ཏུ་བྱས་ནས་བཀྲུ་བར་བྱའོ།། མི་བློ་གྲོས་དང་ལྡན་པས་བཀྲུས་པ་དེ་ལ་ཉི་མ ་བདུན་དུ་བདུག་སྤོས་དབུལ་བར་བྱའོ། ། དེ་ནས་རིག་པ་འཛིན་པས་བཅོ་ལྔ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་པགས་པ་ཙམ་གྱི་ཐང་ལ་ཉེ་བར་བྱུགས་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། འབྱུང་པོ་ཐམས ་ཅད་པའི་གཏོར་མ་བྱས་ནས། དེ་ནས་སྒྲུབ་པ་པོས་ཐོད་པ་ལ་ཉེ་བར་འདུག་སྟེ་རས་དེས་ཀུན་ནས་གཡོགས་པས་བསྲུང་བ་བྱས་པས་ཇི་སྲིད་དྲོ་བའམ། དུ་བ་འཐུལ་བ་དང་། འབར་བར་གྱུར་གྱི་བར་དུ་རིག་པ་བཟླས ་པར་བྱའོ། ། དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ།། ངུ་བ་འཐུལ་བས་ནི་མི་སྣང་བར་འགྱུར་རོ།། འབར་བས་ནི་སྐྲ་ལི་ཞིང་འཁྱིལ་བ་ལུས་དཀར་པོ་རིག་པ་འཛིན་པ་དྲུག་བཅུའི་མངའ་བདག་ཏུ་འགྱུར་རོ།། ་ཇི་ལྟར་ཡང་རས་དེ་ཀུན་ཏུ་གཡོགས་པ་ཙམ་གྱིས་ཀྱང་བདག་ཉིད་དུ་བྱེད་དོ།། དེ་ཚེ་རིག་པ་འཛིན་པ་རྣམས་ལའང་ཆ་ཤས་སྦྱིན་པར་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། དེ་ནས ་བགྲང་འཕྲེང་སྒྲུབ་པར་འདོད་ན་སྔོན་བཞིན་དུ་རྒྱ་མཚོར་འབུམ་ཕྲག་ལྔ་བཟླས་པར་བྱའོ། ། དེ་ནས་ཀུ་ཤ་ལས་བྱུང་བའི་འགྲང་འཕྲེང་བྱས་ལ་མཛུད་པ་ཉི་ཤུ་རྩ་ལྔ་རྩའོ།། དེ་ནས་དུ་མཐོང་དུ་སོང་ནས་ཀྱི ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ། དེ་ནས་རིག་པ་འཛིན་པས་རོ་དང་སྤྱི་བུང་བཞག་ནས་བར་དུ་གཞག་པར་བྱའོ།། དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ནས་གཏོར་མ་རྒྱ་ཆེན ་པོ་དབུལ་ལོ། ། དེ་ནས་སྒྲུབ་པ་པོས་རོའི་བྲང་ཁར་ཉེ་བར་འདུག་སྟེ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པ་བྱའོ།། རྣམ་པ་སྣ་ཚོགས་པའི་བགེགས་ཆར་ལྟ་བུ་ལ་འཇིགས་པར་མི་བྱའོ།། ་ཇི་སྲིད་ཙམ་གསུང་དུ་འགྱུར་ཏེ། ཡིད་ཀྱིས་མཆོད་ཡོན་ཕུལ་ནས་སླར་ཡང་ཇི་སྲིད་བགྲང་འཕྲེང་དུ་གྱུར་གྱི་བར་དུ་བཟླས་པར་བྱའོ།། སླར་ཡང་སྒྲུབ་པ་པོ་འཆང་བཞིན་པས་བཅོམ་ལྡན་འདས་མ་ལན་པ་དུན་བཟླས ་པར་བྱའོ། ། དེ་ནས་ཀུན་ནས་འོད་ཟེར་འབྱུང་སྟེ་རིག་པ་དྲན་པས་གཟུང་བར་བྱའོ།། བཟུང་བ་ཙམ་གྱིས་སྒྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་འདོད་པའི་གཟུགས་ཅན། ཉི་མ་འཆར་ཀ ་དང་མཉམ་པའི་འོད་རིག་པ་འཛིན་པ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་ཚངས་པར་ཡང་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་དྲི་མ་མེད ་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། ། དེ་ནས་ལྷ་མ་ཡིན་གྱི་བུ་མོ་ལ་ལོངས་སྤྱོད་པར་འདོད་ན་སློང་མོ་བཟའ་ཞིང་རིའི་རྩེ་མོར་རིག་པ་སྙིང་པོ་མཉམ་པར་འགྲོ་མ་པ་བུམ་ཕྲག་ལྔ་བཟླས་པར་བྱའོ།། དེ་ནས ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ཆོས་འཆང་བཞིན་པ་འདྲིར་གཞུག་པར་བྱའོ། ། དེའི་སྤྱན་སྔར་ཡིད་ཀྱིས་སྔགས་ཐམས་ཅད་སྟེན་པར་བྱེད་ན། ལྷ་མ་ཡིན་གྱི ་རྫས་རྣམས་དབང་དུ་འགྱུར་རོ། ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ཚངས་པས་གསུངས་པ་ལེའུ་ལྔ་པའོ།། ། དེ་ནས་གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པས། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། ། ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྐོར་བ་བྱས་ནས།། ཞབས ་གཉིས་ལ་མགོ་བོས་ཕྱག་བྱས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རིག་པའི་རྒྱལ་པོ་འདིའི་ཆོ་ག་བཤད་པར་བྱའོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། ། གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པ་ལ་འདི་སྐད་ཅེས་སྨྲས་སོ།། གླང་པོའི་རྒྱལ་པོ་གང་ཁྱོད་སེམས་ཅན་གྱི་དོན་དུ་ཆོ་ག་འཆད་པ ་ལེགས་སོ་ལེགས་སོ། ། དེས་ན་གང་ཁྱོད་སྨྲོས་ཤིག། གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པས་སྨྲས་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པ་མེད་པར་བསྒྲུབ་པར་བྱ་སྟེ། བུད་མེད་ཀྱི་རོ ་བླངས་ནས་དུར་ཁྲོད་དུ་བ་ལང་གི་པགས་པ་ཙམ་གྱི་ཐང་ལ་ཉེ་བར་བྱུག་པ་བྱས་ནས། ཤར་དུ་མགོ་བོ་བཞག་ནས་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་པས་མཆོད་དེ། དེའི་བྷ་གར་མིག་སྨན་བཅུག ་ནས་ཇི་སྲིད་དུ་འགྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེས་རྒྱལ་བའི་སྤྱན་དང་མཚུངས་པར་འགྱུར་ཏེ་ལོ་སྟོང་ཕྲག་བཞིར་འཚོ་བར་འགྱུར་རོ།། ནག་པོའི་བཅུ་བཞི་ལ་སྐྱེས་བུ་ཤི་བ་དེའི་ཡན ་ལག་ལས་སྐྱེས་པ་བླངས་ནས་སྐམ་པོར་བྱས་ཏེ་བསྐབས་བཀྲུ་བར་བྱའོ། ། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་ནས། ཕྱི་མའི་ནག་པོའི་བཅུ་བཞི་ལ ་དབང་ཕྱུག་ཆེན་པོའི་གནས་སུ་སོང་ན། ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་དབང་ཕྱུག་ཆེན་པོ་གཡས་ཀྱི་ལུས་ལ་བཞག་ནས།། ཁམ་པོ་ཁ་སྦྱར་དུ་གནས་པའི་དེའི་ཡན་ལག་ལས་སྐྱེས་པ ་བྱས་ནས་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། དེ་ནས་དངོས་གྲུབ་ཀྱི་མཚན་མ་ཁམ་པོར་ཁ་སྦྱར་གཡོ་བར་བྱེད་དེ།། རིག་པ་དྲན་པས་བླངས་པར་བྱའོ།། བླངས་པ་ཙམ་ལ་མི་སྣང་བར་འགྱུར་རོ།། དཔས ་ཚད་སྟོང་དུ་འགྲོའོ། ། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དེ།། ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་དུར་ཁྲོད་དུ་སོང་ནས་མ་སྐྱེས་པར་ཤི་བའི་བྱིས་པའི་དབང་པོ་ལྔ་བླངས་ནས་རིལ་བུར་བྱས་ཏེ་ལྕག ་གསུམ་གྱིས་ཡོངས་སུ་དཀྲིས་ནས། དེ་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་ཐོད་པའི་ནང་དུ་བཞག་ནས་རིག་པའི་སྙིང་པོ་མཉམ་པར་འགྲོ་མ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། རིལ་བུ་ཁར་བཅུག་པ་མི་སྣང་བར ་འགྱུར་རོ། ། ལོ་སྟོང་ཕྲག་དྲུག་འཚོ་བར་འགྱུར་རོ།། དཔག་ཚད་བརྒྱར་འགྲོ་བར་འགྱུར་རོ། མ་ཉམས་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་མ་སྙིང་པོ་མཉམ་པར་འགྲོ་མ་འདྲར ་གཞུག་པར་བྱའོ། ། གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པ་འདྲིར་གཞུག་པར་བྱའོ།། བགེགས་ཀྱི་གཟུགས་ཁ་འོག་ཏུ་བལྟས་པ་རྣམ་པར་འགྱུར་བའི་རྣམ་པ་འདྲིར་གཞུག་པར་བྱའོ།། འོག་ན་སྒྲུབ་པ ་པོ་ལག་ན་སྤོས་ཕོར་ཐོགས་པའོ། ། དེ་ནས་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས་ལེགས་པར་ངེས་པས་སྐྱེས་པའི་རོ་བླངས་ནས་དུར་ཁྲོད་དུ་དྲི་དང་མེ་ཏོག་ལ་སོགས ་པས་བཅོམ་ལྡན་འདས་མ་མཆོད་ནས། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་གྲོགས་བཟང་པོས་བསྲུང་བ་བྱས་པ། གཙང་མས་གོས་གཙང་མ་བགོས་ཏེ་རོའི་དཔྲལ་བར་རྐང་པ་བྱིན་ནས་གནས་པས་རིག་པ་བཟླས ་པར་བྱའོ། ། ཇི་སྲིད་ན་ལྡང་བར་བྱེད་དེ། འཇིགས་པར་མི་བྱའོ།། དེ་ནས་རིག་པ་འཛིན་པས་ཡུངས་ཀར་ལ་ལན་བདུན་བཟླས་ནས་བརྡེག་པར་བྱ་སྟེ་གནོན་པར་འགྱུར་རོ།། དེ་ནས་རིག་པ་འཛིན་པས་རིག་པ་བཟླས་ཏེ་ལག ་པ་གཡས་པས་རེག་པར་བྱའོ། ། རེག་པ་ཙམ་གྱིས་ཁ་རུ་དགྲ་སྟ་མཐོང་བར་འགྱུར་རོ།། རིག་པ་བཟླས་ལ་བླང་བར་བྱའོ།། བླངས་པ་ཙམ་གྱིས་སྐལ་ཞིང་འཁྱིལ་པ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན་ལག་པ ་བཞི་པ། ། གླང་པོའི་རིག་པ་འཛིན་པ། རིག་པ་འཛིན་པ་དྲུག་གིས་བསྐོར་བ། རླུང་ལྟར་འགྲོ་བ། བསྐལ་པར་གནས་པར་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས ་མ་རིག་པའི་རྒྱལ་མོ་ཕུར་བུ་གསུམ་པས་བཤད་པ་ལེའུ་དྲུག་པའོ། ། །། དེ་ནས་དབང་ལྡན་འབྱུང་པོའི་བདག་པོ་འདིའི་རིག་པས་དགའ་ནས་ཆོ་ག་གསུངས་པ།། རི་མོ་མཁན་གསོ་སྦྱོང་ལ ་གནས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱའོ། ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་ན་པདྨ་བསྣམས་པ་འདྲིར་གཞུག་པར་བྱའོ།། གཡོན་དུ་འཕགས་པ ་ཕྱག་ན་རྡོ་རྗེ་ཟར་མའི་མེ་ཏོག་དང་འདྲ་བ་འདྲིར་གཞུག་པར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་པྲི་ཡང་ཀུ་ལྟར་སྔོ་བསངས་རྒྱན ་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། ། ལྷའི་བུ་རྣམས་ཀྱང་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ།། འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་འདྲིར་གཞུག་པར ་བྱའོ། ། དེ་ནས་རིག་པ་འཛིན་པ་ཟླ་བ་གཅིག་ཏུ་འོ་མ་དང་ནས་ཟན་བཟའ་ཞིང་རས་རིས་ཀྱི་སྤྱན་སྔར་རིག་པ་བཟླས་པར་བྱའོ།། དེ་ནས་མགོ་བོ་ལྔའི་ཐོད་པ་བླངས་ཏེ་གསུམ་གྱིས་སྐྱེད་བུ་གསུམ་བྱས་ཏེ་ཐོད་པ ་གཅིག་ཞག་གིས་བཀང་ནས། དེ་ནས་རིག་པ་འཛིན་པས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས། ཐོད་པ་ལྔ་པ་ལ་ཉེ་བར་འདུག་ནས་ཡུངས་ཀར་རེ་རེ་ལ་ལན་བདུན་བདུན་མངོན་པར་བསྔགས་པ་བྱས་ནས ་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། ། སྦྱིན་སྲེག་དེ་རྫོགས་པ་ན་ལྦུ་བ་འབྱུང་སྟེ་ལག་པ་གཡས་པས་མནན་ནས་བརྒྱད་བརྒྱ་བཟླས་པར་བྱའོ།། དེ་ནས་ངུ་བའི་སྒྲ་ཐོས་ཏེ་འཇིགས་པར་མི་བྱའོ།། དེ་ནས་རིག་པ་འཛིན་པས ་རིངས་ཐབས་སུ་ཡུངས་ཀར་དཀར་པོ་ལ་ལན་འདུན་སྦས་པར་བསྔགས་པས་གཞུ་བར་བྱ་སྟེ་སྐྱེས་བུར་འགྱུར་རོ། ། རིག་པ་དྲན་པས་སྡོད་ཅིག་སྡོར་ཅིག་ཅེས་བརྗོད་པར་བྱའོ།། སྭ་ཏི་ཀ་རུ་འགྱུར་རོ།། དེ་ནས་རིག་པ་འཛིན ་པས་ལྡོང་རོས་ལ་ལན་བདུན་བལྡག་པས་དེ་ལ་ཐིག་ལེ་བྱས་པས་གླང་པོའི་དབང་པོར་འགྱུར་རོ། ། དེ་ལ་ཞོན་ཏེ་ཞོན་པ་ཙམ་ལ་སྦ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། དཀར་ཞིང ་དང་བའི་ལུས། གླང་པོ་ཆེ་ལ་ཞོན་པ། ལོ་སྟོང་ཕྲག་བརྒྱད་ཅུ་རུ་འཚོ་བར་འགྱུར་རོ།། དཔག་ཚད་སྟོང་ཕྲག་བཅོ་བརྒྱད་དུ་འཕུར་བར་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་དགའ་ལྡན་ལྷའི་གནས་སུ་སྐྱེ་བར ་འགྱུར་རོ། ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པ་མེད་དེ་བསྒྲུབ་པར་བྱའོ།། སྐྱེས་བུ་ཤི་བའི་རོ་བླངས་ཏེ་ཆུ་ཀླུང་གི་འགྲམ་དུ་དྲིའི་ཆུས་ཁྲུས་བྱས་ནས་རྣམ་པ་སྣ་ཚོགས་པའི་གོས་གསར་པ་དང་། ་རྒྱན་གྱིས་བརྒྱན་པར་བྱས་ནས་མགོ་བོ་ཤར་དུ་གཞག་པར་བྱའོ།། སྒྲུབ་པ་པོས་གྲོགས་བཟང་པོ་བསྲུང་བ་བྱས་ལ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས ་ནས་ཁར་གཞུག་པར་བྱ་ཞིང་རིག་པ་བཟླས་སོ། ། ཇི་སྲིད་དུ་མི་རོའི་ཁ་གདངས་པར་འགྱུར་རོ།། དེ་ནས་སྒྲུབ་པ་པོ་འཇིགས་པ་མེད་པར་གྱུར་པས་རྐང་པ་གཡོན་པས་བྲང་ཁར་མནན་ནས་སྒྲ་དྲག་པོ་འབྱུང་བར་མི་བྱེད ་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། ། ཇི་སྲིད་དུ་ངུ་བ་འཐུལ་བར་བྱེད་དེ། འཇིགས་པ་མེད་པས་དཔྲལ་བར་ལན་བདུན་བཟླས་པའི་ཡུངས་ཀར་གྱིས་གཞུ་བར་བྱའོ།། ཁ་ནས་སྦྲུལ་མཐོང་བར་འགྱུར་ཏེ ་འཇིགས་པར་མི་བྱ་བར་རིག་པ་དྲན་པས་རེག་པར་བྱའོ། ། རེག་པ་ཙམ་གྱིས་རལ་གྲིར་འགྱུར་རོ།། སྙིང་པོ་དྲན་པས་གཟུང་བར་བྱའོ།། བཟུང་བ་ཙམ་གྱིས་སྒྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན ་པའི་རྣམ་པ། ། གླང་པོའི་རིག་པ་འཛིན་པ་ཐམས་ཅད་ཀྱི་བདག་པོར་ཐོགས་པ་མེད་པར་འགྱུར་ཏེ། ལོ་སྟོང་ཕྲག་དྲུག་ཅུར་འཚོ་བར་འགྱུར་རོ།། མདུང་ཐུང་གི་སྒྲུབ་པར་འགྱུར་ཏེ། སྔར་བཞིན་དུ་འོ་མ་དང་ནས ་རན་ཤཱང་རི་བོའི་རྩེ་མོར་འཛེགས་ཏེ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་རིག་པ་འཛིན་པཱས་དུར་ཁྲོད་ཀྱི་ཐལ་བ་དང་གྲོག་མཁར་གྱི་ས་ལ་འོ་མས་སྨྲས་ཏེ། སྔར ་བཞིན་དུ་འོ་མ་དང་ནས་ཟན་བཟའ་ཞིང་རིའི་རྩེ་མོར་འཛེགས་ཏེ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་རིག་པ་འཛིན་པས་དུར་ཁྲོད་ཀྱི་ཐལ་བ་དང་གྲོག་མཁར་གྱི་ས་ལ་འོ་མས་སྤྲས ་ཏེ་རྨ་བྱའི་གཟུགས་བྱ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་ས་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ།། དེ་ནས་དུར་ཁྲོད་དུ་སོང་ནས་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པས་མངོན་པར་མཆོད་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ནས།། དེ་ནས་གཙང་མས་གོས་གཙང་མ་བགོས་ཏེ་ཐོད་པ་ལ་ཉེ་བར་འདུག་ཏེ། ཐོད་པ་གཉིས ་པར་རྨ་བྱ་བཞག་ནས་ཇི་སྲིད་རྨ་བྱ་གཡོ་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། ། དེ་ནས་རིག་པ་འདྲེན་པས་ས་ལ་མ་ལྷུང་བའི་མེ་ཏོག་ལན་བདུན་མངོན་པར་བསྔགས་པ་རྣམས་ཀྱིས་མཆོད་ཡོན་དབུལ་ལོ།། ་སླར་ཡང་རིག་པ་བཟླས་པར་བྱའོ།། ཕྱོགས་ནས་ལྷན་ཅིག་འོང་བར་བྱེད་དེ་འཇིགས་པར་མི་བྱ་བར་སྙིང་པོ་དྲན་པས་རྨ་བྱ་ལ་རེག་པར་བྱ་སྟེ། བུད་མེད་དུ་འགྱུར་རོ།། དེས་བུ་ཅི་གྱི་ཞེས་སྨྲས་པར་འགྱུར་རོ།། དེ་ལ་བདག ་གི་ལུས་སུ་གནས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། ། དེ་ནས་དེ་རིག་པ་འཛིན་པའི་ལག་མཐིལ་དུ་མི་སྣང་བར་འགྱུར་རོ།། སྐད་ཅིག་དེ་ཉིད་ལ་སྒྲ་ལི་ཞིང་འཁྱིལ་བ།། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལག ་ན་མདུང་ཐུང་ཅན། རིག་པ་འཛིན་པ་ཐམས་ཅད་འདིའི་དབང་དུ་འགྱུར་ཏེ། འཁོར་ལོས་སྒྱུར་བ་རྣམས་ཀྱིས་གང་མཐོང་ནས་ལྟ་བར་བྱེད་པ་ནི་མ་གཏོགས་སོ།། དེ་རྣམས་ཀྱིས་ལྷན་ཅིག་འཕུར་བར་བྱེད་དེ་སུམ་ཅུ ་རྩ་གསུམ་དུ་རྣམ་པར་རྒྱུ་བར་འགྱུར་རོ། ། བསྐལ་པར་གནས་ཤིང་གང་གི་ཚེ་འཆི་བ་དེའི་ཚེ་འོག་མིན་པའི་ལྷའི་བུ་རྣམས་སུ་སྐྱེ་བར་འགྱུར་རོ།། སེང་གེ་སྒྲུབ་པར་འདོད་ན་སྔར་བཞིན་དུ་རིག་པ་འཛིན་པས ་འོ་མའི་ཟས་དང་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་རིག་པའི་སྤྱོད་པའི་རིག་པ་འབུམ་ཕྲག་ལྔ་བཟླས་པར་བྱའོ། དེ་ནས་ཐོག་ཕོག་པའི་ཤིང་འོ་མར་ཞག་བདུན་གཞག་པར་བྱའོ།། ས་དཀར་པོ་དང་ཙམ་དན་གྱི་ཆུར་མཉེ་བར ་བྱ་སྟེ་ཐོག་ཕོག་པའི་ཤིང་གིས་སོ། ། དེ་ནས་རིག་པ་འཛིན་པས་རྒྱུ་སྐར་རྒྱལ་ལ་སེང་གེ་གཉིས་སོ།། ཕྱི་ནས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་རྣམ་པ་སྣ་ཚོགས་པའི ་གཏོར་མ་བྱའོ། ། དེ་ནས་རིག་པ་འཛིན་པ་གཙང་མས་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ལག་པ་གཡས་པས་སེང་གེ་མནན་ནས་རིག་པའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ།། ་ཇི་སྲིད་སེང་གེ་གཡོ་བའི་བར་དུའོ།། གཡོས་པ་ཙམ་ལའང་ས་འགུལ་ཏེ་ཡང་དག་པར་བཟླས་ལ་འཇིགས་པར་མི་བྱ་བར་སླར་ཡང་ལྷའི་རྔ་བོ་ཆེའི་སྒྲ་སྒྲོགས་ཀྱི་བར་དུ་རིག་པ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས ་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་རྣམས་ཀྱིས་སེང་གེ་ལ་བསྣུན་པར་བྱའོ། ། ཀུན་ཏུ་བསྣུན་པས་སེང་གེ་སེང་གེའི་སྒྲ་སྒྲོགས་པར་བྱེད་དེ། སྒྲུབ་པ་པོ་སྦུབས་ཅན་གཞན་གྱིས་ངེས་པར་བསམ་པར་འགྱུར་རོ ་དེ་ནས་རིག་པ་སླར་ཡང་བཟླས་པར་བྱ་ཞིང་སེང་གེ་ལ་ཞོན་ནས་འགྲོ་བར་བྱའོ། ། ཞོན་པ་ཙམ་གྱིས་རིག་པ་འཛིན་པ་ཐམས་ཅད་མེ་ཏོག་མངོན་པར་འཐོར་བར་བྱེད་དོ།། སེང་གེ་ལ་ཞོན ་བཞིན་དུ་རླུང་ལྟར་འགྲོའོ། ། གང་གི་ཚེ་སེང་གེ་སྒྲ་སྒྲོགས་པར་བྱེད་པ་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྟན་ལས་ལྷུང་ངོ་།། ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དབང་དུ་འགྱུར་རོ།། རིག་པ་འཛིན་པ་བྱེ་བས ་། ཡོངས་སུ་བསྐོར་ཞིང་བསྐལ་པར་གནས་སོ།། གང་གི་ཚེ་འཆི་བ་དེའི་ཚེ་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། པྲི་ཡང་ཀུའི་ཤིང་ལས་བྱུང་བའི་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་རྒྱུ་སྐར་རྒྱལ་ལ་མ་འདྲེས་པའི་ཚོན་གྱིས་འདྲིར་བཅུག་ནས། དེའི་སྤྱན་སྔར་རིག་པ་འཛིན་པས་མི་སྨྲ་བས་རིག་པ་འབུམ་ཕྲག་དྲུག་བཟླས་པར་བྱའོ།། དེ་ནས་དུར་ཁྲོད ་ནས་སྐྱེས་པའི་རོ་བླངས་ནས་དྲི་བཟང་པོའི་དྲི་རྣམས་ཀྱིས་ཁྲུས་བྱས་ནས་ལེགས་པར་བསྡམས་པ་ཤར་དུ་མངོན་པར་ཕྱོགས་པར་གཞག་པར་བྱའོ། ། དེ་ནས་སྒྲུབ་པ་པོས་མེ་ཏོག་ལ་སོགས་པས་མངོན་པར ་མཆོད་ནས་གཏོར་མ་རྒྱ་ཆེན་པོ་བྱིན་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་རིན་པོ་ཆེས་བཀང་ལ། བཅོམ་ལྡན་འདས་མས་ལན་བདུན་བསྔགས་པ་བྱས་ལ་རོ་ལངས་ཀྱི་ཁར་སྲེག་བླུགས་ལན་ཉི་ཤུ་རྩ་བརྒྱད་སྦྱིན ་སྲེག་བྱའོ། ། རོའི་ཁ་གདངས་པར་འགྱུར་རོ།། སྒྲུབ་པ་པོས་རིངས་ཐབས་སུ་རྐང་པའི་མཐེ་བོང་ལ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཅོམ་ལྡན་འདས་མས་ལན་བདུན་མངོན་པར་བསྔགས་ནས་གཟུགས་པར ་བྱའོ། ། སླར་ཡང་སྒྲུབ་པ་པོས་ཇི་སྲིད་ཁྲུ་གང་གི་ཚད་ཀྱི་ལྕེར་སོང་གི་བར་དུ་རིག་པ་བཟླས་པར་བྱའོ།། འབྲུག་གི་སྒྲ་གྲག་ཀྱང་སྐྲག་པར་མི་བྱའོ།། དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་བཟླས་པ་བྱ་ཞིང་ཀར ་ཝཱི་ར་དཀར་པོའི་མེ་ཏོག་གིས་རོ་ལངས་ཀྱི་དཔྲལ་བའི་ཕྱོགས་སུ་གཞུ་བར་བྱ་སྟེ་གནོན་པར་འགྱུར་རོ། ། དེའི་ལྕེའི་རྩེ་མོ་རིན་པོ་ཆེ་ཀུན་ཏུ་མཐོང་སྟེ་འབར་བའི་འཕྲེང་བ་དང་ལྡན་པ་མཛེས་བཞིན་པ་རིག་པ ་བཟླས་ལ་བླང་བར་བྱའོ། ། བླངས་པ་ཙམ་གྱིས་སྒྲ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། གང་ཞིག་བསམ་པ་དེ་ཐམས་ཅད་དུ་སྐྱེས་པ་ནི ་མ་གཏོགས་སོ། ། ཟག་པ་ཟད་པ་ཉིད་དང་བསྐལ་པར་གནས་ཤིང་རིན་པོ་ཆེས་ཀྱང་མགོ་ལ་བརྒྱན་པར་དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུར་ཀུན་ཏུ་སྣང་བར་བྱེད་དོ།། རིག་པ་འཛིན་པ་ཐམས་ཅད་ཀྱང་ཀུན ་ཏུ་དབང་བར་འགྱུར་རོ། ། གང་གི་ཚེ་འདི་འཕོ་བའི་དུས་ལ་བབ་པ་དེའི་ཚེ་བཅོམ་ལྡན་འདས་མ་ཡང་དག་པར་བྱོན་ནས་སྐུལ་བར་བྱེད་དོ།། བུ་རིན་པོ་ཆེའི་མཐུ་དེ་རྣམས་ཟད་ནས་སླར་ཡང་བསྒྲུབ་པར་བྱའོ་ཞེས་བརྗོད ་ནས་མི་སྣང་བར་འགྱུར་རོ། ། ཕྱིས་རིག་པའི་རྒྱལ་མོ་འདི་དྲན་པར་འགྱུར་རོ།། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བ་དང་སྐྱེ་བར་མི་འགྱུར་རོ།། ཐམས་ཅད་ཀྱི་ཚེ་ཡང་འདི་སངས་རྒྱས་རྗེས་སུ་དྲན་པ་སྦྱིན ་པར་འགྱུར་རོ། ། དབང་ལྡན་གྱིས་རབ་ཏུ་བཤད་པའི་བཅོམ་ལྡན་འདས་མའི་རིག་པའི་རྒྱལ་མོའི་ལེའུ་རྫོགས་སོ།། ། འཇིག་རྟེན་སྐྱོང་བ་བཞིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས།། ་རིག་པའི་རྒྱལ་མོ་འདི་དྲན་པ་ཙམ་གྱིས་བགེགས་ཐམས་ཅད་རེངས་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་འདིན་མར་མི་ཤེས་པ་དང་། པར་མི་ཤེས་པའང་ཡོད་དེ། ཆོས་དང ་མི་ལྡན་པ་སྡིག་པའི་སེམས། ། ཤེས་རབ་ཆུང་བ། སྲོག་ཆགས་གསོད་པ་དྲག་པོ། ཁ་དོག་ངན་པ། སྟོབས་ཆུང་བ། ཀྱོག་པོ། སྒྲུབ་པོ།། རྗེ་ངར་སྒོམ་པ། གཞན་ཡང་བྱ་རོག་གི་རྗེ་ངར་འདྲ་བ། བོངས ་ཐུང་དང་། རི་དགས་དང་།། རྔ་མོ་དང་། གཡག་ནག་པོ་ལྟ་བུ། སྐྲ་སེར་སྐྱ། སེན་མོ་ངན་པ།། བྱ་རོག་གི་སྐད་དང་། དེ་བཞིན་དུ་གཞན་ཡང་བུམ་ལྷོ་ཅན་དང་། དྲི་མ་ཅན་དང་། གང་ཡང་གཞན་ནད་ཀྱིས ་གཟིར་བ་རྣམས་ཏེ། འདི་རྣམས་ཀྱིས་ཇི་སྐད་བཤད་པའི་རིག་པ་མི་འགྲུབ་བོ།། བདག་ཅག་གིས་བདེན་པའི་ཚིག་གིས་ཇི་ལྟར་སྔར་གྱི་ལས་ཟད་པར་བྱས་ནས། དེ་ནས་རིག་པ་བསྒྲུབ་པར ་བྱའོ། ། རྒན་པོའམ། ཞར་བ་འམ། ལོང་བ་འམ། སྒུར་པོ་འམ། ཀྱོག་པོ་འམ། དེ་ལྟ་བུ་རྣམས་ཀྱིས་སོ།། སླར་ཡང་ཙན་དན་དཀར་པོ་ལ་བྱས་པའི་བཅོམ་ལྡན་འདས་མ་བདེ་བར ་གཤེགས་པའི་ཁྲུ་གང་གི་ཚད་དུ་བྱེད་དུ་གཞུག་སྟེ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ།། དེ་ནས་དེས་རྒྱ་མཚོའི་འགྲམ་དུ་བཞུགས་སུ ་གསོལ་ནས་དུས་གསུམ་དུ་ཁྲུས་བྱ་ཞིང་། སློང་མོ་ཟ་ཞིང་གུ་གུལ་གྱི་བདུག་པ་བསྲེགས་ལ་འབུམ་ཕྲག་ཉི་ཤུ་བཟླས་པ་དབུལ་བར་བྱའོ།། བཟླས་པ་ཡོངས་སུ་རྫོགས་པ་ན་གུ་གུལ་དང་ཀུན་ཛ ་ཀའི་སྦྱིན་སྲེག་བརྒྱད་བརྒྱ་བཅོམ་ལྡན་འདས་མས་བྱའོ། ། དེ་ནས་ལས་ཟད་པར་འགྱུར་རོ།། དེ་ནས་རྒྱལ་པོ་ཆེན་པོ་བཞིས། ལོག་འདྲེན་ལ་ལྟ་བཞིན་འདི་སྐད་སྨྲས་སོ།། ཀྱེ་ལོག་པར་འདྲེན་པ་ཁྱོད་མཉན་པར ་གྱིས་ཤིག། གང་རིག་པའི་རྒྱལ་མོ་འདི་འཆང་བར་བྱེད་པའི་རིག་པ་འཛིན་པ་དེ་ལ་ཁྱེད་ཅག་རྣམས་ཀྱིས་ཉེ་བ་འགྲོ་བར་མི་བྱའོ།། ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ།། རིག་པ་འཛིན་པ་གང་སླར ་ཡང་ཆོ་ག་ལས་འདས་ནས་མངོན་པའི་ང་རྒྱལ་གྱིས་སྒྲུབ་པར་མི་འགྱུར་བའི་རིག་པ་འཛིན་པ་དེ་ལ་བགེགས་ཀྱི་དོན་དུ་ཉེ་བར་འགྲོ་བར་བྱ་སྟེ། ལོ་བརྒྱར་བསགས་པ་འདིའི་བསོད་ནམས་ཀྱང་རྣམ་པར་གཞོམ ་པར་བགྱིའོ། ། ལྷའི་རྒྱལ་པོས་སྨྲས་པ། ཀྱེ་ཀྱེ་གདུག་པའི་ལོག་འདྲེན་ཁྱེད་ཅག་རྣམ་པར་གཞོམ་པའི་དོན་དུ་སྨན་འདི་རྣམས་བཤད་པར་བྱའོ།། ཟླ་བཅས་ལྟོ་བར་བྱམས་པ་དང་། སྟག་འཇོམས་པ་དང ་ལག་བཞིར་བཅས། ། ཕག་གི་རྣ་བ་གླང་པོ་འབོད།། སྤྱོད་རལ་རུ་རྟ་གུར་ཀུམ་ཉིད།། ལྕགས་ཀྱི་ཕྱེ་མ་དང་བཅས་པ།། གླང་པོ་ཆེ་ཡི་གཅིན་གྱིས་བཏབ།། བཏགས་ནས་ཇི་ལྟར་འདོད་པ་བཞིན།། མཁས། ་པས་རིལ་བུར་བྱ་བའོ།། མེ་ཏོག་སྒྲོན་མ་གཏོར་མཆི། བཤང་བ་གཅི་བར་སོང་བ་ཡིས།། ཁྲུས་བྱ་མ་ལ་སྟན་གོས་བཅིང་བྱས།། དྲི་དང་མེ་ཏོག་སོགས་ཐམས་ཅད།། རབ་སྦྱར་བྱའོ་རྣམ་གཞན་དུ།། ལོག ་འདྲེན་གླགས་ནི་ཚོལ་བར་འགྱུར། ། གསུངས་པའི་དེ་མ་ཐག་ཏུ་ཡང་།། ལོག་འདྲེན་ཐམས་ཅད་རྣམ་འཁྲུགས་པར།། གྱུར་པའི་ཡིད་ཀྱིས་ཕན་ཚུན་དུ།། ལྷ་བཞིན་ཕྱོགས་བཞིར་འབྲོས་པར་བྱེད།། སླར ་ཡང་བགེགས་བྱེད་མི་འགྱུར་རོ། ། གང་དུ་སྨན་མཆོག་འདི་གནས་པ།། དེར་ནི་ཉེ་བར་འགྲོ་མི་འགྱུར།། དཔག་ཚད་བརྒྱ་ཡི་ནང་དུ་ཡང་།། འདི་ལ་བགེགས་ནི་བྱེད་མི་འགྱུར།། ་འདི་ཡི་རྟོག་པ་ཐམས་ཅད་ཀྱི།། དངོས་གྲུབ་འབྱུང་བར་འགྱུར་བ་ཡིན།། རིག་པ་འཛིན་པ་གང་ཞིག་སླར།། དུས་གསུམ་མཉམ་པར་དམིགས་པ་ཡིས།། སྒྲུབ་པོ་དེ་ལ་འགའ་ཞིག་གིས།། གླགས་སྐབས ་རྙེད་པར་མི་འགྱུར་རོ། ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ།། གསེར་ལྟར་སེར་བ་ཆོས་སྟོན་པར་མཛད་བཞིན་པའོ།། གཡས་སུ་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ། སྔོ་བསངས་ལུས་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། ཕྱག་ན་པདྨ་བསྣམས་པའོ།། ཕྱག་ན་རྡོ་རྗེ་ཟར་མའི་མེ་ཏོག་དང་མཚུངས་པ། ཕྱག་ན ་རྡོ་རྗེ་བསྣམས་པ། ཀུན་ནས་འོད་འཕྲོ་བ་འདྲིར་གཞུག་པར་བྱའོ།། ཕྱག་ན་རྡོ་རྗེའི་ཉེ་ལོགས་སུ་རྒྱལ་པོ་ཆེན་པོ་བཞི་མཚོན་ཆ་དང་བཅས་པ་འདྲིར་གཞུག་པར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་གི་ཉེ ་ལོགས་སུ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་པྲི་ཡང་ཀུ་ལྟར་སྔོ་བསངས་འདྲིར་གཞུག་པར་བྱའོ། ། འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པའོ།། དེ་ནས་སྒྲུབ་པ་པོས་རས་རིས་ཀྱི་སྤྱན་སྔར་སློང ་མོ་ཟ་ཞིང་གཙང་མའི་ཕྱོགས་སུ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་རས་རིས་བླངས་ནས་རིའི་རྩེ་མོ་ལ་འཛེགས་ཏེ་ས་ནག་པོ་ལ་མ་ཧེ་བྱས་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་དང་འབྱུང་པོ་ཐམས ་ཅད་ལ་གཏོར་མ་བྱའོ། ། དེ་ནས་སྒྲུབ་པོས་བསྲུང་བ་བྱས་ཏེ་གཙང་མ་གོས་གཙང་མ་བགོས་ཏེ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་རིག་པ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ།། ཇི་སྲིད་མ་ཧེའི་རྭ ་གཡས་པ་ལ་འོད་ཟེར་འཕྲོ་བ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་ཡིད་ཀྱིས་མཆོད་ཡོན་དབུལ་ལོ།། དེ་ནས་མ་ཧེ་ལ་ཞོན་ཏེ་ཞོན་པ་ཙམ་གྱིས་རིག་པ་འཛིན་པ་བཅུ་བདུན་གྱིས་ཡོངས་སུ་བསྐོར་བའི ་ལྷའི་ལུས་སུ་འགྱུར་རོ། ། དཔག་ཚད་སྟོང་ཕྲག་དྲུག་ཅུ་རུ་འཕུར་བར་འགྱུར་རོ།། ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དབང་དུ་འདུ་བར་འགྱུར་རོ།། ལོ་སྟོང་ཕྲག་ལྔ་བརྒྱར་འཚོ་བར་འགྱུར་རོ།། ་ལུས་སྦྱང་བ་བྱས་ནས་རས་རིས་ལ་བསྐོར་བའི་ལྷའི་མཆོད་པ་རྒྱ་ཆེན་པོ་དང་། རྣམ་པ་སྣ་ཚོགས་པའི་གཏོར་མ་བྱ་སྟེ། དེ་ནས་སྒྲུབ་པ་པོས་ཀུ་ཤ་ལས་བྱུང་བའི་ཞགས་པ་བྱས་ནས་ལག་པ་གཡས ་པས་མནན་ཏེ། ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། རིག་པ་དྲན་པས་རེག་སྟེ། བླངས་པ་དེ་སྒྲ་ལི་ཞིང་འཁྱིལ་པ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ།། ལག་ན་ཞགས་པ་ཐོགས་པ། ་རིག་པ་འཛིན་པ་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། དཔག་ཚད་སྟོང་ཕྲག་ལྔར་འཕུར་བར་འགྱུར་རོ།། ལོ་སྟོང་ཕྲག་བཅུ་བཞིར་འཚོ་བར་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ ་རྣམས་སུ་སྐྱེ་བར་འགྱུར་རོ། ། རིའི་རྩེ་མོར་འཛེགས་ཏེ་སློང་མོ་ཟ་ཞིང་སྙིང་པོ་མཉམ་པར་འགྲོ་མ་བྱེ་བ་བཟླས་ན་རིག་པ་འཛིན་པར་འགྱུར་རོ།། རིག་པ་འཛིན་པ་ལྔས་ཡོངས་སུ་བསྐོར་བ་ཐོགས་པ་མེད་པར་འགྲོ ་སྟེ། སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་མི་མཇེད་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་བྱེད་ཅིང་སོང་ནས་བསྐལ་པར་གནས་པར་འགྱུར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་སངས་རྒྱས་ཀྱི་ཞིང་དུ ་སྐྱེ་བར་འགྱུར་རོ། ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་རྒྱལ་ཆེན་བཞི་ས་གསུངས་པའི་ལེའུ་བརྒྱད་པའོ།། །། དེ་ནས་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་ཐམས་ཅད་ཀྱིས་བཅོམ ་ལྡན་འདས་མའི་ཆོ་ག་གསུངས་སོ། ། དུག་གསོ་བ་ནི་ཡལ་འདབ་ལས་འབབ་པའི་ཆུས་ཚོན་བྱ་ཞིང་སེ་གོལ་དང་གར་བྱེད་བཞིན་པས་ཡིད་ཀྱིས་བཟླས་པ་བྱས་པའི་མེ་ཏོག་དཀར་པོ་ལ་ལན་བདུན་བཟླས་པས ་གདུང་བ་གསོ་བར་བྱེད་དོ། ། སྲད་བུས་གདོན་སྐྲག་པར་བྱེད་དོ།། གུ་གུལ་གྱི་བདུག་པས་མཆེ་བ་འདེབས་པར་བྱེད་དོ།། སྣ་མའི་མེ་ཏོག་གིས་སྐྲོད་པར་བྱེད་དོ།། ཡུངས་ཀར་ཁྲག་དང་བཅས་པ་ལ་བཟླས་པས ་སྡང་བ་རྣམས་ཕྱིར་ཟློག་པར་བྱེད་དོ། ། བ་ལང་གི་ཤས་སྐེམས་པར་བྱེད་དོ།། ཨ་རིཥྚའི་འདབ་མ་དང་། ཁྲག་འཛག་པ་དང་། སྐེ་ཚེ་རྣམས་ཀྱིས་དབང་དུ་བྱེད་དོ།། ཨརྐའི་མེ་ཏོག་གིས་ནོར་སྦྱིན་ནོ།། མེ་ཏོག ་བརྒྱ་པས་ཤ་ཟ་རྣམས་སྐྲག་པའི་ཡིད་ཀྱིས་འབྲོས་པར་བྱེད། འཁྲི་ཤིང་གིས་རིགས་སམ་ཁྱིམ་སྐྲོད་པར་བྱེད་དོ།། ཀླུ་རྣམས་ནི་ཀླུ་ཤིང་གི་མེ་ཏོག་གིས་སོ།། ཕུབ་མས་རིག་པ་གཅོད་པར་བྱེད་དེ། འདིས་ཕ་རོལ་གྱི ་རིག་པ་བསྒྲུབ་པར་འགྱུར་རོ། ། གཙང་མས་གོས་གཙང་མ་བགོས་ཏེ་དུས་གསུམ་དུ་ཁྲུས་བྱས་ནས་གོས་ལན་གསུམ་དུ་བརྗེ་ཞིང་།། འོ་མ་དང་ནས་ཟན་ཟ་བས་འབུམ་ཕྲག་བཅུར་བཟླས་པ་བྱ་སྟེ་ལུས་སྦྱོང་བར་འགྱུར་རོ།། ་དེ་ནས་སྒྲུབ་པ་པོས་རྒྱུ་སྐར་རྒྱལ་ལ་ས་སེར་པོ་དང་། བའི་གཅིན་དང་། ལྗང་ཁུས་ནམ་མཁའ་ལྡིང་འདྲིར་གཞུག་པ་སྟེ། འདིའི་མགྲིན་པ་ལ་པདྨའི་ཕྲེང་པ་སྦྱིན་པར་བྱའོ།། དེ་ལ་སྒྲུབ་པ་པོས་རིན་པོ་ཆེ་གསུམ་གྱིས ་མཆོད་པ་བྱས་ནས། དེ་ནས་སྒྲུབ་པ་པོས་པ་ལས་བྱུང་བས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། སྒོ་བཞི་རྣམས་སུ་བུམ་པ་གང་བ་བཞི་གཞག་པར་བྱའོ།། བུམ་པ་གང་བ་བཞི་པོ་རྣམས་ལ་ཀླུའི་རྒྱལ་པོ་བཞི་འདྲིར་གཞུག ་པར་བྱའོ། ། དེ་ནས་རྒྱུད་མཚུངས་པའི་བའི་མར་གསར་བླངས་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ། ལག་པ་གཡས་པས་མནན་ནས་ཇི་སྲིད་དུ་དུ་བ་འཐུལ་བ་དང་འབར་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ།། དུ་བ ་འཐུལ་བ་ན་འཐུངས་པས་མི་སྣང་བར་འགྱུར་རོ། ། ལོ་སྟོང་ཕྲག་བཅུ་བཞིར་འཚོ་བར་འགྱུར་རོ།། དཔག་ཚད་སྟོང་དུ་འགྲོའོ།། འབར་ན་ལྷའི་ལུས་དང་ཡིད་དུ་འགྱུར་རོ།། ཐམས་ཅད་དབུགས་ལ་འབྱིན་པར་བྱེད་དོ།། ་རིག་པ་འཛིན་པ་བཅུས་ཡོངས་སུ་བསྐོར་རོ།། གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་སློང་མོ་ཟཞིང་ཀྲུ་ཤིང་གི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས ་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ཀླུ་རྣམས་ལང་ངོ་། ། དེ་ནས་སྒྲུབ་པ་པོས་འཇིགས་པ་མེད་པས་དབུས་སུ་མེ་ཏོག་གིས་བརྒྱན་པའི་བུམ་པ་གནག་པར་བྱ།། དེའི་སྟེང་དུ་འཁོར་བ་གཞག་པར་བྱ།། དེ་ནས ་སྲུསྒྲུ་པ་པོས་སྲུང་བ་བྱས་ཏེ་ཀླུའི་སྟན་ལ་ཉེ་བར་འདུག་པས་ཇི་སྲིད་ནམ་མཁའ་ལྡིང་ལས་འོད་ཟེར་འཕྲོ་བ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། ། སྒྲུབ་པ་པོ་ལ་བསྐོར་བ་བྱས་ནས་དེ་ཉིད་ཀྱི་སྤྱི་བོར་ནུབ་པར་འགྱུར ་རོ། ། རིག་པ་བཟླས་པ་བླང་བར་བྱའོ།། དེ་ལ་ཞོན་པས་རིག་པ་འཛིན་པ་སྟོང་ཕྲག་དྲུག་ཅུ་ཉེ་བར་འགྲོ་སྟེ། ཡིད་ཀྱིས་རླུང་ལྟར་འགྲོའོ།། ཉི་མ་འཆར་ཀའི་འོད་དང་མཚུངས་པ ་ཀླུའི་རིག་པ་འཛིན་པ་ཐམས་ཅད་ཀྱང་དཔག་ཚད་སྟོང་དུ་འབྲོས་པར་བྱེད་དོ། ། དྲི་མནམས་པས་ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར ་འགྱུར་རོ། ། སྔོན་སྤྲད་པ་བྱས་ནས་དེ་ནས་རིག་པ་འཛིན་པ་དུར་ཁྲོད་དུ་སོང་ནས་བ་བྱུང་གིས་བ་ལང་གི་པགས་པའི་ཚད་ཙམ་དུ་ས་གཞི་བྱུག་པར་བྱས་ནས། དྲི་དང་མེ་ཏོགས་ལ་སོགས་པ་རྣམས་ཀྱིས་མཆོད།། ་པ་བྱས་ཏེ། གཏོར་མ་རྒྱ་ཆེན་པོ་བྱའོ།། གཞན་པའི་ནག་པོའི་ཚེས་བརྒྱད་པ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་པགས་པའི་ཚད་ཙམ་གྱི་ས་གཞི་ཉེ་བར་བྱུགས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་སྒྲུབ་པ ་པོས་རིག་པ་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ། ། ཁར་བཅུག་ན་མི་སྣང་བར་འགྱུར་རོ།། ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ།། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ནམ་མཁའ ་ལྡིང་གིས་བཤད་པའི་ལེའུ་དགུ་པའོ། ། །། དེ་ནས་མ་མོའི་ཚོགས་རྣམས་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་དུམ་དང་། ་སྲུལ་པོ་དང་། ལུས་སྲུལ་པོ་རྣམས་སྟན་ལས་ལངས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ།། ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའི་ཞབས་གཉིས ་ལ་མགོ་བོས་ཕྱག་འཚལ་ནས་རིག་པའི་ཆོ་ག་སྨྲས་སོ། ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད་པས་སྦྱང་བར་གནས་པ་མེད་པས་བྱ་སྟེ། རིག་པ་གང་ཁོ་ན་ཚད་མའོ།། དུར་ཁྲོད་དུ་དབང་ཕྱུག་ཆེན་པོའི ་གཡས་ཀྱི་ལུས་ལ་རིག་པ་བརྒྱད་བརྒྱར་བཟླས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། ། ལོ་སྟོང་དུ་འཆི་བར་འགྱུར་རོ།། སའི་ཆ་དྲུག་འཕྲོག་པར་འགྱུར་རོ།། འོད་མ་ལྷགས་པ་བླངས་ནས་ལྕགས་གསུམ ་གྱིས་དེ་ལ་དཀྲི་བར་བྱའོ། ། དེ་ནས་གཙང་མས་གོས་གཙང་མ་བགོས་ཏེ་དུར་ཁྲོད་དུ་སོང་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པས་མཆོད་པ་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་བྱས ་ནས། དེ་ནས་སྒྲུབ་པ་པོས་ཐོད་པ་ལག་པ་གཡོན་པས་བླངས་ཏེ། ལག་པ་གཡས་པས་མནན་ནས་ཇི་སྲིད་ཅ་ཅོའི་སྒྲ་སྒྲོགས་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ།། རིག་པ་དྲན་པ་བླང་བར་བྱ་སྟེ་བླངས་པ ་ཙམ་གྱིས་མི་སྣང་བར་འགྱུར་རོ། ། སའི་ཆ་དྲུག་འཕྲོག་ཅིང་ལོ་སྟོང་དུ་འཚོའོ།། ལྷ་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དོ།། ནག་པོའི་བརྒྱད་པ་ལ་བུད་མེད་ཤི་བ་དེའི་ལྕེ་བླངས་ནས་ལྕག ་གསུམ་གྱིས་དཀྲིས་ཏེ་ཡིད་རླུང་ལྷར་འགྲོའོ། ། འདིའི་ཚངས་པར་སྤྱད་པས་འདོད་པ་རྣམས་ལ་སེམས་བསྐྱེད་ན་དེ་གཅིག་པུ་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་བསྐལ་པ་ཆེན་པོར་གནས་སོ།། ཡིད་ཀྱིས་སྐྱེ་བ ་འཛིན་པར་བྱེད་དོ། ། གཙང་མས་གོས་གཙང་མ་བགོས་ཏེ་དུར་ཁྲོད་དུ་ཟླ་བ་དྲུག་རིག་པ་བཟླས་ནས་མི་སྣང་འགྱུར་རོ།། ལོ་ལྔ་བརྒྱར་འཚོའོ།། འུག་པའི་མིག་མིག་སྨན་དང་ལྷན་ཅིག་བཏག་པར་བྱ།། ལྕགས ་གསུམ་གྱིས་དཀྲིས་པའི་རིལ་བུ་བྱས་ནས། དབང་ཕྱུག་ཆེན་པོའི་གཡས་ཀྱི་ལུས་ལ་ལམ་ཕོར་ཁ་སྦྱར་དུ་བཞག་པར་བྱས་ནས། ལག་པ་གཡས་པས་མནན་ཏེ་རིག་པ་དམ་པ་དཔག ་མེད་པ་བཟླས་པར་བྱ་སྟེ། ཇི་སྲིད་དུ་རྣམ་པར་ཆད་དོའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ།། རིག་པ་དྲན་པས་རིལ་བུ་བླངས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ།། ལོ་སྟོང་ཕྲག་གཉིས་སུ་འཚོ་བར་འགྱུར་རོ།། ་མིག་སྨན་དང་། ལྡོང་རོས་དང་། འོ་མ་དང་། པདྨ་གེ་སར་མཉམ་པར་འགྲོ་བའི་རྫས་མཉམ་པར་བྱས་ཏེ། ལྕགས་གསུམ་གྱིས་དཀྲི་བར་བྱའོ།། རྒྱལ་ལ་སྦྱོར་བ་རྣམ་པར་ཤེས་པར་བྱ་ཞིང་།། དེ་ནས་བསྒྲུབ ་པར་བྱའོ། ། ཤ་ཟ་སྒྲུབ་པར་འདོད་པས་དུར་ཁྲོད་དུ་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་ཉེ་བར་བྱུག་པ་བྱས་ནས། ཤ་དང་ཆང་ལ་སོགས་པའི་གཏོར་མ་བྱས་ཏེ། ཁ་ཤར་དུ་ཕྱོགས ་པས་མིའི་སྐྲ་ལ་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཤ་ཟ་ཐམས་ཅད་འོང་སྟེ། འཇིགས་པར་མི་བྱ་ཞིང་བསྲུང་བར་ཡང་མི་བྱ་བར་འདི་སྐད་ཅེས་བརྗོད་པར་བྱའོ།། བདག་གི་དབང་དུ་གྱུར ་ཅིག་ཅེས་བརྗོད་པ་དང་། དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་པ་དང་མི་སྣང་བར་འགྱུར་རོ།། ཉི་མ་རེ་རེ་ལ་འདིས་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་དོ།། དེ་རྣམས་ཀྱང་ཟད་པར་བྱའོ།། དུར་ཁྲོད ་དུ་ཡི་དགས་དྲི་མེད་ཉིད་ཀྱི་མིང་ནས་སྨོས་པ་དབང་དུ་འགྱུར་རོ། ། དུར་ཁྲོད་དུ་གཟུགས་བརྙན་བྱས་ནས་རྐང་པ་ལ་སོགས་པ་ལ་ཕུར་བུས་གདབ་པར་བྱའོ།། དེ་ནས་རིག་པ་བཟླས་པར་བྱའོ།། དེ་ལའང་བ་ལང་གི་པས ་པའི་ཚད་ཙམ་གྱི་དཀྱིལ་འཁོར་ཉེ་བར་བླུགས་ནས། ། མཆོད་པ་རྒྱ་ཆེན་པོ་བྱས་ནས་རིག་པ་འབུམ་བཟླས་པར་བྱའོ།། དུར་ཁྲོད་དུ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་བདུན་དུ་མཚན་མོ་སྦྱིན་སྲེག་བྱའོ།། ཉི་མ་རེ་རེ་ལ ་དངུལ་ལྔ་ལྔ་སྦྱིན་པར་བྱེད་དོ། ། ཀུ་མུ་ཏ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ངེས་པར་མཐོང་ངོ་།། དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བརྙན་བྱས་ཏེ། དེ་ལ་ཉེ་བར་འདུག་ནས་ཨརྐའི ་ཤིང་ལ་མེ་སྦར་ནས་དྲི་ཞིམ་པོའི་ཏི་ལམར་གྱིས་བཏགས་པའི་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་མི་སྣང་བར་འགྱུར་རོ། ། ཆོ་ག་འདི་ཁོ་ནས་མིང་ནས་སྨོས་ན་ལཱན་ཛའི་རྒྱལ་པོ་དང་བློན་པོ་དབང་དུ་འགྱུར་རོ།། ་བུད་མེད་དབང་དུ་བྱེད་ན་ཨ་ཏི་མུཀྟ་ཀའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་ཏེ། ཉི་མ་བདུན་ནས་ཡིད་ཀྱིས་གང་གི་ཚེ་བསམས་པ་དེའི་ཚེ་འོང་ངོ་།། དུར་ཁྲོད་དུ་སོང་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། ཤ་ཆེན ་གྱིས་སྦྱིན་སྲེག་བྱས་ནས་ཉི་མ་བདུན་པ་ལ་ཤ་ཟས་ཟིན་པ་རྣམས་བལྟས་པས་ཐར་པར་འགྱུར་རོ། ། དུར་ཁྲོད་དུ་ཤ་ཆེན་གྱིས་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་ཤ་ཟ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ།། ནེའུ་ལེའི་སྤུའི་སྦྱིན ་སྲེག་སྟོང་ཕྲག་བརྒྱད་བྱས་ན་འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། ། དུར་ཁྲོད་དུ་བཤང་བའི་སྦྱིན་སྲེག་བྱས་ན་སྲུལ་པོས་ཟིན་པ་རྣམས་ཡིད་ཀྱིས་ཀྱང་ཐར་རོ།། ཁྲག་གི་སྦྱིན་སྲེག་བྱས་ན་མཁའ་འགྲོ་མ་རྣམས་དབང་དུ ་འགྱུར་རོ། ། དུར་ཁྲོད་དུ་བོཊྚ་ཀའི་སྦྱིན་སྲེག་བྱས་ན་འདི་ལ་ཤ་ཟ་མི་འོང་ངོ་།། སྦྲུལ་གྱི་ཤུན་པའི་སྦྱིན་སྲེག་བྱས་ན་སྒྲུབ་རྣམ་པར་འབྲོས་པར་བྱེད་དོ།། དེ་ནས་སྒྲུབ་པ་པོས་གཏོར་མ་བྱས་ནས་ཨརྐའི་ཡམ་ཤིང་གི་སྦྱིན་སྲེག ་སྟོང་ཕྲག་བརྒྱད་བྱའོ། ། རྣམ་པར་འགྱུར་བའི་གཟུག་ཅན་གྱི་གནོད་སྦྱིན་མ་འོང་བར་འགྱུར་ཏེ་འཇིགྲི་བར་མི་བྱ་བར་རིག་པརླན་པ་རྗོད་ཅིག་རྗོད་ཅིག་ཅེས་སོ།། དེ་དེའི་ཚེ་མཆོག་གསུམ་པོ་རྣམས་ཀྱི་གཅིག་འདམ་དུ་སྔ ་ཏེམ་དང་། སྲིང་མོ་དང་། ཆུང་མར་འགྱུར་བའོ།། མ་ནི་བུའི་བྱ་བ་ཐམས་ཅད་བྱེད་དོ།། སྲིང་མོ་ནི་ཉི་མ་རེ་རེ་ལ་དོང་ཆེ་རེ་སྟེར་བར་བྱེད་དོ།། ཆུང་མ་ནི་དེ་དང་ལྷན་ཅིག་རྩེ་བར་བྱེད་དེ། ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ།། གང་གི ་ཚེ་རིག་པ་འཛིན་པ་ཉམས་པ་དེའི་ཚེ་འདི་བྱའོ། ། མཚན་མོ་གཙང་མས་གོས་གཙང་མ་བགོས་ཏེ་བསྲུང་བ་བྱས་པས།། སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ ་དང་། བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས། ཤར་དུ་ཕྱོགས་པས་རིག་པའི་ལྷ་ཐམས་ཅད་ལ་བདུག་སྤོས་ཕུལ་ནས། དེ་ནས་རིག་པ་འཛིན་པས་དུག་ལ་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད ་བྱའོ། ། ཀུ་ཤ་བཏིང་བ་ལ་ཉལ་ལོ།། གལ་ཏེ་གཞོན་ནུ་མདུང་ཐུང་ཐོགས་པ་མཐོང་ན་དེའི་ཚེ་དྲི་ཟས་རྫས་ཉམས་པར་བྱས་པའོ།། གང་གི་ཚེ་བྲམ་ཟེ་མཐོང་ན་དེའི་ཚེ་ལྷ་རྣམས་ཀྱིས་ཉམས་པར་བྱས་པར་འགྱུར་རོ།། ་གང་གི་ཚེ་རྡོ་རྗེ་སྡེ་མཐོང་ན་དེའི་ཚེ་རྡོ་རྗེའི་རིག་ཀྱིས་རྫས་ཉམས་པར་བྱས་པར་འགྱུར་རོ།། གང་གི་ཚེ་དགའ་བ་ཅན་མཐོང་ན་དེའི་ཚེ་ནམ་མཁའ་ལྡིང་གིས་ཉམས་པར་བྱས་པའོ།། གང་གི་ཚེ་ལྷ་མིན་རྣམས་ཀྱིས ་ཉམས་པར་བྱས་པ་དེའི་ཚེ་རྒྱུ་མི་མཐོང་ངོ་། ། གང་གི་ཚེ་ཀླུ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྤོས་ཀྱི་གླང་པོའི་རྒྱལ་པོ་མཐོང་ངོ་།། གང་གི་ཚེ་ཕ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་མཐོང་ངོ་།། གང་གི་ཚེ་མི ་གཙང་བས་ཉམས་པར་བྱས་པ་དེའི་ཚེ་གླང་པོའི་པགས་པ་གྱོན་པའི་དབང་ཕྱུག་ཆེན་པོ་མཐོང་ངོ་། ། གང་གི་ཚེ་གནོད་སྦྱིན་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་ནོར་བུ་བཟང་པོ་མཐོང་ངོ་།། གང་གི་ཚེ་ཤ་ཟ་རྣམས་ཀྱིས་ཉམ ་པར་བྱས་པ་དེའི་ཚེ་སྐྱེས་བུ་གཅེར་བུ་མཐོང་ངོ་། ། གང་གི་ཚེ་འབྱུང་པོ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྤྲིན་མཐོང་ངོ་།། ཨརྐའི་ཡམ་ཤིང་གིས་མེ་སྦར་ནས་མར་དང་སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང ་ཕྲག་བརྒྱད་བྱའོ། ། སྦྱིན་སྲེག་ཡོངས་སུ་རྫོགས་པ་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ།། དྲི་ཟ་རྣམས་ཀྱི་སྦྱིན་སྲེག་ནི་རྣམ་པར་དབེན་པའི་ཕྱོགས་སུ་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། བཅོམ་ལྡན ་འདས་ལ་གཏོར་མའང་ཕུལ་ནས། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཀཱམྦོ་ཛའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། སྦྱིན་སྲེག་ཡོངས་སུ་རྫོགས་པ ་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། ། རྡོ་རྗེའི་རིགས་ལའང་སྦྱིན་སྲེག་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་། བཅོམ་ལྡན་འདས ་ལའང་གཏོར་མའི་ཆོ་ག་བྱས་ལ། དེ་ནས་སྒྲུབ་པ་པོས་ཁ་ཤར་དུ་ཕྱོགས་ལ་གུ་གུལ་གྱི་རིལ་བུས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ།། ནམ་མཁའ་ལྡིང་རྣམས་ལ་དུར་ཁྲོད་དུ ་མཎྜལ་ལ་ཉེ་བར་བྱུགས་པ་བྱས་ནས་མཆོད་པ་དང་གཏོར་མའང་ཇི་ལྟར་འབྱོར་པ་བྱ་སྟེ། ཀ་ར་ཝཱ་རའི་མེ་ཏོག་ལ་སོགས་པའི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ ་བྱིན་པར་འགྱུར་རོ། ། ལྷ་མ་ཡིན་རྣམས་ཀྱི་སྦྱིན་སྲེག་ནི་དབང་ཕྱུག་ཆེན་པོ་ལ་དྲི་སྣ་ཚོགས་ཀྱིས་མཆོད་པ་དང་། བཅོམ་ལྡན་འདས་ལའང་གཏོར་མ་བྱས་ནས་གཡས་ཀྱི་ལུས་ལ་ཤར ་ཕྱོགས་པས་ཀ་ར་ཝཱི་རའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། ། ཀླུ་རྣམས་ཀྱི་སྦྱིན་སྲེག་ནི་ཀླུའི་གནས་སུ་སོང་ནས་ཁ་ཤར་དུ་ཕྱོགས་པས་ཀླུའི་པགས་པ་ཚ་བའི་ཏི་ལ ་མར་གྱིས་མངོན་པར་བྱུགས་ནས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། ། མ་མེའི་སྦྱིན་སྲེག་ནི་སྨིན་པའི་ཟས་དང་ཤའི་གཏོར་མ་ཕུལ་ནས་ཕག་པའི་རུལ་མ་ལ་ཆང་གིས ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། ། གནོད་སྦྱིན་རྣམས་ཀྱི་སྦྱིན་སྲེག་བྱས་པ་ནི་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་གཏོར་མ་ཕུལ་ནས་ཁ་ཤར་དུ ་ཕྱོགས་ནས་ཨརྐའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། ། ཤ་ཟ་རྣམས་ཀྱི་སྦྱིན་སྲེག་ནི་དུར་ཁྲོད་དུ་དཀྱིལ་འཁོར་ཉེ་བར་བྱུག་པ་བྱས་ནས་ཀྱིས་ཀྱི་ཏིལ་མར་གྱིས་བདགྲ ་པའི་ནིམ་པའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། ། འབྱུང་པོ་རྣམས་ཀྱི་སྦྱིན་སྲེག་ནི་དུར་ཁྲོད་ཀྱི་ཐལ་བས་དཀྱིལ་འཁོར་ཉེ་བར་བྱུགས་ནས་གཏོར་མའང་ཅི ་འབྱོར་པ་ཕུལ་ཏེ། བ་ལང་གི་ཤའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ།། ཡི་དགས་རྣམས་ལ་ནིར་མ་ལེའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར ་འགྱུར་རོ། ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་མ་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་ཀྱིས་གསུངས་པའི་མཚན་ཉིད་ཀྱི་ལེའུ་བཅུ་པ་རྫོགས་སོ།། ་མ་བསྒྲུབས་པར་ཡང་ལས་སུ་འགྱུར་ཏེ།། ཆར་མ་བབས་པ་ལ་ཆུར་ཞུགས་ཏེ་རིག་པ་བཟླས་ན་ཉི་མ་བདུན་གྱིས་ཆར་འབབ་བོ།། ཁུ་བ་འཆིང་བ་ལ་སྲད་བུས་སོ།། མྱོས་པ ་རྣམ་པར་འཇོམས་པ་རྣམས་ལ་དུར་ཁྲོད་ཀྱི་ཐལ་བས་སོ། ། གསུང་པ་ལ་ནི་རྒྱ་སྐྱེགས་ཀྱིས་སོ།། གཟེར་གྱིས་ཉམ་ཐག་པ་ལ་ཨརྫ་ནས་ཟུག་རྔུ་དང་བྲལ་བར་བྱེད་དོ།། ཏིལ་གྱི་ཏིལ་མར་གྱིས་བྱ་རྒོད་དང ་གཅོད་པར་བྱེད། ཆུ་གྲི་དང་གསུམ་གྱིས་མཆེ་བ་འཇུག་པར་བྱེད་དོ།། གུ་གུལ་གྱི་བདུག་པས་གནས་ནས་སྐྲོད་པར་བྱེད་དེ། འདི་རྣམས་མ་བསྒྲུབས་པར་ཡང་བྱེད་དེ། བཅོམ་ལྡན་འདས་མ་འདི་ཉིད་ཀྱིས ་ཐམས་ཅད་ཉིད་བསྒྲུབ་པར་བྱའོ། ། དཔེར་ན་འདི་བདག་དཔེའི་དོན་དུ་འཆང་བར་བྱེད། ཀློག་པར་བྱེད་པ་དེ་བཞིན་དུ་འདི་ཡང་གཙང་མས་གོས་གཙང་མ་བགོས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ་བཀླག་པར་བྱ་སྟེ། ཆོ་ག་འདི་ཉི་མ་བདུན་དུ་བཀླགས་པ་བྱས་ན་ཞི་བར་འགྱུར་རོ།། ཆར་ཆེས་ན་གྲོག་མཁར་ལ་འཛེགས་ཏེ་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་ཉེ་བར་བཟླས་ན་དེ་ནས་ཉེ་བར་ཞི་བ ་འགྱུར་རོ། ། དྲི་དང་། མེ་ཏོག་དང་། བདུག་པ་གང་ལ་སྦྱིན་པར་བྱ་སྟེ། རིག་པ་ཐམས་ཅད་འགུགས་པ་དང་། འཆིང་བ་དང་། རེངས་པ་དང་། གཅོད་པ་དང་། རིག་པ་ཐམས་ཅད་གསོད་པ་དང་། གདུག ་པའི་ཡིད་སྐྲག་པ་དང་། ཁ་འཆིང་བར་བྱེད་དོ།། དེས་འདིའི་ལས་བྱ་སྟེ་གུར་ཀུམ་གྱི་ཆུས་རྨོངས་པར་བྱེད་དོ།། སོར་མོས་སྦྲུལ་འགུགས་པར་བྱེད་དོ།། ཡུངས་ཀར་དང་། པདྨའི་རྩ་བ ་ལས་སྐྱེས་པ་དང་། མེ་ཏོག་བཟང་པོ་རྣམས་ཀྱིས་འབྱིན་པར་བྱེད་དོ།། བདུག་སྤོས་ཀྱིས་སྨྲ་བར་བྱེད་དོ།། ཀ་ར་ཝཱི་རའི་མེ་ཏོག་གིས་དཀྱིལ་འཁོར་དུ་འཇུག་པར་བྱེད་དོ།། ཨ་ཀ་རུའི་བདུག་པས་འཕྲལ་དུ་འདུག་པ ་དང་། བཅོམ་ལྡན་འདས་མའི་ལས་སྟོང་རྩ་བརྒྱད་པོ་འདི་རྣམས་རབ་ཏུ་སྦྱར་བར་བྱ་སྟེ། ཡམ་ཤིང་གི་མཚན་ཉིད་འཆད་པར་འགྱུར་བ་རྩ་བ་དང་། རྐེད་པ་དང་། རྩེ་མོའང་བསྐྲད་པའི་དོན་གྱིས་སྡོང་བུ་དང་རྩ་བས་སྦྱིན ་སྲེག་བྱའོ། ། རྐེད་པས་ནི་ནོར་འདོད་པས་སོ།། རྩེ་མོས་ནི་ཞི་བ་ཅན་དང་རྒྱས་པ་ཅན་ལའོ། ནོར་འདོད་པས་ཐོ་རངས་ཀྱི་དུས་སུ་གནོད་སྦྱིན་ཡོངས་སུ་རྒྱུ་བར་བྱེད་དོ།། དེས་ན་དེའི་ནོར་སྦྱིན་པའི་ལས་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། ་བསྐྲད་པར་འདོད་པས་བར་དུ་གནས་པས་མཚན་མོའི་སྔ་མ་ལ་རྩ་བའི་སྦྱིན་སྲེག་བྱའོ།། སྡིགས་མཛུབ་ཀྱི་ཚད་ཙམ་ལ་དུག་དང་ཁྲག་གིས་བཏགས་པས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་བྱའོ།། མཚན་མོ་ཕྱེད ་ནས་ཡི་དགས་རབ་ཏུ་རྒྱུ་སྟེ། དེས་དེ་ལས་མངོན་སྤྱོད་ཀྱི་ལས་རབ་ཏུ་བསྒྲུབ་པར་བྱའོ།། སྒྲུབ་པ་ཆེན་པོ་ལ་ཁྲུའི་ཚད་ཀྱི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པས་ཁ་ཤར་དུ་ཕྱོགས་པས ་སྦྱིན་སྲེག་བྱའོ། ། དེས་སྒྲུབ་པ་ཆེན་པོ་སྒྲུབ་པར་བྱེད་དོ།། དབང་དུ་བྱེད་པ་ལ་བྱང་ཆུབ་ཀྱི་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བྱའོ།། སྡིགས་མཛུབ་ཀྱི་ཚད་ཙམ་འདིས་སོ།། ཉིན་ཞག་བདུན་དུ་ཉི་མ་འཆར ་ཀར་ཨ་པཱ་མརྒའི་ཡམ་ཤིང་ཁྲག་གིས་བཏགས་པའི་སྦྱིན་སྲེག་བྱས་ན་འཆི་བར་འགྱུར་རོ། ། རྣམ་པ་གཞན་དུ་མ་ཡིན་ནོ།། ནད་བསྐྱེད་པར་འདོད་ན་པཱ་ན་ཡའི་རིལ་མ་སྦྱིན་སྲེག་ཉི་མ་བདུན་དུ་བྱས་ན་ནད་སྐྱེད་པར ་བྱེད་དོ། ། མིང་ནས་སྨོས་ནས་སྒྲུབ་པར་འགྱུར་ཏེ་རབ་ཏུ་སྦྱར་བར་བྱའོ།། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོའི་ལེའུ་བཅུ་གཅིག་པའོ།། ། དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག ་བཟངས་རིས་ཀྱིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས་སོ། ། སྒྲུབ་པ་པོས་ཕུག་གི་སྒོ་རུ་དུར་ཁྲོད་དུ་གོས་གཙང་མ་བགོས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཕུག་གི་སྒོ་ལ་མངོན་པར་ཕྱོགས་ནས་བཅོམ ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ། ། ཐམས་ཅད་གནས་ནས་འབྱོར་པར་འགྱུར་རོ།། དོགས་པ་མེད་པར་རབ་ཏུ་འཇུག་པར་བྱ་སྟེ། ལྷ་མ་ཡིན་སེལ་བ་ཞེས་བྱ་བའི་རིག་པ་དྲན ་བཞིན་པས་རབ་ཏུ་བླང་བར་བྱའོ། ། བུད་མེད་ལ་དགའ་བ་དང་བཅས་པས་ཡོངས་སུ་བཟླས་ནས་གཏོགས་པར་བྱ་སྟེ་དབང་དུ་འགྱུར་རོ།། དེ་ནས་སྒྲུབ་པ་པོས་གསུམ་པོས་འདི་བྱེད་པར་འདོད་པས་རིའི་རྩེ་མོར ་འཛེགས་ཏེ་རིག་པ་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་ལ་ཙན་དན་དམར་པོས་ཉེ་བར་བྱུགས་ཏེ་བསྲུང་བ ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཕུག་གི་སྒོ་ལ་མངོན་པར་ཕྱོགས་པས་རིག་པའི་སྙིང་པོ་མཉམ་པར་འགྲོ་མས་ཨ་པཱ་མརྒའི་ཡམ་ཤིང་ལ་དུག་དང་ཁྲག་གིས་བཏགས་པའི་སྦྱིན་སྲེག ་སྟོང་ཕྲག་དཅུ་བྱའོ། ། དེ་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་ནས་ཐལ་བ་ལ་ཡོངས་སུ་བཟླས་ནས་གཏོར་བར་བྱའོ།། གསུམ་པོ་འདིར་འགྱུར་ཏེ་དོགས་པ་མེད་པར་རབ་ཏུ ་འཇུག་པར་བྱ་ཞིང་། ། ལྷ་མ་ཡིན་གྱི་བུ་མོ་དེས་མཐོང་ནས་དབང་དུ་འགྱུར་རོ།། དེས་སྒྲུབ་པའི་རྫས་དེ་བླང་བར་བྱ་སྟེ། གང་འདོད་པ་དེ་རིག་པས་མངོན་པར་བསྔགས་ནས་བླང་བར་བྱའོ།། འཁོར་ལོ ་སེམས་ཅན་ཐམས་ཅད་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། ། ཉི་མ་དང་། ཟླ་བ་དང་། སྐར་མ་གནས་ཀྱི་བར་དུ་འགྱུར་རོ།། དེ་བཞིན་དུ་ལྡོང་རོས་དང་། བེ་ད་དང་། དགྲ ་སྟ་དང་། པཿཀ་དང་། ཤཀྟི་སྟེ་མདུང་ཐུང་དང་། རལ་གྲི་དང་། རལ་གྲིའི་ཡུ་བ་དང་། མཆིལ་ལྷམ་དང་། གྲི་དང་། སྲད་བུ་དང་། མཆོད་ཕྱིར་ཐོགས་དང་། དགྲང་འཕྲེང་དང་། ཆོས་ཀྱི་ཕྱག་རྒྱ་ལ་སོགས ་པ་རྣམས་ཀྱིས་ཟླ་བ་ཉི་མ་དང་། སྐར་མའི་བར་དུ་འཚོ་བར་བྱེད་དོ།། བཅོམ་ལྡན་འདས་མ་དང་། དེ་བཞིན་གཤེགས་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། བཅོམ་ལྡན་འདས་ཀྱི ་ཉན་ཐོས་ཀྱི་དགེ་འདུན་རྣམས་སུ་ལའང་ཕྱུག་འཚལ་བར་མི་བྱེད་པ་མ་གཏོགས་ལྷའི་འཁོར་ལོས་སྒྱུར་བར་འགྱུར་རོ། ། དེ་ནས་རྣམ་པ་གཞན་ནི་བཅོམ་ལྡན་འདས་མའི་སྔགས་འདི་རྣམས་ཐམས་ཅད ་བགགས་པར་བྱེད་པ་ནི་གྲངས་ཀར་གྱིས་སོ། ། དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག་པ་རངས་རིས་ཀྱིས་དམ་པ་མཆོག་ཏུ་གསང་བ་གསུངས་པ།། ལྷ་མ་ཡིན་གྱི་བྲ་གའི་སྒོར་སོང་ནས་འོ་མདང་ནས་ངན་པ ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འབུམ་བཟླས་པར་བྱའོ། ། ལྷ་མ་ཡིན་བུ་མོ་མཐོང་བར་འགྱུར་རོ།། དེ་རྣམས་རལ་གྲི་སྦྱིན་པ་འམ། གྲུབ་པའི་རྫས་གཞན་སྣང་བར་བྱེད་དེ། དེ་བླངས་པས ་རིག་པ་འཛིན་པ་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། ། ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ཀྱིས་བཤད་པའི་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོའི་ལེའུ་བཅུ་གཉིས་པའོ།། ། ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ལས།། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོའི་སྐྱེད་པར་བྱེད་པའི་གསང་ཆེན་ཞེས་པའོ།། ། དེ་ནས་ཡང་སེམས་དཔའ་ཆེན ་པོས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། བསམ་པ་རྣམ་པར་དག་པས་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་དོན་དུ་རྟོག་པའི་རྒྱལ་པོས་རིག་པའི ་སྔགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་སོ། ། བར་སྐབས་འདིར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་ཀའི་ཕྱོགས་ནས་བདུད་རྩི་ཐམས ་ཅད་ཡང་དག་པར་སྦྱོང་བ་ཞེས་བྱ་བའི་འོད་ཟེར་བྱུང་བར་གྱུར་ཏོ། ། འོད་ཟེར་དེས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཡོངས་སུ་བསྐོར་ནས་སེམས་ཅན་རྣམས་སྣང་བར་བྱས་ཏེ། ་སླར་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་ནུབ་པར་གྱུར་རོ།། བར་སྐབས་འདིར་གསུངས་པར་གྱུར་པ་དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱས་བ་ལོ་ཀཽ་ཏི་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་ཨཱ་རོ་ལི་ཀ། འདི་ནི་མཆོག་གི་སྙིང་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེ་ཡིན་ཏེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་ཆོ་ག་གདོན་མི་ར་བ་ཁོ་ན་སྒྲུབ་པའོ། ་རབ་ཏུ་སྦྱར་བར་བྱའོ།། དོན་མེད་པ་ཐམས་ཅད་ཟློག་པར་བྱེད་པ།། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། བཀྲ་ཤིས་རབ་ཏུ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པ་དེའི་སྔགས་སོ།། ཐོ་རངས ་སྟན་ལས་ལངས་ནས་གཙང་མར་གྱུར་པས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་ཏེ་ཤར་དུ་མངོན་པར་ཕྱོགས་ཏེ་བཏུང་བར་བྱའོ། ། ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར་རོ།། བཅོམ་ལྡན་འདས ་མའི་རྟོག་པའི་རྒྱལ་པོར་ཞི་བ་ཅན་གྱི་ལས་ཐམས་ཅད་འགྲུབ་པར་བྱེད་དོ། ། ཉེ་བར་གནོད་པ་མེད་པར་དྲན་པར་འགྱུར་ཞིང་སྟོབས་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། གྲགས་པ་དང་ལྡན་པ་དང ་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། ། དེ་བཞིན་དུ་རྒྱས་པ་ཅན་ན་ཉི་མ་གཞན་ལ་འདི་རྣམས་བྱའོ།། བར་མ་ལ་མངོན་སྤྱོད་ཅན། བརྞ་ཏ་རབ་ཏུ་འཇུག་པ་ལ་མིང་མེད་ཀྱི་སོར་མོ་ལན་བདུན་མངོན་པར ་བསྔགས་པར་བྱའོ། ། ཞི་བ་ཅན་དང་རྒྱས་པ་ཅན་ལ་ཡང་ངོ་།། མངོན་སྤྱོད་ཅན་ལ་སྡིགས་མཛུབ་ལ་བཟླས་པ་ཉིད་ཀྱིས་དེ་བརྩམ་པར་བྱའོ།། གང་ལ་ལ་རྣམ་པ་དེ་ལྟའི་ཆོ་ག་བྱེད་པ་དེ་ལ་དངོས་གྲུབ་འབྱུང ་བར་འགྱུར་རོ། ། བཟླས་པའི་དུས་སུ་བདག་ཉིད་ཀྱི་སྙིང་ཁར་འདིར་མངོན་པར་བསྔགས་པར་བྱའོ།། དེའི་དངོས་གྲུབ་ངེས་པར་བརྗོད་དོ།། སྒྲོལ་མའི་ཆེད་དུ་སྒྲུབ་པ་ནི་ངེས་པར་མྱུར་བར་བཤད་པ་དེ་བཞིན་དུ ་བྱའོ། ། སྒྲུབ་པ་པོས་བློ་དང་ལྡན་པས་རིག་པ་ཐམས་ཅད་ལ་དེ་བཞིན་དུ་རིག་པའི་རྒྱལ་པོ་སྟོབས་ཆེན་པོ་བདག་གི་སྔགས་ཀྱི་རིག་པ་ཤིན་ཏུ་དགེ་བ་དགའ་བར་རབ་ཏུ་བསྒྲགས་སོ།། སྒྲུབ་པ་པོས་ཀྱང་བདག་ཉིད ་བསྲུང་བ་དང་དག་པ་བྱས་ལ། དེ་རྟག་ཏུ་རིག་པའི་རྒྱལ་པོ་ཆེན་པོ་ཡ་རྟོག་པའི་རྒྱལ་པོ་ཆེན་པོ་འད་བཅོམ་ལྡན་འདས་མ་སྒྲོལ་མ་སྒྲུབ་པའི་ཐབས་ཀྱི་ཆོ་ག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོ་གའི ་ལས་འགའ་ཞིག་བཤད་པར་བྱའོ། ། གང་ལ་ལ་སྒྲུབ་པ་བྱེད་པར་འགྱུར་བ་དེ་རྣམས་གདོན་མི་ཟ་བར་རིག་པ་འཛིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དཀོན་མཆོག་གསུམ་ལ་མངོན་པར་དང་བས་འབྱུང ་བར་བྱའོ། ། ཡང་འདིའི་ཆོ་གར་འགྱུར་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རིའི་རྩེ་མོ་འམ། གཞན་དུའང་རུང་སྟེ་གཙང་མའི་ཕྱོགས་སུ་གཟུགས་བརྙན་གྱི་སྤྱན་སྔར་འོ་མ་དང་ནས་ཟན་བཟའ ་བའམ། ཤ་མེད་པའི་བཟའ་བའམ། རིག་པ་སོ་སོར་སྒྲུབ་པའི་སྟོན་མོའི་བཟའ་བ་ཡོངས་སུ་སྤངས་ལ་མཆོད་པ་ཡོངས་སུ་རྫོགས་པས་གསོ་སྦྱོང་ལ་གནས་པ་འམ། གསོ་སྦྱོང་ལ་མི་གནས་པའང་རུང ་སྟེ་འབུམ་ཕྲག་ཕྱེད་དང་གསུམ་བཟླས་པར་བྱའོ། ། སྔོན་སྤྱད་པ་བྱས་པར་འགྱུར་རོ།། མཆོད་པ་བྱས་ནས་བསྙེན་པའང་ས་གའི་ཉའམ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཉ་ལ་མཆོད་པ་བྱས་ནས་སྟོང ་ཕྲག་བརྒྱད་བཟླས་པར་བྱའོ། ། སྙིང་པོ་སྒྲུབ་པར་འགྱུར་རོ།། དེ་ནས་ལས་རྣམས་སུ་འགྱུར་ཏེ་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཉལ་ཨ་ཀ་རུའི་ཡམ་ཤིང་ནོ་དང་། སྦྲང་རྩི་དང་། མར་ལས་བཏགས་པའི ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། མེ་ཏོག་སྟོང་ཕྲག་བརྒྱད་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ།། མེ་ཏོག་སྟོང་ཕྲག་བརྒྱད་པོ་རྣམས་ཀྱིས་གཟུགས་བརྙན་ལ ་བསྣུན་པར་བྱའོ། ། ཡང་ན་སླར་ཡང་མཚན་མོ་ཐམས་ཅད་དུ་བཟླས་ན་བཅོམ་ལྡན་འདས་མཐོང་བར་འགྱུར་རོ།། དེ་ནས་མ་མཐོང་ན་དོང་ཚེ་ལྔ་རྟག་ཏུ་རྙེད་དོ།། མཚན་མོ་བདུན་དུ་ཐུན་མཚམས་གསུམ་དུ་མར ་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། ། མྱོས་བྱེད་ཀྱི་ཤིང་ལ་གཟུགས་བརྙན་བྱས་ནས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ལ།། རྒྱལ་པོའི་ཡམ་ཤིང་གིས ་མེ་སྦར་ནས་ཐུར་མས་རྐང་པ་ཕུག་སྟེ་ཐུན་མཚམས་གསུམ་དུ་བརྒྱད་བརྒྱར་སྦྱིན་སྲེག་བྱས་ན་ཉི་མ་གཉིས་པ་ལ་རྐང་པ་དག་གིས་འོང་བར་བྱེད་དོ། ། མྱ་ངན་མེད་པའི་ཤིང་གིས་སོར་མོ་དྲུག་པའི་ཤ་ལ་བྷཉྩི་ཀ ་བྱས་ནས་རིའི་རྩེ་མོར་གནས་ཏེ། འོ་མ་དང་ནས་ཟན་བཟའ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ།། མཐར་ཟླ་བ་ཉ་ལ་མཆོད་པ་བྱ་སྟེ་མཚན་མོ་གསུམ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི ་མཆོད་རྟེན་དུ་ཨ་ཤྭཏྠའི་འདབ་མར་བཞག་སྟེ་ཇི་སྲིད་འོདྲ་བ་དེ་སྲིད་བཟླས་པར་བྱའོ། ། ལེགས་པར་འོངས་སམ་ཞེས་བརྗོད་པར་བྱ་ཞིང་མཆོག་སྦྱིན་པར་བྱའོ་ཞེས་ཟེར་ན་ཆུང་མ་འམ།། སྲིང་མོ་འམ། གྲོགས་མོའང་རུང ་སྟེ། བདག་ཉིད་དང་བཅུ་གཉིས་ལ་བཟའ་བ་དང་། བགོ་བ་དང་། དོང་ཚེ་འང་རབ་ཏུ་སྩོལ་བར་བྱེད་དོ།། ལོ་སྟོང་དུ་འཚོ་བར་འགྱུར་རོ།། ཟླ་བ་གཟའ་ཡིས་ཟིན་པ་ན་རྒྱུད་མཚུངས་པའི་བའི་མར་གསར་བླང ་ནས་སོར་དྲུག་པའི་གཟུགས་བརྙན་བྱས་ཏེ། ཟས་བཞིན་དང་སྨྱུང་བར་གནས་པས་ཨ་ཤྭཏྠའི་འདབ་མར་བཞག་ནས་ཇི་སྲིད་ཟླ་བ་གྲོལ་གྱི་བར་བཟླས་པར་བྱའོ།། དེ་ལ་དངོས་གྲུབ་རྣམ་པ་གསུམ་སྟེ། ་དྲོ་བཞིན་པ་ལ་རྐང་པས་རབ་ཏུ་རྒྱུ་བ་དང་། ཚེ་ལོ་ལྔ་བརྒྱ་ཐུབ་པ་དང་། དཔག་ཚད་ལྔ་བརྒྱར་འགྲོ་བར་བྱེད་དོ།། ཐམས་ཅད་དུ་མི་སྣང་བར་གདོན་མི་ཟ་བར་འགྱུར་རོ།། དུ་བ་འཐུལ་བཞིན་པ་ལ་མི་སྣང ་བ་དང་། སོར་མོ་ཉི་ཤུ་རྩ་བཞིས་ས་ལ་མ་རེག་པ་དང་། ལོ་སྟོང་དུ་འཚོ་བ་དང་། དཔག་ཚད་སྟོང་དུ་འགྲོ་བར་བྱེད་དོ།། སྐྱེས་བུ་བཅུའི་སྟོབས་འབར་ཏེ་ལོ་སྟོང་ཕྲག་གཉིས་སུ་འཚོ་བར་འགྱུར་རོ།། རིག་པ་འཛིན ་པ་རྣམས་ཀྱིས་མི་ཚུགས་སོ། ། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ།། སོལ་བའི་དབུས་སུ་དཔལ་ལྷ་མོའི་གཟུགས་པདྨ་ཕྱག་ན་བསྣམས་པ་ཀུན་ཏུ་བཀོད་དོ།། ་དེ་མཆོག་སྦྱིན་པར་བྱེད་དེ། མ་འམ། སྲིང་མོ་འམ།། གྲོགས་མོ་གྱིས་ཤིག་ཅེས་བྱ་བར་བརྗོད་པར་བྱའོ།། དེས་དོང་ཚེ་སྟོང་སྩོལ་བར་འགྱུར་རོ།། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གསོ་སྦྱོང་ལ་གནས ་པས་འོ་མ་དང་ནས་ཟན་བཟའ་ཞིང་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ནས་སྔར་གྱི་ནས་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། ལྟེ་བཙམ་གྱི་ཆུར་ཞུག ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། གཏེར་ཐམས་ཅད་མཐོང་བར་བྱེད་དོ།། འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་དོ།། རེངས་པར་བྱེད་དོ།། སྲུང་བར་བྱེད་དོ།། མི་ཡང་འགུགས་པར་བྱེད་དོ།། ཤི་བ ་སོས་པར་བྱེད་དོ། ། དུག་མེད་པར་བྱེད་དོ།། ཞི་བ་ཡང་བྱེད་དོ།། འགུགས་པར་བྱེད་དོ།། མོ་ག་ཤམ་ལ་བུ་སྟེར་བར་བྱེད་དོ།། སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་ན་སྲུང ་གཞན་གྱིས་མི་ཐུབ་པར་འགྱུར་རོ། ། རྒྱལ་པོའི་སྒོར་བསྲུང་བར་བྱས་ན་དགྲ་རྣམས་ལ་མཚམས་བཅད་པར་འགྱུར་རོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་འབུམ་ཕྲག་དྲུག་བཟླས་པར་བྱའོ།། རས ་དཀར་པོས་བགོ་བ་བྱས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། ། འཁོར་སྟོང་དང་བཅས་པར་འཕུར་བར་འགྱུར་རོ།། རྣམ་པ་སྣ་ཚོགས་པའི་ལས་རྣམས་བྱེད་དོ།། སྟོན་ཀའི་སྤྲིན་ལྟར་དཀར་བ། ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ།། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བར་བྱེད་བཞིན་པ་འདི་ལ་མཆོད ་པ་ཆེན་པོ་བྱས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། ཡིད་ཀྱིས་འགྲུབ་བོ།། གཙང་མའི་ཕྱོགས་སུ་ཆུ་ཀླུང་གི་འགྲམ་དུ་གསོ་སྦྱོང་ལ་གནས་པས་མཆོད་རྟེན་རྟེན་ཅིང་འབྲེལ་པར་འབྱུང་བའི ་སྙིང་པོ་ཅན་བྱས་ནས་དེ་ལ་མཆོད་པ་བྱས་ཏེ་སྙིང་པོ་བཟླས་པར་བྱའོ། ། བར་མ་ལ་སླར་ཡང་མཆོད་རྟེན་བྱས་ནས་ཉི་མ་ནུབ་པ་ནས་ཇི་སྲིད་སྟོང་ཕྲག་བརྒྱད་དེ་སྲིད་དུ་བཟླས་སོ།། དེ་ནས་ཆོ་ག་འདིས་རིག་པ ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་ཅིག་ཏུ་བདེ་བ་ཅན་དུ་འགྲོ་བར་བྱེད་ཅིང་སངས་རྒྱས་མཐོང་ངོ་།། བསྐལ་པར་གནས་པར་འགྱུར་རོ།། ་རིག་པ་འཛིན་པས་རྒྱལ་པོ་འམ།། རྒྱལ་པོའི་བློན་པོ་དབང་དུ་བྱེད་ན་ཨ་པཱ་མརྒའི་ཡམ་ཤིང་ལ་མར་དང་སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ།། བུད་མེད ་དང་སྐྱེས་པ་དབང་དུ་བྱེད་པ་ལ་ཐུན་གསུམ་དུ་གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། ། ཨ་ཀ་རུའི་རོལ་བུས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། སྐྱེ་བོ་ཐམས་ཅད་དགའ ་བར་འགྱུར་རོ། ། རྒྱལ་པོའི་ཁབ་ཏུའང་སྨྲ་བའི་མཆོག་ཏུ་འགྱུར་རོ།། ཤུ་དག་ཁར་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དུ་བཟླས་པར་བྱའོ།། དྲོ་བཞིན་པས་ནི་ཡིད་གཞུངས ་ཤིང་དཔའ་བར་བྱེད་དོ། ། དུ་བ་འཐུལ་བས་ནི་མི་སྣང་བ་དང་འབར་བར་བྱེད་དོ།། རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་བཅུ་དྲུག་བཟླས ་པར་བྱའོ། ། སློང་མོ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་དཔའ་བོའི་སྟན་ལ་ཉེ་བར་འདུག་སྟེ་འབུམ་ཕྲག་ལྔ་བཟླས་པར་བྱའོ།། དེ་ནས་ཡིད་ཀྱིས་འདོད་པའི་དངོས་གྲུབ་འབྱུང་སྟེ། ལྷ་རྣམས ་ཀྱིས་ལྷན་ཅིག་གནས་ཤིང་གང་འདོད་པ་དེ་རྙེད་དོ། ། དེ་ནས་ཟ་མ་ཏོག་དཀར་པོ་ཡི་གེས་དཀྲིས་པར་ལྡོང་རོས་བཅུག་ནས། ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། ་དྲོ་བཞིན་པ་ལ་ཡིད་གཞུངས་པར་འགྱུར་རོ།། དུ་བ་འཐུལ་བཞིན་པ་ལ་མི་སྣང་བ་དང་འབར་བར་འགྱུར་རོ།། རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག ་བཅུ་དྲུག་བཟླས་པར་བྱའོ། ། སློང་མོ་ཟ་ཞིང་མི་སྨྲ་བར་ཀུ་ཤ་བཏིང་བ་ལ་ཉལ་ནས། ན་ག་གེ་སར་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཉི་མ་བདུན་པ་ལ་འདོད་པའི་ཐ ་མོ་རྙེད་དོ། ། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཉི་མ་བདུན་པ་ལ་མཆོག་ཏུ་ཡིད་གཞུངས་ཤིང་དཔའ་བར་འགྱུར་རོ།། དགའ་བ་འཁྱིལ་བའི་མེ་ཏོག་གིས་སྟོང་ཕྲག་བརྒྱད ་སྦྱིན་སྲེག་བྱས་ན་བུད་མེད་དང་སྐྱེས་པ་རྣམ་པར་ལྡང་བར་འགྱུར་རོ། ། དབང་དུ་བྱེད་པ་ལ་ཟླ་བ་ཉ་ལ་ཉིན་མཚན་དུ་སྦྱང་བར་གནས་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར ་བྱང་ཆུབ་གིང་གི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་དུ་འགྱུར་རོ། ། སེང་ལྡེང་ལ་ཕུར་བུ་སོར་བཞི་པའི་ཚད་བྱས་ནས་ཕྱོགས་བཞིར་གདབ་པར་བྱས ་ཏེ་མཚམས་བཅིངས་པ་བྱས་པར་འགྱུར་རོ། ། མིག་སྨན་ལྡོང་རོས་གྲུབ་པར་འདོད་པས་ཟླ་བ་གཅིག་ཏུའོ་མ་དང་ནས་ཟན་བཟའ་ཞིང་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས ་པས། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཨ་ཤྭཏྠའི་འདབ་མ་བཞི་ལ་བཞག་ནས་གཞིབས་མནན་ཏེ། ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས ་པར་བྱའོ། ། ཞལ་འཆེ་བ་ལ་རིག་པ་བཟླས་པ་ཉིད་དང་གདོང་ལ་ཡོངས་སུ་བཟླས་པས་རྒྱལ་བར་འགྱུར་རོ།། ཁྲོས་པའི་མདུན་དུ་ཡོངས་སུ་བཟླས་ན་རབ་ཏུ་ཞུམ་པར་འགྱུར་རོ།། ཡུགས་སུ ་མོ་དབང་དུ་བྱ་བར་འདོད་ན་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ ་སྟེ། གང་དོན་དུ་གཉེར་བ་དེ་ལ་མཆོག་སྦྱིན་པར་བྱེད་དོ།། ཡུངས་ཀར་དཀར་པོས་མཆེ་བ་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་འཆིང་བ་ནི།། སེང་གེ་དང་། སྟག་དང་། ཆོམ་རྐུན་དང་། གླང་པོ་ཆེའི ་ནང་དུ་སོང་བས་དྲན་པར་བྱ་ཞིང་། ། གསོ་སྦྱོང་ལ་གནས་པས་དུས་གསུམ་དུ་ཁྲུས་བྱ་ཞིང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱམས་པ་ལ་གནས་པས།། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད ་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་གཟུགས་བརྙན་གྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་སོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། མཉམ ་པའི་རས་མཉེན་པ་ལ་སྟོན་ཀའི་སྤྲིན་ལྷར་དཀར་བ། ། པདྨ་ལ་གནས་པ། པདྨ་ཕྱག་ན་བསྣམས་པ།། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྣལ་པའི་ཅོད་པན་འཆང་བ།། དར་དང་རས་ཀྱི་ཤམ ་ཐབས་ཅན་ནོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། གཟུགས་བརྙན་གྱི་སྤྱན་སྔར་རས་རིས་བཞུགས་སུ་གསོལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ།། དེ་ནས་ཟླ་བ་ཉ་ལ་སངས་རྒྱས ་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། དེ་ནས་མཚན་མོ་གསུམ་དུ་སྨྱུང་པོར་གནས་ཏེ། ཨ་རིཥྚའི་ཡམ་ཤིང་ལ་ཞོ་དང་།། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་ཉི་ཤུརྩ ་བཞི་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལས་འོད་ཟེར་འབྱུང་སྟེ། ས་གཡོ་བར་འགྱུར་ཞིང་རྔ་བོ་ཆེའི་སྒྲ་སྒྲོགས་པར་བྱེད་པ་དང་། མར་མེའི་རྩེ་མོ་འཕེལ ་བ་དང་། མེ་ཏོག་གི་ཆུན་པོ་གཡོ་བ་དང་། རས་རིས་འགུལ་བར་བྱེད་དེ། དེ་ནས་གྲུབ་པར་འགྱུར་རོ།། དེ་ནས་ལས་རྣམས་དགེ་བར་འགྱུར་རོ།། ནོར་སྦྱིན་པར་བྱེད་དོ།། དངོས་གྲུབ་ཐམས་ཅད་ཀྱིས་དག ་བར་འགྱུར་རོ། ། དབང་དུ་གྱུར་ནས་གནས་སོ།། དེ་ནས་མིག་སྨན་སྒྲུབ་པར་འདོད་ན་རྣམ་པའི་མིག་སྨན་ཨ་ཤྭཏྠའི་འདབ་མའི་ནང་དུ་གཏུམ་པར་བྱས་ནས། ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ ་དེ་སྲིད་དུ་བཟླས་པར་བྱའོ། ། ཙན་དན་དམར་པོ་ལས་བྱུང་བའི་སོར་བཅུ་དྲུག་པའམ། སོར་བཅུ་པའི་དབྱུག་པའི་ཤིང་བྱེད་དུ་གཞུག་གོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཇི་སྲིད ་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དུ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། གང་བྱེད་པ་དེ་ཐམས་ཅད་དེ་བྱེད་དུ་གཞུག་པར་བྱའོ།། ཆོས་འཕྲུལ་གྱི་ཕྱོགས་ནས་བརྩམས་ནས་གསོ་སྦྱོང་ཅན་གྱིས ་། དུས་གསུམ་དུ་ཁྲུས་བྱ་ཞིང་། གོས་ལན་གསུམ་དུ་བརྗེས་ལ་འབུམ་བཟླས་པར་བྱའོ།། མ་ཉམས་པའི་རས་ལ་ལྷ་འདྲིར་གཞུག་པར་བྱ་སྟེ། སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་པདྨ་བསྣམས་པ། རྒྱན ་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དབུགས་རྔུབ་བཞིན་པས་ལག་པ་གཉིས་སུ་ཛཱི་བས་བཀང་ལ་རལ་པའི་ཅོད་པན་འཛིན་ཅིང་།། མཆོད་ཕྱིར་ཐོགས་དཀར་པོ་ཅན།། པདྨའི ་འཕྲེང་བ་འཆང་བའོ། ། དེ་ནས་དཀར་པོའི་བརྒྱད་ནས་བརྩམས་ནས་རིང་བསྲེལ་དང་བའི་མཆོད་རྟེན་དང་། རས་རིས་ལ་པདྨ་དཀར་པོའི་སྦྱིན་སྲེག་བྱ་ཞིང་འབུམ་ཕྲག་བཅུ་གཉིས་བཟླས་པར་བྱའོ།། ཆོ་ག་གཞན་ནི ་རིག་པ་འཛིན་པས་སྒྲུབ་པ་བྱེད་པར་འདོད་པས། ། ལོག་འདྲེན་རྣམ་པར་འཇོམས་པའི་ཆོ་གའི་རྒྱལ་པོ་ནི་ཡུངས་ཀར་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། དཔག་ཚད་སྟོང་དུ ་འབྲོས་པར་བྱེད་དོ། ། དེ་ནས་རིག་པ་བསྒྲུབ་པར་བྱའོ།། རྣམ་པ་གཞན་དུ་འཇོམས་པར་བྱེད་དོ།། ཕ་རོལ་གྱི་རིག་པ་བཅིང་བར་འདོད་ན་མིང་ནས་སྨོས་ཏེ་རས་ཀྱི་ཁ་ཚར་ལ་བརྒྱད་བརྒྱར་མངོན་པར་བསྔགས་ནས་མདུད ་པབ་བཅིང་བར་བྱའོ། ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རང་བྱུང་དུ་བྱོན་ཡང་། དེས་ཀྱང་ཇི་སྲིད་རིག་པ་འཛིན་པས་བཀྲོལ་གྱི་བར་དུ་དགྲོལ་བར་མི་ནུས་སོ།། ཞི་བར་འདོད་པ་སྣ་མའི་མེ་ཏོག་སྟོང་ཕྲག ་བརྒྱད་དབུལ་བར་བྱ་སྟེ། ཞི་བར་འགྱུར་རོ།། སློང་མོ་ཟ་བས་བྱེ་བ་ཡོངས་སུ་བཟླས་པར་བྱ་སྟེ། མངོན་སུམ་དུ་བཅོམ་ལྡན་འདས་འོད་དཔག་མེ་པདྨའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ།། རིག་པ ་འདིས་སྟོང་ཕྲག་བཅུར་བཟླས་པས་གཞན་ནད་ཀྱིས་བཏབ་པ་རབ་ཏུ་འཇོམས་པར་བྱེད་དོ། ། སློང་མོ་ཟ་ཞིང་བྱེ་བ་ཡོངས་སུ་བཟླས་ན་བཅོམ་ལྡན་འདས་མཐོང་སྟེ་མཆོག་གསུམ་སྩོལ་བར་མཛད་དོ།། སེམས་ཅན ་ཐམས་ཅད་དབང་དུ་བྱེད་པ་དང་། མི་སྣང་བ་དང་། ལྷ་མ་ཡིན་གྱི་ཁྱིམ་དུ་འཇུག་པའོ།། རིའི་རྩེ་མོར་འཛེགས་ནས་བྱེ་བ་ཡོངས་སུ་བཟླས་ན་ལྷ་ཐམས་ཅད་དབང་དུ་གྱུར་ཞིང་རྟག་ཏུ་ཡང་མཐོང་བསྩོལ་བར་བྱེད། ་པདྨ་ཅན་གྱི་མཚོར་པདྨ་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ།། རྒྱལ་པོ་དབང་དུ་འགྱུར་རོ།། བཀླགས་པ་ཙམ་གྱིས་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་ཏེ། 2 ་པས་ཉེ་བར་གཞག་པ་ནི་མ་གཏོགས་སོ། ། མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་མེ་ལོང་ལ་ཡོངས་སུ་བཟླས་ནས་སྦྱིན་སྲེག་གི་ཐལ་བས་ཁྱེའུ་འམ་བུ་མོ་ལ་བསྟན་པར་བྱ་སྟེ། མ་ཉམས་མ་ཟད་པར་མཐོང ་ངོ། ། མཐེ་བོའི་སེར་རྩི་དང་དྲིའི་ཏིལ་མར་གྱིས་བྱུགས་ནས་བྱིས་པ་རྣམས་ལ་བསྟན་པར་བྱའོ།། སྣོད་ཆུས་གང་བར་བྱས་ནས་ཐམས་ཅད་ལ་བསྟན་པར་བྱ་སྟེ།། ཐམས་ཅད་མཐོང་ཞིང་སེམས་ཅན་ཐམས་ཅད ་དབང་དུ་བྱེད་དོ། ། ལན་བདུན་དུ་བཟླས་པས་དབང་དུ་འགྱུར་རོ།། གྲོང་དུ་རབ་ཏུ་ཞུགས་ནས་བཟའ་བ་དོན་དུ་གཉེར་ན་སྟོང་བཟླས་པར་བྱའོ།། བཟའ་བ་རྙེད་པར་འགྱུར་རོ།། ཆོམ་རྐུན་གྱི་འཇིགས་པ་ལ་བཟླས ་པས་རེངས་པར་བྱེད་དོ། ། བྱེ་བ་བཟླས་པ་ས་ལས་ཐམས་ཅད་ནུས་པར་འགྱུར་རོ།། ཟླ་བ་གཟས་གཟུང་བ་ན་བ་ར་ཧ་ཀ་མི་ཀའི་རྩ་བ་བླངས་ནས་ལག་པ་ཁ་སྦྱར་བས་མནན་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་པོ ་དེ་སྲིད་དུ་བཟླས་པར་བྱའོ། ། ཉི་མ་གཟས་གཟུང་བ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། ཆུ་ཀླུང་དུ་སོང་ཞིང་འོ་མ་དང ་ནས་ཟན་ཟ་ཞིང་བྱེ་བ་བཟླས་ན་ཀླུ་ཐམས་ཅད་འོང་བར་བྱེད་ཅིང་དེ་རྣམས་དབང་དུ་འགྱུར་རོ། ། དེ་ནས་སྒྲུབ་པ་པོས་ཀླུའི་གནས་ཀྱི་དངོས་གྲུབ་འབྲང་བར་བྱ་སྟེ། ཀླུའི་གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན ་རང་གི་ཁྱིམ་བཞིན་དུ་རྣམ་པར་རྒྱུ་བར་བྱེད་དོ། ། ཀླུའི་གནས་སུ་སོང་ནས་འོ་ཐུག་གིས་ལྷུང་བཟེད་བཀང་ནས། ཇི་སྲིད་ཀླུ་མགོ་བོ་བདུན་པ་འོང་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ།། རིན་པོ་ཆེ་རྣམས ་ཀྱང་སྦྱིན་པར་བྱེད་དོ། ། ས་ལ་རྒྱལ་པོའི་གཏེར་འདོན་པ་འམ་འཆིང་བར་བྱེད་དོ།། དེ་ནས་གཅིག་ཏུ་ཡང་དག་པར་བླང་བར་བྱ་སྟེ།། མ་བླངས་ན་ཀླུའི་འཆིང་བ་ལྔ་འོང་བར་བྱེད་དོ།། སྔགས་འདི་ཉིད་ཀྱིས་སྟོང་ཕྲག ་ཉི་ཤུ་རྩ་གཅིག་ཏུ་ཆུ་ཀླུང་གི་འགྲམ་དུ་བཟླས་པ་དབུལ་བར་བྱའོ། ། དེ་ནས་ཨུཏྤལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཆུ་ལ་དབུལ་བར་བྱའོ།། རྒྱུན་འབབ་པའི་ཆུ་ཀླུང་ཆེན་པོའི་མེ་ཏོག་རྣམས་གཡས་སུ་འཁོར་བར་བྱེད་ན། ་རིག་པ་འཛིན་པས་གྲུབ་བོ་ཞེས་ཤེས་པར་བྱའོ།། དེ་ནས་ཆུའི་ནང་དུ་འོང་བ་དང་འགྲོ་བར་བྱེད་དོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱེ་བ་བཟླས་པར་བྱའོ།། ཚུལ་ཁྲིམས ་དང་ལྡན་པ་སྤོབས་པ་ཕུན་སུམ་ཚོགས་པའི་རྒྱལ་པོར་འགྱུར་ཏེ། འཛམ་བུའི་གླིང་གི་དབང་ཕྱུག། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ།། རྫུ་འཕྲུལ་ཆེན་པོ་དང་མཐུ་ཆེན་པོ་ཅན། ཇི་སྲིད་དུ་སྒྲུབ་པ་གཉིས ་པའོ་ཞེས་པ་སྒྲུབ་པ་གཉིས་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་པདྨ་འབྱུང་སྟེ། འདབ་མ་དགའ་བ་དང་བཅས་པ་དྲི་ཡིད་དུ་འོང་བའི་པདྨ་དེ་བླངས་པས་ཟས་སུ་དགའ་བ་ཟ་བའི་ལང་ཚེ་དང་ལྡན ་ལ། སྒྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པ་རྣམ་པ། ལྷ་གཞོན་ནུ་རྣམས་ལས་ལྷགས་པའི་གཟི་བརྗིད་དང་། བདེ་བ་དང་།། ཡིད་བདེ་བ་མང་བར་འགྱུར་རོ།། ལོ་བྱེ་བ་བརྒྱ་སྟོང་ཕྲག་ཏུ་འཚོ་ཞིང་འཕུར་བར ་བྱེད་དོ། ། པཱ་ཤ་ཀའི་མེ་ཏོག་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱ་སྟེ་གསེར་སྟོང་རྙེད་དོ།། སེང་ལྡེང་གི་ཤིང་གིས་མེ་སྦར་ནས་མྱ་ངན་མེད་པའི་མེ་ཏོག་མར་ལ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག ་བརྒྱད་བྱས་ན་གནོད་སྦྱིན་དབང་དུ་འགྱུར་རོ། ། བློས་བཞིན་པས་ན་ཡིད་ཀྱིས་སྟོང་ཕྲག་བརྒྱད་ཅུ་སྦྱིན་སྲེག་བྱས་ན་ཡིད་རྩེ་གཅིག་པ་ཉིད་ལུས་མེ་དང་མཚུངས་པ།། སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་རིག ་པ་འཛིན་པར་འགྱུར་རོ། ། སླར་ཡང་བྱེ་བ་བཟླས་པར་བྱ་སྟེ། མངོན་སུམ་དུ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ངོ་།། གང་འདོད་པ་དེ་རྙེད་དོ།། ཡིད་ཀྱིས་འབུམ་ཕྲག་བརྒྱད་ཅུ་རྣམས་ཀྱིས་མི་སྣང་བར་འགྱུར ་རོ། ། དཔག་ཚད་བརྒྱད་དུ་འཕུར་བར་བྱེད་དོ།། འོག་ཏུ་ཡང་དཔག་ཚད་བརྒྱར་འགྲོ་བར་བྱེད་དོ།། ས་ལ་ཡང་སྟེང་དུ་འབྱིན་པར་བྱེད་དོ།། གཏེར་ཐམས་ཅད་མཐོང་བར་བྱེད་དོ།། གནོད་སྦྱིན་མོ་རྣམས ་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་ཤིང་གི་འོག་ཏུ་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་འདི་གསོལ་ཅིག་ཅེས་བརྗོད་པར་བྱའོ། ། གཞན་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ ་བའི་ཆོ་གར་གྱུར་ཏེ། སྔོན་སྤྱད་པ་བྱ་ཞིང་གསོ་སྦྱོང་ལ་གནས་པས་དུས་གསུམ་དུ་ཁྲུས་བྱ་ཞིང་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་དཀྱིལ་འཁོར་བྱས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ།། ་བཟླས་པ་ཡོངས་སུ་རྫོགས་པ་ན་གསོ་སྦྱོང་ལ་གནས་པ་ཉིད་ཀྱིས་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཆུ་སྟོད་ཅན་གྱི་ཟླ་བ་ཉ་ལ་དགེ་འདུན་གྱིས་བསྟན་པའི་བསོད་སྙོམས་ཀྱི་ཟས་བཟའ་བར་བྱ་ཞིང་། ཤ་དང ་བྲལ་བའི་ཤིན་ཏུ་གྱ་ནོམ་པ་ཟ་བས་དྲི་གཙང་ཁང་དུ་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་རིང་བསྲེལ་དང་བཅས་པའི་སྐུའམ་གཟུགས་བརྙན་ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མཆོད་པ་བྱས ་ནས་ཀུ་ཤ་བཏིང་བ་ལ་སྐྱིལ་ཀྲུང་བཅིངས་ཏེ་བསོད་སྙོམས་ཀྱི་ཟས་ཀྱིས་ལས་ཀྱི་དཔག་ཏུ་མེད་པའི་བཟླས་པ་དབུལ་བར་བྱའོ། ། ཇི་སྲིད་སྒྲུབ་པ་གཉིས་པའོ་ཞེས་པ་དེའི་ཚེ་བཅོམ་ལྡན་འདས་མཐོང་བར་བྱེད་དོ།། གང ་འདོད་ཅིང་འདོད་པ་དེ་རྙེད་དོ། ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེརྫས་ཀྱི་རྩ་བའི་ནོག་པར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ ་རིག་པའི་རྒྱལ་པོ་ཆེན་པོའི་རྟོག་པ་རྫོགས་སོ། ། དེ་ནས་ཡང་སེམས་དཔའ་ཆེན་པོས་སླར་ཡང་རིག་པ་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས ་སྒྲུབ་ཐབས་ཀྱི་ཆོ་ག་རིག་པའི་ལེའུ་གསུངས་པར་གྱུར་ཏོ། ། བཀླགས་པས་གྲུབ་པ་མྱུར་དུ་གྲུབ་ཅིང་རང་གིས་བདག་ཉིད་གྲུབ་པ་གསང་བའི་དོན་གྲུབ་པ།། མདོར་ན་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་འགྲུབ ་པར་འགྱུར་ཏེ། དེ་ཇི་ལྟ་བ་བཞིན་རྟོག་པར་བྱ་བར་འགྱུར་རོ།། ཡང་འདིར་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བ~ཾ་དྷ་དེ་པ་ཏཱ་ཡ། ན་མོ་ངི་དྱཱ་ད ་བ་ཏཱ་ནཱ་ན་མཿ། སརྦ་སྱཻ་བ། བི་དྷཱ་ཀུ་ལ་བཾ་ཤ་སྱ། དདྱ་ཐཱ། སརྦ་ཨརྠ་བིགྷྣ་བི་ནཱ་ཤ་ནཱ་ཡ། ཨཱི་ཏ་རི། ཧ་རེ་ཧ་རེ། བི་ཧ་རེ་བི་ཏ་རེ་མ་ཧཱ་ཏེ་ཛ་བི་མ་ལ~ཾ། ཨ་དྷ་ཡེ། ཙ་ལོ།། སྭམྦྷ་ནི། པུངྐ་རེ། ཤུདྡྷེ་མཱཿ ་མུཀྟེ། བི་ཀུར་བི་ཏེ། པྲ་བྷཱ་སཱ་རེ་ཨཱ་ལོ་ཀི་ཏཾ།། བི་ལཱ་ཀ་ལ། སརྦ་སཏྭ། ཨ་བ་ལོ་ཀི་ན་སྭཱཧཱ། རིག་པ་འདིས་ལས་འདི་རྣམས་སུ་འགྱུར་ཏེ། བསྙེན་པའི་དུས་དང་སྒྲུབ་པའི་དུས ་སུའང་དང་པོ་ཉིད་དུ་བདག་ཉིད་བསྲུང་བར་བྱའོ། ། བསླབ་པས་བཅིང་བའི་གྲོགས་རྣམས་ཀྱང་ལན་བདུན་ནམ་ལན་གསུམ་བཟླས་པའི་ཆུ་སྤྱི་བོར་བླུགས་པས་ཐམས་ཅད་དུ་བསྲུང་བ་བྱས་པར་འགྱུར་རོ།། ་དྲི་དང་། མེ་ཏོག་དང་། བདུག་པ་དང་། བསྔགས་པ་ལ་སོགས་པའང་འདི་ཉིད་ཀྱིས་བྱའོ།། རས་རིས་བླངས་ཏེ་ལྷ་རྣམས་དང་རས་རིས་ལ་ཀུན་ཏུ་སྲུང་བ་དང་། རས་རིས་ཀྱི་གནས་སུ་ཚོན་གཞན་དང་མ་འདྲེས་པ་དང་། ་སྤྱན་དྲངས་པའི་ལྷ་རྣམས་ལ་མཆོད་ཡོན་དབུལ་བ་དང་།། ཡང་དག་པར་གནས་པ་དང་། བདག་ཉིད་དང་གྲོགས་བྱེད་པ་རྣམས་ཀྱང་འདི་ཉིད་ཀྱིས་ཁུ་བ་བཅིང་བར་བྱའོ།། ཁུ་བ་བཅིངས་པས་ལོག་འདྲེན་ཐམས་ཅད ་འཇོམས་པ་དང་གནས་ཀུན་ཏུ་སྲུང་བའོ། ། འདི་ཉིད་ཀྱིས་ཚ་བའི་ཏིལ་མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། བདག་ཉིད་དང་གྲོགས་བྱེད་པ་རྣམས་ཀྱང་རུང་སྟེ། ལན ་ཉི་ཤུ་རྩ་གཅིག་ཏུ་ཕྱོགས་གང་དུ་སྔོན་དུ་བསྙེན་པ་དང་། སྒྲུབ་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་ཅི་ཡིན་པ་དེ་ཉིད་དུ་གདོན་མི་ཟ་བར་བྱའོ།། ཡང་ན་གཞན་དུ་ཐང་གི་ཕྱོགས་སམ། སའི ་གནས་བཅོམ་ལྡན་འདས་བསྒྲུབ་པར་བྱ་བ་འམ། ། གཞན་ལས་བྱ་བ་དེར་བྱི་དོར་དང་པོར་བྱའོ།། རྣམ་པ་འདིས་གཏོར་མ་སྦྱོང་བ་དང་། བདག་ཉིད་སྲུང་བ་དང་།། གཞན་སྲུང་བ་དང་། ཆུ་བླུགས་པ་དང་།། ་མདོར་ན་སྒྲུབ་པ་དང་།། ལས་གང་ཅུང་ཟད་ཡིན་པ་དེ་འདིས་བསྲུང་བ་ལ་སོགས་པ་བྱའོ།། སྲུང་བའི་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་ས་བུདྡྷ་ཡ ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཏཱ་རཱ་ཡཾ། ཨཱ་གཙྪ་དེ་བི། པདྨ་ཧསྟེ་ན། བར་དེ། པདྨ་ཧ་སྟེ། ཡ་ཤྭ་པ་ཀཱི། རོང་ཤཱི་གྷྲཾ་ཨཱ་གཙྪ། མ་ཧཱ་དེ་བི་གི། ་མ་ཧཱ་བི་གི། ཧ་ར་ཧ་ར། ས་ར་ས་ར། ཙ་ལ་ཙ་ལ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བ་ཏེ། ཨི་དཾ་གནྡྷ་པུཥྤ། མཱ་ལྱ། སརྦ་ནཱི་ཡཾ། པྲ་ཡཙྪ་ཐ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སཱཏཱ། རིག་པ་དང་པོ ་གང་ཡིན་པ་དེས་དཀྱིལ་འཁོར་གྱི་ཆོ་གས་དཀྱིལ་འཁོར་ལ་རབ་ཏུ་སྦྱར་བར་བྱའོ། ། རིག་པ་འདིས་ཨ་ཀ་རུའི་བདུག་པ་དང་། སྔར་བརྗོད་པའི་རིག་པས་ལན་གསུམ་མམ་བདུན་བཟླས་པས་བྱི་དོར་དང་།། ལན་ཉི ་ཤུ་རྩ་གཅིག་མངོན་པར་བསྔགས་ནས་རང་སྒྲུབ་པ་ན་རིག་པ་བཟླས་པར་བྱའོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་བར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཿ ་ཏེསམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀཽ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏྱཾ། ཨཱརྱ་ཏཱ་རཱ་མེ། ཨརྷནྟེ། སུ་གནྟ། མཱ་ལྱ། པྲི་ཡེ། ཙནྣ། ཙནྡྲ་མ་ཏི། གནྡྷ་ནུ་ལེ་པ་ན། ་པྲ་ཏཱིཙྪ་སྭཱ་ཧཱ། འདིས་མཆོད་ཡོན་དབུལ་ཞིང་དྲི་དང་གདན་ཡང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡེ། ན་མོ་ཨ་མི་ཏཱ་བྷཱ་ལ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱ་ཀ་ས~ཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། དོ་དྷི་སཥྚ ་མཧཱ་སཏྭཱ་ཡ། ན་མ་ཨཱརྱ་ཏཱ་རཱ་ཡེ། ཧི་ལི་ཧི་ལི། མི་ལི་མི་ལི། མ་ཧཱ་པྲ་བྷཱ་བེ། བྲཧྨ་སུ་མ་ནོ་ནུ་རུ་ཧ། ཧ་ར་ཧ་ར། ས་ར་ས་ར། ཀ་ར་ཀ་ར། དི་བི་པྲ་སཱ་དྷཾ་ཀུ་རུ་པྲ་ཏཱིཙྪཿ་པུདྡྷ་སྭཱ་ཧཱ ་མེ་ཏོག་གི་རིག་པ་སྟེ། འདིས་མེ་ཏོག་རྣམས་དབུལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱི་བྷཱ་ཡ། ཏྲ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སནྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཿ ་ཡཿམ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱརྱ་ཏཱ་རཱ་ཡེ། བོ་དྷི་སཏྭཱ་ཡ། མནྠ། མ་ནུ་སྨ་ར། སརྦི་དཾ་བ། པྲི་ཡེ་བྷ་ག་བ་ཏི། ཨ་བ་ལོ་ཀི་ནཱི། སིདྡྷ་སིནྡྷུ་པྲ་ཐཱ་མེ་བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་ས་ཏྱེན ་། སྭཱཧཱ། བདུག་པའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་དྷ་ག་བ་ཏེ། ་ཨཱིརྱ་ཏཱ་རཱ་ཡ་དྷུ་ཏེ། བཛྲ་དྷུ་ན། ཨ་ནུ་ཛེ། བེ་གི་བེ་གི། དྷུ་རུ་དྷུ་རུ་སརྦ་ཛྲེ་བ། པྲི་ཡེ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། གཏོར་མའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནི་མོ་ཨ་མི་ཏཱ་བྷཱ་ཡ། ཏཿ ་ག་ཏཱ་ཡ། ཨརྠ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏྱེ། ཨཱརྱ་ཏཱ་རཱ་ཡེ། ཨ་བྲྀ་ཏི་ཧ་ཏེ། བྷ་ག་བ་ཏེ། ཨཱ་ཧ་རེ་ཧ་ར ་པདྨ་བྷ་སི་ནི་ཤཱི་ཏཱཾ་གེ། ཤྭེ་ཏ་བྷུ་ཛེ། དྷུ་མེ་དྷུ་མེ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན།། སཾ་གྷ་སཏྱེ་ན་སྭཱ་ཧཱ། འདི་ནི་མར་མེའི་རིག་པའོ།། དེ་བཞིན་དུ་རིམ་པ་འདིས་རབ་ཏུ་སྦྱར་བར་བྱའོ།། སྔོན་དུ་བསྙེན་པ་དང་སྒྲུབ་པ་ལ ་། ཐམས་ཅད་མཚུངས་པ་ཉིད་དུ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱན་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ནཱ་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡེ། ཏདྱ་ཐཱ། ཨཱ་ག་མ། ཨཱ་ག་མ། ག་ག་ན་ཏ་ལ། སཾ་པྲ་ཙོ། དི་ཏྱཾ། སརྦ་བི་དྷ། དྷ་ར། བི་ཤོ་དྷ་ནི་སྭཱ་ཧཱ། རིག་པ་འདིས་ལན་བདུན་ནམ་ཉི་གུ་རྩ་གཅིག ་ཏུ་ཆུ་ལ་ཡོངས་སུ་བཟླས་ནས་བུམ་པ་ལ་སོགས་པ་བདག་ཉིད་ལ་མངོན་པར་གཏོར་བར་བྱ་སྟེ། ། ཁྲུས་ཀྱི་རིག་པའོ།། འདི་ཉིད་ཀྱིས་ལྷ་རྣམས་ལའང་ཁྲུས་གསོལ་བའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷག་སེ། ཨཱརྱ་ཏཱ་རཱ་ཡེ། དྷུ་དྷུ་མེ། དྷུ་དྷྱཱ་མེ། ཁུ་ཁུ་མེ། ཁུ་ཁུ་མེ། ནཱ་ཤུདྡྷི། སིདྡྷི་ཀཱིཉྩ་ནེ། ཤུདྡྷི ་ཀཱ་རེ། ཤུ་ཙ་ནི་སྭཱ་ཧཱ། རིག་པ་འདི་སྒྲུབ་པ་པོས་རྟག་ཏུ་གོས་ལ་ལན་ཅིག་གམ། ལན་བདུན་བཟླས་ལ་ཡོངས་སུ་བཅང་བར་བྱའོ།། རྣམ་པ་གཞན་དུ་ལོག་པར་འདྲེན་པ་རྣམས་ཀྱིས་ངེས་པར་སྟོན་ནོ།། གདོན་མི ་ཟ་བ་ཁོ་ནར་སྒྲུབ་པ་པོས་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏ ་རཱརཱིལེ། ཤཱནྟི། མེ་ཀ་རོ་ཧི། ཤཱནྟི་མཱ་ཏེ། ནི་ཤཱནྟ། ནི་ཤཱནྟ། ཀ་ལྱཱ་ཎི་ནཽ་ཤཱནྟ། བི་ཛ་ཡེ། དེ་བི་བ་ར་དེ་སཱཾ་ཧཱ། རིག་པ་འདིས་བདག་ཉིད་ལ་ལན་བདུན་བཟླས་ནས་གཉིད་ལོག་པར་བྱའོ།། རྨི་ལམ་དུ་ལོག་པར ་འདྲེན་པ་མི་མཐོང་ངོ་། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱས་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག ་བཏེ་ཨཱརྱ་ཏཱ་རཱ་ཡཾ། སཱུརྱ་ཏ་ཨུ་པ་རི། ཏྲ་བྷ་དྷ་ར་ཎི། བནྟི་ཏི། ཀུརྡྷ་ཤོ་དྷ་ནི། ཀུ་ཙ་མཱ་ལ་ནི། ཤུ་ཀྲ་བི་ཤ་དྷ་ནི་སྭཱ་ཧཱ། ཀུ་ཤ་བི་ཤཱ་དྷ་ནི་སྭཱ་ཧཱ། ཀུ་ཤས་མདུད་པ་ཉི་ཤུ་རྩ་གཅིག་བྱ་སྟེ། ཁྲུ་བ་འཆིང་བ་བྱས་པར ་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་དུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཾ། ་ཧ་རི་པིངྒ་ལི། ཧ་རི་ཧ་རི། ཧི་བྷ་ག་བྷ་བ་ཏི། ཨ་ཙ་ལ་པྲ་ཏིཥྛི་ཏེ། རཀྵ་རཀྵ་མཱཾ། ཀུ་ཤ་བིཥཱ་མ་བསྠི་ཏ་སྱ། བུདྡྷ་ས་ཏྱེ་ན། དྷརྨ་ས་ཏྱེ་ན། སཾ་གྷ་སཏྱེ་ན་སཱ་ཧཱ། རིག་པ་འདིས་ཀུ་ཤའི་ཁྲེས་ལ་མངོན་པར ་བསྔགས་ནས་ཉེ་བར་འདུག་པར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་གྷ་ག་བ་ཏེ། ་ཨཱརྱ་ཏཱ་རཱ་ཡེ་དི་ཤི་བི་དི་ཤི། བནྡྷ་ནི། སུ་དེ་བི་སུ་པྲ་སཱ་སྟེ། སུ་རུ་སུ་རུ། མུ་རུ་མུ་རུ། ཧསྟ། ཀ་ལ། བ་ལཿཀ་ལ། བ་ལ། བ་བ་ཧེ་ལ་ཧེ་ལ། ཀུ་རུ་ཀུ་རུ། བུདྡྷ་སཎྱེ་ན། དྷརྨ་སཏྱེ་ནཾ། སཾ་གྷ་སཏྱེ་ན་གེནྡྷ་གནྡྷ། ་བི་མ་ལེ་སྭཱ་ཧཱ། དཀྱིལ་འཁོར་བཅིང་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ ་ཡ་ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཱཾ། ཛ་ལ་ཛ་ལ། ཛ་ལ། ཀྵོ་བྷ་ཡ། ན་ཤ་ནཱི། ཛ་ལ་ཤོ་དྷ་ནི། ས་མི་རི་ཎི། ཛ་ལ་ཧཱ་སི་ཎི། བི་ཤོ་དྷ་ནི་སཱ་ཧཱ། ཉེ་རེག་གི་རིག་པའོ།། སྒྲུབ་པ་པོ་དངོས་གྲུབ་འདོད་པས་རིག་པ ་། འདིས་བདག་ཉིད་ལ་ངེས་པར་སྦྱར་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀཽ་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག ་བ་ཏེ། ཨཱརྱ་ཏཱ་རཱ་ཡེ། སརྦ་དེ་བཱ་སུ་མནྟེ་ཨ་སཾ་ག་ཏཱ་རེ། ཨ་སཾ་ག་ཏཱ་རེ། ཨ་སཾ་ག་བི་མུཀྟ་བི་མུཀྟ། བི་ཛ་ཡེ། ནིར་མཱ་ལྱེ། ཨ་པ་རི་ཀལྤེ་ནི། པུཥྤ་གནྡྷ་བི་ཤོ་དྷ་ནི། བི་ཤོ་ཥ་ཡ། ཧི་ད་མ་ནི། རཱ་མ་ནི་སྭ་ཧཱ། རིག་པ ་། འདིས་དྲི་མེད་ཉིད་གསལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎཾ་ཀཱ་ཡ ་ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡེ། སརྦ་སཏྭཱ་ཀྲི་ཏ། བི་ཀྲྀ་ཏ། པྲོ་ཀྵཱ། ཀྲྀ་ཏ། ས་ཀ་ལེ་ད་སེ། ས་ཀ་ལོ་བི་ཤོ་དྷ་ནི་སྭཱ་ཧཱ། རིག་པ་འདིས་ལྷ་བཤོས་དབུལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡཾ། ན་མ་ཨཱརྱ་ཨ་བ་ལོ་ཀིཾ་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཻ། སྭཔྟཱ་མཱ་ཎ། བརྫ། གརྫ། མིཪྻཱ་ཡ ་པྲ་ཏྱ་ཀྵཱཾ། བཱ་ཨེ་བཾ། བྱཱ་ཧ་ར། ཀ་ཐཱ་ཡ་སྭཱ་ཧཱ། རིག་པ་འདིས་བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་སེང་ལྡེང་གི་ཤིང་གིས་མེ་སྦར་ནས་ནཱ་ལ་ཀ་བརྟི་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་བརྒྱད་བརྒྱ ་བྱས་ན་རྨི་ལམ་སྟོན་པར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། ཛེ་དྷ ་སཏྭཱ་ཡ། མཎྜ་སརྦྦཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཾ། ཨེ་ཧི་བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་བྷི་ཏཱ་ནཱ་མ་བྷ་ཡཾ་ཀ་ར་བཱ་ལཱ་ནཱ་མ་བྷ་ཡཾ། དང་། བྷཀྵ་ནཱ། མརྠ་ཀ་ར། ཨ་ཏྲ་ཎཱི་ནཾ། ཏྲཱ་ཡ་ཀ། ་དུཿཁི་ཏཱ་ནཱཾ། སཽ་ཁྱཾ། ཀ་ར་མ་མ། བྷ་ག་བ་ཏེ། མ་ནུ་ཀཾ་ས། ཀ་རེ་ཏི། བྷ་ག་བཱ་ན། ཨཱགཙྪ་ཨཱ་གཙྪ་ཨི་མཾ། གནྡྷ་པུཥྤ། བ་ལི། དྷུ་པཉྩེ་ཏི། གྲིཿ། ཏདྱ་ཐཱ། པྲ་སཱ་དེ་པྲྀ་སཱ་རེ་བ་ཏི། མ་ཧཱ ་བཻབི་མ་ཧཱ་པྲ་བྷེ། སཨཱརྱ་པྲ་བྷེ། ཨ་མོ་གྷེ། ཨ་མོ་གྷ་ས་ཏི། ཡ་ཤོ་བ་ཏི། ཨ་མོ་གྷ་ས་དཪྴ་ནེ། ཨ་མོ་གྷ་བི་མ་ལི། ཨ་མོ་གྷཾ་ཧ་ལཾ། ཙ་ལ་ཙ་ལ། སཱ་ར་སཱ་ར། ཧ་ར་ཧ་ར། ཏྲ་ཡེ། ཧི་མཾ། སིདྡྷི་རི་མེ ་ད་ད་སྭཱ་ཧཱ། ནུས་པ་དང་ལྡན་པའི་སྒྲུབ་པ་པོས་རིག་པ་འདིས་དྲི་དང་།། མེ་ཏོག་དང་། གཏོར་མ་རབ་ཏུ་དབུལ་བར་བྱ་ཞིང་། བསྙེན་པའི་དུས་དང་སྒྲུབ་པའི་དུས་དེར་རམ།། གཞན་གང་ཅུང་ཟད་འབྲས ་བུ་ལ་སོགས་པ་དེ་ཐམས་ཅད་འདི་ཉིད་ཀྱིས་དབུལ་བར་བྱའོ། ། འདིས་ལྷ་རྣམས་སྦྱོང་བ་དང་། དགེ་བའི་རྨི་ལམ་དང་། འབུལ་བ་དང་། བསྟོད་པ་དང་།། སྒྲུབ་པ་པོས་གླེགས་པམ་ཀློག་པ་དང་།། མཆོད་རྟེན་གྱི ་ལས་ལ་སོགས་པ་ཐམས་ཅད་འདི་ཉིད་ཀྱིས་དབུལ་བར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ། ས་མྱཀ་སཾ་བུདྡྷ་ལ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡེ། ཏདྱ་ཐཱ། མ་ར་མ་ར། བན་དྷ་བན་དྷ། ཧ་ན་ཧ་ན། པུ་ར་པུ་ར། ལ་ལ། ལ་ལ། ར་ར། ར་ར། ཙ་ལ་ཙ་ལ། ཁ་ཁ། ཁཥ ་པ་ཙ་པ་ཙ། ཏིཥྛ་ཏིཥྛ། བུདྡྷ་སཏྱེ་ན།། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སཱ་ཧཱ། རིག་པ་འདིའི་ཐལ་བས་སྒྲུབ་པ་པོའི་དཀྱིལ་འཁོར་བཅིང་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ་ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཻ། ཏདྱ་ཐཱ། ཧི་རི་ཧི་རི། མི་རི་མི་རི། ཀི་རི་ཀི་རཾ། གྷི་རི་གྷི་རི། གྷུ་རུ་གྷུ་རུ། ་བ་ར་བ་ར། ད་ར་ད་ར། གཙྪ་གཙྪ། བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། ཡ་ཐཱ་སུ་ལེ། རིག་པ་འདིས་མེ་ཏོག་གི་སྙིམ་པའི་ཕྱག་རྒྱ་དང་ལྷན་ཅིག་པས་བསྐུལ་བར་འགྱུར ་། ཏེ། གཤེགས་སུ་གསོལ་བའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་དེ་བ་ནི།། ན་མོ་བིདྡྷེ་དེ་བཱ་ནཱཾ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་ཧི་བྷ་ག་བ་ཏེ ་མ་ཧཱ་རཱཀྵ་སི་ཙཱ་སེ་ཊི། ཨཱི་ཊི་མིཥྚི། ཨ་སུ་ར་པྲ་མ་ར་དེ་ནེ། ཨེ་ཀ་ཛ་ཊི། ཏྲི་རཱ་ཀྵ་སི། ས་ཧི་ཏ་དེ་བི་མ་ཙ་མ་སཱ། བི་ཧེ་ཐི་ཡ། ཀི་རི་སི་ཏི། རཱ་ཀ་པཱ་ལི། ཀ་ར་པ་རི། ཀཱ་མཱ་རི་ཀཾ་པ་ར་ཀཱ་ལིཙྪ་ཊ་པྲི་ཡེ། ་། མ་ཧཱ་ཀ་པཱ་ལི། ཙཎྜ་ལི། མ་ཧཱ་ཙཎྜ་ལེ། སིདྡྷི་སརྦ་ཨརྠ། སཱ་དྷ་ནི། སརྦ་བིགྷྣ། པྲ་ཎཱ་ས་ནི་སྭཱ་ཧཱ། འདི་ནི་སྲིན་མོ་རལ་པ་གཅིག་མ་ཞེས་བྱ་བ་སྟེ། དེའི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། རིག་པ ་འདིས་དྲི་དང་། མེ་ཏོག་དང་། གཏོར་མ་དང་། བདུག་པ་ལ་ཉི་མ་སོ་སོར་མངོན་པར་བསྔགས་ནས་མཆོད་པར་བྱའོ།། འདི་སྐད་ཅེས་བརྗོད་པར་བྱ་ཞིང་། བདག་ལ་བགེགས་ཐམ ་ཅད་མི་གཡོ་བར་གྱུར་ཅིག། དེ་ཡང་བདག་ལ་བགེགས་གྱིས་ཤིག། དེ་ལྟ་བུས་སྒྲུབ་པ་པོ་ལ་བགེགས་མེད་པར་འགྱུར་རོ།། སྒྲུབ་པ་པོ་གང་ཅུང་ཟད་སྒྲུབ་པ་རྩོམ་པ་ན་བགེགས་མེད་པར་འགྱུར་རོ།། ་རྣམ་པ་གཞན་དུ་རྣམ་པར་འཇོམས་པར་བྱེད་དོ།། ཞེས་པ་སྒྲུབ་པའི་ཐབས་ཀྱི་ཆོ་གའི་རིག་པ་འདི་རྣམས་རྟོག་པའི་རྒྱལ་པོ་བཀླགས་པས་གྲུབ་པ་འདིར་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པ ་། པོའི་ལས་ཐམས་ཅད་འགྲུབ་པར་བྱེད་དོ།། ཞེས་པ་དེ་བཞིན་དུ་གཏོགས་པར་བྱའོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར།། སྒྲུབ་ཐབས་ཀྱི་ཆོ་གའི ་རིམ་པའི་ལེའུ་ཡོངས་སུ་རྫོགས་སོ། ། །། དེ་ནས་ཡང་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སེམས་ཅན་ཐམས ་ཅད་ཀུན་ཏུ་སྣང་བར་གྱུར་པས། རིག་པ་ཐམས་ཅད་བསྐུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་དཔའ་ཆེན་པོའི་སྒྲུབ་ཐབས་ཀྱི་རིག་པ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཿ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་སྭཱཧཱ། རིག་པ་འདིས་རིའི་རྩེ་མོར་སློང་མོ་ཐབས་མཆོད་རྟེན་དང་། ཁྱིམ་དུ་ཐུན་གསུམ་དུ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། མི་སྨྲ་བས ་འོ་མ་དང་ནས་ཟན་ཟ་བ་འམ། སློང་མོ་ཟ་བས་ཀུ་ཤ་བཏིང་བ་ལ་ཉལ་ཏེ་ཟླ་བ་གསུམ་མམ། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ལྷན་ཅིག་ཏུ་ལྷ་མོ་སྒྲོལ་མ་མཐོང་བར་བྱེད་དོ།། མཆོག ་གང་བསླངས་པ་རྒྱལ་སྲིད་དམ། ། མི་སྣང་བ་འམ། ཕུག་ཏུ་འཇུག་པ་འམ།། གཏེར་འཕོ་བ་འམ།། ཡུལ་གྱི་བདག་པོའང་རུང་སྟེ།། གང་བསླངས་པ་དེ་རྙེད་ཅིང་རྟག་ཏུ་རྙེད་དོ།། མ་བསྒྲུབས་པར་ཡང་རིག་པས ་གཏན་ལ་འགེམས་པར་བྱེད་པ་དང་། རྡུལ་དུ་བྱེད་པ་དང་། གནོན་པར་བྱེད་པ་དང་། འབྱིན་པ་དང་། མཚོན་ཆ་འཆང་བ་དང་། ཕུག་གི་འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་པ་ལ་བདག་ཉིད་བསྲུང་བ ་བྱས་ཏེ། གཡུལ་དུ་མངོན་པར་ཞུགས་ན་རྣམ་པར་རྒྱལ་བར་བྱེད་དོ།། གཞན་བསྲུང་ན་གྲུབ་པའི་བྱ་བ་ཐམས་ཅད་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱ་ཧཱ། རིག་པ་འདིས་ཟླ་བ་གཟས་བཟུང་བའི་དུས་སུ་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་སྔོན་དུ་བསྙེན་པ་བྱས་པའམ། བསྙེན་པ་མ་བྱས་པའང་རུང་སྟེ། རིང་བསྲེལ་དང་བཅས་པའི ་། མཆོད་རྟེན་དུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས།། སྣ་མའི་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དངུལ་སྟོང་ཕྲག་བརྒྱ་རྙེད་དེ་ཡང་ན་མཐོང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རིག་པ་འདིས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ནས ་སྔར་བརྗོད་པའི་བྲིས་སྐུའི་ཆོ་ག་བྱ་སྟེ། མཐར་ཟླ་བ་ཉ་བ་ལ་དྲི་དང་། བདུག་པ་དང་། གཏོར་མ་དང་། མེ་ཏོག་རྣམས་ཕུལ་ནས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པ་བྱའོ ་། མཚན་མོ་གསུམ་དུ་སྦྱང་བར་གནས་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་ཨུཏྤ་ལ་སྔོན་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དེ་ནས་ནམ ་མཁའ་ལ་གྲུབ་བོ་གྲུབ་བོ་ཞེས་པའི་སྒྲ་འབྱུང་ངོ་། ། ཡང་ན་རས་རིས་གཡོ་བར་བྱེད་དོ།། དེ་ལྟ་བུ་ནི་གྲུབ་པར་འགྱུར་ཏེ། ཡུལ་དང་། གྲོང་དང་། གྲོང་ཁྱེར་རམ། རྒྱལ་སྲིད་ཀྱི་དབང་ཕྱུག་སོ་སོར་རྙེད་དོ།། ་། ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་ཏུ་རེ་སྭཱ་ཧཱ། རིག་པ་འདིས་འབུམ་ཕྲག་གཅིག་ཏུ་བཟླས་ནས་ཟླ་བ་དང་ཉི་མ་གཟས་བཟུང་བ ་ན་ཨ་ཤཏྠའི་འདབ་མ་བདུན་གྱི་ནང་དུ་བཅུག་ནས། གཟི་བརྗིད་དང་ལྡན་པའི་ལག་པ་སྦྱར་གྱིས་མནན་ནས་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བར་གྱུར་པས ་ནི་དབང་དུ་བྱེད་དོ། ། དུ་བ་འཐུལ་བཞིན་པས་ནི་མི་སྣང་བ་དང་ཆ་དྲུག་འཕྲོག་གོ། འབར་བས་ནི་ནམ་མཁའ་ལ་འགྲོའོ།། ཐོགས་པ་མེད་པའི་སྟོབས་དང་། བརྩོན་འགྲུས་དང་། ཉི་མ་འཆར་ཀའི་མདོག ་དང་། སྒ་ཡི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལོ་སྟོང་ཕྲག་བཅུར་འཚོ་ཞིང་ལུས་ཐ་དད་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་ཏུ་རེ་སྭཱ་ཧཱ། འདིས་རྒྱལ་གྱི་ལྕགས་ལས་བྱུང་བའི་སོར་མོ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འབུམ་ཕྲག་གཅིག་བཟླས་ནས་དྲི་དང་། མེ་ཏོག་དང་། ་གཏོར་མེའི་ཆོ་ག་བྱས་ནས་བསྒྲུབ་པར་བྱའོ།། དུ་བ་འཐུལ་བ་ལ་བླངས་ན་མི་སྣང་བར་འགྱུར་རོ།། ཆ་དྲུག་འཕྲོག་གོ།། ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ། ཏཱ་རཱ་ཡེ་བྷ་ག་བ་ཏི་སྭཱ་ཧཱ། རིག་པ་འདིས་ཏིལ་མར་ལ་ལན་བརྒྱད་མངོན་པར་བསྔགས་ཏེ་བསྐུས་ན་རྨ་མེད་པར་བྱེད་དོ།། ཚོར་བ་མེད ་པར་བྱེད་དོ། ། ཟུག་རྔུ་མེད་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་སྭཱ་ཧཱ། རིག་པ ་འདིས་འབུམ་ཡོངས་སུ་བཟླས་ཏེ་ལན་བདུན་ཡོངས་སུ་བཟླས་པའི་ཆུ་ལ་གཏོར་བར་བྱ། མ་ན་ཀ་ར་དང་རུས་སྦལ་ལ་སོགས་པའི་མཆུ་བཅིང་བ་བྱས་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ ་། ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱ་ཧཱ། རིག་པ་འདིས་ཆེན་པོ་རྣམས་ཀྱི་ལས་ཀྱི་ལམ་ཐམས་ཅད་བྱེད་པར་འགྱུར་རོ།། ཏིལ་མར་ལ་བརྒྱ་ཕྲག་བཅུར་ཡོངས་སུ ་བཟླས་ནས་སྦྱིན་དུ་གཞུག་པར་བྱ་སྟེ། གཟིར་བ་དང་། མདོམས་ཀྱི་ནད་དང་། གཅིན་སྲི་བ་དང་།། རྐེད་པ་བསྡམས་པ་ལ་བྱིན་ན་ནད་མེད་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ལཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཥམ། 9་རིག་པ་འདིས་ཤ་བའི་རིམས་དང་། འབྱུང་པོའི་རིམས་དང་། གདོན་རྣམ་པར་འཇོམས་པ་ལ་སྲད་བུས་ཐར་པར་བྱེད་དོ།། མིམ ་རབ་ཏུ་བཙའ་བཞིན་པ་ལ་ཏིལ་མར་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་ལྟེ་བ་འམ་རྐེད་པར་བསྐུས་ན་བུག་རྔུ་མེད་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། ཏཱ་རེ་མུཿསྭཱ་ཧཱ། རིག་པ་འདིས་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས།། ཀུམྦྷི་ར་དང་། བཱ་ར་ཎི་དང་། ཨ་ནན་ཏཱ་དང་། བེ་ཏ་ཤི་དང་། ཚངས་མ་དང་། ཤུ་དག་དང་། ་བྲི་ཧ་ཏི་རྣམས་སྦྲང་རྩི་དང་ཡང་དག་པར་ལྡན་པ་ཕངས་ཀྱི་སྣོད་དུ་བཞག་ནས་ཟླ་བ་མཐོང་བ་ནས་ཇི་སྲིད་གྲོལ་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ཟོས་པས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ།། རིག་པར ་འདིས་གཡུལ་ངོར་འཇུག་པ་ལ་བརྒྱད་བརྒྱ་མངོན་པར་བཟླས་ནས་ལག་པ་ལ་ཆིངས་ཤིག། སྟོབས་ཆེན་པོར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ་ཏཐཱ། ཏཱ་རེ་ཏཱ་རེ་མུ་ལུ་མུ་ལུ་སྭཱ་ཧཱ། རིག་པ་འདིས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་མཚན་མོ་གསུམ་དུ་སྦྱང་བར་གནས་པས་ཨ་ཤཏྠའི་ཤིང་གི་འོག་ཏུ་མེ་ཏོག་ཡུ་ཏི་ཀ་དང་། ཀཽརྟི་ཀ་ར་རྣམས་འོམ ་དང་ཞོ་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། དངུལ་བརྒྱ་རྙེད་པ་འམ། ཡང་ན་མཐོང་ངོ་།། ཟླ་བ་ཉ་ལ་མཚན་མོ་གསུམ་སྦྱང་བར་གནས་ཏེ། མཚན་ཕྱེད་ནས་ཆུ་ཀླུང་དུ་ཕྱིན་ནས་དྲི ་ཞིམ་པོའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། དོང་ཚེ་ལྔ་བརྒྱ་རྙེད་པའམ། ཡང་ན་མཐོང་ངོ་།། འདིས་ཟླ་བ་གཟས་བཟུང་བའི་དུས་སུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་སོ་མ་རཱ་ཛའི་འབྲས་བུ ་། རྣམས་ཕྱེ་མ་ཞི་བ་བོར་བྱས་ནས་མར་དང་སྦྲང་རྩི་དང་བསྲེས་པའི་རིལ་བུ་བྱའོ།། ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་གཏུམས་ནས་ལག་པས་མནན་ཏེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ཟོ ་། ཞིག་ཐོས་པ་འཛིན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སིཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཧུ་རེ་ཏུ་རེ། ད་ར་ད་ར་སཱཿ། རིག་པ་འདི་ཉིན་མཚན ་དུ་སྦྱང་བར་གནས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་ཆོ་ག་བྱས་ནས། དེ་ནས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས། འོ་མ་དང་ནས་ཟན་ཟ་བས་ཕྱོགས་སུ་གསོ་སྦྱོང་བྱས་ཏེ་པདྨ་དཀར ་བོཔོ་ཁ་བྱེ་བ་འབུམ་དབུལ་བར་བྱའོ། ། གཏེར་མཐོང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུཏྟ་རེ་ཏུཏྟ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤོབས་པ་དང་ལྡན་མ་ཞེས་བྱ་བའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ ་ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡེ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤེ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འོད་གཉིས་སྦྱིན་པ་ཞེས་བྱ ་བའི་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུ་རེ། ཏུ་རེ་སྭཱ་ཧཱ། ་འདི་ནི་སྒྲོལ་མའི་སྙིང་པོའོ།། ན་མོ་རཏྣ་ཏྲ་མཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ལ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏིདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་ལས་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པ ་ཞེས་བྱ་བའི་འཕགས་མ་སྒྲོལ་མའི་རིག་པའོ། ། དེ་ནས་རིག་པ་འདི་རྣམས་ཀྱིས་མཆོག་ཏུ་གྲུབ་པའི་ཆོ་ག་ཕྱོགས་ཙམ་དུ་འགྱུར་ཏེ། ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་དོ།། ཞེས་པ་དེ་ཇི་ལྟ་བ་བཞིན་དུ ་རྟོགས་པར་བྱའོ། ། མདོར་ན་འཇིགས་པ་ཆེན་པོ་རྣམས་དང་། ལས་ཕྲན་ཚེགས་རྣམས་ལའང་བཀླགས་པས་འགྲུབ་པར་འགྱུར་རོ།། ཆོ་ག་འདི་ལ་ཡང་རིག་པ་སྒྲུབ་པར་འདོད་པས་རིག་པ་ངེས་པ་བྱུང་ལྔས ་ལུས་ཀུན་ཏུ་སྦྱངས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྐད་བཤད་པའི་རྣམ་པས་ཕུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། ཇི་སྲིད་དུ་ཟླ་བ་ཉ་ལ་འབུམ་ཡང་རུང་ངོ་།། སྔོན་དུ་བསྙེན་པ་བྱས ་པར་འགྱུར་རོ། ། དེ་ནས་མཐར་ཉིན་མཚན་དུ་སྦྱང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨ་ཀ་རུ་ནག་པོའི་ཡམ་ཤིང་སོར་དྲུག་པའི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འམ། ཏུ་རུས ་ཏིལ་མར་གྱིས་བཏགས་པའི་སེང་ལྡེང་གི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། ལས་ཐམས་ཅད་ནུས་པར་འགྱུར་རོ།། དེ་ནས་ལས་སུ་འགྱུར་ཏེ་མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པ། གཞོན་ནུ་མས་བཀལ ་བའི་སྐུད་པ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འམ། ། སོ་སོའི་ཁྱིམ་དུ་སྟོང་ཕྲག་བཅུར་མངོན་པར་བསྔགས་ནས་ལག་པ་ལ་བཅིངས་ན་མི་སྣང་བར་འགྱུར་རོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས ་རིས་བཞུགས་སུ་གསོལ་ནས། ། པདྨ་སྟོང་ཕྲག་སུམ་ཅུ་སེང་ལྡེང་གི་སོལ་བས་མེ་སྦར་ནས་སྦྱིན་སྲེག་བྱས་ན་རང་གི་གཟུགས་ཀྱི་ལྷ་མོ་མཐོང་ངོ་།། གང་བསླངས་པ་དེ་རྙེད་དོ།། ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་བཅོ ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། ཨུ་དུམ་ཝ་རའི་ཡམ་ཤིང་གིས་མེ་སྦར་ནས་མར་གྱི་སྲེག་བླུགས་སྟོང་སྦྱིན་སྲེག་བྱས་ན་གྲོང ་རྙེད་དོ། ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་མཆོད་རྟེན་སྟོང་བྱེད་དུ་གཞུག་གོ། ཉི་མ་སོ་སོ་རེ་རེ་ལ་མཆོད་རྟེན་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པས་དྲི་དང་མེ་ཏོག་ལ་སོགས་པ་འདི་ལ་ཕུལ་ནས།། ཇི་སྲིད་དུ ་མཆོད་རྟེན་ཕྱི་མ་འབར་བ་དེ་ནས་བཅོམ་ལྡན་འདས་བྱོན་པར་ཤེས་པར་བྱའོ། ། བཅོམ་ལྡན་འདས་བྱོན་པ་ནས་གཡོ་བ་དང་དྲི་ཞིམ་པོའི་རླུང་ལྡང་སྟེ། ཇི་སྲིད་དུ་རང་གི་གཟུགས་ཀྱིས་ཉེ་བར་གནས་པ་དེ་སྲིད་དུ ་བཟླས་པར་བྱའོ། ། མཆོག་གང་བསླངས་པའི་མཆོག་སྩོལ་བར་མཛད་དོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སེང་ལྡེང་གི་འདབ་མའི་དུམ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཉི་མ་སོ་སོར་གྲོང་རེ་རེ་རྙེད་དོ།། ་དགོན་པར་སོང་ནས་རིག་པ་བྱེ་བ་བཟླས་པར་བྱའོ།། སློང་མོ་བཟའ་ཞིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དགོན་པའི་བ་ལང་གི་ལྕི་བས་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་བྱའོ།། ཇི་སྲིད་ལྷ་རྣམས་རི ་དགས་མོའི་གཟུགས་སུ་བྱས་ནས་འོང་བར་འགྱུར་ཏེ། དེ་ལ་འཇིགས་པར་མི་བྱའོ།། དེ་ཡང་གཏེར་སྩོལ་བར་བྱེད་དེ་བླང་བར་བྱའོ།། རང་ཉིད་ལོངས་ཤིག་ཅེས་བརྗོད ་པར་བྱའོ། ། རྒྱལ་སྲིད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་རྣམས་སྟེར་བར་བྱེད་དེ།། རྟག་ཏུ་དཀོན་མཆོག་གསུམ་ལ་སྦྱར་ཞིང་།། བཅོམ་ལྡན་འདས་ལ་དབུལ་བར་བྱའོ།། དགོན་པར་ཞུགས་ནས་རིགཔ ་སྟོང་ཕྲག་བརྒྱ་བཟླས་པར་བྱ་ཞིང་། ཨ་ཀ་རུའི་ཤིང་ལ་རབ་ཏུ་གནས་པའི་སྤྱན་སྔར་བཅོམ་ལྡན་འདས་ལ་ཤིང་པཏྶ་ལརྟྟི་ཀ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་བྱས ་ན་འདོད་འཇོའི་བ་སེར་སྐྱར་འོང་ངོ་། ། སླར་ཡང་པཏྶ་ལཎྜི་ཀའི་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་བྱའོ།། འོངས་ནས་ཀྱང་སྒྲུབ་པར་འསྒྱུར་ཏེ་ལོ་སྟོང་དུ་འོ་མ་སྦྱིན་པར་བྱེད་དོ།། སྔར་བརྗོད་པའི་རས་རིས ་ཀྱི་སྤྱན་སྔར་མར་དང་སྦྲང་རྩིས་བཏགས་པའི་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཟླ་བ་དྲུག་ཏུ་དོང་ཚེ་སྟོང་རྙེད་དོ།། ཡངོ་ན་པ་ཎ་སྟོང་ལྷག་པ་དང་བཅས་པའོ།། ཀུ་མུ་ཏའི་སྦྱིན་སྲེག་སྟོང ་ཕྲག་བརྒྱད་བྱའོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། སངས་རྒྱས་ལ་མངོན་པར་དང་བས་ལྷ་རྣམས་མཆོག་སྦྱིན་པར་བྱེད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས ་ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་གཡུལ་དུ་གཏོར་བར་བྱ་སྟེ་ཞི་བར་འགྱུར་རོ། ། འདི་ཉིད་སྟོང་ཕྲག་བརྒྱད་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར ་རོ། ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བཅུ་གསུམ་ལ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས་མེ་ཏོག་ཁ་བྱེ་བ་དང་མར་གྱི་སྲེག་བླུགས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཐལ་བ་བླངས་ནས ་གཞན་གྱི་དཔྲལ་བར་ཐིག་ལེ་བྱས་ཏེ། གྲོང་དང་གྲོང་ཁྱེར་དུ་རབ་ཏུ་འཇུག་པར་བྱེད་དེ་ཐམས་ཅད་དབང་དུ་འགྱུར་རོ།། ནག་པོའི་བཅུ་བཞི་ནས་ཇི་སྲིད་བཅོ་ལྔའི་བར་དུ་ཞག་གཅིག་སྨྱུང་བར་གནས་པས་བ་ཌའི ་ཤིང་གི་འོག་ཏུ་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ་དྲི་དང་། ། མེ་ཏོག་དང་། བདུག་པ་ཕུལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་གནོད་སྦྱིན་རྣམས་ལ་གཏོར་མ ་ཕུལ་ཏེ་མིའི་རུས་པ་བླངས་ནས་རྩེ་གསུམ་བྱེད་དུ་གཞུག་གོ། ལག་པ་གཡོན་པས་ལན་བདུན་འཕངས་པ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན ་རྩེ་གསུམ་འབར་བར་འགྱུར་རོ། ། དེ་ནས་གྲུབ་པར་འགྱུར་ཏེ་འདོད་པས་གང་སྤྲུལ་པ་དེར་འགྱུར་རོ།། ལྷའི་ཁང་པར་ཟླ་བ་དང་ཉི་མ་གཟས་བཟུང་བ་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ།། སྐུ་གཟུགས ་ཀྱིཁང་པར་སེར་སྐྱར་རྒྱུད་མཚུངས་པའི་མར་སྲང་གཅིག་བླངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གསེར་གྱི་སྣོད་དུ་བཞག་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། ཟླ་བ་མི་ལྟ་བ་ཉིད་དུ་ཀུ་ཤས་སྟེང ་ནས་གཡོགས་ཏེ་བཟླས་པར་བྱའོ། ། རྡོ་བཞིན་པ་ན་བཏུང་བར་བྱ།། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ལྦུ་བ་བྱུང་བ་ན་བཏུང་བར་བྱ་སྟེ་མི་སྣང་བར་འགྱུར་རོ།། འབར་བཞིན་པ་ན་བཏུང་བར་བྱ་སྟེ་ནམ ་མཁའ་ལ་འགྲོའོ། ། ཟླ་བ་དྲུག་ཏུ་སྔོན་སྤྱད་པ་བྱས་པ་བའི་གཅིན་དང་ནས་ཕན་བཟའ་ཞིང་མི་སྨྲ་བའི་བརྟུལ་ཞུགས་སྤྱད་པར་བྱའོ།། བཅོམ་ལྡན་འདས་མ་རྟག་ཏུ་བཟླས་པས་མ་བསླངས ་པར་གསེར་བརྒྱ་རྙེད་དོ། ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ལོར་བརྩམ་པར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མཆོད་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དེ་བཞིན་དུ་ཕུལ་ཏེ། ་ཡན་ལག་བརྒྱད་ཀྱི་གསོ་སྦྱོང་དང་ཡང་དག་པར་ལྡན་པས་ལོ་རྫོགས་པ་ན་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་རས་རིས་འཆིང་བར་བྱེད་དོ།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚེས་གཅིག་ནས ་བརྩམས་ཏེ། ཇི་སྲིད་ཟླ་བ་ཉའི་བར་དུ་ཆེས་ལྷག་པའི་མཆོད་པ་དང་། སློང་མོ་བཟའ་བར་བྱ་སྟེ་གྲུབ་པོ་ཞེས་པའི་ཚིག་འདོན་པར་བྱེད་དོ།། མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱ་སྦྱིན་སྲེག་བྱས་པས་ཕ་རོལ་ཞི་བར་འགྱུར་རོ།། ་ཆོ་འཕྲུལ་གྱི་ཕྱོགས་ལ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དེ་བཞིན་དུ་ཕུལ་ནས་དུང་གི་མེ་ཏོག་ཅན་གྱི་མཏོག ་སྟོང་ཕྲག་བརྒྱ་ལ་ཨི་གུ་ཏའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། མ་ཧེ་རྣམས་དབང་དུ་འགྱུར་རོ།། དེ་ནས་ཡང་པྲ་དབབ་པར ་བྱེད་པར་འདོད་ན་མཚན་མོ་བདུན་དུ་འོ་མ་དང་ནས་ཕན་བཟའ་ཞིང་། ། མཚན་མོ་གཅིག་ཏུ་གསོ་སྦྱོང་དང་ལྡན་པས་དྲི་མ་མེད་པའི་མར་གྱིས་ལྷུང་བཟེད་བཀང་ནས། དཀར་པོའི་མར་གསར་གྱིས་མར་མེ་སྦར་ནས་གཞོན་ནུ ་འམ་གཞོན་ནུ་མ་ལ་བསྟན་པར་བྱའོ། ། དུས་གསུམ་ཉིད་ཤེས་པ་དང་ཐམས་ཅད་མཐོང་ངོ་།། རྟག་ཏུ་བཟླས་པས་ཉེ་བར་འཚོ་བ་ཐམས་ཅད་ལས་འཇིགས་པར་མི་འགྱུར་རོ།། བྱང་ཆུབ་ཤིང་གི་ཡམ་ཤིང་ལ་མར་གསར་གྱིས ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། དེ་ཉིད་དུ་རས་རིས་བཞུགས་ནས་ཀུ་ཤ་བཏིང་བ་ལ་ཉལ་བར་བྱའོ།། རྨི་ལམ་དུ་རྫས་སྟོང་ཕྲག་ཉི་ཤུ་མཐོང་ངོ་།། ཆ་ཕྱེད་དཀོན་མཆོག་གསུམ་ལ་སྦྱར་བར་བྱའོ་ཞེས ་སོ། ། རས་རིས་ཀྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཟླ་བ་ཉའི་བར་དུ་ཉི་མ་རེ་རེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད ་བྱའོ། ། མཐར་མཚན་མོ་གསུམ་དུ་སྦྱང་བར་གནས་པས་མི་སྨྲ་བའི་བརྟུལ་ཞུགས་སྤྱད་དེ་རིག་པ་བཟླས་པར་བྱས་ལ་ཆོ་འཕྲུལ་གྱི་ཕྱོགས་ནས་ལམ་པོ་ཆེར་སོང་ལ་འབྱུང་པོའི་བྲང་དུ་གནས་པར་བྱའོ།། ་རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ།། ཡུངས་ཀར་བྲེ་རུ་བླངས་ནས་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་བསྔགས་ནས་ཕྱོགས་བཅུ་དང་འོག་ཏུ་གཏོར་བར་བྱའོ།། མཆོག་བདག་ཉིད་ལ་སྟོན་པར་བྱེད་དེ། ་དེ་བཞིན་དུ་ནག་པོའི་བརྒྱད་པ་ལ་དྲི་གཙང་ཁང་དུ་ཞུགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་སྟོང་དུ་བཟླས་པར་བྱའོ།། དྲི་དང་མེ་ཏོག་ལ་སོགས་པ་དང་། གཏོར་མའི་ཆོ་ག་བྱས་ནས།། དེ་ནས་རྨི ་ལམ་དུ་བཅོམ་ལྡན་འདས་རལ་པའི་ཅོད་པན་བྱས་པ་མཐོང་བར་བྱེད་དོ། ། ས་གའི་ཟླ་བའི་དཀར་པོའི་ཕྱོགས་ལའོ་མ་དང་ནས་ཕན་ཟ་ཞིང་།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་མེ་ཏོག ་ལ་སོགས་པས་མཆོད་པ་བྱས་ནས་ཉི་མ་རེ་རེ་ལ་སྟོན་མོ་བྱའོ། ། ཆུས་གང་བའི་བུམ་པ་བཞི་སྨན་དང་ས་བོན་ཐམས་ཅད་ཀྱིས་ཡོངས་སུ་བཀངའ་བ་བྱས་ནས་གཞག་པར་བྱའོ།། མཚན་མོ ་རེ་རེ་ལ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པར་བྱས་ནས་བྱ་རོག་གི་ཚང་དུ་བུ་བྱུང་གི་བར་ཁྱེའུ་དང་བུ་མོས་བཀྲུ་བར་བྱའོ། ། རྒྱལ་སྲིད་ཀྱི་དོན་ནམ་ལོངས་སྤྱོད་ཀྱི་དོན་ཟླ་བ་ཕྱེད་ཀྱི་ནང་དུ་འགྲུབ་པོ།། ནག་པོ ་བརྒྱད་པ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དབུལ་བར་བྱས་ནས།། འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་སྦར་ཏེ་མེ་ཏོག་བརྒྱ་པའི་སྦྱིན་སྲེག ་སྟོང་ཕྲག་བརྒྱད་བྱའོ། ། ཟླ་བ་གཅིག་ཏུ་བཟའ་བ་དང་བཏུང་བ་མི་བད་པ་འབྱུང་ངོ་།། དུར་ཁྲོད་ཀྱི་ཐལ་བ་བླངས་ནས་ལན་བདུན་མངོན་པར་བཟླས་ཏེ་བདག་ཉིད་ཀྱི་དཔྲལ་བ་འམ།། གཞན་གྱི་མགོ་བོར་བཏབ་པར ་བྱས་ན་ཟོང་དུ་ཞུགས་ནས་ཐམས་ཅད་དབང་དུ་འགྱུར་རོ། ། བཟླས་པས་འཆིང་བ་ལས་གྲོལ་བར་བྱེད་དོ།། གཏན་པ་གཅོག་པར་བྱེད་དོ།། པགས་བདུན་ཉམས་པར་བྱེད་དོ།། མཱ་ལི་ཀའི་མེ་ཏོག་ལ་ཞོ་དང་། ་སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། བ་ལང་གི་གཅིན་དང་ནས་ཟན་ཟ་ཞིང་ཟླ་བ་དྲུག་ཏུ་འདོད་པ་བཞིན་དུ་དོང་ཚེ་རྙེད་དོ།། དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཨུཏྤལ་སྔོན ་པོའི་སྙིང་པོའི་སྦྱིན་སྲེག་སྟོང་བྱ་སྟེ། མིང་ནས་སྨོས་ཏེ་ཉི་མ་བདུན་ནམ་གཅིག་ལ་དབང་དུ་འགྱུར་རོ།། ཙམ་པ་ཀ་དང་ཀརྞི་ཀའི་དུས་གསུམ་དུ་སྦྱིན་སྲེག་བྱ་ཞིང་མིང་ནས་སྨོས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ།། ་ཆོ་འཕྲུལ་གྱི་ཕྱོགས་ལ་འོ་མ་དང་ནས་ཟན་ཟ་ཞིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་བཟླས་པ་དང་། རས་རིས་ཀྱི་སྤྱན་སྔར་ཨ་ཀ་རཱུའི་ཡམ་ཤིང་གི་འབུམ་ཕྲག་གསུམ་དུ་སྦྱིན་སྲེག་བྱའོ།། བཅོ་ལྔ་ལ་སྒྲུབ ་པ་ལ་རབ་ཏུ་འཇུག་སྟེ་ཇི་སྲིད་བཅོམ་ལྡན་འདས་བྱོན་པ་དེ་སྲིད་དུ་བཟླས་པར་བྱའོ། ། ས་གཡོ་བ་འམ། མར་མེའི་རྩེ་མོ་འཕེལ་བ་འམ། རས་རིས་གཡོ་བར་བྱེད་པ་དང་གྲུབ་བོ་གྲུབ་བོ་ཞེས་ཚིག ་འདོན་པར་བྱེད་ན། ། རྒྱལ་སྲིད་དམ་ཡུལ་གྱི་བདག་པོ་ཉིད་རྙེད་དོ།། སྔོན་སྤྱད་པ་བྱས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཟླ་བ ་དྲུག་གི་ནང་དུ་སྟོང་ཕྲག་ལྔ་སོ་སོར་རྙེད་དོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱ་བཟླས་པར་བྱས་ཏེ་དཔྲལ་སྟོང་རྙེད་དོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན ་དུ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་རོ།། ནད་ཐམས་ཅད་རབ་ཏུ་ཞི་བར་འདོད་པས་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས ་པར་བྱས་ནས་བླངས་ནས་བསྐོར་བར་བྱ་སྟེ། ། སྐལ་བ་བཟང་པོ་ཉིད་རྙེད་དོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ཏིལ་ནག་པོ་ལ་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ་སྲད་བུ་ཅན་དང་། ཏི་ལ ་སོལ་བ་ཉིད་དོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་བཅོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། ཨུ་དུམ་ཝ་རའི་ཤིང་གིས་མེ་སྦར་ནས་ཡུངས ་ཀར་དཀར་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། ཡུལ་གྲུ་ལྔའི་དཔོན་པོར་འགྱུར་རོ།། བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ ་སྦསླར་ནས་ཏིལ་ལ་ཞོ་དང་། མར་དང་། སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། བཅོ་ལྔ་ལ་མཚན་མོ་གསུམ་དུ་སྦྱང་བར་གནས་པ་བྱས་ནས།། གལ་ཏེ་ཏིལ་དེ་རྣམས་ཕྱོགས་དང་ཕྱོགས་ཐལ་དུ་སོང་ན ་དེའི་ཚེ་གྲུབ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་སྔོན་དུ་སྟོང་ཕྲག་བརྒྱ་བཟླས་ཏེ་ཟླ་བ་གཟས་བཟུང་བ་ན་ཏིལ་མར་ལན ་བདུན་ཅུ་ཕུལ་ནས། ། ཇི་སྲིད་ལྦུ་བ་འབྱུང་བ་དེ་སྲིད་དུ་བཟླས་པར་བྱའོ།། འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ།། ཀུན་ཏུ་རུ་ཀ་ལ་སྟོང་ཕྲག་བརྒྱ་བཟླས་ནས་བླངས་ན་གྲོང་གཅིག་རྙེད་དོ།། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཉི་མ་སོ་སོར་བརྒྱད་བརྒྱར་བཟླས་པར་བྱ་སྟེ་དཔལ་དང་ལྡན་པར་འགྱུར་རོ། ། ཨ་པཱ་མཱརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་ཏེ་ཉི་མ་སོ་སོར ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གྲོང་རྙེད་དོ། ། བུ་མང་པོ་ཅན་གྱི་ཡམ་ཤིང་ལ་མེ་སྦར་ནས་ཤུ་དག་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ།། ཐལ་བ་དེས་ཐིག་ལེ་བྱའོ།། མི་སྣང་བར་འགྱུར་རོ།། གལ་ཏེ་མ་གྱུར་ན ་ན་གསུམ་དུ་འབསྒྲུབ་པར་བྱའོ། ། ཟླ་བ་གཟས་བཟུང་བ་ན་ཆུ་ཀླུང་གི་འགྲམ་དུ་སོང་ནས་བིལ་བའི་ཡམ་ཤིང་གིས་མ་སྦར་ནས། བིལ་བའི་མེ་ཏོག་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས ་ན་གནོད་སྦྱིན་གཞོན་ནུ་འོང་བར་འགྱུར་རོ། ། མཚན་མོ་ཕྱེད་ན་རིག་པ་སྟོང་ཕྲག་བཟླས་ནས་དེ་ནས་གཅིག་འོང་བར་བྱེད་དེ། གཏེར་རྣམས་སམ་ནོར་གྱི་བདག་པོ་གང་ཚིག་གིས་བརྗོད་པ་དེ་བྱེད་དོ།། ནག་པོའི་བརྒྱད ་པབ་ལ་བཅོམ་ལྡན་འདས་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས།། ནག་པོའི་བཅུ་བཞི་པ་ལ་གཏོར་མའི་ཆོ་ག་བྱ་སྟེ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། ་ཤ་ཟ་རྣམས་འོང་བར་བྱེད་དོ།། གཏེར་རྐོས་ཤིག་ཅེས་བརྗོད་པར་བྱའོ།། དེ་ནས་གཏེར་སྩོལ་བར་བྱེད་དེ་བླངས་ནས་བདག་ཉིད་དང་དཀོན་མཆོག་གསུམ་པོ་རྣམས་ལ་དབུལ་བར་བྱའོ།། དེ་བཞིན་དུ ་རས་རིས་བཅིང་བའི་ལས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བ་རུ་རའི་ཤིང་གིས་མེ་སྦར་ནས་ཉི་མ་སོ་སོར་ཏིལ་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་སྟོང་བྱའོ། ། བློན་པོ་དབང་དུ་བྱེད་པ་ལ་ཡུངས ་ཀར་དཀར་པོའི་སྦྱིན་སྲེག་གིས་དབང་དུ་འགྱུར་རོ། ། སྲ་རྩི་པོག་གི་སྦྱིན་སྲེག་གིས་རྒྱལ་པོ་དབང་དུ་འགྱུར་རོ།། བུད་མེད་དང་སྐྱེ་པ་དའང་དུ་བྱེད་པ་ལ་ཕུབ་མའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ་ཨརྱ་རའི་ཤིང་གིས་མེ་སྦར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཉི་མ་སོ་སོར་སྒྲོན་ཤིང་གིས་སྦྱིན་སྲེག་སྐྱོང་བྱ་སྟེ། དོང་ཚེ་བརྒྱ་རྙེད་དོ།། སློང་མོ་ཟ་བས་ཉི་མ་སོ་སོར་དུས་གསུམ་དུ་པ་ལཱ་ཤའི་སྦྱིན་སྲེག ་བྱའོ། ། གསེར་བརྒྱ་སོ་སོར་རྙེད་དོ།། རྒྱ་མཚོར་སོང་ནས་རིག་པ་སྟོང་ཕྲག་བརྒྱ་བཟླ་སྟེ། ཇི་སྲིད་རིན་པོ་ཆེ་རྣམས་སྦྱིན་པར་བྱེད་དོ།། བླང་བར་བྱ་སྟེ་དཀོན་མཆོག་གསུམ་ལ་དྲ་བར་སྦྱར་བར་བྱའོ།། ་སྔགས་འདི་ཉིད་ཀྱིས་ས་གའི་ཟླ་བ་ཉ་ལ་མཚན་ཐོག་ཐག་ཏུ་བཟླས་པ་བར་མ་ཆད་པར་བརྗོད་པར་བྱའོ།། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས ་ཨ་པ་མཱརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། བདག་ཉིད་སྟོན་པ་ཡུངས་ཀར་གྱིས་གྲོལ་བར་འགྱུར་རོ།། ཞི་བར་འདོད་ན་འབྲས་ཡོས་ཀྱི ་སྲེག་བླུགས་ཀྱི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་ཞི་བར་འགྱུར་རོ། ། རྒྱས་པར་འདོད་ན་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་དང་འབྲས་ཐུག་པོ་ཆེས་ཐུན་གསུམ་དུ་སྦྱིན་སྲེག་བརྒྱད་བརྒྱར་བྱའོ།། ་ཉི་མ་གསུམ་དུ་ཨོཾ་མྲའི་ཡམ་ཤིང་གིས་མེ་སྦར་ནས་དུར་བྷ་དང་ཚེར་མ་ཅན་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། རྩོད་པར་འདོད་པ་རྣམས་ཀྱི་སྨྲ་བའི་མཆོག་ཏུ་འགྱུར་རོ།། ཉི་མ་སོ་སོར་འབྲུ་རློན་པ་དང ་ཕུ་མ་རྣམས་ལག་པ་གཡོན་པས་སྦྱིན་སྲེག་བྱས་ན་མིང་ནས་སྨོས་ནས་མཚན་མོ་བདུན་གྱིས་དབང་དུ་འགྱུར་རོ། ། རྒྱལ་པོའི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་ཐུན ་མཚམས་གསུམ་དུ་སྟོང་ཕྲག་བརྒྱད་བྱའོ། ། ཉི་མ་གསུམ་དུ་ཨ་མྲའི་ཡམ་ཤིང་གིས་མེ་སྦར་ནས་དུར་བྷ་དང་ཚེར་མ་ཅན་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་རྣམ ་དབང་དུ་འགྱུར་རོ། ། འོ་མ་དང་། བ་ལང་གི་གཅིན་དང་། ནས་ཟན་དང་། བསོད་སྙོམས་ཟ་བའམ་མི་སྨྲ་བའི་བརྟུལ་ཞུགས་ཀུན་ཏུ་སྤྱད་ཅིང་གཙང་མས་གོས་གཙང་མ་དང་ཤིང་ཤུན་འཆང ་བས་བསྒྲུབ་པ་བྱས་ཏེ། གང་གར་གཏུན་ཤིང་གི་སྒྲ་དང་བྲལ་བ་གཙང་མའི་ཕྱོགས་སུ་ཆུ་བོའི་འགྲམ་གཉིས་ཀྱིས་བླངས་ནས་ཁྲུ་བདུན་པའི་སའི་གོང་བུ་བཞི་བྱས་ནས་དབུས་སུ་འདབ་མ་སྟོང ་གི་པདྨ་བྱས་ཏེ། དེའི་སྟེང་དུ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་ལྕགས་ལྔ་ལས་བྱས་པའི་འཁོར་ལོ་རབ་ཏུ་བཞག་ནས་དཀྱིལ་འཁོར་གྱི་དབུས་སུ་བྲིས་སྐུའི་སྤྱན་སྔར་བསྒྲུབ་པར ་བྱའོ། ། དྲི་ཞིམ་པོའི་དྲི་རྣམས་དང་ཙན་དན་དཀར་དམར་གྱིས་མཆོད་ནས་མན་ད་ར་བའི་མེ་ཏོག་དང་། བདུག་པ་དང་། འཕྲེང་བ་བརྒྱ་ཕུལ་ནས་བཅོམ་ལྡན་འདས་ལ་དྲི་དང་། མེ་ཏོག་དང་། བདུག་པ ་ལ་སོགས་པའི་མཆོད་པ་བྱའོ། ། མར་གྱི་མར་མེའི་འཕྲེང་བ་བདུན་དབུལ་བར་བྱའོ།། ཕྱོགས་བཞིར་མར་གྱི་བུམ་པ་བཞི་རབ་ཏུ་སྦར་བར་བྱའོ།། ཕྱོགས་བཞིར་བུམ་པ་བཞི་ས་བོན་ཐམས་ཅད་ཀྱིས་གང་བར ་རིན་པོ་ཆེ་རྣམས་བཅུག་ནས་གཞག་པར་བྱའོ། ། ཨ་ཀ་རུ་དང་། ཀུན་དུ་རུ་ཀ་དང་། དཔལ་རྣམས་བཏགས་པ་དང་། གུ་གུལ་གྱི་བདུག་པ་དབུལ་བར་བྱའོ།། གཏོར་མའི་ཆོ་ག་བྱས་ནས་ཕྱོགས་བཞིར་སྔར་བརྗོད ་པས་ཞོ་ཟན་སྔོན་མ་ཅན་དབུལ་བར་བྱའོ། ། ལྷོ་རུ་ནི་ན་བྷཱུ་ཏཀྵ་ར་དར་བ་ཆུ་དང་བསྲེས་པ་སྦྱིན་པར་བྱའོ།། བྱང་ཕྱོགས་སུའོ་ཐུག་གིས་གང་བའི་གཏོར་མས་ཉེ་བར་མཆོད་པར་བྱའོ།། སེམས་ཅན་ཐམས་ཅད་ལ་ཕྱོགས ་བཞིར་རྒྱུན་མི་འཆད་པ་འབྱུང་བར་བྱའོ། ། བཱ་ལ་ཤའི་ཡམ་ཤིང་གིས་མེ་སྦར་ནས་ཨ་པཱ་མཱརྒའི་ཡམ་ཤིང་ལ་མར་གྱིས་བཏགས་ལ་ལན་བདུན་མངོན་པར་བསྔགས་ཏེ་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། མིང་ནས་སྨོས་པ་དེ ་དབང་དུ་འགྱུར་རོ། ། བྱང་ཆུབ་ཀྱི་ཡམ་ཤིང་གིས་མེ་སྦྱར་ནས་ལན་ཚ་ལས་བྱུང་བའི་གཟུགས་བརྙན་བྱས་ཏེ། མགོ་བོ་ནས་བརྩམས་ཏེ་ཇི་སྲིད་རྐང་པའི་བར་དུ་སྲེག་ཐུགས་རེ་རེ་ལ་ལན ་བདུན་བདུན་མངོན་པར་བསྔགས་པ་བྱས་ནས་སྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། ། མིང་ནས་སྨོས་པའི་རྒྱལ་པོ་དབང་དུ་འགྱུར་རོ།། དཀར་པོའི་བཅོ་ལྔ་ལ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ཅན་གྱིས ་ཉིན་མཚན་དུ་སྨྱུང་བར་གནས་ཏེ། ས་ལ་མ་ལྷུང་བའི་བ་བྱུང་གིས་བ་ལང་གི་པགས་པའི་ཚད་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་།། འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་གསེར་དངུལ་གྱི་སྣོད་དུ་སེར་སྐྱར་རྒྱུད་མཚུངས་པའི་བའི་མར་གཞོན་ནུ་མས་བསྲུབས་པ་བླངས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ལག་པ་གཡོན་པས་སྣོད་གཟུང་། ལག ་པ་གཡས་པའི་མིང་མེད་ཀྱི་སོར་མོས་དཀྲུག་པར་བྱ་སྟེ། ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུའོ།། དེ་ནས་བཏུང་བར་བྱ་སྟེ། ཡིད་གཞུངས་པར་འགྱུར་རོ།། ལན་ཅིག་བརྗོད་པས་ཐོས་པ་འཛིན་པར་བྱེད་དོ།། དེ་ལ་དུ ་བ་འཐུལ་བས་ནི་དབང་དུ་བྱེད་པར་འགྱུར་རོ། ། འབར་བས་ནི་མི་སྣང་བར་འགྱུར་རོ།། ཡན་ལག་ཐམས་ཅད་ན་བ་ཉེ་བར་ཞི་བར་འདོད་པས་དཀར་པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་སྔ་དྲོ་ལས་བརྩམ་པར་བྱའོ།། ་ཤར་ལ་སོགས་པའི་ཕྱོགས་སུ་གཞུའི་ཚད་ཀྱི་དཀྱིལ་འཁོར་ཉེ་བར་བྱུག་ནས་དབུས་སུ་ནད་པའི་སོ་ལག་གཞག་པར་བྱའོ།། ཕྱོགས་པ་ནི་རྣམས་སུ་བུམ་པ་ཆུས་གང་བ་བཞི་ལ་བརྒྱད་བརྒྱར་མངོན་པར་བཟླས་ལ་གཞག ་པར་བྱའོ། ། སོ་ཕག་རྣམས་ཀྱི་སྟེང་དུ་སེན་རྩིའི་གོས་གཞག་པར་བྱའོ།། གཞོན་ནུ་མས་བཀལ་བའི་ཚོན་སྣ་ལྔའི་སྐུད་པས་ཡོངས་སུ་དཀྲིས་ཏེ་དྲི་ཞིམ་པོས་ཡོངས་སུ་བཀང་བས་སོ།། ཕྱི་རོལ་དུ་དཀྱིས ་འཁོར་བྱའོ། ། ཕྱོགས་བཞིར་ཆང་དང་ཤའི་གཏོར་མ་དབུལ་ལོ།། དྲི་ཞིམ་པོའི་མེ་ཏོག་གིས་མཆོད་པ་བྱས་ནས་གུ་གུལ་གྱི་བདུག་པ་དབུལ་ལོ།། ཟངས་ཀྱི་སྣོད་མར་གྱིས་བཀང་བ་གཞག་པར་བྱའོ།། ་དེ་ནས་ནང་པ་སོ་ཕག་གི་སྟེང་དུ་གཞག་པར་བྱའོ།། དེ་ནས་ཀུ་ཤ་ལྗང་ཁུ་བཟུང་ནས་ནད་པ་གོས་དཀར་པོ་ཅན་ལ་ཇི་སྲིད་རྐང་པའི་བར་དུ་བྱབ་པར་བྱའོ།། མར་གྱི་སྟེང་དུ་ཀུ་ཤ་དོར་བར་བྱའོ།། དེ་བཞིན་དུ ་བརྒྱ་རྩ་བརྒྱད་བྱའོ། ། དེ་ནས་མར་ཟོས་པས་བལྟ་བར་བྱའོ།། དེ་ནས་ཀུ་ཤ་ལྗང་ཁུ་བླངས་ནས་ཟློས་བཞིན་དུ་གཞག་པར་བྱའོ།། སྦྱངས་པ་ལས་སྦྱང་བའི་སྣོད་དང་གོས་བྱས་ནས། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱེད་དུ་གཞུག་གོ། དེ་ནས་པྲི་ཡང་ཀུ་དང་། ན་ག་གེ་སར་དང་། སྦྲང་རྩི་ཅན་དང་། བཞི་པོ་གཅིག་ཏུ་བྱས་ནས་མཉམ་པར་ཐོབ་པར་བྱས་ལ། མར་དང ་ལྷན་ཅིག་པའི་ཟས་མཆོག་ཟོས་ན་ནད་མེད་པར་རང་བཞིན་དུ་གནས་པར་འགྱུར་རོ། ། སྐུད་པ་སྔོན་པོ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་རྐེད་པ་ལ་བཅིང་བར་བྱའོ།། ཤུ་བ་མཆེད་པ་ཉེ་བར ་ཞི་བར་བྱེད་དོ། ། དེ་བཞིན་དུ་མགྲིན་པ་ལ་ཉེ་བར་བཅིང་བར་བྱའོ།། དབུགས་མི་བདེ་བ་ཉེ་བར་ཞི་བར་འགྱུར་རོ།། གསོ་སྦྱོང་ཅན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་ཏེ ་བར་བྱུགས་ནས། དྲི་བཟང་པོའི་མེ་ཏོག་རྣམས་ཀྱིས་མཆོད་པ་བྱས་ཏེ་མར་གྱི་མར་མེ་དབུལ་ལོ།། དེ་ནས་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་རོ།། སྦར་ནས་སྲ ་རྩི་པོག་ལ་ལན་བདུན་མངོན་པར་བསྔགས་པའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། ནད་ཉེ་བར་ཞི་བར་བྱེད་དོ།། རིག་པས་བགེགས་ཉེ་བར་ཞི་བར་བྱེད་པར་འདོད་པས་རྒྱ་མཚོར་འགྲོ ་བའི་ཆུ་ཀླུང་གི་འགྲམ་གཉིས་ཀྱིས་བླངས་ནས་སེང་གེ་དང་། སྟག་དང་། ཕག་དང་། ལུག་གི་གདོང་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བྱའོ།། དེ་ནས་ནག་པོའི ་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་མཚན་མོ་ཕྱོགས་གཙང་མར་བླ་རེ་དམར་པོ་བྲེས་ལ་ལས་ཡང་དག་པར་བརྩམ་མོ། ། སེན་རྩིའི་གོས་བཅུ་བཞི་ལ་བགེགས་གཞུག་པར་བྱའོ།། དབུས་སུ་བགེགས ་རྣམས་ཀྱི་གཙོ་བོ་ལོག་འདྲེན་གཞག་པར་བྱའོ། ། ཚོན་སྣ་ལྔའི་ཕྱེ་མ་ལ་ལན་ཅིག་མངོན་པར་བསྔགས་པ་རྣམས་ཀྱིས་དཀྱིལ་འཁོར་བདུན་བྱའོ།། དྲི་དམར་པོའི་མེ་ཏོག་རྣམས་ཀྱིས་མངོན་པར་མཆོད ་པ་བྱས་ནས་མར་གྱི་མར་མེ་བཅུ་བཞི་དབུལ་ལོ། ། གུ་གུལ་གྱི་བདུག་པ་དབུལ་ལོ།། ཤ་དང་བཅས་པའི་གཏོར་མ་བཅུ་བཞི་དབུལ་ལོ།། རྒྱ་སྐྱེགས་ཀྱི་ཁུ་བའང་བཅུ་བཞི་གཏོར་བར་བྱའོ།། དེ་ནས་སྲད་བུ ་དམར་པོ་ལ་ལན་བདུན་མངོན་པར་བསྔགས་པས་མཚན་མ་བཅིང་བར་བྱའོ། ། འབྱུང་པོ་དང་བགེགས་ཀྱི་རྒྱལ་པོའང་བཅིང་བར་བྱའོ།། དེ་ནས་ཨུ་དུམ་ཝ་རའི་ཡམ་ཤིང་གིས་མེ་སྦར་ནས་བགེགས་རྣམ ་བཅིང་བར་བྱའོ་ཞེས་བརྗོད་དེ། སྭཱ་ཧཱའི་ཡི་གེས་དཀྱིལ་འཁོར་བ་རྣམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དེར་བགེགས་དང་ལོག་པར་འདྲེན་པ་བཅིངས་པར་འགྱུར་རོ།། རིག་པ་རྣམས་ཐམས་ཅད་སྒྲུབ་པར ་བྱེད་པ་ན་བགེགས་རྣམས་འཕྲུལ་བྱེད་དོ། ། དེས་ན་བགེགས་དང་ལོག་པར་འདྲེན་པ་རྣམས་སའི་སྣོད་གཅིག་ཏུ་བགེགས་ཐམས་ཅད་གཞུག་པར་བྱའོ།། གཅིག་ཏུ་ལོག་པར་འདྲེན་པ་ཆེན་པོའོ།། དེ་ནས ་བགེགས་རྣམས་ཐམས་ཅད་ལ་མེ་ཏོག་ཐམས་ཅད་དབུལ་བར་བྱ་ཞིང་། ། ལོག་པ་འདྲེན་པ་ཆེན་པོ་ལ་ཙན་དན་དམར་པོ་དང་། ཀ་ར་ཝཱི་རའི་མེ་ཏོག་དམར་པོ་དབུལ་ལོ།། བགེགས་རྣམས་ཐམས་ཅད་ལ ་རྫས་ཐམས་ཅད་ཀྱི་བདུག་པ་དབུལ་ལོ། ། ལོག་པར་འདྲེན་པ་ཆེན་པོ་ལ་གུ་གུལ་གྱི་བདུག་པ་དབུལ་ལོ།། མར་དང་བསྲེས་པ་དབུལ་ལོ།། དེ་ནས་ལྟེ་བའི་ཚད་ཀྱི་དོང་དུ་སོ་སོར་གཞུག་པར་བྱའོ།། སླར ་ཡང་སས་དགབ་པར་བྱའོ། ། དེ་ལྟ་བུས་བགེགས་ཐམས་ཅད་མེད་པར་འགྱུར་རོ།། གསོ་སྦྱོང་ཅན་གྱིས་དཀར་པོའི་བཅོ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ས་ལ་མ་ལྷུང་བའི་བ་ལང་གི ་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་མེ་ཏོག་དང་། དྲི་དང་། བདུག་པ་དང་། མར་གྱི་མར་མེ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས། ཨུ་དུམ་ཝ་རའི་ཤིང་གིས་མེ་སྦར་ནས་ཚངས་མའི ་ཡམ་ཤིང་གིས་སྦྱིན་སྲེག་བྱ་ཞིང་ལྷ་ལ་ཕུལ་བ་ཟོས་ན་ཡིད་གཞུངས་པར་འགྱུར་རོ། ། འོ་མའི་སྦྱིན་སྲེག་བྱས་ན་བྲམ་ཟེ་རྣམས་དབང་དུ་འགྱུར་རོ།། ལྷ་ལ་ཕུལ་བའི་སྦྱིན་སྲེག་བྱས་ན་རྒྱལ་རིགས ་དབང་སུ་འགྱུར་རོ། ། ནས་དང་། ཞོ་དང་། ལྷ་ལ་ཕུལ་བ་གཅིག་ཏུ་བྱས་ནས་སྦྱིན་སྲེག་བྱས་ན་རྗེའུ་རིག་དབང་དུ་འགྱུར་རོ།། དགྲལ་བལྟས་ནས་བཟླས་པ་བྱས ་ན་རེངས་པར་འགྱུར་རོ། ། ལན་བདུན་མངོན་པར་བསྔགས་པའི་ཆུས་ཐམས་ཅད་འབེབས་པ་དང་ནོར་བྱེད་དོ།། དུག་ཐམས་ཅད་ལ་ཡང་ཉེ་བར་བྱུག་གོ།། ཞུན་མཁན་གྱི་རིལ་བུ་བྱས་ནས ་ལན་བདུན་མངོན་པར་བསྔགས་པསཾ་མིག་གི་ནད་སེལ་བར་བྱེད་དོ། ། ན་བ་ལ་སྐུད་པ་བཅིང་བར་བྱ་སྟེ།། གདོན་ཐམས་ཅད་མི་འབྱུང་ངོ་།། གཙུག་ཕུད་བཅིངས་པས་བདག་ཉིད་བསྲུང་བའོ།། ་བབས་དཀྱིལ་འཁོར་བཅིང་བའོ།། བོང་བ་ལ་ལན་བདུན་བཟླས་པས་ཕྱོགས་བཅིང་བའོ།། བུད་མེད་ཨུ0f7fཐོན་པ་ལ་ཏིལ་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ། བདེ་བར་བཙའ་བར་འགྱུར་རོ།། རྨོངས་པས་མ་ཀ ་ཡིགྱིཟླ་མཚན་གྱི་དུས་ལས་འདས་པ་ན་ཁྲུས་བྱ་ཞིང་རྒྱུད་མཚུངས་པའི་བའི་འོ་མ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས། ། བཏུང་བར་སྦྱིན་ཞིང་བཟའ་བ་མཆོག་དང་མར་བསྲེས་པ་བཟའ་བར་བྱའོ།། ་དེནས་བུ་བཙའ་བར་འགྱུར་རོ།། བུ་མང་པོ་ཅན་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། ཐལ་བ་དེ་ཆུའི་བུམ་པ་བཞི་དང་ཀུན་ཏུ་བསྲེས་ནས་གཞག་པར་བྱའོ།། ཤུ་དག་ལ་ལན་བརྒྱད་བརྒྱར་བཟླས་ཏེ་ལག ་པ་གཡས་པ་ལ་བཅིངས་པས་ཇི་སྲིད་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། ། གཞན་གྱིས་མི་ཐུལ་བའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། གཞོན ་ནུམས་བཀལ་བའི་སྐུད་པ་ལ་མདུད་པ་བྱས་ཏེ་ལན་བདུན་མངོན་པར་བསྔགས་ནས་ལག་པ་ལ་བཅིང་བར་བྱའོ། ། བརྟན་པ་དང་གཡོ་བའི་དུག་མི་འབྱུང་ངོ་།། དེ་ནས་མ་རུང་བས་མཆེ་བའི་མིང་ནས་སྨྲོས་ཏེ་ཚུལ ་ལན་བདུན་མངོན་པར་བསྔགས་ནས་ཁྱོད་ཆུ་འཐུངས་པས་དེ་ལྟ་བུས་ཤི་བའང་ལྡང་བར་འགྱུར་རོ། ། དེ་བཞིན་དུ་བཅུ་བཞིར་མངོན་པར་བསྔགས་པར་བྱས་ནས་བཏུང་བར་སྦྱིན་པར་བྱའོ།། འཇོག་པོས་ཀྱང་མཆེ ་བསོས་པར་བྱེད་དོ། ། ཆང་གི་ཕབས་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཤི་བ་ལ་སྦྱིན་པར་བྱའོ།། གལ་ཏེ་ཕྱིས་མི་འབྱུང་ངོ་།། དེ་ནས་སེམས་དཔའ་ཆེན་པོས་སླར་ཡང་རིག་པ་ཐམས་ཅད་ཡང ་དག་པར་སྐལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཇནི་ལ་སྙོམས་པར་ཞུགས་ནས་སྒྲུབ་པའི་ཐབས་ཐམ་ཅད་ཀྱི་སྤྱིའི་རིག་པ་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། རི་ཛུ་ཀཾ། ཏཱ་རེ། ཤཱནྟེ། ཏུཏྟཱ་རེ། ཨ་ན་བྷཱི། ལ་སྱེ། ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མའི་སྤྱིའི་སྒྲོལ་མ་ཞེས་བྱའོ།། རིག་པ་འདིས ་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཕྲག་པའི་ཚད་ཀྱིས་ཆུར་ཞུགས་ནས་རིག་པ་སྟོང་ཕྲག་བརྒྱ་བཟླས་པར་བྱ་སྟེ། ། ཇི་སྲིད་ནམ་མཁར་ཉི་མའི་དཀྱིལ་འཁོར་ལ་བུག་པ་མཐོང་བའི་བར་དུ་སྟེ། དེ་ལྟ་བུ་བྱས་པས་ལས་འགྲུབ ་པར་འགྱུར་རོ། ། གལ་ཏེ་མ་མཐོང་ན་སླར་ཡང་བསྒྲུབ་པར་བྱའོ།། དེ་ནས་ལན་བདུན་དུ་མར་རྗེས་སུ་སོང་ནས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མའི་ཆོ་ག་བྱ་སྟེ། ལག་པ་གམས་པས་མནག་ནས་མཚན ་ཐོག་ཐག་ཏུ་བཟླས་པར་བྱའོ། ། ཇི་སྲིད་དབུགས་འབྱིན་ནོ་ཞེས་བརྗོད་པའི་བར་དུའོ།། ཉི་མ་སོ་སོར་དངུལ་བརྒྱ་སྦྱིན་པར་བྱེད་དེ། དེ་ཡང་བད་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རི་ཛུ་ཀེ། ཏཱ་རེ། ཤཱནྟེ། ཏཱ་རེ། ཨ་ན་བྷཱི། ལཱ་སྱེ་ཏུཏྟ ་རེ་ཨ་གྲ། དྷརྨ་ནི་ཏྱ་ཏེ། ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མེ་སྒྲོལ་མ་དག་པ་ཞེས་བྱ་བ་སྟེ། རིག་པ་འདིས་དགོན་པའི་བ་ལིང་གི་ལྕི་བ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང ་ཕྲག་བརྒྱད་བྱའོ། ། དུས་གསུམ་དུ་བ་ལང་བརྒྱ་རྙེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ལམྦེ། པྲ་ལམྦེ། ཨོཾ་ལམྦེ། ་། ལམྦེ་བཱིརྱ། སརྦ་སིདྡྷིམྨ་ཀུ་རུ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཕྱང་བ་ཞེས་བྱ་བ་སྟེ། རིག་པ་འདི་ཀ་ར་ཝཱ་རིའི་ཡམ་ཤིང་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ཇི ་སྲིད་རྒྱལ་པོ་དབང་དུ་འགྱུར་ཏེ་འོང་བར་བྱེད་དོ། ། སྡེ་སྣོད་སྨྲ་བའང་བསྒོ་བའི་ལས་བྱས་པ་འཆིང་བ་གྲོལ་བ་ལ་སོགས་པ་དེའང་སྦྱོང་དུ་འཇུག་གོ།། དེ་མ་གྲོལ་བར་དུ་མང་དུ་དངོས་གྲུབ་ཐམས་ཅད ་ཉིད་ཀྱིས་གྲུབ་པའང་སྔར་བརྗོད་པའི་རིག་པས། ། སརྦ་སིདྡྷིཉྩ། མེ་ཀུ་རུ་སྭཱ་ཧཱ། ཞེས་བྱིན་ནས་རྟག་ཏུ་བཟླས་པས་འཆིང་བ་གྲོལ་བར་བྱེད་དོ།། ཡང་ན་གཙང་མར་གྱུར་པས་མཚན་ཐོག་ཐག་བཟླས་པར ་བྱཱ་སྟེ། འཆིང་བ་གྲོལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། རི་ཛུ་ཀ། ་དྷཱདྷ། ཏཱ་རེ། ཤཱནྟ་དྷརྨ་ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བ་ཞེས་བྱ་བའི་རིག་པ་སྟེ།། འདིས་མེ་དུ་ལུང་ག་དང་། དྷཱ་ལཱ་ནཱ་དང་། སོག་མེའི་མེ་ལ་སྦྱིན་སྲེག་བྱ་སྟེ། ་ཇི་སྲིད་ལོག་འདྲེན་འོང་བར་བྱེད་དེ། དེ་བརྗོད་པར་བྱའོ།། ཉི་མ་སོ་སོར་བདག་ལ་དོང་ཚེ་རེ་སྦྱིན་ནོ།། དེའང་ཟད་པར་བྱའོ།། བཅོམ་ལྡན་འདས་ཀྱི་ཞབས་ལ་རེག་ཏུ་གཞུག་པར་བྱའོ།། དེ་ནས་གྲུབ་པར་འགྱུར ་། རོ།། རྣམ་པ་གཞན་དུ་ན་མི་སྡོད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཏཱ་སཏྭཱ་ཡ། རི་ཛུ་ཀ། ་དྷརྨ་ནི་ཏྱཱ་ཏེ་ཏུཏྟཱ་རེ་ཨ་ན་བྷི་ལཱ་སྱེ། དྷརྨ་ནི་ཏྱཱ་ཏེ། ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་དྲང་པོ་ཞེས་བྱ་བའི་རིག་པ་སྟེ།། འདིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བེ་ཀཾ་ཀ་ཏའི་ཡམ་ཤིང ་གིས་མེ་སྦར་ནས། བིལ་བའི་འབྲས་བུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏེགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། འདིས་ལས་རྣམས་དཔལ་དང་ལྡན་པའམ་ཡུལ་གྱི་བདག་པོར་འགྱུར་རོ།། ་། ནམོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ཨ་གྲ་དྷརྨ་ནི་ཏྱཱ་ཏེ་ཏ་རེ། རི་ཛུ་ཀ ་དྷརྨ་ནི་ཏྱེ་ཏེ། ཏུཏྟཱ་རེ། ཨ་ན་བི་ལཱ་སྱེ། དྷརྨ་ནི་ཏྱཱ་ཏྭེ་ཏཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཆོག་ཅེས་བྱ་བའི་རིག་པ་སྟེ།། འདིས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ། ་ཀི་ཀི་རཱ་དྷའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཉི་མ་སོ་སོའམ་ཉིན་ཞག་ལ་ཚལ་བདུན་ནམ་བརྒྱད་རྙེད་དེ། ཡང་ན་དངུལ་བརྒྱ་མཐོང་ངོ་།། རིག་པ་དེ་ཉིད་ཀྱིས་འཕགས་པ་སྤྱན་རས་གཟིགས ་། དབང་ཕྱུག་གི་སྤྱན་སྔར་འོ་མ་ཅན་གྱི་ཤིང་གིས་མེ་སྦར་ནས་མར་གྱི་སྦྱིན་སྲེག་བྱའོ།། དཔལ་དང་ལྡན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ས ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། རེ་ཛུ་ཀེ་ཏཱ་རེ། ཤཱནྟེ་ཏུ་རེ། ཨ་ན་བྷི་ལཱ་སྱེ། ཏུ་རེ་སཱཧཱ། འདི་ནི་འཕགས་མ་སྒྲོལ་མ་མངོན་པར་རྗོད་པར་བྱེད་མ་ཞེས་བྱ་བའི ་རིག་པ་སྟེ། འདི་རྟག་ཏུ་བཟླས་པར་ནད་མེད་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨ་ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨ་ནིརྱཱ་ཏྱེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ངེས་པར་འབྱུང་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་འདོད་པ་ཉེ་བར་རྫོགས ་པར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ལ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀ་དྷརྨ་ཏུཏྟཱ་རེ། ཨན་བྷི། ་ལཱ་སྱེ། དྷེན་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མངོན་པར་བརྗོད་པ་བྱར་མེད་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་དགྲ་ཐམས་ཅད་ལས་མཆོག་ཏུ་རྒྱལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ ་། ཨ་མི་ཏཱབྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཾ་ཀ་སཾ་པྲདྡྷ་ཡ། ན་ཨ.ཨཱརྱ་ཨ་བ་ལོ་ཀི་ཏི་ཋཱ་ར་ལཥོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། ཤཱནྟེ་དྷརྨེ་ཏུཏྟཱ་རེ། ཤཱནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་ཞི་བའི་ཆོས་ངེས་པར་འབྱུང་མའི་རིག་པ་སྟེ། ་། རྟག་ཏུ་བཟླས་པ་སཾ་ཇི་ལྟར་འདོད་པ་བཞིན་དུ་ཐོབ་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡཽ། ཨརྷ་ཏེ། སམྱཀ་སཾ་དུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ་མ་ཧཱ་སཱཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀ་དྷརྨ། ནིརྱཱ་ཏེ། ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ་དྷརྨ་ནིརྱཱ་ཏེ། ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་དྲང་པོ་ཅན་གྱི་ཆོས་ཀྱི་མཆོག་ངེས་པར་འབྱུང་བའི་རིག་པ་སྟེ། རྟག་ཏུ་བཟླས་པས ་། དོན་ཐམས་ཅད་ཐོབ་པ་དང་། བཅོམ་ལྡན་འདས་མ་འམ། རིན་པོ་ཆེ་རྙེད་དོ།། ནེ་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱི་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ ་ཡ་མ་ཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀེ་དྷརྨ། ནིརྱཱ་ཏེ། ཏུཏྟཱ་རེ། རི་ཛུ་ཀ་དྷརྨ། ནིརྱཱ་ཏེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནོ་འཕགས་མ་སྒྲོལ་མ་ཐམས་ཅད་དྲང་པོ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སྐྱེ་བོ་ཐམས ་ཅད་དགའ་བར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་མཾ། ཨོཾཿཏ~ཾ། སམྱ་ཀ་སཾ་བུདྡྷ་བྲ་ལ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭ་ལ། མ་ཧཱ་སཏྭཱ་ཡ། ཨ་གྲི་དྷམཎིརྻ ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཕོངས་པ་ལས་སྒྲོལ་བའི་མཆོག་ཅེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སྐྱེ་བ་རྒྱུན་མི་ཆད་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། ཨ་ན་བྷི་ལཱ་སྱ་ཏཱ་རེ། ཨ་ན་བྷྲྀ་ལ་སྱེ་ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ་དྷརྨ་ནིརྱཱ ་། ཏེཏུ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཆོག་ཅེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་མཆོག་གི་འབྲས་བུ་སྟེར་རོ།། ནི་མོ་རཏྣ་ཏྲ་ཡཱ་ཡེ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ་། ནམ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཤཱནྟེ་དྷརྨེ་ཏུཏྟཱ་རེ། ཤཱནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བ་ལྡན་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ཞི་བའི ་སེམས་སྐྱེད་པར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། རི་ཛུ་ཀེ་ཏཱ་རེ། རི་ཛུ་ཀ་དྷརྨ ་ཏུཏྟཱ་རེ། རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་དྲང་པོར་ལྡན་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་དྲང་པོའི་སེམས་སྐྱེད་པར་བྱེད་དོ།། ཆོས་ཐམས་ཅད་ཅེས་བྱ་བའི་རིག་པ་འདི་རྣམ ་བཀླགས་པས་འགྲུབ་པ། བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། བདེ་བ་ཐམས་ཅད་སྦྱིན་པ། འབུམ་ཕྲག་གཅིག་བརྗོད་པས་སྔར་བརྗོད་པའི་ལས་ཐམས་ཅད་བསྒྲུབ་པར་བྱ་སྟེ། སྟོང་ཕྲག་བཅུ་བཟླས་པས ་བསོད་ནམས་འཕེལ་བར་བྱེད་པ། ། སྟོང་ཕྲག་སུམ་ཅུ་བཟླས་པས་བསོད་ནམས་དང་ལྡན་པ། འབུམ་ཕྲག་གསུམ་བཟླས་ན་མཚམས་མེད་པ་བྱས་པས་ཀྱང་འགྲུབ་པར་འགྱུར་ཏེ། མདོར་ན་མ་ནོར་བར་ཕན ་པ་སྒྲུབ་པའི་སེམས་སྦྱིན་པ། ། སྙིང་རྗེའི་བདག་ཉིད་ཅན་ཡང་ངོ་།། རྟག་ཏུ་བཟླས་པས་ནད་ཐམས་ཅད་མེད་པར་འགྱུར་རོ།། ཡམས་ཐམས་ཅད་མི་འབྱུང་ངོ་།། ཉེ་བར་འཚེ་བ་ཐམས་ཅད་འབྱུང་བར་མི ་འགྱུར་རོ། ། ཞེས་དེ་བཞིན་དུ་རྟོགས་པར་བྱའོ།། དེ་ནས་འདིའི་ཆོ་ག་ཕྱོགས་ཙམ་དུ་འགྱུར་ཏེ། འབུམ་བཟླས་པས་ལས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། འབུམ་ཕྲག་གཉིས་བཟླས་པས ་སྡིག་པ་ཟད་པར་འགྱུར་རོ། ། འབུམ་ཕྲག་གསུམ་བཟླས་པས་མཆོག་རྣམས་སྒྲུབ་པར་བྱེད་དོ།། འབུམ་ཕྲག་བཞི་བཟླས་པས་མངོན་པར་ཤེས་པ་སོ་སོར་རྙེད་དོ།། འབུམ་ཕྲག་ལྔ་བཟླས་པས་ལྷའི ་ཤེས་པ་སོ་སོར་རྙེད་དོ། ། འབུམ་ཕྲག་དྲུག་བཟླས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དོ།། འབུམ་ཕྲག་བདུན་བཟླས་པས་མངོན་པར་ཤེས་པ་ལྔར་འགྱུར་རོ།། འབུམ་ཕྲག་བཅུ་བཟླས་པས་རྒྱལ་སྲིད་ཆེན ་པོ་སོ་སོར་རྙེད་དོ། ། འབུམ་ཕྲག་བཅུ་གཅིག་བཟླས་པས་རིག་པ་འཛིན་པར་འགྱུར་རོ།། དེ་ནས་མིག་སྨན་ལྡོང་རོས་ཨ་ཤཏྠའི་འདབ་མ་བདུན་གྱི་ནང་དུ་གཏུམས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་སྲིད་དྲོ་བ ་དང་དུ་བ་འཐུལ་བ་དང་། འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ལ་དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ།། དུ་བ་འཐུལ་བས་ནི་མི་སྣང་བའོ།། འབར་བས་ནི་ནམ་མཁའ་ལ་འགྲོའོ།། མར་གྱི་སྲེག་བླུགས་འབུམ ་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་སྦྱིན་པར་བྱེད་དོ། ། འབུམ་ཕྲག་བཅུ་གསུམ་བཟླས་པར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ངོ་།། དེ་མཐོང་ནས་གང་ཚོལ་བ་དེ་རྙེད ་དོ། ། ཙན་དན་དཀར་པོའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཚིག་གམ་ཞབས་འཆིང་བ་ཐོབ་ཅིང་ཡུལ་གྱི་བདག་པོར་འགྱུར་རོ།། ཨ་ཀ་རུ་ནག་པོའི་ཡམ་ཤིང་གི་སྦྱིན་སྲེག་འབུམ་བྱའོ།། རྒྱལ ་པོ་དབང་དུ་འགྱུར་རོ། ། རྒྱ་ཆེན་པོ་རྙེད་དོ།། ཙན་དན་དམར་པོའི་ཡམ་ཤིང་གི་སྦྱིན་སྲེག་འབུམ་བྱའོ།། གྲུབ་པ་ཐམས་ཅད་ལ་གྲོང་སྟོང་ཕྲག་བསྡུས་པ་རྙེད་དོ།། བྱང་ཆུབ་ཤིང་གི་འོག་ཏུ་འབུམ ་ཕྲག་བདུན་བཟླས་པར་བྱའོ། ། བཅུད་དང་བཅུད་ཀྱིས་ལེན་རྣམས་རྙེད་དོ།། ཟོས་པས་སྐྲ་དཀར་དང་གཉེར་མ་སྤངས་པར་འགྱུར་རོ།། རྟག་ཏུ་བཟླས་པས་བྱ་རྒོད་སེལ་བར་བྱེད་དོ།། འབུམ་ཕྲག་གཉིས ་བཟླས་པས་རྒྱལ་པོའི་བཙུན་མོ་མཆོག་དང་རྣམ་པར་འཕྲལ་བར་བྱེད་དོ། ། ཡུངས་ཀར་རྒྱལ་པོས་རྟག་ཏུ་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ།། ཏིལ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ།། ་རྟག་ཏུ་ནོར་རྙེད་དོ།། གསོ་སྦྱོང་ཅན་གྱིས་འབུམ་བཟླས་པར་བྱའོ།། བཟའ་བ་དང་བཏུང་བ་ཞིམ་པོ་འབྱུང་བར་འགྱུར་རོ།། ཨརྒའི་ཡམ་ཤིང་གི་སྦྱིན་སྲེག་འབུམ་བྱའོ།། གསེར་བརྒྱ་རྙེད་དོ།། པི་ཎྱ་ཀཾ་གི་སྦྱིན་སྲེག ་བྱའོ། ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཡིད་ལ་བྱས་ནས་བཟླས་པ་བྱ་སྟེ།། རྟག་ཏུ་བཟླས་པས་ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུང་བ་ཐམས་ཅད་དང་། ཉེ་བར་འཚེ་བ་དང་། འཇིགས་པ ་ཐམས་ཅད་འཇོམས་པར་བྱེད་དོ། ། གུ་གུལ་གྱི་རིལ་བུ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ནོར་འབྱུང་བར་འགྱུར་རོ།། འབུམ་ཕྲག་གསུམ་གྱིས་རྒྱལ་སྲིད་རྙེད་དོ།། རྒྱུ་སྐར་གྱིས་གནོད་པ་ལ ་འོ་མ་དང་ཕན་ཚུན་བསྲེས་པའི་ཞོའི་སྦྱིན་སྲེག་བྱ་སྟེ་ཞི་བར་འགྱུར་རོ། ། བདག་ཉིད་དམ་གཞན་གྱིས་སྣ་མའི་མེ་ཏོག་གི་སྦྱིན་སྲེག་གིས་རྒྱལ་པོ་དབང་དུ་བྱེད་པར་འགྱུར་རོ།། དུར་བའི་མྱུ་གུས་སྦྱིན་སྲེག་བྱ་སྟེ་ཞི་བར་འགྱུར་རོ།། ་བདག་དང་གཞན་གྱིས་རྒྱས་པར་འདོད་ན་ཏིལ་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་བྱའོ།། ནོར་ཆེན་པོ་ཐོབ་པར་འགྱུར་རོ།། བཱ་ལ་དང་སོ་སོ་ལ་ཀ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས།། འབྱུང་པོའི་ཉེ་བར ་འཚེ་བས་བཏབ་པའི་སེམས་ཅན་ཐམས་ཅད་ལ་སྟོན་དུ་གཞུག་པར་བྱའོ། ། མཐོང་བ་ལས་རང་གནས་འགྲོའོ།། མིག་ལ་བརྒྱད་བརྒྱར་བཟླས་ན་དང་པོ་གང་མཐོང་བ་དེ་དབང་དུ་འགྱུར་རོ།། ཆུ་ལ་ཡོངས་སུ་བཟླས་ནས ་གདོང་བཀྲུ་བར་བྱ་སྟེ། ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། བྱ་རོག་མ་འཕུར་བ་ལ་རྟག་ཏུ་བཟླས་པས་གང་འདོད་པ་དེ་རྙེད་དོ།། ཆུ་ལ་ལན་བདུན་མངོན་པར་བསྔགས་པའི་ཁྱོར་ཆུ་ཉི་མ་སོ་སོར་ཐོ་རངས་བཏུང་བར་བྱའོ།། ་ནད་མེད་པར་འགྱུར་རོ།། དེ་ནས་བུད་མེད་དབང་དུ་བྱ་བར་འདོད་པས་ལན་ཚྭ་ལས་བྱས་པའི་གཟུགས་བརྙན་བྱས་ནས་རྐང་པ་གཡོན་པས་མནན་ཏེ། སྤྱི་བོར་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ།། ་ཞེས་པ་སྒྲུབ་ཐབས་ཀྱི་གྲུབ་པ་དང་།། ཡིད་ལ་གྲུབ་པའི་དོན་ཐམས་ཅད་སྒྲུབ་པ་འདི་རྣམས་སད་པའི་རྒྱུར་ཡང་རབ་ཏུ་སྦྱར་བར་བྱའོ།། དེ་བཞིན་དུ་ཡང་འདིར་ཕྱོགས་ཅུང་ཟད་ཙམ་ཞིག་བྱས་པ་ལས་སྒྲུབ་ཐབས་ཀྱི་ཉེ་བར་སྦྱོར ་བའི་ཁྱད་པར་གྱི་སྟོབས་སུ་འགྱུར་བར་བྱའོ། ། ཚིགས་སུ་བཅད་པའི་དབྱངས་ཙམ་གྱིས།། སྒྲུབ་པའི་ཡང་དག་དངོས་གྲུབ་སྦྱོང་།། ཤིན་ཏུ་སྟོང་མིན་གང་བ་མིན།། བཟའ་བ་ཀུན་ནས་སྦྱིན ་པར་བྱ། ། ཚ་བ་མངར་སྦྱར་ལ་སོགས་པའི།། རོ་ལས་ཡུལ་བྲལ་ལྔ་ལ་ཡང་།། སྲེད་པ་ལྡན་པས་རོ་ལ་ནི།། སྲེད་པ་གང་ཕྱིར་སྐྱེ་བར་འགྱུར།། སྲེད་པས་བཟླས་དང་སྦྱིན་སྲེག་སོགས།། འདིར་ནི་ཅུང་ཟད་བརྩམ ་མི་བྱ། ། འདིར་སྤྲོ་འདིར་ནི་རྣམ་པར་ཤེས།། ལག་པ་བལྡག་ལ་སོགས་བརྗོད་པ།། དོར་བར་བྱའམ་དོར་བྱ་མིན།། ནང་དུ་གཡོག་པོའི་ལྷ་རྣམས་ནི།། ཕུར་བུ་གནས་པར་ཡོངས་བརྟག་བྱ།། ལྷ་རྣམས་ཀྱི ་ནི་ཁང་པའམ། ། ཁང་སྟོང་དང་ནི་ཕུག་གི་ནང་།། ཤིང་གཅིག་གམ་ནི་དུར་ཁྲོད་དང་།། རི་བོ་དང་ནི་ཚང་ཚིང་དུ།། བཟླས་དང་སྦྱིན་སྲེག་སྒྲུབ་པ་ཡང་།། རྩེ་གཅིག་ཡིད་ཀྱིས་བྱ་བ་ཡིན།། མ་དག་མ་དག ་ཀུན་དག་ལ། ། དག་པ་རྣམ་པར་སྦྱོང་བ་ཡིན།། གཉིས་ཀ་ཡིས་ཀྱང་གཉིས་ཀ་ལ། དངོས་གྲུབ་སྨྲ་བས་བསྒྲུབ་པར་བྱ།། གང་ཡང་རོ་ཡི་སྲད་བུ་དང་།། ལྷག་མ་དེ་ནས་འགོངས་པ་དང་།། ཟླ་མཚན ་ལྡན་པས་ཀུན་ཏུ་རེག། གདོལ་པའི་སྐྱེ་བོས་བསྐོལ་བ་ཡང་།། རུལ་པའི་དྲི་དང་སླར་ཡང་འབྱུང་།། ལེགས་བྱས་འདོད་པས་སྦྱིན་པར་བྱ།། ལྷ་རྣམས་ཆེད་དུ་བསྙེན་པ་ལས།། དེ་ལྟ་ལ་སོགས་ཡོན་ཏན ་ལྡན། ། ཟས་སམ་མལ་སྟན་ལ་སོགས་པ།། སྒྲུབ་པོ་རང་གིས་བླངས་པའམ།། མིན་པ་ཉིད་ནི་བསྙེན་པར་བྱ།། བཏུང་བ་ལྡན་པས་གནས་དང་དགའ།། སྐྱེ་བོ་ངན་པའི་སེམས་ཅན་བཅས།། ཕྱི་རུ་ཀུན་ཏུ ་བརྟགས་པས་བླངས། ། མཚམས་མེད་ལྔ་པོ་བྱེད་པ་པོ།། ནད་དང་འབྱུང་ཆེན་བྱེད་པ་དང་། མེད་པའམ་ཡང་ན་མང་ནའང་།། ཟས་དང་ལེ་ལོས་བཅོམ་པ་དང་།། དགེ་འདུན་འཁུ་དང་ངོ་ཚ་མེད།། སེར་སྣ་ལྷུར ་ལེན་མཚོན་གྱི་འབུགས། ། རྟག་ཏུ་ལོག་པར་ལྟ་བ་གཞན།། དེ་ལ་སོགས་པའི་ཡོན་ཏན་ལྡན།། ཀུན་ཏུ་གསུངས་པ་མཛེས་པའོ།། དུས་མིན་ཁྲུས་ནི་མི་ནུས་ན།། རང་གིས་ནུས་པ་མ་ཡིན་པ།། རང་གི་རླུང་ནི་མཆོག ་ཏུ་བསྒྲགས། ། དུས་གསུམ་མིན་པར་དེ་ཡོད་པ།། གཅིག་ཏུ་ཐེག་གསུམ་བྲལ་བ་དང་།། ཁྲུས་ཉེས་པ་དང་ཆུ་བོའི་ནང་།། ཉེས་པ་གསུམ་ཞེས་བྱ་བ་འཇོམས།། ཁྲུས་ནི་མཆོག་ཏུ་རབ་ཏུ་བསྒྲགས།། དེ་ཕྱིར་དུས་ཀྱང ་ཀུན་བསམས་ནས། ། མེ་དེས་སམ་ནི་དེ་ནས་ཀྱང་།། ཆུ་ཡིས་ཁྲུས་ནི་དངོས་གྲུབ་ཀུན།། སྒྲུབ་པ་པོ་ལ་བསྟན་པ་ཡིན།། དེ་ནས་ཀུན་ཏུ་ནད་པ་ལས།། གསང་བའི་སྔགས་ཀྱི་ཁྲུས་རྣམས་ནི།། རབ་ཏུ་བསྒྲགས་པར་གྱུར་པ། ་ཡིན།། ཡང་འདིར་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ།། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། བུདྡྷ་ཤུ་རྩི། དྷརྨ་ཤུ་ཙི། སཾ་གྷ་ཤུ་ཙི། ཨ་ནེ་ན་པརྱ། བཱ་ཀྱེ་ན། ཨ་ཤུ་ཙི་ཤུ་ཙ་ར། བྷ་བཱ་མི་སཱཧཱ། ་སྔགས་འདིས་ཆུ་ལ་ལན་ཅིག་ཡོངས་སུ་བཟླས་ནས་བཀྲུ་བར་བྱའོ།། སྔོན་དུ་བསྙེན་པ་དང་། སྒྲུབ་པའི་དུས་སུ་དང་། ནད་པའི་སྔགས་འདི་ཁྲུས་བྱས་པས་གཙང་མར་འགྱུར་རོ།། མཚན་མོའི་སྣོད་དུ་ཐུན་གསུམ་དུ་དམ་པའི ་ཆོས་ཀྱི་ཁ་ཏོན་ལ་སོགས་པ་རྣམས་ཀྱིས་དུབ་པས་མཚན་མོའི་གུང་ལ་ཀུ་ཤ་ལ་སོགས་པའི་སྟན་ལ་གཙང་སྦྲ་དང་། སྲུང་བའི་ཆོ་ག་དང་། ཕྱག་རྒྱས་ཡོངས་སུ་བརྟགས་ཏེ་སྒྲུབ་པའི་ཐབས་ཀྱི་ཆོ་ག་བྱའོ།། དེའི་ཚེ་བསྲུང ་བ་བྱས་པར་འགྱུར་རོ། ། སེང་གེའི་མལ་དུ་སྒྲུབ་པ་པོས་རྟག་ཏུ་སེང་གེའི་སྟབས་ཀྱིས་ལྷོ་འམ་ཤར་གྱི་ཕྱོགས་སུ་མགོ་བོ་བསྟན་ནས་རྨི་ལམ་དུ་མེ་ཞི་བ་ཅན་ནམ་རྒྱས་པ་ཅན་གྱི་སྦྱིན་སྲེག་གལ་ཏེ ་གྱུར་ན། ། ཤར་དང་ལྷོའི་ལྷོ་རུ་ཀུན་ཏུ་གནས་ནས་རྐང་པ་རབ་ཏུ་བརྐྱང་བར་བྱའོ།། ནུབ་ཀྱི་ཕྱོགས་སུ་མགོ་བོ་བྱས་ནས་ལྷོའི་ཕྱོགས་སུ་ཁ་བལྟས་ལ་ཉལ་བར་བྱའོ།། རིག་པ་རྣམས་དང་ཡང་དག་པར་ལྡན་པས་གང ་ཡང་ཙན་དན་དང་། བིལ་བ་ལ་སོགས་པ་དང་།། ནྱ་གྲོ་དྷ་དང་། ཨུ་དུམ་པ་ར་ལ་སོགས་པ་རྨི་ལམ་དུ་མཐོང་ན། བདག་ཉིད་ཡང་དག་པར་འཕགས་པའི་དངོས་གྲུབ་ཀྱི་མཚན་མའོ།། ངང་པ་དང་། བྱ་ཀ་རཎྜ་བ་དང་། ་ཁྲུང་ཁྲུང་དང་། རྨ་བྱ་དང་། བྱ་རོ་ཧ་ན་རྨི་ལམ་དུ་བྱུང་ན་དེའི་དངོས་གྲུབ་མྱུར་དུ་བདག་ལ་འབྱུང་བར་འགྱུར་རོ།། གོས་དཀར་པོ་དང་མཉམ་པར་ཀུན་ཏུ་སྟོན་པ་འདི་ཡང་བདག་ཉིད་ཀྱང་གང་གི་ཚེ་འཕེལ་བར་མཐོང་ན་གདོན་མི་ཟ ་བར་དངོས་གྲུབ་འབྱུང་བར་འགྱུར་རོ། ། རྒྱལ་མཚན་གྱི་འཕྲེང་བས་ཁྱབ་པ་དང་། རྨི་ལམ་དུ་ཁང་བཟང་ལ་འཛེགས་པའམ། མནན་པ་ལ་སོགས་པ་བྱུང་ན་དངོས་གྲུབ་ཀྱི་མཚན་ཉིད་དེ། གྲུ་ལ་མངོན་པར་འཛེགས་པ་དང་། ་དེ་བཞིན་དུ་དེའི་པི་ཝང་འཛིན་པའོ།། རྒྱལ་མཚན་དང་ཁྱི་ལ་སོགས་པ་རྨི་ལམ་དུ་རེག་པ་བྱུང་བ་དང་། ཆུ་དང་ཏིལ་མར་གྱིས་རེག་པ་ཡང་དག་པར་གྲུབ་པའི་མཚན་ཉིད་དོ།། རྨི་ལམ་དུ་བོང་དུ་དང་།། རྔ་མོ་དང་། ་ཤིང་རྟ་ལ་སོགས་པ་རྣམས་མཐོང་བའམ། རེག་པ་ལ་སོགས་པ་ནི་དངོས་གྲུབ་ལ་བར་དུ་གཅོད་པར་ཤེས་པར་བྱའོ།། ངེས་པར་ཡང་འདོད་དོ།། དེ་ལ་སོགས་པའི་ཡོན་ཏན་ལྡན།། དགེ་བའི་ལས་དང ་དགེ་ལས་གཞན། ། དེ་རྣམས་ཐམས་ཅད་སྒྲུབ་པ་ནི།། དེ་ཕྱིར་རྨི་ལམ་ཤེས་ནས་བྱ།། རྨི་ལམ་སྲུང་དང་ཕྱག་རྒྱ་ནི།། ཕན་ཚུན་ཉིད་དུ་རིག་པ་འཛིན།། བགེགས་རྣམས་རྟག་ཏུ་གཉིད་ལོག་བྱེད།། རྣམ ་པར་གཞོམ་བྱ་རྣམ་འཇོམས་པ། ། ཡང་དག་གཉེར་ནས་དེ་ཡི་ཕྱིར།། བཟླས་དང་སྦྱིན་སྲེག་ལ་སོགས་ཀུན།། སྔར་བརྗོད་བསྲུང་བ་སྦྱར་བར་བྱ།། སྲུང་བའི་ཆོ་གའི་དབྱེ་བ་ལས།། དེ་འདིས་ཡང་དག་འགྲུབ ་པར་འདོད། ། མཁའ་ལ་རྒྱུ་བའི་ལྷ་གནོད་སྦྱིན།། རང་གྲུབ་ཡི་དགས་སྲིན་པོ་དང་།། ཀུན་ཏུ་རྒྱུ་བྱེད་རྣམ་འཇོམས་ཕྱིར།། རང་གི་གནས་དང་སེམས་ཀུན་གཡོ།། དེ་ཕྱིར་ཐོག་མ་ནས་བྱ་བ།། བདག ་ཉིད་སྲུང་དང་མཚན་མ་ནི། ། ཉེ་བར་མཚོན་པ་ལ་སོགས་པ།། སྒྲུབ་པ་ཀུན་གྱི་ཚེ་ན་འགྱུར།། མཚན་མ་མེད་པར་གྱུར་ན་ནི།། བགེགས་དེ་ལས་འབྲས་སྐྱེ་བ་ལ།། ཁྱི་ནི་གཡོན་ནས་འབྱིན་པ་དང་།། ་བ་ལང་སྦྱིན་དང་མཛེས་པ་ཡི།། འདབ་བརྒྱ་ཅན་དང་རྣ་བ་ཅན།། རི་དགས་ཅེ་སྤྱང་བྱ་རོག་དང་།། ཁྱིམ་གྱི་ཕག་པ་དེ་བཞིན་ཉིད།། རྩངས་པ་གདུགས་དང་རྒྱལ་མཚན་དང་།། བ་དན་ལ་སོགས་ཐམས་ཅད ་ནས། ། གཙོ་བོར་བརྗོད་བྱ་དགེ་བའོ།། དགེ་བ་ལ་སོགས་རིག་པ་ཡིས།། མི་དགེ་བ་ཡིས་མི་དགེ་ལ།། དེ་བཞིན་མཆོག་དང་མཆོག་མིན་དབྱེ།། ཤེས་ནས་དང་པོར་སྦྱང་བར་བྱ།། བིལ་བ་ཨརྒའི་མེ་ཏོག་ནི།། ་མིན་ཉིད་འདོད་དང་ཨ་རམ་པ།། ཁྱད་པར་ལས་ནི་དེ་བྱིན་ཅིག། བློ་ལྡན་སྔགས་པས་ལས་ཀུན་ལ།། མེ་ཐབ་རྣམ་པ་གསུམ་བྱའོ།། ལྷོ་རུ་མངོན་པར་ཁ་ཕྱོགས་པར།། གྱུར་པའི་ཧཱུཾ་ཕཊ་ཡི་གེ་ནི།། སྭཱ་ཧཱའི་གནས ་སུ་གཞག་པར་བྱ། ། ཡིད་ཀྱིས་ཀུན་ཏུ་བསམས་ནས་བྱ།། མངོན་སྤྱོད་ཆོ་ག་ལ་ཅིག་ཤོས།། མངོན་སྤྱོད་ཅན་གྱི་ཆོ་གས་བྱ།། བྱང་དུ་མངོན་པར་ཕྱོགས་གྱུར་ནས།། སྭཱ་ཧཱའི་ཡི་གེ་དང ་ལྡན་བཟླས། ། ཡིད་ཀྱིས་བསམས་ནས་ཞི་བ་བྱ།། དགེ་བ་མངོན་པར་མཛེས་པ་ཅན།། ཤར་དུ་ཁ་བལྟས་ཉིད་ཀྱིས་བྱ།། ཞི་བ་ཅན་དང་རྒྱས་པ་ཅན།། བྱེ་བྲག་ཏུ་ནི་བརྗོད་བྱ་སྟེ།། འོག་ཏུ་ཁ་བལྟས་བྱས་ནས ་ཀྱང་། ། རྒྱས་པ་ཉིད་ལ་རབ་སྦྱར་བྱ།། མངོན་སྤྱོད་སྟན་ལ་སྐྱིལ་ཀྲུང་སྟེ།། ཞི་དང་རྒྱས་པ་ཅན་བརྗོད་པའང་།། རང་གི་སྟན་ལ་ཙོག་པུར་བརྗོད།། མི་དགེའི་ལས་ཀྱི་ཀུན་སྤྱོད་ནི།། སྐྲ་དང་སེན་མོར་བརྗོད་པ ་བཅིང་བར་མི་བྱ་གང་གི་ཕྱིར། ། གལ་ཏེ་སྒྲུབ་པོ་ཚངས་སྤྱོད་དང་།། ལྡན་གྱུར་དེ་ཚེ་ཉེས་པ་མེད།། བཟླས་དང་སྦྱིན་སྲེག་སོགས་བྱ་ལ།། འཐབ་མོ་འབྱུང་བར་མི་འགྱུར་རོ།། ཡོངས་སུ་དག་པར་བྱ་བཞིན་པའི། ་སྐྲ་རྣམས་མཁས་པས་ཚུལ་དེ་ཉིད།། སྤུ་གྲིས་སྐྲ་ནི་བྲེག་པར་བྱ།། བསག་པར་བྱ་བ་ཡང་མ་ཡིན།། དངོས་གྲུབ་འདོད་པས་གནས་པ་ནི།། ལྷ་རྣམས་མཆོད་པར་ཡོངས་སུ་བསྒྲགས།། འདོད ་པོའང་མིན་ཡང་སྟོབས་བསགས་པ། ། དེ་ཉིད་ཕྱིར་ཡང་ཉེས་བཅུས་འགྱུར།། སེན་མོའང་ཡོངས་སུ་འཆང་བ་དང་།། དེ་བཞིན་སོ་དང་སྤུ་ལ་སོགས།། དྲི་མ་ཉིད་ནི་བཅང་མི་བྱ།། ཤིག་ལ་སོགས ་པརང་སྐྱེས་པ། ། དེ་ལས་སྲོ་མ་ལ་སོགས་འབྱུང་།། ཁྲོན་པ་དེ་ནི་བལྟ་མི་བྱ།། སྣང་བྱེད་གཟས་ཟིན་གནས་པ་ན།། དེ་བཞིན་གཤེགས་པའི་ཐེག་པ་ནི།། དངོས་གྲུབ་འདོད་པས་ཉམས་མི་བྱ།། ལྷ ་རྣམས་མཆོད་པའི་དུས་སུ་ཡང་། ། ཟས་མངོན་མ་གྱུར་ལྷ་རྣམས་ལ།། ཤེས་རབ་ཅན་གྱིས་མཆོད་མི་བྱ།། གལ་ཏེ་གཞན་དུ་བླ་མའི་བཀའི།། དམ་ཚིག་ལས་ནི་འདས་པར་འགྱུར།། སྔོན་དུས་ཆོས་རྣམས་ཐམས ་ཅད་ནི། ། ཉན་པ་སོགས་ཀྱིས་མཆོད་པར་འགྱུར།། རིག་པས་གཟུགས་ནི་སྤྲོས་ནས་ནི།། བསྟོད་པ་ཉིད་དང་བསྔགས་པར་བྱ།། དེ་ནས་གཅིག་ཏུ་བསམས་དམིགས་བྱ།། བརྗོད་པའི་རིམ་པས་རང་ཉིད་ཀྱིས།། ་ཚིག་འདི་ཁ་ནས་སྨྲ་བར་བྱ།། སངས་རྒྱས་དང་ནི་བྱང་ཆུབ་སེམས།། རྫུ་འཕྲུལ་ཆེ་ལྡན་སྲིད་པ་ཡི།། རྒྱ་མཚོ་འདི་ལ་དགོངས་སུ་གསོལ།། ཞེས་པ་ཉིད་ནི་སླར་བརྗོད་ནས།། རྨི་ལམ་རྟག་ཏུ་ཉི་མ་ཡི།། ཐོ་རངས ་ཡང་རབ་བསྔགས་འགྱུར། ། མར་གྱི་སྦྱིན་སྲེག་ཧྭགས་སྦྲང་རྩི།། དོན་མེད་མངོན་པར་བཟླས་བྱེད་པ།། སྦྱིན་སྲེག་མངོན་པར་མཛེས་པ་ནི།། བགེགས་གཞོམ་དོན་དུ་བརྗོད་པར་བྱ།། སོ་སོར་དགག་པའི་དོན་གྱི་ཕྱིར།། ་ཞི་བའི་སེམས་ནི་བསྔགས་པ་སྟེ།། དངོས་གྲུབ་འདོད་པའི་དོན་དུ་བྱ།། རྒྱས་པ་ཅན་ཡང་བཤད་བྱ་སྟེ།། དེ་བཞིན་ཀུན་ཏུ་ཡང་དག་བསམས།། སྒྲུབ་པོས་ལེགས་པར་བསྒྲུབ་པར་བྱ།། དེ་ནས་མཛེས་པའི ་སྦྱིན་སྲེག་ནི། ། རྟག་ཏུ་འབད་པས་བྱ་བ་ཡིན།། ངེས་པ་ཁོ་ནས་རྫུ་འཕྲུལ་འགྱུར།། སྐྱེ་བ་འདི་ཡི་དབང་སྐུར་དོན།། བིལ་བ་མྱ་ངན་མེད་ལ་སོགས།། རབ་བརྗོད་པ་ལ་ཤ་དང་ནི།། ཨ་ཤྭཏྠ་དང་བཛྲ་ཀཱ། ་རྒྱས་པ་ཅན་ལ་སྦྱིན་སྲེག་ཀུན།། དེ་ཡི་ཡམ་ཤིང་བྱ་བ་ནི།། ཨུ་དུམ་ཝ་ར་ནྱ་གྲོ་དྷ།། ཨ་ཤཏྠ་དང་འོ་མར་བཅས།། གང་ཡང་ཞི་ལ་གྲགས་པ་ཉིད།། ལས་རྣམས་ཀུན་ལ་ཡམ་ཤིང་དོན།། སྒྲུབ་པ་སེང་ལྡེང ་ཨ་རིཥྚ། ། ནིམ་པ་དང་ནི་ཚེར་ཅན་བཤད།། དེ་བཞིན་གཞན་དུ་མངོན་མཛེས་པ།། ཡང་དག་སྒྲུབ་བྱེད་ཐེ་ཚོམ་མེད།། བ་བླ་མིག་སྨན་ལ་སོགས་པ།། རྫས་རྣམས་སྒྲུབ་པ་ལ ་ཡང་ནི། བ་བྱུང་ལྔ་ཡི་གཙང་སྦྲ་དང་།། དེ་ཚེ་རིག་པ་ལྡན་པ་ཡིས།། ཡང་ན་ལྷ་ཡི་ཆུ་ལ་ནི།། དྲི་ཞིམ་དྲི་སོགས་ཡང་དག་སྡོམ།། ཨུ་དུམ་ཝ་ར་ཤེར་འདབ་བསམ།། ཡང་ན་ཨ་ཤྭཏྠ་ལས་བྱུང་།། ་། མེ་ཏོག་ཅན་གྱི་སྔགས་ཀྱི་ནང་།། བླ་ན་ཏྲཻ་འམ་བཤོལ་ལྡན་ལ།། ཡོངས་སུ་སྲུང་བའི་ཆོ་ག་ནི།། བྱས་ནས་ཆོ་ག་ལས་བསྒྲུབ་བྱ།། གསོ་སྦྱོང་ཅན་གྱིས་ཇི་སྲིད་དུ།། འཆར་བ་འབྱུང་བ་དེ་སྲིད་དུ།། ངེས ་པར་སྒྲུབ་བམ་མུག་འདི་ནི། ། ཉེ་བར་བླང་ཕྱིར་བླང་བར་བྱ།། བར་སྐབས་འདིར་བདག་ཉིད་ལ་དགོངས་སུ་གསོལ།། ཞེས་པ་ནི་སྲོག་ཆགས་ཐམས་ཅད་གསོད་པ་དང་།། རྟག་ཏུ་གཞན་གྱི་ནོར་ཕྲོག་པ་ལས ་ཀྱང་མི་ཚངས་པར་སྤྱོད་པ་ལས་དང་། ། ལག་ཏུ་བྱིན་པ་ཉིད་ལས་ཀྱང་རྟག་ཏུ་མྱོས་བྱེད་འཐུང་བ་དང་། སྐྱེ་བོ་རྣམས་ཕན་ཚུན་གཉིས་འཐབ་པར་བྱེད་པ་རིམ་པ་གང་ལས་འཕྲེང་བ་དང་།། ཁ་དོག་དང་། ་གར་གྱི་དོན་དང་། རོལ་པ་དང་། དྲེགས་པ་དང་། མལ་སྟན་ཆེན་པོ་དང་། མཐོན་པོ་ཅན་ལས་ལོག་སྟེ། གང་ད་ལྷ་དགྲ་བཅོམ་པ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང་ལྡན་པར་འགྱུར་བའོ།། ། ་བསྡུ་བར་བྱའོ་ཞེས་བརྗོད་པར་བྱ་བ་ཡོད་པ་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུའང་མགྲོན་དུ་གཉེར་བར་བྱའོ།། ཞེས་བརྗོད་ནས་བྱང་ཆུབ་ཀྱི་སེམས་ཀྱིས་བསྡུ་བར་བྱའོ།། རྟག་ཏུ་དཀོན་མཆོག ་གི་རང་བཞིན་གྱི་སྐྱབས་འགྲོ་སྔོན་དུ་འགྲོ་བས་ཡང་དག་པར་བསྐྱེད་ནས། སྒྲུབ་པ་པོ་རིམ་པ་འདིས་ཐམས་ཅད་མཚམས་སྦྱར་ནས་བསྒྲུབ་པར་བྱའོ་ཞེས་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ།། སུ་བྷ་གེ་ཏཱ་ར། དནྟེ་ཏུ་ཏཱ་རེ། ཨ་བེ་བརྟི་ཀེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐལ ་བ་དང་བཅས་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སུ་ག་ཏ་དྷརྨ་ཏཱ་རེ། དཱནྟ་དྷརྨ་ཏུཏྟཱ་རེ། ཨ་བཻ་བིརྟ་ཀ་དྷརྨ་ཀྵཱནྟི། ཀ་དྷརྨེ་ཏུ་རེ་སཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་སྦྱིན་པ་ཞེས་བྱ་བ་ཕྱིར ་མི་ལྡོག་པ་ཅན་གྱི་རིག་པ་སྟེ། རྟག་ཏུ་བཟླས་པས་གོས་ཀྱི་རྙེད་པ་འབྱུང་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཽ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ ་གི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སུ་ཁ་དྷརྨ་ནིཪྻེ་ཏེ། ཏཱ་རེ། དཱནྟ་དྷརྨ་ནིཪྴི་ཏེ། དཱནྟ་དྷརྨ་ནིརྱཱ་ཏེ་དུདྷ་རེ། ཨ་བཾ་བརྟི་ཀ། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ནོར་ཐམས ་ཅད་བདེ་བླག་ཏུ་སྦྱིན་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་གདུག་པ་ཐམས་ཅད་རེངས་པར་བྱེད་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ ་ནགྶ་ས་མྱལ་བའོག་ཀྵི་ཤཱས། ཥྚས།། ག་ར་གྶན། འདོན་འདགས་མ་སྒོམམས་ནནམ་ཀྱི ་། རག་ཏུ་མཟས་པས་ཀྱི་འརྗོར་པར་གྱུར་རོ།། ནམ་མ་ཁྱེནས། སེཾ་ཨཱཿ། ལྐུག་། ཨཱཿས་རྦ། ནམ་རྒྱམ ་ཤཱརཱ་མ། བོ་དྷ་སཏྭཱ་མ། མཎྜ་སཏྭཱ་ཡ། པྲདྡྷེ་ཎྜི་སུག་ཏམ་བྷ་རེ། དཱ་ཏྱཱ་མ་ནནྟེ་དྷེ་ཏྱདྡྷ་རེ། ཨ་ཧེ་འཇི་ག་མ་ཏུ་ར་སྭཱཿ། འདི་མི་འཕགས་མ་སྒྲོལ་མའི་སངས་རྒྱས་ཀྱིས་དུལ་བཞེས ་། ཏུགགས་པས་འདྲེས་ན་འཕེལ་བར་འབྱུང་འགྱུརརོ།། ། མོ་མ་། ནམ་མྦྷལ ་8མ། ཨོཾ་དྷིསདྡྷ། མཧཱས། བེན་ཧཱུཾ། ནི་དུན་དྷམཱ་ནི་ཙྪིཿཏྲཱཿ8། མ་ཧཱ་ཧྲཱིདྷི། དྷམ་ནི་པྲེ་རེ་སཿ། འདོན་ལགས་མ་སྒྲོལ་མ་སངས་རྒྱས་ཅན་མཉེས་བྱ་པའི་རིག་པ། ་ས་ར་མ་ནས་བ་། ན། མ་མ་ས ་ཨམ། མ་ར། རྒྱ་མི་མམ་མཿ། འཛིན་འཕགསས་རྒྱལ་སེས་རྒྱས་ཀྱི་འི་ཐོས་མཤེས་ཀྱ་། མ་ཐ་མངས་པབསམཁས་འརྣམས་ལ། ་བྱེད་དོ།། ན་མོ་རཏྣ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། སུ་ཁ་དེ་བ་ཏཱ་རེ། སུ་ཁ་དྷརྨེ་ཏུཏྟ་རེ། སུ་འ ་། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་དང་ལྡན་མ་ཞེས་བྱ་བ་རི་རིག་པ་སྟེ། རྟག་ཏུ་བཟླས་པས་ནས་འཕེལ་བསྐྱེད་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཿ ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ནེ་ཏཱ་རེ་དཱནྟ་དྷརྨ་ནིརྱཱ་ཏེ། ཏཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྦྲེལ་མ་མ་དུལ་བ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས ་པས་དགྲ་ཐམས་ཅད་འདུལ་བར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱེ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ནནྟ་ཧཱ་རེ། ་དེབྱེ་ཏུཏྟཱ་རེ་ཨ་ནུཏྤནྟ་ཀེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཐའ་ཡས་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་བསོད་ནམས་མཐའ་ཡས་པ་སྐྱེ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱཾ་ཡ། ན་མོ་ཨ་མི་ཏཱ ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བྲདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ཨ་ནནྟ་དྷརྨ་ཏཱ་རེ། དི་བྱེ་དྷརྨེ་ཏུཏྟཱ་རེ་ཨ་ནུཏྤནྟི་ཀ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་མཐའ ་ཡས་ཤིང་མུ་མེད་ཞེས་བྱ་བ་སྟེ། རྟག་ཏུ་བཟླས་པས་མཐའ་ཡས་པའི་བསོད་ནམས་སྐྱེ་བར་བྱེད་དོ།། ནེ་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། ས་མྱཀ་ས་བུདྡྷ་ཡཾ། ན་མ་ཨཱདྱས་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ནེནྟེ་ཏཱ་རེ་ཨ་ནན་དྷརྨ་ཏུཏྟཱ་རེ། ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཐའ་ཡས་པ་ཐོབ་པ་ཞེས་བྱ་བའི་རིག་པ ་སྟེ། རྟག་ཏུ་བཟླས་པས་ནོར་ཐོབ་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་ས་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ ་སཏྭཱ་ཡ། ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏཱ་རེ། དི་བྱེ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་ནུཏྶནྟི་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཐའ་ཡས་པ་ཅན་དུ་བསྐྱེད་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས ་། འཁྱིམ་གྱི་འབྱོར་པ་མཐའ་ཡས་པར་འགྱུར་རོ།། ནི་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨེ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭ་ཡ། ་མཧཱ་སཏྭཱ5། སིདྡྷི་ཏཱ་རེ། སིདྡྷ་དྷ་མེ་མྦྷིར། སིདྡྷ་དྷརྨ་ནི་རཱི་ཏེ་སཱི་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་འདོད་པའི་དངོས་གྲུང་འབྱུང་བར་བྱེད་དོ།། ་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སིདྡྷ་ཏཱ་རེ་ཨ་ནནྟ་ཏཱ་རེ། དི་བྱེ་ཏུཿ ་རེ་ཨ་ནུཏྤནྟི་ཀེ་ཥུ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་མཐའ་ཡས་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཐབས་ལ་མཁས་པའི་དུལ་བས་སེམས་ཅན་མཐའ་ཡས་པ་འདུལ་བར ་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ལ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ལ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སིདྡྷེ་སིདྡྷེ་ཏཱ་ར ་། ཨ་ནནྟེ་ཏཱ་རེ་དི་བྱེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གྲུབ་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ལྷའི་འགྲོ་བ་ཐོབ་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ ་ཏ་ཐཱ་ག་ཏཱ་ཡ། ཨརྟི་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ.་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སིདྡྷི་ཏཱ་རེ་ཨ་ནནྟ་རེ་ཨ་ནནྟ་དྷརྨ་ཏུཏྟཱ་རེ། དི་བྱེ་དྷརྨེ་ཏུཏྟཱ་རེ། དི་བྱེ་དྷརྨེ་ཏུཏྟ་ར ་ཨ་ནུཏྤནྟི་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པའི་ཆོས་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་དམྱལ་བར་མི་ལྷུང་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ། ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏཱ་རེ་དི་བྱ་དྷརྨ་ནརྱཱ་ཏེ་ཏུཏྟཱ་རེ་ཨ་ནུཏྤནྟི་ཀ་དྷརྨ་ནིརྱཱ་ཏེ ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་སྐྱེ་བ་མེད་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་དུག་གི་འཇིགས་པ་མི་འབྱུང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དི་བྱ་ཏཱ་རེ་དི་བྱེདྷ་རྨེ་ཏུ་རེ། ནིཪྱ་དྷརྨེ་ནིཪྱ་ཏེ་ཏུ་རེ་སྭཧཱ། རིག་པ་འདི ་རྟག་ཏུ་བཟླས་པས་སེམས་ཅན་རྣམས་ལྷ་ཉིད་དུ་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ ་། ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སིདྡྷི་ཏཱ་རེ། ཨ་ནནྟ་དྷརྨ་ཏུ་རེ། ཨེ་ནནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་ལྡན་མ་ཞེས་བྱ་བའི་རིག་པསྟེ། ་། རྟག་ཏུ་བཟླས་པས་རྟ་རྙེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཽ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་དྲཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། སིདྡྷེ ་ཏཱ་རེ་དི་བྱ་དྷརྨེ་ཏུ་རེ་དི་བྱ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་གླང་པོ་ཆེ་རྙེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏཐཱ ་ག་ཏཱ་ཡ། ཨརྷ་ཏེ། ས་མྱག་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ། ཨ་བཾ་བརྟི་ཀ་དྷརྨེ་ནིརྱཱ་ཏེ་ཧུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་མྦཱ་ར་མ་ཞེས་བྱ ་། བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་བ་ལིང་ཡང་དག་པར་འབྱོར་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏི། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ནུཏྤནྟི་ཀ་དྷིརྨེ་ཏུདྷཱ་རེ། ཨ་ནུཏྤནྟི་ཀ་དྷ་མ་ནི་དྷི་ཥེ་ཏུདྡྷེ་ཧུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱེ་བ་མེད་འཞེས་བྱ་བའི་ཛིག་པའོ།། རྟག་ཏུ་བཟླས་པས་གོས་འབྱོར་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་། ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ལ། ཨ་དཱ་ཡེ་ཏཱ་རེ། ཨ་དཱ་ཡ་དྷརྨེ་ཏུདྡྷ་རེ། ཨ་ད་ཡ་དྷརྨེ་ནིརྱཱ་ཏེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས ་། མ་སྒྲོལ་མ་གཉིས་སུ་མེད་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་རྒྱལ་པོ་དང་བློན་པོ་གཉིས་སུ་མེད་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ། ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་དཱ་ཡེ་ཏཱ་རེ། མཻ་ཏྲི་ཏུཏྟཱ་རེ་ཤཱ་རཾ་ག་མེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་པར་བྱམས་མ་ཞེས་བྱ་བའི ་། རིག་པ་སྟེ། རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ ་། ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་དཱ་ཡ་དྷརྨ་ནིརྱཱ་ཏེ། ཏཱ་རེ་མ་ཏྲི། དྷརྨ་ནིརྱཱ་ཏི་ཧུ་རེ་སཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་པའི་དཔའ་མོ་ཞེས་བྱ་བའི་རིག ་བསྟེ། རྟག་ཏུ་བཟླས་པས་སྤྲོ་བ་དང་ལྡན་ཞིང་དཔའ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཧཱ་བྷཱ་ཡ། ཏ་ཐཱ་ག་ཧཱུ~ཾ་ཡ། ཨརྷ་ཏེ། སརྒྱག་ས་པྲདྡྷ་ལ། ན་མ་ཨཱ་དྱམ་བ་མོ་གཽ་ཧེ་ཤྭ་རཱ་ལ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ལ། ཨཏྤ ་རྨེམྱེཏྱེར་མགྱི་ཆེད། རེ། ཙཱ་ར་གམས་མ་ཁྱེ་སྭཱངྒ་། དིས་ཕགས་མ་སྒྲོལ་མ་གཉིས་སུ་མེད་པའི་ཆོས་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་མི་ཚུགས་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྦྷ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཀྵནྟེ་ཏཱ་རེ་ཨ་དཱ་ཡེ་ཏཱ་རེ། མཻ་ཏྲི་ཏུཏྟཱ་ར། ་ཤྭ་རཾ་ག་མེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲིལ་མ་བཟོད་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཞི་བའི་སེམས་ཉིད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མཻ་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཿཏེ། ་སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཀྵནྟེ་ཏཱ་རེ་ཤཱ་རཾ་ག་མ།། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པའི་དཔའ་མོ་ཞེས་བྱ་བ་སྟེ ་རྟག་ཏུ་བཟླས་ན་མི་ཐུབ་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟི་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཀཱནྟེ ་ཏཱ་རེ། མེ་ཏྲི་དྷརྨ་ནིརྱེ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མཆོས་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་དྲན་པ་དང་ལྡན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུས ་ཏེཏཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ། ཨ་རཱ་ཡ་དྷརྨ་ཏུཏྟཱ་རེ། ཨ་དཱ་ཡ་དྷརྨ་ནིརྱཱ་ཏེ། ཏུ་རེ་སྭཱ་ཧཱ། འདི་ནི་འཕགས ་མསྒྲོལ་མ་བཟོད་པ་དང་གཉིས་སུ་མེད་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་རྒྱལ་པོའི་མདུན་ན་འདོན་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ~ཾ། ཨརྷ་ཏེ། ་སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཀྵནྡེ་ཏྟཱ་རེ། ཨ་དཱ་ཡ་དྷམ་ཏཱ་རེ། མེ་རྦི་དྷརྨ་ཏུཏྟཱ་རེ་ཤཱུ་ར་ག་མ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ ་བཟོད་པ་ཞེས་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་རྒྱལ་པོའི་གནང་ཆེན་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ལ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟི་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཀྵནྱེ་ཏཱ་རེ། ཨ་དཱ་ཡ་ཏཱ་རེ་མཻ་ཧྲི་ཏུཏྟཱ་རེ། ཤཱ་རཾ་ག་མེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པ་དང་ལྡན་མ་ཞེས་བྱ་བའི་རིག ་པ་སྟེ། རྟག་ཏུ་བཟླས་པས་རྒྱལ་པོའི་ཕོ་བྲང་དུ་སྨྲ་བའི་མཆོག་ཏུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ལ། ཀྵནྟེ་ཏཱ་རེ། ཀྵནྟེ་ཏཱ་རེ། ཀཱནྟེ་དྷརྨེ་ཏུཏྟཱ་རེ། ཀཱནྡེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པ་ངེས་པར་འབྱུང་མ་ཞེས ་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་ནོར་ཐམས་ཅད་འཛིན་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ ་། ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ་ཨ་ན་མེཥྚེ། ཨ་དཱ་ཡནརྠེ་ཏུཥྚེ། ཨ་དཱ་ཡ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་པས་འཕོངས་པ་ལས་སྒྲོལ་མ་ཞེས་བྱ་བའི་རིག་པ། ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་དང་གཉིས་སུ་མེད་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ནམ ་། ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མེ་ཏྲི་ཏཱ་རེ། དྷརྨེ་ཏུཏྟཱ་རེ། མེ་ཏྲི་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བྱམས་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས ་པས་སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་དུ་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ ་། ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཤཱུ་རཾ་ག་མེ་ཏཱ་རེ། ཤཱུ་རཾ་ག་མེ་དྷརྨེ་ཏུཏྟཱ་རེ། ཤཱ་ར་ག་མ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་དཔའ་བར་འགྲོ་མ་ཞེས་བྱ་བའི་རིག་པ་སྟེ ་རྟག་ཏུ་བཟླས་པས་ཆུའི་མཐའ་ཇི་ལྟར་བདེ་བར་རྙེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ ་། མ་ཧཱ་སཏྭཱ་ཡ། ཤ་ར་ཎེ་ཏཱ་རེ། བོ་དྷི་ཏུཏྟཱ་རེ། པཱུ་ར་སེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱབས་འོས་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཀྱི་འོས་སུ་ཡང ་དག་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡཾ། ན་མཽ་ཨ་མི་ཏཱ་བྷཱ་ཡཻ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ལ ་ཤ་ར་ཎེ་དྷརྨེ་ཏ་རེ་བོ་དྷི་དྷིརྨེ་ཏུཏྟཱ་རེ་པཱུ་ར་ཤ། དྷརྨེ་ཀུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒོམ་སྐྱབས་ཀྱི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་རོ།། ན་མོ་རཏྣ ་ཡཱ་ཡ[:]ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཤ་ར་ཎི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ ་སྒྲོལ་མ་སྐབས་ཀྱི་མཆོག་ཅེས་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་སོ་སོའི་སྐྱེ་བོར་ཡང་དག་པར་གྱུར་པའི་སེམས་ཅན་ཐམས་ཅད་བ་ལང་དུ་མི་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ་། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཤ་ར་ཎེ་དྷརྨེ་ནིརྱཱ་ཏེ་ཏཱ་རེ། བོ་དྷི་ནིརྻ་ཏེ་ཏུཏྟཱ་རེ། པཱུ་རཱ་ཤ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། ་འདི་ནི་འཕགས་མ་སྒྲོལ་མ་སྐྱབས་མྱུར་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཐམས་ཅད་དུ་ལེགས་པར་འོངས་པ་བརྗོད་པ་སོ་སོར་རྙེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏཐཱ ་ག་ཏཱ་ཡ། ཨརྡྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་མྲྀ་ཏེ་ཏཱ་རེ། སཽ་མྱེ་ཏཱ་རེ། ཨ་སཾ་སྐྲྀ་ཏ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ ་སྒྲོལ་མ་བདུད་རྩི་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་བདུད་རྩི་རབ་ཏུ་སྦྱིན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱི་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ ་ཨརྷ་ཏེ། སནྱ་ཀ་སཾ་པྲདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་མྲི་ཏ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སཾ་མེ། དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་སོ་སྐྲྀ་ཏ་དྷརྨ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ ་། མ་བདུད་རྩིའི་ཆོས་ངེས་པར་འབྱུང་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་བདུད་རྩི་དང་ལྡན་པར་འགྱུར་ཏེ་བདེ་བ་ཐོབ་བོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་སཾ་བུདྡྷཱ་ཡ། ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ལ། མ་ཧཱ་སཏྭཱ་ཡ། ཨ་མྲ་ཏ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སཽ་མྱེ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་སཾ་སླྀ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་ཉིད་ཅེས་བྱ་བའི་རིག་པ་སྟེ། ་རྟག་ཏུ་བཟླས་པས་འདོད་ཆགས་ཉེ་བར་ཞི་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ ་། དྲྀ་དྷེ་ཏཱ་རེ། ཤ་ར་ཎེ་ཏཱ་རེ། བོ་དྷི་ཏུཏྟཱ་རེ། སུ་རཱ་སེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ནད་མེད་ཅིང་ལུས་བརྟན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ~ཾ། ན་མོ་ཨ་མི་ཏྲཱིཿ ་ཡཏ་ཐཱ་ག་ཏཱ་ཡ། ཨརྷ་ཏ། སམྱ་ཀ་སཾ་བུདྡྷ་ལ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྲྀ་ཌྷ་ཏཱ་རེ། ཤ་ར་ཎེ་དྷརྨ་ནིརྱཱ་ཏེ་ཏྟཱ་རེ། བོ་དྷི་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། བོ་དྷི་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། པཱུ་རཱ་ས་དྷརྨ་ནིརྱཱདྷ། ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་པར་འགྲོ་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ཚེར་འགྱུར་ཏེ་མཆོད་རྟེན་གྱི་ལས་ལ་སོགས་པས་ཚེ་འཕེལ་ལོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ ་སམྱཀ་ས~ཾ་པྲརྫྫ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་མ། བོ་དྷི་སཏྭཱ་ཡ། མཧཱ་ས་ས། དྲྀཙྪེཏྟཱ་རེ། བོ་དྷི་དྷརྨ་ཏུདྷཱ་རེ་བོ་དྷི་ཤྭ་ར་ཎེ་དྷརྨ་ནི་དྱཱ་ཏེ། པཱུ་རཱ་སེ་དྷརྨཱ་ཧུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་པའི་ཆོས་ཞེས་བྱ་བའི་རས་པ ་སྟེ། རྟག་ཏུ་བཟླས་པས་བཅོས་མ་དང་། བཅོས་མ་མ་ཡིན་པའི་དུག་ཐམས་ཅད་སེལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ ་། རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྲྀ་ཌྷ་ཏཱ་རེ། དྲྀ་ཌྷ་དྷརྨེ་ཏུཏྟཱ་རེ། དྲྀ་ཌྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕག་མ་སྒྲོབ་མ་བརྟན་པ་དང་ལྡན་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་འཇིགས་པ་ཆེན་པོ་རྣམས ་སེལ་བར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ། དྷརྨེ་ཏཱ་ར ་ཨ་མྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏཱ་རེ། སཽ་མྱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདུད་རྩི་ལེགས་པར་སྦྱར་བ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་འཆིང་བ་རྣམས་གྲོལ་བར་བྱེད་དོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་མ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཽ་མྱེ་ཏཱ་ར ་སཽ་མྱ་དྷརྨ་ཏུཏྟཱ་རེ་སཽ་མྱེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བ་ཉིད་ཀྱི་བདུད་རྩི་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་མཛེས་ཐམས་ཅད་སེལ་བར་བྱེད་དོ།། ན་མོ་རཏྣ་ཏྲསྭ་ཡན་མོས ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨཿཏེ། སམྱཀ་སཾ་བུདྡྷཱ་ཡ། ནཱ་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་མྲྀ་ཏེ་དྷརྨེ་ཏཱ་རེ། སཽ ་ནྱ་ཏུཏྟཱ་རེ། སོ་སྐྲྀ་ཏེ་ཧུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སོར་མོའི་ནཱད་ཐམ་དེ་འཇོམས་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མཻ་ཏཱ་བྷཱ་ཡ། ་། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨ་དྷརྨ་ཏུཏྟ་རེ། དྷརྨ་ནཪྵེ་ཏེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ ་སྒྲོལ་མ་ཆོས་དང་ཆོས་མ་ཡིན་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་གསེར་གྱི་རྙེད་པ་འབྱུང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ ་སཾ་པྲདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་མྲྀ་ཏཱ་དྷརྨེ་ཏཱ་རེ་སཽ་མྱེ་དྷརྨེ་བྷཱུ་ཏེ་ཏཱ་རེ། ཨ་སཽ་སྐྲྀ་ཏ་དྷརྨེ་ཏུ་རེ་སཱཧཱ། འདི་ནི་འཕགས་མ་སྒྲོལ་མ ་འདུས་བྱས་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་དངུལ་གྱི་རྙེད་པ་འབྱུང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ ་། ནམ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་མྲྀ་ཏ་ཏཱ་རེ། ཨ་མྲྀ་ཏེ་དྷརྨེ་ཏུཏྟཱ་རེ། ཏུ་རེ་ཨ་མྲི་ཏཱ་དྷརྨ་ནིརྱཱ་ཏེ་ཏུ་རི་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདུད་རྩི་ཐམས་ཅད ་། ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་དབྱིག་འབྱུང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་མྲྀ་ཏཱ་དྷརྨེ་ཏཱ་རེ། ཨ་མྲྀ་ཏཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་རྒྱུ་བ་ཐམས་ཅད ་མཐོང་བར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏཾ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་སཾ ་སྐྲི་ཏེ་ཏཱ་རེ། སོ་སྐཾ་ཏ་དྷརྨེ་ཏུཏྟཱ་རེ། ཨ་སོ་སྠ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འདུས་བྱས་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་མཁའ་འགྲོ་མས་ཟིན་པ ་རྣམས་ལ་བལྟས་པས་གྲོལ་བར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏྲ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨནྟ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ ་མ་ཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། སཽ་མྱེ་དྷརྨེ། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བའི་ཆོས་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་སྲུལ་པོའི་གདོན་གྱིས་ཟིན་པ་ཐམས ་ཅད་ལ་བལྟས་པས་གྲོལ་བར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ་མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་སོསྶ་ཏ་དྷརྨེ་ཏུཏྟཱ་རེ། ཨ་སོསྠ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། རྟག་ཏུ་བཟླས་པས་ཚངས་པའི་སྲིན་པོའི་གདོན་གྱིས་ཟིན་པ་རྣམས་ལ་བལྟས་པས་གྲོལ་བར་བྱེད་དོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཾ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ར་ཎ་དྷརྨ་ནིརྱཱ་ཏེ་ཏཱ་རེ་བིདྱཱ་དྷརྨ་ཏུཏྟཱ་རེ། ཨཱ་དཪྴ་ན་དྷརྨ་ནིནྟ ་ཏེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འབབ་པ་མེད་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་བརྟན་པ་དང་གཡོ་བ་ལ་སོགས་པའི་དུག་ཐམས་ཅད་སེལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ།། ན་མོ་ཨ ་མཻ་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་རུ་ཎེ་ཏཱ་རེ་བིདྱ་ཏུཏྟཱ་རེ། ཨ་ནི་ད་ཪྴ་ནི་ཏུ་རེ་སཱཏྨ། འདི་ནི་འཕགས་མ་སྒྲོལ་མ་སྱཱ ་། རེངས་དང་པོ་མཐོང་བ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཡུལ་གྲུ་སྦྱིན་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱཿ ་བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ར་ཎེ་དྷརྨེ་ཏཱ་རེ་བིདྡྷ་དྷརྨེ་ཏུཏྟཱ་རེ། ཨ་ནི་དཪྴན་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ལི་ཐོག་ཐམས་ཅད་ཡང་དག་པར་ཁྱོར ་པར་འགྱུར་རོ། ། ན་མཽ་རཏྣ་ཏྲ་མཱ་ཡ། ན་མོ་ཨ་མི་ཏྲ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་པྲདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ལ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏྲེ་བིདྱ་ཏཱ་རེ་ཨ་ར་ཎེ་ཏཱ་རེ། བིདྡྷ་ཨུ0f7f། ་རེ། ཨ་ནི་དཪྴ་ན་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་གྱི་ཆོས་ཞེ་བྱ་བ་སྟེ།། རྟག་ཏུ་བཟླས་པས་མཐའ་མཐོང་བ་རྙེད་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ་སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏྲེ་བི་དྱཱ་ཏཱ་རེ། ཨ་ར་ཎ་དྷརྨ་ཏཱ་རེ་བིདྡྷ་དྷརྨེ་ཏཱ་རེ་བིདྱཱ་དྷརྨེ་ཏུཏྟཱ་རེ་ཏྲཾ་བིདྱཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ ་པ་ཞེས་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་རྒྱལ་པོའི་བུའི་མདུན་ན་འདོན་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏྲཻ་བིདྱེ་ཏཱ་རེ་ཨ་ར་ཎ་དྷརྨེ་ཏཱ་རེ། བིདྱཱ་དྷརྨ་ཏུཏྟཱ་རེ། ཨ་ནི་དཪྵན་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཉོན་མོངས་པ་མེད་པའི་རིག་པ་གསུམ་ཞེས་བྱ་བ་སྟེ། རྟག་ཏུ་བཟླས་པས་བུད་མེད ་། ཐམས་ཅད་ཀྱི་གནང་ཆེན་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བྲདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏྲྀ་བིདྡྷ་ཏཱ་རེ། ཨ་ནི་དཪྻ་ནི། དྷརྨེ་ཏུཏྟ་རེ། ་ཨ་ནི་དཪྴ་ན་དྷརྨེ་ནིརྱཱ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་བསྟན་དུ་མེད་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་གཞི་ཐམས་ཅད་དབང་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ ་ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏྲཾ་བིདྨི་ཏཱ་རེ། ཨ་ར་ཎ་དྷརྨ་ནིདྷེ་ཏེ་ཏྭེ་རེ། ཥིདུ་དྷརྨ་ནེཪྵ་ཏེ་ཥཱཊྚཱ་རེ། ཨ་ནི་ད་རཱན་དྷརྨ་ནིརྱཱ ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་གྱི་ཆོས་ཞེས་བྱ་བའི་རེག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ནམ ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏྲེ་བིདྱེ་ཏཱ་རེ། བིདྱཱ་ཏཱ་རེ། བིངྒ་དྷརྨེ་ཏུཏྟཱ་རེ། བིདྱཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་ཞེས་བྱ་བའི་རིག་པ་སྟེ། ་རྟག་ཏུ་བཟླས་པས་གྲོང་སྟོང་སྡོམ་པ་རྙེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ ་ཡ། ཏྲེ་བིདྱེ་ཏཱ་རེ། ཨ་ར་ཎེ་དྷརྨེ་ཏུཏྟཱ་རེ། ཨ་ར་ཎ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་གསུམ་རིག་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་རྒྱལ་པོའི་ཕོ་བྲང་ན་ཡོད་པ་ཐམས་ཅད་ཀྱི ་གནང་ཆེན་པོར་འགྱུར་རོ། ། ན་མོ་རཏྣ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ལ། མ་ཧཱ་སཏྭཱ་ཡ། ཨ་ར་ཎེ་ཏཱ་རེ ་ཨ་ར་ཎ་དྷརྨེ་ཏུཏྟཱ་རེ། ཨ་ར་ཎ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཐབ་པ་མེད་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སྨྲ་བའི་མཆོག་ཏུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་དྷཱ ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་ས~ཾ་པྲདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་མ། བིདྱཱ་ཏཱ་རེ། བི་དྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱཿ། འདི་ནི་འཕགས་མ་སྒྲོལ་མ་ཞེས་བྱ་བའི ་པ་སྟེ། རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་རིག་པ་སླར་ཡང་འབྱུང་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་དྷཱ་སཏྐཱ་ཡ། ཨ་ར་ཎ་ཏཱ་རེ། དྷརྨེ་ཏུཏྟཱ་རེ། ཨ་མི་ཏཱ་བྷེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ངེས་པར་ཤེས་པ་ཞེས ་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་ཡུལ་གྱི་བདག་པོར་འགྱུར་རོ།། ན་མོ་རཏྣཱ་ཏྲ་ཡཱ་མ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ། སམྱཱ་ཀ་སཾ་པྲརྞྞ་ཡ། ན་མ་ཨཱཿ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ར་ནེ་ཧཱ་རེ། དྷརྨེ་ནི་རེ་ཎེ་ཏཱ་རེ་ནི་ར་ཎེ་དྷརྨེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བུ་ལོན་མེད་པ་ཞེས་བྱ་བ ་རིག་པ་སྟེ། རྟག་ཏུ་བཟླས་པས་དབང་དུ་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར ་། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ནི་རྀ་ཎ་དྷརྨ་ཏཱ་རེ། ཤཱནྟ་དྷརྨེ་ཏུཏྟཱ་རེ་ཨ་མི་ཏཱ་བྷཱ་དྷརྨེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བུ་ལོན་དང་བྲལ་བའི་ཆོས་ཞེས་བྱ་བའི་རིག་པ་སྟེ། ་རྟག་ཏུ་བཟླས་པས་དྲི་ཟ་རྣམས་དབང་དུ་བྱེད་པར་འགྱུར་རོ།། དེ་རྣམས་ལྷའི་སྨན་རབ་ཏུ་སྦྱིན་ཏེ། དེ་རྣམས་ཟོས་པས་ལོ་སྟོང་དུ་འཚོ་བར་བྱེད་དོ།། དེ་བཞིན་དུ་ཐམས ་ཅད་དུའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐ་ག་ཏཱ་ཡ། ཨརྡྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ ་ནིར་རཾ་ཎ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བུ་ལོན་མེད་པའི་འོད་དཔག་མེད་ཀྱི་ཆོ་ག་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཚངས་པའི་སྲིན ་པོ་དང་བཅས་པ་རྣམས་དབང་དུ་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ།། ན་མོ་ཨ་མི་ཧཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ ་མ་ཧཱ་སཏྭཱ་ཡ། སཏྭེ་ཏཱ་རེ་ནི་ར་ཎ། ནི་ར་ཎ་ནིར་རྀ་ཎི་དྷརྨེ་ནིཪྱ་ཏེ་ཏཱ་རེ། དྷརྨ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱཧྨ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཞེས་བྱ་བའི་རིག་པ་སྟེ ་རྟག་ཏུ་བཟླས་པས་གཞན་རྣམས་དང་། རང་གིས་བྱས་པའི་རྗེས་རྣམ་དང་། རྫས་རྣམས་ཐམས་ཅད་ལ་དབང་བྱས་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏྲ་ཐཱ་ག་ཏཱ་ཡ། ཨརྷ ་སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏྲེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཏེ་ཏཱ་རེ་ནི་རཾ་ཎེ་ཏཱ་རེ། དྷརྨེ་ཏུཏྟཱ་རེ་ཨ་མི་ཏཱ་བྷྲེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས ་ཀྱི་འོང་དཔག་ཏུ་མེད་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་འབྱུང་པོ་ཐམས་ཅད་དབང་དུ་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མདྷྱ་སཏྭཱ་ཡ། སཏྱེ་ཏྟ་རེ་སཏྭཿམེ་སྱཱཏྟཱ་རེ། སཏྭ་དྷརྨ་ནིནྡ་ཏེ་སུ་རེ་སྭཱཿ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཀྱི་ཆོས་ཞེས་བྱ་བའི་རིག ་པ་སྟེ། རྟག་ཏུ་བཟླས་པས་སྲུལ་པོ་ཐམས་ཅད་དབང་དུ་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། ས་མྱག་སཾ་བུདྡྷཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ ་བོདྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཏྭེ་ཏཱ་རེ། ནི་རྀ་ཎེ་དྷརྨ་ནཱིརྱཱ་ཏེ། དྷརྨ་དྷརྨ་ནིརྱཱ་ཧེ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སཱདྷཱ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ ་རྟག་ཏུ་བཟླས་པས་རིག་པ་ཐམས་ཅད་དབང་དུ་བྱེད་ཅིང་མི་སྣང་བར་ཡང་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱཀ་ས་བུནྟམ། ན་མ་ཨཱརྱ ་། པ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྷརྨ་ཏཱི་རེ། དྷརྨེ་ཏུཏྟཱ་རེ། དྷརྨ་དྷརྨ་ནིཪྻཱ་ཏེ་ཀུ་རེ་སཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས ་ལྷ་དང་མཁའ་འགྲོ་མ་རྣམས་དབང་དུ་བྱེད་དོ། ། ན་མོ་རཏྣ་ཏྲ་ཨཱ་ལ། ན་མོ་ཨ་མི་ཏཱ་དྷཱ་ཡ། ཏ་ཐཱ་ག་དྷཱ་ཡ། ཨཿཏེ། སམྱ་ཀ་སཾ་བུནྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀ་ཏེ་ཤུ་རཱ་ཡ། བོ་དྷི་སཏ་ཡ། མ་ཧཱ་སཏྭཱ ་ཡ། དྷེརྨེ་ཏྲེརེ། རྟམེཿརྨེ་ཏུཏྟཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཀྱི་རིག་པ་ཅན་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ཀླུའི་བུ་མོ་ཐམས་ཅད་དབང་དུ་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཱཀ་སཾ་བྲདྡྷཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སདྡྷ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨེ་དྷརྨེ་ཏུཏྟཱ་རེ་སཱཧཱ། འདི་ནི་འཕག ་། མ་སྒྲོལ་མ་རྟག་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་ན་ཁྱིམ་ཆེན་པོའི་བདག་པོར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨེ་ནི་རྀ་ཎེ། དྷརྨེ་ནི་རཱྀཿ། དྷརྨེ་ནིཪྻཱ་ཧེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འོད་དཔག་ཏུ་མེད་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ ་རྟག་ཏུ་བཟླས་པས་གང་འདོད་པ་དེ་འགུགས་པར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡཾ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ ་མ་ཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། དྷརྨ་དྷརྨཱ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཀྱི་སེམས་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་སེམས་ཅན་རྣམས་ཀྱི་བསམ་གྱིས་མི་ཁྱབ་པར་འགྱུར ་། རོ། ན་མོ་རཏྣ་ཏྲ་ཡཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མོ་གྷེ་ཏཱ་རེ། སཾ་གྷེ་ཏུཏྟཱ་རེ ་སུ་ཁ་བ་ཏི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གདོན་མི་ཟ་བ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སྟོབས་དང་གཟི་བརྗིད་རྣམས་གདོན་མི་ཟ་བར་འབྱུང་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྠ་ཨ་བ་ལོ་ཀི་ཏཱཾ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏཱ་རེ། སཾ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སུ་ཁ་བ་ཏི་དྷརྨ་ནིརྱཱ ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་འཆི་བ་འཇོམས་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ལྷ་མ་ཡིན་གྱི་གནས་སུ་རབ་ཏུ་འཇུག་པ་རྙེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་དྷཱ་ཡ། ཏ་ཐཱ་ག་ཏཱ ་ཨན་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་མོ་གྷ་ཏཱ་རེ། ཨ་མོ་གྷ་དྷརྨ་ཏུཏྟཱ་རེ། ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ ་། འཆི་བ་འཇོམས་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་རྫུ་འཕྲུལ་འགྲུབ་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་མ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ཙནྟེ་ཏཱ་རེ། ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨ་ནིརྱཱ་ཏེ་ཧུ་རེ་སྭཱ་ཧཱ། འདི་ནི་འཕག་སྒྲོལ་མ་རིག་སྔགས་མ་ཞེས་བྱ་བའི་རིག་པ་སྟེ། ་། རྟག་ཏུ་བཟླས་པས་མི་སྣང་བར་འགྱུར་རོ།། ན་མོ་རཏྣ་ཧྲ་ཡཱ་ཡཽ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀཾ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ ་མཧཱ་སཏྭཱ་ཡ། ཨ་ཙིནྱཱ་ཏཱ་ནེ། ཨ་མོ་གྷ་ཏཱ་རེ། སུ་ཁ་བ་ཏི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་བདུད་རྩི་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་རང་གི་ཁྱིམ་དུ་གཏེར་མཐོང ་སྟེ་ད་མི་ཤེས་པར་འགྱུར་རོ། ། ནཱ་མོ་རཏྣཏྲཱ་མཱ་ཡ། ན་མོ་ཨ་མི་བྷཱ་བྷཱས། བྷཱུ་གསྟཱལ། ཨནྟེཿ། ས་མྱཀ་ས~ཾ་པྲཏྟཱས། ནམ་ཨཱརྠ་ཨ་ཧཱ་སྥོ་ཀི)་ཋ་རཱམ། ཨོཾན ་། མཧཱསཏྟ5། ཨ་ཙིནྡྲཏྟཱ་རེ། ཨ་ཙིནྟེ་ཧུཏྟེརེ། ཨ་ཙིནྟདྷརྨ་ནི་རྱཱཎྜེ་ཧུ་རེ་སྭཱཿ། འདི་ན་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་བདུད་རྩིའི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བརྫས ་བས་ལྷའི་བཙུད་ལེན་དུ་འགྱུར་རོ། ། ནཱ་མོ་རོཏྣ་ཏྲ་མཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཿཏེ། སམྱ་ཀ་སཾ་པྲདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ་ཨ་ཙིནྟེ་ཏཱ་རེ། ཨ་ཙིནྟྱ་དྷརྨ་ཏུཏྟཱ་རེ། ཨ་ཙིནྟེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་དུས་མ་ཡིན་པའི་འཆི་བ ་བར་ཞི་བར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡཽ། ན་མོ་ཨ་མི་སཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་མོ་གྷ ་དྷརྨེ་ཏཱ་རེ། སཾ་གྷ་དྷརྨེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་དགེ་འདུན་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ཚེ་རིང་པོར་འགྱུར་རོ།། ནརྨ ་ར་པྲ་ལ། ན་མོ་ཨ་མི་ཎྜ་བྷ་ཡ། ཏ་ཐཱ་ག་ཧཱ་མ། ཨཿཏེ། ས་མྱཀ་ས~ཾ་པྲཥྐ་ལ། ན་མ་ཨཱརྱ་ཨ་པ་མ་ཀཽ་ཏེ་ཤྭ་རཱི་མ། བོ་དྷི་སཎྜལ། མ་ཧཱསཎྜ5། ཨ་ཤྩི་དྷ་རེ། ས་བྷ་བྱམ་ས་རེ། སཏྟཿ ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་དགེ་འདུན་གྱི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ ་ཡན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ཙནྣི་ཏཱ་རེ། ཨ་མོ་གྷ་དྷརྨ་ཏུཏྟཱ་རེ། ཨ་མོ་གྷ་དྷརྨ ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་བདག་ཉིད་ཀྱི་སྐྱེ་བ་དང་འཆི་བའི་དུས་མངོན་སུམ་དུ་ཤེས་པར་བྱེད་དོ།། ན་མོ་རཿ ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ཙིནྣེ་ཏཱ་རེ། སུ་ཁ་བ་ཏི་དྷརྨེ་ཏུཏྟཱ་རེ། སུ ་བ་ཏི་དྷརྨ་ནིརྱཱ་ཏེ་སུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་རང་འཆི་བ་ཤེས་པར་བྱེད་དོ།། ནི་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་དྷཱ་ཡ། ་ཏཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ནཱ་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སུ་ཁ་བ་ཏི་དྷརྨེ་ཏཱ་རེ། སུ་ཁ་བ་ཏི་དྷརྨེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱདྷ ་འདི་ནི་འཕགས་མ་སྒྲོལ་མ་བདེ་བ་ཅན་མ་ཞེས་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀཾ་ས་བུདྷ ་5། ན་མ་ཨཱརྱ་ཨ་བཱ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། སཾ་གྷེ་ཏཱ་རེ། སཾ་གྷ་དྷརྨ་ཏུཏྟཱ་རེ། སཾ་གྷ་དྷརྨ་ནིརྱཱ་ཏེ་ཧུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་དགེ་འདུན ་། ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་སྡིག་པ་བྱེད་པའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་ཏཱ་རེ། ཨཱི་ཤེ་ཏུཏྟཱ་རེ། ཨ་ནཾ་གི་ན་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤྱན་རས་གཟིགས་ཞེས་བྱ་བའི ་རིག་པ་སྟེ། ། རྟག་ཏུ་བཟླས་པས་འཆི་བའི་དུས་སུ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ།། དེ་ནས་ལྷའི་འགྲོ་བ་ཀུན་ནས་ཐོབ་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏཿ ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེརྨ་ནིརྻ་ཏེ་ཧུཏྟཱ་རེ། ཨཱི་ཤ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་ནཾ་ག་དྷརྞ་ནིརྱཱ་ཏེ་ཏུ་ར ་སྭཱཧཱཾ། འདི་ནི་འཕག་སྒྲོལ་མསྤྱན་རས་གཟིགས་ཀྱི་ཆོས་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ནོར་དང་ལྡན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་དྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷཏ། ་སམྱ་ཀ་སཾ་བུདྡྷ་ལ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་དྷརྨ་ཏཱ་རེ་ཨཱི་ཤ་རཱ་དྷརྨེ་ཏུཏྟཱ་རེ། ཨ་ནི་ག་ན་དྷརྨེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ ་སྤྱན་རས་གཟིགས་ལུས་མེད་ཅེས་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་དར་ལ་དང་དྲི་ཐོབ་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱརྱ་ཏཱ་ར། ཨ་བ་ལོ་ཀི་ཏེ་དྷརྨ་ནིརྱཱ་ཏེ་ཏཱ་རེ་ཨཱི་ཤ་དྷརྨ་ནིརྨྨ་ཏཏྟཱ་རེ་ཨ་ནཾ་ག་ན་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ ་། མ་འཕགས་པ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་རྒྱལ་སྲིད་དང་། ཆོས་དང་།། ལྷ་དང་།། ནོར་ཡང་ཐོབ་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ་ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མཱ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་ཏཱ་རེ། ཨཱི་ཤེ་ཨ་ནཾ་ག་ནཻ་ཏུ་རེ་སཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ ་ཀུན་ནས་གཟིགས་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ཡུལ་གྱི་དཔོན་པོར་འགྱུར་རོ།། ནུ་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་བ་ལོ་ཀི་ཏེ་དྷརྨེ་ཏཱ་རེ། ཨཱི་ཤ་དྷརྨེ་ཏུཏྟཱ་ར་ཨ་ན་གན་དྷརྨ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས ་མ་སྒྲོལ་མ་འཕགས་མ་འཆི་མེད་མ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་ཕྱིར་ལྡོག་པར་མི་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ། ་སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ། མ་ཧཱ་སཏྭཱ་ཡ། ཨཱི་ཤེ་ཏཱ་རེ་ཨཱི་ཤ་དྷརྨེ་ཏུཏྟཱ་རེ། ཨཱི་ཤ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས ་མ་སྒྲོལ་མ་དབང་པོ་ཞེས་བྱ་བའི་རིག་པ་སྟེ། ། རྟག་ཏུ་བཟླས་པས་གདེངས་ཅན་དུ་མི་སྐྱེ་ཞིང་སྐྱེ་བར་མི་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་ནཾ་ག་དྷརྨ་ནིརྨྨ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ལུས་མེད་ཅེས་བྱ་བའི་རིག་པ་སྟེ། ་། རྟག་ཏུ་བཟླས་པས་ལྷ་དང་མི་རྣམས་ཀྱི་ནང་ན་སྐལ་བ་བཟང་པོར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྦྷ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ ་ཏེཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་བ་ལོ་ཀི་ཏེ་དྷརྨེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཕགས་པ་ལྡན་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སྨྲ་བ ་ཐམས་ཅད་དུ་སྨྲ་བའི་མཆོག་ཏུ་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀོ་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྐཱ ་ཡ། མ་ཧཱ་སཏྭཱ་ཡ། ཨཱི་ཤི་ཏཱ་རེ་དྷརྨ་ཏུཏྟཱ་རེ། ཨཱི་ཤ་དྷརྨ་ནི་ནྱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་དབང་པོའི་མཆོག་ཅེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་དབང་ཕྱུག་ཏུ ་འགྱུར་རོ། ། ན་མོ་རཏྣ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨཱི་ཤེ་ཏཱརཱ ་ཨཱི་ཤ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སྭཱཿ། འདི་ནི་འཕགས་མ་སྒྲོལ་མ་དབང་པོ་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ། རྟག་ཏུ་བཟླས་པས་གདོན་མི་ཟ་བར་ཐམས་ཅད་མཐོང་ངོ་།། ན་མོ་རཏྣ་ཏྲ་ཡཱཾ་ཡ། ན་མོ་ཨ་མིཏྟ ་བྷྱཱ་མཾ། ཏ་ཐཱ་ག་སྱཱལ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱནྱ་ཨ་བ་ལོ་ཀི་ཏྟེ་ཤྭ་རཱ་ཡ། བོ་དྷི་སདྡྷ་མ། མཧཱ་སཏྭཱ་ཡ། ཏཿ། རི་ཛྲ་ཀརྨ་ཨཱནྱེ་དྷརེ། སཱ་ར་ཡ་བྷ་ག་བ་ཏི། ་རཾ་སརྦ་བྷ་ཡ། མོ་ཙ་ནི་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཇིགས་པ་ལས་གྲོལ་བ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སྐྱེ་བ་དྲན་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ ་ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ།། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཧ་ར་ཙི། ཏྲཱ་ས་ཡ ་ཤ་ཧཱུཾ་བྷ་ཡ། ནཱ་ཤ་ནི་མོ་ཙ་ནི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཡུལ་ལས་རྒལ་བ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏཱ་རེ། ཏཱ་རཱ་ཡ ་བྷ་ག་བ་ཏི་བནྡྷ་མོ་ཙ་ན་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཆིང་བ་གྲོལ་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་སེམ་ཅན་རྣམས་གྲོལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ནམོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་ཏུཏྟཱ་རེ་ཧུཏྟཱ་རེ་བ་ར་བཛྲ་མོ་ཀཱ་ནི་སྭཱ་ཧཱ། འདི་ནི་འཕགས་མ ་། སྒྲོལ་མ་རྡོ་རྗེ་ལས་ཐར་པར་བྱེད་མ་ཞེས་བྱ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་རྡོ་རྗེའི་ཐོག་སེལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ ་ནམ་ཨཱརྱ་ཨ་བ་ལོ་ཀ་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཤཱནྟ་ནིརྱཱ་ཏ་ཏཱ་རེ་ཨ་ན་བྷི་ལཱ་སྱ། དྷརྨ་ནིརྱཱ་ཏེ་ཏཱ་རེ་ཏུ་རེ་ཧི་ན་ཏྲཱ་ས་ནི་བི་ཏྲ་ས་ནཱི་ཊེ་ཀ་ནི ་མོ་ཧ་ནི། ཛམྦྷ་ནི་སྟམྦྷ་ནི། པྲ་བྷེ་ཙནྣ་པྲ་བྷེ། ཧི་ལི་ཧི་ལི། མི་ལི་མི་ལི། བེ་ག་ཤ་ས་ནི་ཀུནྟི་ཀུཎྜ་མ་ཧཱ་ཀུཿ། དྷི་རེ་དྷཱ་རེ། དྷ་ན་པ་ཏི་ཏཱ་རེ། ཧུ་རུ། ཀུ་རུ་ཀུ་རུ། ཨ་ཧེ་ཡཱ་ཡཾ། ཙནྡ་ཡ། སི ་ཏཱནྟྲ་སཱ་དྷ་ཡ་སྭཱ་ཧཱ། འདི་ནི་རྩ་བའི་རིག་པ་སྟེ།། རྟག་ཏུ་བཟླས་པས་ཐམས་ཅད་སྒྲུབ་པར་བྱེད་དོ།། དེ་ནི་འདིའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱརྡྷ ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སུ་རེ་སུ་རཱ་པ་ཧི་ཧ་ར་ཧ་ར་སྭཱ་ཧཱ། འདི་ནི་གུ་གུལ་གྱིས་སྤྱན་དྲང ་། བའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨནྟ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ ་བ་ཏི། སརྦ་ཨརྦ་སཱ་དྷི་ན། ཏིམྦྷ་ཏིནྡ། ཡཱ་བཏྟཨཱརྱ། སིདྡྷྱ་མ་ཧཱ་མ་སྭཱཧཱ། འདི་ནི་མཆོད་ཡོན་གྱི་རིག་པའོ།། ན་མོ་རཏྣ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀས ་བུདྡྷ་ཡ། ན་མ་ཨཱརྱ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། ཧ་ར་ཧ་ར།། ཀུ་རུ་ཀུ་རུ། གནྡྷརྦ་བཱ་སི་ནི་སཱ་ཧཱ། འདི་ནི་དྲིའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་འདི་ནི་མེ་ཏོག་གི་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མཻ་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨནྟ་ཏེ། སམྱཀ་སཾ་པྲདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་མོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཛྫ ་ཏདྱ་ཐཱ། མེ་གྷ་སྭ་ར་ཀུ་རུ་སྭཱ་ཧཱ། འདི་ནི་འདུག་སྤོས་ཀྱི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཿ ་རཱ་ཡ། བོ་དྷི་སཱཏྟཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏ་རེ་ཏཱ་རེ། ད་ནི་ད་ནི། ཧ་ན་ཧ་ན། ཀུ་རུ་ཀུ་རུ། དི་ཤ་བ་ལི་སཱ་ཧཱ། འདི་ནི་གཏོར་མའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀཱ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨེ་ཏ་ཛྭ་ལི་ནི་ཛྭ་ལ་ཛྭ་ལ། དེ་བ་སྭཱཧཱ། ་འདི་ནི་མར་མེའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡཾ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཉྫུ་སཏྭཱ་ཡཾ། ་ཏདྱ་ཐཱ། ཧི་རི་ཧི་རི། སུ་རྲ་སུ་རུ། མུ་རུ་མུ་རུ། སརྦ་སཏྟཾ་ཀཱ་རུ་ཎི་ཀ། གཙྪ་ཏི་སཱ་བྷཱ་བ་ནཱཾ། ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ས་མ་ཡ་མ་ནུ་སྨ་ར་ཡ་སྭཱཧཱ། འདི་ནི་གཤེགས་སུ་གསོལ་བའི ་རིག་པ་སྟེ། ། མེ་ཏོག་དཀར་པོ་དང་མཆོད་ཡོན་གྱིས་གཤེགས་སུ་གསོལ་བར་འགྱུར་རོ།། ཞེས་པ་འདི་རྣམས་རྩ་བའི་རིག་པའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་། ནནོམོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། ས་མྱཀ་ས་བུདྡྷཱ་ཡ། ན་མ་ཨཱཪྠ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྐཱཿ། མ་ཧཱ་སཏྭཱ་མ། ཏཿརྠ། གདེ་མེ་མེས་སྒྲོལ་མ་ལ་སྐྱབས་སུ་གསོལ་བ་འདེབས་པའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷ་སཏྭཱ་ཡ། མརྠ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་ཏཱ་རེ་ཏུ་ར ་སྭཱཧཱ། མེ་ཏོག་ལ་སོགས་པའི་འབྲས་བུ་ཆོས་ཀྱི་སྒྲོལ་མས་སེམས་ཅན་དབང་དུ་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་གཽ་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སཏྐཱ་ཏཱ་རེ་ཏུ་རེ་སྭཱ་ཧཱ། སེམས་ཅན་རྣམས་ལ་འཕགས་མ་སྒྲོལ་མས་སེམས་ཅན་རྣམས་དགའ་བར་བྱེད་པའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ལ། ཏ་ཐཱ་ག་ཏཱ་ཡ། ཨཿ་ཏེ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ལ། ཏདྱ་ཐཱ། སཏྭཱ་ནི་རིསྟྲི ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སེམས་ཅན་སྒྲོལ་མས་བདེ་བ་ཐམས་ཅད་རབ་ཏུ་སྦྱིན་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ ་ཡན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སཏྭེ་སཏྭ་བ་ཏི་ཏཱ་རེ་སྭཱཧཱ། སྐྱེ་བོ་སྙིང་སྟོབས་དང་ལྡན་པ་རྣམས་དབང་དུ་བྱེད་དོ།། ན་མོ་རཛ ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱསྫ་དྲྀ་དྷེ་ཏཱ་རེ་སཱ་ཧཱ། ་འཕགས་མ་སྒྲོལ་མས་བསྟན་པ་རྣམས་ལ་རྟག་ཏུ་བཟླས་པའི་རབ་ཏུ་སྦྱོར་བས་ཡུལ་སྦྱིན་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡཾ། ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ། སམྱ་ཀ་སཾ་པྲདྡྷ ་ཡན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿཀ། རྀ་ཙ་ར་ཎི་ཏཱ་རེ་སྭཱཿ། འཕགས་མ་སྒྲོལ་མ་བུ་ལོན་མེད་པ་ཞེས་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡཱ། ཨནྟཿ། སམྦྷཀ་སཾ་པྲདྡྷཱ་ཡ། ན་མུ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱསཏྭཱ་ཡ། ཏཿཐཱ། སཽ་མི་སཽ་མི་ཏཱ་རེ་སྱཱཿ ་འཕགས་མ་སྒྲོལ་མ་བདེ་བ་ཉིད་ཅེས་བྱ་བའི་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏ~ཾ། ས་མྱཀ་ས~ཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་དྷརྨ་བ་ཏི་ཏཱ་རེ་སྭཱཿ། འཕགས་མ་སྒྲོལ་མ་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ~ཾ་ཨ་མིཿ་དྷཱ་ཡ་ཏ་ཐཱ་ག་དྷ་ལ་ཨ་རྣམས་མྱ་ཀ་ས~ཾ་བུདྡྷ ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཿཐཱ། སུ་རེ་དྷ། སུ་ཁ་བ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བདེ་བ་དང་ལྡན་མ་ཞེས་བྱ་བའོ།། ནཱ་མོ་རཿ ་ཐ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ། སནྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཧྱ་ཐཱ། ཨ་བྱ་བ་ཙྪནྟེ་ཏཱ་རེ་ཏུ་ར ་སྭཱསཱཧཱ། འཕགས་མ་སྒྲོལ་མ་རྒྱུན་མ་ཆད་པ་ཞེས་བྱ་བའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལཽ་ཀིཏ ་ཤཪྵ་ཡ། བོ་དྷི་སཏྭཱ་ཀ། མཧཱ་སཏྭཱ་ཡ་ཏརྦ་ཐཱ། རྦིཎྜོ་དྲྀ་ཌྷེ་པྲ་ཏི་ཛྙཱ་བ་ཏི་9ུ0f7f། འཕགས་མ་སྒྲོལ་མ་དམ་བཅའ་བརྟན་པ་ཞེས་བྱ་བའི་རིག་པའོ།། ན་མོ་རཏྣ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷྲྀ་ཡ། ཏ་ཐཱ་ག་ཏཱ་ས། ཨརྷ་ཏེ། ་སམྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏྭེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྙཱ་ན་ཛྙཱ་ན་མ་ཏི་ཙ་ར་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཡེ་ཤེས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ ་། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ5། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡཾ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུཀྵྨེ་སུཀྟཱ་བ་ཏི་ཏཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ ་ཕྲ་མོ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱུ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ། ས་མྱཀ་སཾ་བུདྡྷཱ་ཡཾ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་སླྀབོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཧྲཱིཙྱཻ ་མ་ཏི་བཱིརྱེ་མ་ཏི་ཏཱ་རེ་བྷ་ག་བ་ཏི་སྭཱ་ཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། པྲ་བྷེ་པྲ་བྷཱ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་འོད་ཟེར་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨ་དྷརྨ་བ་ཏི་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ ་སྒྲོལ་མཆོས་ལྡན་མ་ཞེས་བྱ་བའི་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱཾ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ཨཧཱ ་སཏྭཱ་ཡ། ཏདྱ་ཐཱ། ཨཱི་ཤེ། ཨཱི་ཤ་བ་ཏི་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབང་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ་སནྱ་ཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་མ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བ་ལོ་ཀི་ཏ་བ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཀུན་ཏུ་གཟིགས་པ་དང་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡཾ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཧེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཙནྣ་ཙནྡྲ་མ་ཏི་ཏཱ་རེ་ཏུཏྟ ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་ཟླ་བ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ནཱ་མ་ཨཱརྱ་ཨ་བ་ལོ་ཀ་ཏི་ཤྭ་རཱ་ཡ ་། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུརྱེ་སཱུརྱ་བ་ཏིཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཉི་མ་ལྡན་མ་ཞེས་བྱ་བའོ།། ནཱ་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ་སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཾ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྭ་ལེ་ཛྭ་ལ་བ་ཏི་བྷ་ག་བ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་འབར་བ་ལྡན་མ་ཞེས་བྱ་བའི ་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་པྲདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿཐཱ ་བུདྡྷ་བུདྡྷ་པ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སངས་རྒྱས་མའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ ་ཤྭ་རཱ་མཾ། བོ་དྷི་སདྡྷ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷཱརྠེ།། དྷརྨ་བ་ཏིཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆོས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ལཱ་ཡ། ན་མོ་ཨ་མི་ཏྱཱ་བྷཱ་ཡ། ཏ་ཐཱ་ག་ཎྜ ་ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྐཱ་ཡ། མ་ཧཱ་སཏྭཱ་ཡ། ཏཧྱ་ཐཱ། སཾ་གྷེ་ཏཱ་རེ། སཾ་གྷ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དགེ་འདུན ་ཞེས་བྱ་བའོ། ། ན་མོ་རཏྣེ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། ས་མྱཾཀ་སཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ ་ཛ་ཡེ་ཏཱ་རེ། ཛ་ཡ་བ་ཏི། བྷ་ག་བ་ཏི། ཏཱ་རེ་ཏུ་རེ་སཱ་ཧཱ། འཕགས་མི་སྒྲོལ་མ་རྒྱལ་བ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ་སམྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧྨ་སཏྭཱ་ཡ། ཏདྱ་ཐཱ། དཱ་ནེ། དཱ་ན་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྦྱིན་པ་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡཾ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བ~ཾ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱཐཱ། བྷུ་ཧེ་བྷུ་ཧ། བ་ཏིཥྛ ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཀོད་པ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་མཱ་མ།། ན་མོ་ཨ་མི་ཏཱ་བྷཱ་ཡ། ཧ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱ་ཀ་སཾ་བུདྡྷཱ་ཡ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ལ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་ནྱེ་ཨཱརྞྞ་བ་ཏི་ཏཱ་རེ་བྷ་ག་བ་ཏི་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཕྱུག་པོ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྟི་ཏ། ས་མྱ་ཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་བ་ཏི། ཨཱ་བ་ཏི། ཏཱ་རེ་ཏུ་རེ་སྭཱཧཱ ་འཕགས་མ་སྒྲོལ་མ་སྲུང་བྱེ་ང་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀོ་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཧཧྱ་ཐཱ། ཨནྟེ་ཨནྟ་བ་ཏི་ཧཱ་རེ་ཏུ་རེ་སཱཧཱ ་འཕགས་མ་སྒྲོལ་མ་མཐའ་ཡས་ལྡན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བ་ལོ་ཀི་ནི་ཨ་བ་ལོ་ཀ་བ་ཏི་ཏཱ་རེ ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཀུན་ཏུ་ལྟ་བ་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སིདྡྷ་ཡ། མ་ཧཱ་སཏྭ་ཡ། ཏཿ་ཐཱ། ཤི་ལེ་ཤི་ལ ་བ་ཏི། ཧཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵནྟ ་ཀྵཱནཱ་པ་ཏིཏྟརེ་བྷ་ག་པ་ཏི་ཆེསཿ། འཕགས་མ་སྒྲོལ་མ་མཟོད་པ་དང་ལྡན་མ་ཉེས་བྱ་བའོ།། ན་མོརཀྵཋ། ན་མ་ཨཱརྱས་ལ་ལོ་ཀ་ཏི་ཤཱ་རཱ། བོ་དྷི་སཏྭཱསྭ། མཧཱ་སདྡྷ5། #། ་བཱིརྱ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་གཞན་པའི་བརྩོན་འགྲུས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སདྡྷ་ཡ ་མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷུ་ནེ་རྒྱུ་ན་བ་ཏི། ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བསམ་གཏན་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་མ ་། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཛྙེ་པ་ར་པྲཛྙཱ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སཱཧཱ། འཕགས་མ་སྒྲོལ་མ་གཞན་པའི་ཤེས་རབ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀ ་ཏེཤྭ་རཱ་ཡེ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུཾ་པཱ་ལེ། ཨུ་པཱ་ཡ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ།། འཕགས་མ་སྒྲོལ་མ་ཐབས་ལྡན་མ་ཞེས་བྱ་བའི་རིག་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱཿ། ཀཽ་ཤ་ལྱ་བ་ཏི་ཏཱ་རེ་དྷ་རེ་སྭཱཿ། འཕགས་མ་སྒྲོལ་མ་མཁས་པ་ཉིད་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྱོ་ཏི་ཛྱོ་ཏི་པ་ཏི་ཏཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྐར་འོད་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ ་བོ་དྷི་སཏྭཱ་ཡ། མཉྫུ་སཏྭཱ་ཡ། ཋཿ།། བོ་ཎྱཻནྟེ། བོ་དྷ་ག་བ་ཏི་ཏཱ་རེ་ཏྲཏྟ་རེ་སྭཱཿ། འཕགས་མ་སྒྲོལ་མ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་མ་ཞེས་ཟླ་བའི་རིག་པའོ།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨོཾ་བ་ལོ་ཀི་ཏི་ཤཱ་ར་ཡཱ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿཐཱ། ཨཱཪྵེ་ཨཱརྱ་བ་ཏི་ཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རིང་དུ་སོང་བ་ལྡན་མའོ།། ན་མོ་རཏྣ ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། རྦིཥྨ་ཏྲྀཥྚ་བ་ཏིཾ་ཏཱ་རེ་ཏུ་རཻ་སྭཱཧཱ། འཕགས་མ་སྒྲོལ་མ་བལྟས་པ་དང་ལྡན་མ་ཞེས་བྱ་བའོ།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་ཏྱ་ཡེ་པྲ་ཏྱ་ཡ་བ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྐྱེན་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཿ་ཐཱ། ཨ་ནཾ་ག་ནེ་ཨ་ནཾ་ག་བ་ཏིཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལུས་མེད་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཐ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨེ་ཀ་ཨེ་ཀ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཅིག་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ལ། ཏདྱཿ་ཐཱ། པཱ་རེ་བཱ་ར་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཕ་རོལ་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ.་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤི་ཁི་ཤི་ཁ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་གཙུག་བུད་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏྲེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྟེ་ཡ། ཏཿཐཱ། ཤུདྡྷེ་ཤུདྡྷ་བ་ཏི་ཏཱ་རེ་ཏུཏྟཱ་ར་སྭཱཧཱ། འཕགས་མ་སྒྲོལ་མ་དག་པ་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སདྡྷི་ཡ། མ་ཧཱ་སཏྐཱ་ཡ། ཏདྱ་ཐཱ། བཽ་ཤུདྡྷེ་བི་ཤུདྡྷ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རྣམ་དག་ལྡན་མ་ཞེས་བྱ་བའོ།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུ་བྷེ་ཤུ་བྷ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དགེ་བ་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཤ་རཱ་ཡ། བོ་དྷི་སཏྭཱཾ་ཡ། མཧཱ་སཏྭེ་ཡ། ཏདྱ་ཐཱ། ཏྲཱ་སཾ་ཏྭ་ས་ནི། ཏཱ་ར་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྐྲག་བྱེད་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ལ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མཱརྒེ་མཱརྒ་བ་ཏི་ཏཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལམ་དང་ལྡན་མ་ཞེས་བྱ་བ ་ན་མོ་རཏྣ་ཏྲ་ཡཱལ། ནམ་ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ་བོ་དྷི་སཏྭཱཾ་ས། མ་ཧཱ་སཏྭཱ~ཾ་ལ། ཏཿཧཱ། ཨཱ་ལྲྀ། ཨཱ་མྲ་ཥ་བ་ཏི་ཏཱ་རི་བྷ་ག་བ་ཏི་སྭཱཿ། འལགས་མ་སྒྲོལ་མཚེ་ལྡན་མ་ཞེས ་བའོ། ། ན་མོ་རཏྣ་ཏྲ་ཡཱ། ན་མ་ཨཱརྱ་ཨ་བ་མོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿཐཱ། ཨུ་ད་ཀེ་ཨུད་ཀ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་སཧཱ། འཕགས་མ་སྒྲོལ་མ ་། ཆུ་བོ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བིགྷྣ་བིགྷྣ་བ་ཏི་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བགེགས་ཅན ་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀཱ་ཤེ་ཀཱ་ཤ་བ་ཏཾ་ཏུ་རེ་ཏུ་རེ་སཱཧཱ། འཕགས་མ་སྒྲོལ་མ་གསལ་ལྡན་མ་ཞེས་བྱ ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཎྱ་ཐ། ཨིནྟེ། ཨིནྡྲ་པ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབང་ལྡན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བཛྲེ་བཛྲ་བ་ཏི་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རྡོ་རྗེ་ལྡན་མ ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ལོ་ཀི་ལོ་ཀ་བ་ཏི་ཏུ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འཇིག་རྟེན་ལྡན་མ་ཞེས ་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱཾ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བྲཧྨེ་བྲཧྨ་བ་ཏི་ཏཱ་ར་བ་ཏི་ཏུ་རེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་ཚངས་ལྡན་མ་ཞེས ་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་མོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མེ་ཏྲི་མེ་ཏྲ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བྱམས་ལྡན་མ་ཞེས་བྱ ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤ་རཱ་ཡ། བོ་དྷི་སཏྭ་ཡེ། མ་ཧཱ་སཏྭཱ་ཡཻ། ཏདྱཐཱ། བྷ་རྦེ་བྷ་དྲ་བ་ཏི་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བཟང་པོ་ལྡན་མ་ཞེས་བྱ ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ལ། ཏརྦཌྷ། གྷོ་ཥེ་གྷོ་ཥ་བ་ཏི་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབྱངས་ལྡན་མ་ཞེས་བྱ་བའོ།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སུ་རེ་སུ་ར་པ་ཏི་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལྷ་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷ་བ་ཏི་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རྟོགས་པ་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿ་ཐཱ། ག་ག་ནེ་ག་ག་ན་བ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ནམ་མཁའ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི ་ཏེ་ཤྭ་རཱ་མ། བོ་དྷི་སཏྭ་མ། མཧཱ་སཏྟ2། 6། བཱི་རི་བཱི་ར་བ་ཏི་ཤྭ་རེ་ཏུ་རེ་སྭཱཏྨ། འཕགས་མ་སྒྲོལ་མ་དཔའ་མོ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣཎ་ཡཱ་ལ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཨུ0f7f་བ ་ཨོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཧི་ར་ཎྱེ་ཧི་ར་ཎྱ་བ་ཏི་ཏུ་རུ་ཏུ་རུ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དབྱིག་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱཿ ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷ་ནེ་དྷ་ན་པ་ཏི་ཏཱ་རེ་ཏཱ་རེ་སྭཱ་ཧཱ། འཕགས་སྒྲོལ་མ་ནོར་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ ་སཏྭཱ་ཡ། ཏདྱ་ཐཱ། དི་བྱེ་དི་བྱ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རུ་སཱ་ཧཱ། འཕགས་མ་སྒྲོལ་མ་བརྩེ་བ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ ་སཏྭཱ་ཡ། ཏདྱ་ཐཱ། ཨརྞེ་ཨརྠཱ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མཆོད་པ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། ་མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བྷ་ཡེ་ཨ་བྷ་ཡ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་ཧུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་མི་འཇིགས་པ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ ་ཡཿབོ་དྷི་སཏྭཱ་ཡ། ཏདྱ་ཐཱ། པདྨེ་པཪྻ་པ་ཏཱི་ཏཱ་རེ་ཏཱ་རེ་ཏུཎྜཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་པདྨ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཐ་ཡཱ་ཡ། ན་མ་ཨཱརྱས་བ་ལོ་ཀིཾ་ཏེ་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤྲི་ཡེ་ཤྲི་ཡ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་དཔལ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་དྷ་སེ།། ཨ་བྷུ་བ་བ་ཏི་སྭཱཧཱ། འཕགས་མ་སྒྲོལ་མ་མེད་པ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བྷ་སེ་བྷཱ་ས་བ་ཏི་ཏཱ་རེ་བྷ་ག་བ་ཏི་ཏཱ་ར་ཡཾ་སཱཏྲ། འཕགས་མ་སྒྲོལ་མ་གོས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཧཱ་རེ་ཏཱ་རཱ་པྲ་བྷེ་ཧཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ཀྱི་མཐུ་སྟོབས་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། དཱ་ནེ་དཱ་ན་པྲ་བྷེ་དཱ་ན་ཏཱ་རེ་ཏཱ་རེ་ཏུ་རེ་ཧུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྦྱིན་པའི་འོད་ཅེས་བྱ་བའོ།། ན་མོ ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ~ཾ། བོ་དྷི་སཏྭཱ་ཡཾ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཤི་ལ་པྲ་བྷེ་ཏཱ་ར་ཏཱ་རེ་སྭཱ་ཧཱ། འཕགས་མ་སྐྱིལ་མ་ཚུལ་ཁྲིམས་འོད་ཅེས་བྱ་བའོ།། ན་མོ ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱཾ་ཡ། མ་ཧཱ་སཏྭཱ་ལ། ཏདྱཿ། ཀྲཱནྟི་ཀྵཱནྟ་པྲ་བྷེ་ཧུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཟོད་པའི་འོད་ཅེས་བྱ་བའོ།། ན་མོ ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བཱིརྱེ་བཱིརྱ་པྲ་བྷེ་ཏུ་རི་ཏུ་རི་སཱ་ཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ཀྱི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷུ་ནེ་དྷྱཱ་ན་པྲ་བྷྲེ་ཏུཏྟཱ་རེ་ཏུཏྟ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བསམ་གཏན་འོད་ཅེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། པྲཛྙེ་པྲཛྙཱ་བྷི་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཤེས་རབ་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མ་ཨཱརྱ་ཨ་བ་ལོ་ཀཽ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། ཨུ་པཱ་ཡེ་ཨུ་པཱ་ཡ་པྲ་བྷེ། ཧཱ་རི་ཏཱ་རེ་ཏུ་རེ་སཱ་ཧཱ། འཕགས་མསྒྲོལ་མས?་ཀྱི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཧྞ་ཡ། ཧདྱ་ཐཱ། བེ་དྷྱེ་བེ་དྷྱ་པྲ་བྷེ་ཏུ་རེ་ཏུ་རེ་སཱཧྨ། འཕགས་མ་སྒྲོལ་མ་འབིགས་པའི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ ་། ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སྭ་བྷ་བེ་སྭ་བྷཱ་བ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རང་བཞིན་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ག ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱཐཱ། སཾ་གྷེ་སཾ་གྷ་པྲ་བྷེ་ཏཱ་རེ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དགེ་འདུན་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱུརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ་མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་དྷརྨ་པྲ་བྷེ་ཏུཏྟཱ་རེ་ཏུཏྟཱ་རེ་སཱཧཱ། འཕགས་མ་སྒྲོལ་མ་ཆོས་ཀྱི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་ཏདྱཿ། བུདྡྷེ་དུདྡྷ་པྲ་བྷེ་ཏུཏྟཱ་རེ་དྷ་རེ་ཏྱ་སྭཱཿ། འཕགས་མ་སྒྲོལ་མ་སངས་རྒྱས་ཀྱི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནཱ་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་མ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏ6 ་ཨཱི་ཤེ་ཨཱི་ཤ་པྲ་བྷེ་ཏཱ་རེ་སྭཱཿ། འཕགས་མ་སྒྲོལ་མ་དབང་པོའི་འོད་ཅེས་བྱ་བའོ།། ། ན་མོ་རཏྣ་ཏྲ་ལཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་མ། བོ་དྷི་སདྡྷ་ཡ། མཧཱ་སཏྭཱ་ཡ། ཏདྱཐཱ། དྲྀ་དྷཱི་རྦི་ཌྷི་པྲ་བྷྱོ་དྲྀཿ ་པྲ་དྷེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བརྟན་པའི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཀྟེ་ཏཱ་རེ་ཤཀྟི་པྲ་བྷེ་ཧཱ་རེ་ཏཱ་རེ་སྭཱཉྫ ་འཕགས་མ་སྒྲོལ་མ་ནུས་པའི་འོད་ཅེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏྲེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱཐཱ། ཨ་ཧྱ་ཡ་ཏཱ་རེ་ཨ་བྱཱ་ཡཱ་པྲ་བྷེ་ཏཱ་ར་ཏཱ་རེ་སྭཱཧཱ ་འཕགས་མ་སྒྲོལ་མ་མི་ཟད་པའི་འོད་ཅེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། ནི་རཉྫ་ནི་ཏཱ་རེ། ནི་རཉྫ་ན་པྲ་བྷེ ་ནིརཉྫ་ན་པྲ་བྷེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་མིག་སྨན་མེད་པའི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ ་ཏཿ་ཐཱ། སཱུཀྵཱ་ཏཱ་རེ། སཱུཀྟཱ་པྲ་བྷེ། སཱུཀྟཱ་པྲ་བྷེ་ཏཱ་རེ་ཉྫ་སྱཱ་ཧཱ། འཕགས་མ་སྒྲོལ་མ་འོད་ཕྲ་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ ་མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་པ་ཡ་བེ་ཏཱ་རེ། ཨ་བ་ཡ་བ་པྲ་བྷེ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་ཆ་ཤས་ཀྱི་འོད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། མརྒེ་མཱན་པྲ་བྷེ། ཏཱ་རེ་ཏཱ་ར་ཡཾ་བྷ་ག་བ་ཏི་སྭཱཧཱ། འཕགས་མ་སྒྲོལ་མ་ལམ་གྱི་འོད་ཅེས་བྱ་བའོ།། ན་མོརཿ ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ།། བོ་དྷི་སཏྭཱ་ཡཾ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། དུཿཁེ་དུཿཁ་པྲ་བྷེ་ཏཱ་རེ་ཥཱ་རེ་ཧུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་སྡུག་བསྔལ་རབ་བསལ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལྀ་ཀཾ་ཤྭ་རཱ་ཡ། བཽ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷ་ནྱེ་དྷུ་ནྱ་པྲ་བྷེ་དྷ་རྠེ་ཧུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འབྲུའི་འོད་ཅེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་མཾ། ཏདྱ་ཐཱ། ཨཱ་བ་ར་ཎེ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཀུན་ཏུ་སྒྲིབ་མ་ཀུན་ཏུ་སྒྲིབ ་པའི་འོད་ཅེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡཾ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། དྷརྨེ་དྷརྨེ་དྷརྨ་ཨ་བ་བྷཱ་སེ་ཏུ་རེ་ཏུ་རེ་སྭཱཧཱ། འཕག ་མ་སྒྲོལ་མ་ཆོས་ཀྱི་ཀུན་ཏུ་སྣང་བ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལཽ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཾ་གྷེ་སཾ་གྷ་ཏཱ་རེ། སཾ་གྷ་ཨ་བ་དྷཱ ་སེ་ཧུ་རེ་ཧུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་འདུན་ཀུན་ཏུ་སྣང་བ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བུདྡྷེ་བུདྡྷ ་ཏཱ་རེ། བུདྡྷ་ཏེ་ཛེ་ཏུ་རེ་སྭཱཿ། འཕགས་མ་སྒྲོལ་མ་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་ཏདྱ་ཐཱ། ཨུ་པཱ་ཡེ། ཨུ་པཱ་ཡ་ཏཱ་རེ་ཨུ་པཱ་ཡ་ཏེ་ཛེ་ཏུ་རེ་ཧུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཐབས་ཀྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཾ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷཱ ་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པཱ་རེ་པཱ་ར་ཏཱ་རེ་པཱ་ར་ཏེ་ཛེ་ཏཱ་རེ་ཏཱ་རེ་ཧུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཕ་རོལ་གྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། ཨཀྵ་ཡ་ཨཀྵ་ཡ་ཏེ་ཛེ་ཧུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་གཟི་བརྗིད་མི་ཟད་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། དཱ་ནེ་དཱ་ན་ཏཱ་རེ་དཱ་ན་ཏེ་ཛེ་ཏུཏྟཱ་རེ་ཏུཏྟཱ་རེ་སཱཿ། འཕགས་མ་སྒྲོལ་མ་སྦྱིན་པའི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཾ། བོ་དྷི་སཏྭཱ་ཡཾ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤི་ལེ་ཤི་ལ་ཏཱ་ར~ཾ་ཤི་ལ་ཏེ་ཛེ་ཏུཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས ་ཀྱི་གཟི་བརྗིད་ཅེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀིཿཤྭ་རཱ་ཡ། བོ་དྷི་སདྡྷ5། མཧཱ་སཏྟཱ་ཡ། ཏཿཐཱ། ཀྵཱནྟེ་ཀཱན་ཏཱ་རེ་ཀྵན ་ཏུ་རེ་སྱཱཛྫ། འཕགས་མ་སྒྲོལ་མ་བཟོད་པའི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སདྡྷི་ཡ། ཏདྱ་ཐཱ། བཱིརྱེ་ཨུ0f7f་ཏ ་ཨཱ་རེ་བཱིརྱ་ཏེ་ཛེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ཀྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཾ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿ ་ཐཱ། དྷཱ་ནེ་དྷྱཱ་ན་ཏཱ་རེ་དྷྱཱ་ན་ཏེ་ཛེ་ཏུ་རེ་ཏུ་རེ་སཱཧཱ། འཕགས་མ་སྒྲོལ་མ་བསམ་གཏན་གྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་ར་ཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ་མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཛྙེ་པྲཛྙཱ་ཏཱ་རེ་པྲཛྙཱ་ཏེ་ཛེ་ཏུ་རེ་ཏུ་རེ་ཏཱ་རེ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཤེས་རབ་ཀྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ~ཾ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཿཐཱ། མཱརྒ་མཱན་ཏཱ་རེ། མཱརྒ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཏྨ། འཕགས་མ་སྒྲོལ་མ་ལམ་གྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣཏྲ ་ཡཱམ། ན་མ་ཨཱརྱས་བ་ལོ་ཀི་ཏེ་ཤ་རཱ་ཡ~ཾ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་བྷེ་པྲ་བྷ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཿ། འཕགས་མ་སྒྲོལ་མ་འོད་ཟེར་གྱི་གཟི་བརྗིད་ཅེས་བྱ་བའོ།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། མ་དྷྱེ་མ་དྷྱ་ཏཱ་རེ་ཏུ་རེ་ཏུ་རེ་ཏཱ་རེ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དབུ་མའི་སྒྲོལ་མ་ཞེས་བྱ་བའོ།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ནཽརྨ་ལེ། ནིརྨ་ལ་ཏཱ་རེ་ནིརྨ་ལེ་ཏེ་ཛེ་ཏུ་རེ་ཏུ་རེ་སཱཧཱ། འཕགས་མ་སྒྲོལ་མ་ག་ཟི་རྗིད་དྲི་མ ་མེད་པ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུདྡྷ་ཤུདྡྷ་ཏཱ་རེ་ཤུདྡྷ་ཏེ་ཛེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་དག ་སྒྲོལ་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྐཱ་ཡ། ཏདྱ་ཐཱ། སི་ཏེ་སི་ཏ་ཏཱ་རེ་སི་ཏཱ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ ་དཀར་བའི་གཟི་བརྗིད་ཅེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། མཾ་ག་ལྱེ་མཾ་ག་ལྱ་མ་གཽ་ལ་ཏེ་ཛེ་ཏུ་རེ་ཏུ་རེ་སཱཧཱ། ་། འཕགས་མ་སྒྲོལ་མ་བཀྲ་ཤིས་པའི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷ་ཏཱ་རེ་བོ་དྷི་ཏི་ཛེ་ཏུ་རེ་ཎྜ ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་བྱང་ཆུབ་ཀྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ས་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ནི་རྀ་ཎེ། ནི་ར་ཎ་ཏཱ ་ནི་རྀ་ཎ་ཏེ་ཛེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བུ་ལོན་མེད་པའི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཱཿ ་ཡ། ཏདྱཐཱ། བེ་གེ་བེ་ག་པ་ཏི་ཏེ་ཛེ་ཏུ་རེ་ཏཱ་རེ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཤུགས་ཀྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་མ། བོ་དྷི་སཏྭཱ་ཡ། མཿ ་སཏྭཱ་ཡ། ཏདྱ་ཐཱ། སབྡེ། སཔྤ་ཏཱ་རེ། སྭཔྣ་ཏེ་ཛེ་ཏུ་རེ་ཏུ་རེ་ཏཱ་རེ་ཧྣེ་ར་སྭཱཧཱ། འཕགས་མ་སྒྲོལ་མརྨི་ལམ་གྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤུ་རཱ་ས ་བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་ནནྟེ་ཨ་ནནྟ་ཏཱ་རེ་ཨ་ནནྟ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་གཟི་བརྗིད་མཐའ་ཡ་ས་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། གནྡྷེ་གནྡྷ་ཏཱ་རེ། གནྡྷ་ཏེ་ཛེ་ཏཱ་རེ་ཏཱ་རེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་དྲིའི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ ་ཨཱརྱ་ཨ་བ་ལོ་ཀི་ཏྭེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ་3། མོ་ཧ་ནཽ་མོ་ཧ་ནི་ཏཱ་རེ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རྨོངས་བྱེད་མའི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། མམ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ~ཾ་ཡ། མ་ཧཱ་སཏྭཱ་ཡ། ཏདྱཐཱ། ཏཱ་རེ་ཏཱ་ར་བུདྡྷ་མ་ཏི་ཏུ་རེ་སྭཱཿ། འཕགས་མ་སྒྲོལ་མ་སངས་རྒྱས་ཀྱི་བློ་གྲོས་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ ་། ཨཱརྱ་ཨ་བ་ལོ་ཀི་ཏྲཻ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་དྷརྨ་ཏུཏྟཱ་རེ་ཏཱ་རེ་ཏཱ་ར་མ་ཏི་སྭཱ་ཧཱ། འཕགས་མ་སྒྲོལ་མཆོས་ཟོ་གྲོས་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱུཾ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སི་གྷེ་སཱཾ་གྷ་ཏཱ་རེ་སཾ་གྷཱ་མ་ཏི་ཏཱ་རེ་སཱཧྨ། འཕགས་མ་སྒྲོལ་མ་དགེ་འདུན་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ལ། བོ་དྷི་སཏྐཱ་ཡ། མ་ཧཱ་སརྦྦཱ་ཡ། ཏདྱ་ཐཱ། མཻ་ཏྲེ་ཏཱ་ར། མེ་ཏྲེ་ཧུ་རཾ། མེ་ཏྲ་མ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བྱམ་ས་མ་ཞེས་བྱ་བའོ།། ་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀོ་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སརྦྦ་ཡ། ཏདྱ་ཐཱ། ཀུ་སུ་མེ་ཏཱ་རེ། ཀུ་སུ་མ་དྷརྨེ་ཏྱ་རེ། ཀུ་སུ་མ་མ་ཏཱི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་མེ་ཏོག ་། ལྡན་མ་ཞེས་བྱ་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བྷ་དྲྀ་ཏཱ་རེ།། བྷ་དྲ་དྷརྨེ་ཏུདྡྷེ་རེ་ཙུ་རེ་བྷ་དྲ་བ་ཏིནྡྷ་རེ་སཱཧཱ། འཕགས་མ ་། སྒྲོལ་མ་བཟང་པོ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏྭེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཧྱ་ཐཱ། ཨརྞྞེ་ཏཱ་རེ། ཨཱནྣེ་ཧུཏྟཱ་རེ་ཏུ་རེ་མ་ཏི་སཱཏྨ། འཕགས ་། མ་སྒྲོལ་མ་འབྱོར་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། གྲྀ་ཧི་ཏཱ་རོ་གྲྀ་ཧ་མ་ཏི་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་སཱ་ཧཱ། འཕགས ་མ་སྒྲོལ་མ་ཁྱིམ་ལྡན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ལ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཧདྱ་ཐཱ། དེ་བེ་ཏཱ་རེ། དེ་བ་མ་ཏིཏྟ ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལྷ་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡཾ། བོ་དྷི་སཏྭཱ་ཡཾ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། རི་ཛུ་ཀ་ཏཱ་རེ་རི་ཛྫ ་ཀེ་དྷརྨ་ཏཱ་རེ་རིརྀ་ཛྲ་ཀ་མ་ཏི་ཏཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མཟང་པོ་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏརྱ་ཐཱ། ་སཽ་མྱེ་ཏཱ་རེ་སཽ་མྱ་དྷརྨེ་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཟླ་བ་ཉིད་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ་ས་ཏྭེ་ཏཱ་རེ། སཏ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྙིང་སྟོབས་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀཻ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཿ། # ་སུ་རུ་ཏཱ་རེ་ཀྵ་ཡ་མ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་མི་ཟད་པ་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཧྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། ་བི་པུ་ཡ་ཏཱ་རི། བི་པུ་ཁ་དྷརྨ་ཏཱ་རེ། བི་པུ་ལ་དྷརྨ་བ་ཏི་ཏཱ་རེ་སཧཱ། འཕགས་མ་སྒྲོལ་མ་ཡངས་པའི་ཆོས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཻ་རཱ་ལ། བོ་དྷི་སཏྭཱ ་ཡ་མཧཱ་ས་ཧཱ་ཡ། ཏརྦ་ཐཱ། ཏེ་ཛེ་ཏཱ་རེ། ཏེ་ཛ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཟི་བརྗིད་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སརྦྦ ་མཧཱ་སཏྭཱ་ཡ། ཏརྨ་ཐཱ། བི་དྷི་བ་ཏི་ཏཱ་རེ། བི་དྷི་བ་ཏེ་ཏྱ་རེ། བི་དྷ་བ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མཆོག་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཧྱ་ཐཱ། རཱ་ནེ་དཱ་ན་ཏཱ་རེ་དཱ་ན་པ་ཏི་ཏཱ་རེ་ཧུཏྟ་རེ་ཏུཏྟཱ་རེ་ཏཱ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་སྦྱིན་པའི་བདག་པོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུ་པཱ་ཡེ་ཏཱ་རེ། ཨུ་པཱ་ཡ་སཏྭཱ་ཏ་རེ། ཨུ་པཱ་ཡ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཐབས་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ ་། ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཧཱ་རེ་ཏུཏྟཱ་རེ་ཏཱ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ ་ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵཱནྟི་བ་ཏི་ཏཱ་ར་ཏཱ་རེ་ཏུཏྟཱ་རེ་ཧུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བཟོད་པ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ ་། ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱྀ་ཡ། བོ་དྷི་སཏྭཱཾ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུ་བྷེ་ཧཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་ཤུ་བྷ་མ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དགེ་བ་ལྡན་མ ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུརྱ་ཏཱ་རེ་ས་མཱ་ན་ཏུཏྟཱ་རེ་ཏུ་རེ་ཏུ་རེ་ཏཱ་རེ། སཱརྠ ་མ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཉི་མ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏིདྱ་ཐཱ། ཙནྣ་ཏཱ་རེ་ཙནྣ་ས ་མེ་ཏཱ་རེ་ཏཱ་རེ་ཙནྣ་བྷི་ས་མེ་ཏཱ་རེ་ཏཱ་རེ་ཧུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཟླ་བ་ལྡ་ན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནེ་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ་ཏདྱ་བྷཱ། ཛཱ་ལྀ་ནི་ཏཱ་རེ། ཛཱ་ལ་ས་མེ་ཏཱ་རེ། ཛཱ་ལ་བ་ཏི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་འབར་བ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལིཾ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི ་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱ་ཐཱ། པྲ་ཧྨེ་ཏཱ་རེ། བྲ་ཧྨེ་ས་མེ་ཏཱ་རེ། བྲཧྨ་ཎི་ས་མེ་ཏཱ་རེ་པྲ་ཧྨ་མ་ཧི་ཏུ་རེ་ཏུ་རེ་སཱཧྨ། འཕགས་མ་སྒྲོལ་མ་ཚངས་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ ་ཡ། ན་མ་ཨཱརྱ་ཨཾ་བ་ལོ་ཏེ་ཧ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྐཱ་ཡ། ཏདྱ་ཐཱ། ཨིནྣེ་ཧཱ་རེ། ཨིནྡྲ་ས་མེ་ཏཱ་རེ། ཨིནྡྲ་པ་ཧི་ཏཱ་རེ་ཧུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དབང་པོའི་བདག ་མོ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨནྣ་ཏཱ་རེ་ཨནྡྲ་པ་ཏི་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ ་ཟས་ཀྱི་བདག་མོ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྐཱ་ལ། ཏདྱ་ཐཱ། ཨཱ་ཀ་ཤེ་ཏཱ་རེ། ཨཱ་ཀཱ་ཤ་པ་ཏི་ཧཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། 25 ་། མསྒྲོལ་མ་ཀུན་ནས་གསལ་བའི་བདག་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱཿ། ག་ག་ནེ་ཏཱ་རེ་ག་ག~ཾ་ན་པ་ཏིཿ ་རེཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ནམ་མཁའི་བདག་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལཽ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སདྡྷ་ཡ། ཏདྱ་ཐཱ། ་ཛ་མེ་ཏཱ་རེ་ཛ་ཡ་བ་ཏི་ཏཱ་རེ། ཏཱ་རེ་ཧཱ་རེ་ཏུ་རེ་སཱུ་ཧཱ། འཕགས་མ་སྒྲོལ་མ་རྒྱལ་བའི་བདག་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀཽ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཏྨཱ ་སཏྭཱ་ཡ། ཏདྱ་ཐཱ། སརྦ་དེ་བ་ཏཱ་སྭ་རེ་ཏཱ་རེ་ཨ་བྷི་སྭ་ར་པ་ཏི་ཏཱ་རེ་ཏུ་རེ་ཏུ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འོད་གསལ་གྱི་བདག་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི ་ཏེཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་དྷཱ་ན་པྲ་ཏི་ཏཱ་རེ། པྲ་དྷཱ་ནེ་ཏཱ་རེ་ཏུ་རེ་ཏུ་རེ་པྲ་དྷཱ་ན་པ་ཏི་སཱཧཱ། འཕགས་མ་སྒྲོལ་མ་གཙོ་བོ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ ་ན་མ་ཨཱརྱས་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ལ། མཿས་ཏྭཱ~ཾ་མ། ཏཿཐཱ། སརྦ་དེ་བ་ཏཱ་རེ། སརྦ་དེ་བ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཿ། འཕགས་མ་སྒྲོལ་མ་ལྷ་ཐམས་ཅད་ཀྱི་བདག་མོ་ཞེས ་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཉྫུ་སཏྭཱ་ཡ། ཏདྱ་ཐཱ། ས་མནྟེ་ཧཱ་རེ། ས་མནྟ་བ་ཏི་ཏཱ་རེ། ས་མནྟ་མ་ཏི་ཏཱ ་ཏུ་རེ་ཏཱ་རེ་ཏཱ་རེ་སཱཿ། འཕགས་མ་སྒྲོལ་མ་ཀུན་ཏུ་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱིརྱ་ཨ་བ་ལོ་ཀི་ཏཾ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ས་མྲྀ་དྷ་མ་ཏི་ཏཱ་ར ་ཏུ་རེ་ཧུ་རེ་ཏཱ་རཱ་ཡ་ཏཱ་རེ་ཏྱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཡང་དག་པར་བསགས་པའི་བདག་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ།། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ ་ཏདྱ་ཐཱ། ཨཱི་ཤེ་ཏཱ་རེ་ཨཱི་ཤ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་ཨཱི་ཤ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དབང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཱཏྟ ་ཡཏདྱ་ཐཱ། ཏྱ་རེ་ཏཱ་རེ། ཏཱ་རེ་ཏཱ་རེ་སུ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལེགས་པའི་སྒྲོལ་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྐཱ ་མ[:]ཏདྱ་ཐཱ། ཏཱ་རེ་ཏཱ་རེ་བྷ་ག་བ་ཏེ། བྷ་ཡ་མོ་ཙ་ནི། ཏྲ་སེ་ཏྲཱ་ས་ལ། ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འཇིགས་པ་གྲོལ་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཿ་ཐཱ། ཏཱ་རེ་ཏཱ་རེ། ཨཱ་རེ་ཨཱ་རེ་ཏུཏྟཱ་ར་ཏྱཏྟཱ་རེ་ཏུ་རེ་སྭཱཿ། འཕགས་མ་སྒྲོལ་མ་དཔའ་མོ་ཞེས་བྱ་བའོ།། ན་མོ་རཏྣ་ཎ་ཡཱ་ཡ། ན་མ་ཨཱཿ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཉྫ་རེ་ཏྟཱ་ར་ཡ། བྷོ་ཏཱ་རེ། མ་ཧཱ་བྷ་ཡཿཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འཇིགས་པ་ཆེན་པོ་ལས་གྲོལ་བར་བྱེད་མ ་། ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་ར་ཎི་ནི་ར་བི་ཀལྤེ་ཏཱ་རེ། ནི་ར་བི་ཀལྤ་ས་མུངྒ་ཏེ་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ ་འཕགས་མ་སྒྲོལ་མ་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཧེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བུདྡྷ་ཀལླེ་ཏཱ་རེ་བུདྡྷ་ཀམྦ ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སངས་རྒྱས་བརྟག་པ་ཞེས་བྱ་བའོ།། ན་མོ་རཏྣ་ཐ་ཡཱ་མ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་ར་ཏཱ་ར ་དྷརྨ་ཀལྤེ་ཏཱ་རེ། ། དྷརྨ་ཀལླ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རྨོས་ཀྱི་བརྟག་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་ཏདྱ་ཐཱ། ཏཱ་རེ་སཾ་གྷ་ཀལྤེ་ཏཱ་རེ། སཾ་གྷ་ཀལྤ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དགེ་འདུན་བརྟག་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ་བོ་དྷི་སཏྭཱ་ལ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ས་ཏེ་བྷ་ག་བ་ཏེ་ཏཱ་རེ། ཨ་བྷ་བེ་ཏཱ་རེ་ཏཱི་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དངོས་པོ་མེད་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ལ། ཏཿཐཱ། ཨ་བྷཱ་བ་དཱ་ནེ་ཏཱ་རེ་ཏྲེར། ཀུ་ཏཱ་རེ། ཀུ་རུ་ཀྲཿ། མུ་རུ་མུ་རུ་སྭཱཿ། འཕགས་མ་སྒྲོལ ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀོ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་བྷཱ་བེ་ཏཱ་རེ། སརྦ་ས་ནིརྱཱ་ཏེ་ཏཱ་རེ་ཏུ་རེ་སྱཱཿ ་འཕགས་མ་སྒྲོལ་མ་རང་ཐམས་ཅད་ངེས་པར་འབྱུང་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལཽ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡཾ། ཏདྱ་བྷཱ། སརྦ་ཨཾ་གེ་རཏ ་རེ། སརྦ་རི་ཛུ་ཀེ་ཏཱ་རེ་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དང་པོའི་ཆོས་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྱཿ ་སརྦ་པཱ་ར་མི་ཏཱ་ཏཱ་རེ། སརྦ་པ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ ་ཤྭ་རཱ་མ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏརྱ་ཐཱ། སརྦ་དཱ་ནེ་ཏཱ་རེ་ཏཱ་རེ། སརྦ་དཱ་ན་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྦྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བི་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤྲཱི་ལེ་ཧཱ་རེ། ཤཱི་ལ་པཱ་རི་མི་ཧཱ་བྷེ་ཧེ་བྱེ། ཤཱི་ལ་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་ར་སཱད།། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ཀྱི ་ཕ་རོལ་ཏུ་ཕྱིན་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵནྟེ་ཏཱ་རེ། ཀྵནྟེ་པཱ་མི་ཏཱ་ཏཱ་རེ། ཀྵནྟེ་པ་ར་མི་ཏཱ་ནིཪྵཱ་ཏེ་ཏུ་རེ་ཏུ་རེ་སཱཿ ་འཕགས་མ་སྒྲོལ་མ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏརྠ་ཐཱ། བཱིརྱེ་ཏཱ་རེ། བཱིརྱ་པཱ་ར་མི་ཏཱ་ཏཱ ་བཱིརྱ་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ ་ཡ། ཏ་དྱ་ཐཱ། དྷྱཱ་ནེ་ཏཱ་རེ་དྷྱཱ་ན་པཱ་ར་མི་ཏཱ་ཏཱ་རེ། དྷཱ་ན་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སཱཧཱ། འཕགས་མ་སྒྲོལ་མ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཛྙཱ་ཏཱ་རེ་པྲཛྙཱ་པཱ་ར་མི་ཏཱ་ཏཱ་རེ། པྲཛྙཱ་པཱ་ར་མི་ཧཱ་ནིཪྻཱ་ཏེ་ཏུ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏརྨ་ཐཱ། སརྦ་པཱ་ར་མི་ཏཱ་ནིཪྻཱ་ཧེ་ཏུ་རེ་ཧུ་རེ། སརྦ་དྷརྨྨ་ཨ་བ་བྷ་བ། སརྦ་པཱ་ར་མི་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས ་། མ་སྒྲོལ་མ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཆོས་ངེས་པར་འབྱུང་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཿཐཱ། ཏཱ་རེ། སརྦ་བུཿ ་ནིརྱཱ་ཥེ་ཏུ་རེ་ཧེ་རེ། སརྦ་བུདྡྷ་པཱ་ར་མི་ཧེ་ཏུ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ལཱ་ཡ། ན་མ་ཨཱཿས་པ་ལ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་དྷརྨེ་ཏཱ་རེ། སརྦ་དྷརྨ་ནིརྱཱ་ཏེ་ཏཱ་རེ་ཏཱ་རེ་སརྦ་དྷརྨ་ནིརྱཱ་ཏེ་ནི་བ་ར་ཎི་བ་ར་ཎི་ཏཱ་རེ་སཱ་ཧཱ། འཕགས་མ་སྒྲོལ་མ་ཆོས་ཐམས་ཅད་ཀྱི་ཕ་རོལ ་ཏུ་ཕྱིན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་སཾ་གྷེ། སཾ་གྷ་ཏཱ་རེ་ཏུ་རེ། སརྦ་སཾ་གྷ་དྷརྨ་ནིརྱཱ་ཏེ་ཀུ་རེ་སཾ་གྷ། ་པཱ་ར་མི་ཏེ་ཏུ་རེ་ཏུ་རེ་སཱཧཱ། འཕགས་མ་སྒྲོལ་མ་དགེ་འདུན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས། ་ཡཏརྠ་ཐཱ། ཏཱ་རེ་ཏཱ་རེ། སརྦ་བཱ་ར་མི་ཏཱ་ཏཱ་རེ། སརྦ་དྷརྨེ་ཏཱ་རེ། སརྦ་རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་ཨ་ན་བྷི་ལཱ་བྱ་ཏཱ་རེ་བཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མངོན་པར་བརྗོད་པར ་བྱར་མེད་པ་ཞེས་བྱ་བའི་སྒྲོལ་མ་འདི་རྣམས་ཆོས་ཐམས་ཅད་ངེས་པར་འབྱུང་བ། རང་བཞིན་མེད་ཅིང་མངོན་པར་བརྗོད་པར་བྱར་མེད་པ།། དོན་ཐམས་ཅད་སྒྲུབ་པར་བྱེད་པ།། ནད་ཐམས ་གསོ་བར་བྱེད་པ། ། ཐམས་ཅད་བཀླགས་པས་གྲུབ་པ། འཇིགས་པ་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་དང་། ལས་ཕྲན་ཚེགས་ཐམས་ཅད་ལ་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ ་དེ་ལྟར་སྒྲུབ་པར་བྱེད་དོ། ། འདི་རྣམས་ཀྱི་ཆོ་ག་ཕྱོགས་ཙམ་སྟོན་པར་འགྱུར་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་གསོ་སྦྱོང་ལ་གནས་པ་འམ།། གསོ་སྦྱོང་མེད ་པས་ཀྱང་རུང་སྟེ། ། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཉི་མ་རེ་རེ་ལ་མཆོད་པ་བྱས་ནས་འབུམ་ཕྲག་གཅིག་བཟླས་པར་བྱའོ།། མཐར་ཉིན་ཞག་གཅིག་སྦྱང་བར་གནས་པས། ་རས་རིས་སམ་སྐུ་གཟུགས་ཀྱི་སྤྱན་སྔར་ཀུ་ཤའི་ཁྲེས་པ་ཉེ་བར་འདུག་སྟེ།། ཇི་སྐད་གསུངས་པའི་རིམ་པས་བདག་ཉིད་ལ་ཤར་དུ་ཕྱོགས་ཏེ།། སྔར་བརྗོད་པའི་ཨ་ཀ་རུ་ནག་པོའི་ཡམ་ཤིང་སོར ་བཞི་པའི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། རྟོག་པའི་རྒྱལ་པོ་འདི་འམ་གཞན་གང་རུང་དུ་སྒྲོལ་མའི་རིག་པས་བརྗོད་ཅིང་གྲོལ ་བར་སྦྱོང་བ་ལ་རིག་པ་མཐའ་ཡས་པ་གྲུབ་པར་འགྱུར་རོ། ། རས་རིས་གཞན་འདོད་ན་གསོ་སྦྱོང་ཅན་གྱིས་དཀར་པོའི་བཅོ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ས་ལ་མ་ལྷུང་བའི་བ་ལ ་གི་ལྕི་བེ་ས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། ། མེ་ཏོག་དང་། བདུག་པ་དང་།། མར་གྱི་མར་མེ་ལ་སོགས་པས་མཆོད་པ་བྱས་ནས་ཨུ་དུམ་ཝ་རའི་ཤིང་གིས་མེ་སྦར་ཏེ་ཚངས་པའི ་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ཙཱ་རུའི་བཟའ་བས་ཡིད་གཞུངས་པར་འགྱུར་རོ།། འོ་མའི་སྦྱིན་སྲེག་བྱས་པས་བྲམ་ཟེ་རྣམས་དབང་དུ་འགྱུར་རོ།། ཙཱ་རུའི་བཟའ ་བས་སྦྱིན་སྲེག་བྱ་སྟེ་རྒྱལ་རིགས་དབང་དུ་འགྱུར་རོ། ། ནས་དང་ཞོ་བསྲེས་པ་དང་། ཙཱ་རུ་དང་གཅིག་ཏུ་བྱས་ནས་སྦྱིན་སྲེག་བྱ་སྟེ་རྗེ་རིགས་དབང་དུ་འགྱུར་རོ།། དགྲ ་བལྟས་ནས་བཟླས་པ་བྱ་སྟེ་རེངས་པར་འགྱུར་རོ། ། ལན་བདུན་མངོན་པར་བསྔགས་པའི་ཆུས་བབས་པ་ཐམས་ཅད་སེལ་བར་བྱེད་དོ།། དུག་ཐམས་ཅད་ལའང་ཉེ་བར་བྱབས་པས་སོ།། ་ཞུ་མཁན་གྱི་རིལ་བུ་ལན་བདུན་མངོན་པར་བསྔགས་པས་མིག་ནད་སེལ་བར་བྱེདདོ།། ན་བ་ལ་སྐུད་པས་བཅིང་བར་བྱ་སྟེ།། གདོན་ཐམས་ཅད་སེལ་བར་བྱེད་དོ།། གཙུག་ཏོར་བཅིངས་པས ་བདག་ཉིད་བསྲུང་བའོ། ། ཐལ་བས་དཀྱིལ་འཁོར་བཅིང་བའོ།། བོང་བ་ལ་ལན་བདུན་བཟླས་པས་ཕྱོགས་བཅིང་བའོ།། བུད་མེད་བུ་མ་ཐོན་པ་ལ་ཏིལ་མར་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ། ་བདེ་བླག་ཏུ་བཙའ་བར་བྱེད་དོ།། རྨོངས་པས་མངལ་གྱི་ཟླ་མཚན་གྱི་དུས་ལས་འདས་ན་ཁྲུས་བྱས་ནས་རྒྱུད་མཚུངས་པའི་བའི་འོ་མ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་བཏུང ་པབར་སྦྱིན་པར་བྱའོ། ། གཞན་གྱི་ཚད་དང་མར་བསྲེས་ནས་སྦྱིན་པར་བྱའོ།། དེ་ནས་བུ་བཙའ་བར་འགྱུར་རོ།། དེ་ནས་བུ་མང་པོ་འདོད་ན་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་པའི་ཐལ་བ་དེས་ཆུའི ་བུམ་པ་བཞི་དང་བསྲེས་པ་གཞག་པར་བྱའོ། ། བརྒྱད་བརྒྱར་བཟླས་པའི་སྲད་བུས་ལག་པ་གཡས་པ་ལ་བཅིངས་ན་ཇི་སྲིད་དུ་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ།། གཞན་གྱིས་མི་ཐུབ་པའི་མ ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། ། གཞོན་ནུ་མས་བཀལ་བའི་སྐུད་པ་ལ་མདུད་པ་བྱས་ནས་ལན་བདུན་མངོན་པར་བསྔགས་པར་བྱས་ནས་ལག ་པ་ལ་བཅིང་བར་བྱ་སྟེ། ། བརྟན་པ་དང་གཡོ་བར་བཅས་པའི་མངའ་བདག་ཏུ་འགྱུར་རོ།། དེ་ནས་ཆག་ཤུལ་ལ་ཉམས་པའི་མིང་ནས་སྨོས་ཏེ་ལན་བདུན་མངོན་པར་བསྔགས་ནས་ཁྱོར་བའི་ཆུ་བཏུང་བར ་སྦྱིན་པར་བྱ་སྟེ། ཤི་བའང་ལང་བར་བྱེད་དོ།། དེ་བཞིན་དུ་ཕྱོགས་བཞིར་མངོན་པར་བསྔགས་པར་བྱས་ནས་བཏུང་བར་སྦྱིན་པར་བྱ་སྟེ།། འཇོག་པོའི་མཆེ་བས་ཟིན་པའང་འཚོ་བར་བྱེད་དོ།། ་ནུ་མའི་ཕུར་པ་དང་འབྲས་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་བྱིན་པས་གྲོལ་བར་བྱེད་དོ།། ཚོར་བ་མེད་པར་འགྱུར་རོ།། ཡམས་དང་།། ཉེ་བར་འཚེར་བ་དང་། གཡུལ ་ཁལོ་གྲོང་ཁྱེར་གྱི་དབུས་སམ་མཚན་མོ་མདའ་རྒྱང་གང་གི་ཚད་ཀྱི་ས་གཞི་ལ་ཉེ་བར་བྱུགས་ནས་དཀར་གཏོར་བྱིན་ཏེ། ། འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་འོ་མའི་སྲེག་ཐུགས་སྟོང་ཕྲག་གི་སྦྱིན ་སྲེག་བྱ་སྟེ། ། ཡམས་ཉེ་བར་ཞི་བར་བྱེད་དོ།། དེ་ནས་ཉེ་བར་མ་ཞི་ན་དེ་ལས་གཞན་དུ་རེངས་པར་བསམ་པའི་དུས་སུ་བད་ཀན་མཐར་བྱེད་ཀྱི་ལམ་ཤིང་གིས་མེ་སྦར་ནས། དོན་གྲུབ་ཀྱི་ཤིང ་ཨཀྵ་དང་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ། འཕྲལ་དུ་ཡམས་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། ཆོ་ག་འདིས་དུག་འཆིང་ངོ་།། ཟློས་བཞིན་པས་ནི་སེམས་ཅན ་ཐམས་ཅད་མཐོང་བར་བྱེད་དོ། ། དེ་རྣམས་འདིའི་འབངས་སུ་འགྱུར་རོ།། ཀུཥྨཱ་ཎཱཊའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། གྲུལ་བུམ་རྣམས་དབང་དུ་འགྱུར ་རོ། ཏིལ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ཡི་དགས་དབང་དུ་འགྱུར་རོ།། དུར་བཁྲོད་དུ་བེ་ལ་དང་ཁརྞ་ཀའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ཤ་ཟ་དབང་དུ་འགྱུར་རོ།། ་གནོད་སྦྱིན་དབང་དུ་བྱེད་པ་ལ་ཝ་ཊའི་ཡམ་ཤིང་ལ་ཞོ་དང་།། སྦྲང་རྩི་དང་།། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ།། བརྗེད་བྱེད་དང་།། གནོན་པོ་དབང་དུ་བྱེད་དོ།། ་བལ་གྱི་སྲེག་ཐུགས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། རིག་པས་བགེགས་རྣམ་པར་གཞོམ་པའི་དོན་དུ་སེང་ལྡེང་གི་རྩེ་མོ་ལ་རྣོན་པའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད ་བྱའོ། ། གུ་གུལ་གྱི་རིལ་བུ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ལྷ་ཆེན་པོ་རྗེས་སུ་འབྲང་བ་དང་།། ལྷ་ཆེན་པོ་དབང་དུ་འགྱུར་རོ།། དཔའ་བོའི་རིན་གྱིས་ཉེས་པའི ་ལྡོང་རོས་བླངས་ནས་རྒྱལ་པོའི་ཡམ་ཤིང་གིས་མེ་སྦར་ནས་ཇི་སྲིད་མེ་དཔུང་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་རྒྱུད་མཚུངས་པའི་བ་སེར་སྐྱའི་འོ་མ་ལ་གཞོན་ནུ་མས་བསྲུངས་པའི ་མར་དུ་བྱས་ནས། ། མར་དེ་ལ་གདབ་པར་བྱའོ།། དེ་བཞིན་དུ་ཞོས་གང་བའི་སྣོད་དང་། མར་དང་། སྦྲང་རྩིས་གང་བའི་སྣོད་ལའང་ངོ་།། དེ་ནས་བསྲུང་བ་བྱས་ཏེ་ཟ་མ་ཏོག་ཏུ་བ་གནས ་ཟླ་བ་གཟས་ཟིན་པ་ན་མཚན་མོ་གསུམ་དུ་སྦྱང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་ཇི་ལྟར་འབྱོར་པ ་མཆོད་པ་བྱས་ནས་ཁ་བྱང་དུ་མངོན་པར་ཕྱོགས་པས་སྣོད་བཞི་རུ་བཞག་ནས། ། ཇི་སྲིད་དྲོ་བ་དང་།། དུ་བ་འཐུལ་བ་འམ། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དབང་དུ་བྱེད་པ་དང ་མི་སྣང་བ་དང་། ། ནམ་མཁའ་ལ་ཉེ་བར་འཁྲིད་པར་བྱེད་དོ།། དེ་བཞིན་དུ་མིག་སྨན་པ་བླ་བསྐྱེད་པའི་ཆེད་དུ་རང་ཉིད་ཁྱད་པར་དུ་དཀར་པོའི་བཅོ་ལྔ་ལ་པདྨའི་སྐུད་པ་ལ་བཞག་ནས།། འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་གོ་ཞབས་ཀྱི་དྲུང་དུ་ལག་པ་ཁ་སྦྱར་ནས་བླངས་ནས། ། ཇི་སྲིད་དྲོ་ད་དང་། དུ་བ་འཐུལ་བ་དང་།། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ།། འདི་ཉིད་ལ ་དངོས་གྲུབ་རྣམ་པ་གསུམ་མོ། ། ལྕགས་ལྔས་པདྨ་བྱེད་དུ་བཅུག་ནས་གུར་ཀུམ་དང་། གིའུ་ཝང་དང་། ག་པུར་ནམ་མཁའི་ཆུས་བཏགས་ནས་པདྨར་བཅུག་སྟེ།། དེ་ནས་དཀར་པོའི་བརྒྱད ་པ་ལ་གསོ་སྦྱོང་ཅན་གྱིས་དུས་གསུམ་དུ་ཁྲུས་བྱས་ནས་གོས་གཙང་མ་བགོས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ ་ཁག་པ་གཡས་པས་པདྨ་བླངས་ནས། ། ཇི་སྲིད་དུ་འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་བླངས་པ་དེས་རིག་པ་འཛིན་པར་འགྱུར་ཏེ།། ལོ་སྟོང་ཕྲག་བཅུར་འཚོ་བར ་བྱེད་དོ། ། དེ་བཞིན་དུ་གདུ་བུ་དང་། ཅོད་པན་དང་།། ལྕགས་སྒྲོག་རྣམས་ཀྱང་ངོ་།། དེ་བཞིན་དུ་རིའི་ཙན་དན་དམར་པོ་དང་། གུ་གུལ་དང་། དགའ་བ་འཁྱིམ ་བའི་རྩ་བ་དང་། ། ལྕགས་ལྔ་དང་། གི་རི་ཀརྞི་ཀ་དང་།། འབྲུའི་ཕུབ་མ་དང་། རུ་རྟ་དང་།། རྒྱ་སྤོས་དང་།། སྦྲང་རྩི་དང་། པི་པི་ལིང་དང་། ཧུ་རུ་ཀ་རྣམས་ཆ་མཉམ་པ་གཅིག་ཏུ་བྱས་ནས་ཕྱེ་མ་ཞིབ་འོ། ་གཅིག་ཏུ་བྱས་ནས་ཕྱེ་མ་ཞི་བ་བོ་བྱེད་དུ་གཞུག་གོ། དེ་ནས་སེར་སྐྱ་རྒྱུད་མཚུངས་པར་བའི་འོ་མ་བླངས་ནས་གཞོན་ནུ་མས་བསྲུབས་པའི་མར་གསར་དང་གཅིག་ཏུ་བྱས་པས་ཕྱེ་མ་ལ་རིལ་བུ ་། བྱེད་དུ་གཞུག་གོ། ཨརྐའི་ཏིལ་མར་གྱི་ཕྱེ་མས་མར་མེ་དབུལ་བར་བྱའོ།། དེ་ནས་དཀར་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྦྱང་བར་གནས་པས་གསོ་སྦྱོང་ཅན་གྱིས་ཨ་ཤྭཏྠའི་འདབ་མ་བདུན་གྱི ་ནང་དུ་བཅུག་པར་བྱས་ནས། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དུ་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ཁར་བཅུག་པས་མི་སྣང་བར་འགྱུར་རོ།། དེ་ནས ་འབར་བར་བྱེད་པས་ནི་ནམ་མཁའ་ལ་འགྲོ་བར་བྱེད་དོ། ། དེ་ནས་ཆོ་ག་གཞན་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་སྐུ་གཟུགས་ཀྱི་སྤྱན་སྔར་གསོ་སྦྱོང་ཅན་གྱིས་མཆོད་པ་རྒྱ་ཆེན་པོ་བྱས་ནས། ་མེའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་།། སྦྲང་རྩི་དང་།། མར་གྱིས་བཏགས་པའི་སེང་ལྡེང་གི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དཀར་པོའི་བཅུ་བཞི་ནས་བརྩམས་ཏེ ་ཇི་སྲིད་བཅོ་ལྔའི་བར་དུའོ། ། དེ་ནས་གྲུབ་པར་འགྱུར་རོ།། དེ་བཞིན་དུ་གསོ་སྦྱོང་ཅན་གྱིས་རྟག་ཏུ་བཟླས་པ་སྟོང་ཕྲག་གསུམ་བྱའོ།། ཕྱི་ནས་ལས་ཐམས་ཅད་དུ་འགྱུར་རོ།། སྔོན་དུ་བསྙེན ་པ་འདིས་གྲུབ་པར་འགྱུར་རོ། ། ཡང་ན་རྒྱལ་པོ་འམ་བློན་པོ་དབང་དུ་བྱེད་པར་འདོད་ན་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས།། ཤིང་གི་རྒྱལ་པོའི་ཡམ་ཤིང་ལ་ཨི་རྒུ་དའི་ཏིལ་མར་གྱིས་བཏགས ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། བཅུ་བཞི་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུའོ།། ལས་འདིས་ཚུལ་ཁྲིམས་འཆལ་པ་ཡིན་ཡང་འགྲུབ་པར་བྱེད་དོ།། དེ་བཞིན་ཁོ་ནར་གསོད་པ ་དང་བསྐྲད་པ་ལ་ནི་ནིམ་པའི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱར་བྱ་སྟེ་མཚན་མོ་བདུན་གྱིས་སྐྲོད་པར་བྱེད་དོ། ། རིགས་བཞི་དབང་དུ་བྱེད་པར་འདོད་པས་ཙ་རུ ་དང་བཅས་པའི་ཆུ་དང་། ། གནོད་སྦྱིན་གྱི་ཁམས་ཕོར་ཞེས་པའི་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ།། མཚན་མོ་པུ་ཙི་ར་ཛ་ཏིའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། བཟླས་པས་འཆིང་བ ་ལས་གྲོལ་བར་བྱེད་དོ། ། བགེགས་ལ་ཕུབ་མ་དང་ཏིལ་གྱི་སྦྱིན་སྲེག་གིས་གཞན་གང་ཡང་རུང་བས་རབ་ཏུ་ཞི་བར་འགྱུར་རོ།། ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་རིགས་ཀྱི་བུ་མོ་དབང ་དུ་བྱེད་པ་ལ་ཏིལ་གྱི་སྦྱིན་སྲེག་བྱའོ། ། གོས་འདོད་པས་ངུར་བ་དང་ཚེར་མ་ཅན་གྱི་སྦྱིན་སྲེག་བྱའོ།། སྟོང་ཕྲག་བརྒྱད་དམ་མཚན་མོ་བདུན་དུའོ།། ཤུ་དག་ལ་སྟོང་ཕྲག་བརྒྱད་ལན་བདུན་དུ་མངོན ་པར་བསྔགས་པར་བྱས་ནས་ལག་པའོ། ། ནོར་འདོད་པས་གུ་གུལ་གྱི་རིལ་བུ་འམ་སྦྱིན་སྲེག་སྟོང་ཕྲག་བརྒྱད་མཚན་མོ་བདུན་དུ་བྱའོ།། ཁྱིམ་གྱི་བདག་པོ་འདོད ་པས་དྲིའི་སྦྱིན་སྲེག་མཚན་མོ་བདུན་དུ་བྱའོ། ། མར་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གྲོང་རྙེད་དོ།། སྐྲོད་པ་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་ནིམ་པའི་འདབ་མའི་སྦྱིན་སྲེག ་བྱའོ། ། སྐྱེས་བུའི་ཤ་ནི་སྐྲོད་པར་བྱེད་པ་ལས་སོ།། ཕུབ་མ་ནི་སྡང་བར་བྱེད་པ་ལས་སོ།། སྐྲོད་པར་བྱེད་པ་ལ་སྦྲུལ་གྱི་ཤུན་ལྤགས་དང་ཐལ་བས་སོ།། སྐྱེས་བུ་མ་ཡིན་པར་བྱེད་པ་ལ་གོ་མ་ཨིའོ།། ་ཕུབ་མ་ནི་མཆུ་འཆིང་བ་ལའོ།། ཞི་བའི་དོན་དུ་ཤིང་ས་མིའི་འདབ་མ་རྣམས་འོ་མ་དང་ལྷན་ཅིག་པས་སོ།། ཇི་ལྟར་ཉི་མ་སོ་སོར་ཐོ་རངས་ལངས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་འབྱོར ་བའི་མཆོད་པ་བྱས་ནས་འབུམ་བཟླས་པར་བྱའོ། ། མ་གྲུབ་པ་སྒྲུབ་པར་བྱེད་དོ།། གཞན་གྱིས་བསྒྲུབས་པ་རྣམ་པར་འཇིག་པར་བྱེད་པ་ལ་མ་ནུ་ལ་འཆིང་བ་འཛིན་པར་བྱེད་དོ།། མཚན་མོ་བདུན་དུ་ཚེར ་མ་ཅན་གྱི་སྦྱིན་སྲེག་བྱ་སྟེ་དགྲ་འཇོམས་པར་བྱེད་དོ། ། གོས་འདོད་པས་དུར་བ་དང་ཚེར་མ་ཅན་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ཁྱིམ་རབ་ཏུ་གཡོ་བར་འདོད་པས་མིའི་རུས་པ་བླངས་ནས་སོར་བརྒྱད ་ཚད་ཀྱི་ཕུར་བུ་བྱས་ནས་ཁྱིམ་དུ་གདབ་པར་བྱའོ། ། མེ་ཏོག་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་བྱིན་ན་དབང་དུ་འགྱུར་རོ།། རྒྱལ་པོའི་སྒོར་གུར་ཀུམ་དང་། རྒྱ་སྤོས་དང་། ཏ་མ་ལའི་འདབ་མ་དང ་བཅས་པ་དང་། ། མེ་ཏོག་བརྒྱ་པ་སྡོང་བུ་དང་བཅས་པ་རྣམས་ཀྱིས་དཔལ་དཀྲིས་པ་ཡང་དག་པར་ལྡན་པའི་ཆོ་གས་ཕྱེ་མ་གོས་ལ་བཏབ་པས་མིའི་དགྲ་རབ་ཏུ་ལྡན་པ་ལ་མིའི་དགྲ་དབང་དུ་འགྱུར་རོ།། ་གཡུལ་དུ་རྣམ་པར་རྒྱལ་བར་བྱེད་པ་ལ་རྒྱལ་མཚན་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ནས་དྲི་དང་།། མེ་ཏོག་དང་། བདུག་པ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མས་མངོན་པར་བསྔགས་ནས་མེ ་ཐབ་ཏུ་མཆོད་ཡོན་ལན་བདུན་ཕུལ་ནས་མངག་གཞུག་པས་ཕ་རོལ་གྱི་སྡེ་ལ་སྟོན་དུ་གཞུག་པར་བྱའོ། ། ཤིང་ལ་རྡོ་རྗེའི་ཐོག་ཇི་ལྟ་བར་རོ།། ཏིལ་ནག་པོ་ལ་གཟུགས་བརྙན་བྱས་པའི་མདུན་དུ་སྟོང་ཕྲག་བཟླས ་ཏེགང་གི་མིང་ནས་སྨོས་ཏེ་བ་བར་བྱེད་དོ། ། སྟོང་ཕྲག་བརྒྱད་བཟླས་པས་ས་བོན་ཐམས་ཅད་དམ། སྨན་ཐམས་ཅད་དམ། དྲི་དཀར་པོ་ཐམས་ཅད་དམ། དྲི་ཞིམ་པོའི་མེ་ཏོག་རྣམས་སམ། པདྨ་རྩ་བ་ནག་པོ་མེད ་པའི་བུམ་པར་བཅུག་ནས་སྟོང་བཟླས་པར་བྱའོ། ། བྱང་ཆུབ་ཤིང་གི་འོག་ཏུ་འམ། གཞན་ཡང་རུང་སྟེ་ཁྲུས་བྱའོ།། དོན་གྲུབ་དང་། པདྨ་འམ།། པདྨའི་འདབ་མ་དང་། སྡོང་བུ་དང་། ཆུ་བ་རྣམས་ཀྱི་ཕྱེ་མ་དང་། སེང ་ལྡེང་གི་སོལ་བ་རྣམས་མིང་ནས་སྨོས་ནས་སྦྱིན་སྲེག་བྱ་སྟེ་དེ་དབང་དུ་འགྱུར་རོ། ། བིལ་བའི་དབུས་སུ་སྦྲང་རྩི་དང་ཡང་དག་པར་ལྡན་པ་རྣམས་ཀྱིས་དུ་བ་དང་སོལ་བ་ལ་སྟོང་ཕྲག་བརྒྱད་མངོན་པར་བཟླས་ན་རྒྱལ་པོའི ་ཙུན་མོ་འམ། ། བློན་པོ་འམ།། མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་བཅོམ་ལྡན ་@འདས་མ་ལ་མཆོད་པ་བྱ་སྟེ། སྣ་མའི་མེ་ཏོག་དང་། ཨུཏྤལ་སྔོན་པོ་འམ།། གཞན་པའི་མེ་ཏོག་རྣམས་གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་རོ།། གྲུབ་པའི ་འདོད་མ་དབང་དུ་བྱེད་པ་ལ་ཏིལ་ནག་པོ། བཙན་མོའི་མཚོ་དབང་དུ་བྱེད་པ་ལ་པྲི་ཡང་ཀུ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་ལ་སཱ་ལུ་དམར་པོ།། གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། ་གཞོན་ནུ་མའི་མིང་ནས་སྨོས་ཏེ་མེ་ཏོག་གི་གེ་སར་གྱི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། འོ་མ་དང་། འོ་ཐུག་དང་། མར་དང་། སྦྲང་རྩིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན།། གང་གི ་མིང་ནས་འབོད་པ་དེ་རྒྱས་པ་ཅན་གྱི་ལས་སོ། ། དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་རིང་བསྲེལ་ཅན་གྱི་མཆོད་རྟེན་ནམ། སྐུ་གཟུགས་སམ།། རས་རིས་ཞལ་ནུབ་ཏུ་ཕྱོགས་པའི་རས་རིས་ཀྱི་སྤྱན་སྔར་རོ།། སྔོན་གྱི ་མཐའ་འམ། རིའི་རྩེ་མོར་ཀུ་ཤ་དང་བིལ་བའི་ལམ་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་།། མར་གྱིས་བཏགས་པའི་པདྨ་ཁ་རྒྱས་པར་བྱེ་བའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ།། ཨ་ཀ་རུ་དང་། ཀུན་ཏུ་རུ་ཀ ་དང་། ཤྲི་བེཥྚ་ཀ་རྣམས་ཀྱི་བདུག་སྤོས་དང་། འོ་མ་དང་ཞོའི་གཏོར་མ་དབུལ་བར་བྱ་ཞིང་།། རྣམ་པ་གཞན་དུ་བགེགས་རྣམས་ལ་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་ནོ།། དེ་ནས་བརྒྱད་པ་ལ་མངའ་བདག་ཏུ ་འགྱུར་རོ། ། འོ་མ་དང་ནས་ཟན་ཟ་བས་པདྨ་དཀར་པོ་ཁ་རྣམ་པར་རྒྱས་པའི་སྦྱིན་སྲེག་སྟོང་བྱའོ།། གཏེར་ཆེན་པོ་འམ་ཡུལ་རྙེད་དོ།། མེ་ཏོག་སེར་པོ་ལ་ཞོ་དང་། སྦྲང་རྩི་དང་།། མར་གྱིས་བཏགས་པས ་མེ་ལ་སྦྱིན་སྲེག་བྱའོ། ། ཡུལ་གྱི་རྗེ་བོར་འགྱུར་རོ།། མཚན་མོ་གསུམ་དུ་ཕྱེ་ཟ་བས་མཚན་མོ་གསུམ་དུ་སྦྱིན་སྲེག་བྱའོ།། དེ་བཞིན་དུ་སྟོང་ཕྲག་བདུན་བརྒྱས་མཚམས་མེད་པ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ།། @ ་ཤིང་དེ་ཉིད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་གསེར་བྱེ་བ་འབྱུང་ངོ་།། སྔ་བར་ལངས་ནས་ཁྲུས་སྔོན་དུ་འགྲོ་བས་ཚངས་པར་སྤྱོད་ཅིང་མེ་རབ་ཏུ་སྦར་ནས། ན་ག་གེ་སར ་དང་པྲི་ཡང་ཀུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ཟླ་བ་གསུམ་གྱི་ནང་དུ་ཁྱད་པར་དུ་འཕགས་པའི་དངོས་གྲུབ་ཉམས་སུ་མྱོང་བར་འགྱུར་ཞིང་རྫས་མང་པོ་ཡང་ངོ་།། བ་ལང་གི་ཤ་དང་ཁཎྜ་ཅན་གྱིས་སྦྱིན ་སྲེག་བྱས་ན་བ་ལང་གི་གནས་རྙེད་དོ། ། དེ་བཞིན་དུ་པྲི་ཡང་ཀུ་དང་ན་ག་གེ་སར་གྱི་ཡམ་ཤིང་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་བིལ་བའི་འོག་ཏུ་མེ་སྦར་ནས ་བིལ་བ་དང་ཨ་ཤི་བིལ་བ་རྣམས་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། ། ལྷ་མོ་སྒྲོལ་མ་མཐོང་ངོ་།། གཙང་མར་གྱུར་པས་ཟས་བཞིར་སྨྱུང་བར་གནས་ཏེ་སྟོང་ཕྲག་བཅུར་སྦྱིན་སྲེག་བྱའོ།། ་གཏེར་ཆེན་པོ་མཐོང་ངོ་།། དེ་བཞིན་དུ་མཚན་མོ་ཉི་ཤུར་འོ་མ་དང་ནས་ཟན་ཟ་བས་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། ནོར་གྱི་བདག་པོར་འགྱུར་རོ།། སྔོན་སྤྱད་པ་བྱས་པས་ཉིན ་མཚན་དུ་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ། ཟླ་བས་ཆར་རྒྱུན་བཟང་པོ་ལྷུང་བར་བྱེད་དོ།། ཟས་བཞིར་སྦྱང་བར་གནས་པས་སྟོང་ཕྲག་བཅུར་སྦྱིན་སྲེག་བྱ་སྟེ་ནོར་རྙེད་དོ།། མཁས ་པས་དཀར་པོའི་ཕྱོགས་འབྱུང་འགྱུར་ལ་ལྷ་མོའི་རས་རིས་ཀྱི་སྤྱན་སྔར་མཁས་པས་ཐུན་མཚམས་གསུམ་དུ་བསྣུན་པར་བྱའོ། ། དཀར་པོའི་ཕྱོགས་ཀྱི་ནང་དུ་དེ་ལ་ལྷ་མོ་འདི ་མཆོག་སྦྱིན་པར་མཛད་དོ། ། རིག་པ་འདིས་ཏིལ་གྱི་སྲེག་བླུགས་སྟོང་གི་སྦྱིན་སྲེག་བྱའོ།། བིལ་བའི་ཤིང་གིས་མེ་སྦར་ན་ལྷ་མོ་མཐོང་སྟེ་ནོར་རམ་འབྲུའི་དབང་ཕྱུག་ཏུ་བྱེད་དོ།། བཅོམ་ལྡན་འདས ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མེ་ཏོག་བརྒྱ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་ནོར་རྙེད་དོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་ཕྱོགས་གཙང་མར་ལྷ་ལ་པཱ་ལ་ཤའི་ཡམ་ཤིང་གིས ་མེ་སྦར་ནས་ཨུཏྤ་ལའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་ཡུལ་གྲུ་དབང་དུ་འགྱུར་རོ། ། རིག་པ་འདིས་དྲི་ཞིམ་པོའི་བདུག་པ་ཕུལ་ནས་འོ་མ་དང་ནས་ཟན་ཟ་བས་པདྨའི་སྦྱིན་སྲེག་སྟོང་བྱ་སྟེ་གསེར་སྟོང་རྙེད ་དོ། འདིས་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན།། གང་ཡིད་ལ་སེམས་པ་དེ་སྦྱིན་ནོ།། རས་རིས་ཀྱི་སྤྱན་སྔར་སྦྱིན་སྲེག་སྟོང་བྱས་ན་གཏེར་མཐོང་ངོ་།། པྲི་ཡང་ཀུ་ལ་ཞོ་དང་། སྦྲང་རྩི་དང་། ་མར་གྱིས་བཏགས་པའི་འོ་མ་དང་ནས་ཟན་ཟ་བས་ཕྱོགས་གཙང་མར་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་གསེར་བརྒྱ་རྙེད་དོ།། རྣམ་པ་སྣ་ཚོགས་པའི་འཕྲེང་བའོ།། དེ་ནས་མཚན་མོ་གསུམ་དུ་གཡུལ་དུ་སྦྱང ་བར་གནས་པས་ཨ་ཀ་རུའི་ཡམ་ཤིང་གིས་ཐུན་མཚམས་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། དེ་ནས་མཚན་ཐོག་ཐག་ཏུ་བཟླས་པས་རས་རིས་རབ་ཏུ་འགུལ་བའམ་འཕྲེང་བའི་ཆུན་པོ་གཡོ་བར་གྱུར་ན། ་དེ་ནས་འགྲུབ་པར་འགྱུར་ཏེ་རྒྱལ་སྲིད་སྦྱིན་པར་བྱེད་དོ།། གང་ཡིད་ལ་སེམས་པར་བྱེད་པ་དེ་སྟེར་བར་བྱེད་དེ།། ནད་ཐམས་ཅད་གསོ་བ་དང་། ཤི་བ་དང་། འཆིང་བ་འགྲོལ་བ་དང་། སེལ་བ་དང་། དཀྱིལ་འཁོར ་བཅིང་བའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མེ་ཏོག་གི་སྦྱིན་སྲེག་སྟོང་བྱའོ།། དབང་དུ་བྱེད་དོ།། ཡང་ན་རས་རིས་གཅིག་བྱང་ཆུབ་ཀྱི་རྩ་བར་བཞག་ནས་ཆོ་ག་འདི་ཉིད་ཀྱིས་ནས ་ཕན་ཟ་བས་བཟླས་པ་སྟོང་ཕྲག་བརྒྱ་བྱ། ། ཟས་གཅིག་པས་ཡན་ལག་བརྒྱད་པའི་གསོ་སྦྱོང་ལ་གནས་པས་འཕགས་པ་སྤྱན་རས་གཟིག་དབང་ཕྱུག་གི་ཟས་ཀྱི་ལས་རྣམས་འགྲུབ་པར་འགྱུར་རོ།། ་ཡང་ན་ཟླ་བ་དང་ཉི་མ་གཟས་བཟུང་བའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ།། སྟག་གི་པགས་པའི་ཤམ་ཐབས་དང་། བླ་གོས་དཀར་པོ་མན་པས་པ ་འདྲིར་གཞུག་པར་བྱའོ། ། གཞོགས་གཅིག་ཏུ་ལྷ་མོ་སྒྲོལ་མ་གསེར་མདོག་པདྨ་ལ་གནས་པ།། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ།། སྒྲུབ་པ་པོ་ལ་ཀུན་ནས་གཟིགས་པར་བྱེད་པ་འདྲིར་གཞུག ་པར་བྱའོ། ། དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མའི་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཟླ་བ་ལ་མི་ལྟ་བར་ཇི་སྲིད་ཟླ་བ་གྲོལ་གྱི་བར་དུ་བཟླས་པ་དབུལ་བར་བྱའོ།། ལྷ་མོ་སྒྲོལ་མ་རང་གི་གཟུག ་ཀྱིས་འབར་བ། ཉི་མ་འཆར་ཀའི་མདོག་ལྟ་བུ། པདྨ་ཁ་བྱེ་བ་ཕྱག་ན་བསྣམས་པ་འབྱོན་པར་འགྱུར་རོ།། མཆོད་ཡོན་ཕུལ་ནས་མཆོག་ཞུ་བར་བྱའོ།། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་འོ་མ ་དང་ནས་ཟན་ཟ་བས་བསྒྲུབ་པར་བྱའོ། ། ཡན་ལག་བརྒྱད་པའི་གསོ་སྦྱོང་ཅན་གྱིས་མེ་དང་ལན་ཚྭ་བོས་པས་རས་རིས་ཀྱི་སྤྱན་སྔར་གུ་གུལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱང་བྱའོ།། ་དོང་ཚེ་བརྒྱད་རྙེད་དོ།། ཀུན་ཏུ་རུ་ཀའི་ལས་འདིའོ།། བིལ་བའི་ཡང་ལས་འདིའོ།། དེ་བ་དཱ་རུས་གྲུབ་པའི་དོན་དུ་རབ་ཏུ་སྦྱར་བར་བྱའོ།། འདི་ནི་རྩ་བའི་རིག་པས་ཨ་ཀ་རུའི་སྦྱིན་སྲེག་སྟོང་ཕྲག ་བརྒྱད་བྱའོ། ། འོ་མ་དང་བཅས་པའི་ཤིང་གི་ས་མེ་རབ་ཏུ་སྦར་ན་ནོར་ཐམས་ཅད་སྦྱིན་པར་བྱེད་དོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས ་ནས་སྔ་བར་ལངས་ཏེ། བླུགས་གཟར་དང་ལྡན་པས་མེ་རབ་ཏུ་སྦར་ནས་ན་ག་གེ་སར་དང་པྲི་ཡང་ཀུའི་སྦྱིན་སྲེག་བརྒྱད་བརྒྱ་བྱ་སྟེ་ཟླ་བའི་མང་དུ་བལྟ་བར་བྱ་བར་འགྱུར་རོ།། བི་ཀཾ་ཀ་ཏིའི་ཡམ་ཤིང་ལ ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། གཙང་མའི་སྔར་གྱི་ལས་ཀྱི་ཕྱོགས་སུ་པཱ་ལ་ཤའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས ་ན་གསེར་བརྒྱ་རྙེད་ངོ་། ། རིག་པ་འདིས་པྲི་ཡང་ཀུའི་ཡམ་ཤིང་ལ་ཞོ་དང་།། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གསེར་སྟོང་རྙེད་དོ།། རིག་པ་འདིས་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་ཨུ་དུམ་ཝ་རའི་ཡམ་ཤིང་གི་མེ་རབ་ཏུ་སྦར་ཏེ་སྦྱིན་སྲེག་སྟོང་ཕྲག་བ་བྱའོ།། འདོད་པ་ཐམས་ཅད་མཆོག་དང་ལྷན་ཅིག ་བྱེད་དོ། ། མྱ་ངན་མེད་པའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་དཀར་པོའི་སྦྱིན་སྲེག་བརྒྱ་བྱའོ།། མངོན་སུམ་དུ་གཟུགས་ཀྱིས་འོང་བར་བྱེད་དོ།། བདུག་པ་ལ་ལན་སྟོང་ཕྲག་བརྒྱ་བཟླས་ནས། གཙང་མས་གོས་གཙང་མ ་གོན་ཏེ་འོ་མ་དང་ནས་ཟན་ཟ་ཞིང་རྟག་ཏུ་བཟླས་པས་འདོད་ཅིང་འདོད་པ་རྣམས་ཀུན་ཏུ་ཐོབ་སྟེ་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། ། སྔོན་སྤྱད་པ་བྱས་པས་མཚན་མོ་ལྔར་ལོ་མ་དང་ནས་ཟན་ཟ་བའམ་འོ་མ་འཐུངས ་པས་སྟོང་ཕྲག་བརྒྱར་བཟླས་པར་བྱའོ། ། མཐར་མཚན་མོ་གསུམ་དུ་སྦྱང་བར་གནས་པས་ཟླ་བ་ཉ་ལ་དྲི་དང་། མེ་ཏོག་དང་། འདུག་པ་དང་ལྡན་པ་རྣམས་ཀྱིས་མངོན་པར་མཆོད་ན་ལྷ་མོ་རང་གི་གཟུགས་སུ་མཐོང ་ངོངོ། འོ་མ་དང་ནས་ཟན་ཟ་ཞིང་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། ཞག་ཉི་ཤུ་རྩ་གཅིག་ཏུ་འོ་མ་འཐུངས་པས་ཨ་པཱ་མཱརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་། སྦྲང་རྩི་དང་། ་མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་བྱའོ།། འོ་མ་དང་བཅས་པའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ན་དེས་ངེས་པ་ཉིད་དུ་གཏེར་མཐོང་ངོ་།། རིག་པ་འདིས་འོ་མ་དང་ནས་ཟན་ཟ་ཞིང་བིལ ་ཤིང་གིས་མེ་སྦར་ནས་ཞོ་དང་། ། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་རང་གི་གཟུགས་ཀྱིས་ལྷ་མོ་མཐོང་ངོ་།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི ་དང་། མེ་ཏོག་དང་། བདུག་པ་ཕུལ་ནས། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཨུ་དུམ་ཝ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཨརྐའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། དོན་དུ་མ ་གཉེར་བར་ནོར་དང་འབྲུ་རྙེད་དོ། ། ལྷའི་ཤིང་གིས་མེ་རབ་ཏུ་སྦར་ནས་དེ་བ་དཱ་རུའི་སྦྱིན་སྲེག་སྟོང་བྱའོ།། རང་གི་གཟུགས་ཀྱིས་འོང་བར་བྱེད་དོ།། མར་གྱི་སྦྱིན་སྲེག་གིས་ཞི་བའོ།། ་དུངུར་བའི་སྦྱིན་སྲེག་གིས་རྒྱས་པ་ཅན་ནོ།། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་པས་དེ་བཞིན་དུ་འདིའི་ནོར་ཐམས་ཅད་རྙེད་པར་འགྱུར་རོ།། གཞོན་ནུ ་མས་བཀལ་བའི་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ཏེ། བུ་མོ་བ་ག་མར་གཏོང་བར་བྱེད་དོ།། ནུབ་མོ་ཉལ་བར་འདོད་པས་རིག་པ་དཔག་ཏུ་མེད་པ་བཟླ་བར་བྱ་སྟེ།། རྨི་ལམ་ངན་པ་མི་མཐོང་པོ། ་ཏིལ་ནག་པོའི་གཟུགས་བརྙན་གྱི་མདུན་དུ་བརྒྱད་བརྒྱར་བཟླས་ན། གང་གི་མིང་བསམས་པར་གྱུར་པ་དེ་དབང་དུ་འགྱུར་རོ།། འབྲུ་ནག་པོ་ལ་བརྒྱད་བརྒྱར་བཟླས་ན་གང་གི་མིང་ནས་བརྗོད་པ་དེ་དབང ་དུ་འགྱུར་རོ། ། དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ཨ་བཱ་མཱརྒའི་ཡམ་ཤིང་གི་མེ་ལ་པདྨའི་སྦྱིན་སྲེག་བྱའོ།། བིལ་བའི་ཤིང་གི་ཡམ་ཤིང་ངམ། འོ་མ་དང་བཅས་པའི་ཤིང་གིས་མེ་རབ་ཏུ་སྦར ་ནས་པདྨ་སྟོང་ཕྲག་བརྒྱ་སྦྱིན་སྲེག་བྱ་སྟེ། སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ།། སླར་ཡང་པདྨ་སྟོང་ཕྲག་བཅུས་རྒྱལ་སྲིད་རྙེད་དོ།། པདྨ་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གིས་ལོངས་སྤྱོད་ཆེན་པོ་རྙེད ་དོ། ། སྦྱིན་སྲེག་འདི་རྣམས་ཐམས་ཅད་ལ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས། འོ་མ་རང་ནས་ཟན་ཟ་བས་སྣ་མའི་མེ་ཏོག་གིས་གང་གི་མིང་ན་ས་ཡོད་པ་དེ་དབང་དུ་འགྱུར་རོ།། བིལ་བའི་ཡམ་ཤི ་གིས་བརྒྱད་བརྒྱས་མེ་རབ་ཏུ་སྦར་ནས་པདྨ་སྟོང་ཕྲག་བརྒྱ་སྦྱིན་སྲེག་བྱའོ། ། གང་གི་མིང་ནས་འབོད་པ་དེ་དབང་དུ་འགྱུར་རོ།། གིའུ་ཝང་གི་བྱུག་པ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་མགོ་བོ་ལ་བྱུག ་པར་བྱའོ། ། ཡང་ན་གདོང་ལ་ཐིག་ལེ་བྱའོ།། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། པདྨའི་ས་བོན་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། མིང་སྨོས ་པ་དེ་དབང་དུ་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲིན་ལས་གཞན་དུ་འགྱུར་རོ།། པདྨ་མ་རྙེད་ན་ཨུཏྤ་ལ་སྔོན་པོ་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱའོ།། དྲི་འམ་མེ་ཏོག་གི་སྦྱིན་སྲེག་བྱ་སྟེ། ་འབུམ་ཕྲག་གཅིག་གིས་ལྷ་རྣམས་གྲུབ་པར་འགྱུར་རོ།། ཁྲུས་ལ་སྨན་ཐམས་ཅད་དང་། ས་བོན་ཐམས་ཅད་རྩ་བ་ནག་པོ་མེད་པའི་བུམ་པར་བཅུག་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པའི་ཆུས ་ཁྲུས་བྱའོ། ། བགེགས་ཀྱིས་བཏབ་པ་འམ་བདག་ཉིད་ཞི་བར་འགྱུར་རོ།། ཨུཏྤལ་དང་། རུ་རྟ་དང་། ཨ་ཀ་རུའི་ཆུ་དང་།། སྟག་སེན་དང་། རྒྱ་སྤོས་བཞི་འགྱུར་གྱི་ཆ་རྣམས་རས་རིས་ཀྱི་སྤྱན་སྔར་འཕགས ་པསྨན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། བའི་མར་གྱིས་མར་མེ་རབ་ཏུ་སྦར་ནས་རྫས་རྣམས་ཐམས་ཅད་མེ་ཏོག་གི་སྦྱོར་བས་དུས་མ་ཡིན་པ་གང་གི་རྒྱལ་པོ་འམ། རྒྱལ་པོའི ་བློན་པོ་འམ། རྒྱལ་པོའི་བཙུན་མོ་འམ། སྒྲུབ་པ་པོ་འམ། ཚེ་སོང་བ་རྣམས་འཁྲུར་གཞུག་པར་བྱའོ།། ཚེ་རིང་བར་འགྱུར་རོ།། སྐལ་བ་བཟང་པོ་བགེགས་ཀྱིས་བཏབ་པ་རྣམས་བགེགས་ལས་གྲོལ ་བར་བྱེད་དོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཉིན་མཚན་དུ་སྦྱང་བར་གནས་པས།། བྲཧྨ་དཱ་རི་འམ་ཛི་ཏེནྡྷ་ལ་དང་། ཨ་ཀ་རུ་དང་། ཧུ་རུ་ཀ་འབུམ་ཕྲག ་གཅིག་སྦྱིན་སྲེག་བྱ་སྟེ། དེ་བཞིན་དུ་ཡང་འགྲུབ་པར་འགྱུར་རོ།། ཏིལ་ནག་པོ་ལ་ཞོ་དང་།། སྦྲང་རྩི་དང་།། མར་གྱིས་བཏགས་པ་དང་། ཙན་དན་གྱི་ཕྱེ་མ་འམ་ཞོགས་མ་དང་བསྲེས་པའི་སྦྱིན་སྲེག ་སྟོང་ཕྲག་བརྒྱ་བྱ་སྟེ་གྲུབ་པར་འགྱུར་རོ། ། ཆོ་ག་གཞན་ནི་ཙན་དན་གྱི་ཡམ་ཤིང་སོར་བཞི་པའི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ཏེ་གྲུབ་པར་འགྱུར་རོ།། དཀར ་པོའི་ཚེས་གཅིག་ནས་བརྩམས་ཏེ་བིལ་བའི་ཤིང་གི་འོག་ཏུ་མེ་ཉེ་བར་སྦ་ར་ནས་བིལ་བའི་འབྲས་བུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་བརྒྱད་བཅུ་བྱ་སྟེ། ་རང་གི་གཟུགས་ཀྱིས་ལྷ་མོ་མཐོང་ཞིང་རྒྱལ་སྲིད་ཆེན་པོ་གནང་བར་བྱེད་ཅིང་། གཞན་ཡང་གང་ཞུས་པ་དག་གནང་བར་བྱེད་དོ།། འབྱུང་པོའི་གདོན་གྲོལ་བར་བྱེད་པ་ལ་པདྨའི་ཕྱག་རྒྱས་རེག་པར ་བྱ་སྟེ་འབྲོས་པར་བྱེད་དོ། ། བསྒྲུབ་པར་བྱ་བཞིན་པ་མ་ཡིན་པའི་འོ་མའི་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་།། མར་གྱིས་བཏགས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། དེ་བཞིན་དུ་ཨུཏྤལ ་དམར་པོ་དང་སྔོན་པོ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱ་ཞིང་། ། ཡང་ན་སྣ་མའི་མེ་ཏོག་གི་སྦྱིན་སྲེག་གོ། རས་རིས་ཀྱི་སྤྱན་སྔར་འོ་མ་དང་ནས་ཟན་ཟ་ཞིང་འཕེལ་བཞིན་པའི་མཆོད་པ་བྱ་སྟེ་སློང་མོའི་ཟས་ཟ་བར་བྱའོ།། དྲི་དང་། ་མེ་ཏོག་དང་། བདུག་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཉིན་མཚན་དུ་སྦྱང་བར་གནས་པའི་མཐར་དྲི་ཞིམ་པོའི་མེ་ཏོག་གིས་སྦྱིན་སྲེག་བྱའོ།། སྒྲུབ་བཞིན་པ་མ་ཡིན་པ་འདིས་ལས་རྣམས་ཚུལ་ཁྲིམས་མཆོག་ཏུ་འཆལ་པས ་ཀྱང་འགྲུབ་པར་བྱེད་དོ། ། ཡང་ན་ཡུངས་ཀར་ཏིལ་ནག་པོ་དང་བསྲེས་པ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། དེ་བཞིན་དུ་འགྲུབ་པར་འགྱུར་རོ།། ནོར་འདོད་པ་ལ་ཨ་ཧཱ ་མཱརྒའི་ཡམ་ཤིང་གིས་ཡུངས་ཀར་རྒྱལ་པོའམ་སྐེ་ཚེའི་སྦྱིན་སྲེག་གོ། ཡང་ན་བློན་པོ་དབང་དུ་བྱེད་པ་ལ་ཏིལ་མར་གྱི་སྦྱིན་སྲེག་སྟེ། ལས་ཐམས་ཅད་ལའང་སྦྱར་བར་བྱའོ།། བུ་མོ་དབང་དུ་བྱེད་པ་ལ་སྔར་གྱི་སྦྱིན་སྲེག ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པས་སོ།། རྒྱལ་པོའི་བཙུན་མོ་ལ་ལས་འདིའོ།། བྱང་ཆུབ་ཤིང་གིས་མེ་སྦར་ནས་ཡོངས་སུ་སྤྱོད་པའི་སྦྱིན་སྲེག་གོ། དབང་དུ་བྱེད་པ་ལ་ཡུངས་ཀར་རྒྱལ་པོའི་སྦྱིན ་སྲེག་གོ། དབང་དུ་བྱེད་པ་ལ་ཀམྦོ་ཛཱི་ཀའི་མེ་ཏོག་གི་ཡམ་ཤིང་གིས་སྟོང་ཕྲག་བརྒྱ་བྱའོ།། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཐབ་མེད་པའི་མེ་ལ་ལྷ་དང་ལྷམ ་ལ་དྲི་དང་། མེ་ཏོག་དང་། བདུག་པས་མངོན་པར་མཆོད་ཅིང་མཆོད་པ་རྒྱ་ཆེན་པོ་བྱས་ནས། འོ་མ་དང་ནས་ཕན་བ་ཞིང་གོས་གཙང་མ་བགོས་ཏེ་གང་བསྲུངས་པ་དེ་སྟེར་བར་བྱེད་དོ།། བ་ཤ་ཀའི་མེ་ཏོག་ཕྲག་བརྒྱ ་སྦྱིན་སྲེག་བྱ་སྟེ། མིང་སྨོས་པ་དེ་དབང་དུ་བྱེད་དོ།། ན་ལེ་ཤམ་གྱི་སྦྱིན་སྲེག་གིས་ལོག་འདྲེན་རྣམ་པར་འཇོམས་པར་བྱེད་དོ།། བྱང་ཆུབ་ཤིང་གི་འོག་ཏུ་དྲི་དང་མེ་ཏོག་གིས་མངོན་པར་མཆོད་ནས་ཟླ་བ ་གཟས་བཟུང་བ་ན་ལྡོང་རོས་བླངས་ནས་ཨ་ཤྭདྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས། ། ཇི་སྲིད་འབར་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ།། བླངས་པ་དེས་རིག་པ་འཛིན་པར ་འགྱུར་ཏེ། ལྷ་ཐམས་ཅད་ཐོགས་པ་མེད་པ་དང་། ལྷའི་གཞལ་ཡས་ཁང་མཆོག་ཏུ་མཛེས་པར་མྱུར་ཞིང་མགྱོགས་པར་འགྲོ་སྟེ།། ཉི་མ་འཆར་ཀའི་མདོག་དང་གཟི་བརྗིད་དང་ལྡན་ཞིང་རིག་པ་འཛིཞི ་པ་ཐམས་ཅད་དང་ལྡན་པར་འགྲོ་སྟེ། ། ལྷའི་འགྲོ་བ་བརྒྱ་ཕྲག་གིས་ཡོངས་སུ་བསྐོར་བར་འགྱུར་རོ།། རྣ་བའི་མིག་སྨན་ལ་ལས་འདི་ཁོ་ནའོ།། གིའུ་ཝང་སྒྲུབ་པར་འདོད་ལས་འོ་མ་དང་ནས་ཟན་ཟ་བས་སྔོན་དུ ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། ། ཟླ་བ་གཟས་བཟུང་བའི་དུས་སུ་པི་པི་ལིང་གི་འདབ་མ་བདུན་གྱི་སྟེང་དུ་འམ། རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་གིའུ་ཝང་རྣམ་པ་བརྒྱར་བྱ་སྟེ་བཏང་ནས་རིག་པ་ཡོངས་སུ ་བསྐོར་བས་ལས་བྱའོ། ། ཉེ་བར་སྤྱོད་པ་ལ་སོགས་པ་ཅན་ཏེ། དེས་ཐིག་ལེ་བྱས་ནས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ལུས་འདོད་པའི་གཟུགས་ཅན་གྱི་རིག་པ་འཛིན་པར་འགྱུར་ཏེ། ལོ་སྟོང ་འཚོ་བར་བྱེད་དོ། ། དཔའ་བོ་བཟང་པོ་ལས་བྱུང་བའི་མིག་སྨན་གྱི་འདབ་མ་བླངས་ནས་མེས་གདུང་བཟང་པོར་བྱས་ནས། ལན་བརྒྱར་རབ་ཏུ་བཅུག་ནས་ཟླ་བ་གཟས་ཟིན་པ་ན་ཆུར ་ཏེ། ཇི་སྲིད་དུ་གྲུལ་བུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ།། སྐད་ཅིག་ལ་བཅག་པ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་རོ།། འདི་བྱུགས་པས་གཟི་བརྗིད་དང་ལྡན་ཞིང་ཅོད་པན་དང་རྨ ་འཆང་བ་པདྨའི་འཕྲེང་བས་རྣམ་པར་བརྒྱན་པའི་ལུས། ། རིག་པ་འཛིན་པ་ཐམས་ཅད་ཀྱི་མཐར་ཐུག་པར་ཡང་རབ་ཏུ་སྨོན་པར་འགྲོའོ།། འཁོར་དང་བཅས་པ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། རླུང་ལྷ ་འགྲོ་ཞིང་ཡིད་ལྟར་མགྱོགས་པར་འགྲོ་བའི་རིག་པ་འཛིན་པར་འགྱུར་རོ། ། པདྨ་དང་ཨུཏྤ་ལ་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གིས་གསེར་སྟོང་རྙེད་དོ།། པ་ལ་ཤའི་ལས་ནི་འདི་ཁོ་ནའོ།། ཡང་འདིར ་ལས་ཆེན་པོའི་སྒྲུབ་ཐབས་སུ་འགྱུར་བ་ནི་རྒྱལ་བའི་ཞབས་དྲུང་ངམ། རས་རིས་ཀྱི་སྤྱན་སྔར་རམ།། རྟོག་པ་གཞན་ལས་གསུངས་པའི་ཆོ་གས་ཀྱང་རུང་སྟེ།། རིག་པ་འདི་རྣམས་ཀྱི་མིང་གསུམ་བརྗོད ་པའི་རས་རིས་ཀྱི་གོ་ག་དེའམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཕྱོགས་གཙང་མར་འོ་མ་དང་ནས་ཟན་ཟ་བས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་མེ་ཏོག་དང་། འབྲས་བུ་དང་། ཙ་རུ ་དང་རྩ་བ་དང་། ། ཞོའི་བཟའ་བ་འམ། ཆུ་དང་། ཕྱེ་དང་། ཟན་དང་། དྲིའི་བཟའ་བ་འམ། ཝ་ཀྲའི་བཟའ་བ་འམ། མར་གྱི་བཟའ་བས་ཀྱང་རུང་སྟེ། ཡང་ན་མི་སྨྲ་བའི་བརྟུལ་ཞུགས་སྤྱད་པར་བྱའོ།། ་ཐོག་མར་སྔོན་དུ་བསྙེན་པ་བྱའོ།། ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ཡང་དག་པར་ལྡན་པས་ཉི་མ་སོ་སོར་མངོན་པར་བརྗོད་བཞིན་པའི་མཆོད་པ་བྱའོ།། གསུང་རབ་ཇི་ལྟ་བ་བཞིན་དུ་སློང་མོའི་ཟས་བ# ་བར་བྱའོ། ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་ཞིང་སྡུག་བསྔལ་གྱིས་གདུངས་པས་བཟའ་བར་བྱའོ།། སྒྲུབ་པ་པོས་དུས་གསུམ་དུ་ཁྲུས་བྱས་པའི་འོག་ཏུ་ཤིས་པའི་ཀུ་ཤའི་ཁྲེས་ལ་འདུག ་སྟེ། སྦྱངས་པ་ལས་བྱུང་བའི་གོས་བགོ་ཞིང་འབུམ་ཕྲག་གཅིག་ཏུ་བཟླས་པར་བྱའོ།། མཐར་ཉིན་མཚན་དུ་སྨྱུང་བར་གནས་པས་སེང་ལྡེང་གི་ཤིང་གིས་མེ་སྦར་ནས་འོ་མ་དང་བཅས ་པའི་ཤིང་ངམ། ཨ་ཀ་རུ་ནག་པོའི་ཡམ་ཤིང་སོར་བཞི་པའི་ཚད་དམ་མཛུབ་མོའི་ཚད་ལ་ཧུ་རུ་ཀའི་ཏིལ་མར་གྱིས་བཏགས་པ་རུ་གསུམ་དུ་ཉི་མ་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། དེ་ནས་སྒྲུབ ་པར་འགྱུར་ཏེ་བཅོ་ལྔ་ལ་ཕྱོགས་བཞིར་ས་ལས་བྱུང་བའི་བུམ་པ་བཞི་ཆུ་དང་བཅས་པ་ཨ་མྲའི་ཡལ་འདབ་ཀྱིས་ཁ་གཡོགས་པ། ། རྩ་བ་དང་ནག་པོ་མེད་པ་གཞག་པར་བྱའོ།། གཡས་ཀྱི་གཞོགས ་སུས་ལས་བྱུང་བ་འམ། ། གསེར་ལས་བྱུང་བ་རིན་པོ་ཆེ་དང་ས་བོན་ཐམས་ཅད་ཀྱིས་ཡོངས་སུ་གང་བ།། སྨན་ཐམས་ཅད་དང་། རྩ་བ་དང་། རིན་པོ་ཆེའི་སྙིང་པོ་པདྨ་དྲ་བའི་མེ་ཏོག་གིས་ཁ་གཡོགས་པ། ་དུ་གུ་ལའི་རས་མ་ཉམས་པས་མགྲིན་པ་བཅིངས་པ། རྣམ་པར་རྒྱལ་བ་ཞེས་བྱ་བའི་བུམ་པ་དབུས་སུ་གཞག་པར་བྱའོ།། དེ་བཞིན་དུ་ཤར་གྱི་ཕྱོགས་སུ་འཆར་བ་ཞེས་བྱ་བའི་བུམ་པའོ།། ནུབ་ཀྱི་ཕྱོགས ་སུ་ཧ་རི་ས་ཞེས་བྱ་བའི་བུམ་པའོ། ། དེ་ལྟ་བུ་ལ་སོགས་པ་བུམ་པ་རྣམས་ཀྱི་མིང་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་གཞུགས་པར་བྱའོ།། དྲི་བཟང་པོའི་མེ་ཏོག་དང་། གཏོར་མ་དང་། ་འཕྲེང་བ་ཉི་ཤུ་དབུལ་བར་བྱ་ཞིང་། དྲིས་བཀང་བའི་ཁམ་ཕོར་ཉི་ཤུ་ཕྱོགས་བཞིར་དབུལ་བར་བྱའོ།། འོ་མ་ས་བཀང་བའི་ཁམ་ཕོར་ཉི་ཤུ་ཕྱོགས་བཞིར་གཞག་པར་བྱའོ།། མར་གྱི་མར་མེ་བརྒྱ་དབུལ་བར་བྱའོ།། ་བུམ་པའི་སྒྲོན་མ་བཞི་རབ་ཏུ་སྦར་བར་བྱའོ།། འོ་ཐུག་གིས་བཀང་བའི་ཁམ་པོར་བཅུ་གཉིས་ཀླུ་རྣམས་ལ་དབུལ་བར་བྱའོ།། ཏིལ་གྱི་ཐུག་པའི་ཁམ་ཕོར་བཅུ་གཉིས་སྲིན་པོ་རྣམས་ལ་གཏོར་མས་མཆོད་པར་བྱའོ།། ་བན་དྲོན་གྱི་ཁམ་ཕོར་བརྒྱད་འབྱུང་པོ་རྣམས་ལ་གཏོར་མར་སྦྱིན་ནོ།། ཧྭགས་ཀྱི་བཅའ་བ་ལ་སོགས་པའི་གཏོར་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དབུལ་བར་བྱའོ།། གཞན་རྣམས་ལ་མར ་གསར་དང་ཞོས་བཀང་བ་དང་། ཇི་ལྟར་འོས་པ་དང་། ཇི་ལྟར་མཚུངས་པའི་ཁམ་པོར་རྣམས་ཕྱོགས་བཞིར་གཞག་པར་བྱའོ།། ཨ་ཀ་རུ་ནག་པོའི་བདུག་སྤོས་དབུལ་བར་བྱའོ།། ག་པུར་དང་། ་ཙན་དན་དཀར་པོ་དང་། ཀུན་ཏུ་རུ་ཀ་དང་། ཤྲི་བཱ་ས་ཅན་གྱི་བདུག་པའི་ཁམ་པོར་ཕྱོགས་བཞིར་གཞག་པར་བྱའོ།། དེ་ནས་སྲོད་ལ་ལས་བརྩམ་པར་བྱ་སྟེ་ཉིན་མཚན་དུ་སྨྱུང་བར་གནས་པས ་ཨཎའི་ཡམ་ཤིང་ངམ། སེང་ལྡེང་གི་ཤིང་གིས་མེ་རབ་ཏུ་སྦར་ནས་ལས་འདི་ལ་སྔགས་འདིས་སྤྱན་དྲང་བ་བྱས་པར་འགྱུར་རོ།། སྔགས་ནི།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀཽ་ཏེ་ཤྭ་རཱ་ཡ། བོ་དྷི་སརྦྦ ་ཡཱ། མ་ཧཱ་སཏྭཱ་ཡ། ཧི་རི་ཧི་རི། སུ་རུ་སུ་རུ།། མ་ཧཱ་ཀཱ་རུ་ཎི་ཀཱ་ཨཱ་གཙྪ་ཨཱ་གཙྪ། ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་ར་དྷི་རི་དྷི་རི་ཎི། ཡ་ཐཱ་ས་མ་ཡ་མ་ནུ་སྨ་ར་སྭཱཧཱ། གཤེགས་སུ་གསོལ་བའི་དུས་སུ་ཏྲ ་ཞིམ་པོའི་མེ་ཏོག་གིས་བསྐུལ་བས་སོ། ། དངུལ་ལས་བྱུང་བའི་སྣོད་དམ། ས་ལས་བྱུང་བར་མཆོད་ཡོན་ཕུལ་ནས། དེ་ནས་ཨ་ཀ་རུ་ནག་པོའི་ཡམ་ཤིང་ཇི་སྐད་གསུངས་པའི་ཚད་དང་།། གཞན ་གསུངས་པ་ལ་ཏིལ་མར་གྱིས་བཏགས་པ་རྣམས་ཟ་བ་གཟས་བཟུང་བ་འམ། ། ཉི་མ་གཟས་བཟུང་བ་ན་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། དེ་ནས་ཤར་ལ་སོགས་པའི་ཕྱོགས ་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་ཏུ་ཐུགས་བརྩེ་བ། ཕྱག་ན་རིལ་བ་སྤྱི་ཐུགས་དང་དབྱུག་པ་བསྣམས་པ།། ན་བཟའ་དཀར་པོ་མནབས་པ།། རལ་པའི་ཅོད་པན་འཆང་བ ་འབྱོན་པར་འགྱུར་རོ། ། དེ་ནས་ཇི་སྐད་གསུངས་པའི་སྣོད་དུ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་རྣམས་སྙིམ་པས་བླངས་ནས་ཆུའི་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་འཕགས་པ་སྤྱན་རས་གཟིག ་དབང་ཕྱུག་ཅི་ཡིན་པའི་མཆོག་དེ་སྦྱིན་པར་བྱའོ་ཞེས་གསུང་བར་བྱེད་དོ། ། གང་མཆོག་བསླངས་པ་དེ་སྟེར་རོ།། ནམ་མཁའ་ལ་འགྲོ་བ་འམ། མི་སྣང་བ་འམ།། རྒྱལ་པོ་ཉིད་དམ། རིག་པའི་དངོས ་གྲུབ་ཐམས་ཅད་དམ། ། རིག་པ་འཛིན་པའི་རྒྱལ་པོ་ཉིད་དམ།། མཚོན་ཆའམ། ཚེ་རིང་པོ་ཉིད་དམ།། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་འམ།། གིའུ་ཝང་སྒྲུབ་པ་འམ། མིག་སྨན་སྒྲུབ ་པའམ། ། གཏེར་འཕོ་བ་འམ། ཕུག་ཏུ་འཇུག་པ་འམ། བཅུད་ལེན་ནམ།། ལྡོང་རོས་སྒྲུབ་པ་འམ།། མངོན་པར་ཤེས་པ་ལྔ་ཉིད་དམ།། རང་གི་ལུས་ལ་རྗེས་སུ་འདོད་པའི་ཆོ་གའམ། ་ལྷའི་མིག་གམ།། ནད་འཇོམས་པ་འམ།། ལྷའི་ཤེས་པ་འམ།། ལག་པ་དང་རྐང་པ་འམ།། མིག་ཆ་དང་བྲལ་བ་ཉིད་དམ།། ལྷའི་དབང་པོ་སྦས་པ་ཉིད་དམ། ནད་འཇོམས་པ་ཉིད་དམ། མཛེའ ་ལུས་ལ་གང་ཅུང་ཟད་བསྒྲུབ་བྱ་མིན་པའི་ནད་དེ་དང་དེ་རྣམས་ལས་དེ་ལས་ཐར་པ་དང་། ། ཐོས་པ་འཛིན་པ་དང་། ནོར་སྒྲུབ་པ་ཉིད་དམ། གང་བསླངས་པའི་མཆོག་དེ་སྦྱིན་པར་མཛད་དོ།། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སུ་འང་འགྲོའོ། ། ཚེ་བསྐལ་པར་འགྱུར་རོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་པ་པོས་ཀུ་ཤའི་ཁྲེས་ཡོད་པ་ལ་ཨུ་དུམ་ཝ་རའི་ཆོ་ག་ཤེས་པས ་བྱ་སྟེ། ཨུ་དུམ་ཝ་རའི་ཤིང་གི་ཤིང་ལྷམ་གཉིས་སམ།། རྫ་མཁན་གྱི་ས་ལ་དེ་ནས་ཐམས་ཅད་མཉམ་པ་ཉིད་དོ།། སྒྲོལ་མའི་མཆོག་ཏུ་གསང་བའི་ཉེ་བའི་སྙིང་པོའི་ཆོ་གར་འགྱུར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨོཾ་ཀུ་རུ་ཀུ་རུ་ཀུལླེ་སྭཱ་ཧཱ། འདི་ནི་རིག་པ་འདི་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་ཉེ་བའི་སྙིང་པོ་སྟེ། བཟླས་པ་ཙམ་གྱིས་འཇིག ་པ་ཐམས་ཅད་གནོན་པར་བྱེད་དོ། ། ནད་ཐམས་ཅད་ཟད་ཅིང་འཇོམས་སོ།། འཇིགས་པ་ཐམས་ཅད་འཇོམས་པར་བྱེད་དོ།། ལས་ཕྲན་ཚེགས་རྣམས་ཀྱང་བཀླགས་པས་འགྲུབ་པོ།། འཇམ ་ཕྲག་ཉི་ཤུ་རྩ་གཅིག་ཏུ་ཟློས་པར་བྱེད་པ་ནི་ནམ་མཁའ་ལ་འགྲོ་བར་བྱེད་པའོ། ། དེ་ནས་མིག་སྨ་མ་ལྡོང་རོས་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བར ་བྱེད་བཞིན་པས་ནི་དབང་དུ་བྱེད་དོ། ། དུ་བ་འཐུལ་བས་ནི་མི་སྣང་བའོ།། འབར་བས་ནི་ནམ་མཁའ་ལ་འགྲོའོ།། ཏིལ་གྱི་སྲེག་ཐུགས་འབུམ་གྱི་སྦྱིན་སྲེག་བྱའོ།། གང་འདོད་པ་དེ་སྟེར་བར་བྱེད་དོ།། ་འབུམ་ཕྲག་བཅུ་གཅིག་བཟླས་པར་བྱ་སྟེ། ཇི་སྲིད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ།། དེ་མཐོང་ན་གང་བརྩམས་པདེ་འགྲུབ་པར ་བྱེད་དོ། ། ཙན་དན་དཀར་པོའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། ཉི་མ་སོ་སོ་ལ་དོང་ཆེ་རྙེད་དོ།། ཙན་དན་དམར་པོའི་ཡམ་ཤིང་གི་ས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། ཉི་མ་རེ་རེ་ལ་ཀར ་ཤ་པ་ཎ་དྲུག་རྙེད་དོ། ། འབུམ་ཕྲག་བདུན་བདུན་བཟླས་པར་བྱ་སྟེ། མི་སྣང་བར་འགྱུར་རོ།། འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ། ནད་འཇོམས་པར་བྱེད་དོ།། མཚན་མོ་བདུན་དུ་ལན་གསུམ ་ཡོངས་སུ་བཟླས་པས་ནད་འཇོམས་པར་བྱེད་དོ། ། འབུམ་ཕྲག་བཅུ་གཉིས་བཟླས་པར་བྱ་སྟེ། བཅུད་ལེན་དང་བཅུད་རྙེད་དོ།། དེ་ཟོས་ནས་གཉེར་མ་དང་སྒྲ་དཀར་སྤངས་པར་འགྱུར་རོ།། 2 ་ཕྲག་གསུམ་གྱིས་གྲྀ་དྷ་ཤི་སེལ་བར་བྱེད་དོ། ། ལྕགས་བསྲེགས་ནས་ལན་གསུམ་བཟླས་པའི་ཏིལ་མར་གྱིས་རྐང་པ་གཡས་པ་ལ་བསྐུས་ནས་ལྕགས་དེས་རྐང་པ་ལ་གདུང་བར་བྱ་ཞིང་། གྲི་དྷ་ཤྩི ་ཆོཚོ་ཅིག་ཅེས་བརྗོད་པར་བྱའོ། ། འབུམ་ཕྲག་གཉིས་བཟླས་པས་རྒྱལ་པོའི་བཙུན་མོ་དབང་དུ་བྱེད་དོ།། ཡུངས་ཀར་རྒྱལ་པོའི་སྲེག་ཐུགས་བྱས་པས་དབང་དུ་འགྱུར་ཞིང་མཚན་མོ་བདུན་གྱིས་ནོར་གྱི་བདག་པོར ་འགྱུར་ཏེ། འདོད་པས་ཉེ་བར་གཞག་པ་མ་གཏོགས་སོ།། མུརྒ་ལ་འབུམ་བཟླས་ཏེ་བསྐུས་ན་བཟའ་བཏུང་གང་ཟངས་པ་དེ་རྙེད་དོ།། ཨརྒའི་ལམ་ཤིང་གི་སྦྱིན་སྲེག་བྱས་ན་གསེར་སྲང་བརྒྱ་རྙེད་དོ།། ཤིང་བི་ཎྱ་ཀ ་གི་སྦྱིན་སྲེག་བྱ་སྟེ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཏམྦྷ་ལའི་ཕྱེ་མས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱད།། ཅོད་པན་འཆིང་བར་འགྱུར་རོ།། བྱེ་བ་བཟླས་པར་བྱ་སྟེ། འཁོར་བརྒྱས་བསྐོར་བ ་རིག་པ་འཛིན་པར་འགྱུར་རོ། ། འབྲས་ཡོས་ཀྱི་སྲེག་ཐུགས་སྟོང་ཕྲག་བརྒྱད་ཀྱིས་སྦྱིན་སྲེག་བྱ་སྟེ། ཉི་མ་བདུན་གྱིས་བགེགས་རྣམས་མེད་པར་འགྱུར་རོ།། འབུམ་ཕྲག་བཅུ་གཉིས་བཟླས་པར་བྱ་སྟེ།། པལྕི་སྐམ ་པོ་སྔགས་ཀྱི་བཅའ་བར་འགྱུར་རོ། ། རྩ་བ་མེད་པ་འམ། དུག་མེད་པར་བརྗོད་པས་བསླུས་ན་དྲི་བཟང་པོར་འགྱུར་རོ།། ཏུམྦྷ་ལ་ཐམས་ཅད་ཡང་དག་པར་སྦྱར་ཏེ། འབུམ་གྱིས་སྦྱིན་སྲེག་བྱའོ།། ཏཱམྦྷ་ལ ་མཚང་བ་ཉིད་མེད་པར་འགྱུར་རོ། ། ཨ་པཱ་མརྒས་མིག་ནད་སེལ་བར་བྱེད་དོ།། རིམས་ཀྱིས་བཏབ་པ་ལ་ཀུ་ཤས་བྱབས་པས་སོ།། སྲད་བུ་ལ་བརྒྱད་བརྒྱ་བཟླས་ནས་བཅིང་བར་བྱ་སྟེ། སྐལ་བ་བའང ་པོར་འགྱུར་རོ། ། ཟན་དང་ཞོ་ལྷན་ཅིག་པ་འབུམ་གྱིས་སྦྱིན་སྲེག་བྱས་ན་ཇི་སྲིད་འདོད་པའི་ཕས་མ་ཚང་བ་མེད་པར་འགྱུར་རོ།། མར་གྱི་སྲེག་བླུགས་སྟོང་གི་སྦྱིན་སྲེག་བྱས་ན་ཡུལ་གྲུ་གསུམ་རྙེད་དོ།། ་བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཀྱིས་སྒྲུབ་པ་ལན་གསུམ་གྱིས་བསྒྲུབ་པར་བྱའོ་ཞེས་སོ། ཡུ་བྲལ་གྱི་རིལ་བུ་ཀ་པར་ཁ་རི་རུས་པའི་ཚད་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། ཉི་མ་རེ་རེ་ལ་པ་ཎ་བཅུ་དྲུག་རྙེད་ངོ་།། ་ལྷག་མ་མེད་པ་ཟད་པར་བྱའོ།། དོང་ཀའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ། མ་བཏགས་པའི་གོས་སྣ་ཚོགས་པ་བྱེ་བ་ཕྲག་བཅུ་གཉིས་རྙེད་དོ།། སྙིང་རྗེས་སྦྱིན་དུ་བཅུག་པ་དང ་དེ་བཞིན་དུ་དད་པ་དང་། ། ལྷ་བསྙེན་པ་ལས་གཞན་མ་ཡིན་པས་འགྲུབ་པར་མི་འགྱུར་རོ།། ཞེས་དེ་བཞིན་དུ་རྟོགས་པར་བྱའོ།། རྟོག་པའི་རྒྱལ་པོ་འདིའང་ཆོས་ཐམས་ཅད ་ཀྱི་ནང་དུ་གཏོགས་པར་རྟོག་པ་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་རིག་པ་འདི་ནི་ཆོ་ག་རྒྱས་པར་བསྟན་པར་ལོ་བརྒྱ་ཕྲག་གིས་ཀྱང་དེ་དང་འདིས་མདོར་བསྡུས་ནས་བསྟན་པར་མི་ནུས་སོ། ། ཆོ་ག ་གཞན་རྣམས་སུའང་རིག་པ་འདི་སྒྲུབ་པའི་ཆོ་ག་དེ་ཐམས་ཅད་བསྒྲུབ་པར་བྱ་ཞིང་། ། དེ་བཞིན་དུ་གང་ངེས་པར་བརྗོད་པའི་ལས་རྣམས་སྒྲུབ་པར་བྱེད་དོ།། རྟོག་པའི་རྒྱལ་པོ་འདིར་རིག་པའི་སྔག ་དེ་རྣམས་དང་། གང་སྔགས་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་རྣམས་ཁོ་ན་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་རབ་ཏུ་གསལ་བ་ལ་སོགས་པ་དང་།། རྟོག་པ་གཞན་གྱི་ཆོ་གས་ཀྱང་བསྒྲུབ་པར་བྱའོ། ་ཞེས་པའོ།། དེ་རྟོག་པའི་རྒྱལ་པོ་འདིའི་སྒྲུབ་ཐབས་ཀྱི་སྤྱོད་པ་སྦྱིན་པ་དང་།། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྣམ་པ་སྣ་ཚོགས་པ་ལ་སོགས་པ་དང་།། དཀྱིལ་འཁོར་གྱི་ལས་དང་།། འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའི་རིག་པ་དང་། སྔགས་རྣམས་དང་།། རྟོག་པ་ཐམས་ཅད་དུ་རྒྱས་པར་བསྟན་པའི་ཕྱག་རྒྱ་ཆེན་པོའི་ཆོ་ག་བཅུ་རྣམས་དང་། བྱང་ཆུབ་སེམས་དཔའ ་ཆེན་པོའི་ཆོ་ག་བརྒྱད་རྣམས་ཀྱང་མཉམ་པ་ཉིད་དུ་འགྱུར་རོ། ། འདི་ལྟ་སྟེ། འཕགས་པ་ཀུན་ཏུ་བཟང་པོའི་རྟོག་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་གཞོན་ནུ་བཞི་པོའི་རྟོག་པ་དང་། ཡངས་པའི་རྣ ་བོ་དང་། ཀུན་ཏུ་རི་བོ་དང་།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་དེ། རྟོག་པ་ཆེན་པོ་ཐམས་ཅད་ཀྱི་སྤྱོད་པའི་ཆོ་ག་རྣམས་སུ་མཉམ་པ་ཉིད་དུ་འགྲོ་བར་བྱེད་དོ།། དེ་བཞིན་ཁོ་ནར་བདག་གིས་བརྗོད ་པ་དེ་དང་། ། སངས་རྒྱས་མཐའ་ཡས་པས་གསུངས་པའི་རྟོག་པའི་རྒྱལ་པོ་བདེ་བླག་ཏུ་བསྒྲུབ་པར་བྱ་སྟེ། མཐའ་ཡས་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་འགྲོའོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས ་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཐམས་ཅད་ཐུན་མོང་བའི་ཆོ་གའི་རིག་པའི་ལེའུ་རབ་འབྱམ་རྫོགས་སོ།། ། ཕྱག་རྒྱའི་ལེའུ་བྲི་བར་བྱའོ།། དེ་ནས ་སེམས་དཔའ་ཆེན་པོ་ཕྱག་རྒྱ་ཡང་དག་པར་མགུ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་ཐུན་མོང་བ། རྒྱུད་ཐམས་ཅད་ཀྱི་ནང་དུ་གཏོགས་པ།། ཕྱག་རྒྱའི་རི ་མོའི་ཆོ་ག། རབ་ཏུ་འཛུམ་པའི་བཞིན་དུ་གྱུར་པས་དེའི་འོག་ཏུ་ཕྱག་རྒྱའི་མཚན་ཉིད་གསུངས་པར་གྱུར་ཏོ།། བཅིང་བ་རྣམས་ཀྱི་མཚན་ཉིད་ནི།། ཤེས་ནས་རབ་ཏུ་གཞག་པའོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི། ། རིགས་ཀྱི་ཕྱག་རྒྱ་ཆ་གསུམ་རྣམས།། ཉི་མའི་དཀྱིལ་འཁོར་ཀུན་ནས་འབར།། གཙུག་ཏོར་ཕྱག་རྒྱ་རྫོགས་པ་ཡི། ཉི་མའི་དཀྱིལ་འཁོར་འཆར་བ་ནི།། འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ།། གཙུག ་ཏོར་དེ་ཉིད་ཅུང་བར་བཏེག། གཙུག་ཏོར་སྟེང་འགྲོའི་ཕྱག་རྒྱའོ།། ཀུན་ཏུ་དཀར་བ་གདུགས་དཀར་ཅན།། འཁོར་ལོ་འབར་བ་རྣམ་པར་འཕྲོ།། གཟི་བརྗིད་ཕུང་པོ་རྡོ་རྗེ་སྙིང་།། གཞན་གྱིས་མི་ཐུབ ་ལན་གསུམ་དཀྲིས། ། རྒྱལ་བའི་གཙུག་ཏོར་ཕྱག་རྒྱའོ།། འཁོར་ལོ་རྩིབས་བརྒྱད་ལྟེ་བར་བཅས།། ཆོས་ཀྱི་འཁོར་ལོའི་མཚན་ཉིད་དོ།། པདྨ་རིན་ཆེན་ནོར་བུ་ནི།། རིན ་ཆེན་སྙིང་པོའི་ཕྱག་རྒྱའོ། ། དེ་ཉིད་དཀྱིལཁོར་སོ་སོར་གནས།། ལས་ཀུན་བྱེད་པའི་གདུ་བུ་དང་།། དབུས་སུ་སོན་པ་དབུས་མ་ཡིན།། སྤྱན་དེ་དེ་བཞིན་གཤེགས་པའི་སྤྱན།། དེ་ཉིད་རྩ་བ ་ཅན་གྱིས་དམན། ། དེ་བཞིན་གཤེགས་པའི་མཛོད་སྤུའོ།། རྩེ་མོའི་སྟེང་འོག་ནུས་པའི་མཚན།། དེ་བཞིན་གཤེགས་པའི་ནུས་པའོ།། འབར་བའི་ཚོགས་པ་གཞན་མི་ཐུབ།། འབར་བའི་སྙིང་པོའི ་དཀྱིལ་འཁོར་ནི། ། ཐམས་ཅད་ལྷུང་བཟེད་སོགས་ཕྱག་རྒྱ།། སྔགས་སམ་ཡིད་ཀྱི་བྱེ་བྲག་ལས།། དེ་བཞིན་གཤེགས་རིག་ཕྱག་རྒྱའོ།། པདྨ་འདབ་བརྒྱད་ཕྱི་མ་ལ།། འདབ་མ་ཅན་རྫོགས་གང་བ་ཡི།། ་ཟླ་བའི་རྣམ་པ་ཆ་དང་བཅས།། རྩ་བའི་ཕྱག་རྒྱ་པདྨ་ཅན།། པདྨ་གཡོ་བའི་སྟེང་དུ་ནི།། ངེས་ཞུགས་ནོར་བུ་འདོད་པ་ནི།། ཕུན་ཚོགས་བྱེད་པའི་ཕྱག་རྒྱའོ།། རྟ་མགྲིན་དང་ནི་སྔོན་ཕྱོགས་ཀྱི།། པདྨ་ཡི་ནི་རེ ་འབྲུའོ། ། པདྨ་དཀར་པོ་གོས་དཀར་ཅན།། ཟེའུ་འབྲུ་དེ་ཉིད་གྲགས་ལྡན་མའི།། ཨུཏྤལ་དེ་ཉིད་སྒྲོལ་མ་ཡི།། ཨུཏྤ་ཡ་ནི་ཟླ་བ་ཡིའོ།། ཅུང་ཟད་རིན་ཆེན་ཁྲོ་གཉེར་ཅན།། སྡོང་བུ་དང་བཅས་དཔས ་མོ་སྟེ། ཕོ་ཉ་མོ་ཀུན་ཞེས་བྱའི་རིགས།། ཁ་བྱེ་རྒྱས་པ་རིགས་རྒྱལ་མོའོ།། ལྷག་མ་རྣམས་ཀྱི་ཐུན་མོང་ཉིད།། དབྱུག་པའམ་རིལ་བ་སྤྱི་ཐུགས་ཀྱི།། རྣམ་པ་དེ་དག་ལྷག་མ་རུ།། རིག་པ་ཅན་རྣམ ་ཀྱིས་ཤེས་བྱ། ། འབར་བས་པད་རིགས་ཕྱག་རྒྱའོ།། རྩེ་མོ་ལྔ་པ་རྡོ་རྗེ་མི།། གདོང་གཉིས་ལྷ་མོས་སོར་གནས།། འབར་བའི་འཕྲེང་ལྡན་རིག་པ་མཆོག། རིག་པའི་རྒྱལ་པོའི་རྡོ་རྗེ། ་དམ་ཚིག་རྡོ་རྗེ་ཐད་ཀར་གནས།། བུམ་དབུས་སྟེང་སོང་མཱ་མ་ཀཱི།། གཙུག་ཏོར་གཅིག་པ་རྒྱལ་བ་སྟེ།། གཙུག་ཏོར་གཉིས་པ་རྣམ་པར་རྒྱལ།། གཙུག་ཏོར་གསུམ་པ་རྡོ་རྗེའི་མཚན།། དབུས་སུ་མདུང་གི་རྣམ་པ ་ནི། རྡོ་རྗེ་ཡི་ནི་མཚན་མའོ།། དབུས་སུ་འཁྱིལ་བ་བྱས་ནས་ནི།། མདུང་ལ་འཁྱིལ་བ་མངོན་ཕྱོགས་པའོ།། རྡོ་རྗེའི་དབུས་སུ་དཀྱིལ་འཁོར་ལ།། ཀུན་ནས་འབར་བའི་དཀྱིལ་འཁོར་ནི།། ཡོད་པ ་འཕྲེང་བ་ཅན་མའོ། ། རྡོ་རྗེ་གཉིས་ཀའི་རྩེ་མོ་ལ།། འཕྲེང་བ་དག་བྱེད་འཕྲེང་བ་འཆང་།། ཅུང་ཟད་ཅོད་པན་གཞོགས་སུ་ནི།། ལྕགས་ཀྱུ་རྡོ་རྗེ་ལྕགས་ཀྱུ་མའོ།། དབྱུག་པས་དབྱུག་པའོ་དེ་བཞིན་དུ། ་དགྲ་སྟ་དབུས་མའི་རྩེ་མོར་གནས།། རྡོ་རྗེ་ཁུ་ཚུར་བུམ་ཅན་ཡང་།། དེ་ནས་ངེས་པའི་རྣམ་པ་ནི།། རྡོ་རྗེ་རྩེ་གཅིག་འབར་བཅས་པ།། རྡོ་རྗེ་ཁ་མ་རུང་གི་སྣ།། ཕོ་ཉི་མོ་ཡི་རིང་པོ་སྟེ།། ཁྲོ་བོ་རྣམས་ཀྱི་ཐུང ་དུའོ། ། རྣམ་པར་འཕྲོ་བ་རིག་པའི་རྒྱལ།། ཅུང་ཟད་དབུས་སུ་གཙུག་ཏོར་ལྡན།། རིག་པའི་རྒྱལ་པོ་ཞེས་བྱའོ།། འོག་ཏུ་མདུང་ལ་སྟེང་རྡོ་རྗེ།། ཚོགས་ཀྱིའོ་སྟེང་དུ་མདུང་དང་ནི།། འོག་ཏུ་རྡོ་རྗེ ་ལོག་འདྲེན་ཀུན། ། དབུས་སུ་བི་དཱི་ཕྱོགས་པའི་རུ།། མགོ་གསུམ་རྡོ་རྗེ་བི་དཱི་ནི།། རིག་པའི་རྒྱལ་པོའི་དཀྱིལ་འཁོར་དུའོ།། དེ་ཉིད་འདིར་ཡང་དེ་བཞིན་དུ།། ཐམས་ཅད་དུ་ནི་འབར་བཅས་པ།། བདུན ་@ལྔ་གསུམ་གྱིས་འབར་བར་བྱ། ། རྡོ་རྗེའི་རིགས་ནི་ཐམས་ཅད་ལ།། རྡོ་རྗེ་ལྔ་ཡི་མཚན་ཉིད་རྣམས།། ཕྱག་རྒྱ་བཅས་པའོ་གཏུམ་པོ་རྣམས།། བི་དཱི་ཀ་དང་བཅས་པའོ།། ཅིག ་ཤོས་འཇིག་རྟེན་པ་རྣམས་ནི། ། འབར་བ་དང་བཅས་གཏུམ་པོ་ནི།། བེ་དཱི་མེད་པར་སོ་སོར་གནས།། ཇི་ལྟར་འགྲོ་བར་བྱ་བ་ཡི།། དགེ་བའི་སྤྱོད་པས་འཇིག་རྟེན་པ།། འཇིག་རྟེན་འདས་པ ་རྒྱུད་ཤེས་པས། ། ཐམས་ཅད་རྟོག་པ་དཀྱིལ་འཁོར་གྱིས།། ཞེས་སོ།། ཨོཾ་ས་ར་ས་ར་བཛྲ་པྲཱ་ཀ་རཾ་ཧཱུཾ་ཕཊ་སྭཱ་ཧཱ།། ར་བའོ།། ཨོཾ་བི་ཕུ་རང་། རཀྵ་བཛྲ་པཉྫ་ར་ཧཱུཾ་ཕཊ་སྭཱ་ཧཱ།། རྡོ་རྗེའི་གུར་རོ།། ་ཨེ་ཀི་ལི་ཀི་ལ། བཛྲ་བཛྲ་བྷུ་བནྡྷ་བནྡྷ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཕུར་པའོ།། དེ་ལྟར་འདི་རྣམས་དཀྱིལ་འཁོར་འབྲི་བའི་ཕྱག་རྒྱའོ།། དེ་ནས་སེམས་དཔའ་ཆེན་པོ་དེས་སླར་ཡང་ཕྱག་རྒྱ་ཡང་དག་པར་སྐུལ་བར ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། སྒྲུབ་ཐབས་ཅད་ཀྱི་སྤྱིའི་ཆོ་ག་མཚུངས་པ་ཉིད་ཀྱི་ཕྱག་རྒྱ་དང་རིག་པ་ཐམས་ཅད་ལ་ཀུན་ནས་མཉམ་པར་འཇུག་པ་དེ་རྣམས་གདོན་མི་ཟ་བ ་ཁོ་ནར་དངོས་གྲུབ་རྟོགས་པར་འགྱུར་རོ། ། ཞེས་སོ།། དེ་ནས་ཐལ་མོ་དབུ་མ་ཡི།། གུང་མོའི་སོར་མོ་གུང་མོས་གུང་མོ་ལ།། དེ་ཉིད་སྡིགས་མཛུབ་རྩེ་མོ་ལྟ་བར་གནས།། དེ་བཞིན་གཤེགས་རིགས ་། དམ་ཚིག་གི། ཕྱག་རྒྱ་ལྷན་ཅིག་པར་བསྒྲགས་སོ།། དང་པོ་སྔགས་བཅས་རྫོགས་པར་བྱ།། བཟླས་པ་ལ་སོགས་པར་འགྱུར་རོ།། ཡང་འདིར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿོཾ་ཏ་ཐཱ་ག་ཏཱ་ཨུད་བྷ་ཧཱ ་། ཡ་སྭཱ་ཧཱ།། དེ་བཞིན་གཤེགས་པའི་རིགས་སུ་དམ་ཚིག་གི་སྔགས་སོ།། གཡོན་པའི་རྒྱབ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ་བཀན་ལ།། ལག་པའི་མཐེའུ་ཆུང་བཟུང་ལ་གང་གིས་མཐེ་བོང་གཉིས་ཅུང་ཟད་བརྐྱང་བ་མནན་པ། ་བྱསྟེ།། སོར་མོ་དག་ནི་མཆོག་གི་དམ་ཚིག་གི་སྔགས་ཏེ། རྡོ་རྗེ་རི་རིགས་སུ་རབ་ཏུ་གྲགས་པར་འགྱུར་རོ།། ཡང་འདིར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿོཾ་བཛྲ་ཨུད་བྷ་བཱ་ཡ་སྭཱ་ཧཱ། རྡོ་རྗེའི་རིགས་སུ་དམ་ཚིག་གི་ཕྱག ་རྒྱའི་སྔགས་སོ། ། གུང་མོའི་སོར་མོ་གུང་མོ་ཅན།། བྱས་ནས་ཐལ་མོ་སྦྱར་བྱས་པ།། སོར་མོ་གཉིས་རྟག་བུག་པ་མེད།། དང་པོར་བཅིངས་ནས་དེ་བཞིན་ཕྱིས།། རྫོགས་ནས་བཟླས་པ་ལ་སོགས་འགྱུར།། ཡང ་འདིར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཞེས་པ་འདི་རྣམས་དམ་ཚིག་གི་ཕྱག་རྒྱ་རྣམས་ལའོ།། ཨོཾ་པདྨ་ཨུད་བྷ་བཱ་ཡ་སྭཱ་ཧཱ། འདི་ནི་པདྨའི་རིགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་སྔགས་སོ།། ཞེས་པ་དམ ་ཚིག་ཕྱག་རྒྱ་ནི། ། གསུམ་པོ་འདི་རྣམས་ཀུན་ཏུ་བསྒྲག། ཡོན་ཏན་དཔག་མེད་རྣམ་པ་སྟེ།། སྟོབས་ཆེན་ཕ་རོལ་གནོན་པའོ།། དང་པོར་བཅིང་བྱ་རྟག་ཏུ་སླར།། སྒྲུབ་པོས་ལྷ་ཡི་སྤྱན་སྔ་རུ།། དེ་ཡི་དངོས་གྲུབ ་ཐོབ་པར་འགྱུར། ། མྱུར་དུ་འདོད་པའི་ན་སོགས་རྣམས།། འཇིག་རྟེན་མགོན་པོ་མཐའ་ཡས་དང་།། དེ་སྲས་བདག་ཉིད་ཆེ་རྣམས་ཀྱིས།། ལུས་ཅན་ཀུན་གྱི་ཕྱག་རྒྱ་ཆེ།། སྒྲུབ་པའི་དོན་དུ་གསུངས་པ་ཡིན།། རྟག་ཏུ ་སྔ་བར་ལངས་ནས་ནི། ། ཉིན་རེ་ཉིན་རེ་བཅིང་བར་བྱ།། གཙང་ཞིང་ད་དང་ཐོ་གྲོས་ལྡན།། དེ་ཡི་དངོས་གྲུབ་འབྱུང་བར་འགྱུར།། དམ་ཚིག་ཕྱག་རྒྱ་གསུམ་པོ་འདི།། གང་གིས་ཤེས་པ་པོ་ལྡན་པས། ་བཟུང་བའི་འཕགས་པའི་མན་ངག་གིས།། དེ་ཡི་དངོས་གྲུབ་ཐེ་ཚོམ་མེད།། འདི་རྣམས་རྣམ་པར་ཤེས་པ་ནི།། ཆོ་ག་ཉམས་ཀྱང་སྒྲུབ་པ་པོས།། དེ་ཡི་དངོས་གྲུབ་བྱེད་པ་ཡིན།། ་སྟོབས་པོ་ཆེ་ལ་སོགས་རྣམས་ཀྱིས།། ཕྱག་རྒྱ་ཀུན་ཏུ་སྲུང་དོན་དུ།། དེ་ནས་དབུགས་འབྱིན་ཆེན་པོ་དེ།། བདག་གིས་ཀུན་ནས་སྣང་བ་ཡི།། ཕྱག་རྒྱ་ཡང་དག་སྐུལ་བྱེད་པའི།། སྒོམ་པས་ཀུན་ནས་རྟག་ཏུ་ནི།། ་ཕྱག་རྒྱ་རབ་ཏུ་གསུངས་པ་སྟེ།། སྒྲོལ་མ་ཀུན་གྱི་ཐུན་མོང་དུ།། རྟོག་པ་གང་དུ་གསུངས་པ་ཡིན།། རྟོག་པ་གཞན་དུ་རིག་པ་གང་།། དེ་རྣམས་ཉིད་ཀྱང་རབ་སྦྱར་བྱ།། ཡང་འདིར་ཕྱག་རྒྱའི་མཚན་ཉིད་འགྱུར།། ་སླར་ལང་སོར་མོ་ཕན་ཚུན་དུ།། ལན་གཉིས་ཁ་སྦྱར་གནས་པ་ལ།། མཛུབ་མོ་གཉིས་ནི་རབ་ཏུ་བརྐྱང་།། ཐོ་ལྡན་དེ་བཞིན་མཐེ་བོང་ཡང་།། སེམས་ནི་ལེགས་པར་མཉམ་བཞག་པས།། བཅིང་བྱ་རྩ་བའི་ཕྱག ་རྒྱའོ། ། སྒྲོལ་མ་སྤྱན་དྲང་ཆེད་དུ་ནི།། འདི་རྣམས་རིག་པ་ལྷན་ཅིག་པས།། ཞེས་འདི་སྒྲོལ་མ་ཐམས་ཅད་ཀྱི།། རྩ་བའི་ཕྱག་རྒྱ་དོན་ཆེན་སྦྱིན།། སྒྲུབ་པ་པོ་ནི་དོན་ཐམས་ཅད།། རང་གི་རིག་པས ་སྦྱར་བ་ཡིན། ། ཆོ་ག་ཉམས་ཀྱང་དད་པ་ཡིས།། ལྷ་རྣམས་འཕྲལ་དུ་འོང་བར་བྱེད།། དེ་ཉིད་མཐེ་བོང་བཀན་བྱས་ནས།། མཆོད་ཡོན་དག་ནི་དབུལ་བར་བྱ།། དེ་ནས་མཆོད་ཡོན་ཅན་དུ་འགྱུར།། ་མི་རྣམས་འདོད་པའི་འབྲས་རབ་སྦྱིན།། མཆོད་ཡོན་གྱི་ཕྱག་རྒྱའོ།། ལག་པ་བཀན་ཏེ་བཏེག་ལ་བརྐྱང་།། མཐེ་བོང་གདན་དུ་རབ་བརྟག་བྱ།། དེ་ཉིད་འདོད་པ་སྒྲུབ་པའི་དོན།། ལྷ་རྣམས་ཡོངས་སུ་མཉེས ་བར་བྱེད། ། གདན་གྱི་ཕྱག་རྒྱའོ།། མཐེ་བོང་དག་གི་རྩེ་མོའི་ཆ།། བསྐུམས་ནས་ཐ་དད་གྱུར་གང་ཉིད།། ཁྲུས་བྱ་བདག་ཉིད་དོན་བཟང་སྤྲུག། ཁྲུས་ཀྱི་ཕྱག་རྒྱའོ།། སོར་མོའི་རྩ་བའི་ཉེ་ལོགས་སུ།། ་གཡས་པའི་མཐེ་བོང་རྣམ་པར་དགོད།། སྨན་དང་སྲོག་ཆགས་ཡན་ལག་ནི།། ཡོངས་སུ་སྤངས་ཏེ་དྲི་དག་དབུལ།། དྲིའི་ཕྱག་རྒྱའོ།། དེ་བཞིན་གཡོན་པའི་མཐེ་བོང་ཡང་།། མཉམ་པར་བཞག་པས ་རྣམ་པར་དགོད། ། ལྷ་ཡི་ནི་མཆོག་དང་ལྡན་པའི།། མེ་ཏོག་སྣ་ཚོགས་དབུལ་བར་བྱ།། མེ་ཏོག་གི་ཕྱག་རྒྱའོ།། སྡིགས་མཛུབ་གཡས་པའི་རྩེ་མོ་ནི།། བསྐུམ་སྟེ་གུང་མོར་གནས་པར་འགྱུར།། ་གང་གི་མཐེ་བོང་ཅན་གྱིས་ནི།། དེ་ཡིས་འདུག་སྤོས་དབུལ་བར་བྱ།། བདུག་སྤོས་ཀྱི་ཕྱག་རྒྱའོ།། གཡོན་པའི་མཐེ་བོང་སྡིགས་མཛུབ་ནི།། གུང་མོར་གང་གིས་གནས་པར་བྱ།། གཙང་ཞིང་དག་པར་ཡང ་དག་ལྡན། ། དེ་ཉིད་གཏོར་མའི་མཆོད་པར་བྱ།། གཏོར་མའི་ཕྱག་རྒྱའོ།། སྡིག་མཛུབ་རྩེ་མོར་མཐེ་བོང་གཉིས།། རྣམ་པར་བཀོད་པ་བྱས་ནས་ནི།། བ་ཡི་མར་ནི་ཕུལ་བྱུང་བས།། སྒྲོན་མ་དབུལ ་བར་བྱ་བའོ། ། མར་མེའི་ཕྱག་རྒྱའོ།། གུང་མོའི་རྩེ་མོར་མཛུབ་མོ་ནི།། ཕྱི་ཡི་རྩེ་མོའི་ཚོགས་སུ་སྦྱར།། མཐེ་བོང་དང་ནི་མིང་མེད་དག། བགྲང་འཕྲེང་སྲད་བུ་ཡོངས་སུ་འཛིན།། འཕྲེང ་བ་འཛིན་པའི་ཕྱག་རྒྱའོ། ། རྟག་ཏུ་མེ་རུ་མངོན་ཕྱོགས་པས།། ལག་པ་གཡས་པའི་མིང་མེད་ནི།། གུང་མོའི་ཚིགས་སུ་བྱས་པར་གྱུར།། ལག་གཉིས་སྦྱར་བའི་གུང་མོ་ལ།། མཐེ་བོང ་ཅུད་ཟད་རྣམས་འདུད་པའོ། ། མེ་སྤྱན་དྲང་བའི་ཕྱག་རྒྱའོ།། མིང་མེད་མཐེ་བོང་སྦྱར་བྱས་ནས།། སྔགས་དང་བཅས་པ་རབ་སྦྱར་བྱ།། དེ་ཉིད་ཀྱིས་བརྗོད་གཤེགས་སུ་གསོལ།། ་། མེ་ལྷ་སྤྱན་དྲངས་པ་བསྐུལ་བའི་ཕྱག་རྒྱའོ།། ཞེས་པ་འདི་སྒྲོལ་མ་ཐམས་ཅད་ཀྱི་རིག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ཕྱག་རྒྱ་སྟེ།། སྒྲུབ་པ་པོ་དངོས་གྲུབ་མཉམ་པ་མེད་པ་འདོད་པ་རྣམས་ཀྱིས་ཐུན ་མོང་དུ་རྟག་ཏུ་སྦྱར་བར་བྱའོ། ། རྐང་པ་འཁྱོག་པོར་བྱས་ནས་ནི།། ཕྱག་རྒྱ་རྣམ་པར་རྒྱས་པ་ནི།། ལག་གཉིས་བརྐྱང་བྱས་འཁོར་ལོ་དང་།། སྔོན་དུ་མཐེ་བོང་བསྐུམ་ནས་ནི།། ཁུ་ཚུར་བཅིངས་ཏེ་མཐེ་བོང ་དག། མཉམ་པར་གཤིབས་ཏེ་བརྐྱང་བར་བྱ།། གུང་མོ་སྦྲེང་བའི་ཕྱག་རྒྱ་འདི།། བློ་ལྡན་བྱང་ཆུབ་སེམས་དཔའ་ཡི།། དབྱུག་པའི་ཕྱག་རྒྱར་གྲགས་པ་ཡིན།། སྒྲུབ་པོས་མྱུར་དུ་སྦྱར་བར་བྱ།། དངོས ་གྲུབ་ཐམས་ཅད་བྱེད་པར་འགྱུར། ། དབྱུག་པའི་ཕྱག་རྒྱའོ།། ལེགས་པར་ཁ་སྦྱར་བ་ཐལ་མོ་ཁོང་སྟོང་དུ་འགྱུར་ཏེ།། ཁ་སྦྱར་གྱི་ཕྱག་རྒྱའོ།། གང་དུ་མཐེ་བོང་ནང་དུ་བཅུག་པ་ནི་བཟང་པོའི་གདན་ནོ།། ་བཟང་པོའི་གདན་གྱི་ཕྱག་རྒྱའོ།། ཐལ་མོ་ཁོང་སྟོང་དེས་རབ་ཏུ་བརྗོད་པའི་ཁ་སྦྱོར་གྱི་ཕྱག་རྒྱ་ལས་མིང་མེད་ཀྱི་སོར་མོ་ཡང་དག་པར་སྦྱར་བ་ནི་ཁ་སྦྱོར་གྱི་ཕྱག་རྒྱའི་གཙོ་བོ་པདྨའི་རྣམ་པ་བོད་པར་ཟིན་མ་ཀྱི་ཛྲ ་ཞེས་སྒྲུབ་པ་པོ་ཐོ་དང་ལྡན་པས་ཤེས་པར་བྱའོ། ། གདན་གྱི་དོན་དུ་རབ་ཏུ་སྦྱར་བར་བྱའོ།། ཕྱག་རྒྱ་འདི་ནི་གྲགས་པ་ཆེན་པོའོ།། པདྨའི་ཕྱག་རྒྱའོ།། རྩ་བའི་ཕྱག་རྒྱ་ནི་རབ་ཏུ་བརྗོད་པ་དེ་ཨུཏྤལ་དེ་འདིར ་བརྗོད་པར་བྱའོ། ། ནས་ཙམ་རྣམ་པར་གྲོལ་བ་ནི་ཕྱག་རྒྱ་པདྨའི་ཏོག་ནི་ཡན་ལག་ཉིད་དོ།། ཨུཏྤ་ལའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་།། སྒྲོལ་མའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་གང ་ཡིན་པ་དེ་ཕྱག་རྒྱར་ཡོངས་སུ་བསྒྲགས་སོ། ། ཚོགས་གསུམ་པ་བཅག་པ་ནི་ཁྲོ་གཉེར་ཅན་གྱིའོ།། དེ་ཁོ་ན་ཚིགས་བར་པར་གྱུར་པ་ཡང་དག་པ་ཁོ་ནར་འདོད་པ་ནི་ཏིང་ངེ་འཛིན་ཡངས་པའི་ཕྱག་རྒྱར་གསུངས་སོ།། སྡིགས ་མཛུབ་དང་མཐེ་བོང་ཡང་དག་པར་སྦྱར་བའི་ཕྱག་རྒྱ་ནི་རལ་གཅིག་མའི་ཅོད་པན་ལས་སོ། ། དང་པོ་ཏིང་ངེ་འཛིན་ཡང་དག་པར་གསུངས་པའི་རིག་པའི་སྔགས་རྣམས་ཕྱག་རྒྱ་གཉིས་པ་རལ་གཅིག་མའིའོ།། ཕན ་ཚུན་སྦྱར་ནས་ལྷག་མ་ཕྱི་རོལ་ཏུ་སྒྲའི་རྣམ་པར་རབ་ཏུ་བརྐྱང་ནས་དབུས་མ་གཉིས་ནི་མདུང་གི་རྣམ་པར་ལེགས་པར་གནས་པའི་ཕྱག་རྒྱ་ནི་མདུང་དུ་ཡང་དག་པར་བཤད་དོ། ། ལྷའི་འབར་བར་བྱེད་པ་དང་ཡང་དག ་པར་མཚུངས་པ་འདི་བསྟན་པ་ཙམ་གྱིས་གདུག་པ་རྣམས་ཐམས་ཅད་རྣམ་པར་འཇོམས་པ་མདུང་གི་ཕྱག་རྒྱའོ། ། ཞེས་པ་ཕྱག་ཆེན་འདི་རྣམས་ནི།། དམ་ཚིག་དོན་དུ་རབ་ཏུ་སྦྱར།། གང་གི་ཡང་དག་ཤེས་བྱས ་པ། ། དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར།། ཕྱག་རྒྱ་ལྷག་མ་ཐམས་ཅད་ཉིད།། ཚད་མེད་གྲངས་མེད་ཉིད་དུ་བྱ།། ཕྱག་རྒྱ་ཡང་དག་ཡོངས་སུ་བསྒྲགས།། མདོར་ན་འདི་རུ་བརྗོད་པ་ནི།། སེམས་ཅན་སེམས་ནི་དུལ ་བ་རྣམས། ། ལས་ཆེན་བྱེད་པར་མི་ནུས་པ།། མདོར་བསྡུས་འདིར་ནི་བརྗོད་པར་བྱ།། ཞེས་པའོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི ་རྟོག་པར། ཕྱག་རྒྱའི་ལེའུ་རབ་འབྱམ་རྫོགས་སོ།། དེ་ནས་ཡང་སེམས་དཔའ་ཆེན་པོས་སླར་ཡང་དངོས་པོའི་རང་བཞིན་གྱི་ཏིང་ངེ་འཛིན་སྒོམ ་ཞིང་ལས་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པ་རྟོག་པའི་རྒྱལ་པོ་འདིར། གོས་དཀར་མོ་ཞེས་བྱ་བ་རང་གི་རིགས་ཀྱི་རིག་པ་ཆེན་མོའི་སྒྲུབ་ཐབས་སྲུང་བའི་དོན་དང་། བགེགས་ཟློག་པའི་དོན་དུ་གསུངས་པའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སཏྐཱ་ཡ། མ་ཧཱ་སཏྭཱ་ཡ། དཪྴ་ན། པཪྵ་ཎ། བྷྱོ་ཤྲ་བ་ཎ། སྨ་ར་ཎྱེ་ན། བཱ་སྱ་མ་ཧཾ། སརྦ་སཏྭ་ནཱཾ། སརྦ་བྱ་དྷི། ཙ་ཀིཏྶ་ཀ། ་ཏདྱ་ཐཱ། ཨོཾ་ཀ་ཊོ། བི་ཀ་ཊོ། ཀ་ཊཾ་ཀ་ཊེ། ཀ་ཊུ། བི་ཀ་ནྱ། བི་ཀ་ཊེ། བྷ་ག་བ་ཏི། བི་ཛ་ཡེ་སྭཱ་ཧཱ། འདི་ནི་གོས་དཀར་མོ་ཞེས་བྱ་བ་དེའི་རིག་པ་ཆེན་མོ་སྟེ ་རིག་པ་ཐམས་ཅད་དང་སྔགས་རྣམས་ཀྱི་དངོས་གྲུབ་བྱེད་པ། པདྨའི་རིགས་སུ་རིགས་ཀྱི་རིག་པ་འདིས་བདག་ཉིད་བསྲུང་བ་དང་། གཞན་བསྲུང་བ་དང་། གཡོག་བསྲུང་བ་དང་། རས་རིས་གནས་པ་དང་། ་ལྷ་རྣམས་བསྲུང་བར་བྱ་བ་དང་།། རས་རིས་གྲུབ་པ་འདིའང་ཁྱེད་ཀྱིས་སྒྲུབ་ཐབས་གསུམ་བྱས་ནས་སམ།། འདུན་བྱས་ནས་བཟླས་པར་བྱའོ།། དེ་ནས་རང་གི་ལྷའི་བཟླས་པ་བརྩམ་པར་བྱ་སྟེ། མྱུར་དུ་དངོས་གྲུབ ་འགྱུར་རོ། ། བཟླས་པའི་མཐར་ཡང་བགེགས་རྣམས་སྲིད་པ་གཞན་དུ་འགྱུར་རོ།། རྟག་ཏུ་བཟླས་པས་ཀྱང་ནད་མེད་པར་འགྱུར་རོ།། ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བ་དང་། རིང་དུ་འཚོ་བར་བྱེད་དོ།། བདེ་བའངས ་སོར་རྙེད་དོ། ། སྲད་བུས་བདག་ཉིད་སྲུང་ཞིང་ཕྱིར་ཟློག་པ་ལ་སོགས་པ་རྣམས་ཀྱང་ངོ་།། དེ་ནས་འདིའི་ཕྱག་རྒྱ་ཉིད་ནི་སྒྲོལ་མ་ཐམས་ཅད་ཀྱི་སྤྱིའི་རྩ་བའི་ཕྱག་རྒྱ་སྟེ། དེ་ཉིད་ནི་སྡིགས་མཛུབ་བཅིངས་ནས་འཁྱིལ་བའི ་རྣམ་པར་བྱ་སྟེ། མཐེ་བོང་ཕུང་ཡང་ཀུན་ཏུ་བཙར་བ་ནི་གོས་དཀར་མོའི་ཕྱག་རྒྱའོ།། འདིའང་ཕྱག་རྒྱའི་སྒྲུབ་ཐབས་ཀྱི་རིག་པ་མཉམ་པར་འགྲོ་བ་གདོན་མི་ཟ་བ་སྟེ། དང་པོར་ཞབས་ལ་ཕྱག་བྱས་ནས་དེ་ནས ་ལས་ཐམས་ཅད་བྱའོ། ། ཡང་རྟོག་པའི་རྒྱལ་པོའི་དབང་པོ་ཆེན་པོ་འདིར་འཕགས་མ་སྒྲོལ་མ་དང་།། སྒྲོལ་མ་ཐམས་ཅད་ཀྱི་སྒྲུབ་པ་མངོན་པར་མཛེས་པ་ཐམས་ཅད་དང་། སྲུང་བ་དང་། ཉེས་པ་བྱས་པ ་ཐམས་ཅད་རྨོག་པར་བྱེད་པ། འཕགས་མ་སྒྲོལ་མ་ཐམས་ཅད་ཀྱི་རྟོག་པའི་ཆོ་ག་རབ་ཏུ་སྦྱོར་བ་སྒྲུབ་ནུས་པར་འགྱུར་ཏེ། དེའང་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤ་རཱ་ཡ། བོ་དྷི་སརྦྦ་ཡ། ་མཧཱ་སཏྭཱ་མ། ཙནྡེ་ཙནྡེ་མ་ཏི་སཱུཎྱེ། སཱུརྱ་མ་ཏཱི། དྷུ་ནི་གྷུ་ན། ལ་ཡ། ལེ་ལེ། སཱུ་ཏེ་སཱུ་ཏ་ནི། སིདྡྷི་སིདྡྷི། པ་རཱ་བ་མ་སཱཿ། ཨ་མི་ཏཱ་བྷཱ་སུ་ཨུ0f7f་སཱཏྨ། སརྦེ་ཏྱཻ་ཨཱརྱ་ཨ་བ་ལོ་ཀི་ཧེ་ཤྭ་རཱ་ཡ་སཱཧཱ། འདིའང་འཕགས་པ་བ ་ཟང་པོ་ཞེས་བྱ་བ་འཕགས་མ་སྒྲོལ་མའི་རིག་པ་ཆེན་མོ་ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པའོ། ། གང་འདི་སྒྲོལ་མའི་རྟོག་པའི་ཆོ་ག་རབ་འབྱམ་སྤྱོད་པ་དང་། སྒྲུབ་ཐབས་དང་། ཕྱག་རྒྱའི་ཆོ་ག ་ལ་སོགས་པ་དེ་ཐམས་ཅད་འཕགས་མ་སྒྲོལ་མའི་ཐ་བས་བསྒྲུབ་པར་བྱའོ། ། ཞེས་ཀུན་ཏུ་རྟོག་པར་བྱའོ།། རྟོག་པ་གཞན་གྱི་ཆོ་གས་ཀྱང་སྒྲུབ་པར་བྱེད་དོ།། རྟོག་པ་མེད་པས་ཀྱང་མངོན་སྤྱོད་ཀྱི ་ལས་འདི་བྱེད་དེ། ཕྱག་འཚལ་བའི་ཡི་གེ་སྤངས་ནས།། རིག་པ་འབའ་ཞིག་གི་སྭཱ་ཧཱའི་གནས་སུ་ཧཱུཾ་ཕཊ་སྦྱིན་པར་བྱའོ།། རྟོག་པ་གཞན་གྱི་ཚོགས་ཀྱང་འོ།། གང་འདོད་པ་དེ ་དབང་དུ་བྱེད་པར་འགྱུར་རོ། ། ཡང་ན་ཉེ་བར་འཇོམས་པར་བྱེད་པར་འགྱུར་རོ།། མདོར་ན་གང་འདོད་པ་དེ་སྒྲུབ་པར་བྱེད་དོ།། དེ་ནས་སེམས་དཔའ་ཆེན་པོ་དེས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར ་ལ་གཟིགས་ནས། ། བསམ་པ་རྣམ་པར་དག་པས་སེམས་དཔའ་ཆེན་པོ་རྣམས་ལ་སྨྲས་པ། གང་རྟོག་པའི་རྒྱལ་པོ་འདིར་སྒྲུབ་པར་འགྱུར་བ་དང་།། མཆོད་པར་འགྱུར་བ་དང་།། ཡི་གེར་འདྲི་བར་འགྱུར་བ་དེ ་རྣམས་དོན་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་ཀུན་ནས་དགའ་བའང་འབྱུང་བར་འགྱུར་རོ།། སྲུང་བར་བྱེད ་པར་འགྱུར་རོ། ། གང་དུ་རྟོག་པའི་རྒྱལ་པོ་འདིའང་འབྱུང་བར་འགྱུར་བ་མཆོད་རྟེན་དུ་འགྱུར་བ་དང་།། ས་ཕྱོགས་དེ་གང་ཉིད་ཀྱི་ལག་མཐིལ་དུ་ཕྱིན་པར་འགྱུར་རོ།། མཆོད་པ་འདི་ལྷ་དང་བཅས་པའི་འཇིག ་རྟེན་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པ་དེས་ཐམས་ཅད་དུ་རྣལ་འབྱོར་དུ་བྱའོ།། སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་སྟོབས་མེད་པ་ཤེས་ནས་རབ་ཏུ་གསལ ་བར་བྱའོ། ། འདིའང་གཙང་མའི་ཕྱོགས་སུ་ཐམས་ཅད་ཀྱིས་རབ་ཏུ་སྤྱོད་པར་འགྱུར་གྱིས། གཞན་དུ་མ་ཡིན་ནོ།། གང་ཞིག་བྱེད་པ་དེ་མངོན་པར་འདོད་པ་མེད་པ་སེམས་ཅན་གྱི་བསམ་པ ་སྤངས་པ་དང་། ཆོས་དང་ཆོས་སྨྲ་བ་པོ་ལ་མ་གུས་པ་ལ་མི་འཇུག་པའི་རབ་ཏུ་སྦྱོར་བས་རབ་ཏུ་སྦྱར་བར་བྱའོ།། རྟོག་པའི་རྒྱལ་པོ་འདིར་སྒྲུབ་པོ་ཐམས་ཅད་ཀྱིས་བསྲུང་བའི་དོན་དུ་ལྷག་མ་དང་ལྷག་མ་མད ་པའང་རུ་ང་སྟེ། གཙང་སྦྲ་བྱས་པས་བསྲུང་བའི་དོན་དུ་རིག་པའི་རྒྱལ་པོ་སྔགས་སུ་འགྱུར་བ་ནི།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨོཾ་ཨ་མྲི་ཏ་ཨུད་བྷ ་པབ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་རྟ་མགྲིན་ཞེས་བྱ་བའི་རིག་པའི་རྒྱལ་པོ་སྟེ། ཐལ་བ་ལ་ལན་བདུན་མངོན་པར་སྔགས་པས་བདག་ཉིད་བསྲུང་བ་དང་། གཡོག་བསྲུང་བ་ལ་མདུང་བའི་སྤྱོད་པ་བྱའོ།། རྟོག་པའི ་རྒྱལ་པོ་འདིའང་རྒྱལ་ལམ། ཐ་སྐར་ཡང་རུང་སྟེ་དགེ་བའི་སྦྱོར་བ་ལ་མཆོད་པ་དང་། གཏོར་མའི་ཆོ་གས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཆོས་དང་ཆོས་ཡང་དག་པར་སྡུད་པ་པོ་ལའང་བསོད་སྙོམས་དང་། ཐེག་པ་ཆེན་པོ ་པ་ལ་བཟའ་བ་གྱ་ནོམ་པ་དང་། ཁྱད་པར་དུ་ཡོན་དང་བཅས་པའོ།། དེ་ནས་འདི་རྫོགས་པར་བྱའོ།། དེ་བཞིན་དུ་བྱ་སྟེ་རྟོག་པའི་རྒྱལ་པོ་ཇི་ལྟ་བ་བཞིན་དུ་རྟོག་པའི་རྒྱལ་པོའི་རིག་པའི་གསང་སྔགས་བཀླག་པར་བྱསྟེ། ་དེ་བཞིན་དུ་དམན་པར་མི་འགྱུར་རོ།། ཇི་ལྟར་མྱུར་དུ་དངོས་གྲུབ་ཉིད་ཀྱང་སྩོལ་བར་བྱེད་དོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའའོ། ། བྱང་ཆུབ་སེམས་དཔའི་སྡེ་སྣོད་པལ་པོ་ཆེ་ཤིན་ཏུ་རྒྱས་པ་ཆེན་པོ་ཉིད་ཀྱི་རྟོག་པའི་རྒྱལ་པོ་རལ་པ་གྱེན་དུ་བརྫེས་པ་ཞེས་བྱ་བ་བཅོམ་ལྡན་འདས་མང ་མ་སྒྲོལ་མའི་རྟོག་པ་རྫོགས་སོ། ། དེ་ནས་བཅོམ་ལྡན་འདས་རིའི་རྒྱལ་པོ་གྲུ་འཛིན་ན་བཞུགས་ཏེ། དེར་བཅོམ་ལྡན་འདས་ཀྱིས། ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་རལ་པ་གྱེན་བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་བཤད་དོ།། དེ་ནི ་ཕྱི་མའི་རྒྱུད་གསང་བ་པ་དེ་གསང་ཆེན་ཕྱི་མ་དང་བཅས་པ་ཐབས་སླ་བ་བདེ་བླག་ཏུ་བསྒྲུབ་པ། ། ཆོ་ག་དང་བཅས་པ་མངོན་དུ་འགྲོ་བས་བརྗོད་པ།། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན།། སྐྱེ་བོ་མང་པོ་ལ་ཕན་པདང ་སྐྱེ་བོ་མང་པོ་ལ་བདེ་བའི་ཆེད་དང་། ། སྡུག་བསྔལ་གྱི་ས་གདུངས་པ་རྣམས་ལ་སྙིང་བརྩེ་བའི་ཆེད་དང་། སྔོན་གྱི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བར་མཛད་པ།། སྒྲོལ་མ་ཐམས་ཅད་ཀྱི་ཐུན་མོང་བའི ་རིག་པ། ། རལ་པ་གྱེན་བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཉིད་ཀྱི་སྦྱོར་བ་རྣམས་ཤོད་ཅིག། བཅོམ་ལྡན་འདས་ལ།། སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པས་རྗེས་སུ་གནང་བ་དང་། ། སངས་རྒྱས་བཅོམ་ལྡན་འདས་གཞན་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བར་མཛད་ན་བཤད་པར་བགྱིའོ།། དང་པོ་ཁོ་ནར་སྒྲུབ་པོས་རེ་ཞིག་སྐྱབས་གསུམ་ཡོངས ་སུ་བཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རལ་པ་གྱེན་བརྫས་སུ་ཇི་སྐད་གསུངས་པའི་དཀྱིལ་འཁོར་མཐོང་ཞིང་དམ་ཚིག་དང་། སློབ་དཔོན་གྱིས་རྗེས་སུ་གནང་བ་དང་།། སྒྲུབ་པའི་ཐབས་དང་། མངོན་པར ་དབང་བསྐུར་བས་མངོན་པར་དབང་བསྐུར་བ། ། བླ་མ་ལ་ཡོན་ཕུལ་ནས་དཀྱིལ་འཁོར་གྱི་ནང་དུ་རིག་པ་བླངས་ཏེ་རས་རིས་ཀྱི་སྤྱན་སྔར་རམ། སྐུ་གཟུགས་ཀྱི་དྲུང་དུ་སླར་ཡང་སྒྲོལ་མ་གང་ཡང་རུང་བའི་རིག་པ་བླང་བར ་བྱས་ནས། དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འབུམ་བཟླས་པར་བྱའོ།། དུས་ཕྱིས་མཚན་མོ་གསུམ་དུ་སྦྱང་བར་གནས་པས་ཟླ་བ་ཉ་ལ་སྐུ་གཟུགས་སམ། རས་རིས་ཀྱི་སྤྱན་སྔར་མཆོད་པ་དང་གཏོར་མའི ་ཆོ་ག་བྱས་ནས། འོ་མ་ཅན་གྱི་ཤིང་གིས་ལམ་ཤིང་གིས་མེ་སྦ་རན། སེང་ལྡེང་ངམ་ཨ་ཀ་རུ་ནག་པོའི་ཡམ་ཤིང་སོར་དྲུག་པའི་ཚད་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། ནམ་ལངས་ཁར་མཚན་མོ་མཆོད་པ་ཆེས་རྒྱ་ཆེན་པོ ་དང་གཏོར་མའི་ཆོ་ག་ཇི་ལྟར་འབྱོར་པ་བྱས་ནས། སློང་མོའི་ཟས་ཟོས་ནས་དངོས་གྲུབ་སྩལ་བར་བྱའོ།། དེ་ནས་རིག་པ་འགྲུབ་པར་འགྱུར་རོ།། དེ་ནས་ལས་ཐམས་ཅད་བྱའོ།། ཡང་འདིར་མཆོག་ཏུ་གསང ་བའི་སྒྲུབ་པའི་ཆོ་ག་གཞན་འབྱུང་སྟེ། བཅོམ་ལྡན་འདས་མའི་དཀྱིལ་འཁོར་ཆེན་པོ་མཐོང་ནས།། དཀྱིལ་འཁོར་དེ་ཉིད་དུ་དམ་ཚིག་དང་མེའི་བྱ་བ་གནས་པར་ཇི་སྐད་གསུངས་པའི་ཆོ་གས་རིག་པ་སྒྲུབ་པར་འདོད ་པས་སྒྲུབ་ཐབས་ཀྱི་ཆོ་ག་རིག་པ་རྣམ་པར་གསང་བའི་ཇི་སྐད་གསུངས་པས་དཀྱིལ་འཁོར་གཞན་གསུམ་བྲི་སྟེ། ། བླ་མ་ལ་ཡོན་རབ་ཏུ་ཕུལ་ནས་དཀྱིལ་འཁོར་གྱི་དབུས་སུ་རིག་པ་བླངས་ནས་འོ་མ་ཅན་གྱི་ཤིང ་གི་ཡམ་ཤིང་གིས་མེ་སྦར་ནས། དང་པོར་རེ་ཞིག་ཏུ་ཊིའི་ཚད་ཀྱི་གསེར་གྱི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། དེ་ནས་ཨ་ཀ་རུ་ནག་པོའི་ཡམ་ཤིང་མཐོ་གང་ཙམ་གྱི་ཚད་དང་མར ་@རྣམས་ཀྱི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། ། ཙན་དན་དཀར་པོའི་ཡམ་ཤིང་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། དེ་ནས་སླར་ཡང་གསེར་གྱི་ཕྱེ་མ་ལ་མར་གྱིས ་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། ། དེ་ནས་དངུལ་གྱི་ཕྱེ་མ་ལ་སྦྲང་རྩིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། དེ་ནས་ར་གན་གྱི་ཕྱེ་མ་ལ་འོ་མས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། ་དེ་ནས་ཕངས་ཀྱི་ཕྱེ་མ་ལ་ཞོས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། དེ་ནས་མུ་ཏིག་གི་འབྲས་བུའི་ཕྱེ་མས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། དེ་ནས་ཙན་དན་དམར་པོའི་ཕྱེ་མས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། ་དེ་ནས་ཙན་དན་དམར་པོ་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། དེ་ནས་འབྲུ་དང་། བཟའ་བ་དང་། ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱི་སྦྱིན་སྲེག་བརྒྱད ་བརྒྱ་བྱའོ། ། དེ་ནས་འོ་མའི་སྲེག་བླུགས་བརྐྱང་བརྒྱའི་སྦྱིན་སྲེག་བྱའོ།། དེ་ནས་དཀར་པོར་རྣམ་པར་བཏགས་པ་ལེགས་པར་བཀྲུས་ཤིང་དྲི་ཞིམ་པོའི་གོས་སྒྲ་དང་བྲལ་བའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། རེ་རེ་ལ ་ལན་རེ་ཡོངས་སུ་བཟླས་ནས། དེ་ནས་གུ་གུལ་དང་། ཤྲི་པཱ་ས་དང་། གནྡྷ་ར་ས་དང་། ཀུན་ཏུ་རུ་ཀ་དང་། ག་པུར་རྣམས་གཅིག་ཏུ་བྱས་ནས་མར་གྱིས་བཏགས་པའི་སྲེག་བླུགས་བདུན་དབུལ་བར་བྱའོ།། ་དེ་ནས་ཇི་ལྟར་རྙེད་པའི་འབྲས་བུ་ལ་སོགས་པ་རྣམས་ཀྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་དྲི་བཟང་པོའི་མེ་ཏོག་རྣམས་ཀྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་དྲི་བཟང་པོའི་མེ་ཏོག ་རྣམས་ཀྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། ། དེ་ནས་བཟའ་བ་མཆོག་གི་སྲེག་ཟུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་གཞོན་ནུ་མས་བཀལ་བའི་སྦུད་པ་ཆ་དང་བཅས་པར་བྱས་པ་ལ་མར་གྱིས་བཏགས་པའི་སྲེག ་བླུགས་བདུན་སྦྱིན་སྲེག་བྱའོ། ། ཀ་ར་ཝཱ་རིའི་མེ་ཏོག་གི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་མར་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་ཐལ་བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། ་རེ་ནས་སྡོང་བུ་ཅན་འབྲས་བུ་མེད་པ་རྣམས་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་མར་གསར་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་ན་ག་གེ་སར་གྱི་ཕྱེ་མའི་སྲེག་དྲུག ་བདུན་སྦྱིན་སྲེག་བྱའོ། ། དེ་ནས་དར་བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་ཡུང་བའི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་རྒྱམ་ཚྭ་དང་ཁན་ཚུལ་མར་གྱིས ་བཏུགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། ། དེ་ནས་བུ་རམ་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་སྲ་རྩི་པོག་གི་ཕྱེ་མའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་ལྕགས ་ཀྱི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། ། དེ་ནས་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་བིལ་བའི ་འབྲས་བུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་ཏིལ་ནག་པོ་དང་འབྲས་ཡོས་ལྷན་ཅིག་པ་ལ་ཞེ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ ་རྣམས་དང་། གསེར་དང་དངུལ་གྱི་ཕྱེ་མ་ཕན་ཚུན་བསྲེས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ།། བར་སྐབས་འདིར་སྒྲུབ་པ་པོ་ལྷ་ཐམས་ཅད་ཀྱིས་ཀུན་ཏུ་གཟིགས་པར་བྱེད་དོ།། དེ་དང་འདིའ ་བདག་གི་མཆོག་ཏུ་གསང་ཆེན་གྱི་གསང་བའི་སྒྲུབ་པ་ཉེ་བར་སྤྱོད་པའི་ཆོ་གའོ། ། དེ་ལངས་ནས་དཀྱིལ་འཁོར་ལ་བསྐོར་བར་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་བླ་མ་ལ ་ཡོན་གྱི་མཆོག་ཕུལ་ཏེ། གང་གིས་སམ། དེའི་ཐད་ཀར་ཡང་རུང་སྟེ་ཞུ་བར་བྱའོ།། དཀྱིལ་འཁོར་བྲིས་པར་ལྷ་རྣམས་མཐོང་ནས་བླ་མ་ལ་ཕྱག་བཙལ་ཏེ་མངོན་པར་དབང་བསྐུར་བ་དང་།། དངོས་གྲུབ་ཀྱི་རྗེས་སུ ་གནང་བའང་ཞུ་བར་བྱའོ། ། དེ་ནས་ལས་གྲུབ་པའི་ཆོ་ག་འདིས་མཆོག་ཏུ་ཚུལ་ཁྲིམས་འཆལ་པས་ཀྱང་བཅོམ་ལྡན་འདས་མ་འགྲུབ་པར་འགྱུར་རོ།། སྒྲུབ་ཐབས་ཀྱི་ཉེ་བར་སྤྱོད་པའི་ཆོ་ག་འདི་མཆོག ་ཏུ་གསང་བ་ཤིན་ཏུ་གསང་ཆེན་ཏེ། ། མདོར་ན་ལས་གང་ཡང་ཅི་ཡིན་པ་འདིས་བྱེད་པའམ་བྱེད་པར་འགྱུར་རོ།། དེའི་ཐམས་ཅད་ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་པར་མཛེས་པའི་ལས་རྣམས ་ནི་ཇི་ལྟ་ཇི་ལྟར་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་སྒྲུབ་པ་ཉེ་བར་འགྲོའོ། ། དེ་ལྟར་ཡང་རིག་པ་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལེགས་པར་རབ་ཏུ་སྦྱར་བར་འགྱུར་རོ།། ཇི་ལྟར་ཡང་སྒྲུབ་པར་བྱེད་པ་དེ་ལྟར་སྒྲུབ་པར་བྱེད ་དེ་ལས་དེ་དང་། འདི་རིག་པ་ཐམས་ཅད་དགའ་བ་ཞེས་པ་དེ་དང་། འདིས་ལས་རྣམས་མཆོག་ཏུ་སྒྲུབ་པ་ཉེ་བར་སྐྱེའོ།། མདོར་ན་བདག་གི་སེང་གེའི་སྒྲ་འདི་གང་ལ་ལ་རིག་པ་ལ་དགའ་བ་འདིས་ལས་བྱེད་པར་འགྱུར་རོ།། ་དེ་དང་འདི་ཁོ་ནའི་ལག་མཐིལ་དུ་དངོས་གྲུབ་སོ་སོར་གནས་པར་རྗེས་སུ་རྟོགས་པར་བྱའོ།། ལས་འདིའང་གསོ་སྦྱོང་ཅན་གྱིས་སྔོན་བཟླས་པ་བྱས་པས་ངག་འཕགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ།། ་གསང་བའི་ཉེ་བར་སྤྱོད་པའི་ཆོ་གའོ།། སྒྲུབ་ཐབས་གཞན་གྱི་ཆོ་ག་ན་རྒྱ་མཚོའི་འགྲམ་དུ་སོང་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་སྟོང་ཕྲག་བརྒྱད་བྱས་ནས།། རེ་རེའི་སྤྱན་སྔར་དྲི ་དང་མེ་ཏོག་ལ་སོགས་པ་ཕུལ་ཏེ། སྟོང་ཕྲག་བརྒྱུད་དུ་བཟླས་པར་བྱའོ།། རྫོགས་པའི་དུས་སུའང་སློང་མོ་བཟའ་བར་བྱ་སྟེ་ཡོན་དབུལ་བར་བྱའོ།། དེ་ནས་རིག་པ་འགྲུབ་པར་འགྱུར་རོ།། ཆོ་ག་གཞན་ནི ་ཆུ་བོའི་འགྲམ་དུ་ཆོ་གས་འབུམ་བཟླས་པར་བྱ་སྟེ་འགྲུབ་པར་འགྱུར་རོ། ། ཆོ་ག་གཞན་འདིའང་ཡོད་དེ། རིའི་རྩེ་མོ་འབུམ་བཟླས་པར་བྱ་སྟེ་དེ་ནས་འགྲུབ་པར་འགྱུར་རོ།། ཆོ་ག་གཞན་ནི་ཆུ ་ཀླུང་འདུས་པར་འབུམ་བཟླས་པར་བྱ་སྟེ་འགྲུབ་པར་འགྱུར་རོ། ། འདི་ནི་ཆོ་ག་གཞན་ཏེ་མར་གྱི་སྲེག་བླུགས་ཀྱི་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ།། འདི་ནི་ཆོ་ག་གཞན་ཏེ་ཏིལ་ནག་པོ་ལ་ཞོ་དང་། ་སྤང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ།། ཆོ་ག་གཞན་ནི་ཨ་ཀ་རུ་ནག་པོའི་ཡམ་ཤིང་གི་སྦྱིན་སྲེག་འབྲུམ་བྱ་སྟེ་འགྲུབ་པར་འགྱུར་རོ།། ཆོ་ག་གཞན་ནི་མེ་ཏོག་ཐམས ་ཅད་ཀྱི་སྦྱིན་སྲེག་འབུམ་བྱའོ། ། འདི་ནི་ཆོ་ག་གཞན་ཏེ་ཐང་ཆུ་ཐམས་ཅད་ཀྱི་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ།། ཆོ་ག་གཞན་ནི་མཆོད་རྟེན་ཆེན་པོ་རྣམས་ལ་མངོན་པར་ཕྱག་འཚལ་ཞིང་འབུམ་བཟླས ་པར་བྱ་སྟེ་འགྲུབ་པར་འགྱུར་རོ། ། དེ་བཞིན་དུ་སྒྲུབ་པའི་ཐབས་འདི་རྣམས་ནི་དེ་ནས་ལས་སུ་འགྱུར་རོ།། དྲན་པ་ཙམ་གྱིས་བདག་ཉིད་སྲུང་བར་འགྱུར་རོ།། བཟླས་པ་ཙམ་གྱིས་ཞི་བར ་བྱེད་དོ། ། ཡུངས་ཀར་དཀར་པོའི་སྦྱིན་སྲེག་རྒྱས་པར་འགྱུར་རོ།། བོང་བུ་དང་རྔ་མོའི་སྤངས་ཀྱིས་མངོན་སྤྱོད་ཅན་དུ་འགྱུར་རོ།། སྐེ་ཚེའི་འབྲུ་དང་མེ་ཏོག་གིས་རྒྱལ་པོའི་གཟུགས་བརྙན་བྱས་ནས། རྐང་པ ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུ་ཅིང་བཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། དེ་ཉིད་ལ་མར་གྱི་སྲེག་བླུགས་ཉིན་ཞག་བདུན་དུ་ཐུན་གསུམ་དུ་བརྒྱད་བརྒྱ་བྱའོ།། ཐུན་གཅིག་གམ། ཕྱོགས་སམ། ་ཟླ་བ་ལ་རྒྱལ་པོ་འབངས་སུ་འགྱུར་བས་དབང་དུ་འགྱུར་རོ།། འཁོར་ལོས་སྒྱུར་བ་ལའང་ལན་ཚྭ་སྲང་བཅོ་བརྒྱད་ཀྱིས་གཟུགས་བརྙན་བྱས་ནས། རྒྱལ་པོའི་མེ་ལ་རྐང་པ་གཡོན་པ་ནས་བརྩམས་ནས་རལ་གྲི་རྣོན ་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། ། ཟླ་བ་གཅིག་གིས་རྒྱལ་པོ་དབང་དུ་འགྱུར་རོ།། འདི་ནི་ཆོ་ག་གཞན་ཏེ་དགྲ་མངོན་པར་མ་ལྷུང་བའི་རྐང་མཐིལ་གྱིས་མནན་པའི་རྡུལ་ཡོངས་སུ་བླངས་ནས་གླང་ཆེན་སྡོང་པོའི ་ཤིང་གིས་མེ་རབ་ཏུ་སྦར་ནས་གཡས་པ་ལས་ཅིག་ཤོས་ཀྱི་ལག་པས་བླངས་ནས། ལན་ཅིག་ཡོངས་སུ་བཟླས་པའི་སྲེག་ཐུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། ཟླ་བ་གཅིག་ལ་རྒྱལ་པོ་དབང་དུ་འགྱུར་རོ།། ་འདི་ནི་ཆོ་ག་གཞན་ཏེ་རྒྱལ་པོའི་རྐང་འཐུང་གི་ཤིང་གིས་མེ་སྦར་ནས་ཡུངས་ཀར་རྒྱལ་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། ཟླ་བ་གཅིག་ལ་སའི་བདག ་པོ་དབང་དུ་འགྱུར་རོ། ། འདི་ནི་ཆོ་ག་གཞན་ཏེ་ཐོག་མར་ལ་ལྗོན་པའི་རྒྱལ་པོའི་ཤིང་གིས་མེ་སྦར་ནས། སྲ་རྩི་པོག་དང་ལན་ཚྭ་ལྷན་ཅིག་པ་ལ་མར་གྱིས་བསྲེས་པའི་སྦྱིན་སྲེག་བརྒྱད་ལྷག་པའི་སྟོང་ཕྲག་གཅིག ་བྱས་ནསའིརི་དབང་པོ་བསྒོ་བ་བཞིན་བྱེད་པར་འགྱུར་རོ། ། འདི་ནི་ཆོ་ག་གཞན་ཏེ་མ་བླངས་པའི་ཀ་ར་ཝཱི་རིའི་མེ་ཏོག་དམར་པོ་བཏགས་ནས་གཟུགས་བརྙན་བྱས་ཏེ་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲིས་གཏུད་ཅིང ་གཏུབ་ཅིང་ཀ་ར་ཝཱི་རའི་ཤིང་གི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ། ། ཟླ་བ་རེ་རེ་ལ་གཟུགས་བརྙན་སྲང་སུམ་ཅུ་སོ་དྲུག་པ་བྱའོ།། དེ་ནས་རྒྱལ་པོ་དབང་དུ་འགྱུར་རོ།། ཆོ་ག་གཞན་ནི་མེ་ཏོག་དམར་པོ་དང་ལན་ཚྭ་ཕན ་ཚུན་བསྲེས་ཏེ་བཏགས་ནས་སྲང་བརྒྱད་ཀྱིས་གཟུགས་ཀྱི་གཟུགས་བརྙན་བྱས་ནས། རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ།། དེ་ནས་ཤིང་བྱས་པ་དེ་བཞིན་དུ ་ཟླ་བ་གཅིག་ལ་ཉི་མ་རེ་རེ་ལ་བྱས་ན་སའི་བདག་པོ་དབང་དུ་འགྱུར་རོ། ། འདི་ནི་ཆོ་ག་གཞན་ཏེ་སྐེ་ཚེ་དང་ཨུཏྤ་ལ་སྔོན་པོ་བསྲེས་ཏེ་བཏགས་པ་སྲང་བཅུ་དྲུག་གིས་གཟུག་རུས་སྟན་བྱས་ནས་མནན་ཏེ་སེང་ལྡེང་ཀོ ་བི་དཱ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས། ། མགོ་བོ་ནས་བརྩམས་ཏེ་རལ་གྲིས་གཏུབ་ཅིང་གཏུབ་ཅིང་ཟླ་བ་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་རེ་རེ་ལའོ།། དེ་ནས་གཟུགས་བརྙན་གཅིག་ནི་རྒྱལ་པོའི་འབངས ་བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དོ། ། ཆོ་ག་གཞན་འབྱུང་སྟེ་རྒྱ་མཚོ་ལས་བྱུང་བའི་ཚྭ་དང་ལན་ཚྭ་བསྲེས་ཏེ་ཀ་ར་ཝཱི་རའི་མེ་ཏོག་དམར་པོ་དང་བཏགས་ནས་གཟུགས་བརྙན་རྫོགས་པར་བྱ་སྟེ། ཤིང་གི་རྒྱལ ་པོའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཉི་མ་སོ་སོ་ལ་གཟུགས་བརྙན ་རེ་རེ་མཉམ་ཞིང་མཉམ་པ་རེ་རེའོ། ། རྒྱལ་པོ་གླང་པོ་བཞིན་དུ་བཀའ་བསྒོ་བ་བྱེད་པར་འགྱུར་རོ།། ཆོ་ག་གཞན་ནིཿངན་མེད་པའི་མེ་ཏོག་དང་། ཡུངས་ཀར་དང་། ན་གཱ་གེ་སར་བསྲེས་ནས་ཀོ་མེ་དང་ནཱ་བྷཱ་ས ་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་བརྙན་བྱས་ནས། གཟུགས་བརྙན་གྱི་མགོ་བོ་ནས་བརྩམས་ཏེ་ལག་གཡོན་པས་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དེའི་ཤིང་ཁོ་ནས་མེ་རབ་ཏུ་སྦར་ཏེ་སྟོང་ཕྲག་བརྒྱད ་བརྒྱར་སྦྱིན་སྲེག་བྱའོ། ། གཞན་རྣམས་གཡས་པས་ཉི་མ་སོ་སོར་ཟླ་བ་གཅིག་ཏུ་གནས་ཏེ། ཉི་མ་གུང་ལ་གཞན་རྣམས་ཇི་ལྟར་འདོད་པས་འབངས་བཞིན་དུ་མྱུར་དུ་དབང་དུ་བྱེད་དོ།། ཆོ་ག་གཞན་ནི་སོ ་མ་རཱ་ཛའི་འབྲས་བུ་དང་བསྲེས་པའི་དྲིའི་རྫས་རྣམས་ཐམས་ཅད་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་བརྙན་བྱས་ནས། ། འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ཏེ་ལྟེ་བ་ནས་བརྩམས་ནས་ཇི་སྲིད ་རྐང་མཐིལ་ལ་ཐུག་གི་བར་དུ་རལ་གྲིས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། ། དེ་ནས་མགོ་བོ་ནས་བཟླུམས་ཏེ་སླར་ཡང་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་བྱས་ན་རྒྱལ་པོ་ཅི་གྱི་དང་མཚུངས་པར་འགྱུར ་། རོ།། འདི་ནི་ཆོ་ག་གཞན་བླ་ན་མེད་པ་སྟེ་ཙན་དན་དམར་པོ་དང་། ལན་ཚྭ་དང་།། མཉམ་པར་འགྲོ་བ་རྣམས་བཏགས་པ་སྲང་ཉི་ཤུ་རྩ་ལྔས་གཟུགས་བརྙན་བྱས་ནས། ཉི་མ་སོ་སོའི་སྔ་དྲོའི་དུས ་ཆོཚོད་ལ་ཙན་དན་དམར་པོའི་ཤིང་གི་མེ་ལ་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ལས་འདི་ནི་ལག་པ་གཡས་པས་སྲེག་བླུགས ་དབུལ་ཞིང་གཡོག་ཀྱང་ངོ་། ། ཟླ་བ་གཅིག་ཙམ་ལ་རྒྱལ་པོ་འབངས་བཞིན་དུ་བཀའ་བ་སྒོ་བ་བྱེད་པར་འགྱུར་རོ།། ཆོ་ག་གཞན་ནི་ས་ལ་མ་ལྷུང་བའི་བ་བྱུང་རྒྱ་མཚ་དང་ཡང་དག་པར་བསྲེས་ནས ་བཏགས་པར་བྱའོ། ། དེ་ནས་སྲུང་ཉི་ཤུ་རྩ་ལྔས་གཟུགས་བརྙན་བྱས་ནས། ཕྱི་དྲོའི་དུས་ཚོད་ལ་ཡང་དག་པར་ཤེས་པས་གཟུགས་བརྙན་སོ་སོ་རེ་རེ་བ་ལཱ་ཤའི་མེ་ལ་གཟུགས་བརྙན་གྱི་རྐང ་བ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། ། ལས་ལྷག་མ་འདི་ནི་དང་པོ་དང་མཚུངས་པར་དེའང་ཟླ་བ་ཙམ་ལ་རྒྱལ་པོ་བཀའ་བསྒོ་བ་རྗེས ་སུ་སྒྲུབ་པར་བྱེད་པ་ཅི་བགྱིར་འགྱུར་རོ། ། ཆོ་ག་གཞན་ནི་བ་ལང་གི་གཅིན་དང་། གནས་དང་། གྲོག་མཁར་གྱི་ས་དང་། སྦྲང་རྩི་མཉམ་པར་འགྲོ་བས་སྲང་ཉི་ཤུ་ཆའི་གཟུགས་བརྙན་བསྐྱེད་ནས། ཟླ ་ག་ཅིག་ཏུ་ཉི་མ་སོ་སོ་ལ་ལན་གསུམ་དུ་ཉི་མ་གུང་ལ་ཤིང་གི་རྒྱལ་པོའི་སྲེག་ཟ་རྣམ་པར་གནས་པ་ལ་གཟུགས་བརྙན་གྱི་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང ་ཕྲག་བརྒྱད་བྱའོ། ། འབཇས་བཞིན་དུ་འགྱུར་རོ།། ཞེས་པ་སྒྲུབ་ཐབས་འདི་རྣམས་ནི་དུས་ཐམས་དུ་སྟོན་དང་།། དཔྱིར་དང་། སོ་ག་དང་། དགུན་གྱི་དུས་ཚོད་ལའང་རབ་ཏུ་སྦྱར་ན་མཚུངས་པ་མེད་པའི་ནོར་ཆེན་པོ་དི ་@རྣམས་རྟག་ཏུ་ངེས་པར་ཐོབ་བོ། ། དེ་ནས་སོ་གའི་སྒྲུབ་པ་འབྱུང་སྟེ། རིགས་དང་ཁ་དོག་འཐུན་པའི་ཞོ་དང་མར་ལྷན་ཅིག་པ་ཀ་ར་ཝཱ་རའི་མེ་ཏོག་དང་གཅིག་ཏུ་བྱས་ཏེ་བཏགས་ནས་སྲང་སུམ་ཅུའི ་ཚད་ཀྱི་གཟུགས་བརྙན་བྱས་ནས། ། ཉི་མ་སྔ་དྲོ་འམ་ཕྱི་དྲོ་པ་ལཱ་ཤའི་ཡམ་ཤིང་གིས་མེ་སྦར་ནས་གཟུགས་བརྙན་གྱི་གཡས་ཀྱི་མགོར་བཞག་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན ་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཟླ་བ་གཅིག་ལ་རྒྱལ་པོ་དབང་དུ་འགྱུར་རོ།། ཆོ་ག་གཞན་ནི་ཡུངས་ཀར་དཀར་པོ་དང་གུར་ཀུམ་བསྲེས་ཏེ་ལེགས་པར་བཏགས་ལ་སྲང་སུམ་ཅུ་པ་བྱས ་ནས་འདིའི་ལྷག་མ་སྔར་བཞིན་ནོ། ། འདི་ལ་ཁྱད་པར་ནི་ལག་པ་གཡོན་པས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ།། རྒྱལ་པོ་དབང་དུ་འགྱུར་རོ།། ཆོ་ག་གཞན་ནི་རྒྱ་མཚོའི་ལན་ཚྭ་དང་། ནས་དང་། ་གྲོ་རྣམས་གཅིག་ཏུ་བཏགས་པ་སྲངསུམ་ཅུ་པས་གཟུགས་བརྙན་བྱས་ནས།། དེའི་ཁར་ཚ་བ་གསུམ་གྱིས་བཀང་ནས་ཟངས་ཀྱི་ཐུར་མ་དུ་དྷི་རའི་མེ་ལ་བཟླས་པ་བྱས་ནས་རྐང་པའི་འོག་ནས་ཕུག་སྟེ་སྤྱི་བོར ་འཐོན་པར་བྱའོ། ། དེ་ནས་མགོ་བོའི་གཡས་བཞག་སྟེ་པ་ལཱ་ཤའི་འདབ་མ་ལ་རང་གི་རལ་གྲིའི་སོས་བཅད་ནས། ཇི་ལྟར་འདོད་པའི་དུས་ཚོད་ལ་སེང་ལྡེང་གི་མེར་ལག་པ་གཡས་པས་སྦྱིན་སྲེག་སྟོང་ཕྲག་སྩས་།། ་ཟླ་བ་གཅིག་ལ་རྒྱལ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ།། ཞེས་པ་འདི་རྣམས་ནི་སོ་གའི་དུས་ཀྱི་སྒྲུབ་ཐབས་སུ་འགྱུར་བ་རྣམས་སོ།། ཡང་འདིར་དབྱར་གྱི་ལས་རྣམས་འབྱུང་བར་འགྱུར་ཏེ། ་དབྱར་གྱི་དུས་ཚོད་ལ་ངེས་པར་སྒྲུབ་པར་བྱེད་དོ།། པུ་ཤེལ་ཙ་དང་། བཱ་ལ་ཀཾ་དང་། སཽ་བ་ཙ་ལ་དང་། ལན་ཚྭ་དང་གཟུགས་བརྙན་གཅིག་ཏུ་བྱས་པ་ལ་ནམ་མཁའི་ཆུས་བཏགས་ནས་སྲང་ཉི་ཤུ ་རྩ་ལྔས་རྒྱལ་པོའི་གཟུགས་བརྙན་བྱས་ནས་རྐང་པ་གཡས་པ་ནས་བརྩམ་ས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཉི་མ ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལའོ། ། ཟླ་བ་གཅིག་ཏུའོ།། རྒྱལ་པོ་དབང་དུ་འགྱུར་རོ།། འདི་ནི་ཆོ་ག་གཞན་ཏེ་པུ་ཤེལ་ཅི་དང་།། པྲི་ཡང་ཀུ་དང་། ཊཱ་ས་ཙ་དང་། འགྱུར་བྱེད་རྣམས ་གཅིག་ཏུ་བྱས་ཏེ་ནམ་མཁའི་ཆུས་བཏགས་ནས་སྲང་སུམ་ཅུ་པའི་རྒྱལ་པོའི་གཟུགས་བརྙན་བྱ་སྟེ། མགོ་བོ་ནས་བརྩམས་ནས་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དོང་ཀའི་ཤིང ་གིས་མེ་སྦར་ནས། ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། འདི་ནི་ངེས་པར་མ་ངག་གཞུག་པ་བཞིན་དུ་ཀུན་ཏུ་སྦྱོར་རོ།། འདི་ནི་ཆོ་ག་གཞན་ཏེ ་སརྫི་ཀ་དང་། འོ་མ་དང་། ནས་ཀྱི་འགྱུར་བྱེད་དང་། ཤུ་དག་དང་། སྲན་མ་མཱ་ཤ་དང་། ཏིལ་རྣམས་གཅིག་ཏུ་བསྲེས་ནས་ལུས་ཀྱི་ཆུས་བཏགས་ཏེ་མི་བདག་གི་གཟུགས་བརྙན་སྲང་སུམ་ཅུ་པ ་བྱས་ཏེ། ཨ་མྲའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་ལག་པ་གཡས་པས་མགོ་བོ་ནས་བརྩམས་ཏེ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག ་བརྒྱད་བྱའོ། ། རྒྱལ་པོ་དབང་དུ་འགྱུར་རོ།། འདི་ནི་ཆོ་ག་གཞན་མཆོག་སྟེ་རྒྱ་མཚོའི་ལན་ཚྭ་དང་ས་ལ་མ་ལྷུང་བའི་འབྱུང་གཅིག་ཏུ་བྱས་ནས།། ནས་ཀྱི་འགྱུར་བྱེད་དང་ལྷན ་ཅིག་ནམ་མཁའི་ཆུས་བཏགས་ཏེ་སྲང་སུམ་ཅུའི་ཚད་ཀྱིས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ། ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་ཨུ་དུམ་བ་རའི་ཤིང་གི་མེ་ལ་ལག ་པ་གཡས་པས་རལ་གྲི་རྣོན་པོས་རྐང་པ་གཡས་པ་ནས་བརྩམས་ཏེ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། ། ཞེས་པ་འདི་རྣམས་ནི་དབྱར་གྱི་དུས་ཀྱི་སྒྲུབ་པའི་ཐབས་རྣམས་ཏེ། ་འདི་ཁོ་ན་ལ་དངོས་གྲུབ་ཉེ་བར་འགྱུར་རོ།། ཡང་འདིར་གཞན་འབྱུང་སྟེ། དགུན་སྨད་ཀྱི་དུ་ཀྱི་སྒྲུབ་པ་ནི་གང་དུ་དུས་གཅིག་ཏུ་སྒྲུབ་པར་བྱེད་དེ། འབྲུའི་ཕུབ་མ་དང་། ནས་ཀྱི་ཚོགས་དང་། ག་བི་ན་དང་།། ་ཤུ་དག་རྣམས་གཅིག་ཏུ་བཏགས་ནས་སྲང་ལྔ་བཅུའི་ཚད་ཀྱིས་སའི་བདག་པོའི་གཟུགས་བརྙན་བྱས་ནས།། ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལ་ནིམ་པའི་ཤིང་གི་མེ་ལ་ནུབ་ཏུ་མོག ་བཞག་ནས་རྐང་པ་ཤར་དུ་ཕྱོགས་པའི་གཟུགས་བརྙན་གྱི་མགོ་བོ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་བྱའོ། ། རྒྱལ་པོ་དབང་དུ་འགྱུར་རོ།། ་ཆོ་ག་གཞན་ནི་ཨ་རུ་ར་དང་། སྐྱུ་རུ་རའི་འབྲས་བུ་དང་། ཤྲི་བཱ་ས་ཀ་དང་། ཀུན་ཏུ་རུ་ཀ་དང་། བ་ལས་བྱུང་བའི་མར་རྣམས་ལྷན་ཅིག་བཏགས་པ་སྲང་སུམ་ཅུའི་མི་བདག་གི་གཟུགས་བརྙན་བྱས ་ནས་གཟུགས་བརྙན་ནུབ་ཏུ་མགོ་བཞག་སྟེ་སྔར་བཞིན་དུ་པཱ་ལ་ཤའི་མེ་ལ་ཟླ་བ་གཅིག་ཏུ་ཉིམ་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལ་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། རྒྱལ་པོ་མངག་གཞུག་པ ་བཞིན་དུ་རྟག་ཏུ་དབང་དུ་འགྱུར་རོ། ། ཆོ་ག་གཞན་ནི་བ་རུ་རའི་འབྲས་བུ་དང་། ནས་དང་། ཙི་ཀ་ས་འདབ་མ་དང་། རྩ་བ་དང་བཅས་པ་དང་། ཏིལ་དང་། ཡུངས་ཀར་དཀར་པོ་རྣམས་གཅིག་ཏུ་བྱས ་ཏེ་བ་ལས་བྱུང་བའི་མར་དང་ལྷན་ཅིག་བཏགས་ནས་སྲང་སུམ་ཅུས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ། ། མགོ་ནུབ་ཏུ་བསྟན་ནས་སྔར་བཞིན་ཨུ་དུམ་བ་རའི་ཤིང་གི་མེ་ལ་ཟླ་བ་གཅིག་ཏུ་ཉིན་ཞག་སོ ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། སའི་བདག་པོ་གདོན་མི་ཟ་བར་དབང་དུ་འགྱུར་རོ།། ཆོ་ག་གཞན་ནི་རྒྱ་མཚོ་ནས་བྱུང་བའི་ལན་ཚྭ་དང་། བུ་རམ་དང་། སྐྱུ་རུ་རཱའི་འབྲས་བུ་རྣམས་དང་། ཡུངས ་ཀར་དཀར་པོ་གཅིག་ཏུ་བྱས་ཏེ་ཡང་དག་པར་བཏགས་པ་སྲང་སུམ་ཅུས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་མགོ་བོ་ནུབ་ཏུའོ། ། སྔར་བཞིན་དུ་འོ་མ་ཅན་གྱི་ཤིང་གི་མེ་ལ་ཟླ་བ་གཅིག་ཏུ་ཉིན་ཞག་སོ་སོར་ཇི་ལྟར་འདོད ་པའི་དུས་ཚོད་ལ་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་བཀའ་བསྒོ་བ་རྗེས་སུ་སྒྲུབ་པར་བྱེད་པར་འགྱུར་རོ། ། ཆོ་ག་གཞན་ནི་རྒྱ་མཚོ་དང་། རྒྱ་མཚོའི་ལན་ཚྭ་དང་། ནས་དང་། ཏིལ་དང་། ་རམ་རྣམས་གཅིག་ཏུ་བྱས་ཏེ་བའི་མར་གྱིས་ཀུན་ཏུ་བཏགས་པ་སྲང་ལྔ་བཅུ་ས་རྒྱལ་པོའི་གཟུགས་བརྙན་བྱས་ནས། ནུབ་ཏུ་མགོ་བོ་བཞག་སྟེ་སྔར་བཞིན་དུ་ཇི་ལྟར་མངོན་པར་འདོད་པའི་དུས་ཚོད་ལ་ཟླ་བ་གཅིག་ཏུ ་ཉི་མ་སོ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བརྒྱ་བྱའོ། ། རྟག་ཏུ་མངག་གཞུག་པ་བཞིན་དུ་ཉེ་བར་འགྲོར།། ཞེས་པ་འདི་རྣམས་ནི་དགུན་གྱི་དུས་ཀྱི་སྒྲུབ་པ་རྣམས་གྲུབ་པར་བྱེད་པའོ།། ་ཉིད་ལའོ།། འདི་རྣམས་ནི་མཆོག་ཏུ་གསང་བའོ་ཞེས་པ་སྟེ། སླར་ཡང་རིག་པ་འཛིན་པར་གྱུར་ཅིག། གསང་བའི་སྒྲུབ་པ་ལ་སྒྲུབ་པའི་སྦྱོར་བའི་དུས་ཅན་གྱི་དངོས་གྲུབ་གཡོ་བར་བྱེད་དེ། ཇི་སྐད ་གསུངས་པའི་དུས་ངེས་པར་གྱུར་པ་སོ་ག་ལ་སོགས་པ་རྣམས་ལ་ལས་བྱས་པའོ། ། དེ་ནས་གང་གིས་རྒྱལ་པོ་འདི་རྟག་ཏུ་ཀུན་ཏུ་ཅིངས་པར་འགྱུར་རོ།། དངོས་གྲུབ་ཉམས་པའང་མེད་དེ། ལས་གཞན ་དང་ལྷན་ཅིག་དེ་ཡོད་པའོ། ། ཡང་ཆོ་ག་གཞན་ནི་གྲུབ་པ་གང་གིས་འབོར་གྱུ་ཡང་ཡིན་པ་དེ་རྣམས་ནི་སེམས་ཅན་གྱི་བྱེ་བྲག་ལས་སམ།། ཆོ་ག་མེད་པ་འམ། འབྱུང་བ་ཉིད་ལས་སམ། དབང་པོ ་མ་ཚང་བ་ཉིད་ལས་སམ། སློབ་དཔོན་གྱི་མན་ངག་མེད་པར་རང་གི་རིག་པ་བཟུང་སྟེ་སྟོན་པའི་བཀའ་སོ་སོར་འབྲང་བས་མང་པོ་མི་ཤེས་ཏེ་བླ་མ་དམ་པ་མེད་པ་ལས་སམ། ནུས་པ་དང་བྲལ་བ་ལས་སམ ་རྫས་མ་མཐོང་བས་རྟོག་པའི་དཀྱིལ་འཁོར་གྱི་སློབ་དཔོན་ལ་ཕུལ་བ་དང་། བླ་མ་དམ་པ་སྦྱིན་པའི་འོས་སུ་གྱུར་པ་ལ་བདག་ཉིད་ཤེས་པ་མེད་དོ་ཞེས་མ་ཞུམ་པ་དང་ལྡན་པས་རྟོགས་པའང་མེད་ཅིང་། མཐོང་བའང ་མེད་པར་ལས་ཆེན་པོའི་སྒྲུབ་པ་རྣམས་ཤེས་པར་བྱེད་པ། བསོད་ནམས་མ་ཡིན་པ་སྨྲ་བ། ཚུལ་ཁྲིམས་འཆལ་པའམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ ་དགེ་བསྙེན་མའང་རུང་སྟེ། ། རང་གི་བསླབ་པའི་མཚམས་ཞིག་ལ།། ལམ་པར་གྱུར་པའི་ལྟུང་བ་ལ་ཞུགས་པ་འམ། བྱང་ཆུབ་ཀྱི་སེམས་དང་བྲལ་བ་འམ། མཚམས་མེད་པ་བྱས་པ་འམ། སློབ་དཔོ། ་ཁ་བརྙས་པ་འམ། མཆོད་རྟེན་གྱི་གནས་ལ་རྡོག་པས་བརྫིས་པ་འམ། སློབ་དཔོན་གྱི་གྲིབ་མ་ལ་འགོམ་པར་བྱེད་པ་འམ། ཐེག་པ་ཆེན་པོ་ལའང་བརྙས་པ་དང་། བྱང་ཆུབ་སེམས་དཔའ་རྣམས ་ལ་སྡང་བར་གྱུར་པ་འམ། ལྷ་ཐམས་ཅད་ལ་བརྙས་པ་སྟེ། ཉེས་པ་འདི་རྣམས་ཀྱིས་ལས་གཞན་བྱས་པ་དེ་ཡང་དག་པར་བྱས་པ་མ་ཡིན།། རྣམ་པ་གཞན་དུ་བྱས་པར་འགྱུར་ཏེ། དེ་དངོས་གྲུབ་དང ་བྲལ་བ་ནི་དེ་ཉིད་ཀྱི་ཆོ་ག་ལས་འདས་པའི་ཕྱིར་རོ། ། གང་ལ་ལ་འདི་རྣམས་བྱེད་པ་དེའི་དངོས་གྲུབ་དེ་སྐད་ཅིག་ལ་གཅིག་ལ་ཇིག་པར་བྱེད་དེ། རིག་པ་ཅུང་ཟད་བཟླས་པ་ནི་དུས་གཞན་དུ་ཀུན་ཏུ་གནས་ཏེ ་གང་ཡང་སྒྲུབ་པའི་དུས་ཅན་གྱི་དངོས་གྲུབ་མ་ཡིན་པ་དེ་འདིར་འགྱུར་རོ། ། སླར་ཡང་རིག་པ་འཛིན་པ་གང་ཞིག་གསང་བའི་སྒྲུབ་པའི་ཆོ་གས་རྒྱལ་པོའི་རྐང་རྗེས་ཀྱིས་བླངས་ལ། བར་སྐབས་འདིར་བརྒྱད་བརྒྱ་འམ། ་ལྔ་བརྒྱར་སྲེག་བླུགས་མར་གྱིས་བཏགས་པའི་སྦྱིན་སྲེག་བྱེད་དོ།། དེ་ཉིད་དུས་ཐམས་ཅད་དུ་བྱེད་པའི་རྒྱལ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ།། འཁོར་ལོས་སྒྱུར་བ་ལའང་ཇི་སྐད་གསུང ་པའི་དུས་ཀྱི་སྒྲུབ་པ་བྱེད་པ་ལ་ངེས་པར་དངོས་གྲུབ་མཉམ་པ་མེད་པར་འགྱུར་ཏེ། དངོས་གྲུབ་ཉམས་ཡང་མི་འགྱུར་རོ།། དེ་ནས་ཡང་སེམས་དཔའ་ཆེན་པོ་སྟོང་ཕྲག་བརྒྱད་ཅིའང་མི་གསུང་བར་གནས་པར ་གྱུར་ཏོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔ་ལྡན་པ་ཆེན་ཐོབ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྐྱེ་བོ་དུ་མའི་ནང་དུ་ལྷུང་བ་དགེ་བའི ་སྤྱོད་པའི་མཆེད་ཆུང་ངུ་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་མངོན་པར་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག ་འཚལ་ཏེ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་སྨས་སོ།། སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ཐམས ་ཅད་ལ་ཀུན་ཏུ་ལྟ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུངས་ཤིག། སེམས་དཔའ་ཆེན་པོ་གསུངས་ཤིག། དེ་སྐད་ཅེས་སྨྲས་པ་དང་། སེམས་དཔའ་ཆེན་པོ་དེས་ཉིང ་ངེ་འཛིན་གྱི་རྒྱལ་པོ་སྒོམ་ཞིང་མིག་འཛུམས་པའི་བགེགས་དང་བྲལ་བས། བཅོམ་ལྡན་འདས་ལ་ཀུན་ཏུ་ལྟ་ཞིང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ ་སྨྲས་པ། གང་ཁྱོད་སྙིང་རྗེ་ཆེན་པོ་དོན་དམ་པ། མཆོག་ཏུ་གསང་བ། ལྷན་ཅིག་པའི་རྒྱུད་ཐམས་ཅད་ཀྱི་རྗེས་སུ་སོན་པ་གང་ཡིན་པ་འདི་རྣམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་བྱ། ་བར་འགྱུར་ཏེ། མཆོག་ཏུ་ཚུལ་ཁྲིམས་འཆལ་པའང་ངན་འགྲོར་འགྲོ་བར་མི་འགྱུར་རོ།། ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་ཀྱི་དཔལ་ཡང་གང་ལ་ལ་བཅོམ་ལྡན་འདས ་མ་འཕགས་མ་སྒྲོལ་མའི་རྟོག་པ་ཐོབ་པར་འགྱུར་བ་དང་། ཤེས་པར་འགྱུར་བ་དང་། ཁ་ཏོན་བྱེད་པར་འགྱུར་བ་དང་། འདྲི་བར་འགྱུར་བ་དང་། སྒྲུབ་པར་འགྱུར་བ་དང་། མཆོད་པར་འགྱུར་བ་དང ་གླེགས་བམ་དུ་བྲིས་ནས་རང་གི་ཁྱིམ་དུ་འཇོག་པར་འགྱུར་བ་དང་། ཉལ་བའི་དུས་དང་། མལ་ནས་ལྡང་བའི་དུས་སུ་མགོ་ལ་འཇོག་པར་བྱེད་པར་འགྱུར་བ་དེའི་ཕུང་ཀྲོལ་ཆེན་པོ་ཐམས་ཅད་ཡོངས་སུ་སྤངས ་ཏེ་ལོངས་སྤྱོད་ཆེན་པོར་འགྱུར་རོ། ། ཚེ་རིང་པོ་ཉིད་དུའང་འགྱུར་རོ།། མདོར་ན་གང་ཡང་བདག་གི་རྒྱུད་མ་ལུས་པ་ཤེས་པར་འགྱུར་རོ།། སེམས་དཔའ་ཆེན་པོ་དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ ་སོགས་པ་ཐམས་ཅད་ཀྱིས་ཤེས་པར་འགྱུར་རོ། ། དེ་རྣམས་འདིས་ཟིལ་གྱིས་གནོན་པར་འགྱུར་བ་དེས་ན་བཤད་པར་བྱེད་དོ།། དེ་ནས་སེམས་དཔའ་ཆེན་པོ་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་གྱི་རྒྱལ ་པོ་སྒོམ་ཞིང་རབ་ཏུ་འཛུམ་པའི་བཞིན་དུ་གྱུར་པས་རལ་པ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། ཕྱག་བཞི་པ། བཅོམ་ལྡན་འདས་འོད་དཔག་མེད་དབུ་ལ་བཞུགས་པ། མཉམ་པར་གསུང་བ ་པདྨའི་ཕྱག་ཅན། ལྷའི་ལུས་ཆེན་པོ། ལྟ་བར་མི་དཔོགས་པའི་སྐུ། སེམས་ཅན་ཐམས་ཅད་ཀྱི་གྲོལ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་ལྟེ་བ་གང་ཅུང་ཟད་ལྡོག་པར་ནུས་པ་མཐོང་ནས། ་བཅོམ་ལྡན་འདས་མ་སྒྲོལ་མ་ཡིད་ལ་བྱས་ཏེ། སངས་རྒྱས་ཐམས་ཅད་ལ་རབ་ཏུ་བཏུད་དེ་རིན་པོ་ཆེའི་པདྨ་ལ་ཉེ་བར་འདུག་སྟེ་སྨྲས་པ། སེམས་ཅན་ཐམས་ཅད་ཀྱི་སྦྱོར་བ་དང་། སྒྲུབ་པ་སོ་སོ་དང ་བྱང་ཆུབ་སེམས་དཔའ་སོ་སོའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་མྱུ་གུ་རྣམས་ལ་ངེས་པར་ཕན་མ་དང་བདེ་བའི་ཆེད་དུ། སངས་རྒྱས་ཉིད་ཀྱི་ཐབས་མཁས་པའི་བྱ་བ་གང ་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆེད་དང་། ས་དང་པོར་སོ་སོར་ཐོབ་པའི་ཆེད་དང་། བླ་ན་མེད་པའི་སངས་རྒྱས་ཐོབ་པའི་ཆེད་དུ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ལྷ ་དང་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལ་སྒྱུར་བ། བསོད་ནམས་ཀྱི་ཚོགས་ཆེན་པོ་རྒྱུན་དུ་ཉེ་བར་བསྐྱེད་པ། དེ་བཞིན་ཁོ་ནར་བསོད་ནམས་ཀྱི་མཐུས་སེམས་ཅན་རྣམས་ཀྱི ་གོང་དུ་རབ་ཏུ་བསྔགས་པའི་མཚན་བཟང་པོས་བརྒྱན་པ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བར་འགྱུར་རོ།། དེ་ཡང་བྱང་ཆུབ་སེམས་དཔའ་རིགས་གང་གིས་སྔོན་བྱས་པའི་ལས་རྣམས་ཀྱིས་དེ་བཞིན་དུ་བྱ་བའང་རྟག ་ཏུ་རང་ཉིད་འཁོར་ལོས་སྒྱུར་བ་དེའང་དབང་དུ་བྱ་སྟེ། སྔོན་བརྗོད་པའི་ལས་རྣམས་ཁོ་ནས་སོ།། དེ་ལས་ཀྱང་ས་ཐམས་ཅད་པའི་བདག་པོར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་མ་དང་བ་རྣམས་རབ ་ཏུ་དང་བ་ཉིད་ཀྱིས་དཀྱིལ་འཁོར་པར་ཡང་འགྱུར་རོ། ། ཡུལ་གྱི་དཔོན་པོ་འམ། ཇི་ལྟ་བུའི་བསོད་ནམས་དེས་སེམས་ཅན་རྣམས་ཀྱི་གོང་དུ་རྒྱལ་པོ་བྱེད་དུ་འཇུག་གོ།། ཉེ་བར་ལོངས་སྤྱོད་དང་ཡོངས་སུ་ལོངས་སྤྱད་པར་བྱ། ་བའང་རབ་ཏུ་བྱེད་དོ།། དེའང་གལ་ཏེ་སྔར་བརྗོད་པའི་ལས་ཁོ་ནས་དེས་འབངས་བཞིན་དུ་དབང་དུ་འགྱུར་རོ།། དེ་ནས་རྒྱལ་པོ་དང་བློན་པོ་ལ་སོགས་པའི་སེམས་ཅན་རྣམས་དབང་དུ་བྱེད་པའི་སྒྲུབ་པར་འགྱུར་ཏེ། ་སྟོ་དང་། སོ་ག་དང་། དབྱར་གྱི་དུས་རྣམས་སུ་ངེས་པར་སྒྲུབ་པར་བྱེད་དོ།། རྒྱལ་པོའི་བློན་པོ་དབང་དུ་བྱེད་པ་ལ་ནི་དེའི་རྐང་པའི་རྐང་རྗེས་ཀྱི་རྡུལ་དང་སྐྱེ་ཚེ་མཉམ་པར་བྱས་པ་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི ་དུས་ཚོད་ལ་དུས་གཅིག་ཏུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། ། ཆོ་ག་གཞན་ནི་སྣ་མའི་མེ་ཏོག་དང་ཏིལ་བསྲེས་པས་སྔར་བཞིན་དབང་དུ་འགྱུར་རོ།། ཆོ་ག་གཞན་ནི་དུར་བྷའི་མྱུ་གུ་དང་ལྷན་ཅིག་པའི ་སྐེ་ཚེས་ཟླ་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། ། ཆོ་ག་གཞན་ནི་ནིམ་པའི་ས་བོན་རྣམས་པ་ཤི་དང་། ཀཀྵཱ་ཀཱ་མ་དང་། ཕྱེ་མ་རྣམས་ལན་ཚྭ་དང་བསྲེས་པས་ཟླ་བ་གཅིག་ཏུ་ཇི ་ལྟར་འདོད་པའི་ཐུན་མཚམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། ། ཆོ་ག་གཞན་ནི་ཏིལ་དང་ཨརྫུ་ནའི་མེ་ཏོག་བསྲེས་པ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཀྱིས་དབང་དུ་འགྱུར་རོ།། ་ཆོག་གཞན་ནི་ནིམ་པའི་ས་བོན་རྣམས་དང་ཚྭ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ།། རྒྱལ་པོ་མདུན་ན་འདོན་དབང་དུ་བྱེད་པར་འདོད་པས་སྐྱེ་ཆེ་ལ་ཞོ་དང་། ་སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཟླ་བ་གཅིག་ལ་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ནས་དུས་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ནས་དབང་དུ་འགྱུར་རོ།། ་ཆོ་ག་གཞན་ནི་སྲན་མ་ཙ་ཎ་ཀ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ།། ཆོ་ག་གཞན་ནི་ཨིརྒུ་དའི་ཏིལ་མར་གྱིས་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ།། ་དེ་རྣམས་ཐམས་ཅད་ལ་དོང་ཀའི་ལམ་ཤིང་གི་མེ་ལ་སྦྱིན་སྲེག་གམ། པ་ལཱ་ཤའི་མེ་ལའང་རུང་ངོ་།། ཟམ་ཟེ་དབང་དུ་བྱེད་པ་ལ་འོ་མ་ཅན་གྱི་ཤིང་གི་མེ་ལ་ཏིལ་གྱི་སྦྱིན་སྲེག་ཟླ་བ་གཅིག་ཏུ ་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ནས་དུས་གཅིག་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་དུ་འགྱུར་རོ། ། རྒྱལ་རིགས་དབང་དུ་བྱེད་པ་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་ཡུངས་ཀར་སེང་ལྡེང ་གི་ཤིང་གི་མེ་ལ་སྦྱིན་སྲེག་བྱས་ན་སྔར་བཞིན་དབང་དུ་འགྱུར་རོ། ། རྗེའུ་རིགས་དབང་དུ་བྱེད་པ་ལ་འབྲས་སཱ་ལིའི་ཟན་ཞོ་དང་ལྷན་ཅིག་པ་ཨ་མྲའི་ཤིང་གི་མེ་ལ་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ།། ་དམན་ཐམས་ཅད་དབང་དུ་བྱེད་པ་ཚེར་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་སྐེ་ཚེ་དང་། དུག་དང་།། ནིམ་པ་ལྷན་ཅིག་པའི་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ལ་བརྩམས་ནས་དུས ་གཅིག་ལ་སྟོང་ཕྲག་བརྒྱད་བྱས་ན་དེ་དབང་དུ་འགྱུར་རོ། ། གཞན་ཡང་འདིར་འབྱུང་བ་ནི་ཐུན་མོང་དུ་མཆོག་དང་། འབྲིང་དང་། ཐ་མ་སྒྲུབ་པའི་ལས་ནི་ཡུངས་ཀར་དཀར་པོ་སྟོང་ཕྲག ་བརྒྱད་གང་བསྟན་བྱའི་སྦྱིན་སྲེག་བྱེད་པ་དེ་དབང་དུ་འགྱུར་རོ། ། བུད་མེད་དབང་དུ་བྱེད་པ་ལ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ།། ནག་པོའི་བཅུ་བཞི་པ་ལ་ཡུངས་ཀར་དཀར ་པོ་ལ་མར་དང་། ཞོ་དང་།། སྦྲང་རྩིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། གང་བསྟན་བྱ་ཉི་མ་གསུམ་ལ་དབང་དུ་འགྱུར་རོ།། གཞོན་ནུ་མ་དབང་དུ་བྱེད་པར་འདོད་པས་རཾ་ག་ཎའི ་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་དབང་དུ་འགྱུར་རོ། ། སྤྲ་ཚིལ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་བདག་ཉིད་ཀྱི་ལག་པར་བཞག་སྟེ་སྟོང་ཕྲག ་བརྒྱད་བཟླས་ན་གང་བསྟན་བྱ་དེ་དབང་དུ་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་མེ་ཏོག་དཀར་པོ་བརྒྱད་བརྒྱ་དབུལ་བར་བྱ་སྟེ། གང་འདོད་པ་དེ་དབང་དུ་འགྱུར་རོ།། དུང་དང་། གླ་རྩི་དང་། ཤུ་དག་དང་། གིའུ་ཝང ་དང་། རྒྱ་སྤོས་རྣམས་གཅིག་ཏུ་བྱས་ནས་བཏགས་པར་བྱའོ།། སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་འདི་བཏུངས་པས་སམ། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། བྲམ་ཟེ་མོ་དབང་དུ་བྱེད་པ ་ལ་རས་རིས་ཀྱི་སྤྱན་སྔར་བིལ་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། དུར་ཁྲོད་དུ་ལན་བདུན་བཟླས་པས་བུད་མེད་གང་ལ་སྐྱེས་བུ་གང་གིས་མདུན་དུ་འདུག་ནས་སྟོང་ཕྲག་བརྒྱད་བཟླས ་པ་བྱས་པས་དབང་དུ་འགྱུར་རོ། ། སོར་མོ་བཞི་པའི་ཤིང་བླངས་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ། གང་དང་གང་ཀུན་ཏུ་འགུགས་པར་བྱེད་པ་དེ་དབང་དུ་འགྱུར་རོ།། མེ་ཏོག་བརྒྱ་པ་སྟོང་ཕྲག་བརྒྱད ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དབུལ་བར་བྱའོ། ། འདི་ལ་མེ་ཏོག་གཅིག་བླངས་ནས་བུད་མེད་ལ་བལྟས་ནས་བསྐོར་བར་བྱ་སྟེ་འོང་བར་བྱེད་ཅིང་དབང་དུ་འགྱུར་རོ།། འོ་མ་དང་ནས་ཟན ་ཞིང་ཕྱོགས་གཅིག་ཏུ་བཟླས་པ་བྱའོ། ། དེ་ནས་གྲོག་མཁར་གྱི་ས་ལས་བྱུང་བའི་ནོར་རྒྱས་ཀྱི་བུ་བྱས་ནས་དེ་ལ་ཉེ་བར་འདུག་སྟེ། ཇི་སྲིད་གཡོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ལྟ་བུས་གྲུབ་པར ་འགྱུར་རོ། ། ནོར་རྒྱས་ཀྱི་བུ་བདག་ཉིད་མ་ཤ་བཅུ་གཉིས་ཀྱི་འབའ་བ་སྦྱིན་པར་བྱེད་དོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དོན་སྟོན་པར་བྱེད་དོ།། འོ་མ ་དང་ནས་ཟན་ཟ་ཞིང་སྐུ་གཟུགས་ཀྱི་མདུན་དུ་སྟོང་ཕྲག་བརྒྱ་བཟླས་པས་ལོངས་སྤྱོད་སོ་སོར་རྙེད་དོ། ། ཟླ་བ་གཅིག་ཏུ་བསོད་སྙོམས་བཟའ་ཞིང་དཀར་པོའི་བཅུ་བཞི་ལ་མཚན་མོ་གཅིག་ཏུ་སྨྱུང་བར ་གནས་པས་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་སྐུ་གཟུགས་ཀྱི་ཞབས་དག་ལ་འཇུས་ནས། ཇི་སྲིད་དུ་སྐུ་གཟུགས་གཡོ་བར་གྱུར་པདེ ་སྲིད་དུ་བཟླས་པར་བྱའོ། ། གཡོས་པས་གང་མཐོང་བར་འགྱུར་རོ།། དངོས་གྲུབ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། ཡིད་ཀྱིས་གང་སྐྱེད་པར་བྱེད་དུ་འཇུག་གོ།། ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ།། གངྒཱ་ར་ཞུག ་ཏེ་འབུམ་ཕྲག་གཅིག་བཟླས་པར་བྱའོ། ། ཕྱི་ནས་དེ་ཉིད་དུ་སྐུ་གཟུགས་ཀྱི་སྤྱན་སྔར་བྱེ་མ་ལས་བྱུང་བའི་མཆོད་རྟེན་བྱས་ནས་སྦྲང་རྩི་དང་འོ་མ་གཅིག་ཏུ་བྱས་ཏེ་སྦྱིན་སྲེག་བྱའོ།། ཀླུ་ཐམས་ཅད་འོང་བར་བྱེད་དོ།། གང ་སྨྲས་པ་དེ་ཐམས་ཅད་བྱེད་དོ། ། རིའི་རྩེ་མོར་འཛེགས་ཏེ་རས་རིས་རབ་ཏུ་བཞུགས་ནས་ཏིལ་མར་གྱིས་བཏགས་པའི་ཙན་དན་གྱི་ཞོགས་མའི་སྦྱིན་སྲེག་བྱ་སྟེ། གནོད་སྦྱིན་འོང་བར་འགྱུར་རོ།། གང་སྨྲས་པ་དེ་ཐམས་ཅད ་བྱེད་དོ། ། ནགས་སུ་རས་རིས་རབ་ཏུ་བཞུགས་ནས་སྦྲང་རྩི་དང་པི་པི་ལིང་གཅིག་ཏུ་བྱས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། རིག་པ་འཛིན་པ་ཐམས་ཅད་འོང་བར་བྱེད་དོ།། བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ།། ་ཤིང་གཅིག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་རབ་ཏུ་བཞུགས་ནས་འབུམ་ཕྲག་བཟླས་པར་བྱའོ།། འབུམ་ཡོངས་སུ་རྫོགས་པ་ན་གསོ་སྦྱོང་ཅན་གྱི་གཟུགས་ཀྱི་རྣམ་པས་བྱང་ཆུབ་ཤིང ་ལས་བྱུང་བ་རྩེ་གསུམ་མཚན་ཉིད་དང་ལྡན་པ་བྱེད་དུ་བཅུག་ནས་སྟོང་ཕྲག་རྫོགས་པའི་སྦྱིན་སྲེག་བྱ་སྟེ། ཟླ་བ་ཉ་ལ་དྲི་བཟང་པོས་རབ་ཏུ་བྱུགས་ནས་རས་རིས་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་ལག་པ ་གཡས་པས་བླངས་ཏེ། མཚན་ཐོག་ཐག་ཏུ་བསྒྲུབ་པར་བྱ་སྟེ། ཇི་སྲིད་འབར་གྱི་བར་དུའོ།། འབར་བས་འབྱུང་པོའི་བདག་པོ་གཉིས་པ་གདུལ་དཀའ་འདུལ་བ་པོ་སེམས་ཅན་ཐམས་ཅད་ཀྱིས་མི ་ཚུགས་པའི་ལྷ་ཆེན་པོར་འགྱུར་རོ། ། རྒྱ་མཚོར་ཞུགས་ཏེ་འབུམ་བཟླས་སོ།། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་གང་འདོད་པའི་ཀླུ་དེ་མཐོང་བར་བྱེད་དོ།། ནོར་བུ་རིན་པོ་ཆེའང་འདི་ལ་རབ་ཏུ་སྩོལ་ལོ།། ་དེ་བླངས་པས་རིག་པ་འཛིན་པར་འགྱུར་ཏེ། ཀླུའི་རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་བདུན་བཟླས་པར་བྱའོ།། དེ་ནས་གསོ་སྦྱོང་ཅན་གྱིས ་ལས་བྱེད་པས་ཟངས་ཀྱི་སྣོད་བྱེད་དུ་བཅུག་ནས། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་འབྲུ་དང་སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བར་བྱས་ནས་རས་རིས་ཀྱི་སྤྱན་སྔར་སོ་སོར་བཞག་སྟེ། ཇི་སྲིད་འབར ་བདེ་སྲིད་དུ་དཟླས་པར་བྱའོ། ། དེ་དང་དེར་ལག་པ་བཅུག་ནས་གང་འདོད་པ་དེ་དང་དེ་འབྱུང་བར་འགྱུར་རོ།། སྣོད་བཟང་པོའི་སྒྲུབ་ཐབས་སོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་འབུམ་བཟླས ་པར་བྱའོ། ། ཕྱི་ནས་ཟླ་བ་ཉ་ལ་ནོར་བུའམ་ས་ལས་བྱུང་བའི་མཆོད་རྟེན་བྱས་ཏེ། དེ་ཉིད་དུ་རས་རིས་བྱེད་དུ་བཅུག་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་འབྲུ་དང་སྨན་ཐམས ་ཅད་ཀྱིས་ཡོངས་སུ་བཀང་བ་བྱས་ནས། རས་རིས་ཀྱི་སྤྱན་སྔར་སོ་སོར་བཞག་སྟེ་མཆོད་པ་ཆེན་པོ་བྱས་ནས་བཞག་པའི་ནོར་བུ་འམ་ས་ལས་བྱུང་བ་ལག་པ་གཡས་པས་བླངས་ཏེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། ། ཡིད་བཞིན་གྱི་ནོར་བུ་འཆང་བའི་རིག་པ་འཛིན་པར་འགྱུར་རོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་འབུམ་བཟླས་པར ་བྱའོ། ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་མཆོད་པ་སྣ་ཚོགས་པ་བྱས་ནས་མར་མེའི་འཕྲེང་བའང་རྒྱ་ཆེར་བྱས་ཏེ། ལག་པ་གཡས་པས་རྒྱལ་མཚན་གོས་དཀར་པོ་འཕྱང་བ་བཟུང་ནས་ཇི་སྲིད ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། ། རྒྱལ་མཚན་གྱི་རིག་པ་འཛིན་པར་འགྱུར་རོ།། ཐམས་ཅད་དུ་ཐོགས་པ་མེད་པར་འགྲོའོ།། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་རས་རིས་ལ་མཆོད་པ་ཆེན་པོ་བྱས ་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ལ་དྲི་བཟང་པོའི་དྲིས་སོ་སོར་བྱུགས་ནས། དྲི་ཞིམ་པོའི་མེ་ཏོག་གི་འཕྲེང་བ་དཀྲིས་ཏེ་ལག་པ་གཡོན་པས་བཟུང ་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ།། གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི ་གཞོན་ནུ་མ་རབ་ཏུ་མཛེས་པ་ལེགས་པར་ཁྲུས་བྱས་པ་རྒྱན་གྱིས་བརྒྱན་པར་བྱས་ནས། རས་རིས་ཀྱི་སྤྱན་སྔར་ཇི་ལྟར་འབྱོར་པའི་མཆོད་པ་བྱ་སྟེ། ལག་པ་གཡོན་པས་རབ་ཏུ་བཟུང་སྟེ་གཡས་པ་ཇི་སྲིད་དེ ་དང་ཐབས་ཅིག་ཏུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། ཇི་ལྟ་བ་བཞིན་དུ་ཐབས་ཅིག་ཏུ་རིག་པ་འཛིན་པར་འགྱུར་རོ།། མཚན་མ་གཅིག་པའི་སྟེང་དུ་ལག་པ་བཞག་ནས་ཇི་སྲིད་འཁོར་རྣམས་མི་མཐོང་བ་དེ་སྲིད་དུ ་བཟླས་པར་བྱའོ། ། མ་མཐོང་བ་ན་སེམས་ཅན་ཐམས་ཅད་འོངས་ནས་གྲུབ་པ་གསུམ་པོ་ཐམས་ཅད་སྦྱིན་པར་བྱེད་དོ།། ཟླ་བ་གཟས་བཟུང་བ་འམ། ཉི་མ་གཟས་བཟུང་བ་ན་བ་བླ་བྱང་ཆུབ་ཤིང་གི་འདབ་མའི་ནང་དུ ་གཏུམ་པར་བྱས་ནས། དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པར་བྱའོ།། དེས་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ།། འོ་མ ་དང་ནས་ཟན་བཟའ་ཞིང་རྒྱ་མཚོའི་འགྲམ་དུ་འམ། ཤིང་དྲུང་དུ་ཐུན་གསུམ་དུ་སྟོང་ཕྲག་བཟླས་པར་བྱའོ།། མཚན་མོ་བདུན་དུ་རྒྱ་མཚོར་གནས་པའི་ཏིལ་རྣམས་མཐོང་བར་བྱེད་དོ།། ཇི་ལྟར་འདོད ་པ་བླང་བར་བྱའོ། ། མོན་སྲན་སྡེའུ་ཟ་ཞིང་རི་ལ་འཛེགས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། མཚན་མོ་ཉི་ཤུ་རི་བོ་ལ་གནས་པའི་གསེར་དང་ནོར་བུ་རིན་པོ་ཆེ་སྟོན་ཅིང་སྨྲ་བར་བྱེད་དོ།། ཇི་ལྟར ་འདོད་པ་ཐང་བར་བྱའོ། ། རྒྱ་མཚོར་འགྲོ་བའི་ངོགས་སམ་ཤིང་གི་འགྲམ་དུ་ཟླ་བ་གཅིག་ཏུ་ཉིན་མཚན་དུ་བཟླས་པར་བྱའོ།། ཐམས་ཅད་ཆུ་ཀླུང་གི་འགྲས་དུ་མཐོང་བར་བྱེད་དོ།། ཇི་ལྟར་འདོད་པ་ང ་བར་བྱའོ། ། སྐྱེས་པ་དང་བུད་མེད་དབང་དུ་བྱེད་པ་ལ་སོལ་བས་ས་ལ་གཟུགས་བརྙན་བྲིས་ཏེ། དེའི་སྟེང་དུ་ཉེ་བར་འདུག་ནས་སྟོང་ཕྲག་བརྒྱད་ཉིན་ཞག་གསུམཐུན་གསུམ ་དུ་བཟླས་པར་བྱའོ། ། དབང་དུ་འགྱུར་རོ།། རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་པས་སྤྲ་ཚིལ་གྱིས་གཟུགས་བརྙན་སོར་མོ་བརྒྱད་པའི་ཚད་བྱས་ནས་སེང་ལྡེང་གི་སོལ་བའི་བདུག ་པ་ལ་ཟླ་བ་གཅིག་ཏུ་བརྒྱད་བརྒྱར་སྦྱིན་སྲེག་བྱའོ། ། གོས་འདོད་པས་མེ་ཏོག་དཀར་པོ་ཡོངས་སུ་མཉེས་པ་རྣམས་ལ་ལན་ཅིག་ཡོངས་སུ་བཟླས་པའི་ཆུར་གཞུག་པར་བྱའོ།། མཚན་མོ་བདུན་ལ་གོས་རྣམས་རྙེད་དོ།། ་བའི་མར་ལ་སྟོང་ཕྲག་བརྒྱད་བཟླས་པ་ཙམ་གྱིས་སྐལ་བ་བཟང་པོར་འགྱུར་རོ།། བཟླས་པས་བརྟན་པ་དང་གཡོ་བ་རྣམས་ཁྱད་པར་དུ་འཕོ་བར་བྱེད་དོ།། ལྕགས་ལས་འབྱུང་བའི་མཛུབ་གང་ཙམ་གྱི་རལ་གྲི་བླངས ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། ཨ་ཤྭཏྠའི་འདབ་མས་གཡས་ནས་བསྐོར་ཏེ་རལ་གྲི་རབ་ཏུ་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱས ་དེ་བླངས་པས་འཁོར་དང་བཅས་པ་འཕུར་བར་འགྱུར་ཏེ། རིག་པ་འཛིན་པ་སྟོང་གིས་ཡོངས་སུ་བསྐོར་བ་རིག་པ་འཛིན་པ་རྣམས་ཐམས་ཅད་ཀྱིས་ཤེས་ནས་བར་གྱི་བསྐལ་པར་གནས་པར་འགྱུར་རོ།། འོ་མ ་དང་ནས་ཟན་བཟའ་ཞིང་འབུམ་ཕྲག་བདུན་བཟླས་པར་བྱའོ། ། སྔོན་སྤྱད་པ་བྱས་པས་ནག་པོའི་བརྒྱད་པ་འམ། ནག་པོའི་བཅུ་བཞི་པ་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་དགེ་འདུན་གྱི ་བསྟན་པ་ཅན་ནམ། སློང་མོ་བོས་ནས་དཔའ་བོའི་རིན་གྱིས་ཉོས་པའི་ལྡོང་རོས་བླངས་ཏེ། དེས་ཇི་སྐད་གསུངས་པ་བཞིན་དུ་ས་ལ་པདྨ་འདབ་མ་བརྒྱ་པ་བྲིས་ནས་པདྨའི་འདབ་མ་ལ་ཉེ་བར་འདུག་སྟེ། ་ཉི་མ་སོ་སོར་ཇི་སྲིད་དུ་ས་ཟོས་ནས་པདྨ་གྱེན་དུ་འགྲོ་བ་དེ་སྲིད་དུ་བཟླས་པར་བྱའོ།། པདྨའི་འདབ་མ་ལ་ཉེ་བར་འདུག་པའི་རིག་པ་འཛིན་པ་ཉི་ཤུ་འབྱུང་བར་འགྱུར་རོ།། ལྷའི་གཞལ་མེད་ཁང་ཡང་འབྱུང ་ངོ་། ། དེ་ནས་དེ་འཁོར་དང་བཅས་པ་དེ་གཞལ་མེད་ཁང་ལ་འཛེགས་ནས་འཕུར་བར་བྱེད་དོ།། དེའང་པདྨ་རིན་པོ་ཆེ་དུ་མས་བརྒྱན་པའི་ལྷའི་གཞལ་མེད་ཁང་དུ་འགྱུར་རོ།། བར་གྱི་བསྐལ་པར་འཚོ ་པར་བྱེད་དོ། ། བདེ་བ་ཅན་དུའང་འགྲོ་ཞིང་སར་ཡང་འོང་བར་བྱེད་དོ།། ལུས་ཐ་དད་འདོད་བ་དག་ཏུ་སྐྱེ་བ་སོ་སོར་རྙེད་དོ།། སྟོང་ཕྲག་བརྒྱད་མངོན་པར་བསྔགས་པའི་ཆུས་ཤིང་སྐམ་པོ་ལ་གཏོར་ན་མ་ཆོག ་རདང་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། ། ཆུ་ཀླུང་བསྐམས་པར་ཞུགས་ནས་འབུམ་བཟླས་པར་བྱ་སྟེ་ཆུ་སྐྱེའོ།། ཆུ་ཀླུང་རྒྱས་པར་འཛག་པར་བཟླས་ན་ཐང་དུ་འགྱུར་རོ།། རྒྱལ་པོ་འམ་རྒྱལ་པོའི་བློན་པོ ་དབང་དུ་བྱེད་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་རྙེད་པའི་མེ་ཏོག་རྣམས་ནག་པོའི་བརྒྱད་པ་ལ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། ། ལན་ཚྭའི་སྲེག་བླུགས་ཀྱང་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། ངེས་པར ་རྒྱལ་པོ་དབང་དུ་འགྱུར་རོ། ། དེ་ཉིད་ཀྱིས་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་བཅུ་གཅིག་པའི་བར་དུ་ཀིའུ་ཝང་ལ་ཐུན་གསུམ་དུ་བརྒྱད་བརྒྱར་བཟླས་པ་དེས་ཐིག་ལེ་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ།། ཁྱེའུ་འམ་བུ ་མོ་དབང་དུ་བྱེད་པར་འདོད་པས་གཟུགས་བརྙན་གྱི་སྤྱན་སྔར་ཡུངས་ཀར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། གནས་ཀྱི་ཐལ་བ་བླངས་ཏེ་གཟུགས་བརྙན་བྱས་ན་གང་གིས་མིངས་སྨོས་པ་དེ་དབང་དུ ་འགྱུར་རོ། ། གཙང་མའི་དོན་དུ་བའི་མར་བླངས་ཏེ་ཟླ་བ་གཟས་བཟུང་བ་འམ། ཉི་མ་གཟས་བཟུང་བའི་དུས་སུ་ཟངས་ཀྱི་སྣོད་དུ་བཅུག་ནས། ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས ་པར་བྱའོ། ། དྲོ་བཞིན་པ་ལ་ཐོས་པ་འཛིན་པར་འགྱུར་རོ།། དུ་བ་འཐུལ་བཞིན་པ་ལ་བཅུད་ཀྱིས་ལེན་ནོ།། འབར་བས་མི་སྣང་བ་དང་སྐྱེ་བ་དྲན་པར་འགྱུར་རོ།། ཨརྐའི་མེ་ཏོག་འབུམ་གྱི་སྦྱིན་སྲེག ་བྱས་ན་དོང་ཚེ་འབུམ་སྦྱིན་པར་བྱེད་དོ། ། སྐུ་གཟུགས་ཀྱི་སྤྱན་སྔར་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་རོང་ཚེ་བརྒྱ་རྙེད་དོ།། གཟུགས་བརྙན་གྱི་སྤྱན་སྔར་འབྲས་སཱ་ལུ་དང་། འབྲས་ཐུག་པོ་ཆེ་ལ་མར་གྱིས་བཏ། ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དོང་ཚེ་ལྔ་བརྒྱ་རྙེད་དོ།། སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དོང་ཚེ་སུམ ་བརྒྱ་རྙེད་དོ། ། ཏིལ་ནག་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དོང་ཚེ་བརྒྱ་ལྷག་པར་རྙེད་དོ།། རིགས་ཀྱི་བདག་པོ་དང་རིགས་ཀྱི་བདག་མོ་དབང་དུ་བྱེད་པར་འདོད་པས།། གཟུགས་བརྙན་གྱི་སྤྱན ་སྔར་ཨརྒའི་ཡམ་ཤིང་གིས་མཚན་མོ་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། རིགས་ཀྱི་བདག་པོ་དབང་དུ་འགྱུར་རོ།། རིགས་ཀྱི་བདག་པོ་ཉིད་དུ་བྱེད་པར་འདོད་པས་སྐུ་གཟུགས་ཀྱི ་སྤྱན་སྔར་མཚན་མོ་བདུན་དུ་ཐུན་གསུམ་དུ་དུར་བྷའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། རིགས་ཀྱི་བདག་པོ་ཉིད་དུ་འགྱུར་རོ།། ཇི་སྲིད་འཚོའི་བར་དུ་འཕགས་པའི་དགེ་འདུན་དབང་དུ་བྱེད་པར་འདོད་པས་རས་རིས་ཀྱི ་སྤྱན་སྔར་ཨརྐའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། ། མཚན་མོ་བདུན་དུ་འདོད་ཅིང་དོན་དུ་གཉེར་བའི་དོན་གང་ཡིན་པ་སྨྲ་བར་བྱའོ།། རྟག་ཏུ་བཟླས་པས་ནོར་རྣམས་རྙེད་དོ།། རས་རིས་ཀྱི་སྤྱན་སྔར་གུ་གུལ་གྱི ་རིལ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། གསེར་སྟོང་རྙེད་དོ།། སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཀུན་ཏུ་རུའི་བདུག་པའི་སྦྱིན་སྲེག་སྟོང་བྱའོ།། གཏེར་སོ་སོར་རྙེད་དོ།། སྐུ་གཟུགས་ཀྱི་སྤྱན་སྔར ་ཨརྐའི་ཤིང་ག་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་།། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། དོང་ཆེ་སྟོང་རྙེད་དོ།། དགྲ་བོ་དབང་དུ་བྱེད་པར་འདོད་པས་གསོ་སྦྱོང་ཅན་གྱིས་ཐུན་གསུམ་དུ་གཟུགས་བརྙན ་གྱི་སྤྱན་སྔར་པ་ལ་ཤཱའི་མེ་ལ་སྐེ་ཚེའི་སྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། ། དགྲ་བོ་དབང་དུ་འགྱུར་རོ།། ཟླ་བ་གཅིག་གིས་དུས་ལ་རྒྱུ་སྐེགས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། སྐྱེ་བོ་ཐམས་ཅད ་དགའ་བར་འགྱུར་རོ། ། འབྲས་སཱ་ལི་དང་ཐུག་པོ་ཆེའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཐུན་གསུམ་དུ་ཀཪྴ་པ་ཎ་བརྒྱ་རྙེད་དོ།། འོ་མ་དང་ནས་ཟན་བཟའ་ཞིང་འབུམ་བཟླས་པར་བྱའོ།། སྔོན་སྤྱད་པ་བྱས ་པས་ནག་པོའི་བརྒྱད་པ་འམ་ནག་པོའི་བཅུ་བཞི་པ་ལ་སྐྱེས་བུའི་རོ་མ་ཉམས་པ་བླངས་ནས་བཀྲུས་ཏེ་རྒྱན་གྱིས་བརྒྱན་པ་བག་མར་བླངས་པའི་འདོད་མའི་གཟུགས་ཀྱི་ཆ་བྱད་འཛིན་པ་བྱས་ནས་དྲི་དང་། མེ་ཏོག་དང ་བདུག་པ་རྣམས་ཀྱིས་མངོན་པར་མཆོད་དེ། རྐང་པ་གཡོན་པས་བྲང་ཁར་ཡང་དག་པར་མནན་ནས་སྤྱི་བོར་ཡང་དང་ཡང་དུ་རིག་པ་བཟླས་ཏེ་ཐལ་ལྕག་གིས་བསྣུན་པར་བྱས་ཏེ་ལངས་པ་དེ ་སྲིད་དུའོ། ། ལངས་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྟོན་པར་བྱེད་དོ།། དེ་ནས་རྒྱལ་གྱི་ལྕགས་ལས་བྱུང་བའི་རལ་གྲིས་བསྣུན་པར་བྱའོ།། དངུལ་དང་གསེར་གྱི་རང་བཞིན་དུ ་འགྱུར་རོ། ། དེ་ནས་མི་འདོད་དོ་ཞེས་བརྗོད་པར་བྱའོ།། འདོད་པ་བྱིན་ཅིག་ཅེས་སོ།། དེ་ནས་ཡིད་བཞིན་གྱི་ནོར་བུ་སྐྱུག་པར་བྱེད་དོ།། དེ་བླངས་ནས་ཡིད་བཞིན་གྱི་ནོར་བུའི་རིག་པ་འཛིན་པར་འགྱུར་ཏེ། ཡིད ་ལྟར་མགྱོགས་པའི་བར་གྱི་བསྐལ་པའི་བར་དུ་གནས་སོ། ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཉིན་མཚན་དུ་སྤང་བར་གནས་པས་རྒྱ་མཚོར་འགྲོ་བའི་ཆུ་བོར་ཞུགས་ནས་ཟླ་བ་ཙམ་མམ། མ་ཥའི་ཚད་ཀྱི་སྣ་མའི ་མེ་ཏོག་འབུམ་རབ་ཏུ་འབབ་པར་བྱ་སྟེ་ཡུལ་གྲུ་བཅུ་རྙེད་དོ། ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་རྒྱ་མཚོ་རྀ་འགྲོ་བའི་ཆུ་ཀླུང་ངུ་པདྨ་འབུམ་དབུལ་བར་བྱ་སྟེ་གཏེར་སྒྲགས་མ་རྙེད་དོ།། སྔོན་སྤྱད་པ་བྱས་པ ་དེ་ཉིད་ཆུ་ཀླུང་དུ་ཞུགས་ནས་སྣ་མའི་མེ་ཏོག་འབུམ་དབུལ་བར་བྱའོ། ། མཐར་ཏིལ་ནག་པོའི་སྦྱིན་སྲེག་འབུམ་བྱའོ།། ཡུལ་གྲུར་པ་དང་བཅས་པ་བཅུ་རྙེད་དོ།། མྱ་ངན་མེད་པའི་ཤིང་ལ་སྲན་མ་ཙ་ཎ་ཀའི ་ཚད་ཙམ་གྱི་རིལ་བུ་བྱས་ནས་སྐུ་གཟུགས་ཀྱི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱས་ན་གང་ཅུང་ཟད་ཚོལ་བ་དེ་རྙེད་དོ།། ཨ་པཱ་མཱརྒའི་ཡམ་ཤིང་ལ་ཆོ་ག་འདི་ཁོ་ནས་གསེར ་སྟོང་རྙེད་དོ། ། མྱ་ངན་མེད་པ་དང་ཌེ་ཌི་ཀ་བསྲེས་ལ། ཨ་པཱ་མཱརྒ་དང་ཏན་ཏུ་ལ་གསུམ་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་རྒྱལ་པོའི་བུ་མོ་དང་བཙུན་མོ་རྙེད་དོ།། རྒྱལ་པོ་རྣམས་བློན་པོ་དང་བཅས ་པ་དབང་དུ་བྱེད་པར་འདོད་པས་སྐུ་གཟུགས་ཀྱི་མདུན་དུ་མྱ་ངན་མེད་པའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཟླ་བ་གཅིག་ཏུ་མྱ་ངན་མེད་པའི་མེ་ཏོག་རྣམས་ཁོ་ན་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག ་སྟོང་ཕྲག་བརྒྱད་བྱ་སྟེ། རང་གི་ཁྱིམ་དུ་གཏེར་མཐོང་བར་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་རྐེད་པའི་ཚད་ཀྱི་ཆུར་ཞུགས་ནས་མེ་ཏོག་བརྒྱ་པ་འབུམ་དབུལ་བར་བྱའོ།། དེ་ནས་མེ་ཏོག་བརྒྱ་པ་ལ་སྟོང ་ཕྲག་བརྒྱད་ཡོངས་སུ་བཟླས་ནས་གང་གིས་བསྣམས་པའམ་མཐོང་བར་བྱིན་ན་དེ་དབང་དུ་འགྱུར་རོ། ། རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་པས་ཟླ་བ་གཅིག་ཏུ་སྐེ་ཚེ་ཞོ་དང་། སྦྲང་རྩི་དང ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། ། གང་བརྗོད་པ་དེ་བྱེད་དོ།། རྒྱལ་པོའི་ཉེ་བ་དབང་དུ་བྱེད་པ་ལ་སྐུ་གཟུགས་ཀྱི་སྤྱན་སྔར་སྐེ་ཚེ་ཞོ་དང་། སྦྲང་རྩི་དང་། ལྷན ་ཅིག་པ་རྣམས་དང་། དེ་ནས་ཀྱང་ལི་ཏ་དང་ལྷན་ཅིག་པ་དང་། དེ་ནས་ཀྱང་སྦྲང་རྩི་དང་ལྷན་ཅིག་པ་རྣམས་ཟླ་བ་གཅིག་ཏུ་ཐུན་གསུམ་དུ་ཇི་ལྟར་གསུངས་པའི་རིམ་པས་བརྒྱད་བརྒྱར་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ།། རྒྱལ ་པོའི་མདུན་ན་འདོན་དབང་དུ་བྱེད་པར་འདོད་པས་མར་དང་ལྷན་ཅིག་པའི་འབྲས་མོས་ཀྱི་སྦྱིན་སྲེག་བྱའོ། ། རྒྱལ་རིགས་ལའོ་ཐུག་དང་བསྲེས་པས་སོ།། རྗེའུ་རིགས་ལ་འོ་མ་དང་ལྷན་ཅིག་པས་སོ།། དམངས་རིགས་ལ ་ཏིལ་ལ་ཏིལ་མར་གྱིས་བཏགས་པ་རྣམས་ཀྱིས་སོ། ། གསུམ་པོ་ཐམས་ཅད་ལ་ལན་ཚྭའི་སྦྱིན་སྲེག་གིས་སོ།། ལུགས་མོ་ལ་མ་ཤའི་སྦྱིན་སྲེག་གིས་སོ།། སེམས་ཅན་ཐམས་ཅད་ལ་ཚ ་བའི་ཏི་ལ་མར་གྱིས་བཏགས་པའི་ཏིལ་རྣམས་ཀྱིས་དབང་དུ་བྱེད་དོ། ། ཐམས་ཅད་ལ་ཟླ་བ་གཅིག་ཏུ་དུས་གཅིག་ཏུ་པཱ་ལ་ཤའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་པའོ།། གཙང་མར་གྱུར་པས་ཉིན་མཚན་དུ་སྨྱུང་བར་གནས ་ཏེ་གཟུགས་བརྙན་གྱི་སྤྱན་སྔར་བིལ་བའི་ཡམ་ཤིང་གིས་མེ་སྦར་ནས་བིལ་བའི་སྦྱིན་སྲེག་འབུམ་བྱའོ། ། གཏེར་མཐོང་བར་འགྱུར་རོ།། མཚན་མོ་ཉི་ཤུར་འོ་མ་དང་ནས་ཟན་ཟ་ཞིང་པཱ་ལ་ཤའི་མེ་ལ་ཡུངས་ཀེར་དཀར་པོའི ་སྦྱིན་སྲེག་བྱ་སྟེ་ནོར་རྙེད་དོ། ། འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་ལྔར་བཟླས་པར་བྱའོ།། དེ་ནས་རས་རིས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཐུན་གསུམ་དུ་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང ་ཕྲག་བརྒྱད་བྱ་སྟེ། ནོར་གྱི་རྒྱུན་གང་དུ་འདོད་པ་དེར་ལྟུང་བར་བྱེད་དོ།། ཟས་བཞིར་སྨྱུང་བར་གནས་པས་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ།། རྒྱུ་སྐར་གྱི་གནོད་པ་ཉེ་བར་ཞི་བར་བྱེད་དོ།། གཟུགས་བརྙན་གྱི་སྤྱན་སྔར ་མཚན་བདུན་དུ་བིལ་བའི་ཤིང་གིས་མེ་སྦར་ནས་ཏིལ་གྱི་སྦྱིན་སྲེག་འབུམ་བྱའོ། ། གཏེར་མཐོང་བར་བྱེད་དོ།། ཡང་ན་དབང་ཕྱུག་ཉིད་རྙེད་དོ།། གཟུགས་བརྙན་གྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས། ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཟླ་བ་གཅིག་ཏུ་པཱ་ལ་ཤའི་མ་ལེ་མེ་ཏོན་བརྒྱ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ།། ཇི་ལྟར་འདོད་པའི་ནོར་རྙེད་དོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་པ་ལཱ་ཤའི་ཤིང་གིས་མེ ་རབ་ཏུ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ།། ཡུལ་གྲུ་བཅུ་ལ་སྤྱོད་པ་རྙེད་དོ།། གཟུགས་བརྙན་གྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འོ་མ་དང་ནས་ཟན་ཟ ་ཞིང་པདྨ་འབུམ་དབུལ་བར་བྱའོ། ། གཏེར་རྙེད་དོ།། ཡང་ན་དབང་ཕྱུག་རྙེད་དོ།། འདི་རྣམས་ཁོ་ན་ཀུ་མུ་དའི་ཆོ་ག་སྟེ་རྒྱལ་པོ་ལ་གང་ཚོལ་བ་དེ་རྙེད་དོ།། གཟུགས་བརྙན་གྱི་སྤྱན་སྔར་བིལ་བ་དང་ཏིལ་ཕན ་ཚུན་བསྲེས་པས་འབུམ་སྦྱིན་སྲེག་བྱའོ། ། གཏེར་མཐོང་བར་བྱེད་དོ།། གཟུགས་བརྙན་གྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་པྲི་ཡང་ཀུའི་ཞོགས་མ་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས ་བཏགས་པའི་བིལ་བའི་མེ་ལ་འབུམ་སྦྱིན་སྲེག་བྱའོ། ། ལོངས་སྤྱོད་ཆེན་པོར་འགྱུར་རོ།། གཟུགས་བརྙན་གྱི་སྤྱན་སྔར་ཉིན་མཚན་དུ་སྨྱུང་བར་གནས་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་པདྨ་ཞོ་དང་། ་སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་གྱིས་སྦྱིན་སྲེག་བྱའོ།། དབང་ཕྱུག་ཉིད་སོ་སོར་རྙེད་དོ།། རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་པར་བྱའོ།། དེ་ནས་བུ་རམ་གྱི་ཡམ་ཤིང་སོར་གཅིག་པའི ་ཚད་འབུམ་ཕྲག་གསུམ་སྦྱིན་སྲེག་བྱའོ། ། རས་རིས་རབ་ཏུ་འགུལ་བར་འགྱུར་རོ།། མེ་ཏོག་ཆུན་པོ་གཡོ་བར་བྱེད་པ་དང་། དེ་ནས་རྒྱལ་སྲིད་སོ་སོར་རྙེད་པ་འམ། ཡང་ན་གང་ཡིད་ཀྱིས་བསམ་པའོ།། ་སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་སྣ་མའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་ཟླ་བ་གཅིག་ཏུ་ཐུན་གཅིག་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། དབང་དུ ་འགྱུར་རོ། ། ཡུལ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་ཀ་ར་ཝཱི་རའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ།། ཡུལ་སོ་སོར་རྙེད ་དོ། ། ཡུལ་གྱི་དཔོན་པོ་བྱེད་པར་འདོད་པས་དོང་ཀའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་ཕྲག་གསུམ་སྦྱིན་སྲེག་བྱའོ།། ཡུལ་གྱི་རྗེ་བོར་འགྱུར་རོ།། པ་ལཱ་ཤའི་མ་ལའོ།། ་སྡེ་དཔོན་ཉིད་བྱེད་པར་འདོད་པས་གཟུགས་བརྙན་གྱི་སྤྱན་སྔར་ཀུན་དའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་སྡེ་དཔོན་ཉིད་རྙེད་དོ།། གཟུགས་བརྙན་གྱི ་སྨན་སྔར་པ་ལཱ་ཤའི་མེ་ལ་བཏང་བཟུང་གི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱའོ།། ཡུལ་གྲུའི་རྗེ་བོར་འགྱུར་རོ།། གཟུགས་བརྙན་གྱི་སྤྱན་སྔར་ཀ་ར་ཝཱི ་རོའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་ཏེ་རྩོད་པན་གསུམ་བཅིངས་པར་འགྱུར་རོ།། གཟུགས་བརྙན་གྱི་སྤྱན་སྔར་ཉི་མ་སོ་སོ་ལ་མཆོད་པ་སྔོན་དུ ་འགྲོ་བས་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ཏེ། དེ་ནས་ཨརྐའི་ཤིང་གིས་མེ་རབ་ཏུ་སྦར་ནས་དྲིའི་ཏིལ་མར་གྱིས་བཏགས་པའི་ཤིང་གསེར་གྱི་ཕྱེ་མཚོན་གང་ཙམ་གྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། ་ཟླ་བ་དྲུག་གིས་རྒྱལ་སྲིད་སོ་སོར་རྙེད་དོ།། མ་སྐྱེས་པའི་ལོངས་སྤྱོད་སྐྱེ་བར་འགྱུར་རོ།། ལོ་གསུམ་གྱིས་རྒྱལ་སྲིད་ཆེན་པོ་སོ་སོར་རྙེད་དོ།། ཆོ་ག་འདི་ཉིད་ཁོ་ནས་ལྕགས་ལས་བྱུང་བའི་ཕྱེ་མའི་སྦྱིན་སྲེག་བྱ་སྟེ། ་ལོ་གསུམ་གྱིས་མཚོན་ཆ་བཅིངས་པར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་གུར་ཀུམ་གྱི་སྲེག་ཟུགས་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ།། ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ།། དྲྀ་ཐམས་ཅད ་སྲེག་བླུགས་དང་། མར་གྱི་སྲེག་བླུགས་འབུམ་སྦྱིན་སྲེག་བྱའོ།། ཇི་ལྟར་འདོད་པའི་གནས་སུ་དཔོན་པོ་བྱེད་དོ།། ཡང་ན་ཇི་ལྟར་མངོན་པར་འདོད་པའི་ཡུལ་སོ་སོར་རྙེད་དོ།། པ་ལཱ་ཤའི་མེ་ཉིད་ལག་པུར་གྱི་སྲེག ་བླུགས་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་རྒྱལ་པོ་དགའ་བར་འགྱུར་རོ། ། པ་ལཱ་ཤའི་མེ་ལ་ཙན་དན་གྱི་ཡམ་ཤིང་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ།། ཡུལ་ཆེན་པོའི་དཔོན་པོར་འགྱུར་རོ།། ་གསེར་གྱི་ངང་ཚུལ་གྱི་སྲེག་ཐུགས་འབུམ་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་བྱའོ།། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། ཨ་ཀ་རུའི་ཡམ་ཤིང་ལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་ཐོས་པ་འཛིན ་པར་འགྱུར་རོ། ། བཱ་ཤ་ཀའི་ཡམ་ཤིང་ལ་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་ནད་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ།། ནིམ་པའི་འབྲས་བུ་ལ་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ། ་གང་འདོད་པའི་བཅིངས་པ་དེ་གྲོལ་བར་བྱེད་དོ།། རྒྱུད་མཚུངས་པའི་བའི་མར་བླངས་ཏེ་འབུམ་མངོན་པར་བསྔགས་ཏེ་འཐུང་ཞིག། མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ།། ཨརྐའི་མེ་ལ་ཨརྐའི་མེ་ཏོག་དྲིའི་ཏིལ ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་གནང་ཆེན་པོར་འགྱུར་རོ།། དེ་རྣམས་ཐམས་ཅད་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་གཟུགས་བརྙན་གྱི་མདུན་དུ་སྦྱིན་སྲེག་བྱའོ།། ་མེ་ཏོག་གམ་འབྲས་བུལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་དེ་གང་ལ་བྱིན་པ་དེ་དགའ་བར་འགྱུར་རོ།། གསོ་སྦྱོང་ཅན་གྱིས་དཀར་པོའི་བཅོ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན ་དུ་ས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས། གཟུགས་བརྙན་གྱི་སྤྱན་སྔར་ཨུ་དུམ་ཝ་རའི་ཤིང་གིས་མེ་སྦར་ནས ་ཟླ་བ་གཅིག་གི་དུས་གཅིག་ལ་ཙ་རུ་བཟའ་ཞིང་ཚངས་པའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཡིད་གཞུངས་པར་འགྱུར་རོ།། བྲམ་ཟེ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་མདུན་དུ་ཟླ་བ་གཅིག་ཏུ་འོ་མའི ་སྦྱིན་སྲེག་བྱའོ། ། དབང་དུ་འགྱུར་རོ།། རྒྱལ་རིགས་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་ཙ་རུའི་སྦྱིན་སྲེག་བྱས་ནས་དབང་དུ་འགྱུར་རོ།། རྗེའུ་རིགས་དབང་དུ་བྱེད་པ་ལ་ནས་དང་ཞོ་བསྲེས་པའི་ཙ་རུའི ་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ། ། དམངས་རིགས་དབང་དུ་བྱེད་པ་ལ་ནས་ལ་དྲིའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ།། གཞན་རྣམས་ལ་གཞན་གྱིས་མི་ཐུབ་པ་ལ ་དུག་གིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། ། པ་ལཱ་ཤའི་མེ་ལ་འོ་མའི་སྦྱིན་སྲེག་བྱ་སྟེ་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ།། དགྲ་ལ་བལྟས་ནས་བཟླས་པས་འཇིགས་པར་འགྱུར་རོ།། བརྒྱད ་བརྒྱར་མངོན་པར་བསྔགས་པའི་ཆུས་དང་། རིག་པ་ལན་ཅིག་མངོན་པར་བསྔགས་པས་སམ། ལན་བདུན་མངོན་པར་བསྔགས་པས་ཀྱང་རུང་སྟེ། རྒྱལ་པོའི་ཕོ་བྲང་དུ་ངག་འཛིན་པར་འགྱུར་རོ།། དཀར་པོའི ་ཆོས་གཅིག་ནས་བརྩམས་ཏེ་གཟུགས་བརྙན་གྱི་མདུན་དུ་སེང་ལྡེང་གི་མེ་ལ་གུ་གུལ་གྱི་རིལ་བུ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་ཐུན་གསུམ་དུ་སྦྱིན་སྲེག་བྱའོ། ། གང་འདོད་པ་དེ་རྙེད་དོ།། རིང་བསྲེལ་དང ་བཅས་པའི་མཆོད་རྟེན་དུ་འོ་མ་དང་ནས་ཟན་བཟའ་ཞིང་འབུམ་ཟློས་ཤིག། དེ་ནས་བུ་རམ་གྱི་ལམ་ཤིང་སོར་བཞི་པའི་ཚད་འབུམ་སྦྱིན་སྲེག་བྱའོ།། ཅོད་པན་གསུམ་བཅིངས་པར་འགྱུར་རོ།། རིལ་བུ་སྒྲུབ་པར ་བྱེད་པར་འདོད་པས། དོང་ཀའི་མེ་ཏོག་གི་གེ་སར་དང་། ན་ག་གེ་སར་དང་། ཙན་དན་དཀར་པོ་རྣམས་གཅིག་ཏུ་བྱས་ནས་རྒྱ་ཤུག་གི་ཚིག་གུའི་ཚད་ཀྱི་རིལ་བུ་བྱ་སྟེ་མི་མཉམ་པའི་ལྕགས་གསུམ་གྱིས་དཀྲིའོ།། ་དང་པོར་ཟངས་ཀྱིས་སོ།། དེ་ནས་དངུལ་གྱིས་སོ།། དེ་ནས་གསེར་གྱིས་སོ།། དེ་ནས་རོལ་དུ་ཟ་མ་ཏོག་ཏུ་བཅུག་སྟེ། བཅོམ་ལྡན་འདས་མའི་སྤྱན་སྔར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ ་ཉིན་མཚན་དུ་སྨྱུང་བར་གནས་པས་ཟླ་བ་གཟས་བཟུང་བ་ན་མཆོད་པ་དང་གཏོར་མའི་ཆོ་ག་བྱས་ནས་མདུན་དུ་བཞག་སྟེ། ཇི་སྲིད་ཁ་ཊ་ཁ་ཊ་ཞེས་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་གཅིག་ལུང་སྟོན ་པའི་ལྷ་ལ་དབུལ་བར་བྱའོ། ། གཞན་རྣམས་གཡོག་པོ་རྣམས་ལ་སྦྱིན་པར་བྱའོ།། བླ་མའི་བླ་མར་གྱུར་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ།། དེ་ནས་དེ་རྣམས་རིན་གྱིས་ཉོ་བར་བྱའོ།། ་གང་གང་གི་ཚེ་བདག་ཉིད་ཀྱི་ཁར་བཅུག་པས་མི་སྣང་བར་འགྱུར་རོ།། མཆོག་སྒྲོགས་པར་ལྟ་བར་བྱའོ།། ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ།། གཟུགས་བརྙན་གྱི་མདུན་དུ་ཀ་དམ་པའི་མེ་ཏོག་ལ་ཞོ་དང་། ་སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། གང་བསམ་པ་དེ་དབང་དུ་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་སྨྱུང་བར་གནས་པས་ན་ག་གེ་སར་གྱི་མ ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གོས་ཅུང་ཟད་རྙེད་དོ། ། གཟུགས་བརྙན་གྱི་མདུན་དུ་སྣ་མའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ།། སེམས་ཅན་ཐམས་ཅད ་དགའ་བར་འགྱུར་རོ། ། འདི་ཁོ་ན་ཀུ་མུ་ད་རྣམས་ཀྱིས་རྒྱལ་པོ་དགའ་བར་འགྱུར་རོ།། རྒྱལ་པོ་དབང་དུ་བྱེད་པ་ལ་ཐམས་ཅད་དུ་ཙན་དན་གྱི་ཕྱེ་མ་ལ་བཏགས་པས་ཟླ་བ་གཅིག་ཏུ་སྦྱིན་སྲེག་བྱ་སྟེ་རྒྱལ་པོ་དབང་དུ་འགྱུར་རོ།། ་བྲམ་ཟེ་དབང་དུ་བྱེད་པ་ལ་ཀུ་རུ་ཎཱ་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། རྗེའུ་རིགས་དབང་དུ་བྱེད་པ་ལ་སོ་གནྡྷི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེ་བྱའོ།། དམངས་རིགས་དབང་དུ་བྱེད་པ་ལ་ཀི་ཀ་རཱ་ཊའི་མེ་ཏོག་སྟོང ་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། བུ་མོ་དབང་དུ་བྱེད་པ་ལ་ཡཱུ་ཐི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། ཞེས་པ་འདི་རྣམས་གཟུགས་བརྙན་གྱི་མདུན་དུ་བཾ་ཀཾ་ཀ་ཏའི་ཡམ་ཤིང་གི་མེ་ལ་སྦྱིན་སྲེག་བྱའོ།། ཡུགས་ས་མོ་ལ ་བཻ་ཀཾ་ཀ་ཏའི་མ་ལ་བཻ་ཀཾ་ཀ་ཏའི་ལམ་ཤིང་མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ལན་བདུན་མངོན་པར་བསྔགས་པའི་གིའུ་ཝང་གི་ཐིག་ལེ་བྱས་ནས་རྒྱལ་པོའི ་ཁབ་ཏུ་འགྲོ་བར་བྱའོ། ། ཐམས་ཅད་དགའ་བར་འགྱུར་རོ།། གདོང་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་རྒྱལ་པོའི་ཁབ་ཏུ་འགྲོ་བར་བྱའོ།། ཐམས་ཅད་དགའ་བར་འགྱུར་རོ།། གཟུགས་བརྙན་གྱི་མདུན་དུ་སྔོན་དུ་མྱུ་གུ ་རྣམས་ལ་མར་གྱིས་བཏགས་པ་པཱ་ལ་ཤའི་མལ་སྦྱིན་སྲེག་བྱའོ། ། མཚན་མོ་བདུན་གྱིས་ཕ་རོལ་ཞི་བར་འགྱུར་རོ།། བདག་ཉིད་ཞི་བ་ལ་པཱ་ལ་ཤའི་མེ་ཉིད་ལ་ཐུན་གསུམ་དུ་མར་དང་ལྷན་ཅིག་པའི་འོ་མ་སྦྱིན་སྲེག་ཅ ་མཚན་མོ་བདུན་གྱིས་ཞི་བར་འགྱུར་རོ། ། གཟུགས་བརྙན་གྱི་མདུན་དུ་ཟངས་ཀྱི་སྣོད་དུ་མར་བཞག་ནས་ཉི་ཟླ་གཟས་བཟུང་བའི་དུས་སུ་གཏོར་མའི་ཆོ་ག་བྱས་ནས་བཟླས་པར་བྱའོ།། སྣོད་གཡོ་བར་བྱེད་དོ།། མར ་ཡང་གྲུབ་པར་འགྱུར་རོ། ། དཔྲལ་བར་ཐིག་ལེ་བྱའོ།། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། འཐུང་ཞིག། ཡིད་གཞུངས་པར་འགྱུར་རོ།། ནུས་པ་བྱེད་པ་ལ་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གི་སྤྱན་སྔར་དངུལ་དང་ཟངས་ཀྱི་སྣོད་དུ་བ་ལས་བྱུང་བའི་མར་བཞག་ནས་ཆོ་གས་འབུམ་ཟློས་ཤིག། དེ་ནས་གཟས་ཟིན་པའི་དུས་སུ་བསྒྲུབ་པར་བྱ་སྟེ་གྲུབ་པར་འགྱུར་རོ།། འཐུངས་ན་ནུས་པ་སྐྱེ་སྟེ། ་མགྱོགས་པ་དང་། ལྡིང་བ་དང་། མཆོང་བ་ལ་སོགས་པ་ནུས་པར་འགྱུར་རོ།། མར་དེ་ཉིད་ཀྱིས་ལུས་ལ་མངོན་པར་བྱུགས་ནས་མེར་རབ་ཏུ་ཞུགས་ནི་མི་ཚིག་གོ།། ཆུ་ལ་རབ་ཏུ་ཞུགས་ན་ཐམས་ཅད་ཆུ་ལ་རྐང་པ་མི ་འབྱིང་བར་འགྱུར་རོ། ། ལག་པ་ལ་མངོན་པར་བྱུགས་ན་ལྕགས་ཚིག་པ་ཉམས་པར་བྱེད་དོ།། པདྨའི་རྩ་བ་ཟ་བར་བྱེད་ཅིང་གཟུགས་བརྙན་གྱི་མདུན་དུ་ལྡོང་རོས་བླངས་ནས་ལག་པ་ཁ་སྦྱར་དུ་བཞག་ནས་ཇི་སྲིད་གཟའ ་ལས་གྲོལ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེས་ཐིག་ལེ་བྱས་པས་སྲོག་ཆགས་ཐམས་ཅད་དགའ་བར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་མཱ་ཤ་གཅིག་ཁར་བཅུག་སྟེ་ཇི་སྲིད་མྱུ་གུ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ།། ། ་མྱུ་གུའི་ཕྱེ་མས་དབང་དུ་བྱེད་དོ།། ཕ་རོལ་འགུགས་པ་ལ་མྱུ་གུས་རྣམས་པར་སྡང་བར་བྱེད་དོ།། ལྡོང་རོས་སྒྲུབ་པར་འདོད་པས་གཟུགས་བརྙན་གྱི་མདུན་དུ་ཨ་ཤཱཏྠའི་འདབ་མར་བཞག་ནས ་འབུམ་ཡོངས་སུ་བཟླས་པར་བྱའོ། ། ཉི་ཟླ་གཟས་བཟུང་བ་ན་ཆོ་གས་བསྒྲུབ་པར་བྱའོ།། གྲུབ་པ་ལ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ།། ཚིམ་པར་བྱེད་པར་འདོད་པས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ ་རབ་ཏུ་སྦར་ནས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། དེ་ནས་རིག་པ་དང་བཅས་པ་ཚིམ་པར་འགྱུར་རོ།། གང་གཅིག་ཏུ་མཉམ་པའི་གནས ་གང་དུ་ཚངས་པའི་སྲིན་པོ་འམ། གཞན་སེམས་ཅན་གང་ལ་ལ་སོ་སོར་གནས་པ་དེར་སོང་ནས་འབུམ་ཟློས་ཤིག། དེས་འདི་འགྲུབ་པར་འགྱུར་རོ།། གཏེར་སྩོལ་བར་བྱེད་དོ།། འོ་མ་དང་ནས་ཟན་བཟའ ་ཞིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་ལོ་གཅིག་བཟླས་སོ། ། དེ་ནས་ནག་པོའི་བརྒྱད་པའམ་བཅུ་བཞི་པ་ལ་ཉིན་མཚན་དུ་སྨང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས ་གཏོར་མ་དབུལ་བར་བྱ་སྟེ། གནོད་སྦྱིན་རྣམས་ལ་གནོད་སྦྱིན་གྱི་གཏོར་མ་སྲན་ཚོད་དང་། ཀ་ཀ་མོ་ཊི་ཀ་དང་། ཞོ་དང་། ཆུར་བ་དང་། འཁུར་བ་ཅན་སོ་ཁ་བ་དྷི་ལ་སོགས་པ་ཕྱི་རོལ་དུ་འབྱུང་པོ་ཐམས་ཅད ་པའི་གཏོར་མ་ཕུལ་ནས། རས་རིས་ཀྱི་སྤྱན་སྔར་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གི་མེ་ལ་འོ་མའི་ཤིང་གི་ཡམ་ཤིང་གི་ཁྲུ་གང་གི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱི་བཏགས་པ་སྟོང་ཕྲག་བརྒྱད ་སྦྱིན་སྲེག་བྱའོ། ། ཀུ་ཤའི་ཁྲིས་ལ་ཉེ་བར་འདུག་སྟེ་ནོར་བྱིན་ཅིག། གནོད་སྦྱིན་འོང་བར་བྱེད་དོ།། མདུན་དུ་གནས་པ་ལ་དྲིའི་ཆུས་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་དེ་རྣམས་བདག་གིས་ཅི་བགྱི་བ་བརྗོད་པར ་བྱའོ་ཞེས་སྟོན་པར་བྱེད་དོ། ། གནོད་སྦྱིན་བདག་གི་བཀའ་སྒྲུབ་པར་གྱུར་ཅིག། དེ་བཞིན་དུ་གྱུར་ཅིག་ཅེས་བྱས་ན་མི་སྣང་བར་འགྱུར་རོ།། དེ་ནས་བརྒྱ་ཕྲག་དུ་མའི་འཁོར་སོ་སོ་ལ་ལྷའི་གཞལ་དུ་མེད་པའི་བཟའ་བསོ་སོར ་སྩོལ་བར་བྱེད་དོ། ། ལྷ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་དང་། བཅུད་དང་། བཅུད་ལེན་དང་། སྨན་རྣམས་རབ་ཏུ་སྩོལ་བར་བྱེད་དོ།། ཡང་ན་གང་ཚོལ་བ་དེའོ།། གནས་གང་དུ་གནོད་སྦྱིན ་མོ་རྣམས་ཀུན་ཏུ་གནས་པ་དེར་ས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་བྱས་ནས་འབུམ་ཟློས་ཤིག། དེ་ནས་སེང་ལྡེང་གི་སོལ་བ་དུ་བ་མེད་པ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་གུ་གུལ་གྱི་རིལ་བུ་སྟོང ་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། ཛཾ་སྲིད་ཐོ་རངས་ཀྱི་དུས་ལ་ཇི་ལྟར་མངོན་པར་འདོད་པའི་ལྷ་རྣམས་འོང་བར་བྱེད་པ་དེ་སྲིད་དུའོ།། ལྷན་ཅིག་མཆོག་སྩོལ་བར་བྱེད་དོ།། ཡང་ན་ལྷའི་སྨན་སྩོལ་བར་བྱེད་དོ།། ཟོས ་བསྐལ་པར་འགྱུར་རོ། ། བ་ཏུ་ཤཱརྞི་དང་། དུར་བྷ་དང་། ཚེར་མ་རྣམས་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། གོས་རྙེད་དོ།། ཤུ་དག་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས ་ཁར་བཅུག་ན་ཐ་སྙད་འདོད་པ་སྨྲ་བའི་མཆོག་ཏུ་འགྱུར་རོ། ། དྲི་ཞིམ་པོའི་ཏིལ་མར་ལ་ཡོངས་སུ་བཟླས་ནས་ཁ་ལ་སྐུས་ཤིག། རྒྱལ་པོའི་ཁབ་ཏུ་སྨྲ་བའི་མཆོག་ཏུ་འགྱུར་རོ།། མིག་སྨན་ལ་སྟོང་ཕྲག་བརྒྱད་མངོན ་ག་། །། སྩུནྟུ། ་།། མ་དང། @ ་འོ། ། ས་ཀྱི་ན་མས་ས་སས་དོ།། ཚམ་འ་ཉིད་མ ་ཨོ་བདུན་དུ་སྦྱིན་སྲེག་བྱའོ། ། དོང་ཚེ་ཡང་དག་པར་རྙེད་དོ།། ལན་ཚྭ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་གཏུབ་ཅིང་སྦྱིན་སྲེག་བྱའོ།། འདོད་པའི་སྐྱེས་བུ་དང་བུད་མེད་དེ་དབང་དུ་འགྱུར་རོ།། གཉིས ་ཀས་ཀྱང་གོས་སོ། ། ཡུངས་ཀར་ལ་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། ཉི་མ་གསུམ་གྱིས་བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ།། ཆུར་རྐང་པ་གཅིག་བཅུག་ནས་དེ་བཞིན་དུ ་ཐང་ལ་སྟེ། ཇི་སྲིད་དུ་ཆུར་གནས་པའི་རྐང་པ་ཡང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། སྡིག་པ་ལས་གྲོལ་བར་འགྱུར་རོ།། ཨརྐའི་ཤིང་གིས་མེ་རབ་ཏུ་སྦར་ནས་སྐེ་ཚེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། ! ་མ་བདུན་གྱིས་ལས་ཀྱི་སྒྲིབ་པ་རྣམས་ཟད་པར་བྱེད་དོ། ། ཚངས་མ་དང་། སླེ་ཏྲེས་དང་། ཤུ་དག་དང་། པི་པི་ལིང་གི་ཕྱེ་མ་ཆ་མཉམ་པར་བྱས་ནས་སྦྲང་རྩི་དང་ལྷན་ཅིག་པས། འཕགས་པ་འཇམ་དཔལ ་གྱི་སྨན་སྔར་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་པར་བྱ་སྟེ། ཉི་མ་བདུན་ལ་དེ་བཞིན་དུ་ཡིད་གཞུངས་པར་འགྱུར་རོ།། ཉིན་མཚན་བདུན་ཕྲག་གཉིས་ཀྱིས་མཆོག་ཏུའང་ཡི་གཞུངས་པར་འགྱུར་རོ།། ཟླ་བ ་གཉིས་ཀྱི་སྦྱོར་བས་ཐོས་པ་འཛིན་པར་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་རམ་གཟུགས་བརྙན་གྱི་སྤྱན་སྔར་སྟོང་ཕྲག་བརྒྱད་བྱས་ནས་ཕྱིས་བཀླག་པར་བྱའོ།། དེ་བཞིན་དུ་ཉི་མ་སོ་སོ་ལ་མི་སྨྲ་བར་བཟླས་པར་བྱའོ།། ། ་ཡིད་གཞུངས་པར་འགྱུར་རོ།། བཅིངས་པའམ་འགགས་པར་ཡང་རུང་སྟེ། བཟླས་པ་ཙམ་ཉིད་ཀྱིས་གྲོལ་ལོ།། ཆོམ་རྐུན་ལ་བལྟས་ནས་བཟླས་པས་ཆོམ་རྐུན་གྱིས་མི་ཚུགས་སོ།། ཏིལ་མར་ལ་སྟོང་ཕྲག ་བརྒྱད་མངོན་པར་བསྔགས་པར་བྱས་ནས་མགོ་ལ་སྐུས་ཤིག། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུག་པ ་བྱས་ནས། མེ་ཏོག་གཅལ་དུ་བཀྲ་མ་སྟེ་ཁྱོར་བའི་ཚུ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་བཏུང་བར་བྱའོ།། ཉི་མ་བདུན་གྱིས་ཡིད་གཞུངས་པར་འགྱུར་རོ།། སྔོན་གྱི་ཚིག་བླ་དགས་ཉམས ་པར་བྱེད་དོ། ། ཚངས་མའི་ཁུ་བ་ཞོ་གང་དང་། འོ་མ་ཞོ་གང་དང་། སྦྲང་རྩི་ཞོ་གང་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་ཉི་མ་རེ་རེ་བཏུང་བར་བྱ་སྟེ། ཇི་སྲིད་མཚན་མོ་ཉི་ཤུ་རྩ་གཅིག་གི་བར་དུའོ།། ་ཡིད་གཞུངས་པར་འགྱུར་ཞིང་། ལྔ་བརྒྱ་འཛིན་པར་བྱེད་པ་དང་། འཆང་བར་བྱེད་ཅིང་སྲུང་ངོ་།། ཆུལ་ལན་བདུན་བཟླས་ནས་མགོ་བོར་བླུགས་པས་དཀྱིལ་འཁོར་བཅིང་བའོ།། སེང་ལྡེང་གི་ཕུར་བུ་ལ ་ལན་ཉི་ཤུ་རྩ་གཅིག་བཟླས་པ་དང་། གུ་གུལ་གྱིས་བདུག་པས་སྟོན་པར་བྱེད་དོ།། དུག་གསོ་བ་ལ་ཆུ་གྲིས་སོ།། ལན་བདུན་བཟླས་པའི་ཡལ་འདབ་ཀྱིས་གདོན་འཇོམས་པར་བྱེད་དོ།། མེ་ཏོག་དཀར་པོ ་འམ་གུ་གུལ་གྱི་འདུག་པས་གདོན་གྱིས་ཟིན་པ་རྣམས་ལའོ། ། ཁྲུས་སམ་སྲད་བུས་བདག་ཉིད་འཆིང་བའོ།། ཡུངས་ཀར་དཀར་པོ་དང་ཏིལ་བསྲེས་པ་ལ་མར་གྱིས་བཏགས་པའི་སྦྱིར་ཐེག་མཚན་མོ་བྱ་སྟེ་མཆོག་སྦྱིན ་པར་འགྱུར་རོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཐ་བ་ཉལ་དད་པས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བུམ་པ་གང་བ་བརྒྱད་དང་། འཕྲེང་བ་བརྒྱད་དང་། ཨ་ཀ་རུ་དང་། ཏུ་རུ་སྐ་དང་ཙན་དན་དང ་ཀུན་ཏུ་རུ་ཀའི་བདུག་པ་སྲེག་ཅིང་བཟླས་པར་བྱའོ། ། ལུས་ཀྱི་དངོས་གྲུབ་རབ་ཏུ་རྩོལ་ལོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུའོ་མ་དང་ནས་ཟན་ཟ་ཞིང་། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་སྟོང་ཕྲག ་བརྒྱ་བཟླས་པར་བྱའོ། ། རྨུགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་ལ་སོགས་པའི་ལས་རྣམས་ནུས་པར་འགྱུར་རོ།། ཕྱེ་ཟ་ཞིང་ཆུ་ཀླུང་གི་ཆུར་ཞུགས་ནས་འབུམ་བཟླས་པར་བྱའོ།། དབང་དུ་བྱེད་པ་དང ་མེ་སྣང་བ་དང་། ལྡོང་རོས་ལ་སོགས་པས་སྒྲུབ་པ་རྣམས་ནུས་པར་འགྱུར་རོ།། ཀླུའི་གནས་སུ་ཀརྨ་སའི་རུས་པའི་སྦྱིན་སྲེག་བྱའོ།། ཀླུ་རྣམས་དབང་དུ་འགྱུར་རོ།། གང་ཚོལ་བ་དེ་རྙེད་དོ།། ལག་པ་གཡས ་པའི་སོར་མོ་ལ་སྲུང་བ་མངོན་པར་བསྔགས་པ་བྱས་ནས་རྒྱལ་པོའི་མཐར་ཟློས་ཤིག། དབང་དུ་འགྱུར་རོ།། ཆོ་ག་འདི་ཉིད་ཁོ་ནས་རྒྱལ་པོ་དང་། མ་ཧེ་དང་། སྟག་དང་། གཟིགས་ལ་སོགས་པ་འཇིགས་པར་བྱེད་དོ།། ་ཏིལ་གྱི་སྦྱིན་སྲེག་གིས་རོ་ལྡན་མ་དབང་དུ་བྱེད་དོ།། ཤ་འཚོང་བས་བདག་ཉིད་སྲུང་བ་དང་གཞན་སྲུང་བའོ།། ལན་བདུན་མངོན་པར་བསྔགས་པས་གཙུག་ཏོར་བཅིང་བའོ།། གཡུལ་དང་རྒྱལ་པོའི་ཕོ་བྲང་དུ་རྩོད་པ་ལ ་བཟླས་པས་རྒྱལ་བར་འགྱུར་རོ། ། ཆུས་མངོན་པར་དབང་བསྐུར་བར་བྱེད་པར་འདོད་པས་རྩ་བ་དང་ནག་པོ་ལ་སོགས་པ་མེད་པའི་བུམ་པ་བཞི་ཡལ་འདབ་ཀྱིས་ཁ་བརྒྱན་ཏེ་འབབ་ཆུ་དང་། དྲི་དང་། ས་བོན་ཐམས་ཅད་བཅུག ་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ཏེ། ཆུ་དེས་བདག་ཉིད་ལ་མངོན་པར་དབང་བསྐུར་ན་བདག་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ལས་གྲོལ་ལོ།། སྐོམ་པ་དང་རིམས་ལ་དྲིའི་ཆུ་ལ་བརྒྱད་བརྒྱར་མངོན ་པར་བསྔགས་པ་བྱས་ནས་མངོན་པར་གཏོར་བར་བྱ་སྟེ་རང་གནས་སུ་འགྱུར་རོ། ། རོ་ལངས་ལ་སེང་ལྡེང་གི་ཕུར་བུས་བྱིས་པའི་སྦྱོར་བས་རབ་ཏུ་འབད་པ་འཁྲུལ་འཁོར་ལེགས་པར་བྱས་ནས་ཕྱོས ་བཞིར་སྐྱེས་བུ་ལགས་ན་རལ་གྲི་ཐོགས་པ་བཞི་གཞག་སྟེ། སྙིང་ཁར་ཉེ་བར་འདུག་ནས་ལྕགས་ལས་བྱས་པའི་ཐུགས་གཟར་གྱིས་ལྕགས་ཀྱི་ཕྱེ་མའི་སྦྱིན་སྲེག་བྱའོ།། འདིའི་ཁ་ནས་ལྕེ་ངེས་པར་འབྱུང་སྟེ་རལ་མི་རྣོན ་པོས་བཅད་ནས་ཨུཏྤ་ལ་སྔོན་པོ་དང་མཚུངས་པའི་རལ་གྲིར་འགྱུར་རོ། ། དེ་བླངས་པས་འཁོར་དང་བཅས་པ་སྐྱེ་བར་འགྱུར་ཏེ་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ།། ལོ་བྱེ་བ་ཕྲག་བཅུ་གཅིག་ཏུ་འཚོ་བར་བྱེད་དོ།། ་དུས་ལ་བབ་པ་དང་ལྷ་རྣམས་སུ་ཉེ་བར་སྐྱེ་བར་འགྱུར་རོ།། ལྕགས་ལས་བྱུང་བའི་དཔྲལ་རིས་གསུབ་པ་མཚན་ཉིད་དང་ལྡན་པ་བྱས་ནས་རས་རིས་ཀྱི་སྤྱན་སྔར་འབུམ་བཟླས་པར་བྱའོ།། མཚན་མོ་བདུན་དུ་ལྷག་པར ་གནས་པ་བྱས་ནས་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱ་སྟེ། དེ་ནས་ནག་པོའི་བཅུ་བཞི་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། གཏོར་མའི་ཆོ་ག་བྱས་ནས་བསྲུང་བ་དང་། མཚམ ་དང་། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བྱས་ཏེ། འཕགས་པའི་དགེ་འདུན་ལ་ཇི་ལྟར་ནུས་པའི་སྟོན་མོ་བྱས་ནས་ཞབས་གཉིས་ལ་ཕྱག་བྱས་ཏེ། འཕགས་པའི་དགེ་འདུན་ལ་རྗེས་སུ་གནང་བ་ཞུ་བར་བྱའོ།། རས ་རོས་ཀྱི་སྤྱན་སྔར་ཡུངས་ཀར་གྱི་ཕུང་པོ་བྱས་ནས། དེ་ལ་གོང་ནས་གོང་དུ་བཟླས་པ་དབུལ་བར་བྱའོ།། གདོན་འཇུག་པ་ཐམས་ཅད་ལ་གུ་གུལ་གྱི་བདུག་པས་སོ།། དུས་མ་ཡིན་པའི་འཆི་བ་ཐམས་ཅད་རབ་དུ་ཞི་བར ་བྱེད་དོ། ། རླུང་དང་སྤྲིན་ཐམས་ཅད་གནོན་པ་ལ་བཟླས་པས་སོ།། ཡུངས་ཀར་ལ་བཟླས་ནས་དེ་མནན་པས་ནམ་མཁར་གཏོར་བར་བྱ་སྟེ། ཆུ་རེངས་སོ།། སེང་ལྡེང་གི་ཕུར་བུ་ལ་ལན་བདུན་བཟླས་པས་ས་ལ་བརྐོ་བར ་བྱའོ། ། དགྲའ་མ་མཚོན་ཆ་ཐམས་ཅད་གནོན་པར་འགྱུར་རོ།། འཐབ་པ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་ལ་ཚོན་སྣ་ལྔ་པའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་གསང་གནས་སུ ་གདགས་པར་བྱ་སྟེ། འཁྲུག་པ་དང་། འཐབ་པ་དང་། རྩོན་པ་དང་། འགྱེད་པ་རྣམས་རྣམ་པར་གནོན་པར་འགྱུར་རོ།། དུག་ཐམས་ཅད་དང་སྔགས་རྣམས་ལ་ཆུ་ལ་ལན་བདུན་བཟླས་པ་སྦྱིན་པར་བྱ་སྟེ་དུག་མེད་པར་འགྱུར་རོ།། ་ནོར་འདོད་པ་གཙང་མས་གོས་གཙང་མ་བགོས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཀུན་ཏུ་རུའི་བདུག་སྤོས་དབུལ་བར་བྱའོ།། རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་བྱེད་དོ།། སྟོང་ཕྲག་བདུན ་བཟླས་པས་དངུལ་སྦྱིན་པར་བྱེད་དོ། ། ཐམས་ཅད་དབྱེ་བ་ལ་ཐལ་བས་སོ།། ལོངས་སྤྱོད་དོན་དུ་གཉེར་བས་ཆུ་ཀླུང་འདུས་པའམ། ལྟེང་ཁར་གཙང་མའི་ཕྱོགས་སུ་རས་རིས་བཞུགས་སུ་གསོལ་ནས་བཟླས་པ་དང ་སྦྱིན་སྲེག་བརྩམ་པར་བྱའོ། ། པདྨ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱའོ།། ཡང་ན་འབུམ་ཕྲག་གཉིས་སོ།། དེ་ནས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ།། ་སྦྱིན་སྲེག་འབུམ་ཕྲག་གསུམ་གྱིས་མི་སྣང་བར་འགྱུར་རོ།། སྦྱིན་སྲེག་འབུམ་ཕྲག་གསུམ་གྱིས་རྒྱལ་སྲིད་སོ་སོར་རྙེད་དོ།། སྦྱིན་སྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་གིས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ།། ་གང་བླངས་པ་དེ་རྙེད་དོ།། ནམ་མཁའ་ལ་འགྲོ་བ་དང་། མི་སྣང་བ་དང་། ཕུར་བུ་རབ་ཏུ་འཇུག་པ་ལ་སོགས་པ་བྱེད་དོ།། དུར་དྷ་ལ་མར་གྱིས་བཏགས་པ་འདུས ་སྦྱིན་སྲེག་བྱའོ། ། ཉི་མ་བདུན་གྱིས་རྒྱས་པར་གྱུར་རོ།། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ།། མཚན་མོ་ཉི་ཤུ་རྩ་གཅིག་གིས་རྒྱས་པར ་འགྱུར་རོ། ། དོང་ཚེ་སྟོང་རྙེད་དོ།། བུ་རམ་ལ་རབ་ཏུ་གཞག་པར་བྱ་སྟེ་དགྲ་ཐམས་ཅད་རེངས་པར་འགྱུར་རོ།། བ་བྱུང་གི་དཀྱིལ་འཁོར་བྱས་ནས་སྲད་བུ་གསང་བའི་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ་གུ ་གུལ་གྱི་བདུག་པ་ཕུལ་ནས་སྔགས་བཟླས་པར་བྱའོ། ། གལ་ཏེ་འཚོན་སྲད་བུ་གར་བྱེད་དོ།། མི་འཚོ་ན་གར་མི་བྱེད་དོ།། བ་བྱུང་གི་དཀྱིལ་འཁོར་ཁྲུ་བཞི་པ་བྱས་ནས་མེ་ཏོག་དང་བདུག་པ་ཕུལ་ཏེ ་དེར་གནས་པས་བཟླས་པ་བྱའོ། ། དགྲ་རྣམས་ལ་ལན་བདུན་པ་བདུན་ཡོངས་སུ་བཟླས་ནས་སའ་གནས་སུ་གདབ་བོ།། བྱད་སྟེམས་ཐམས་ཅད་བཅད་པར་འགྱུར་རོ།། ཕ་རོལ་གྱི་དམག་ཚོགས་ལ་དབྱུག ་པ་ལ་ལན་བདུན་ཡོངས་སུ་བཟླས་ནས་དེར་འཕང་བར་བྱ་སྟེ། གནོད་པ་མེད་པར་འགྱུར་རོ།། བརྗེད་བྱེད་འཇུག་པ་ལ་ཨ་པཱ་མཱརྒའི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་ནག་པོ་དང་ཀ་ར་ཝཱི་རའི་མེ་ཏོག་དཀར་པོ་བསྲེས ་བའི་སྦྱིན་སྲེག་བྱའོ། ། བརྗེད་བྱེད་ཀྱི་གདོན་ཉམས་པར་བྱེད་དོ།། གདོན་ཐམས་ཅད་ལ་སྲད་བུ་ནག་པོ་བཅིང་བར་བྱའོ།། ཡེ་འགྲོག་དང་། འབྲས་དང་། ཕོལ་མིག་དང་། བརྩོག་ཤུ་དང་། ་རྡོ་གཅོད་པ་ལས་དཀར་པོ་སྟེ། སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་འགྱུར་རོ།། ཉི་ཟླ་གཟས་བཟུང་བ་ན་སྨྱུང་བར་གནས་པ་བྱས་ནས་ཏིལ་མར་ལ་ཡོངས་སུ་བཟླས་ཏེ། ཏིལ་མར་གྱིས་གདོང་ལ་བསྐུས ་ནས་དགྲའི་ཁྱིམ་དུ་འཇུག་པར་བྱ་སྟེ་བྱམས་པའི་སེམས་སུ་འགྱུར་རོ། ། ཆོ་ག་འདི་ཉིད་ཀྱིས་སོ་སོར་འབྲང་བ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས། ལག་པ་ལ་བཅིངས་པས་གཡུལ་དུ་འཇུག་པར་བྱ་སྟེ། ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། དུས་ཉིད་དུ་ལངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀྱིལ་འཁོར་བྱས་ནས། ཆུ་ཁྱོར་བ་གསུམ་པོ་རེ་རེ་ལ་ལན་བདུན་ཡོངས་སུ་བཟླས་ནས་བཏུང་བར་བྱའོ།། ཡིད ་ཀྱིས་བརྗོད་པས་བཙོ་བར་བྱ་སྟེ་ཇི་སྲིད་དུ་ཆོས་ཀྱི་བར་དུའོ། ། དེ་ནས་ཟས་ཁམ་དང་པོ་ལ་ལན་གསུམ་ཡོངས་སུ་བཟླས་ནས་དུས་མ་ཡིན་པར་བརྒྱད་བརྒྱར་བཟླས་པ་བྱས་ནས་དེ་བཞག་པར་བྱའོ།། ལས་ཀྱི་སྒྲིབ་པ་ཐམས ་ཅད་རྣམ་པར་དག་པར་འགྱུར་རོ། ། ངག་ཀྱང་ཡོངས་སུ་དག་པར་འགྱུར་ཏེ། ཉི་མ་རེ་རེ་ལ་ཤོ་ལོ་ཀ་བརྒྱ་འཛིན་པར་བྱེད་དོ།། དེ་བཞིན་དུ་ཉི་མ་བདུན་དུ་ཚུལ་ལན་བདུན་བཟླས་པས་སོ།། ལྡོང་རོས་ཨ་ཤྭཏྠའི ་འདབ་མའི་ནང་དུ་གཏུམས་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། གཟུགས་བརྙན་གྱི་སྤྱན་སྔར་ཨ་པཱ་མཱརྒའི་ཡམ་ཤིང་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག ་བྱའོ། ། རྒྱལ་པོ་རྒྱལ་པོའི་བློན་པོ་དང་བཅས་པ་དབང་དུ་འགྱུར་རོ།། འོ་མཐུང་བའམ་ལོམ་བ་བ་གསོ་སྦྱོང་ཅན་གྱིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འབུམ་ཕྲག་གསུམ་ཟློས་ཤིག། དེ་ནས་ནག་པོའི་བརྒྱད་པ ་འམཿནག་པའི་བཅུ་བཞི་པ་ལ་ཏ་ལ་ནས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། ཀར་ཤཔ་སྟོང་ཆུད་དོ།། གཟུགས་བརྙན་གྱི་སྤྱན་སྔར་གུ་ཕུལ་གྱི་རོལ་དུ་སྟོང་ཕྲག་རྒྱད་སྦྱིན་མུག་ཅེས ་ཤིག། གང་འདོད་པའི་སྐྱེས་པ་དང་། བུད་མེད་དབང་དུ་འགྱུར་རོ།། གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱོས་ཤིག། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཡང་ན་རྒྱལ་པོའི་ཕོ་བྲང་དུ་དག ་འཛིན་པར་འགྱུར་རོ། ། ཤུ་དག་ཁར་བཅུག་སྟེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བཞིན་པ་ལ་དབང་དུ་བྱེད་དོ།། ངུ་བ་འཐུལ་བཞིན་པ་ལ་མི་སྣང་བར་འགྱུར་རོ།། འབར ་བས་ནམ་མཁའ་ལ་འགྲོ་བར་བྱེད་དོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་ནག་པོའི་བརྒྱད་པ་ནས་བརྩམས་ཏེ་པདྨ་འབུམ་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ།། ཙན་དན་དམར ་པོ་ལས་བྱུང་བའི་སོར་བཅུ་དྲུག་པ་ལ་བཟོ་བོ་གསོ་སྦྱོང་ཅན་གྱིས་ཤིང་གི་དབྱུག་པ་བྱེད་དུ་གཞུག་གོ། ། དེ་ནས་རས་རིས་ཀྱི་སྤྱན་སྔར་ཉིན་མཚན་དུ་སྨྱུང་བར་གནས་པས་འབུམ་ཕྲག་གསུམ་བཟླས་པར་བྱའོ།། ཟླ་བ ་ཉལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཤིང་གི་དབྱུག་པ་ལག་པ་གཡས་པས་བླངས་ཏེ། ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བཞིན་པ་ལ་སྨྲ་བར་བྱ་བ་འདོད་པ་ཐམས་ཅད་མྱུར་དུ་སྨྲ ་བར་འགྱུར་རོ། ། དུབ་འཐུལ་བས་མི་སྣང་བར་འགྱུར་རོ།། འབར་བས་ནམ་མཁའ་ལ་འགྲོའོ།། རས་རིས་ལ་གོས་དཀར་པོས་ཀུན་ནས་གཡོག་པར་བྱས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། ་འཁོར་སྟོང་དང་བཅས་པ་འཕུར་བར་བྱེད་དོ།། རས་རིས་ཀྱི་སྤྱན་སྔར་འོ་མ་དང་ནས་ཟན་ཟ་ཞིང་མི་སྨྲ་བར་ཀུ་ཤ་བཏིང་བའི་མལ་སྟན་ལ་ཚེས་གཅིག་ནས་བརྩམས་ནས། ཇི་སྲིད་ཟླ་བ་ཉའི་བར་དུ་འབུམ་ཕྲག་བཅུ་དྲུག་བཟླས ་པར་བྱའོ། ། ཨུ་དུམ་ཝ་རའི་ལམ་ཤིང་གིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ནད་ཐམས་ཅད་སེལ་བར་བྱེད་དོ།། དེ་ལ་ལྕགས་ལས་བྱུང་བའི་པདྨ་སོར་དྲུག་པ་འམ་བརྒྱད་པ་བྱས་ནས། རིང་བསྲེལ་དང་བཅས ་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་དུས་གསུམ་དུ་ཡོངས་སུ་བཟླས་པར་བྱའོ། ། འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ། ཕྱི་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས ་རིས་ཀྱི་སྤྱན་སྔར་པདྨ་བཞག་ནས། ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་བླངས་པ་ཙམ་གྱིས་འཁོར་དང་བཅས་པ་སྒྲ་ལི་ཞིང་འཁྱིལ་བར་འགྱུར་རོ།། ཡིད་ཀྱིས་བྱེ་བ་ཟློས་ཤིག། འགྲུབ་པར་འགྱུར་རོ།། ་གང་ཅུང་ཟད་བསམས་པ་མ་ཚང་བ་མེད་པར་ཕུན་སུམ་ཚོགས་སོ།། ཕྱོགས་གང་དུ་འགྲོ་བ་དེར་བོང་བ་ལ་ལན་བདུན་བཟླས་པ་བྱས་ནས་འཕང་བར་བྱ་སྟེ། གདུག་པ་ཐམས་ཅད་གནོན་པར་འགྱུར་རོ།། གོས་ལ ་མངོན་པར་བསྔགས་ནས་བགོ་བར་བྱ་སྟེ། བྱ་བ་རྩོམ་པ་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ།། གདོང་ལ་ཀུན་ཏུ་བྱ་བས་ན་སྨྲ་བའི་མཆོག་ཏུ་འགྱུར་རོ།། དུག་རབ་ཏུ་ཉམས་པ་ལྡང་དུ་འཇུག་པར་བྱེད་དོ།། ། ་འབྱུང་པོའི་གདོན་གྲོལ་བར་བྱེད་དོ།། བགེགས་མཐུ་མེད་པར་བྱེད་དོ།། ཁྱིམ་དུ་རས་རིས་བཞུགས་སུ་བཅུག་ན་ཁྱིམ་གྱི་བདག་པོར་འགྱུར་རོ།། སོ་བའི་ཕུང་པོར་བཞུགས་སུ་བཅུག་ན་སོ་བ་འཕེལ་བར ་འགྱུར་རོ། ། དེ་བཞིན་དུ་འདབ་མར་བཞུགས་སུ་འཇུག་པར་བྱེད་ན་དེའི་དངོས་གྲུབ་ཏུ་འགྱུར་རོ།། དེ་བཞིན་དུ་ཡོན་ཏན་བརྗོད་པ་གཞལ་དུ་མེད་པ་སྐྱེའོ།། དེ་ནས་ཞི་བ་ཅན ་བྱེད་པར་འདོད་ན་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མཆོག་ཏུ་ཞི་བར་འགྱུར་རོ།། རྒྱས་པ་ཅན་ལ་ཏིལ་དང་། འབྲས ་ཐུག་པོ་ཆེ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་ལ་སོགས་པ་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་སྟོང་ཕྲག་བརྒྱད ་སྦྱིན་སྲེག་གྱིས་ཤིག། མཆོག་ཏུ་རྒྱས་པར་འགྱུར་རོ།། རས་རིས་ཀྱིས་སམ་རས་རིས་མེད་པས་ཀྱང་རུང་སྟེ། གསོ་སྦྱོང་ཅན་གྱིས་སྐྱབས་གསུམ་ཡོངས་སུ་བཟུང་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ།། ་སྟོང་ཕྲག་བཅུ་བཟླས་པར་བྱའོ།། དེ་ནས་ཟླ་བ་ཉ་ལ་ཟླ་བ་གཟས་བཟུང་བ་ན་འདོད་པ་ཅན་ཐམས་ཅད་ལ་གཏོར་མ་བྱིན་ནས་ཉིན་མཚན་དུ་སྨྱུང་བར་གནས་ཏེ་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ།། དེ་ནས་ལས ་ཐམས་ཅད་ནུས་པར་འགྱུར་རོ། ། ཁྱད་པར་ཐམས་ཅད་རང་གིས་ལེན་པར་བྱེད་དོ།། ཀུན་ནས་བྱབས་པ་ཙམ་གྱིས་འཚོ་བར་བྱེད་དུ་འཇུག་གོ།། ཆུ་ལ་ལན་བདུན་བཟླས་པས་བསྔགས་པར་གྱིས་ཤིག ་ཀུན་ཏུ་མྱུར་བར་འཐུངས་ན་རང་གི་གནས་སུ་འགྱུར་རོ། ། གདོན་དང་སྲོག་ཆགས་ལ་ཡུངས་ཀར་གྱི་སྦྱིན་སྲེག་སྟོང་གིས་ལྷ་མ་ཡིན་གྱི་ཕུག་གི་སྒོར་ད་ལྟར་རབ་ཏུ་བཞག་ནས་ངེས་པར་གནས་པས་འབུམ་བཟླ ་བར་བྱའོ། ། ལྷ་མ་ཡིན་གྱི་བུ་མོ་ངེས་པར་སོང་ནས་རབ་ཏུ་འཇུག་པར་བྱེད་དོ།། དེ་རབ་ཏུ་གནས་པས་གང་ཚོལ་བ་དེ་རྙེད་དོ།། གང་དུ་འདོད་པ་དེར་ཀུན་ཏུ་གནས་སོ།། རྒྱ་མཚོའི་འགྲམ་དུ་རས་རིས་སོ་སོར ་བཞུགས་ནས་རས་རིས་ལ་འབུམ་བཟླས་པས་ཀླུའི་རྒྱལ་པོ་རྒྱ་མཚོ་འང་རང་གི་གནས་སུ་རྗེས་སུ་འཇུག་པར་བྱེད་དོ། ། དེ་ལ་ཡིད་བཞིན་གྱི་ནོར་བུ་བརྩལ་བར་བྱ་སྟེ། དེ་བླངས་ནས་འདོད་པ་ཐམས་ཅད་ལ་སྤྱོད་པར་འགྱུར་རོ།། ་དེ་བཞིན་གཤེགས་པའི་ཞིང་དུ་སྤྱོད་པར་བྱེད་དོ།། བསྐལ་པར་གནས་ཤིང་ཐོགས་པ་མེད་པར་འགྱུར་རོ།། གཞོན་ནུ་མས་བཀལ་བའི་སྐུད་པ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་མདུད་པ ་བྱའོ། ། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཅིངས་པར་འགྱུར་རོ།། ཆུ་ཀླུང་ངམ། ཆུ་གླིང་དུ་བསོད་སྙོམས་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ།། མི་སྣང་བར་འགྱུར་རོ།། ཙརུ ་ཟ་ཞིང་ཆུ་ཀླུང་འདུས་པར་འབུམ་ཟློས་ཤིག། མི་སྣང་བར་འགྱུར་རོ།། མི་སྣང་བ་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར་རོ།། ཡང་དག་པར་སྡོམ་པས་ལྷུང་བཟེད་ལག་པ་གཡས་པས་བླངས་ཏེ་སྐྱིལ་མོ་ཀྲུང ་གིས་ཉེ་བར་འདུག་ལ། རས་རིས་ཀྱི་སྤྱན་སྔར་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། རིག་པ་འཛིན་པར་འགྱུར་རོ།། བསྐལ་པར་གནས་ཤིང་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱིས་ཕྱག་བྱས ་པར་འགྱུར་རོ། ། ལྷུང་བཟེད་དང་འཁར་གསོལ་ལ་སོགས་པ་རྣམས་ལ་ཆོ་ག་འདི་ཉིད་ཀྱིས་སོ།། ཉི་ཟླ་གཟས་བཟུང་བ་ན་དགེ་སློང་གིས་བསྒྲུབ་པར་བྱ་སྟེ། ཐམས་ཅད་འདི་ཉིད་ཁོ་ནས་བྱ་སྟེ་བསྐལ་པར་གནས ་ཤིང་ཚངས་པར་སྤྱོད་ཅིང་ཐོགས་པ་མེད་པར་འགྲོ་བ་དང་། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་དོ།། བ་ལང་གི་གཅིན་དང་ནས་ཟན་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ།། ཡུལ ་གྲུ་བརྒྱད་སོ་སོར་རྙེད་དོ། ། སུ་སི་ལཱ་ཀའི་འདབ་མ་རྣམས་ཀྱིས་སྡིག་པ་དང་། སྡོམ་དང་། དུག་ཐམས་ཅད་འཇོམས་པར་བྱེད་དོ།། འབུམ་ཕྲག་གཉིས་བཟླས་པས་སྦྲུལ་གྱི་མཆེ་བའི་དུག་ཀུན་ཏུ་འཇོམས ་པར་བྱེད་དོ། ། སྣ་མའི་མེ་ཏོག་གིས་ཐམས་ཅད་ཀྱི་ནང་དུ་འབུམ་ཟློས་ཤིག། རིམས་ཀྱིས་བཏབ་པ་ཀུན་ཏུ་རིག་པར་བྱེད་དོ།། འབུམ་ཕྲག་གསུམ་བཟླས་པས་རང་གི་གནས་སུ་འགྱུར་རོ།། མལླི་ཀ་དང ་ཨུཏྤ་ལ་དང་། ཀུ་མུ་ད་དང་། སོ་གནྡྷ་ཏི་ཀ་ལ་སོགས་པ་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་ཏེ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཀྱིས་ཤིག། རྒྱལ་པོ་དང་། རྒྱལ་པོའི་བློན ་པོའམ། བྲམ་ཟེ་མདུན་ན་འདོན་ཡང་རུངས་སྟེ་མཚན་མོ་བདུན་གྱིས་དབང་དུ་བྱེད་དོ།། རིག་པས་ཉམས་པ་ལ་གུར་ཀུམ་གྱིས་གྲོ་གའི་འདབ་མ་ལ་བྲིས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིང་བསྲེལ་དང ་བཅས་པའི་མཆོད་རྟེན་དུ་བརྒྱ་བཟླས་པར་བྱའོ། ། ཐོ་རངས་གང་བར་འགྱུར་རོ།། ཡུངས་ཀར་ལ་ལན་བདུན་བཟླས་པ་གྲོང་ངམ་གྲོང་ཁྱེར་དུ་ཐོར་ཅིག། དེར་སེམས་ཅན་རྣམས་ཤིང་བཞིན་ས་ཉིད་ལོག་པར ་བྱེད་དོ། ། ཇི་སྲིད་ཉི་མ་འཆར་གྱི་བར་དུའོ།། བུད་མེད་དམ་སྐྱེས་པའང་རུང་སྟེ་དབང་དུ་བྱེད་པར་འདོད་ན་ཕྱོགས་གང་ན་དེའི་ཁྱིམ་ཡོད་པའི་ཕྱོགས་དེར་ཁ་བལྟས་ཏེ། མཚན་མོ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས ་ན་རྨི་ལམ་དུ་མཐོང་བ་སྦྱིན་ཞིང་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། ། ཆུ་ལ་ལན་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་ཀྱི་མཆུ་བཅིང་བར་བྱེད་དོ།། གཏེར་བཅིང་བ་ལའང་སེང་ལྡེང་གི་ཕུར་པ་ལ་ལན་ཉི་ཤུ་རྩ ་གཅིག་བཟླས་ནས་གཏེར་གྱི་གནས་སུ་གྲཝ་བཞི་རྣམས་སུ་གདབ་བོ། ། གཏེར་བཅིང་བ་བྱས་པར་འགྱུར་རོ།། ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཆུ་ལ་གཏོར་ན་ཉ་པ་རྣམས་ཀྱིས་ཉ་འཇོམ ་པར་མི་ནུས་སོ། ། སེ་ཕ་ལི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མི་སྣང་བར་བྱེད་དོ།། རྟའི་སྤངས་ལ་ལན་བདུན་བཟླས་པས་འདུག་པ་སྦྱིན་པར་བྱའོ།། སྦལ་པ་འཇོམས་སོ།། ་མེ་ཏོག་གམ་འབྲས་བུས་ཀྱང་རུང་སྟེ་ལན་བདུན་བཟླས་པས་སྦྲང་བུ་འཇོམས་སོ།། དབང་དུ་བྱེད་པ་ལ་རྒྱལ་པོའི་སྒོར་སོ་ཤིང་ཟ་བ་ལ་སོ་ཤིང་སྦྱིན་པ་དང་། འབྲས་བུ་སྦྱིན་པ་དང་། དྲི་སྦྱིན་པའོ།། ས ་གཞི་བཅིང་བ་དང་། ཆོམ་རྐུན་བཅིང་བ་དང་། མཆེ་བ་ཅན་ཐམས་ཅད་རེངས་པ་དང་། གཏན་པ་གཅོག་པ་དང་། མེ་རེངས་པ་དང་། དུག་འདྲེན་པ་དང་། དུག་འཕོ་བ་དང་། དུག་བཅིང་བ་དང་། ་འབྱུང་པོ་དབང་དུ་བྱེད་པ་དང་། མཁའ་འགྲོ་མའི་གདོན་ལས་འགྲོལ་བ་དང་། རིམས་མངག་པ་དང་། བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། རོ་བླངས་སློང་བར་བྱེད་པ་དང་། ཕུག་ཏུ་འཇུག ་པར་བྱེད་པ་དང་། མཚམས་བཅིང་བ་རྣམས་ལའང་བཟླས་པ་ཙམ་གྱིས་སོ།། མི་སྣང་བར་འདོད་པས་ཤིང་ཤ་ཏཱ་བ་རིའི་རྩ་བ་ལ་སྟོང་མངོན་པར་བསྔགས་པ་བྱས་ནས་ལག་པས་ཆིངས་ཤིག། མི་སྣང་བར ་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་བཟླས་པ་བྱས་ནས་ཕྱི་ནས་མེ་ཏོག་བརྒྱད་པ་དཔའ་བོའི་རིན་གྱིས་ཉོས་པ་བླངས་ཏེ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག ་བྱའོ། ། ཇི་སྲིད་རྩ་བའི་རིན་གྱི་ཚད་དུ་བྱས་པས་བརྒྱ་འགྱུར་གྱི་རིན་རྙེད་དོ།། དེ་ནས་ཟླ་བ་གཟས་བཟུང་བ་ན་བྱང་ཆུབ་ཤིང་གི་འོག་ཏུ་དྲི་དང་། མེ་ཏོག་དང་། འདུག་པས་མཆོད་པ་བྱས་ནས་ལྡོང ་རོས་སྲང་གཅིག་བླངས་ཏེ། ཨ་ཤྭཏྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། ལུས་རྣམ་པར་བཅོམ་ནས་གཞག་པར་བྱ་སྟེ། སྐད་ཅིག་དེ་ཉིད་ལ་དེ་སྐྱེ ་སྟེ་རིག་པ་འཛིན་པར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ།། ལྷའི་རྣ་བ་དང་། ཡིད་ལྟར་མགྱོགས་པ་དང་། ཉི་མ་འཆར་ཀའི་མདོག་ཅན ་རིག་པ་འཛིན་པ་ཐམས་ཅད་ཀྱིས་མང་དུ་འདོད་པར་འགྱུར་རོ། ། རིག་པ་འཛིན་པ་བརྒྱ་ཕྲག་གིས་ཡོངས་སུ་བསྐོར་བར་འགྱུར་རོ།། གིའུ་ཝང་སྒྲུབ་པར་འདོད་པས་འོ་མ་དང་ནས་ཟན་ཟ་ཞིང་འབུམ་བཟླས ་པར་བྱའོ། ། ཟླ་བ་གཟས་བཟུང་བ་ན་ལོ་མ་བདུན་པའི་འདབ་མའི་སྟེང་དུ་ཕྱིན་ནས། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གིའུ་ཝང་རྣམ་པར་དོར་ནས་ཇི་སྐད་གསུངས་པའི་ཆོ་གས་བསྒྲུབ་པར་བྱའོ།། ་ཇི་སྲིད་འབར་བར་གྱུར་པར་རོ།། ཐིག་ལེ་བྱས་ན་རྒྱན་གྱིས་བརྒྱན་པའི་རིག་པ་འཛིན་པ་འདོད་པའི་གཟུགས་ཅན་དུ་འགྱུར་ཏེ། ལོ་སྟོང་དུ་འཚོ་བར་འགྱུར་རོ།། མིག་སྨན་སྒྲུབ་པར་འདོད་པས་སཽ་བཱ་ཪྻ ་མ་ན་སྲང་གཅིག་ཟངས་ནས་མེས་གདུང་བཟང་པོར་བྱས་ནས་མིག་སྨན་གྱི་ལས་རྣམས་རྟོགས་པར་བྱ་སྟེ། ཟླ་བ་གཟས་བཟུང་བ་ན་ཆུར་རབ་ཏུ་ཞུགས་ནས་ཇི་སྲིད་གྲུལ་བུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར ་བྱའོ། ། སྐད་ཅིག་ལ་གཅག་པ་ཙམ་གྱིས་གཟི་བརྗིད་དང་ལྡན་པའི་རིག་པ་འཛིན་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་རྒྱན་པ། རྣ་རྒྱན་དང་ཅོད་པན་འཆང་བའི་རིག་པ་འཛིན་པ་རྣམས་ཀྱིས་མི་གནོད་པར ་འགྱུར་ཞིང་འཁོར་དང་བཅས་པ་འཕུར་བར་བྱེད་དོ། ། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། པདྨ་འམ་ཨུཏྤ་ལ་འབུམ་སྦྱིན་སྲེག་བྱའོ།། གསེར་སྟོང་སོ་སོར་རྙེད་དོ།། པ་ལཱ་ཤའི་ཡམ་ཤིང་འབུམ ་སྦྱིན་སྲེག་བྱའོ། ། གསེར་སྟོང་རྙེད་དོ།། མཚན་མོ་གསུམ་དུ་སྨྱུང་བར་གནས་པས་འོ་མ་དང་ནས་ཟན་ཟ་ཞིང་བསྒྲུབ་པར་བྱ་སྟེ། རྒྱལ་པོ་དབང་དུ་བྱེད་དོ།། འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྤར ་ནས་ཡུངས་ཀར་དཀར་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་ཉི་མ་བདུན་ནམ། མདུན་གཉིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། ལྷག་པར་རྟོགས་པ་དབང་དུ་འོང་ངོ་།། ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པ་ལ་ཨརྐའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཉི་མ་བདུན་དུ་ཐུན་གསུམ་དུ་ཡུངས་ཀར་རྒྱལ་པོའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། རིགས་བཞི་དབང་དུ་བྱེད་པ་ལ་རས་རིས་ཀྱི ་སྤྱན་སྔར་ཉི་མ་དུན་དུ་ཐུན་གསུམ་དུ་ཏིལ་ནག་པོ་དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཀྱིས་ཤིག། སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ།། ཆོ་ག་འདི ་ཉིད་ཀྱིས་ཏིལ་གྱི་སྦྱིན་སྲེག་གྱིས་ཤིག། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ཨརྐའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག། གསེར་སྲང་བརྒྱ་རྙེད་དེ།། ཤིང་པི ་ནཱ་ཀའི་སྤྱིར་སྲེག་གྱིས་ཤིག། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཏམྦུ་ལའི་ཕྱེ་མ་འབུམ་སྦྱིན་སྲེག་གྱིས་ཤིག། ཅོད་པན་བཅིངས་པར་འགྱུར་རོ།། ཕྱགས་པས་མིག་ནད་སོལ་བར་བྱེད་དོ།། ་རིམས་ཀྱིས་བཏབ་པ་ལ་ཀུ་ཤས་ཕྱགས་པས་སོ།། གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བརྒྱད་བརྒྱ་བཟླས་ཏེ་ཆིངས་ཤིག། སྐལ་བ་བཟང་པོར་འགྱུར་རོ།། ཨརྐའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ ་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། བཟའ་བ་མི་ཟད་པ་འབྱུང་བར་འགྱུར་རོ།། འབྲུ་ཐམས་ཅད་གནས་གཅིག་ཏུ་བྱས་ནས་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། འབྲུ་ཐམས་ཅད་མི་ཟད་པར་འགྱུར་རོ།། ། ་པདྨའི་དཀྱིལ་འཁོར་གྱི་སྒོ་ང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། བ་ལང་སྐྱེ་བར་འགྱུར་རོ།། གི་ཧཾ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས། གང་གི་མིང་གི་འཚེང་བའམ་བྱིན་པ་དེ་དབང་དུ ་འགྱུར་རོ། ། ཤིང་ཝ་ཊ་འཚང་བ་ཅན་གྱི་སྦྱིན་སྲེག་གྱིས་ཤིག། རྫས་ཟད་མི་ཤེས་པར་འགྱུར་རོ།། སྦྲང་རྩི་ཅན་གྱི་ཤིང་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། ནོར་སྐྱེ་བར་འགྱུར་རོ།། ལྡོང་རོས་དང་། ་བཟླ་དང་། ཅུ་གང་གཅིག་ཏུ་བྱས་ནས་རས་རིས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱ་སྟེ། བྱང་ཆུབ་ཤིང་གི་འདབ་མར་བཞག་ནས་ཟློས་ཤིག། དེ་ནས་དེས་གཽ་རུ་ཝང་གྲུབ་པར་འགྱུར་རོ།། ་བུད་མེད་དམ་སྐྱེས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། འབྲས་ཡོས་ཀྱི་སྲེག་ཟུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཇི་སྲིད་ཉི་མ་བདུན་གྱི་བར་དུའོ།། བགེགས་མེད་པར་འགྱུར་རོ།། རས ་རིས་ཀྱི་སྤྱན་སྔར་དོང་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག། རྣམ་པར་བརྟགས་པའི་གོས་བྱེ་བ་བཅུ་གཉིས་རྙེད་དོ།། ཟན་དང་ཞོ་ལྷན་ཅིག་སྦྱིན་སྲེག་གྱིས་ཤིག། ཇི་སྲིད་འཚོའི་བར་དུ་བཟའ ་མ་ཚང་བ་མེད་པ་ཉིད་དུ་འགྱུར་རོ། ། མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། གྲོང་རྙེད་དོ།། བྱེ་བ་བཟླས་པས་འཁོར་བརྒྱ་དང་བཅས་པའི་རིག་པ་འཛིན་པར་འགྱུར་རོ།། བུད་མེད ་དམ་སྐྱེས་པ་དབང་དུ་བྱེད་པར་འདོད་པས་གུ་གུལ་གྱི་རིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་སྦྱིན་སྲེག་བྱ་སྟེ་མིང་སྨོས་པ་དེ་དབང་དུ་འགྱུར་རོ། ། ཤུ་དག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ ་བཟླས་ནས་ཁར་བཅུག་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། ། ལམ་དུ་འབུམ་ཟློས་ཤིག། བཟའ་བ་དང་བཏུང་བ་ཞིམ་པོ་གང་བླངས་པ་རྙེད་དོ།། འབུམ་སྦྱིན་སྲེག་གྱིས་ཤིག། དཔལ་དང་ལྡན་པར ་འགྱུར་རོ། ། ཏིལ་དང་འབྲས་ཐུག་པོ་ཆེ་རྣམས་མཱ་ཤ་དང་ལྷན་ཅིག་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། གང་འདོད་པ་དེ་དབང་དུ་བྱེད་དོ།། སིནྡྷུ་ཝཱ་རའི་མ་རབ་ཏུ་སྦར་ནས་བཙོས་པ་ཐམས་ཅད ་ཀྱི་ཕུད་ཀྱི་སྦྱིན་སྲེག་གྱིས་ཤིག། ཇི་ལྟར་གྲུབ་པ་དང་བཟའ་བ་ཟད་མི་ཤེས་པར་འགྱུར་རོ།། གང་འདོད་པའི་ཅོད་པན་བཅིངས་པ་རྙེད་དོ།། ནིམྦའི་མེ་ཏོག་འབུམ་གྱི་སྦྱིན་སྲེག་གྱིས་ཤིག ་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། མ་ཉམས་པའི་འབྲས་སཱ་ལ་དང་ཐུག་པོ་ཆེ་རྣམས་འབུམ་སྦྱིན་སྲེག་གྱིས་ཤིག། གྲོང་རྙེད་དོ།། མྱ་ངན་མེད་པའི་ཤིང་གིས ་མེ་རབ་ཏུ་སྦར་ནས་ལྷའི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག། ཡུལ་ཕྱོགས་ཀྱི་རྒྱལ་སྲིད་སོ་སོར་རྙེད་དོ།། སྲ་རྩི་པོག་གི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག། ཉ་མ་སོ་སོར་དོང་ཚེ་རེ་རེ་སོ ་སོར་རྙེད་དོ། ། ཛཱ་ཏིའི་སྙིང་པོ་འབུམ་སྦྱིན་སྲེག་གྱིས་ཤིག། བུ་མོ་གང་དོན་དུ་གཉེར་བ་དེ་སོ་སོར་རྙེད་དོ།། རས་རིས་ཀྱི་སྤྱན་སྔར་ཨ་ཀ་རུའི་བདུག་པ་སྲེགས་ཏེ་འབུམ་བཟླས་སོ།། དེ་ནས་ཡུལ་དེའི ་རྒྱལ་པོ་བཀའ་བསྒོ་བ་བྱེད་པར་འགྱུར་རོ། ། སློང་མོ་ཟ་བ་འམ་ཙ་རུ་ཟ་བས་གསོ་སྦྱོང་ཅན་གྱིས་འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ་སོའི་རྒྱལ་སྲིད་སོ་སོར་རྙེད་དོ།། འོ་མ་དང་ནས་ཟན་ཟ་བར་གྱུར་པས་འབུམ་ཕྲག ་བརྒྱད་བཟླས་ཏེ་པདྨ་དཀར་པོ་འབུམ་དབུལ་བར་བྱའོ། ། ཀུན་ནས་རྒྱལ་སྲིད་སོ་སོར་རྙེད་དོ།། དུར་བྷ་དང་བྱུ་རུ་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱས་ན་ཚེ་རིང་པོར་འགྱུར་རོ།། ཡུངས་ཀར་དཀར་པོ་སྟོང་ཕྲག ་བརྒྱར་སྦྱིན་སྲེག་གྱིས་ཤིག། ནད་ལས་གྲོལ་ལོ།། འོ་མའི་སྣོད་ཀྱིས་ཨ་མྲའི་འདབ་མ་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། པྲི་ཡང་ཀུའི་སྙིང་པོ་ཚད ་གང་ཡིན་པ་འབུམ་སྦྱིན་སྲེག་བྱེད་པ་ཚད་དེའི་དོང་ཚེ་རྙེད་དོ། ། འོ་མའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ནད་གྲོལ་ལོ།། བཟའ་བ་དོན་དུ་གཉེར་ན་བཟའ་བའི་སྦྱིན་སྲེག་གྱིས་ཤིག། ་རིའི་རྩེ་མོར་འཛེགས་ཏེ་སློང་མོ་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ།། མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤཏྠའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ་ལ་ཞོ་དང་། སྦྲང་རྩི་དང ་མར་གྱིས་བཏགས་པ་མཚན་ཐོག་ཐག་ཏུ་སྦྱིན་སྲེག་གྱིས་ཤིག། རྒྱལ་པོར་འགྱུར་རོ།། ཏིལ་དང་མར་གྱི་སྦྱིན་སྲེག་གིས་ཐམས་ཅད་སྒྲུབ་པར་བྱེད་དོ།། སྦྲང་རྩིས་སྦྱིན་སྲེག་གྱིས་ཤིག། སྐྱེ་བོ་ཐམས ་ཅད་དགའ་བར་འགྱུར་རོ། ། མར་གྱི་སྦྱིན་སྲེག་གྱིས་ཤིག། གཟི་བརྗིད་དང་ལྡན་པར་འགྱུར་རོ།། འོ་མའི་སྦྱིན་སྲེག་གྱིས་ཤིག། ཞི་བར་འགྱུར་རོ།། ཞོའི་སྦྱིན་སྲེག་གྱིས་ཤིག། རྒྱས་པར ་འགྱུར་རོ། ། རིའི་རྩེ་མོར་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་བཞུགས་ནས་པདྨ་སྟོང་ཕྲག་བརྒྱ་ཕུལ་ཅིག། རྒྱལ་པོའམ་ཡུལ་གྱི་བདག་པོར ་འགྱུར་རོ། ། ལས་རྣམས་གྲུབ་པར་མ་གྱུར་ན་ཡུལ་གྲུ་བརྒྱ་རྙེད་དོ།། རྒྱལ་པོ་དབང་དུ་བྱེད་པ་དང་ཀུན་ནས་འདུག་པར་བྱེད་པ་ལ་ཟླ་བ་གཟས་བཟུང་བ་ན་བ་སེར་སྐྱའི་མར་ཟངས་ཀྱི་སྣོད་ཀྱི་སྣོད་དུ་འཇོག་ཏུ་བཅུག ་ནས་ཟངས་ཀྱི་ཐུར་མ་ལ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། ། ལྦུ་བ་འབྱུང་བཞིན་པ་ལ་ཐོས་པ་འཛིན་པར་འགྱུར་རོ།། དུ་བ་འཐུལ་བཞིན་པ་ལ་མི་སྣང་བར་འགྱུར་རོ།། ་འབར་བས་ནམ་མཁའ་ལ་འགྲོའོ།། མངོན་སྤྱད་པ་བྱས་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཟླ་བ་ཉའི་བར་དུ་མེ་ཏོག་གི་ཕུར་མ་དང་བླ་རེ་ཡོངས་སུ་བྲེ་བ་བྱས་ནས་དྲི་ཞིམ་པོའི་དྲིས་མཐོ་གང ་གི་ཚད་ཀྱི་དཀྱིལ་འཁོར་བྱས་ནས། རྣམ་པ་སྣ་ཚོགས་པའི་དྲི་དང་མེ་ཏོག་གི་མཆོད་པ་བྱས་ནས་གཏོར་མ་དབུལ་ཞིང་། མར་གྱི་མར་མེ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ།། ་དེ་ནས་ས་གའི་ཟླ་བ་ཉ་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ཇི་སྲིད་གང་དུ་བཻ་གྷསྟ་ནི་ཏ་ཞེས་པའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་མྱུར་དུ་མཚན་མ་སྐྱེ་བར་འགྱུར་ཏེ། མེ་ཏོག་གི་ཆུན་པོ ་གཡོ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། འོད་ཟེར་འབྱུང་བ་དང་། རས་རིས་འགུལ་བ་སྟེ། འདི་རྣམས་མཐོང་ནས་གང་སྒྲུབ་པར་བྱེད་པ་དེ་འགྲུབ་སྟེ། སྡིག་པ་ཟད་པར་ཡང་འགྱུར་རོ།། ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དབང་དུ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར ་མཚན་མོ་བདུན་དུ་ཐུན་གསུམ་དུ་སེང་ལྡེང་གི་སོལ་བས་མེ་རབ་ཏུ་སྦར་ནས་ལན་ཚྭ་དང་། ཏིལ་དང་། ཡུངས་ཀ་ར་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན ་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། ཆུ་དང་། ཐལ་བ་དང་། ཡུངས་ཀར་གང་ཡང་རུང་བ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་ཕྱོགས་བཞིར་ཐོར་ཅིག། དཀྱིལ་འཁོར་བཅིང ་བ་བྱས་པར་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་གཏོར་མ་ཕུལ་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། པདྨའི་འདབ་མར་གིའུ་ཝང་བཞག་ནས་སྐྱིལ་ཀྲུང་གིས་ཉེ་བར་འདུག་སྟེ། ཇི་སྲིད ་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དྲོ་བཞིན་པ་ལ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་ལོ་སྟོང་དུ་འཚོ་བར་བྱེད་དོ།། དུ་བ་འཐུལ་བཞིན་པ་ལ་ལོ་སྟོང་དུ་འཚོ ་བར་བྱེད་ཅིང་དཔག་ཚད་སྟོང་ཕྲག་ཏུ་འགྲོ་ཞིང་དེ་ཉིད་དུ་འོང་བར་བྱེད་དོ། ། གྲུབ་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་ཞིང་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ཡིད་ཀྱིས་བཟའ་བ་སྐྱེད་པར་བྱེད་དོ།། དེ་ནས ་འབར་བར་བྱེད་པ་ནི་ཉི་མ་འཆར་ཀའི་མདོག་ལྟར་སྣང་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། སྒྲ་ལི་ཞིང་ཚེ་བསྐལ་པར་གནས་པ། རིག་པ་འཛིན་པ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་གང་དུ ་འདོད་པ་དེར་འགྲོ་བར་བྱེད་དོ། ། སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་ཆོ་འཕྲུལ་གྱི་ཟླ་བའི་ཕྱོགས་ལ་དུས་གསུམ་དུ་ཁྲུས་བྱ་ཞིང་། གོས་ལན་གསུམ་བརྗེས་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་སོ། ་ཇི་སྲིད་ཟླ་བ་ཉའི་བར་དུའོ།། མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྣམ་སྦྱར་བསྒྲུབ་པར་བྱ་སྟེ། དྲི་ཐམས་ཅད་ཀྱིས་རབ་ཏུ་བྱུགས་ཏེ་མར་མེ་སྟོང་ཕྲག་བརྒྱད་སྦར་ནས་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ་ཇི་རྣམས་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་དེའི་སྟེང་དུ་སྣམ་སྦྱར་བཞག་སྟེ་ལག་པ་གཡོན་པས་མནན་ནས། ཇི་སྲིད་དུ་འཕུར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ།། འཕྲལ་དུ་ཤིང་ཏ་ལའི་ཚད་དུ ་འཕུར་བར་བྱེད་ཅིང་གནས་པ་ཚད་འདི་ཉིད་ཁོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བླང་བར་བྱའོ། ། བླངས་པ་ཙམ་གྱིས་རིག་པ་འཛིན་པར་འགྱུར་རོ།། ལྷ་དང་། ཀླུ་དང་། ་གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མདུན་དུ་བདར་ནས་ཕྱག་བྱས་པར་འགྱུར་ཞིང་རྩི་བགྱིར་ཡང་འགྱུར་རོ།། རྟག་ཏུ་སྣམ་སྦྱར་ལ་ཡོངས་སུ་བཟླས ་པར་བྱེད་པ་ནི་དེའི་ཚེ་སེམས་བསྐྱེད་པས་གདུག་པའི་སེམས་དེ་ས་ལ་ལྟུང་བར་བྱེད་དོ། ། ཡིད་ཀྱིས་སླར་ཡོངས་སུ་བཟླས་པས་ལྡང་བར་བྱེད་དོ།། མར་གསར་ལས་བྱུང་བའི་ནོར་བུ་བྱས་ནས་ཨ་ཤཏྠའི་འདབ་མ་བཞི་ལ ་བཞག་སྟེ། ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། སོས་མ་རེག་པར་ཟོ་ཞིག། ཟོས་པ་ཙམ་གྱིས་གང་སེམས་པར་བྱེད་པ་དེ་ཐམས་ཅད་སྐྱེ་བར་འགྱུར་ཏེ། འདོད་པ་མང་པོ་དང་། སྐྱེས་བུ ་བཅུའི་སྟོབས་དང་། ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་བྱེད་དོ།། སྔོན་སྤྱད་པ་བྱས་པས་ཟླ་བ་ཉ་ལ་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ ་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས། ཀུ་ཤ་ལས་བྱུང་བའི་རལ་གྲི་ལ་ཨ་ཤྭཏྠའི་འདབ་མ་བདུན་ལ་བཞག་ནས་ཁུ་ཚུར་གྱི་མཛུབ་མོས་བླངས་ནས། ཇི་སྲིད་དུ་འཕྲོ་བར་བྱེད་པ་དེ་སྲིད་དུ ་བཟླས་པར་བྱའོ། ། དེ་བླངས་པས་ནམ་མཁའ་ལ་འགྲོ་བར་བྱེད་དོ།། སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་འགྱུར་རོ།། ཐལ་བས་མེའི་ར་བའོ།། ཆུས་སམ་གསེག་མས་ཕྱོགས་བཅིང་བའོ།། ་རང་བཞིན་ཅན་གྱི་མིག་སྨན་བླངས་ནས་ལན་ཉི་ཤུ་རྩ་གཅིག་བཟླས་པས་མིག་ལ་བསྐུ་བར་བྱ་སྟེ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། མིག་སྨན་དང་། རྒྱ་སྤོས་དང་། རུ་རྟ་དང་། ཤུ་དག་དང ་པདྨའི་གེ་སར་དང་། གིའུ་ཝང་དང་། ནག་གེ་སར་དང་། གླ་རྩིལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པས་ཀུན་ནས་བྱུགས་ཤིག། ཐམས་ཅད་དགའ་བར་འགྱུར་རོ།། ལན་ཚུལ་ལན་ཉི་ཤུ་རྩ་གཅིག ་ཏུ་མངོན་པར་བསྔགས་པས་གང་གི་ཁྱིམ་དུ་མངོན་པར་ཕྱོགས་པས་འཐོར་བར་བྱེད་ན་ཉི་མ་བདུན་གྱིས་དེ་དབང་དུ་འགྱུར་རོ། ། ཁྱོར་བའི་ཚུལ་ལན་བདུན་མངོན་པར་བསྔགས་པ་བྱས་ན་གང་གིས་ཁྲུས་དང་འཐུབ ་བར་བྱེད་པ་དེ་དབང་དུ་འགྱུར་རོ། ། བདག་གིས་མཐོང་བ་ལ་ཉི་ཤུ་རྩ་གཅིག་བཟླས་པས་ཇི་སྙེད་མཐོང་བ་དེ་དབང་དུ་བྱེད་དོ།། གུ་གུལ་གྱི་སྦྱིན་སྲེག་འབུམ་གྱིས་རྒྱལ་སྲིད་སོ་སོར་རྙེད་དོ།། ཨུཏྤ་ལ་དང་། ་ཀུ་མུ་ད་དང་། པུཎྜ་རཱི་ཀ་ལ་སོགས་པ་རྣམས་འབུལ་བར་བྱེད་བཞིན་པས་ནི་གང་འདོད་པ་དེ་དབང་དུ་བྱེད་དོ།། ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། མཚན་མ་གཅིག་པར་མཆོད་པ ་བྱས་ནས་ལུས་ཀྱི་གཡས་སུ་ཙན་དན་དམར་པོས་དཀྱིལ་འཁོར་ཉེ་བར་བྱུགས་ནས། ལག་པ་གཡས་པས་དཀྱིལ་འཁོར་མནན་ནས་འབོད་བཞིན་པའམ། ཇི་སྲིད་དཀྱིལ་འཁོར་ས་ནག་པོར་སྐྱེས་པ་དེ་སྲིད་དུ་བཟླས ་པར་བྱའོ། ། ལག་པ་གྲུབ་པར་འགྱུར་རོ།། ཁུ་ཚུར་བཅིངས་པས་མི་སྣང་བར་འགྱུར་རོ།། གཙུག་པུད་སྒྲུབ་པ་ལ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་མཚམས་སུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། ་དེ་ནས་གཙུག་པུད་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས་བསོད་སྙོམས་ལ་རྒྱུ་བ་ན། ཇི་ལྟར་བསོད་སྙོམས་སྟེར་བ་པོས་མཐོང་བ་དེའི་ཚེ་གྲུབ་པར་འགྱུར་རོ།། ཉི་མ་དང་པོ་ལ་སློང་མོ་གཅིག་གོ།། དེ་བཞིན ་། དུ་ཉི་མ་བདུན་གྱི་བར་དུའོ།། བསོད་ནམས་དང་མི་ལྡན་པས་ཀྱང་འགྲུབ་པར་བྱེད་དོ།། ཟླ་བ་གཟས་བཟུང་བ་ན་འོ་མ་ལ་ཡོངས་སུ་བཟླས་ནས་འཐུང་ཞིག། བཅུད་ཀྱི་ལེན་ཆེན་པོར ་འགྱུར་རོ། ། བ་ཤ་ཀའི་ཡམ་ཤིང་གི་སྲེག་བླུགས་བརྒྱས་གང་འདོད་པ་དེ་དབང་དུ་བྱེད་དོ།། རལ་གྲིལ་བརྒྱད་བརྒྱར་མངོན་པར་བསྔགས་ཏེ་ཕུག་གམ། ལྷའི་ཁྱིམ་གྱི་སྒོ་རུ་གཞག་པར་བྱའོ།། སྒོ་གླེགས་ལ ་མངོན་པར་འདུད་པས་སྒོ་དབྱེ་བར་བྱེད་དོ། ། ལན་ཅིག་བཟླས་པས་བདག་ཉིད་སྲུང་བར་བྱེད་དོ།། འོ་མའི་སྲེག་བླུགས་ཀྱིས་བུད་མེད་དབང་དུ་འགྱུར་རོ།། ཡིད་ཀྱིས་གྲུབ་པའི་གསང་སྔགས་རྣམས་རེངས་པར ་བྱེད་དོ། ། གསང་སྔགས་ཐམས་ཅད་ཕྱེ་མར་བྱེད་དོ།། ལྷ་མ་ཡིན་གྱི་བུ་མོ་དབང་དུ་བྱེད་དོ།། དྲི་ཐམས་ཅད་ཀྱི་སྲེག་བླུགས་རྒྱལ་རིགས་ཀྱི་བུད་མེད་དབང་དུ་འགྱུར་རོ།། ལྷ་དེ་དྲི་མེད་ཀྱི་སྦྱིན་སྲེག་གིས་མུ ་སྟེགས་ཀྱི་བརྟུལ་ཞུགས་པ་དང་། རབ་ཏུ་བྱུང་བ་དབང་དུ་འགྱུར་རོ།། སྙིང་ཁ་དང་ལག་པར་ལག་པ་བརྒྱར་བཞུགས་ནས་ཟློས་ཤིག། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སེམས་ཅན་ཐམས ་ཅད་འགུགས་པར་བྱེད་དོ། ། མགོ་བོ་ལ་ལག་པ་བཞག་ནས་བརྒྱད་བརྒྱར་ཟློས་ཤིག། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་དང་སྡིག་པ་རབ་ཏུ་ཞི་བར་བྱེད་དོ།། བིལ་བ་ལ་ཡོངས་སུ་བཟླས་ནས་བྱིན་ན ་སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ། ། ལྷའི་ལུས་ཀྱི་གམས་སུ་དཔག་ཏུ་མེད་པ་བཟླས་པར་བྱའོ།། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། རྒན་པོའང་དབང་དུ་འགྱུར་རོ།། ཐལ ་ལ་ལན་བདུན་མངོན་པར་བསྔགས་པས་གོ་ཆར་བྱའོ། ། སེམས་ཅན་ཐམས་ཅད་ཀྱིས་མི་ཕྱེད་དོ།། ཚུལ་བརྒྱད་བརྒྱར་བཟླས་པས་ཡན་ལག་རྣམས་ལ་སྦྱིན་དུ་ཆུག་ཅིག། ནད་ཉེ་བར་ཞི་བར་འགྱུར་རོ།། ཉིན ་མཚན་དུ་སྨྱུང་བར་གནས་པས་སེང་ལྡེང་ལ་རལ་གྲི་བྱས་ནས། ནག་པོའི་བཅུ་བཞི་ལ་བླངས་ནས་དུར་ཁྲོད་དུ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། བླངས་པ་དེས་ཐོགས་པ་མེད་པར ་འགྲོ་བར་འགྱུར་རོ། ། རལ་གྲིའི་རིག་པ་འཛིན་པ་སྐྲ་ལི་ཞིང་འཁྱིལ་བ། ཚེ་བསྐལ་པར་གནས་པ། རིག་པ་འཛིན་པ་ཐམས་ཅད་ཀྱི་མང་དུ་འདོད་པར་འགྱུར་རོ།། ཡང་ན་ཉི་མ་དང་ཟླ་བ་གཟས ་བཟུང་བ་ན་སྔོན་སྤྱད་པ་བྱས་པས་ཐོ་རངས་ལངས་ནས་རས་རིས་ལ་མཆོད་པ་བྱས་ཏེ། སློང་མོའི་ཟས་ཟ་ཞིང་ཡོན་དང་བཅས་པས་དངོས་གྲུབ་བརྩལ་བར་བྱའོ།། དེ་ནས་ངག་གི་ལས་རབ་ཏུ་འགྲུབ་པར ་འགྱུར་ཏེ། དུ་ར་བ་དང་བྱི་རུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། འཆིང་བ་རྣམས་གྲོལ་བར་བྱེད་དོ།། བདག་ཉིད་མཆོག་ཏུ་བྱེད་པ་ལ་གིའུ ་ཝང་ལ་སྟོང་ཕྲག་བརྒྱད་བཟླས་པས་དཔྲལ་བར་ཐིག་ལེ་བྱས་ཏེ། རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་མཆོག་ཏུ་བསྔགས་པར་འགྱུར་རོ།། བླངས་པ་དང་བརྗོད་པའང་ངོ་།། བུ་མོ་དབང་དུ་བྱེད་པ་ལ་སྣ་མའི་མེ ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་ཉིས་ཤིག། བུ་མོ་རྙེད་དོ།། འདི་ཉིད་ཀྱིས་རྣམ་པར་རྒྱས་པའི་བུ་མེད་རྙེད་དོ།། རིམས་ཐམས་ཅད་དང་། གདོན་ཐམས་ཅདདང་། ཕྱག་རྒྱ་ཐམས་ཅད་ཀྱང་དགདེས ་བྱིན་པས་གྲོལ་བར་བྱེད་དོ། ། དུག་ཐམས་ཅད་གསོ་བར་བྱེད་དོ།། གདོན་ལས་ཐར་བར་བྱེད་དོ།། ངག་ཉིད་ཀྱིས་ལས་རྣམས་ནི་གླང་པོ་ཟློག་པར་བྱེད་དོ།། ཚེར་མ་ཟློག་པར ་བྱེད་དོ། ། ཆོམ་རྐུན་དང་དམག་སྡེ་རེངས་པར་བྱེད་པ་དང་། མཚོན་ཆ་རེངས་པར་བྱེད་པ་དང་། ཤིང་རྟ་རེངས་པར་བྱེད་པ་དང་། མེ་རེངས་པར་བྱེད་པ་དང་། གྲུ་རེངས་པར་བྱེད་པ་དང་། འགུགས་པར་བྱ ་པ་དང་། མཆེ་བ་ཅན་རྣམས་སམ། མཆེ་བ་མེད་པའང་རུང་སྟེ་འབེབས་པར་བྱེད་པ་དང་། ཤི་བ་སློང་བ་དང་། དེ་དང་རིམས་མངག་པར་བྱེད་པའོ།། འོ་མ་དང་ནས་ཟན་ཟ་ཞིང་འབུམ་བཟླས་ཏེ་མཚན ་མོ་གསུམ་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ཏེ། མཚན་མ་གཅིག་པར་ཀུ་ཤའི་སྟེང་དུ་བཞག་སྟེ་མཆོད་པ་ཆེན་པོ་བྱས་ནས། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་ལུས་ཀྱི་གཡས་སུ་གནས ་པས་བ་བླ་དང་། ལྡོང་རོས་དང་། མིག་སྨན་དང་། བཙོད་དང་། གིའུ་ཝང་རྣམས་གཅིག་ཏུ་བྱས་ནས་ཨ་ཤྭཏྠའི་འདབ་མའི་ནང་དུ་གཏུམས་ཏེ། ཇི་སྲིད་དངོས་གྲུབ་རྣམས་པ་གསུམ་གྱི་བར་དེ་སྲིད་དུ་བཟླས ་པར་བྱའོ། ། དྲོ་བར་བྱེད་པ་དང་། དུང་འཕྲུལ་བ་དང་། འབར་བསྟེ། རྡོ་བཞིན་པ་ལ་རྐང་འཐུང་ལ་སྤྱོད་པ་དང་། ལེ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། དུ་བ ་འཕྲུལ་བཞིན་པ་ལ་མི་སྣང་བ་དང་། ཚེ་ལོ་བརྒྱ་ཕྲག་བཅུ་ཐུབ་བོ།། འབར་བས་རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་བདག་གི་རིག་པ་འཛིན་པར་འགྱུར་རོ།། བསྐལ་པའི་ཚེ་དང་གོང་ནས་གོང་དུ་བཟླས་པ་འབུམ ་ཅེས་དག་མངོན་པར་ཤེས་པར་འགྱུར་རོ། ། སྱཱང་དང་། འོག་དང་། ཕྱོགས་རྣམས་བཅིང་བ་དང་། ངེས་པར་ལེན་པ་དང་། ཚིག་དེའང་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ།། དེ་ནས་རོ་ལངས་སྒྲུབ ་འདོད་ན་མོ་མན་ལག་མཉམས་བཟུངས་ནས་དྲུང་ཁྲོད་དམ། ཤིང་གཅིག་གམ། ལམ་ལ་ནི་མདོ་མ། མཚན་མ་གཅིག་པར་ཡང་ས་སྟེ། འབྱུང་པོ་ཐམས་ཅད་པ་ལ་གཏོར་མཉེ་བར་མཆོད་ནས། ་པོའི་ལུས་ཀྱི་གཡས་སུ་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་གཏོར་མ་ཕུལ་ནས། ཁྲུས་དང་རྒྱན་གྱིས་བཙུན་པར་བྱས་ནས། ཐལ་བས་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་མགོ་བོ་ཤར་དུ་བསྟན་ལ་གཞག་ཅིང་རས་དཀར ་པོས་ལུས་ལ་གཡོག་གོ། ། གྲོགས་བཟང་པོས་ཕྱོགས་སྐྱོང་བར་བྱེད་པ་གནས་སུ་བཅུག་ནས། དེའི་སྟེང་དུ་སྐྱིལ་ཀྲུང་བྱས་པ་ཉེ་བར་འདུག་སྟེ། དེའི་ཁར་ཏིལ་དང་ཡུངས་ཀར་གྱི་སྦྱིན་སྲེག་འདིའི་ཁ་ནས་ནོར་བུ་འབྱིན་པར ་བྱེད་པའི་བར་དེ་སྲིད་དུ་བྱའོ། ། ཁའི་ནོར་བུ་དེ་བླངས་པས་སྒྲ་ལི་ཞིང་འཁྱིལ་བ། ཉི་མ་འཆར་ཀའི་མདོག་ཅན་གྱི་རིག་པ་འཛིན་པར་འགྱུར་ཏེ། གླང་པོ་ཆེ་སྟོང་གི་སྟོབས་དང་ལྡན་པ། འདོད་པའི་གཟུགས་ཅན། ལྷའི ་གནས་སུ་འགྲོ་བར་བྱེད་པ། ཚེ་བསྐལ་པ་ཆེན་པོར་གནས་པ། གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ།། རོ་ལངས་གཞན་ནི་ཆོ་ག་འདི་ཉིད་ཀྱིས་སྐྱེས་བུའི་རོ་བླངས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་བསྔགས་ཏེ། ་འདི་ཉིད་ཀྱིས་བདག་ཉིད་སྲུང་བ་དང་། ཕྱོགས་སྐྱོང་བ་རྣམས་ཀྱང་ངོ་།། དེའི་སྟེང་དུ་ཉེ་བར་འདུག་སྟེ། མར་གྱི་སྲེག་བླུགས་ཇི་སྲིད་དེའི་ཁ་ནས་ལྕེ་བྱུང་གི་བར་དེ་སྲིད་དུ་སྦྱིན་སྲེག་བྱའོ།། སྔར་མངོན་པར་བསྔགས ་པའི་རལ་གྲིས་གཅད་པར་བྱ་སྟེ། ཇི་སྲིད་ལྕེ་བརྒྱ་བྱུང་ཤིབ་དེ་སྲིད་དུའོ།། ལྕེ་དེ་ཉིད་བླངས་པས་འཁོར་བརྒྱ་དང་བཅས་པ་འཕུར་བར་འགྱུར་རོ།། རིག་པ་འཛིན་པ་རྣམས་ཀྱི་མཆོག་དང ་མཚོན་ཆར་འགྱུར་རོ། ། བསྐལ་པ་ཆེན་པོར་གནས་པར་བྱེད་དོ།། ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་རང་རུང་སྟེ། མཚན་མོ་རྣ་བའི་མིག་སྨན་བཏག་པར་བྱའོ།། སྟོང་ཕྲག་བརྒྱད་དུ་མངོན ་པར་བསྔགས་པས་མིག་ལ་བསྐུས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། ། དྲི་ལ་བཟླས་ནས་བསྐུ་བར་བྱ་སྟེ། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། བདུག་པ་ལ་ཡོངས་སུ་བཟླས་ནས་བདག་ཉིད་ལ ་བདུག་པར་གྱིས་ཤིག། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། མེ་ཏོག་ལ་ཡོངས་སུ་བཟླས་ནས་མགོ་བོར་བྱིན་ཅིག། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་དགའ་བར་བྱེད་དོ།། གཙུག་ཏོར་ལ ་ཡོངས་སུ་བཟླས་ནས་ཆིངས་ཤིག། ཐམས་ཅད་དུ་སྲུང་བ་དང་། སེམས་ཅན་ཐམས་ཅད་འཆིང་བའང་ངོ་།། ཡུགས་ས་མོ་དབང་དུ་བྱེད་པར་འདོད་པས་མ་ཥའི་སྦྱིན་སྲེག་གྱིས་ཤིག། འཕྲལ ་དུ་དབང་དུ་འགྱུར་རོ། ། གནོད་སྦྱིན་མོ་དབང་དུ་བྱེད་པ་ལ་པདྨ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མཚན་མོ་གསུམ་གྱིས་འོང་ངོ་།། དེ་ནས་མ་འོངས་ན་མཚན་མོ་བདུན་གྱིས་འོང་བར་བྱེད་དོ།། དེ ་མཆོག་སྦྱིན་པར་འགྱུར་རོ། ། ཇི་ལྟར་འདོད་པ་བཞིན་དུ་རྫོགས་པར་བྱེད་དོ།། བུ་མོ་འདོད་ན་འབྲས་ཡོས་ཀྱི་སྦྱིན་སྲེག་གྱིས་ཤིག། འདོད་པའི་བུ་མོ་རྙེད་དོ།། དཔལ་མོ་འདོད་ན་པདྨའི་སྦྱིན་སྲེག་ཀྱིས ་ཤིག། པདྨ་འམ་དཔལ་མོ་འོང་ངོ་།། རྒྱལ་བ་འདོད་ན་ཞོའི་སྦྱིན་སྲེག་གྱིས་ཤིག། རྟག་ཏུ་རྒྱལ་བར་འགྱུར་རོ།། རྒྱས་པར་འདོད་ན་མར་གྱི་སྦྱིན་སྲེག་གྱིས་ཤིག། ནོར་ཐོབ་པར་འགྱུར་རོ།། ་དུས་རྟག་ཏུ་གཙང་མས་མཚན་མོ་ལྔས་ཤ་ཟ་བ་རྣམས་དང་། མཚན་མོ་དགུས་གནོད་སྦྱིན་དང་སྲིན་པོ་རྣམས་དང་། མཚན་མོ་བདྲུ་གཉིས་ཀྱིས་ཀླུའི་རྒྱལ་པོ་རྣམས་དང་། ཟླ་བ་ཕྱེད་ཀྱིས་དྲི་ཟ་དང་། ཆུས ་བྱུང་དང་། ཉི་མ་ཉི་ཤུ་རྩ་གཅིག་གིས་ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཙཾ་དང་། ལྷ་མོ་རྣམས་དང་། མཚན་མོ་ཉི་ཤུ་རྩ་བཞིས་ཚོགས་ཐམས་ཅད་དང་། ཟླ་བས་རྒྱལ་པོའི ་བཙུན་མོ་སྟེ། དབང་དུ་བྱེད་པ་ལ་རོ་ཞིམ་པོའི་སྙེ་མ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། སྐྱེས་པ་དང་བུད་མེད་དབང་དུ་བྱེད་པ ་ལ་ཡུངས་ཀར་དཀར་པོ་ལ་ཞོ་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག། ནོར་རྙེད་དོ།། ཀ་ར་ཝཱི་ར་དམར་པོ་དང་། དོང་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག། རྒྱལ་པོའི་བུ་མོ་རྙེད་དོ།། བིལ་བ ་ཞོས་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག། ཁྱིམ་དུ་དཔལ་མོ་འབྱུང་ངོ་།། མེ་ཏོག་བརྒྱ་པ་ལ་ཞོས་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག། དོང་ཚེ་བརྒྱ་རྙེད་དོ།། གསེར་མདོག་ཅན་གྱི་ཡམ་ཤིང ་འབུམ་སྦྱིན་སྲེག་གྱིས་ཤིག། བ་ལངས་སྟོང་སོ་སོར་རྙེད་དོ།། མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག། ཡུལ་སོ་སོར་རྙེད་དོ།། ཨརྐའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག། དོང་ཚེ་སྟོང་རྙེད་དོ།། ་། མར་གསར་གྱི་སྲེག་ཐུགས་འབུམ་སྦྱིན་སྲེག་གྱིས་ཤིག། ཡུལ་གྲུ་ལྔ་སོ་སོར་རྙེད་དོ།། པིཏྟཱ་ར་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག། གོས་བྱེ་བ་བཞི་རྙེད་དོ། ་འོ་མའི་སྲེག་ཐུགས་འབུམ་སྦྱིན་སྲེག་གྱིས་ཤིག། བ་ལང་དང་ནོར་ཡོངས་སུ་གཞལ་བརྙེད་དོ།། བྱང་ཆུབ་ཤིང་གི་ལམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག། མབླངས་པར་ཁྱིམ་ཕུན་སུམ་ཚོགས་པར ་བྱེད་དོ། ། སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག། རྣམ་པར་བཏགས་པའི་གོས་ཟུང་བརྒྱ་རྙེད་དོ།། པཱ་མནྟྲའི་སྲེག་བླུགས་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གྱིས་ཤིག། མཚན་མོ་བདུན་གྱིས་བྲམ་ཟེ ་དབང་དུ་བྱེད་དོ། ། ཀུ་མུ་ད་འབུམ་སྦྱིན་སྲེག་གྱིས་ཤིག། ཆུང་མ་དབྱིག་དང་བཅས་པ་རྙེད་དོ།། རེའི་རྩེ་མོར་འཛེགས་ཏེ་འབུམ་ཟློས་ཤིག། ཡུལ་གང་དུ་བཟླས་པ་བྱེད་པའི་ཡུལ་དེའི་རྒྱལ་པོ་དེ་འོད ་སྟེ། དོན་དུ་མ་གཉེར་བར་བུ་ཉིད་དང་ནོར་ཐམས་ཅད་རྣམ་པར་འབྱོར་པར་འགྱུར་རོ།། བུ་དང་བཅས་པ་སྲུང་བར་བྱེད་དོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་དྲི་ཞིམ་པོའི་མེ་ཏོག་འབུམ་ལྐུག་ཅི། ་ཕྱིས་མེ་ཏོག་རྒྱུན་ལས་ཐོག་ཕྱོགས་སུ་འོང་ངོ་།། སོས་མ་རེག་པར་བཟའ་བར་བྱའོ།། ཉི་མ་རེ་རེ་ལ་གཞུང་ལྔ་བརྒྱ་འཛིན་པར་བྱེད་ཅིང་དེ་རྣམས་འཆང་བར་བྱེད་དོ།། སྔོན་སྤྱད་པ་བྱས་པས་གཟུགས ་བརྟན་གྱི་སྤྱན་སྔར་འབུམ་བཟླའོ། ། དེ་ནས་གང་དུ་གཏེར་གནས་པ་དེར་སོང་ནས་རྩུ་བ་དང་ནག་པོ་མེད་པའི་བུམ་པ་ཐམས་ཅད་དྲི་ཞོམ་པོས་བྱུགས་པར་བྱས་ནས། ཙན་དན་དཀར་པོ་དང་ཆུས་ཡོངས་སུ ་བཀང་བ་བྱས་ཏེ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་ཆོ་གས་གནས་སུ་གཞག་པར་བྱའོ། ། ས་ཐམས་ཅད་འགས་པར་བྱེད་དོ།། གལ་ཏེ་གཏེར་མི་གང་ཙམ་དུའང་གནས་པར་བྱེད་དོ།། ཆུས་མི ་གནོད་པ་སྟེང་དུ་གནས་སོ། ། དྲན་པ་ཙམ་གྱིས་ཉེ་བར་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ།། བུད་མེད་གང་མི་འདོད་པ་དེའི་མིང་སྨོས་ནས་མར་ལ་ཡོངས་སུ་བཟླས་ནས་འཐུང་ཞིག། སྐལ་བ་བཟང ་པོར་འགྱུར་རོ། ། རྡོ་རྗེ་སྒྲུབ་ཐབས་ནི་རྒྱལ་གྱི་ལྕགས་ལས་བྱུང་བའི་རྡོ་རྗེ་སོར་བཅུ་དྲུག་པ་རྩེ་མོ་གསུམ་པ་བྱས་ནས་ཙན་དན་དམར་པོས་རྗེས་སུ་བྱུགས་ནས། ཆོ་འཕྲུལ་གྱི་ཕྱོགས་ལ་ཚེས་གཅིག་ནས་བརྩ་མཱ་ཏྲེ ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཉི་མ་སོ་སོར་ཕྱག་འཚལ་བཞིན་པས་བསོད་སྙོམས་བཟའ་བར་བྱའོ། ། མཐར་མཚན་མོ་སྨྱུང་བར་གནས་པས་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་རས་རིས་བཞུགས་ནས། ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མར་གྱི་མར་མེ་བརྒྱ་རབ་ཏུ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། རྡོ་རྗེ་གཉིས་ཀ་དག་ཀྱང་ལག་པ་དག་གིས་བཟུང་ནས་ཇི་སྲིད་དུ་བཟུང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། ་ཡོངས་སུ་འཁོར་བ་བདུན་དུ་འཕུར་བར་བྱ་སྟེ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ།། བསྐལ་པ་ཆེན་པོར་འཚོ་བར་བྱེད་དོ།། རྒྱལ་གྱི་ཟླ་བ་ལ་མྱ་ངན་མེད་པའི་ཤིང་གི་འོག་ཏུ་མཚན་མོ་གསུམ ་དུ་སྨྱུང་བར་གནས་པས་ན་ལེ་ཤམ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་ཞིང་། ན་ལེ་ཤི་མ་གཅིག་ཁར་བཅུག་ནས་རྣམ་པར་ལྟ་བར་བྱེད་པ་དེ་དབང་དུ་འགྱུར་རོ།། ནག་པོའི་བརྒྱད་པ་འམ་ནག་པོའི་བཅུ་བཞི་པ་ལ་ཉིན ་མཚན་དུ་སྨྱུང་བར་གནས་པས་གོས་གཙང་མ་འགོས་ཏེ། རས་རིས་ཀྱི་སྤྱན་སྔར་མར་མེ་དང་། རྒྱལ་མཚན་དང་། མེ་ཏོག་གི་འབྲང་བ་ལ་སོགས་པ་ཕུལ་ནས། རང་ཉིད་ཀྱིམམ ་སོར་བཏགས་པའི་ཆུ་ཟངས་ཀྱི་སྣོད་དུ་བཞག་ནས་བླུན་ཚོད་གཅིག་ཏུ་བཟླས་པ་འཐུངས་ནས། སླར་ཡང་ཆོ་ག་དེ་ཉིད་ཀྱིས་མཚན་ཐོག་ཐག་ཇི་སྲིད་པར་རོ།། ཐོ་རངས་དགེ་འདུན་གྱིས་བསྟན་པ་ཅན་གྱི་སློང་མོ་བཟའ ་བར་བྱའོ། ། ཟོས་ནས་མར་དང་། ཕྱེ་དང་། ས་འབྲུ་རྣམས་ཀྱང་ཟོས་ན་གང་གི་ཚེ་གཉིད་འོང་བར་བྱེད་དོ།། ཕྱོགས་བཞིར་རིག་པའི་གནས་རྣམ་མཁར་རབ་ཏུ་འཇུག་པར་བྱེད་དེ་ཐོས་པ་འཛིན་པར་འགྱུར་རོ།། རྒྱ ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ལག་པ་གཡས་པ་ཁུ་ཚུར་བཅིངས་ནས་ཉི་མ་བཅུ་གསུམ་དུ་ཟློས་ཤིག། དུག་དང་མཆེ་བ་རྣམས་ཀྱིས་ཤི་བ་ཐམས་ཅད་སློང་དུ་འཇུག་པར་བྱེད་དོ།། ཁུ་ཚུར་གྱིས་གདོན་ཐམས ་ཅད་འཇུག་པར་བྱེད་ཅིང་ཐར་པར་ཡང་བྱེད་དོ། ། ས་ལ་མ་ལྷུང་བའི་བ་བྱུང་གིས་ཁྲུ་བཞི་པའི་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས། ནག་པོའི་བརྒྱད་པ་ལ་ཤརྐ་རའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར ་གྱིས་བཏགས་པ་ཉི་མ་རེ་རེར་སྟོང་ཕྲག་བརྒྱད་བརྒྱད་སྦྱིན་སྲེག་གྱིས་ཤིག། ཇི་སྲིད་བཅུ་བཞི་པའི་བར་དུའོ།། ལས་འདིས་ཁྲོས་པའི་རྒྱལ་པོའི་ཕོ་ཟང་རབ་ཏུ་དང་བར་བྱེད་དོ།། གྲོགས་དང་ལྡན་པས་ནགས་སུ ་རབ་ཏུ་ཞུགས་ཏེ། ཤིང་ཀུ་པི་ཏའི་མོལ་བས་མིང་བྲིས་ནས་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། དེ་ནས་ཁྲོ་བ་དང་བྲལ་བར་འགྱུར་རོ།། སྔོན་སྤྱད་པ་བྱས་པས་ཀློག་པར ་ལྡན་པའི་ཤིང་སོར་མོ་དྲུག་པ་བླངས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་ཕུར་བུ་དེ་ལྕགས་གསུམ་དང་ལྡན་པ་བྱས་ནས་བུམ ་པ་བཞི་སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་པདྨ་བཏིང་བ་ལ་གཞག་པར་བྱའོ། ། དེ་ནས་ཕུར་བུ་དེ་རྐང་པ་གཡོན་པས་མནན་ནས་ལག་པ་གཡོན་པས་བཟུང་སྟེ། ཇི་སྲིད་ལག་པ་ཉམས་པ་དེ་སྲིད་དུ་བཟླས ་པར་བྱའོ། ། དེ་ནས་ལག་པ་གྲོལ་ལོ།། དེ་ནས་ཐོ་རངས་གཏོར་མ་ཆེན་པོ་བྱིན་ནས་སེ་འབྲུ་བཟའ་བར་བྱ་སྟེ། དེ་འགྲུབ་པར་འགྱུར་རོ།། ཁྱིམ་གཞན་དུ་ཕུར་བུ་དེ་གདབ་པར་བྱ་སྟེ། འདོད་པ་སྦྱིན་པར་འགྱུར ་ཞིང་ཡོ་བྱད་ཐམས་ཅད་ཀྱང་འབྱུང་ངོ་། ། བཏོན་པས་ཐམས་ཅད་མི་སྣང་བར་འགྱུར་རོ།། སྣ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག ་བརྒྱད་སྦྱིན་སྲེག་བྱའོ། ། དོང་ཚེ་ལྔ་རྙེད་དོ།། ཨ་མྲའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཆུ་ཀླུང་གི་འགྲམ་དུ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཨརྐའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། ་ཉི་མ་ལྔར་དོང་ཚེ་ལྔར་རྙེད་དོ།། དཀར་པོའི་བཅུ་བཞི་ནས་བརྩམས་ནས་མྱ་ངན་མེད་པའི་ཡམ་ཤིང་འོ་མས་བཏགས་པ་སྟོང་ཕྲག་བརྒྱད་ཇི་སྲིད་བཅོ་ལྔ་པའི་བར་དུ་སྦྱིན་སྲེག་གྱིས་ཤིག། དོའི་ཚེ་བརྒྱ་རྙེད་དོ།། ཀ་རཿ ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་དཀར་པོའི་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་དཀར་པོའི་བཅུ་བཞི་པའི་བར་དུ་ཀ་ར་ཝཱི་རའི་ཞོགས་མ་འོ་མས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་ཅེས་ཤིག། དོང་ཆེ་སྟོང་སོ་སོར ་རྙེད་དོ། ། ལེགས་པར་བཙགས་པའི་ཚུལ་མངོན་པར་བསྔགས་ནས་ཉི་མ་བདུན་དུ་སྤྱད་པར་བྱའོ།། དེ་ནས་བསྲུང་བ་བྱས་པའི་ཕྱུགས་རྫིས་དེ་བ་སེར་སྐྱལ་བསྣུན་པར་བྱའོ།། དེ་ནས ་དེའི་འོ་མ་ཕྱོགས་དབེན་པར་བུམ་པ་བཞག་ལ་བཟླས་པར་བྱའོ། ། དེ་ནས་དཀྲུགས་ནས་བྲམ་ཟེའི་བུ་མོའི་ལག་པས་རྫས་འདི་རྣམས་འཐག་ཏུ་གཞུག་པར་བྱའོ།། དེ་ནས་རིལ་བུ་ལྕགས་གསུམ་གྱིས་ཡོངས་སུ་དཀྲིས ་པ་བྱེད་དུ་གཞུག་གོ། སེར་སྐྱ་དེ་ཉིད་ཀྱི་བ་བྱུང་ལྔའི་རིལ་བུ་རབ་ཏུ་བདྲུག་སྟེ། མཚན་མོ་གཅིག་གཞག་པར་བྱའོ།། དེ་ནས་ཕྱུང་སྟེ་བའི་ཆུས་བཀྲུ་བར་བྱའོ།། པདྨའི་འདབ་མར་གིའུ་ཝང་གིས་མངོན་པར ་བཏགས་ཏེ་གཞག་པར་བྱའོ། ། དེ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་བསྲུང་བའི་ཆོ་ག་བྱས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་ཏོར་མ་དང་མར་མེའང་ངོ་།། དེ་ནས་རིག ་པའཛིན་པས་རིལ་བུ་བརྒྱད་བླངས་ནས་པདྨའི་འདབ་མ་ཁ་སྦྱོར་དུ་པདྨའི་མཚོ་རུ་སོང་ནས་རས་རིས་བཞུགས་སུ་གསོལ་ཏེ་པདྨའི་སྦྱིན་སྲེག་གྱིས་ཤིག། དཔལ་མོ་འོངས་ཏེ་མཆོག་སྦྱིན་པར་བྱེད་དོ།། པདྨའི་ས་བོན་དང་། ་རྒྱ་སྤོས་དང་། པདྨའི་ག་སར་དང་། ཙན་དན་དང་། སྦྲང་རྩིས་ལྷན་ཅིག་བཏགས་ཏེ་རིལ་བུ་བྱེད་དུ་གཞུག་གོ།། དེ་ལ་བདུག་པ་དང་ལྷན་ཅིག་མངོན་པར་བསྔགས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། མེ་ཏོག ་གི་འཕྲེང་བ་ལ་ཡོངས་སུ་བཟླས་ནས་གང་གི་མགོ་ལ་བཅིངས་པ་དེ་དབང་དུ་འགྱུར་རོ། ། ཙན་དན་དམར་པོ་དང་། ཙམ་པ་ཀའི་མེ་ཏོག་དང་། པདྨ་གེ་སར་དང་། སཱ་ལི་དམར་པོའི་ཕུབ་མ་དང་། གི་རི་ཀཎི་ཀ་དང་། ་ཀུརནྟ་ཀའོ་ས་བོན་དང་། འབྲུ་དང་། སྲན་མའི་མྱུ་གུ་དང་། རུ་རྟ་དང་། རྩ་སྤོས་དང་། ཏུ་རུ་སྐཱ་དང་། ཏིལ་རྣམས་ཆ་མཉམ་པ་གཅིག་ཏུ་བྱས་ནས་པ་སེར་སྐྱའི་མར་གྱིས་རིལ་བུ་བྱེད་དུ་གཞུག་གོ།། སྔོན་དུ་སྒྲུབ་པ ་ཐམས་ཅད་བརྩམས་པར་བྱའོ། ། རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དབང་དུ་བྱེད་པར་འདོད་པས་ཀུ་ཤ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ཏེ་ཟློས་ཤིག། འཁོར་དང་བཅས་པ ་དབང་དུ་འགྱུར་རོ། ། བྲམ་ཟེ་དབང་དུ་བྱེད་པ་ལ་ཏིལ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། རྒྱལ་རིགས་དབང་དུ་བྱེད་པ་ལ་ནས་ལ་ཞོ་དང་། ་སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། རྗེའུ་རིགས་དབང་དུ་བྱེད་པ་ལ་ཡུངས་ཀར་ནག་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། ་དམངས་རིགས་དབང་དུ་བྱེད་པ་ལ་འབྲུ་ནག་པོའི་ཕུབ་མ་སྟོང་ཕྲག་བརྒྱད་ཉི་མ་གཅིག་པའི་སྦྱིན་སྲེག་གི་སྦྱིན་སྲེག་གྱིས་ཤིག། ཉི་མ་གསུམ་དུ་བ་སེར་སྐྱ་ཁྱིམ་དུ་བཏགས་ཏེ་མངོན་པར་བསྔགས་པའི་རྩཝ་ལྗང་ཁུ་ཟར ་གཞུག་པར་བྱའོ། ། མངོན་པར་བསྔགས་ནས་འཕྲེང་བ་བཟང་པོ་དེ་དང་ལྡན་པར་བྱའོ།། མངོན་པར་བསྔགས་ཏེ་ཆུ་འཐུང་དུ་གཞུག་པར་བྱའོ།། བསྲུང་བ་བྱས་པའི་ཕྱུགས་རྫིས་བཞོ་བར་བྱའོ།། དེ་ནས ་འོ་མ་དེ་རྣམ་པར་དབེན་པའི་ཕྱོགས་སུ་བཞག་ནས་ཞོ་ཆགས་པ་དང་། དཀྲུག་པར་བྱའོ།། མར་དེས་མཱ་ལ་ཏཱིའི་མེ་ཏོག་དང་། དེ་གཅིག་ཏུ་བྱས་ནས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། ལག་པ་གཉིས་ཀྱིས ་པདྨའི་འདབ་མས་དཀྲིས་པའི་རིལ་བུ་བླངས་ནས་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། བསྙེན་པ་སྔོན་དུ་འགྲོ་བ་ཅན་གྱིས་རིལ་བུ་དེ་ཇི་སྲིད་དུ་བ་འཐུལ་བ་དང་འབར་བ་དེ་སྲིད ་དུའོ། ། དྲོ་བཞིན་པ་ལ་ནི་དབང་དུ་བྱེད་པའོ།། དུ་བ་འཐུལ་བཞིན་པ་ལ་མི་སྣང་བའོ།། འབར་བས་རིག་པ་འཛིན་པར་འགྱུར་ཏེ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར ་འགྱུར་རོ། ། ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས་པ་གང་གི་མགོ་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། རྒྱལ་པོ་དབང་དུ་བྱེད་པ་ལ་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ནས ་སྟོང་ཕྲག་བརྒྱ་ཟློས་ཤིག། སྟོང་དང་བཅས་པ་དབང་དུ་འགྱུར་རོ།། ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་བླང་བར་བྱ་སྟེ་མི་སྣང་བར་འགྱུར་རོ།། ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་བྱེ་མ་འམ་སའི་གོང་བུ་ལ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་བྱས་ནས། ་གཙང་མ་གསོ་སྦྱོང་ལ་གནས་པས་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་སློང་མོ་ཟ་བའམ་ཙ་རུ་ཟ་བས་སྟོང་ཕྲག་བརྒྱར་ཟློས་ཤིག། ལས་ཐམས་ཅད་ནུས་པར་འགྱུར་རོ།། དུར་ཁྲོད་ཆེན་པོའི་ཕྱོགས་སུ ་དཀྱིལ་འཁོར་ལ་སོགས་པ་བཅིང་བ་དང་། ཕྱོགས་བཅིང་བ་དང་། དུག་ཐམས་ཅད་གསོ་བ་དང་། ངེས་པར་བྱབ་པ་དང་། གདོན་དང་། རིམས་གཞོམ་པ་དང་། ཆུ་ཀླུང་ཆེན་པོ་རབ་ཏུ་སྒྲོལ་བ་ལ་བཟླས་པར།། ་བྱས་ཏེ། བདེ་བས་སྒྲོལ་བར་བྱེད་དོ།། ལ་གཅན་དང་ཤོ་གམ་མེད་པར་མཆོད་པར་བྱ་བར་འགྱུར་རོ།། རྩོད་པ་ལའང་སྨྲ་བའི་མཆོག་ཏུ་འགྱུར་རོ།། གཉིད་དུ་སོང་བར་ཁུ་བ་འཆིང་བར་འགྱུར་རོ།། སྲང་བུ ་ལ་སྟོང་ཕྲག་བཟླས་པ་དང་། སེང་ལྡེང་གི་ཕུར་བུ་ལ་སྟོང་ཕྲག་བརྒྱད་བཟླས་པས་ལོ་སྟོག་ཐམས་ཅད་ཀུན་ཏུ་སྲུང་བ་དང་། བརྐོས་པས་ལྕང་མའི་འདབ་མ་ཉེ་བར་མཉམ་པ་དང་། འབྲས་སཱ་ལི་དང་། ཐུག ་པོ་ཆེ་རྣམས་ཀྱི་སོ་ནམ་ཕུན་སུམ་ཚོགས་པར་བྱེད་དོ། ། ཡུངས་ཀར་གྱིས་རྒྱལ་པོ་དང་བློན་པོ་ཐམས་ཅད་འཇོམ་པར་བྱེད་དོ།། སེར་བ་དང་། རྡོ་རྗེ་དང་། རྡོ་བ་ལ་སོགས་པ་རྣམས་ལ་བརྒྱད་བརྒྱར་བཟླས ་པས་གང་དུ་འགྲོ་བར་འདོད་པ་དེར་འགྲོ་བར་བྱེད་དོ། ། ཐལ་བ་ལ་སྟོང་ཕྲག་བཟླས་པས་གང་གི་ཕྱོགས་སུ་གཏོར་བ་དེའི་ཕྱོགས་སུ་ཚེར་མ་ཟློག་པར་བྱེད་དོ།། བརྒྱད་བརྒྱར་བཟླས་པས་ཟུག་རྔུ་ཐམས་ཅད་མེད་པར ་བྱེད་དོ། ། སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་ཉི་ཤུ་རྩ་ལྔ་བཟླས་སོ།། དེ་ནས་སེན་མོས་བཅད་པའི་ཏ་ལའི་འདབ་མ་ལ་རལ་གྲི་བྱས་ནས། དེའི་འདང་མ་ལ་གུར་ཀུམ་གྱིས་བྲིའོ།། ནག ་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་གསོ་སྦྱོང་ལ་ངེས་པར་གནས་པས་གཅིག་པུ་རི་བོའི་རྩེ་མོ་ལ་འཛེགས་ཏེ་ཕྱོགས་སུ་དོར་ནས་ཁྲུ་བརྒྱད་དམ། ཁྲུ་བཅུ་དྲུག་པའི་དཀྱིལ་འཁོར་ཉེ་བར་བྱུགས་ནས་བྱེ་མ་ལ ་མཆོད་རྟེན་བྱས་ཏེ། དེ་ལ་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ། ལག་པ་གཡས་པས་རལ་གྲི་བླངས་ནས་དཔུང་པ་གྱེན་དུ་བསྒྲེངས་ཏེ། མཆོད་རྟེན་གྱི་མདུན་དུ་གསང་སྔགས་བཟླས་པར་བྱའོ།། ་@ཇི་སྲིད་རལ་གྲིལ་ཡོད་པའི་ནང་གི་སྔགས་ཀྱི་ཡི་གེ་དེ་རྣམས་འབར་བར་གྱུར་པ་དང་། དེ་བླངས་ནས་ཇི་ལྟར་འདོད་པར་འགྲོ་ཞིང་རིག་པ་འཛིན་པར་འགྱུར་ཏེ། རིག་པ་འཛིན་པ་ཐམས་ཅད ་གནོད་པ་མེད་དོ། ། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ།། འདོད་པའི་གཟུགས་ཅན་བསྐལ་པར་གནས་ཤིང་དཔག་ཚད་སྟོང་མཐོང་བར་བྱེད་ཅིང་ཐོས་པར་བྱེད། སྣོམ་པར་བྱེད་དོ།། རི་ལའང་ཐད་ཀར་འགྲོ། ་རྩིག་པ་ལའང་ཐད་ཀར་འགྲོ།། ར་བ་ལའང་ཐད་ཀར་འགྲོ།། རྒྱ་མཚོ་ལའང་མངོན་པར་འཕགས་པར་འགྲོ་བར་བྱེད་དོ།། ངེས་པར་བསགས་པ་རྙེད་དོ།། བ་བླ་དང་ལྡོང་རོས་སྒྲུབ་པར་འདོད་ན་རིང་བསྲེལ་དང་བཅས ་པའི་གཟུགས་བརྙན་གྱི་སྤྱན་སྔར་དེ་ཉིད་དུ་རས་རིས་བཞུགས་སུ་གསོལ་ཏེ། དཀར་པོའི་བརྒྱད་པ་ལ་མཆོད་པ་བྱས་ནས་དེའི་དབུས་སུ་ཡན་ལག་མ་ཉམས་པའི་སྐྱེས་བུ་བཞག་ནས། རྐང་པ་གཡོན་པས་ཐང་ཁར་ཡང་དག ་པར་མནན་ནས་བསྲུང་བ་བྱས་ཏེ་སྔགས་བཟླས་པར་བྱའོ། ། ཇི་སྲིད་ལངས་ཀྱི་བར་དུའོ།། སྔར་སྦྲང་རྩི་དང་འོ་ཐུག་བཟའ་བར་བྱ་ཞིང་ལན་བདུན་མངོན་པར་བསྔགས་པའི་ཁུ་ཚུར་བཅིངས་པ་མགོ་བོ་ལ་གཞུ་བར་བྱའོ།། དེ ་ནས་འཛག་པར་བྱེད་དོ། ། དེ་འཐུངས་ནས་མི་སྣང་བར་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཉ་དང་བཅས་པའི་ཆུ་བོར་ཞུགས་ཏེ། དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། གོས་ཟུང་སོ་སོར་རྙེད་དོ།། གྲོང ་དུ་ཞུགས་ནས་བརྒྱད་བརྒྱ་བཟླས་པར་བྱ་སྟེ། མཛེས་པའི་བཟའ་འཐོབ་པར་བྱེད་དོ།། ལན་ཚྭ་དང་བསྲེས་པའི་ཚུལ་བརྒྱད་བརྒྱར་མངོན་པར་བསྔགས་པས་གཟེར་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ།། བུད་མེད་བུ་མཐོན་པ་ལ་ཚུལ ་ལན་བརྒྱད་བརྒྱར་མངོན་པར་བསྔགས་ནས་སྦྱིན་ནོ། ། བདེ་བར་བཙའ་བར་བྱེད་དོ།། དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུ་ཉི་མ་རེ་རེ་ལ་སྟོང་ཕྲག་འཕེལ་བར་བྱས་ནས་བཟླས་པར་བྱའོ།། མཐར ་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་རིལ་བུའི་སྦྱོར་བས་རིལ་བུ་རྣམས་བསྒྲུབས་ནས་ཁར་བདྲུག་ན་མི་སྣང་བར་འགྱུར་རོ། ། མྱ་ངན་མེད་པའི་མེ་ཏོག་དང་། ཀྲྀཥྞ་སཱ་རའི་མཁྲིས་པ་དང་། ངུར་པའི་སྙིང་དང་། སོ་དྲྀ་ཡའི ་སོལ་བ་རྣམས་ལྷན་ཅིག་ཆ་མཉམ་པར་བྱས་ནས་རྒྱལ་གྱི་ལྕགས་ཀྱིས་དཀྲིས་ཏེ། སླར་ཡང་ལྕགས་གསུམ་གྱིས་དཀྲིས་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་བསྒྲུབ་པར་བྱའོ།། ཁར་བཅུག་ནས་ཀུན་ཏུ་གནས་པས་དང་པོར ་འཆིང་བ་ལས་གྲོལ་བར་བྱའོ། ། སྤྲ་ཚིལ་ལས་བྱུང་བའི་སྐྱེས་པའམ་བུད་མེད་ཀྱི་གཟུགས་བརྙན་བྱས་ནས། རྣམ་པར་དབེན་པའི་ཕྱོགས་སུ་མེ་རབ་ཏུ་སྦར་ནས་བརྒྱད་བརྒྱར་མངོན་པར་བསྔགས་ནས་བཞུ་བར་བྱ་སྟེ། མྱོས ་བྱེད་ཀྱི་ཚེར་མས་ངེས་པར་གདབ་པར་བྱ་ཞིང་དབང་དུ་འགྱུར་ཏེ། གང་དོན་དུ་གཉེར་བ་དེ་རྙེད་དོ།། དཀར་པོའི་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ ་སྟེ། ཀར་ཤ་པ་ཎ་ལྔ་རྙེད་དོ།། ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྦྱང་བར་གནས་ཏེ། གཟུགས་བརྙན་གྱི་མདུན་དུ་པྲི་ཡང་ཀུའི་ཤིང་གིས་མེ་རབ་ཏུ་སྦར་ནས། བེ་ཀཾ་ཀ་ཏའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག ་ཀྱིགྱིས་ཤིག། ནོར་ཐམས་ཅད་ཐོབ་པར་བྱེད་དོ།། དཀར་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་བྱི་རོག་འཕུར་གྱི་བར་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། དོང་ཆེ་བཅུ་རྙེད་དོ།། ་མཚན་མོ་གསུམ་དུ་སྦྱང་བར་གནས་པས་ནག་པའི་བཅུ་བཞི་པ་ལ་གུ་གུལ་གྱི་བདུག་པ་བསྲེགས་ཏེ་བཱ་ལའི་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཀར་ཝཱི་རའི་མེ་ཏོག ་སྟོང་ཕྲག་བརྒྱད་བ་སྦྱིན་སྲེ་བྱའོ། ། དེ་ནས་མེ་ཐབ་ཏུ་པདྨའི་ཚད་ཀྱི་ཀ་ར་ཝཱི་ར་ལངས་ཏེ། ཀ་ར་ཝཱི་རའི་དབུས་སུ་དེའི་མདོག་ཅན་གྱི་ལྡོང་རོས་མཐོང་སྟེ། སྔགས་ཟློས་ཤིང་བྲང་བར་བྱའོ།། ཡིད་ཀྱིས་བླངས་པ་ཙམ ་གྱིས་ཉི་མ་འཆར་བའི་མདོག་ཅན། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་རིག་པ་འཛིན་པར་འགྱུར་ཏེ། རླུང་གི་ཤུགས་དང་བཅས་པ་འདོད་པ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ།། ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་བྱེད་དོ།། ་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་རང་འཆི་བ་ཤེས་པར་བྱེད་པ་དང་། གལ་ཏེ་སླར་ཡང་སྒྲུབ་པ་བྱེད་ན་ཚེ་ཉིས་འགྱུར་དུ་འགྱུར་རོ།། ཁང་སྟོང་དུ་ཞུགས་ཏེ་ཕྱོགས་གཙང་མར་རས་རིས་བཞུགས་སུ་གསོལ་ནས ་མི་སྨྲ་བར་འོ་མ་དང་ནས་ཟན་ཟ་ཞིང་ཕྱོགས་གཅིག་ཏུ་བཟླས་པར་བྱའོ། ། དེ་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་ཆེས་རྒྱ་ཆེན་པོ་ཕུལ་ཏེ་སྐྱིལ་མོ་ཀྲུང་བཅིངས་ནས། ཇི་སྲིད་འོད་ཟེར་འབྱུང་བར ་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་མཐོང་བས་མཚམས་མེད་པ་ལྔའང་ཟད་པར་ཉེ་བར་འགྲོའོ།། དེ་ནས་གྲུབ་པར་འགྱུར་ཏེ་ཀུན་ནས་རྒྱལ་སྲིད་ཆེན་པོ་རྙེད་དོ།། ཕྱིར་རྒོལ་བ་མེད་པར་འགྱུར་རོ།། གིའུ་ཝང ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་བདུག་པས་བདུགས་ཏེ་བར་མ་ཆད་པར་འཇོག་ཏུ་བཅུག་ནས། རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་སྨྲ་བའི་མཆོག་ཏུ་འགྱུར་རོ།། ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར ་རོ། ། མ་གྱུར་ནའང་དེ་དབང་དུ་བྱེད་པ་ལ་ཁྱིམ་དུ་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། རྐང་འཐུང་ཨ་བ་ཨ་བཱི་ཡ་ལག་པ་གཡོན་པས་སྲེག་བླུགས་སྟོང་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། ཐུན་མོང་བའི་བུད ་མེད་དབང་དུ་བྱེད་པ་ལ་ལན་ཚྭས་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། འབངས་མོ་དབང་དུ་བྱེད་པ་ལ་པུནྡྲ་གའི་གེ་སར་དང་། ནས་དང་། གྲོ་དང་། ་རྣམས་གཅིག་ཏུ་བྱས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། འབྲས་ས་ལི་བཏགས་པ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་གཏུབ་ཅིང་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར ་རོ། ། རྣ་བའི་མིག་སྨན་བླངས་ནས་མཆོད་རྟེན་གཅིག་དང་ཨ་ཤཱཏྠའིའི་དབ་མའི་ནང་དུ་གཏུམས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་མིག་ལ་བསྐུ་བར་བྱའོ།། སྐྱེ་བོ་ཐམས་ཅད་དགའ་བར ་འགྱུར་རོ། ། ཐུན་མོང་བའི་མིག་སྨན་ལ་མངོན་པར་བསྔགས་ནས། གང་ཐོག་མར་བལྟས་པ་དེ་དབང་དུ་འགྱུར་རོ།། གཟུགས་བརྙན་གྱི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་པར་བྱའོ།། གང་ལུང་ཕོག་པ་དེ་དབང ་དུ་འགྱུར་རོ། ། ཕུག་གི་སྒོར་འབུམ་ཟློས་ཤིག། འཁྲུལ་འཁོར་ལྟུང་བར་བྱེད་དོ།། བ་ལང་གི་གནས་སུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་བཞུགས་ནས་འབུམ་ཟློས་ཤིག། དོང་ཚེ་འབུམ ་སོ་སོར་རྙེད་དོ། ། ཀླུའི་གནས་སུ་རས་རིས་བཞུགས་ནས་སྲུང་བའི་ཆོ་ག་བྱས་པས་འཛམ་བུའི་ཤིང་གིས་མེ་སྦར་ནས་མངར་གསུམ་གྱི་གཏོར་མ་བྱིན་ཏེ། ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། དེ་ནས ་བྲམ་ཟེའི་གཟུགས་ཅན་གྱི་ཀླུ་འོང་བར་བྱེད་དོ། ། དེའང་ཅིབགྱི་ཞེས་སྨྲ་བར་བྱེད་དོ།། ཉི་མ་རེ་རེ་ལ་དོང་ཚེ་བདུན་བདུན་རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ།། དེ་བཞིན་དུ་གྱུར་ཅིག་ཅེས ་བརྗོད་ནས་མི་སྣང་བར་འགྱུར་རོ། ། ཉི་མ་རེ་རེ་ལ་དོང་ཚེ་བདུན་བདུན་སྩོལ་བར་བྱེད་དོ།། ལྷག་མ་མེད་པར་ཟད་པར་བྱའོ།། ཕྱེད་དཀོན་མཆོག་གསུམ་གྱི་ཉེ་བར་སྦྱོར་བའི་ཆེད་དུའོ།། རས་རིས་ཀྱི་སྤྱན་སྔར་ཟླ ་བ་གཅིག་ཏུ་བཟླས་པར་བྱའོ། ། དོང་ཚེ་སྟོང་ཕྲག་བཅུ་གཉིས་རྙེད་དོ།། དཀར་པོའི་བརྒྱད་པ་ནས་བརྩམས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཟླ་བ་དྲུག་བཟླས་པར་བྱའོ།། རྒྱལ་སྲིད་སྦྱིན་པར་བྱེད་དོ།། ་ནག་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས། གཟུགས་བརྙན་གྱི་སྤྱན་སྔར་བད་ཀན་མཐར་བྱེད་ཀྱི་སྙིང་པོ་བླངས་ནས་སྲད་བུ་དམར་པོས་དཀྲིས་ཏེ། དེ་ནས་པཱ་ལ་ཤའི་ཤིང་གིས་མེ་སྦར་ནས་ཕུར་བུ་ཅན ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་དུམ་བུ་གསུམ་དུ་གཤེགས་ཏེ། དུམ་བུ་རེ་རེ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་མེར་གཞུག་པར་བྱའོ།། ཐོ་རངས་དོང་ཚེ་སུམ་བརྒྱ་སོ་སོར་རྙེད་དོ།། དཀར ་པོའི་བརྒྱད་པ་ལ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་ཨ་ཏི་མུཀྵ་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། ། ཉི་མ་བདུན་བདུན་དུ་དོང་ཚེ་སྟོང་སོ་སོར་རྙེད་དོ།། ནག་པོའི་བཅུ་བཞི་པ་ལ་མཚན་མོ་གཅིག་སྨྱུང་བར ་གནས་པས་མཚན་མོ་ཤིང་བ་ཏྱ་ཌ་ཀའི་རྩ་བ་རྣམས་བསྲེགས་པའི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དངུལ་སྟོང་སོ་སོར་རྙེད་དོ།། དཀར་པོའི་བདུན་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རྒྱ་མཚོར ་འགྲོ་བའི་ཆུ་ཀླུང་ངུ་ཞུགས་ཏེ་པདྨ་སྟོང་ཕྲག་བཅུ་དབུལ་བར་བྱའོ། ། རྒྱལ་སྲིད་སོ་སོར་རྙེད་དོ།། སྐྱེས་པ་དབང་དུ་བྱེད་པ་ལ་ནག་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས། ནག་པོའི་བརྒྱད་པ་ལ་མཚན ་མོ་གཅིག་ཏུ་སྨྱུང་བར་གནས་པས་བྱང་ཆུབ་ཤིང་གི་ཤིང་ལ་མེ་རབ་ཏུ་སྦར་ནས་ཀུ་མུ་ད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། བུད་མེད ་དབང་དུ་བྱེད་པ་ལ་ནག་པོའི་བཅུ་གཉིས་པ་ལ་སོའུ་གནྟི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་འཕགས་པ་འཇམ་དཔལ་ལ་སྣུན་ཅིག། དབང་དུ་འགྱུར་རོ།། སྨན་འཆིང་བ་དང་། ཡིད་ཀྱིས་གཉིས་འཐུང་དང་། རྐང་བཞི་པ ་རྣམས་ཀྱི་བྲུལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་རྐེད་པའི་ཕྱོགས་སུ་གཞག་པར་བྱ་སྟེ། ཁུ་བ་འཆིང་བ་བྱས་པར་འགྱུར་རོ།། ཆོས་གོས་ཀྱི་རྣ་བ་ལ་ལན་བདུན་བཟླས་ནས་མདུད་པ་བྱས་ན་དུག་འཆིང་ངོ་།། ། ་དུག་གསོ་བ་ལ་ལོ་མས་སོ།། ཕྱག་རྒྱ་དབྱེ་བ་ལ་ཆུས་སོ།། འབེབས་པ་ལ་གུ་གུལ་གྱི་བདུག་པས་སམ་ཆུས་གདོན་འཆིང་ངོ་།། སོར་མོ་ལ་ཡོངས་སུ་བཟླས་ནས་སྡིགས་པར་བྱེད་པ་དེ་དབང་དུ་འགྱུར་རོ།། རས ་རིས་ཀྱི་སྤྱན་སྔར་བརྒྱད་བརྒྱ་བཟླས་པར་བྱའོ། ། རྨི་ལམ་དུ་ཇི་ལྟར་འབྱུང་བ་བཞིན་སྟོན་པར་བྱེད་དོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས། དེའི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས ་ཏེ.་པཱ་མཱན་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་བིལ་བའི་ཤིང་གིས་མ་རབ་ཏུ་སྦར་ནས་འབུམ་སྦྱིན་སྲེག་བྱའོ།། རྒྱལ་སྲིད་སོ་སོར་རྙེད་དོ།། མགྲུབ་ན་གྲོང་བསྡུས་པ་སྟོང་སོ་སོར་རྙེད་དོ།། ་@རས་རིས་ཀྱི་སྤྱན་སྔར་གི་སུ་ཝང་ངམ། སྡོང་རོས་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་བསྐུས་ཏེ་དགྲ་པོ་རྣམས་ཀྱི་ནང་དུ་ཞུགས་ན་འཇིགས་པར་མི་འགྱུར་རོ།། དམ་པོ་རྣམས ་ཀྱིས་གནོད་པར་མི་འགྱུར་རོ། ། འབེབས་པ་ལ་མེ་ཏོག་དཀར་པོ་དང་བཅས་པའི་ཆུ་དྲོན་ལ་ལན་གསུམ་བཟླས་པ་དང་། ཀ་ར་ཝཱི་རའི་མེ་ཏོག་ལ་ལན་གསུམ་བཟླས་པས་འབེབས་པ་ལ་བསྣུན་པར་བྱའོ།། འདས་པ ་དང་མ་འོངས་པ་སྟོན་པར་བྱེད་དོ། ། འཆིང་བ་ནི་སེ་གོལ་གྱི་ཕྱག་རྒྱས་ཤིས་པར་བྱེད་དོ།། མིག་སྨན་སྒྲུབ་པར་འདོད་པས་དཔའ་བོའི་རིན་གྱིས་ཉོས་པའི་སོའུ་བི་རའི་མིག་སྨན་སྲང་གཅིག་བླངས་ནས། བྲམ་ཟེའི་བུ ་མོ་ཁ་བྱང་དུ་བལྟས་པས་བ་བྱུང་ལྔས་འཐག་ཏུ་གཞུག་པར་བྱའོ། ། མིང་མེད་ཀྱི་སོར་མོས་རིལ་བུ་བཞི་བྱས་ནས་པདྨའི་འདབ་མས་གཡོགས་ཏེ། ཆོ་ག་འདི་ཉིད་ཀྱིས་མར་དང་སྲ་རྩི་པོག་སྲེག་ཅིང་སྟོང་ཕྲག་བརྒྱར ་བཟླས་པར་བྱའོ། ། གྲོང་གི་མཆོག་བཅུ་རྙེད་དོ།། ཆོ་ག་འདི་ཉིད་ཀྱིས་མཆོད་རྟེན་བྱས་ནས་ཙན་དན་གྱིས་བཏགས་པའི་པདྨ་སྟོང་ཕྲག་བརྒྱ་དབུལ་བར་བྱའོ།། ཡུལ་གྱི་བདག་པོ་ཉིད་སོ་སོར་རྙེད་དོ།། བདེ་བར ་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ནས་བདུག་པ་བསྲེགས་ཏེ། ཙམ་པ་ཀའི་མེ་ཏོག་སྟོང་ཕྲག་བརྒྱ་དབུལ་བར་བྱ་སྟེ་གསེར་སྟོང་སོ་སོར་རྙེད་དོ།། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི ་མཆོད་རྟེན་བྱས་ཏེ་མེ་ཏོག་གི་གིསར་སྟོང་ཕྲག་བརྒྱ་དབུལ་བར་བྱ་སྟེ་གོས་ཏ་སོར་རྙེད་དོ། ། དེ་བཞིན་དུ་མེ་ཏོག་ཐམས་ཅད་ཀྱི་འདོད་པའི་ཆོ་གའོ།། དུར་ཁྲོད་ནས་རོ་བསྲེགས་པའི་ཐལ་བ་བླངས་ཏེ་ཟླ་བ་ཉལ ་ཉིན་མཚན་དུ་སྦྱང་བར་གནས་པས། མིང་མེད་ཀྱི་སོར་མོའི་ཁྲག་གིས་ཟླུམ་པོ་བྱས་ནས་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཟློས་ཤིག། རིགས་བརྒྱུད་དང་བཅས་པ་དབང་དུ་བྱེད་དོ།། ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ནས་འབྲས་ཡོས་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། གིའུ་ཝང་ལ་སྟོང་དུ་མངོན ་པར་བསྔགས་པས་ཐིག་ལེ་བྱས་ན་གང་མཐོང་བ་དང་། གང་རྣམས་མཐོང་བ་དེ་རྣམས་དབང་དུ་བྱེད་དོ།། བྲོ་རངས་ཏུ་རུ་སྐའི་ཚུལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་གདོང་བཀྲུས་པས་གང་མཐོང་བ་དེ་སྦྱིན ་པར་བྱེད་དོ། ། ཐམས་ཅད་དེ་ཁོ་ན་བཞིན་དུ་ཏིལ་མར་ཟ་བས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་འཐུང་ཞིག། དོན་དུ་མ་གཉེར་བར་བཟའ་བ་རྙེད་དོ།། རྒྱལ་པོའི་ཕོ་བྲང་དུ་རབ་ཏུ་ཞུགས ་ཏེ་ཆོས་གོས་དེ་བླངས་ནས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་མདུད་པ་བྱས་ན་ཐོགས་པ་མེད་པར་འགྱུར་རོ། ། ཆོམ་རྐུན་གྱི་ནང་དུ་དྲན་པར་བྱེད་ཅིང་བཟླས་པས་འཆིང་བ་གྲོལ་བར་བྱེད ་དོ། ། གཅོད་པ་དང་འབུགས་པ་ལ་སོགས་པའི་སྔགས་རྣམས་ལ་སཱ་ལིའི་འབྲུ་དང་། ཀ་ར་ཝཱི་ར་དཀར་པོ་དང་། ཡུངས་ཀར་རྣམས་ཀྱིས་གཟུགས་བརྙན་བྱས་ནས། རས་རིས་ཀྱི་སྤྱན་སྔར་ལག་པ་གཡོན ་བས་མནན་ཏེ་སྟོང་ཕྲག་བརྒྱད་ཟློས་ཤིག། སྔགས་རྣམས་སློང་བར་བྱེད་པར་འགྱུར་རོ།། རིམས་གཞོམ་པར་འདོད་པས་གཽ་རི་ཀ་ཎི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཤ་ཟའི་རིམས་འཇོམ ་@#པར་འགྱུར་རོ། ། སེང་ལྡེང་གི་ཡམ་ཤིང་གིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་གྱིས་ཤིག། གདོན་ཐམས་ཅད་གྲོལ་བར་འགྱུར་རོ།། ཐལ་བ་ལ་ལན་བདུན་བཟླས་ནས་གཞན་གྱི་གསང ་སྔགས་སྒྲུབ་པར་བྱེད་དོ། ། ཆུ་ལ་ལན་ཅིག་བཟླས་པས་གྲོལ་ལོ།། རས་སམ་གྲོ་ག་ལ་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་ཕ་རོལ་གྱི་དམག་སྡེ་རེངས་པར་འགྱུར་རོ།། ཆུ་དང་ཕྱེ་ཟ་ཞིང་ནག་པོའི་བརྒྱད་པ ་འམ། ནག་པོའི་བཅུ་བཞི་པ་ལ་མཚན་མོ་གསུམ་དུ་སྦྱང་བར་གནས་པས་མཚན་མ་གཅིག་པར་སོང་ནས་ལུས་ཀྱི་གཡས་སུ་རས་རིས་བཞུགས་ཏེ་སྒྲ་བཅིང་བར་བྱའོ།། ཁུ་ཚུར་བཅིངས་ནས་ཇི་སྲིད་ཁུ་བ་བྱུང་བ་དེ་སྲིད ་དུ་བཟླས་པར་བྱའོ། ། འཆི་བར་བྱེད་དོ།། ཞེས་གསུམ་པ་ལ་ཁུ་ཚུར་སྒྲུབ་པར་འགྱུར་རོ།། ཁུ་ཚུར་བྱས་ན་མི་སྣང་ངོ་།། ལོ་བདུན་བརྒྱར་འཚོ་བར་འགྱུར་རོ།། དབང་ཕྱུག་ཆེན་པོའང་ཅི་འགྱིར་འགྱུར་རོ།། ་ཕྱོགས་གཙང་མར་རས་རིས་བཞུགས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས། རས་རིས་ཀྱི་སྤྱན་སྔར་གཟུགས་བརྙན་བྱས་ཏེ་ཆོ་ག་བཞིན་དུ་མངོན་པར་མཆོད་ནས་བིལ་བའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། བཅོམ་ལྡན་འདས་འཇམ་དཔལ་གྱི་དཔྲལ་བ་ནས་འོད་ཟེར་འབྱུང་ངོ་།། དེ་ནས་གྲུབ་པར་འགྱུར་བ་སྟེ་རྫས་སམ་གསེར་དཔག་ཏུ་མེད་པ་རྙེད་དོ།། ཉིན་མཚན་དུ་སྦྱང ་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཀར་ཝཱ་རའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་ཀ་ར་ཝཱི་རའི་མེ་ཏོག་གཅིག་བླངས་ནས་ཀླུའི་གནས་སུ་སོང་སྟེ། མེ་ཏོག་ཀླུའི་མཚོ་ཟན་དུ་བཅུག་ལ་སྔགས ་བཟླས་པར་བྱའོ། ། ཀླུ་མོ་དང་བཅས་པ་དབང་དུ་འགྱུར་རོ།། གང་དོན་དུ་གཉེར་བ་དེ་ཐོབ་པར་བྱེད་དོ།། ཉིན་མཚན་དུ་སྨྱུང་བར་གནས་པས་ནག་པོའི་བཅུ་བཞི་པ་ལ་ལམ་སུམ་མདོར་མཆོད་པ་བྱས་ནས་ཉེ་བར་འདུག་སྟེ ་སྲན་མའི་ཚད་ཀྱིས་ལྡོང་རོས་ཀྱི་རིལ་བུ་བྱས་ནས་ཁར་བཅུག་སྟེ་ཇི་སྲིད་ཁགས་པ་དེ་སྲིད་དུ་བཟླས་པར་བྱའོ། ། ལྡོང་རོས་གྲུབ་པར་འགྱུར་ཏེ་དཔྲལ་བར་ཐིག་ལེ་བྱས་པས་མི་སྣང་ངོ་།། འདོད་པའི་གཟུགས་ཅན་ལོ་ལྔ ་བརྒྱར་འཚོ་བར་བྱེད་དོ། ། ནག་པོའི་བརྒྱད་པ་ལ་ཁྲིའི་ཚིགས་ཅན་བླངས་ནས་གཞན་ནག་པོའི་བརྒྱད་པ་ལ་ཁྲིའི་ཚིགས་ཅན་ལ་རྩེ་གསུམ་བྱེད་དུ་གཞུག་གོ།། གཞན་པའི་ནག་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར ་གནས་པས་རུར་ཁྲོད་དུ་སོང་ནས་རྩེ་གསུམ་ལ་མཆོད་པ་ཆེན་པོ་བྱས་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ལག་པ་གཡས་པས་རྩེ་གསུམ་བླངས་ནས་ཇི་སྲིད་རྩེ་གསུམ་ལས་འོད་ཟེར་བྱུང་བ་དེ་སྲིད་དུ་བཟླས་པར ་བྱའོ། ། དེ་ནས་གྲུབ་པར་འགྱུར་ཏེ་མཚན་མོ་མ་བརྩིགས་པར་ལྷའི་ཁྱིམ་འབྱུང་ཏེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་བུད་མེད་འབྱུང་ངོ་།། འཁོར་གྱི་སྐྱེས་བུ་མང་པོའང་དགོད་པ་དང་སྒེག་པ་ལ་སོགས ་པ་རྣམས་ཀྱིས་ཀུན་ནས་ཁྱབ་པར་ཉེ་བར་གནས་ཏེ་གང་བསམས་པ་དེ་ཐམས་ཅད་རྙེད་དོ། ། ཐོ་རངས་སྟོན་པས་ཐམས་ཅད་འཇིག་གོ།། དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས ་རས་རིས་ཀྱི་སྤྱན་སྔར་ཚངས་མའི་ཁུ་བ་ཞོ་གང་ལ་བརྒྱད་བརྒྱར་ཟློས་ལ་འཐུང་ཞིག། ཉི་མ་བདུན་གྱིས་ཐོས་པ་འཛིན་པར་འགྱུར་རོ།། རས་རིས་ཀྱི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་བསྲུང་བ་བྱས་ཏེ་བཟའ་བ་པི་ཊི་ཀཱ ་ལ་ཇི་སྲིད་པན་དུ་གྱུར་པ་དེ་སྲིད་བཟླས་པར་བྱའོ། ། དེ་ནས་གྲུབ་པར་འགྱུར་ཏེ། ཕྱི་ནས་ཟན་འཕོ་བར་བྱེད་དོ།། འབྲུ་ལ་སྐྱེས་པའང་ངོ་།། སྔོན་སྤྱད་པ་བྱས་པས་ལྕགས་གསུམ་ལས་བྱུང ་བའི་འཁོར་ལོ་སོར་བཅུ་དྲུག་པའི་རྣམ་པ་བྱས་ནས་ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས། རྩ་བའི་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་འཁོར་ལོ་ཨ་ཤྭཏྠའི་འདབ་མ་བདུན་ལ་བཞག་སྟེ། ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་བླངས་པ་ཙམ་གྱིས་སྒྲ་ལི་ཞིང་འཁྱིལ་བ། ཉི་མ་འཆར་ཀའི་མདོག་ཅན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། གང ་རྣམས་ཀྱིས་མཐོང་བ་དང་གང་མཐོང་བ་དེ་རྣམས་དང་ལྷན་ཅིག་འཕུར་བར་འགྱུར་རོ། ། འབར་བ་ཅན་ལེགས་པར་མཐོང་བ་བླངས་ནས་ལག་པས་མནན་ཏེ་ལན་བདུན་བཟླས་པ་བྱས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ།། ་ཀུ་ཤ་ལས་བྱུང་བའི་འཁོར་ལོ་བྱས་ནས་ལན་བདུན་བཟླས་པ་ཆུར་བཅུག་སྟེ་ཀླུ་རྣམས་ལངས་ནས་ཅི་བགྱི་ཞེས་སྨྲ་བར་བྱེད་དོ།། དོང་ཚེ་འབུམ་བྱིན་ཅིག་ཅེས་བརྗོད་པར་བྱའོ།། སློང་མོ་ཟ་ཞིང་རིའི་རྩེ་མོར་འཛེགས་ཏེ་སྟོང ་ཕྲག་བརྒྱ་བཟླས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་མངོན་དུ་འགྱུར་རོ།། དེ་མཐོང་ནས་སྒྲུབ་པར་བྱེད་པ་གང་དེ་འགྲུབ་པར་བྱེད་དོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ཨརྐའི་མེ་ཏོག་གིས་སྦྱིན་སྲེག་གྱིས་ཤིག། ་ཉི་མ་མཆོག་སྐྱོན་པར་འགྱུར་རོ།། ཆུ་ཀླུང་དེ་ཉིད་དུ་རྐེད་པ་ནུབ་ཙམ་དུ་ཞུགས་ནས་བིལ་བའི་མེ་ཏོག་རབ་ཏུ་ལྷུག་ཅིག། མེས་པོས་མཆོག་སྦྱིན་པར་འགྱུར་རོ།། མནྡར་བའི་མེ་ཏོག་གི་སྦྱིན་སྲོག་ཀྱིས་ཤིག། ་དབང་པོས་མཆོག་སྦྱིན་པར་འགྱུར་རོ།། དེ་ཉིད་དུ་ཆུ་ལ་མནྡ་ར་བའི་མེ་ཏོག་གིས་ནོར་སྦྱིན་མཆོག་སྦྱིན་པར་འགྱུར་རོ།། འབུམ་ཕྲག་གཉིས་བཟླས་པར་བྱའོ།། རྒྱལ་པོར་འགུགས་པར་བྱེད་དོ།། འབུམ་ཐག ་གསུམ་བཟླས་པར་བྱའོ། ། སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ།། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་ངུ་ཞུགས་ཏེ་མྱ་ངན་མེད་པའི་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱ་བླུགས་པར་བྱའོ།། མཚན་མོ་བདུན་གྱིས་གནོད ་སྦྱིན་མོ་རྣམས་འགུགས་པར་བྱེད་དོ། ། ཤིང་ལ་མི་སྨྲ་བར་ཟླ་བ་དྲུག་ཏུ་བཟླས་པར་བྱའོ།། མངོན་པར་འདོད་པའི་རྫས་སོ་སོར་རྙེད་དོ།། ཨརྐ་ལས་བྱུང་བའི་རྒྱལ་པོའི་གཟུགས་བརྙན་སོར་དྲུག་པ་བྱས་ནས་ཁ་དོག་མ ་འདྲེས་པས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་དྲིར་གཞུག་པར་བྱའོ། ། དེའི་མདུན་དུ་ཟླ་བ་དྲུག་ཏུ་བཟླས་པར་བྱའོ།། དཀྱིལ་འཁོར་བའི་རྒྱལ་པོར་འགྱུར་རོ།། ཡང་ན་རིག་པ་འཛིན་པ་ཉིད་དོ།། རས་རིས ་ཀྱི་སྤྱན་སྔར་མི་སྨྲ་བར་ཟླ་བ་དྲུག་ཏུ་ལག་པ་གཡོན་པ་ལ་མངོན་པར་བསྔགས་ནས་ཁྲི་ཡོངས་སུ་བཟླས་ཏེ་ཉེ་བར་གྱུར་པའི་གཏེར་འབུམ་འབྱུང་ངོ་། ། འབྲས་ཡོས་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང ་ཕྲག་བཅུ་དང་། ཨ་པཱ་མཱརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏག་པ་སྟོང་ཕྲག་བཅུ་སྦྱིན་སྲེག་གྱིས་ཤིག། གསེར་སྟོང་ཕྲག་བཅུ་སོ་སོར་རྙེད་དོ།། གིའུ་ཝང་བླངས་ཏེ་རིལ་བུ་བྱས་ནས་ལྕགས ་གསུམ་གྱིས་དཀྲིའོ། ། དེ་ནས་གཙང་ཞིང་དཀར་བའི་གོས་བགོས་ཏེ་དུར་ཁྲོད་དུ་སོང་ནས་དྲི་དང་། བདུག་པ་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ཏེ། ་རིལ་བུ་ཐོད་པ་ཁ་སྦྱར་དུ་བཞག་ནས། ཇི་སྲིད་འཇིགས་པའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ།། འཇིག་པར་མི་བྱའོ།། གྲོགས་རྣམས་ལ་བསྒོས་ནས་ཡང་ཁར་བཅུག་པས ་མི་སྣང་བར་འགྱུར་རོ། ། ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ།། ཕག་གི་མིག་བླངས་ནས་ཕྱུགས་དང་ལྷན་ཅིག་གཞོན་ནུ་མའི་ལག་པས་བཏག་པར་བྱའོ།། རོལ་བུ་བྱས་ནས་ལྕགས་གསུམ ་གྱིས་དཀྲིས་ཏེ་ལག་པ་ཁ་སྦྱར་དུ་བཞག་ནས་དབང་ཕྱུག་ཆེན་པོའི་སྐུའི་གཡས་ཕྱོགས་སུ་ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ། ལག་པ་གཡས་པས་མནན་ནས་ཇི་སྲིད་ཤི་ཏའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར ་བྱའོ། ། རིག་པ་བཟླས་ཏེ་གྲོགས་རྣམས་ལའང་བྱིན་ནས་ཁར་བཅུག་པས་མི་སྣང་བར་འགྱུར་རོ།། སྒྲུབ་པར་བྱ་བ་ཐམས་ཅད་ཀུན་ཏུ་དགའ་བ་དང་ལོ་སྟོང་ཕྲག་ཏུ་འཚོ་བར་བྱེད་དོ།། པདྨ་གེ་སར་དང་། ་མིག་སྨན་དང་། ལྡོང་རོས་ཀྱང་རུང་སྟེ། ཆ་མཉམ་པར་བྱས་ནས་གསོ་སྦྱོང་ཅན་གྱི་བུ་མོའི་ལག་པས་བཏག་པར་བྱའོ།། ལྕགས་གསུམ་གྱིས་དཀྲིས་པ་བྱས་ནས་སྔོན་སྤྱད་པ་བྱས་པ་རྒྱལ་གྱི་སྦྱོར་བས་དབང་ཕྱུག ་ཆེན་པོའི་སྐུའི་གཡས་སུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ནས་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མཆོད་པ་བྱས་ཏེ་ཁམ་ཕོར་ཁ་སྦྱར་དུ་བཞག་ནས། ལག་པ་ཡས་པས་མནན་ཏེ་ཇི་སྲིད ་ཁ་ཊ་ཁ་ཊ་ནས་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ། ། སངས་རྒྱས་བཅོམ་ལྡན་འདས་ལ་གཅིག་ཕུལ་ནས་གྲོགས་རྣམས་ལའང་བགོས་ཏེ་ཁར་བཅུག་པས་མི་སྣང་བར་འགྱུར་རོ།། ལོ་སྟོང་དུ་འཚོ་བར་བྱེད་དོ།། ་སྔོན་སྤྱད་པ་བྱས་པས་འོ་མ་དང་ནས་ཟན་ཟ་ཞིང་རིའི་རྩེ་མོར་རས་རིས་བཞུགས་ནས་འབུམ་བཟླས་པར་བྱའོ།། དེ་ནས་གསོ་སྦྱོང་ཅན་གྱིས་གྲོག་མཁར་གྱིས་རྟག་ཏུ་བླངས་ནས་འོ་མས་སྦྱར་ཏེ་འཇམ་པར ་བྱས་ནས། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་ངང་པ་བྱའོ།། རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པ་འདྲིར་གཞུག་པར་བྱའོ།། དེ་ནས་རྣམ་པར་དབེན་པའི་ཕྱོགས་སུ་རས་རིས་བཞུག ་ནས་དྲི་དང་། མེ་ཏོག་དང་། བདུག་པས་མངོན་པར་མཆོད་དེ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ནས་གཙང་མ་གོས་གཙང་མ་བགོས་པས་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་ངང་པ་གཡོ་བར་བྱེད་པ་དེ་སྲིད་དུ ་དུ་བཟླས་པར་བྱའོ། ། དེ་ནས་རིག་པ་འཛིན་པས་སྔར་ཡོངས་སུ་བཟླས་པའི་གཞན་གྱིས་མི་ཐུབ་པའི་མེ་ཏོག་གིས་མཆོད་ཡོན་དབུལ་བར་བྱའོ།། སླར་ཡང་བརྒྱད་བརྒྱར་བཟླས་པར་བྱའོ།། ཐམས་ཅད་འོང ་པར་བྱེད་དེ་འཇིགས་པར་མི་བྱའོ། ། སྔགས་བཟླས་པའི་རྨ་བྱས་རེག་པར་བྱའོ།། ཅི་བགྱི་ཞེས་སྨྲ་བར་བྱའོ།། ལུས་ཀྱི་ནང་དུ་སོན་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་སྒྲུབ་པ་པོའི་ལུས་སུ་མི་སྣང ་བར་འགྱུར་རོ། ། སྐད་ཅིག་དེ་ཉིད་ལ་སྤྲུལ་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཉི་མ་འཆར་ཀའི་མདོག་ལྟར་སྣང་བ། ཐོགས་པ་མེད་པར་འགྲོ་བར་བྱེད་དོ།། གང་མཐོང་བ་དང་ལྟ་བར་བྱེད ་པདེ་དང་ལྷན་ཅིག་འཕུར་བར་འགྱུར་རོ། ། རིག་པ་འིའཛིན་པ་ཐམས་ཅད་འདིའི་དབང་དུ་འགྱུར་ཏེ་བསྐལ་པར་གནས་ཤིང་། གང་གི་ཚེ་འཆི་བ་དེའི་ཚེ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། སྔོན་སྤྱད་པ་བྱས་པས་རིང ་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་འབུམ་ཕྲག་ལྔ་བཟླས་པར་བྱའོ། ། གསོ་སྦྱོང་ཅན་གྱིས་མི་སྨྲ་བར་ཐོག་ཕོག་པའི་ཤིང་བླངས་ནས་འོ་མར་ཉིན་ཞག་བདུན་དུ ་གཞག་པར་བྱའོ། ། དེ་ནས་ཕྱུང་སྟེ་ས་དཀར་པོ་དང་ཙན་དན་གྱི་ཆུས་མཉེས་པས་ཇི་སྲིད་རྡོ་རྗེ་ཕོག་པའི་ཤིང་འཁྲུར་གཞུག་པར་བྱའོ།། དེ་ནས་སྒྲུབ་པ་པོ་གསོ་སྦྱོང་ཅན་གྱི་བཟོ་བོས་སེང་གེ་བྱེད་དུ་གཞུག་པར ་བྱའོ། ། དེ་ནས་རྒྱུ་སྐར་སྣར་མ་ལ་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་དགེ་འདུན་གྱིས་བསྟན་པའི་སློང་མོ་བཟའ་བར་བྱའོ།། རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས། རྣམ་པ་སྣ ་ཚོགས་པའི་གཏོར་མ་དབུལ་བར་བྱའོ། ། དེ་ནས་སྒྲུབ་པ་པོ་གཙང་མས་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ལག་པ་གཡས་པས་སེང་གེ་མནན་ཏེ། ཇི་སྲིད་སེང་གེ་གཡོ་བར་བྱེད་པ་དེ ་སྲིད་དུ་བཟླས་པར་བྱའོ། ། གཡོས་པ་དང་རྣམ་པ་སྣ་ཚོགས་པའི་མཚན་མ་སྐྱེ་སྟེ་འཇིགས་པར་མི་བྱའོ།། དེ་ནས་རིག་པ་འཛིན་པས་ལན་བདུན་མངོན་པར་བསྔགས་པའི་ཡུངས་ཀར་རྣམས་ཀྱིས་སེང་གེ་ལ་གཞུ་བར་བྱའོ།། ་སེང་གེ་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ།། སྒྲུབ་པ་པོའང་མ་བསམས་པར་དགོན་པ་ལས་འདའ་བར་མི་འགྱུར་རོ།། དེ་ནས་སྒྲུབ་པ་པོས་ལན་བདུན་བརྗོད་ནས་སེང་གེ་ལ་འཛེགས་ཏེ། རིག་པ་འཛིན་པ་ཐམས་ཅད་ཀྱང ་འདུས་ན་སེང་གེ་ལ་ཞོན་ཏེ་འཁོར་དང་བཅས་པ་འཕུར་བར་འགྱུར་རོ། ། ཡིད་ཀྱིས་རླུང་ལྟར་འགྲོ་བ་དང་། རིག་པ་འཛིན་པའི་འཁོར་དུ་མ་དང་། བསྐལ་པར་གནས་ཤིང་། གང་གི་ཚེ་འཆི་བ་དེའི་ཚེ་གང་དུ་འདོད ་པ་དེར་སྐྱེ་བར་འགྱུར་རོ། ། སེང་གེའི་སྒྲུབ་ཐབས་སོ།། ནོར་སྒྲུབ་པར་བྱེད་པར་འདོད་ན་དཀར་པོའི་ཟླ་བ་ཉ་ནས་བརྩམས་ཏེ་མི་སྨྲ་བར་འོ་མ་དང་ནས་ཟན་ཟ་ཞིང་། ཇི་སྲིད་ཕྱི་མ་ཟླ་བ་ཉའི་བར་དུ་རས་རིས་ཀྱི ་སྤྱན་སྔར་འབུམ་བཟླས་པར་བྱའོ། ། དེ་ནས་རས་རིས་གཡོ་བར་འགྱུར་རོ།། ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་གཡོ་བར་བྱེད་དོ།། ནོར་གྱི་དངོས་གྲུབ་ཆེན་པོར་འགྱུར་རོ།། ནི་ལཱ་ཊ་ཀ་ལ་བརྒྱད ་བརྒྱར་མངོན་པར་བསྔགས་ཏེ་མདུད་པ་བྱའོ། ། གྱད་གཡུལ་དུ་རྒྱལ་བར་འགྱུར་རོ།། ཐལ་བ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གྱད་ཀྱི་སྤྱི་བོར་བཞག་པར་བྱས་ན་གཡུལ་དུ་རྒྱལ་བར་འགྱུར་ཏེ། གྱད་ཀྱི་དངོས ་གྲུབ་བོ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་འོ་མ་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་སྟེ་བརྒྱད་བརྒྱར་མངོན་པར་བཟླས་པ་བྱས་ནས་འཐུང་ཞིག། དེ་བཞིན་དུ་ཉི་མ་བདུན་གྱིས་ཐོས་པ་འཛིན་པར ་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་འོད་ཟེར་འབྱུང་སྟེ་སྒྲུབ་པ་པོས་བསྐོར་བ་བྱས་ནས་སྟེང་དུ་འགྲོ་སྟེ་རིག་པ་འཛིན་པར་འགྱུར་རོ།། འདོད་པའི་གཟུགས་ཅན་ལོ་བརྒྱ་སྟོང་ཕྲག ་གསུམ་དུ་འཚོ་བར་བྱེད་དོ། ། ནག་པོའི་བརྒྱད་པ་ལ་མཚན་མོ་གཅིག་སྨྱུང་བར་གནས་པས་གཟུགས་བརྙན་གྱི་མདུན་དུ་གིའུ་ཝང་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེའི་ཚེ་བླང་བར་བྱ་སྟེ། ་བླངས་པ་ཙམ་ལ་སྲེད་མེད་བུའི་སྟོབས་སུ་འགྱུར་ཏེ། གཞན་གྱི་མཚོན་ཆ་རྣམས་མཐུ་མེད་པར་འགྱུར་རོ།། གང་འཕྲེང་བ་དང་ལྡན་པ་དེ་གནས་སོ།། ལོ་གསུམ་བརྒྱ་འཚོ་བར་བྱེད་དོ།། ནག་པོའི་བཅུ་བཞི ་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་བིལ་བའི་ཤིང་གིས་མེ་རབ་ཏུ་སྦར་ནས། བེ་ཀཾ་ཀ་ཏའི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག ་བརྒྱར་སྦྱིན་སྲེག་གྱིས་ཤིག། དོང་ཚེ་གཅིག་རྙེད་དོ།། དཀར་པོའི་བཅུ་གསུམ་པ་ལ་ཉིན་མཚན་དུ་སྦྱང་བར་གནས་པས་ས་ལས་བྱུང་བའི་འདོད་པའི་ལྷ་བྱས་ནས། དེའི་ཁར་འབྲས་ཐུག་པོ་ཆེ་སྟོང་ཕྲག་འགྱུར ་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་ལ་གང་བུ་མོ་འདོད་པ་དེ་དབང་དུ་འགྱུར་རོ།། ནག་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་དུར་ཁྲོད་དུ་སོང་སྟེ། ས་ལ་མ་ལྷུང་བའི་བ་གླང་གི་ལྕི་བས་དཀྱིལ ་འཁོར་ཉེ་བར་བྱུག་པ་བྱས་ནས་མ་ཉམས་པའི་ཐོད་པ་བླངས་ཏེ་ཙན་དན་དམར་པོའི་ཆུས་བཀྲུས་ནས་མེ་ཏོག་དམར་པོ་དང་། དྲི་དང་། མེ་ཏོག་གིས་མངོན་པར་མཆོད་ཅིང་། དེ་ནས་ཐོད་པ་ལ་ཉེ་བར་འདུག ་སྟེ་གསང་སྔགས་བཟླས་པས་དགུག་པར་བྱའོ། ། ཇི་སྲིད་ཐོད་པ་གཡོ་བར་གྱུར་པ་དེ་སྲིད་དུའོ།། དེའི་ཚེ་གྲུབ་པར་འགྱུར་རོ།། དེའི་ཚེ་སེན་མོས་གང་བཀུག་པ་དེ་འོང་སྟེ། གང་བརྗོད་པ་དེ་བྱེད་དོ།། ཞི་བ ་བྱེད་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་པདྨ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཞི་བར་འགྱུར་རོ།། རས་རིས་ཀྱི་སྤྱན་སྔར་མཱ་ལ་ཏིའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱོས་བཏགས་སྟོང་ཕྲག ་བརྒྱད་སྦྱིན་སྲེག་གྱིས་ཤིག། ཞི་བར་འགྱུར་རོ།། སྔོན་སྤྱད་པ་བྱས་པ་ནག་པོའི་བཅོ་ལྔ་པ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་རྒྱ ་ཆེན་པོ་དབུལ་བར་བྱའོ། ། ཕྱི་རོལ་ཏུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ཏེ། དེ་ནས་ན་ག་གེ་སར་གྱི་ཕྱེ་མས་གཟུགས་བརྙན་བྲིས་ཤིག། དཀྱིལ་འཁོར་བཅིང་བའང་བྱས་ནས་ཀུ་ཤའི་ཁྲེས ་ཉེ་བར་འདུག་སྟེ། ཇི་སྲིད་དུ་སྐར་མདའ་ལྷུང་བ་དེ་སྲིད་དུ་བཟླས་པར་བྱའོ།། སླར་ཡང་ཇི་སྲིད་རས་རིས་རབ་ཏུ་འགུལ་བ་དེ་སྲིད་དུ་བཟླས་པར་བྱའོ།། དངོས་གྲུབ་ཀྱི་མཚན་མ་གཞན་རྣམས་ཀྱང་འབྱུ ་སྟེ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་འཕུར་བའི་རིག་པ་འཛིན་པར་འགྱུར་རོ།། འདོད་པའི་གཟུགས་ཅན་དཔག་ཚད་སྟོང་ནས་མཐོང་བར་བྱེད་ཅིང་ཐོས་པར ་བྱེད་དོ། ། རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་དོ།། སྔོན་སྤྱད་པ་བྱས་པས་ནག་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་མ་ཉམས་པའི་ལུས་བླངས་ཏེ་དྲི ་དང་། མེ་ཏོག་དང་། བདུག་པས་མངོན་པར་མངོན་པར་མཆོད་ནས་ལག་པ་གཡས་པས་བྱིན་ཏེ། ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། འབར་བ་ཙམ་གྱིས་རིག་པ་འཛིན་པ་སྟོང་གིས་ཡོངས་སུ་བསྐོར ་ཏེ་ནམ་མཁའི་མཐིལ་དུ་འཕུར་བར་བྱེད་དོ། ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། སྒ་ལི་ཞིང་འཁྱིལ་བ། རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་པའོ།། འབེབས་པ་ལ་བདུག་པས་སོ།། དུག་འཇོམ་པ ་ལ་ཡལ་འདབ་ཀྱིས་སོ། ། བདག་ཉིད་བསྲུང་བ་ལ་བཟླས་པས་སོ།། དཀར་པོའི་བཅུ་བཞི་པ་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུ་གཟུགས་བརྙན་གྱི་སྤྱན་སྔར་གསོ་སྦྱོང་ཅན་གྱིས་དག་པ་གོས་གཙང་མ་བགྲོ ་པས་བཟླས་པར་བྱའོ། ། གང་འདོད་པ་དེ་ཐོབ་པར་བྱེད་དོ།། མར་ལ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་འཐུང་ཞིག། ཉི་མ་བདུན་གྱིས་ཡིད་གཞུངས་པར་འགྱུར་རོ།། ་རས་རིས་ཀྱི་སྤྱན་སྔར་མལླི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མཚན་མོ་བདུན་ལ་རྫས་སྐྱེ་བར་འགྱུར་རོ།། དཀར་པོའི་བཅུ་བཞི་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨུ་དུམྦ་རའི་ཤིང་གིས ་མེ་རབ་ཏུ་སྦར་ནས། ཨུ་དུམ་བ་རའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དོང་ཚེ་ལྔ་བརྒྱ་རྙེད་དོ།། ནག་པོའི་བཅུ་བཞི་པ་ལ་གསོ་སྦྱོང་ཅན་གྱིས ་མར་མེ་སྟོང་ཕྲག་བརྒྱད་སྦར་ནས། མར་མེ་འཁྱིལ་བ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཕྱི་ནས་བཟླས་པ་དབུལ་བར་བྱའོ།། དེ་ནས་མིག་ཐོབ་པར་བྱེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ ་རིལ་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བཞུགས་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས། ཉི་མ་གཅིག་ལ་ཐུན་གསུམ ་དུ་ཡོངས་སུ་བཟླས་པ་ལན་བཅུ་གཉིས་སུ་བཟླས་པར་བྱའོ། ། རྣ་བ་སོ་སོར་རྙེད་དོ།། ནད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་ངེས་པར་སྐྱེས་པའི་ཆོ་གས་རས་སམ་འབྲས་བུ་ཅན་ལ་ཁ་དོག་མ ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། ། དེའི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་སྟོང་ཕྲག་བརྒྱར་བཟླས་པར་བྱའོ།། ཀུ་ཤའི་སྟན་ལ་འོ་མ་དང་ནས་ཟན་པ་ཞིང་དུས་གསུམ་དུ་ཁྲུས་བྱེད་ཅིང་གཙང་མས ་གོས་གཙང་མ་བགོས་པས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ཅན་གྱིས་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་བཅོ་ལྔའི་བར་དུ་བཟླས་པ་དབུལ་བར་བྱའོ། ། དེ་ནས་ནད་རབ་ཏུ་ཞི་བར་འགྱུར་རོ།། སྔོན་སྤྱད ་པ་བྱས་པའི་འོ་མ་དང་ནས་ཟན་ཟ་བའམ། བ་ལང་གི་གཅིན་དང་ནས་ཟན་ཟ་བས་དུས་གསུམ་དུ་ཁྲུས་བྱ་ཞིང་། གསོ་སྦྱོང་ཅན་གྱིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མར་མེ ་བརྒྱད་སོ་སོར་སྦར་ཏེ་པདྨ་སྟོང་གིས་མཆོད་པར་བྱའོ། ། ནག་པོའི་ཕྱོགས་ལ་བཟླས་པར་བྱའོ།། དཀར་པོའི་ཚེས་གཅིག་ནས་བསྒྲུབ་པར་བྱའོ།། ཟླ་བ་ཉ་ལ་མཚན་མོ་གསུམ་དུ་སྦྱང་བར་གནས་པས་མཆོད ་པ་རྒྱ་ཆེན་པོ་བྱས་ཏེ། མཚན་ཐོག་ཐག་ཏུ་བཟླས་པ་བྱའོ།། གལ་ཏེ་རྒྱལ་པོར་འགྱུར་ན་སྒྲུབ་པ་པོའི་ཁང་པ་འབར་བར་བྱེད་ཅིང་མེ་ཏོག་གི་ཆུན་པོ་གཡོ་བར་བྱེད་ན་དཀྱིལ་འཁོར་བའི་རྒྱལ་པོར་འགྱུར་རོ།། རས ་རིས་ཀྱི་སྤྱན་སྔར་ཙན་དན་དཀར་པོས་དཀྱིལ་འཁོར་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། གཏོར་མའང་ཕུལ་ནས་མེ་ཏོག་གི་གེ་སར་བརྒྱ་ཕྲག་གསུམ་བླངས་ཏེ། བརྒྱད་བརྒྱར ་མངོན་པར་བསྔགས་པར་བྱས་ནས་མར་གྱི་མར་མེ་གསུམ་སྦར་ཏེ། ཨུ་དུམ་བ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་རེ་རེ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་མར་གྱིས་བྱུགས་ཏེ་སྦྱིན་སྲེག ་བྱའོ། ། གང་འདོད་པ་དེ་དབང་དུ་འགྱུར་རོ།། མཚན་མོ་བདུན་དུ་དུས་གསུམ་དུ་ཡོངས་སུ་བཟླས་པར་བྱེད་ན་དེའི་མཚམས་མེད་པ་ལྔ་སྲབས་པར་འགྱུར་རོ།། ཉི་མ་སོ་སོར་བརྒྱད་བརྒྱར་ཟློས་པར་བྱེད་ན་སྡིག་པ ་རྣམས་བསྲབས་པར་འགྱུར་རོ། ། རྟག་ཏུ་བཟླས་པས་གང་འདོད་པའི་གྲོང་དེ་སོ་སོར་རྙེད་པ་དང་། མིག་གིས་གང་མཐོང་བ་དེ་དབང་དུ་འགྱུར་རོ།། རྩོད་པ་ལས་རྒྱལ་བ་དང་སྒྲ ་བའི་མཆོག་ཏུ་འགྱུར་རོ། ། ཏིལ་དང་མཱ་ཁའི་སྦྱིན་སྲེག་གྱིས་ཤིག། ནོར་སྐྱེད་པར་བྱེད་དོ།། བ་ཊའི་མྱུ་གུ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དུས་མ་ཡིན ་པར་འཆི་བར་མི་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མི་བདག་དབང་དུ་འགྱུར་རོ།། དེ་ནས་ཡང་ཤཱཀྱ་ཐུབ་པས་སླར་ཡང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར ་ལ་ཀུན་ཏུ་གཟིགས་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི་རིག་པའི་སྔགས་ཀྱི་ལེའུ་མཐའ་དག་རྣམ་པར་བཀོད་པའི་ཁྱད་པར་གྱི་ཆོ་གས ་སྦྱིན་སྲེག་གི་ལས་རབ་ཏུ་སྦྱར་བས་རིག་པ་སྒྲུབ་པ་པོའི་མེ་ལ་རབ་ཏུ་སྤྱོད་པའི་ཁྱད་པར་གྱི་ཆོ་ག་དང་། གང་དུ་རབ་ཏུ་གནས་པས་རིག་པའི་སྤྱོད་པ་ལ་མངོན་པར་བརྩོན་པའི་སེམས་ཅན་གྱིས་རབ་ཏུ་སྦྱར་བར་བྱ་བ་ཡོད་དེ། ་དེ་གང་ཞེ་ན། འདིའི་རིག་པའི་སྔགས་ཀྱི་ཚིག་རྣམས་གསུངས་པ། ཏདྱ་ཐཱ། ཨོཾ་ཏིཥྛ། ཧ་རི་པིངྒ་ལ་ལོ་ཧཾ་ཏཀྵ། དེ་ཧི། ད་རཱ་པ་ཡ། ཧཱུཾ་ཕཊ་སྭཱཧཱ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གི་མེའི་སྙིང་པོ་སྟེ། ་ལས་ཐམས་ཅད་བྱེད་པ། འདོད་པ་ཐམས་ཅད་སྦྱིན་པར་བདག་ཉིད་དགོངས་སོ།། སྒྲུབ་པ་པོས་འདིས་མེ་ལ་སྦྱིན་སྲེག་བྱ་སྟེ་ལན་ཅིག་བཟླས་པའི་སྲེག་བླུགས་གསུམ་མེ་ལ་སྦྱིན་སྲེག་བྱའོ།། མེ་སྤྱན་དྲངས་པར་འགྱུར ་རོ། ། དེ་བཞིན་དུ་ཞི་བ་ཅན་དང་། རྒྱས་པ་ཅན་དང་། དྲག་པོའི་ལས་རྣམས་རབ་ཏུ་སྦྱར་བ་ལ་ཡམ་ཤིང་གི་ཤིང་རྣམ་པ་གསུམ་དུ་འགྱུར་ཏེ། ཞི་བའི་དོན་དུ་མྱ་ངན་མེད་པ་ཆ་ཤིང་དྲན་དང་བཅས་པས་ཁྱད་པར་དུ་རྒྱས་པ ་མཐོ་གང་ངམ། ཁྲུ་གང་ཙམ་མམ། སོར་གསུམ་པའང་བསྒྲེང་བ་དང་། འཇམ་ཞིང་མཉེན་པ་རབ་ཏུ་བསྔགས་པ་ནི་ཆོ་ག་འདི་བསྒྲུབ་པར་བྱའོ།། བུག་པ་མེད་ཅིང་ཁོང་སྟོང་ཡང་མ་ཡིན་པ་ནེ་ཙོའི་གཤོག་པ་འདྲ ་བ་དང་། དེ་བཞིན་དུ་ལྗང་ཁུ་དང་། ལོ་མ་བསྐམས་པའམ། ཁ་དོག་ནག་པོའང་སྤང་བར་བྱའོ།། སྲིན་བུ་རྣམས་ཀྱིས་ཟོས་པ་སྤངས་ནས་བུག་པ་མེད་པའང་ཀུན་ཏུ་འཇོག་པས། ཁ་དོག་གཞན་མཆོག་དང་ཐ ་མ་ཉིད་ཀྱང་སྤངས་ནས་སྐམ་པོ་དེ་རྣམས་ཀྱང་སྤངས་པ་བསྲེགས་པར་ཀུན་ཏུ་སྤྱོད་དོ། ། མ་རུལ་ཅིང་མི་འཁྱོག་པ་ཉིད་དང་གཞན་སྤང་བར་བྱའོ།། དེ་ནས་མེ་ཟབ་ཀུན་ནས་གྲུ་བཞི་པ་བྱས་ནས་འོག་ཉིད་དུ་བ ་བར་བྱ་སྟེ། གཞུ་གང་དང་། ཁྲུ་གང་གི་ཚད་ལས་ཁྲུ་གསུམ་མམ། ཁྲུ་གཉིས་སམ། ཁྲུ་གཅིག་སྟེ། དེ་བཞིན་ཁོ་ནར་སྲོག་ཆགས་རྣམས་སྤངས་པ་རྟག་ཏུ་བྱེ་མ་བསྔགས་ཏེ་དེ་ལ་པདྨའི་རྣམ་པས་སོ།། ་དེ་ནས་ཁ་ཁྱེར་ཀུན་ནས་དཀྱིལ་འཁོར་གྱི་རྣམ་པ་གྲུ་བཞི་པའང་འབད་པས་སོ།། རས་རིས་ཀྱི་སྤྱན་སྔར་ཞི་བ་ཅན་དང་། རྒྱས་པ་ཅན་ཡང་རུང་སྟེ། འདི་རྣམས་ཡང་དག་རབ་ཏུ་བསྒྲགས། མངོན་སྤྱད་དུ་ནི ་པལ། དབུས་སུ་རྡོ་རྗེ་བྱ་བ་ནི།། རྩེ་མོ་གཉིས་ཀ་རྩེ་གསུམ་པ།། གཞན་ལས་མེ་ཐབ་ཁྲུ་གཉིས་པ།། ཐད་ཀར་ཡང་ནི་བདུན་པའོ།། དེ་བཞིན་གཙང་མའི་ཕྱོགས་རྣབ་ཏུ།། ཆུ་རླུང་ངོག ་ཕྱོགས་གཅིག་གམ། ། བརྟན་པའི་ཕྱོགས་སམ་དུར་ཁྲོད་དམ།། ཁང་སྟོང་སྦྱིན་སྲེག་ལེགས་བརྩམ་བྱའོ།། དེ་བཞིན་ཁོ་ནར་རི་རྩེར་ཡང་།། ལྷ་ཡི་ཁང་པ་སྟོང་པ་དང་། ་རྟག་ཏུ་དགོན་པ་ཆེན་པོ་དང་།། དེ་བཞིན་དུ་ཡང་གསུམ་རྣམས་ནི།། སྒྲུབ་པོའི་ཕྱོགས་སུ་གསུངས་པ་ཡིན།། གང་ཟག་མཆོག་གི་གནས་དེ་རྣམས།། གསུངས་པ་སྦྱིན་སྲེག་ལས་ཀུན་ལས།། ཀུ་ཤའི ་ཁྲིས་ལ་ཉེར་འདུག་པས། ། གནས་ནས་ཁྲུ་ཡི་ཚད་ལས་ནི།། སྦྱིན་སྲེག་ལས་རྣམས་ཁྱད་པར་དུ།། དེར་ནི་སྔགས་ཤེས་པས་བྱའོ།། དངོས་གྲུབ་མྱུར་བ་ཁོ་ནར་གནས།། ཉིད་དུ་གནས་པར་ཐེ་ཙོམ ་མེད། ཤར་དུ་བལྟས་དང་བྱང་བལྟས་པའང་།། ཞི་དང་རྒྱས་པ་ཅན་ལ་བྱ།། དྲག་པོ་ལ་ནི་ལྷོ་རུ་སྟེ།། དེ་ནི་སྔགས་པས་རྣམ་པར་སྤང་།། ཤར་དུ་ཁ་བལྟས་ཞི་བ་འཕེལ།། རྒྱས་པ་ལ་ཡང་བྱང་བལྟས་པ ་འདི་རྣམས་སྔགས་པས་དུས་ལྷན་ཅིག། རིག་པ་བཟླས་པས་ཡང་དག་བརྩམ།། བིལ་བ་ཨརྐ་པ་ལ་ཀྵ།། ནྱ་གྲོ་དྷ་ཡིས་རྒྱས་ལས་བྱ།། མངོན་སྤྱོད་ཅན་ལ་ཤིང་རྣམས་ནི།། དཀར་དང་ཚབ་སྒྱུར་དང་རྣོ།། ་དེ་རྣམས་ཐམས་ཅད་སྤང་བྱ་སྟེ།། ཐུབ་པ་རྣམས་ཀྱིས་བཀག་པ་ཡིན།། རྟག་ཏུ་ཞི་དང་རྒྱས་ལས་ལ།། རླན་བཅས་ཤིང་ནི་རབ་ཏུ་བསྔགས།། དེ་བཞིན་སྐམ་པོ་དྲག་ལས་ལའོ།། ཐུབ་པ་རྣམས་ཀྱིས་རྟག ་ཏུ་སྤངས། ། དེ་རྣམས་མེད་པའི་ཡམ་ཤིང་གིས།། ཤིང་དེ་རྣམས་སུ་བརྟག་པར་བྱ།། ལྗང་དང་སྣུམ་པ་འདྲ་བ་དང་།། རྨ་བྱའི་མགྲིན་པ་དང་མཚུངས་པ།། དེ་བཞིན་དུ་ཀུ་ཤའི་རྣམ་པ་ཡིན།། ཞི་དང་རྒྱས ་པ་རྟག་ཏུ་བྱ། ། མར་གད་དང་ནི་འདྲ་བ་དང་།། དེ་བཞིན་དཀར་པོའི་རྩཝ་རྣམས་ཀྱིས།། སྡིག་པའི་ལས་རྣམས་རྟག་ཏུ་བྱ།། རྒྱལ་བ་མཆོག་གིས་བཀག་པ་ཡིན།། འདིར་ནི་དྲི་མེད་ཆུ་ལ་ཡང་།། དག་པ་སྲིན ་བུ་སྤངས་པ་ལས། ། རྟག་ཏུ་དེ་ནས་མངོན་པར་བཀྲུ།། ཀུན་ནས་བསྐོར་བ་བྱ་བ་ཡང་།། རང་སྣང་ཕྱི་རོལ་བརྩོན་པ་འམ།། ཆོ་ག་ཇི་བཞིན་ཉེ་རེག་བྱ།། གཙང་མས་རྩཝ་ཡི་རྩ་བ་ཡི།། སྒྲོན་མའི་ཚད་ལས་བྱ་བའོ།། ། ་དེ་ནས་ཁུ་ཚུར་ཚད་བྱས་ནས།། འབད་པས་མེ་ནི་སྦར་བར་བྱ།། ཁ་ཡི་རླུང་གིས་བུ་མི་བྱ།། དེ་བཞིན་གོས་ཀྱི་མཐའི་ཡིས་དང་།། གོས་ཀྱི་ཆུན་པོའམ་ཤམ་ཐབས་དང་།། སྒྲིབ་གཡོགས་དག་ནི་སྤངས་པ་ཡིས།། ་ནམ་མཁའི་ནོར་དང་ཐ་དད་རླུང་།། ཉེ་བར་བཅོམ་དང་མངོན་དགའ་བའམ།། གཙང་མ་ཉམས་པ་བྲལ་བས་དང་།། དེ་བཞིན་གོས་དང་ནོར་བུས་ཀྱང་།། རླུང་གཡབ་བྱའོ་རླུང་བཟང་པོས།། མེ་ནི་ཡང་དག་བརྩམ ་པར་བྱ། ། དེ་ལས་གྱུར་པའི་རླུང་འདི་ཡོས།། སྔགས་ཤེས་མེ་ནི་སྦར་བར་བྱ།། ཤིན་ཏུ་མཉམ་བཞག་སྦྱིན་སྲེག་དོན།། བུད་མེད་མཆོག་གཞན་བརྟག་པ་དག། བྱས་ནས་ཡང་ནི་མཐའ་རུ་ནི།། བ་ཡི་མར་གྱི་སྲེག ་བླུགས་གསུམ། ། དེར་ནི་སྦྱིན་བྱ་དེ་ལས་ནི།། གང་ཡང་ཚད་དུ་བྱ་བའོ།། སངས་རྒྱས་སྐྱོབ་པ་ཐམས་ཅད་དང་།། རང་རང་སྔགས་ཀྱི་མགོན་པོ་ལ།། དེ་ནས་ཇི་བཞིན་འདོད་ཕྱག་བྱ།། དེ་ཚེ་མེ་ལ་སྦྱིན་སྲེག་བྱ།། ་གསང་སྔགས་ལན་བདུན་བཟླས་པ་ཡིས།། རྟག་ཏུ་མེ་ནི་སྤྱན་དྲང་ངོ་།། བདག་ཉིད་རྩོམ་པས་དྲི་ཞིམ་པོའི།། མེ་ཏོག་ཁོ་ནས་རྟག་ཏུ་བོད།། སྔགས་ཤེས་གནས་ལ་མཁས་པ་ཡིས།། གདན་ནི་གནས་ལ་ཕུལ ་ནས་ནི། གསང་སྔགས་དེས་སོ་གཞན་དུ་མིན།། ཞོ་ལྡན་མར་དང་བསྲེས་པ་ལ།། སྦྲང་རྩི་བཏགས་པའི་ཡམ་ཤིང་གསུམ།། རྒྱས་དོན་མེ་ལ་སྦྱིན་སྲེག་བྱ།། སྔགས་ཀྱི་ལས་ཀྱི ་ཐམས་ཅད་དུ། ། པདྨའི་གདན་ལ་ཉེར་འདུག་པས།། ཞི་བའི་ལས་ཀྱི་སྦྱིན་སྲེག་བྱ།། རྒྱས་པ་ཅན་ལ་འདི་རྣམས་ཉིད།། སྦྱིན་བྱ་གཟུགས་འཐུན་སྔགས་རྣམས་ཀྱིས།། མངོན་སྤྱོད་ཅན་དུ་གནས་པ་ལ།། ་གཞན་གྱི་གཟུགས་སུ་བལྟ་བར་བྱ།། དྲི་མ་མེད་པའི་ལྷ་རྣམས་ནི།། རིམ་པ་བཞིན་དུ་མེ་ཐབ་ཏུ།། ཇི་ལྟར་རྙེད་པའི་མེ་ཏོག་དྲི།། བདུན་དུ་ཡོངས་སུ་བཟླས་པ་ཡིས།། མངོན་པར་བོས་པ་དེ་ཡི་ཚེ།། འབྱུང ་གནས་ངེས་པར་གཞལ་བ་རྣམས། ། ཇི་ལྟར་གཉིས་ཀར་གནས་དེ་བཞིན།། ཡམ་ཤིང་རྫས་དང་བསྲེས་པ་དང་།། མར་དང་སྦྲང་རྩི་ཡང་དག་ལྡན།། དེ་བཞིན་ཁོ་ནས་ཞོ་བསྲེས་པས།། བྱའོ་སྟོང་ངམ་འབུམ ་ཚད་དམ། ། ཡང་ན་བརྒྱ་རྩ་བརྒྱད་རྟག་བྱ།། སྔགས་ནི་བླངས་ནས་དེ་བཞིན་དུ།། རིག་པ་ལན་ཅིག་བཟླས་པ་ཡིས།། མིག་དང་གཙུག་པུད་འབར་བ་ཡི།། འཕྲེང་བའི་མེ་ལ་མེ་ལྕེ་གཅིག། དེ་བཞིན་ཉིད་དུ ་ཞི་བའི་ལས། ། སྦྱིན་སྲེག་ངེས་པར་བྱ་བ་ཡང་།། རྒྱས་པ་ཅན་ལ་དེ་དང་དབང་།། དྲག་པོའི་ལས་ནི་སྨད་པ་སྟེ།། རྒྱས་པས་སྤངས་སོ་སྦྱིན་སྲེག་ལས།། རབ་སྦྱོར་མེ་ནི་བསྔགས་པར་འགྱུར།། སྒྲ་ཅན་བརྒྱད ་ཆུའི་སྟོབས་དང་ལྡན། ། རྒྱལ་བ་མཆོག་གིས་རབ་ཏུ་བསྔགས།། དེར་ནི་གསང་སྔགས་རྟག་སྒྲུབ་བྱེད།། དཀར་བའོ་མ་ལ་སྦྱིན་སྲེག་བྱ།། གལ་ཏེ་ཁ་དོག་དམར་དེ་བཞིན།། རྟག་ཏུ་རྒྱས་པའི་དངོས་གྲུབ ་འདོད། ། ནག་པོའི་དུར་ཁ་སེར་སྐྱ་ལའང་།། གཡོན་པ་ཅན་ཞེས་བྱ་བ་ཉིད།། ཁ་དོག་རྣམ་གསུམ་རབ་འཇུག་པ།། དངོས་གྲུབ་རྣམ་པ་གསུམ་ཡིན་ནོ།། སྔགས་པ་ལས་གཞན་ཁ་དོག་གམ།། རྣམ་པ་སྣ ་ཚོགས་ཁ་དོག་ཉིད། ། དེ་ལ་སྔགས་ཀྱི་དངོས་གྲུབ་མེད།། སླར་ཡང་ས་ཡི་མཐིལ་འདིར་ནི།། རྣམ་པ་སྣ་ཚོགས་ཁ་དོག་ཉིད།། ཁ་དོག་གསལ་བ་དེ་འདྲ་ཡོད།། མེ་ནི་འབར་བ་མཐོང་ནས་ནི།། སླར་ཡང ་ལས་རྣམས་བརྩམ་པར་བྱ། ། སྤྱན་དྲང་བྱས་ལ་གཟུགས་ཁ་དོག། གལ་ཏེ་སྔགས་ཀྱི་དངོས་གྲུབ་འགྱུར།། སླར་ཡང་སྦྱིན་སྲེག་རབ་འཇུག་པ།། ལས་ཀྱི་ཆོ་ག་མཐོང་བ་ཡིས།། སྤྱན་དྲངས་གཤེགས་སུ ་གསོལ་བ་ཉིད། ། མེ་ལ་སྔགས་ནི་བརྗོད་པར་བྱ།། སྔར་ནི་རབ་ཏུ་བརྟགས་པས་ཀྱང་།། དཀྱིལ་འཁོར་འདི་རུའོ་རྣམ་པ་གཞན།། ཆོ་ག་དེ་ཉིད་ཀྱིས་གྱིས་ཤིག། སྦྱིན་སྲེག་འདི་ལ་སྤྱན་དྲང་དང་།། ་གཤེགས་སུ་གསོལ་བའི་ལས་ཅན་གྱིས།། ལས་རྣམས་དེ་ཉིད་ཀྱིས་བྱའོ།། དེར་ནི་མེ་ཡིས་སྤྱོད་པའི་ལས།། དེ་བཞིན་གཟུགས་དང་རས་རིས་ཀྱི།། སྤྱན་སྔར་བརྩམས་ནས་འགྲུབ་པར་བྱེད།། དེ་ལ ་སྔགས་ནི་སྔར་བརྗོད་པ། ། དེ་བཞིན་གཤེགས་པ་རྒྱལ་བས་བསྔགས།། ལས་རྣམས་ཀུན་ནས་དེར་བྱའོ།། གཞན་པའི་ལས་རྣམས་མི་བྱ་སྟེ།། ཁྱད་པར་སྡིག་པ་ཅན་གྱི་ལས།། རྒྱལ་བ་མཆོག་གིས་སྨད་པ ་དང་། ། གང་དུ་འཇིག་རྟེན་དང་འགལ་སྨད།། འཁོར་ལོས་སྒྱུར་བ་ཉིད་དུ་ལངས།། དེ་ནས་བྱང་སེམས་ས་ཡི་བདག། དེ་བཞིན་མངོན་ཤེས་ལྔ་ཐོབ་པ།། དེ་ནས་ལྷ་ཉིད་འགྲུབ་པར་བྱེད།། འདིར་ནི་རྟག ་ཏུ་སྦྱོར་ཤེས་པ། ། རས་རིས་སྦྱིན་སྲེག་ལས་ལ་མཁས།། ས་འོག་བདག་པོ་ཉིད་དང་ནི།། བར་སྣང་ལ་ནི་སྤྱོད་པར་བྱེད།། དེ་ནས་ས་བླའི་ལྷ་དང་ནི།། གནོད་སྦྱིན་ཉིད་དམ་གནོད ་སྦྱིན་མོ། ། འགུགས་པར་བྱེད་ཅིང་རྟག་ཏུ་ཡང་།། རྒྱལ་སྲིད་ཀྱི་ནི་བདག་པོ་ཉིད།། ཡང་ན་ཡུལ་འདིར་འཁོར་བ་ཉིད།། ཡང་ན་རིག་དང་རིག་འཛིན་ཉིད།། ལྷ་མིན་ཉིད་དང་སེམས་ཅན་ཀུན།། དབང་བྱེད་རྗེས ་འགྲོ་འགུགས་པར་བྱེད། ། སེམས་དཔའ་ཆེན་པོ་ཡང་དག་པ།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ།། སེམས་ཆེན་ས་བཅུར་གནས་བཅས་པ།། སྦྱིན་སྲེག་ལས་ཀྱིས་འགུགས་པར་བྱེད།། ས་སྟེངས་མི ་རྣམས་སྨོས་ཅི་དགོས། ། ལྷག་མའི་བདག་པོ་ཉིད་དེ་བཞིན།། ཁྱད་པར་འཇིག་རྟེན་དབང་ཕྱུག་ཉིད།། འབྱུང་པོ་ཀུན་ལ་ཡང་དག་ངེས།། མི་བདག་ཉིད་དང་དེ་བཞིན་ཡང་།། དབང་གི་དོན་དུ་སེམས་ཅན་ཀུན ་མེ་བདག་དེས་སམ་མི་དེས་ནི། ། ས་སྟེང་ཐམས་ཅད་མཉམ་པ་ཡིས།། ལས་རྣམས་དེ་བཞིན་ཀུན་ནས་ནི།། རྟག་ཏུ་སྦྱིན་སྲེག་གིས་བྱའོ།། ངེས་པར་ལས་ཀུན་ཡང་དག་བརྟེན།། བདག་ཉིད་བརྩོན་པས ་ལྷན་ཅིག་སྒྲུབ། ། དཔལ་གྱི་དོན་དུ་དེ་ཡི་ལས།། མཆོག་དང་བར་མ་ཉིད་དང་ཡང་།། ཡང་ན་ཆུང་ངུ་ཉིད་བསྒྲུབ་བྱ།། དེ་ཉིད་དུ་ནི་རྫས་ཀུན་གྱི།། དངོས་གྲུབ་བརྗོད་པའི་དོན་དུ་སླར།། ལྷན་ཅིག་དངོས ་གྲུབ་བལྟ་བར་བྱ། ། སྦྱིན་སྲེག་ལས་ལ་ལེགས་འཇུག་པ།། ལས་རྣམས་ཀུན་ལ་ཕྱག་རྒྱ་བཅིང་།། བདག་སྲུང་མར་དང་ལྡན་པ་ཡི།། སྦྱིན་སྲེག་ལས་ལ་རབ་འཇུག་བྱེད།། དེ་ནས་རས་རིས་གསང ་སྔགས་འདི། ། བདུན་བཟླས་པའམ་བརྒྱད་བཟླས་པ།། རྟག་ཏུ་ལས་འདིས་སྤྱོད་ལམ་བྱ།། ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱན། ཨ་པྲ་ཏི་ཧ་ཏ་ག་ཏི་སཏྭཱ་ནཱན། ཏདྱ་ཐཱ། ཨོཾ་ཛྭ་ལ་ཏིཥྛ་ཙྪ། ་བི་ཤྭ་སམྦྷ་བེ་སྭཱ་ཧཱ། ཤིང་ལ་སྦྱོར་བ་འདིས་བཟླས་ཏེ།། སླར་ཡང་གཉིས་སམ་བདུན་བཟླས་པས།། སྔགས་རིག་མ་ལ་སྦྱིན་སྲེག་གྱིས།། མེ་ཏོག་བདུག་པ་དྲི་ཡང་རུང་།། ཀུན་ནས་ཐམས་ཅད་ཉིད་ལ་ནི།། ་ལན་བདུན་བཟླས་པ་འདི་ཉིད་ཀྱིས།། ཁྱོད་ཀྱིས་རབ་ཏུ་བརྗོད་པར་བྱ།། ལས་རྣམས་ཐམས་ཅད་རྩོམ་བྱེད་པ།། ཆོ་ག་རྒྱུ་ཡིས་སྔ་མ་ཡིས།། རབ་སྦྱོར་ཉིད་ཀྱིས་བྱ་བའོ།། ལས་རྣམས་ཀུན་ལ་སྔར་བཅིང ་པའི། ཕྱག་རྒྱ་ཆེན་མོ་གྲགས་ལྡན་མ།། དེ་བཞིན་བསྲུངས་པ་བྱས་གྱུར་ནས།། དངོས་གྲུབ་རྒྱུ་ལ་མཁས་པ་ཡིས།། ལས་རྣམས་ཐམས་ཅད་བརྩོན་པར་བྱོས།། གལ་ཏེ་ནུས་པ་མཐོང་བ་ན།། དགེ ་བའི་སྒྲ་རྣམས་ཉིད་དང་ནི། ། རྟག་ཏུ་འབྲས་བུ་བཅས་པ་དེའི།། གསང་སྔགས་ཇི་ལྟར་འདོད་བཞིན་དུ།། ངེས་པར་མཆོག་འདི་སྦྱིན་པའོ།། དང་པོ་ལས་ཀྱི་རབ་སྦྱོར་བ།། གསང་སྔགས་རྒྱུ་ཡིས་རབ ་ཞུགས་པ། ། འབྲས་བུར་བཅས་པ་ཁོ་ན་ཡི།། དངོས་གྲུབ་དེ་རྣམས་བསྒྲུབ་པར་བྱ།། རྒྱལ་བའི་སྒྲ་དང་པ་ཊ་ཧ།། རྔ་བོ་ཆེ་ཡི་དངོས་གྲུབ་ངེས།། ཐམས་ཅད་དུ་ནི་སྨད་པར་འརྗོད།། སྦྱིན་སྲེག་ལས་ནི་གནས ་བཅས་པ། གཞན་ཡང་དགེ་མཚན་མཆོག་དང་ནི།། འདབ་ཆག་ཅན་ན་མ་དགེ་བའི་སྒྲ།། རྣམ་པ་ཅཝ་མོ་གྲངས་ཀློག་པའི།། སྒྲ་ཡང་རུང་སྟེ་རྒྱལ་བས་བསྔགས།། རབ་བསྔགས་དུས་བཅས་ལྷ་རྣམས་དང་།། ཡིད་འོང་རྣམ་པ་སྣ་ཚོགས་སྒྲ། ་གདུགས་དང་རྒྱལ་མཚན་བ་དན་དང་།། བཙུན་མོ་རྒྱན་གྱིས་བརྒྱན་པ་དང་།། དེ་བཞིན་བུམ་པ་གང་བ་དང་།། མཆོད་ཡོན་མཐོང་ན་དངོས་གྲུབ་རྒྱུ།། རྣམ་པ་འདི་ཡིས་བསྔགས་པའམ། ་རབ་བསྔགས་འཇིག་རྟེན་གྱིས་མཆོད་པའི།། དགེ་སློང་དང་ནི་དགེ་སློང་མ།། དེ་རྣམས་མཐོང་ན་གསང་སྔགས་ཀྱི།། སྣ་ཚོགས་སྤྱོད་ཡུལ་དངོས་གྲུབ་བོ།། ཞེས་སོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ ་ཐེག་པ་ཆེན་པོའི་མདོ་སྡེ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་ལས། བགྲང་འཕྲེང་སྲད་བུའི་ཆོ་གའི་ལེའུ་རབ་འབྱམ་བཅུ་གཅིག་པ་ཡོངས་སུ་རྫོགས་སོ།། ། དེ་ནས་རས་རིས་ཀྱི་སྤྱན་སྔར་ཀླུ་ཤིང་གི ་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མིའི་བདག་པོ་དབང་དུ་འགྱུར་རོ། ། ནད་ཐམས་ཅད་ལས་རྐང་ཤུ་དང་གདུག་པའི་རྨ་རྣམས་ལ་སའི་གོང་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱིན་ན་ཉེ་བར་ཞི་བར་འགྱུར་རོ།། སྔོན ་སྤྱོད་པ་བྱས་པས་བ་བྱུང་ལྔས་ལུས་སྦྱང་བ་བྱས་ནས་དུས་གསུམ་དུ་ཁྲུས་བྱས་ཏེ་འོ་མ་བཏུང་བར་བྱའོ། ། རྩ་བའི་རས་རིས་ཀྱི་སྤྱན་སྔར་བརྒྱད་བརྒྱ་བཟླས་པར་བྱའོ།། ཕྱི་ནས་ནག་པོའི་བརྒྱད་པ་ལ་རས་རིས་ཀྱི་སྤྱན ་སྔར་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། བིལ་བའི་ཡམ་ཤིང་ལ་མར་དང་། ཞོ་དང་། སྦྲང་རྩི་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། འཕགས་པ་འཇམ་དཔལ་གྱི་སྐྱེ ་བོ་ནས་འོད་ཟེར་འབྱུང་བར་བྱེད་དོ། ། དེས་སྒྲུབ་པ་པོ་ལ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་གྱི་མདུན་དུ་མི་སྣང་བར་འགྱུར་རོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་སྟེ་མཆོག ་གསུམ་པོ་རྣམས་གང་འདོད་པ་དེ་རྙེད་དོ། ། རིག་པ་འཛིན་པ་ཉིད་ཀྱི་རྒྱལ་སྲིད་དང་། ཁྱོད་ཅི་འདྲ་བའི་བཅོམ་ལྡན་འདས་དེ་འདྲ་བ་ངའོ་ཞེས་སོ།། དངོས་གྲུབ་འདི་ནི་བླ་མ་མཆོད་པ་དང་། སྙིང་རྗེས་སེམས་ཅན ་ཐམས་ཅད་ལ་སེམས་མཉམ་པས་སྦྱིན་པརང་བྱི་པ་ཉིད་ཀྱི་སྒྲུབ་པར་བྱེད་དོ། ། ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨརྐའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས ་ཤིག། གང་འདོད་པ་དེ་སྐད་ཅིག་ཉིད་ལ་འགུགས་པར་བྱེད་དོ།། ཨ་ཀ་རུ་དང་། པྲི་ཡང་ཀུ་དང་། ན་ག་གེ་སར་རྣམས་ཆ་མཉམ་པ་ཕྱེ་མར་བྱས་ཏེ་ཁམ་ཕོར་ཁ་སྦྱར་དུ་བྱས་ནས། སྟོང་ཕྲག་བརྒྱད་དུ་མངོན་པར ་བསྔགས་པས་ལུས་ལ་བྱུགས་ཏེ་གཡུལ་དུ་ཞུགས་ན་གཞན་གྱིས་མི་ཐུབ་པར་འགྱུར་རོ། ། སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས་རིག་པ་འཛིན་པར་འགྱུར་རོ།། འབུམ ་ཕྲག་བཅུ་གཅིག་ཟློས་ཤིག། འཕགས་པ་འཇམ་དཔལ་མཐོང་ངོ་།། རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བདུན་ཟློས་ཤིག། མི་སྣང་བར་འགྱུར་རོ།། ནད་ཀྱིས་བཏབ་པ་ལ་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག ་བཅོ་ལྔ་ཟློས་ཤིག། ནད་འཇོམ་པར་བྱེད་དོ།། སྔོན་སྤྱད་པ་བྱས་པས་འབུམ་ཕྲག་བཅུ་གཉིས་ཟློས་ཤིག། བཅུད་དམ་བཅུད་ཀྱིས་ལེན་སོ་སོར་རྙེད་དོ།། དེ་ཟོས་པས་གཉེར་མ་དང་སླསྐྲ་དཀར་སྤངས་པར་འགྱུར་རོ།། ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཡུན་རིང་དུ་འཚོ་བར་འགྱུར་རོ།། འབུམ་ཕྲག་གསུམ་བཟླས་པས་ཡུངས་ཀར་རྒྱལ་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། རྒྱལ་པོའི་བཙུན་མོ་དབང་དུ་འགྱུར་རོ།། མཚན་མོ ་@བདུན་གྱིས་འདི་ལ་ནོར་རབ་ཏུ་སྦྱིན་ཏེ་འདོད་པ་ཉེ་བར་གཞག་པ་ནི་མ་གཏོགས་སོ། ། རས་རིས་ཀྱི་སྤྱན་སྔར་ཨརྐའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག། གསེར་སྲང་བརྒྱ་སོ་སོར ་རྙེད་དོ། ། འབྲས་ཡོས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མཚན་མོ་བདུན་གྱིས་བགེགས་མེད་པར་འགྱུར་རོ།། པི་དྷྱ་ཀའི་ཤིང་སྟོང་སྦྱིན་སྲེག་གྱིས་ཤིག། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། འབུམ ་ཕྲག་གསུམ་ཟློས་ཤིག། རྐེད་པའི་ནད་མེད་པར་འགྱུར་རོ།། རིམས་ཀྱིས་བཏབ་པ་ལ་ཀུ་ཤས་ཕྱག་པར་བྱའོ།། བུ་མོས་བཀལ་བའི་སྲད་བུ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་བཅིང་བར ་བྱའོ། ། སྐལ་བ་བཟང་པོར་འགྱུར་རོ།། དོང་ཀའི་མེ་ཏོག་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། གོས་བྱེ་བ་བཅུ་གཉིས་སོ་སོར་རྙེད་དོ།། རྒྱལ་གྱི་ལྕགས་ལས་བྱུང་བའི་སྲང་ཤིན་ཏུ་མཛེས་པ་ལ་འཁོར་ལ ་འདབ་མ་བཅུ་པ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུས་ནས། ། ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། འཁོར་ལོ་བླངས་ནས་ཇི་སྲིད་དུ་མཚན་མ་བྱུང་བ་དེ་སྲིད་དུ་བཟླས ་པར་བྱའོ། ། གང་གི་ཚེ་མ་སྟག་འཕྲོ་བར་བྱེད་པ་དང་། ཇི་སྲིད་དུ་འབར་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་གྲུབ་པར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་འདུག་པར་བྱེད་ཅིང་འཁོར་དང་བཅས ་པའིཕུར་བར་བྱེད་དོ། ། རིག་པ་འཛིན་པའི་རྒྱལ་པོ་དང་། བསྐལ་པ་ཆེན་པོར་གནས་པ་དང་། ཐོགས་པ་མེད་པར་འགྲོ་བར་བྱེད་དོ།། སྔ་བར་ལངས་ནས་ལོར་བཟླས་པར་བྱའོ།། མཆོག་སྦྱིན་པར་བྱེད་དོ།། ་ཟླ་བ་དྲུག་ཏུ་ལན་ཅིག་བརྗོད་པས་ནད་ཆེན་པོ་གྲོལ་ལོ།། ཟླ་བ་གཅིག་ཏུ་ཟློས་ཤིག། དུས་མ་ཡིན་པར་གུ་གུལ་གྱི་བདུག་པས་མཆེ་བའི་དུག་འབེབས་པར་བྱེད་དོ།། ཉིན་གཅིག་པ་དང་། ཉིན་གཉིས་པ ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སོགས་པ་རྣམས་སུ་འང་ངོ་།། བུད་མེད་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ལཱ་པ་ན་ལ་སྦྲང་རྩི་བཏགས་པ་མཚན་མོ་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་ཉི་ཤུ ་རྩ་གཅིག་གྱིས་ཤིག། དབང་དུ་འགྱུར་རོ།། འདི་ནི་ཡུགས་ས་མོས་སྐྱེས་བུ་ཡིའོ།། རྒྱལ་པོ་ནི་རས་རིས་ཀྱི་སྤྱན་སྔར་ཨརྐའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག ་བརྒྱད་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། རྒྱལ་པོའི་བློན་པོ་ལ་སོགས་པ་ལ་མཚན་མོ་ཐུན་གསུམ་དུ་ལན་ཚྭ་ཉི་ཤུ་རྩ་གཅིག་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། མགོ་བོ་ལ་ལན་གསུམ ་མ་མ་བདུན་དུ་མངོན་པར་བསྔགས་ནས་རྒྱལ་པོའི་སྒོར་འཇུག་པར་བྱེད་ན་རྒྱལ་པོའི་གནང་ཆེན་པོར་འགྱུར་རོ། ། བརྒྱད་བརྒྱར་མངོན་པར་བསྔགས་པའི་རྨ་བྱའི་མདོར་ཀྱིས་ཕྱག་པར་བྱས་ན་དུག་འཇོམས ་སོ། ། ལྡོང་རོས་ཨ་ཤཱཏྠའི་འདབ་མའི་ནང་དུ་གཏུམས་པར་བྱས་ནས་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་ཡང་དག་པར་བརྩམ་པར་བྱ་སྟེ་སྐལ་བ་བཟང་པོར་འགྱུར་རོ།། རས་རིས་ཀྱི་སྤྱན་སྔར་དཀར་པོའི་ཚེས ་གཅིག་ནས་བརྩམས་ཏེ། འོ་མ་དང་ནས་ཟན་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་གོས་ལན་གསུམ་བརྗེས་ཏེ། ཨ་ཀ་རུ་དང་། དུ་རུ་ཀ་དང་། ཙན་དན་རྣམས་བསྲེགས་ཤིང་དཀར་གསུམ་གྱི་གཏོར་མ་དབུལ་བར ་བྱའོ། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པའི་དྲི་ཞིམ་པོའི་མེ་ཏོག་དང་། བའི་མར་གྱི་མར་མེ་གསུམ་མོ།། མཐར་མཚན་མོ་གསུམ་དུ་སྨྱུང ་བར་གནས་པས་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། ། གང་དོན་དུ་གཉེར་བ་དེ་རྙེད་དོ།། ཐུན་མཚམས་སུ་བཟའ་བའང་ཇི་ལྟར་ནུས་པ་སྦྱིན་ནོ།། རིང་བསྲེལ་དང་བཅས་པའི་མཚོ་རྟེན་དུ་རས་རིས་བཞུགས་ནས་མཚན ་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་རིཥྛའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་རས་རིས་ལས་འོད་ཟེར་འབྱུང་བ་དང་། ས་འགུལ་བ་དང ་མར་མེའི་རྩེ་མོ་འཕེལ་བ་དང་། འཕྲེང་བ་གཡོ་བར་བྱེད་པ་སྟེ། མཚན་མ་འདི་རྣམས་ཀྱིས་གྲུབ་པར་འགྱུར་རོ།། རྣ་བའི་མིག་སྨན་ཨ་ཤྭཏྠའི་འདབ་མའི་ནང་དུ་གཏུམས་སྟེ། སྟོང་ཕྲག་རྫོགས་པའི་སྲེག་བླུགས ་བྱས་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ཇི་སྲིད་གྲུབ་པ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། འབྲས་བུ་ཅན་ལ་གང་འདོད་པའི་རྫས་དེའི་མིང་བྲིས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པ་བྱས ་ནས་གང་དུ་ཀླུ་གནས་པའི་མཚོ་ཕྲན་དེར་དོར་བར་བྱའོ། ། དེའི་ཀླུ་དེས་ལས་ཐམས་ཅད་རྫོགས་པར་བྱེད་དོ།། ཉི་མ་བདུན་གྱིས་ཇི་ལྟར་འདོད་པའི་གོས་སྦྱིན་པར་བྱེད་དོ།། འབྲས་བུ་ཅན་ལ་མངོན་པར་འདོད་པའི་རྫས་མངོན ་པར་བྲིས་ནས། དེ་བཞིན་དུ་ཁྲོན་པ་འམ་མཚོ་ཕྲན་དུ་གཞུག་པར་བྱའོ།། དེ་ནས་སྐྱེས་བུ་ཆུར་བྱི་འཛུལ་བྱེད་དུ་གཞུག་གོ།། དེར་ཡང་སྒྲ་ཆེན་པོ་སྐྱེས་བུས་ཐོས་ཏེ་ཕྱོགས་ཆེ་གེ་མོ་ན་རྫས་ལ་སོགས་པ་གནས་སོ།། དེ་ནས་ཐང ་བར་བྱ་སྟེ་ཆུ་ཀླུང་གི་མཐའ་སྒྲོལ་བར་བྱེད་པ་འགྲོད་དཀའ་བ་ཅན་གྱི་འདུན་སའམ། རྒྱལ་པོའི་ཕོ་བྲང་དུའང་རུང་སྟེ། ལྷ་རྣམས་དྲན་པར་བྱས་ཏེ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། གང་དུ་འདོད་པ་དབང་དུ་བྱའོ།། ་དེ་བ་ཕགས་པའི་ཞལ་དུའང་བཅུག་ནས་ཅུང་ཟད་ཡང་དག་པར་གསུང་བར་མཛོད་ཅིག། རིང་པོར་མི་ཐོགས་པར་དབང་དུ་འགྱུར་རོ།། ཆུ་སྣོད་དུ་བྱས་ནས་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསམས་ཏེ་སྟོང་ཕྲག ་བརྒྱད་དུ་མངོན་པར་བསྔགས་པའི་ཆུ་དེས་མཆེ་བ་ཅན་ལ་གཏོར་བར་བྱའོ། ། དུག་མེད་པར་འགྱུར་རོ།། དེ་ལ་བརྗོད་པའི་ཆོ་གས་དཀྱིལ་འཁོར་རབ་ཏུ་ཞུགས་པ་ནི་དོན་མེད་པར་མི་འགྱུར་རོ།། ས་ལ་མ་ལྷུང་བའི་བ་བྱུང་བླང ་ནས་ཙཱ་རུ་བཟའ་ཞིང་མི་སྨྲ་བར་དཀྱིལ་འཁོར་བྱས་ནས་ཟླ་བ་ཉ་ནས་བརྩམས་ཏེ། ཇི་སྲིད་གསུམ་པའི་བར་དེ་སྲིད་དུ་བཟླས་པར་བྱ་སྟེ་འབུམ་བཟླས་སོ།། ཟླ་བ་དྲུག་ཏུ་ཚངས་པར་སྤྱོད་པ་དང་བརྟུལ་ཞུགས་འདི་ཉིད་སྤྱད་ཅིང ་ཟླ་བས་དངོས་གྲུབ་དང་། ཟླ་བ་དྲུག་གིས་འགྲོ་བ་མཐའ་དག་མངོན་སུམ་དུ་མཐོང་བར་འགྱུར་རོ།། ལུས་ཀྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་དོ།། ཟླ་བས་སྔགས་ཐམས་ཅད་སྒྲུབ་པར་བྱེད་དོ།། གང་འདེད ་པའི་ཀླུའི་རྒྱལ་པོ་མངོན་པར་བྲིས་ནས་དེའི་སྟེང་དུ་རྐང་པ་གཡོན་པ་བཞག་སྟེ་གཡོགས་པའི་ཕྱོགས་སུ་འབུམ་བཟླས་པར་བྱའོ། ། ཀླུའི་རྒྱལ་པོ་དེ་འོང་སྟེ། དེ་ཅི་བགྱི་ཞེས་སྨྲ་བར་བྱེད་དོ།། ཀླུ་ཐམས་ཅད་ཀྱི་གནས་སུ་རབ་ཏུ ་འཇུག་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། ། དེར་རབ་ཏུ་འཇུག་པར་བྱེད་དོ།། གང་ཚོལ་བ་དེ་རྙེད་དོ།། དེ་བཞིན་དུ་གནོད་སྦྱིན་གྱི་རྒྱལ་པོ་བྲིས་ནས་སྒྲུབ་པར་བྱེད་ན་བཀའ་བསྒོ་བ་བྱེད་དེ། ཐམས་ཅད་འཛིན་པའི་གཙང་མའི ་གནས་ནས་རྡུལ་ཆུང་ངུ་བླངས་ཏེ་སྦྲུལ་གྱི་སྟེང་དུ་ཡོངས་སུ་ཐོར་ཅིག། སྦྲུལ་བཟློག་པ་བྱས་པར་འགྱུར་རོ།། སླར་ཡང་གལ་ཏེ་གྲོལ་བར་འདོད་པ་བརྗོད་པར་བྱ་སྟེ། གོས་དཀར་པོའི་ཁ་དོག་ཅན ་ས་ལས་བྱུང་བའི་ཕྱག་རྒྱ་བྱས་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ་མཆེ་བའི་སྟེང་དུ་འཇོག་ཏུ་བཅུག་ནས་ཁུག་ཅིག། ཤི་བའང་སློང་བར་བྱེད་དོ།། ལྡོང་རོས་ལ་སོགས་པའི་རྫས་རྣམས་དང་། རལ་གྲི་དང་། རྡོ་རྗེ ་དང་འཁོར་ལོ་དང་། བྷུ་ཥུཙྪ་ལ་སོགས་པ་རྣམས་པ་བྱུང་ལྔས་སྦྱངས་ནས་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱ་སྟེ། རྫས་གང་ཡང་རུང་བ་བླངས་ནས་རས་རིས་ཀྱི་སྤྱན་སྔར་ཆོ་ག་སྔོན་དུ་འགྲོ་བས་འབུམ་ཕྲག་ལྔར་ཟློས ་ཤིག། ཕྱི་ནས་ཇི་ལྟར་བྱས་པའི་རིན་གྱིས་ལྡོང་རོས་བླངས་ནས་བྱང་ཆུབ་ཤིང་གི་ཡེམ་ཤིང་གཱི་མེ་སྦར་ཏེ། ཇི་སྲིད་མེའི་མདོག་ཏུ་གྱུར་པ་དེ་སྲིད་དུ་བསྲེག་པར་བྱའོ།། དེ་ནས་རྒྱུད་མཚུངས་པའི་བ་ལས་བྱུང་བའི་འོ་མ་བུ་མོས་བསྲུབས ་པས་མར་དུ་བྱས་ནས་ཐལ་བ་མར་ལ་གདབ་པར་བྱའོ། ། དེ་བཞིན་དུ་ཞོས་བཀང་བའི་སྣོད་དང་སྦྲང་རྩིས་བཀང་བ་ལའང་ངོ་།། དེ་ནས་བླངས་ཏེ་གུར་ཀུམ་གྱི་ཟ་མ་ཏོག་ཏུ་བཞག་ནས་བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་བདག ་ཉིད་བསྲུང་བ་བྱས་ཏེ། ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས་རོས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཨ་ཤྭཏྠའི་འདབ་མ་གསུམ་གྱིས་ཀུན་ཏུ་དཀྲིས་ནས་བཞིས་དགབ་པར་བྱའོ།། ཀུ་ཤའི་ཁྲེས ་ལ་ཉེ་བར་འདུག་སྟེ། ལག་པ་གཡས་པས་མནན་ནས། ཛཾ་སྲིད་དྲི་བ་དང་། རུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བཞིན་པ་ལ་ཐིག་ལེ་བྱས་ནས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ་དུབས་མ་སྣང་བའོ།། འབ་བས་ནམ་མཁའ་ལ་འཇོག།། ལོ་སྟོང་ཕྲག་བཅུང་འཚ་བར་བྱེད་དོ།། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་ས།། དེ་བཞིན་དུ་མིག་སྨན་འཐསྒྲུ་པར་བྱེད་པ་དང་། གསུམ་ལཆ ་དཀར་པོའི་བཅོ་ལྔ་ལ་པདྨའི་འདབ་མར་བཞག་སྟེ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལག་པ་ཁ་སྦྱོར་གྱིས་བླངས་ཏེ། ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། འདི་ཉིད ་ལ་དངོས་གྲུབ་རྣམ་པ་གསུམ་མོ། ། རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བཅུར་ཟློས་ཤིག། དེ་ནས་བཟོ་བོ་དབང་པོ་མ་ཚང་བ་མིན་པ་གསོ་སྦྱོང་ཅན་གྱིས་ལྕགས་གསུམ་གྱིས་པདྨ་འདབ་མ་བཅུ་པ་འམ། བརྒྱད་པ་གདན་དང ་རྒྱན་གྱིས་བརྒྱན་པ་བྱས་ནས། དེ་ནས་གུར་ཀུམ་དང་། གིའུ་ཝང་དང་། ག་པུར་རྣམས་ནམ་མཁའི་ཆུས་བཏགས་པ་པདྨར་ཆུག་ཅིག། དཀར་པོའི་བརྒྱད་པ་ལ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་མོ་གསུམ ་དུ་སྨྱུང་བར་གནས་པས་སྐྱིལ་མོ་ཀྲུང་གིས་འདུག་སྟེ་སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་ལ་སོགས་པ་བྱས་ནས་ལག་པ་གཡས་པས་པདྨ་བླངས་ནས། ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས ་པདྨ་དེས་འཁོར་དང་བཅས་པ་རིག་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ།། ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ།། དེ་བཞིན་དུ་གདུ་བུ་དང་། ཅོད་པན་དང་། ལྕགས་སྒྲོག་དང་། རྡོ་རྗེ་དང་། ་དགྲ་སྟ་དང་། འཁོར་ལོའང་ངོ་ཞེས་པའོ།། འདི་ནི་འཁོར་ལོའི་ཁྱད་པར་ཏེ་ལྕགས་ལྔ་པའི་འཁོར་ལོ་བྱས་ནས་སོ་རྣོན་པོ་འཁོར་ལོ་མཚན་ཉིད་ཕུན་སུམ་ཚོགས་པ་མཐོ་གང་གི་ཚད་དོ།། གངྒཱའི་འགྲམ་གཉིས ་ཀྱིས་ས་བླངས་ནས་རས་རིས་ཀྱི་སྤྱན་སྔར་གོང་བུར་བྱའོ། ། དེ་ལ་འཁོར་ལོ་རབ་ཏུ་བཞག་ནས་ཙན་དན་དམར་པོས་མཆོད་དེ། ཀ་ར་ཝཱི་རའི་མེ་ཏོག་དམར་པོ་དང་འཕྲེང་བ་ཕུལ་ནས ་དཀར་པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་སྨྱུང་བར་གནས་པས་སློང་མོས་དགེ་འདུན་ལ་སྟོན་མོ་བྱས་ཏེ་དངོས་གྲུབ་སྩལ་བར་བྱའོ། ། གཙང་མ་གོས་གཙང་མ་བགོས་པས་སྙིང་རྗེའི་སེམས་ཀྱིས་རབ་ཏུ་སྦྱར་བར ་བྱའོ། ། རས་རིས་ལ་ཆོད་པ་ཆེན་པོ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཕུལ་ནས། ཇི་ལྟར་ཉེ་བར་འབྱོར་པའི་མར་མེ་ཕུལ་ནས་འཁོར་ལོའི་ཕྱོགས་བཞིར་ཡང་མར་མེ་བཞི་དང་། གུ ་གུལ་གྱི་བདུག་པ་དབུལ་བར་བྱའོ། ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཙན་དན་དམར་པོས་བཏགས་པ་རྣམས་ལ་ལན་རེ་བཟླས་ཏེ་རེ་རེས་བསྣུན་པར་བྱའོ།། ཇི་སྲིད་སྟོང་ཕྲག་བརྒྱད་ཀྱི་བར་དུའོ།། དེ་ནས་འཁོར ་ལོ་སྒྲ་དང་། འོད་ཟེར་འཕྲོ་བ་དང་། དེ་ནས་འབར་རོ།། གཉིས་པ་ལ་འཁོར་ལོ་ངེས་པར་འགྲོ་སྟེ། དེ་ནས་སྒྲུབ་པ་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་རིག་པ་ཟློས་ཤིག། ་དེ་བླང་བར་བྱའོ།། བླངས་པ་ཙམ་གྱིས་འཁོར་དང་བཅས་པ་རིག་པ་འཛིན་པར་འགྱུར་ཏེ། དཔག་ཚད་སྟོང་ཕྲག་དྲུག་ཅུར་རིག་པ་འཛིན་པ་ཆེན་པོ་ཀླུ་དང་གནོད་སྦྱིན་གྱི་རིག་པ་འཛིན་པ་ཐམས་ཅད་ཀྱི་མང་དུ་འདོད་པར ་འགྱུར་རོ། ། ལོ་སྟོང་ཕྲག་ལྔ་འཚེ་བར་བྱེད་དོ།། ཤི་ནའང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། དེ་ནས་རོལ་བུ་སྒྲུབ་པར་འདོད་ན་སེ་ལེ་ཏ་ཀ་དང་། ཅན་དན་དམར་པོ་དང་། རྒྱ་སྐྱེགས་དང་། གུ་གུལ་དང་། ཏཱ་ར་བ་ར་ཏ ་ཀའི་རྩ་བ་དང་། ལྕགས་ཀྱི་ཕྱེ་མ་དང་། གི་རི་ཀརྞི་དང་། འབྲུའི་ཕུབ་མ་དང་། རུ་རྟ་དང་། རྒྱ་སྤོས་དང་། སྦྲང་རྩི་དང་། པི་པི་ལིང་དང་། ཏུ་རུ་སྐ་རྣམས་གཅིག་ཏུ་བྱས་ནས་ཕྱེ་མ་ཞིབ་མོར་བྱེད་དུ་གཞུག་གོ། དེ་ནས ་སེར་སྐྱ་རྒྱུད་མཚུངས་པའི་བའི་འོ་མ་བླངས་ནས་བུ་མོས་བསྲུབས་པའི་མར་གསར་གྱིས་གཅིག་ཏུ་བྱས་ནས་ཕྱེ་མ་དེས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བྱེད་དུ་གཞུག་གོ། དེ་ནས་དཀར་པོའི་བརྒྱད་པའམ་དཀར་པོའི་བཅུ ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས། ཡན་ལག་བརྒྱད་པའི་གསོ་སྦྱོང་ཅན་གྱིས་རིལ་བུ་ལྔ་ཙམ་བླངས་ཏེ། ཨ་ཤྭཏྠའི་འདབ་མའི་ནང་དུ་གཏུམ་པ་བྱས་ནས་རས་རིས་ཀྱི་སྤྱན་སྔར་བགྲང་འཕྲེང་དང་། ཏིལ་མར ་དང་ཕྱེ་མ་ལ་སོགས་པ་གཞན་ལ་སྦྱིན་པར་བྱའོ། ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་མཆོད་པའི་ཆོ་ག་བྱས་པས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་དུ་བ་འཐུལ་པ་དེ་སྲིད་དུ་བཟླས་པར་བྱའོ།། ཡང་དག་པར་བགོས་ཏེ ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། ། ལྷ་གཟུགས་ཅན་རྣམས་འོང་ངོ་།། གྲུབ་པ་རྣམས་ཐམས་ཅད་འཐོན་ནས་མཐོང་ངོ་།། ལོ་བརྒྱ་ཕྲག་ལྔར་འཚོ་བར་བྱེད་དོ།། དེ་ནས་འབར་བྱེད་ནམ་མཁའ་ལ་འགྲོ་བར་འགྱུར ་རོ། ། དངོས་གྲུབ་རྣམ་པ་གཉིས་སོ།། འདིའི་ང་བཅོམ་ལྡན་འདས་མའི་རྩ་བའི་རིག་པའི་ལས་སྒྲུབ་པའི་ཐབས་སུ་འགྱུར་རོ།། གསུམ་པའམ་བདུན་པའི་སྒྲུབ་པ་ལ་མཚམས་མེད་པ་ལྔ་བྱེད་པའང་འགྲུབ་པར་འགྱུར་རོ།། ་རྩ་བའི་སྙིང་པོས་ཀྱང་ལས་འདི་རྣམས་གྲུབ་པར་བྱེད་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དོ།། བཅོམ་ལྡན་འདས་མའི་རྩ་བའི་རྟོག་པར་སྒྲུབ་ཐབས་ཐམས་ཅད་ཅེས་བྱ་བ་འདི་རྫོགས་སོ།། ། ་དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་སངས་རྒྱས་ཀྱི་སྤྱན་གྱིས་ཡང་དག་པར་གཟིགས་ནས། འཁོར་གྱི་དཀྱིལ ་འཁོར་གྱི་དབུས་སུ་སོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། མི་དང་འབྱུང་པོའི་དཔུང་གནས་པའི། སེམས་ཅན་རྣམས་ལ་རྗེས་བརྩེ་བས། དཀྱིལ་འཁོར ་ལས་ཅན་ཐམས་ཅད་ནི། སེམས་དཔའ་ཆེན་པོ་སྨྲོས་ཤིག་སྨོས།། སྒྲོལ་མའི་དཀྱིལ་འཁོར་ལྷ་རྣམས་དང་།། ཕུན་ཚོགས་ཐམས་ཅད་མངོན་པར་འཕེལ།། སྒྲུབ་པོ་རྣམས་ལ་ཕན་པ་ཡི།། དོན་ཕྱིར་འདྲེན་པས་རྒྱས་པར ་སྨོས། ངོ་མཚར་རྨད་བྱུང་ཐམས་ཅད་ཀྱི།། ལུས་ཅན་བར་མར་གྱུར་པ་རྣམས།། ཁྱོད་ཀྱི་ཚིག་གི་མཆོག་གྱུར་པ།། འབྱུང་འགྱུར་དེ་དག་ཐོས་ནས་ནི།། མྱུར་དུ་ལྷ་རྣམས་སྒྲུབ་པ་ལ།། སེམས་ཅན་གང་དུ་རབ་ཞུགས ་པ། དེ་ཉིད་དུ་ནི་སྔར་བཤད་པ།། བྱང་ཆུབ་སེམས་དཔའ་བློ་ལྡན་དང་།། སངས་རྒྱས་བྱེ་བ་སྟོང་རྣམས་ཀྱིས།། ཐམས་ཅད་དེ་ལ་རྗེས་ཡི་རང་།། དཀྱིལ་འཁོར་སྡིག་པ་ཀུན་འཇོམས་པ།། དངོས་གྲུབ་ཀུན་བྱེད་དགེ་བ་ནི།། ་སེམས་ཅན་རྣམས་ཀྱི་མགོན་པོས་སྨྲོས།། སྒྲོལ་མའི་དཀྱིལ་འཁོར་ཁྱོད་ཀྱི་ཚིག། སེམས་ཅན་ཆོ་ག་ཡང་དག་འགྱུར།། དཀྱིལ་འཁོར་གང་འདི་ཐོས་ནས་ནི།། རབ་ཏུ་དད་པ་སྐྱེ་བར་འགྱུར།། དཔལ་མིན་འཇོམས ་ཤིང་ཞི་བ་དང་། ། དེ་བཞིན་ནད་དང་དགྲ་འཕྲོག་ཅིང་།། དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི།། གཟི་བརྗིད་སྟོབས་ནི་རྣམ་པར་འཕེལ།། མཐོང་ངམ་ཐོས་ནས་དེ་ནས་ནི།། རབ་ཏུ་དད་པ་སྐྱེད་པར་བྱེད།། གང ་ཡིན་དེ་རྣམས་བདག་གིས་ནི། ། སངས་རྒྱས་ཀུན་གྱི་བྱང་ཆུབ་ནི།། ཐོབ་པའི་ཆེད་དུའང་ལུང་བསྟན་ཏོ།། མ་འོངས་སངས་རྒྱས་འབྱུང་འགྱུར་བ།། འཇིག་རྟེན་མགོན་པོ་དེ་རྣམས་ཀྱང་།། རྗེས་སུ་ཡི་རང་འགྱུར་བ་ཡིན།། ་དཀྱིལ་འཁོར་ཕུན་ཚོགས་འཕེལ་བྱེད་པ།། དེ་བཞིན་ཡོན་ཏན་ཀུན་སྡུད་པ།། སྒྲོལ་མའི་དཀྱིལ་འཁོར་རྨད་བྱུང་བ།། སེམས་དཔའ་ཆེན་པོ་འཇིག་རྟེན་མགོན།། ཡང་དག་བཀའ་ཡིས་སྨྲོས་ཤིག་སྨྲོས།། དེ་སྐད་ཅེས ་བཀའ་སྩལ་པ་དང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཐ་མིད་པའི་ཚིགས་སུ་བཅད་པས་བསྟོད་པའི་ཚིག་གིས་མངོན་པར་བསྟོད་དོ།། ཤཱཀྱའི་རྒྱལ་པོ་ལྷ་ཡི་རྒྱལ།། ཕུན་ཚོགས ་ཡོན་ཏན་དུ་མ་ཅན། ། རབ་བསྔགས་རྫུ་འཕྲུལ་རབ་མ་ཉམས།། རྒྱུན་དུ་དཀར་བའི་གོས་དང་ལྡན།། མཆོད་སྡོང་ཞལ་ནི་འདམ་སྐྱེས་དྲི།། བློ་བཟང་སྙིང་པོ་བརྟན་པར་འཛིན།། གང་ཕྱིར་ཁྱོད་ནི་ཕུན་ཚོགས་ཉིད།། ་འདི་ནི་འགྲོ་བ་དེ་དག་གི། དགའ་བས་དགའ་བར་བྱེད་པ་ནི།། མགོ་བོ་ལྷ་རྣམས་ཀྱི་ནི་སྟེ།། རང་བཞིན་དྲན་པས་ཀུན་ཏུ་སྣང་།། དེ་ཡི་ཚིག་ནི་རབ་རིག་པ།། དཔའ་དེ་ཆགས་པ་ཟད་པ་ཉིད།། འབྲས་བུ་གསུམ ་ཉིད་འཛིན་པར་བྱེད། ། དེ་དེ་གཞན་དུ་དེ་ཡིས།། ལྷ་ཡི་མཛེས་མས་ཀུན་བསྲུངས་པ།། བརྒྱད་ཀྱིས་འདིར་ནི་དབང་ཞལ་ལས།། སྐྱེས་པའི་དཔའ་བོ་རབ་སྟོབས་དང་།། གཡོ་བའི་སྤྲོ་དགའི་དབང་པོ་དང་།། ཀུན ་ནས་གསེར་གྱི་རི་དང་ལྡན། ། ཅོད་པན་ཡང་ནི་ལྷན་ཅིག་གདན།། ལྷ་དང་ལྷ་མིན་ལྷར་བཅས་པའི།། ལྷག་པའི་ཐེག་པ་ཐམས་ཅད་ཀྱི།། འཇིག་རྟེན་པར་དོའི་སྲིད་པ་དང་།། སྐྱེ་བ་ཁྱོད ་ཀྱི་སྲོག་ལ་སོགས། ། བྱུང་བ་མཛེས་ལྡན་རང་ཉིད་ཀྱི།། འདི་ཡི་མིག་ནི་དགའ་བ་སྟེ།། གང་རྣམས་ཟླ་བ་ལྟ་བུར་དཀར།། ལྷ་རྣམས་ཀྱིས་བཟུང་རི་བོང་ཅན།། ཀུན་ད་དུ་ཀུ་ལ་དཀར་པོ་ཡི།། གོས་ནི་མནབས་ཉིད ་ཙ་ཀོ་ར། ། བརྒྱ་བྱིན་འདབ་བརྒྱ་པ་ཡི་མིག། ས་སྲུངས་ཕྲག་པར་ཕྱོགས་གཅིག་འགྲོ།། བླ་མའི་རི་ལ་རི་བོང་ཅན།། རྒྱལ་པོའི་དཔུང་ལྡན་བརྒྱ་བྱིན་ནི།། མིག་རྒྱ་བརྩོན་འགྲུས་མ་ཉམས་པས།། གྲངས་ནས་ཆུ ་གཏེར་ཆུ་འབྱིན་པ། ། ཚོགས་ཀྱི་སྒྲ་ནི་དགའ་བ་དང་།། དྲི་མེད་སྤྱན་ནི་དགའ་བ་ལའང་།། ཉི་མའི་འོད་ཟེར་དམ་པ་ནི།། རྣམ་སད་ཟས་དང་དྲི་འཁོར་བ།། བུམ་དཀར་གང་བ་སོ་སོ་ཡི།། བུམ་པས་དེ་རྣམས ་དབང་བསྐུར་ཞིང་། ། ཙན་དན་ས་མཆོག་ཡན་ལག་བཤད།། གིའུ་ཝང་ཐིག་ལེ་རྣམ་པར་བཀྲ།། ཡན་ལག་དམ་པ་ཡོངས་འདུ་བའི།། དགའ་བ་མཆོག་གི་ཡན་ལག་དང་།། ལུས་མེད་གཞོམ་པའི་ཆེད ་དུ་བྱས། ། ཡན་ལག་ཆགས་པ་བྱས་མཐའ་ལས།། ཁྲུས་ནི་སྟུག་པོས་མི་འཕོ་བས།། གཞན་དུ་འཆི་མེད་ལེགས་པ་ནི།། དེ་འོག་ཐལ་མོ་སྦྱར་བ་ཡི།། དུག་གིས་བཏབ་པ་སྨད་པ་ལྟར།། དེ་བཞིན་གཤེ ་པའི་མཆོག་བརྗོད་པའི། ། ཆར་ལྡན་ཁྱོད་ཀྱི་ཞལ་དུ་ནི།། སྔོན་ལས་ཁྱོད་ནི་ལམ་གྱི་མགོ། དྲི་མ་བཞིན་དུ་སྤངས་པ་ཡང་།། མེ་ཏོག་ལྡན་པའི་ཟླ་བ་ལ།། རྣམ་པར་ཚར་ཕྱིན་ལོངས་སྤྱོད་ལྡན།། བཅིངས་པལྟ ་བུར་འདི་རྣམས་ཉིད། ། བཙོས་ནས་སྔར་མེད་ཆོ་ག་ཡོས།། བཅུ་པར་ཁྱོད་ནི་ཞི་བ་སྟེ།། མགོ་མེད་འགྲོ་བ་མཐའ་ཡས་ལས།། གང་ཕྱིར་སྲིད་པ་མཐའ་མེད་ཀྱི།། དྲི་མས་ལྷ་དང་ལྷ་མིན་ཡང་།། དེ་ཡི་བརྟུལ ་ཞུགས་ཀྱིས་ཕན་ཚུན། ། དམ་པའི་སྤྱན་གྱི་འོད་ཀྱི་སྣང་།། འཁྱིལ་པ་ཅན་སྤངས་ཡན་ལག་མཆོག། ཕྱོགས་སུ་ལྷ་རྣམས་གནས་པ་དང་།། མི་རྣམས་བྱང་ཆུབ་རྣམས་སངས་རྒྱས།། རབ་ཏུ་བྱེད་འགྱུར་ཞེས ་པ་ནི། མི་རྣམས་འབྱུང་དང་སྡུད་པའི་ལས།། དེ་ཕྱིར་རྣམས་ཆུ་སྐྱེས་ནི།། ལྷ་ཡི་ཡན་ལག་དམ་པར་སོན།། དཔའ་བོའི་ཡན་ལག་དཀྲིས་ཆགས་བྲལ།། འཆི་བཞིན་པ་ཡི་ལུས་ལ་འཁོད།། ཀུན་ནས ་གཏོང་དང་ཀུན་ནས་སྡུད། ། ཡང་དག་ས་དང་ཕྱོགས་དང་ལྡན།། རྣམ་བཞི་མཉམ་པར་བྱང་ཆུབ་ལྡན།། བྱང་ཆུབ་ཤིང་དྲུང་བདུད་དཔུང་ལས།། རྣམ་པར་རྒྱལ་བ་ཐོབ་པ་དང་།། སངས་རྒྱས་གོ་འཕང་འཕོ། ་མེད་དང་།། ཀླུ་ཡི་ཤིང་གི་རྩ་བ་རུ།། ཞེ་སྡང་རྩུབ་པོའི་ནགས་རྣམས་ཀྱི།། རྐང་པ་སྡོང་བུ་མེ་ཡི་ཆེད།། རྨོངས་མུན་དྲི་མ་སྣང་བྱེད་པ།། ཁྲོ་བོའི་མ་ནི་འབར་བ་ལ།། མེ་གཡོ་རབ་ཏུ་སྦྱིན་པར་བྱེད།། ཕྱག་རྒྱ ་རྡོ་རྗེ་ལྟ་བུ་བསྒོམ། ། གཞལ་བའི་འཁྲི་ཤིང་གཟུགས་བརྙན་བརྟན།། དམར་པོའི་མེ་ནི་འབར་བ་ནི།། འཇིགས་པའི་ཉི་མ་ལྟར་མཛེས་པ།། ཡན་ལག་སྟོབས་བསྐྱེད་ཕྱག་འཚལ་བསྟོད།། དེ་ནས་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས་རང་གི་སྟན་ལ་འཁོད་དེ། ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན ་ཀུན་ཏུ་གཟིགས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་དཔའ་ཆེན་པོར་ཞལ་གྱི་སྒོ་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱུང་སྟེ། འོ ་ཟེར་དེ་རྣམས་ཀྱིས་གངྒཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་བྱས་པར་གྱུར་ཏོ། ། དམྱལ་བ་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་དང་ཡུད་ཙམ་དེ་ལ་སྡུག་བསྔལ་ཐམས་ཅད་དང ་བྲལ་བར་གྱུར་ཏོ། ། གང་སངས་རྒྱས་ཀྱི་ཞིང་དེ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས ་སོ། ། སེམས་དཔའ་ཆེན་པོ་སྨྲོས་ཤིག། མཐུ་ཆེན་པོ་སེམས་ཅན་སྡིག་པ་ཅན་ཐམས་ཅད་དཀྱིལ་འཁོར་དུ་དབང་བསྐུར་བ་སྨྲོས་ཤིག། གང་གིས་དེ་ལྟ་བུ་དེ་རྣམས་ཕྱོགས་བཅུ་མཐའ་ཡས་པ་མུ་མེད་པ་རྣམས་སུ ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་། ། ཉན་ཐོས་ཀྱིས་ཆོས་ཀྱིས་ཡོ་བསྐོར་བ་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་གནང་བ་དང་། ་ས་ཆེན་པོ་རི་དང་། ནགས་དང་། ཕུག་ཏུ་བཅས་པ་འདི་རབ་ཏུ་གཡོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན ་དེ་ལས་བཞེངས་ཏེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྔགས་བཤད་པར་བརྩམས་སོ།། དང་པོར་རེ་ཞིག་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་སློབ་དཔོན་དམ་ཚིག་མཐོང་བས་སློབ་དཔོན ་དང་མཚུངས་པའི་རྗེས་སུ་གནང་བ་ཐོབ་ཅིང་དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། སེམས་ཅན་རྣམས་ཀྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ། སེར་སྣ་མེད་ཅིང་གཡོ་སྒྱུ་མེད་པས་ནག་པོ་མེད་ཅིང་ཧ་ཅང་མི ་སྦོམ། ། ཧ་ཅང་མི་ཕྲ་བ། དྲི་ངན་པ་མེད་པས་དབང་པོ་མ་ཚང་བ་མ་ཡིན་པ། མཛེས་པ། སྙིང་སྟོབས་དང་ལྡན་པས་སྦྱིན་པ་དང་། ཚུལ་ཁྲིམ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང ་ཤེས་རབ་དང་། སྙིང་རྗེ་དང་ཡང་དག་པར་ལྡན་པར་གྱུར་པ། སེམས་ཅན་གྱི་དགོངས་པ་དང་། བསམ་པ་ཤེས་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དང་བ། ཆ་མང་པོ་མངོན་པར་ཤེས་པ། ་གསལ་ཞིང་གསལ་བར་སྨྲ་བ། དཀྱིལ་འཁོར་བྲིས་པའི་ལས་ལ་བྱང་བ། རིག་གསུམ་གང་ཡང་རུང་བའི་རིག་པ་ལ་སོགས་པས་སྔོན་དུ་བསྙེན་པ་བྱས་པ། ཕྱག་རྒྱ་དང་དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བ་ཤེས་པ། ་མཆོད་རྟེན་གྱི་ལས་བྱས་པ། ཧ་ཅང་མི་རྒན། བྱིས་པ་དང་རིགས་དམའ་བར་སྐྱེས་པ་མ་ཡིན་པ། གཞོན་ཞིང་ལང་ཚོ་དང་ལྡན་པ་ངང་ཚུལ་བཟང་པོའི་སྒྲུབ་པ་པོས་གསང་བའི་དཀྱིལ་འཁོར་བྲོ་བར་བྱའོ་ཞེས་སོ།། ། ་དེ་ནས་འདི་ལྟ་བུའི་སློབ་དཔོན་གྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ཆོ་ག་བརྩམ་པར་བྱ་སྟེ། ནུས་མེད་འདུལ་ཉེས་མ་ཡིན་པ།། དཀྱིལ་འཁོར་ཡང་དག་རབ་སྦྱར་བྱ།། རྨོངས་པའི་སེམས་དང་ཆགས་ཅན ་ལ། དཀྱིལ་འཁོར་བསྟན་པར་ཡང་མི་བྱ།། གང་ཞིག་བསླབ་ལ་ཡུད་ཙམ་ཡང་།། ལྷག་པར་འགྲོ་བའི་ལུས་ཅན་དེས།། མཐོ་རིས་ཐར་པ་ཡང་དག་འགྲུབ།། ཡོད་ཀྱི་དབང་ཕྱུག་ཐོབ་པར་འགྱུར།། བྱང་ཆུབ ་སེམས་ནི་རྗེས་ཞིག་པའི། ། དངོས་གྲུབ་དམིགས་པ་ཉིད་མི་འགྱུར།། བྱང་ཆུབ་རྩ་བར་རིག་ཐོབ་པའི།། སེམས་དེ་ལས་ནི་ཡང་དག་བརྩམ།། དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས།། ་སངས་རྒྱས་ཆོས་དང་དགེ་འདུན་ལ།། རབ་ཏུ་དང་བའི་སེམས་ཅན་རྣམས།། བདག་ཉིད་ཁོ་ནར་རབ་རྟོགས་བྱ།། དེ་ལ་བསྟན་བྱའི་དཀྱིལ་འཁོར་བྲི།། དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས།། སྟོབས་ཀྱིས་སྔོན ་འདུལ་སི་ཐའི་ལུས། ། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ།། གྲོང་དང་གྲོང་ཁྱེར་གྲོང་རྡལ་དང་།། ལྗོངས་རྣམས་སུ་ནི་བྱང་ཤར་གྱི།། ཕྱོགས་ཀྱི་ཆ་རུ་མཆོད་ཡོན་བྱིན།། ས་ཡི་མཐིལ་དུ་དེ་ཇི་ལྟར།། ས་ཕྱོགས་སྔག ་ལ་བསྔགས་འགྱུར་བ། ། སྣུམ་ཞིང་ལྗོན་ཤིང་མེ་ཏོག་བཟང་།། འབྲས་བུ་ཡང་དག་མང་པོ་ཅན།། རྒྱུན་མི་འཆད་པར་འབབ་པའི་ཕྱོགས།། དཀར་དང་སེར་བའི་ས་གཞི་ལ།། གྱོ་མོ་བོང་བ་གསེག་མི ་བྲལ། ། རྔ་བོ་ཆེ་ཡི་སྒྲ་དབྱངས་དང་།། ལམ་གྱི་བཞི་མདོ་དུར་ཁྲོད་དང་།། ལྷ་གཞན་ཡོངས་སུ་བཟུང་བ་དང་།། ཤིང་གཅིག་སྡུག་བསྔལ་རྫོགས་སྤངས་ལ།། གང་དུ་ཀུན་ནས་རྒྱང་གྲགས་ལྔའི།། ཚད་དུ་ཆུ ་ཀླུང་ལྟེང་ཀ་དང་། ། མཚོ་ཕྲན་ཆུ་བོ་རབ་འབབ་པ།། ལྗོན་ཤིང་མཆོད་རྟེན་ལྷ་ཁང་དང་།། མེ་ཏོག་ཉིད་ནི་དུས་རྒྱུན་དུ།། ཤིན་ཏུ་རྒྱ་ཆེན་ཡང་དག་ལྡན།། ཆོ་འཕྲུལ་ཕྱོགས་ནི་གང་རུང་ལ།། དེ་ནས་བཅོམ་ལྡན ་འདས་མ་ཡི། ། དཀྱིལ་འཁོར་སློབ་དཔོན་ས་ཕྱོགས་དེར།། ཉི་མ་གུང་ལ་སོང་ནས་ནི།། རལ་པ་གཅིག་མའི་སྙིང་པོ་ཡི།། མངོན་པར་མཛེས་པའི་ལས་བྱའོ།། ཐོག་མར་རབ་དག་སེམས་ཅན་ཀུན།། བྱམས ་དང་སྙིང་རྗེ་དང་ལྡན་པ། ། དཀྱིལ་འཁོར་གནས་དེར་ཡིད་ཀྱིས་དམིགས།། དགེ་བའི་རིག་པ་གདོན་པར་བྱ།། སྒྲོལ་མའི་སྙིང་པོ་དམ་པ་དང་།། དེ་བཞིན་དབྱངས་ནི་རྗེས་སུ་གདོན།། འདིར་ནི་སངས་རྒྱས་མཆོད་དོན་དུ།། ་དཀྱིལ་འཁོར་ལུས་ཅན་ཀུན་གྱིས་བྲི།། ཕྱོགས་ཀྱིས་འགྲོ་བའི་གནས་སུ་གནས།། ཐོག་མར་གཏོར་མ་མང་བྱིན་ནས།། དྲི་ཡི་ཡམ་ཤིང་ཡང་དག་ལྡན།། གནས་སུ་གནས་པས་ཀུན་ཟོས་ནས།། གོ་རིམས་བཞིན ་དུ་སྤྱན་དྲང་བའི། ། དབྱངས་ཀྱི་ཚིག་འདི་བརྗོད་པར་བྱ།། སློབ་དཔོན་མིང་གི་ཆེ་གེ་བདག། བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི།། དཀྱིལ་འཁོར་དག་ན་བྲི་བར་འཚལ།། བདག་དང་སེམས་ཅན་ཀུན་གྱིས་གང་། ་བདག་མཐར་གདུག་པའི་སེམས་མེད་པ།། བསྐྱེད་ཅིང་བཀུར་སྟིར་བྱེད་པ་དང་།། སངས་རྒྱས་བསྟན་ལ་རབ་དང་བའི།། སེམས་ཅན་རྣམས་ལ་ཕྱིར་ཞིང་ནི།། མང་དུ་རབ་ཏུ་དད་པའི་ཆེད།། དཀྱིལ་འཁོར་བྲི་བར ་བདག་འཚལ་ལོ། ། དེ་ལྟར་ལན་གཉིས་ལན་གསུམ་བརྗོད།། དེ་ནས་སེམས་ཅན་དེ་རྣམས་ནི།། དཀྱིལ་འཁོར་གྱི་ནི་སློབ་དཔོན་གྱི།། མཚན་མོ་མཐོང་བ་སྦྱིན་པར་བྱེད།། དེ་ནས་བྲིས་པའམ་གཞན་དུ་སོང་།། ་ཐོ་རངས་རྨི་ལམ་རྣམ་པར་དཔྱད།། ས་ཡི་ཕྱོགས་དེར་སོང་ནས་ནི།། ཁྲུ་བརྒྱ་ཡི་ནི་ཚད་དུ་ཡང་།། ཀུན་ནས་གྲུ་བཞི་པ་རུ་བྱ།། ཕྱི་རོལ་དཔག་ཏུ་མེད་པ་ཡི།། དཀོན་མཆོག་གསུམ་གྱི་ཚད་སོང་ནས།། ས་ལ་ཤིང ་དང་ཕུབ་མ་དང་། ། ཐལ་བ་སོལ་བ་སོ་ལག་དང་།། སྐྲ་དང་སེན་མོ་མཆོད་སྦྱིན་གྱི།། སོ་ཕག་ནག་པོ་ལ་སོགས་གང་།། གཞན་ཡང་དཀྱིལ་འཁོར་དགེ་བ་ཡི།། མི་དགེའི་ཟུག་རྔུ་ཐམས་ཅད་ཀུན།། ལྷག་མ་མེད་པར ་བསལ་ནས་ནི། ། ས་ཡི་གོང་བུ་དེ་ཉིད་དུ།། གཞན་ཡང་ཆུ་ཀླུང་ཆེན་པོ་ཡི།། འགྲམ་གཉིས་ས་ནི་སྦྱང་བྱས་ནས།། རབ་ཏུ་བཅུག་སྟེ་ཐོ་བས་བརྡུང་།། ཙད་ནན་ཆུ་ཡིས་ཡང་ཡང་གཏར། ་དེ་ལྟར་བྱས་ནས་མ་ལྟུང་བའི།། འབྱུང་ཙན་དན་ཆུ་བསྲེས་ནས།། ཁྲུ་བརྒྱད་པ་ཡི་ཕྱོགས་སུ་ནི།། ཕྱི་རོལ་གྱིས་ཀྱང་ཁྲུ་བཅུ་ཡི།། ཚད་དུ་ཡོངས་སུ་སྦྱངས་པ་ལ།། གསོ་སྦྱོང་བྱིན་ནས་བྱུག་ཏུ་གཞུག། ཇི་སྲིད་ས་ཡི་ཕྱོགས ་དེར་ནི། ། ཤིན་ཏུ་འཇམ་ཞིང་ཤིན་ཏུ་ནི།། ལེགས་པར་རྫོགས་པར་སྐྱེས་ཀྱི་བར།། དེ་ལྟར་ཉི་མ་བདུན་དུ་ནི།། དེ་ནས་ཁྲུ་བཞིའི་ཚད་དུ་ནི།། གྲཝ་བཞི་སེང་ལྡེང་ཕུར་བུ་བརྒྱད།། སོར་མོ་བཅུ་གཉིས་ཚད་དུ་བྱ།། ་ནུམས་བཀལ་སྲད་བུ་ནི།། ཚོན་སྣ་ལྔ་པ་ལེགས་འཇམ་པ།། ཤིན་ཏུ་སྲ་བ་བཅོམ་ལྡན་མའི།། རྩ་བའི་སྙིང་པོ་ལན་འདུན་གྱིས།། བསྔགས་པས་ཕུར་བུ་ལ་དཀྲིས་ནས།། བདུན་བྱས་སྲིད་ལ་གདབ་པར་བྱ།། དེ་ནས ་དཀྱིལ་འཁོར་སློབ་དཔོན་གྱིས། ། གཙང་མའི་གོས་ནི་བགོས་པ་ཡིས།། དཀྱིལ་འཁོར་ས་ཡི་དབུས་དེ་རུ།། རྩ་བ་ནག་པོ་མེད་པ་ཡི།། བུམ་བླང་དྲི་ཡི་ཆུ་དང་ནི།། མེ་ཏོག་སྒྲོན་མས་བཀང་བ་ལ།། མགྲིན་པར་རེ་ཏེ ་འཕྲེང་བས་དཀྲིས། ། ཨ་མྲའི་ཡལ་འདབ་ཁ་དགབ་བྱ།། པུས་མོ་དག་ནི་ངེས་བཙུགས་ནས།། རྩ་བའི་རིག་པ་བདུན་བྱས་ཏེ།། ཡང་ན་ཉི་ཤུ་རྩ་གཅིག་བརྗོད།། དེ་ནས་ཕྱོགས་བཅུར་ཀུན་བལྟས་ནས།། འདོར ་བསྒྲགས་བྱ་ཆེ་གེ་དག། གནས་འདིར་སངས་རྒྱས་མཆོད་པའི་ཕྱིར།། སེམས་ཅན་ཀུན་གྱི་ཏིང་འཛིན་ནི།། བསམ་བྱས་དཀྱིལ་འཁོར་བྲིས་པ་འདིར།། སངས་རྒྱས་པར་པར་མཛད་པ་ཀུན།། དཀྱིལ ་བྱོན་པར་མཛོད། ། ད་ལྟ་འདིར་ནི་བྱོན་ནས་ཀྱང་།། བདག་གི་མཆོད་ཡོན་བཞེས་སུ་གསོལ།། དེ་དབུས་ཉིད་དུ་བརྟག་བྱ་བ།། གནས་སུ་བྲིས་པའི་བཅོམ་ལྡན་འདས།། སྤྱན་དྲང་བྱ་ཞིང་ལྷ་རྣམས་ཀྱི།། གནས ་མདོར་བསྟན་ནས་བརྗོད་པར་བྱ། ། དགའ་ལྡན་དུ་ནི་བྱང་ཆུབ་སེམས།། འཇིག་རྟེན་གཞན་དུ་གང་གནས་པ།། དེ་བཞིན་ཁ་བའི་གནས་སུ་དང་།། གངས་ལྡན་པདྨའི་དབང་ཕྱུག་འབྱུང་།། ལྕང་ལོ་ཅན་དུ་ནོར་དང ་ཕྱུག། ཏེ་སེ་རུ་ནི་བདེ་བྱེད་བཤད།། མཆོད་ཡོན་སྣོད་ནི་བཀང་བ་ཡིས།། དེ་རྣམས་གནས་ནི་རྣམས་བསམ་བྱ།། དེ་ནས་ཞལ་ནི་སྲུབ་བརྙན་བཀུར།། དཀྱིལ་འཁོར་ལས་རྣམས་ཐམས་ཅད་ལ།། མིང་དང་གནས་ནི ་ཡོངས་ཉམས་ན། ། ཕྱིན་ཅིག་ལོག་ཏུ་ལྡོག་པར་འགྱུར།། དེ་ལྟར་ཉི་མ་བདུན་དུ་ནི།། ཉིན་རེ་ཉིན་རེ་ཙན་དན་གྱི།། ཆུ་ཡིས་བྱུག་ཏུ་གཞུག་པར་བྱ།། མཚན་མོའི་ཐུན་ལའང་དེ་བཞིན་བྱ།། བར་འདིར་ཡོ་བྱད་ཐམས་ཅད ་ནི། རྣམ་པར་འབྱོར་པར་འགྱུར་བ་ཡིན།། དེ་ལ་འདི་ནི་བརྗོད་བྱ་སྟེ།། དག་པའི་ཤེལ་དང་མཚུངས་པ་ཡི།། ཕྱེ་མ་རྡོ་རྗེའི་རང་བཞིན་སྐྱེས།། ཛ་བའི་མེ་ཏོག་དང་མཚུངས་པའི།། ཕྱེ་མས་དཀྱིལ་འཁོར་ཀུན་ཏུ་བྲིས།། ། ་པདྨ་རཱ་ག་ཨུཏྤ་ལ།། ཕྱེ་མ་མཐའ་དག་གིས་གདབ་བྱ།། གུར་ཀུམ་ཆུ་དང་མཚུངས་པ་དང་།། པུཥྤ་རཱ་ག་ཡི་དཀྱིལ་འཁོར།། ཟར་མའི་མེ་ཏོག་དང་མཚུངས་ཤིང་།། དེ་བཞིན་མ་ར་ཀ་ཏས་ཀྱང་།། དེ་ཙམ་ཁ་དོག ་རིན་ཆེན་མ། ། ལྕགས་ཀྱང་རུང་སྟེ་མིང་ཅན་ལྔ།། ཡང་ན་རྗེས་བཏགས་ཕྱེ་མས་སམ།། ཇི་ལྟར་རྙེད་པ་རྣམ་སྤྲུལ་པས།། རབ་བཀུག་རིན་ཆེན་ཕྱེ་མ་ཡིས།། ཡང་དག་པ་ཡི་དངོས་གྲུབ་འདོད།། ནོར་བུ་མཆིང་བུ ་@མཚུངས་མིན་གང་། ། པདྨ་རཱ་གས་རྣམ་པ་ཀུན།། དཀྱིལ་འཁོར་ཡོ་བྱད་ཐམས་ཅད་ཀྱང་།། སློབ་དཔོན་གྱིས་ནི་ཞོན་ནུ་མའི།། ལག་པས་བྱེད་དུ་གཞུག་པར་བྱ།། བྲམ་ཟེ་རྒྱལ ་རིགས་རིགས་སྐྱེས་པ། ། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། མ་ནོར་སྐྱེས་པ་རབ་མཛེས་པ།། དབང་པོ་མ་ཚང་མ་ཡིན་པ།། མདོར་ན་བུད་མེད་མཚན་ཉིད་དང་།། ཡང་དག་ལྡན་པར་སྐྱེས་པ་ཡིས།། འདི། ་འདྲའི་གཞོན་ནུ་མ་གཅིག་གཉིས།། གསུམ་ལ་གསོ་སྦྱོང་སྦྱིན་ནས་ནི།། འོ་མའི་ཟས་ཀྱིས་མངོན་དགའ་བར།། བྱས་ནས་དཀར་པོའི་གོས་བགོས་ཏེ།། དཀྱིལ་འཁོར་ཡོ་བྱད་ཐམས་ཅད་ནི།། བྱེད་གཞུག ་དཀྱིལ་འཁོར་ཡོ་བྱད་ཀུན། ། ལེགས་བསགས་སོ་སོར་བརྟགས་པ་ཡིས།། ཆུ་དང་རྣམ་པར་དབེན་པ་དང་།། དགེ་སློང་འདུལ་བ་བྱས་པ་དང་།། ཡོངས་སུ་སྦྱང་བ་བྱས་པ་དང་།། གཙང་སྦྲའི་སྤྱོད་པ་སྔོན ་འགྲོ་བས། ། སློབ་དཔོན་རང་གི་ལྷག་གནས་ཆེད།། ཕྱེ་མ་ཐམས་ཅད་བདུག་པ་དྲི།། གཏོར་མ་དང་ནི་མར་རྣམས་ནི།། ཆོ་ག་ཅན་གྱིས་བྱེད་དུ་གཞུག། དེ་ནས་སློབ་དཔོན་ཡོ་བྱད་ཀུན།། ཚོགས་ནས་དཀྱིལ ་འཁོར་རང་ཉིད་བྲི། ། སློབ་མ་ཡོངས་སུ་གཟུང་བར་གྱིས།། དེ་རྣམས་སངས་རྒྱས་ཆོས་དང་ནི།། དགེ་སློང་དགེ་འདུན་ལ་རབ་དང་།། ཡན་ལག་ཆ་ཤས་ཀུན་རྫོགས་པ།། བདེན་སྨྲ་ཕྲ་དང་སྒོམ་པ་མིན།། ་མཛེས་པ་མཐོང་དང་ཁ་དོག་གཙིགས།། གཟུང་བར་མི་བྱའོ་གཅིག་གཉིས་གསུམ།། བཅོ་བརྒྱད་དམ་ནི་གཞན་བཅུ་དྲུག། སློབ་མ་གཟུང་བྱེ་དེ་ནས་ནི།། དེ་རྣམས་སྐྱབས་གསུམ་ཡོངས་སུ་འཛིན།། བྱང ་ཆུབ་སེམས་ནི་བསྐྱེད་པ་དང་། ། འོ་མའི་སྟོན་མོ་བཟའ་བ་དང་།། འོ་མའི་ཤིང་ལས་བྱུང་བ་ཡི།། སོ་ཤིང་སོར་མོ་བརྒྱད་ཀྱི་ཚད།། བཅོམ་ལྡན་རྩ་བའི་སྙིང་པོ་ཡི།། ལན་ནི་ཉི་ཤུ་རྩ་བདུན་དུ།། མངོན་པར་བསྔག། ་ནས་པ་ཡི་གཅིན།། རབ་སྤར་མཚན་མོའི་ཐུན་མཚམས་སུ།། དཀྱིལ་འཁོར་ས་གཞིའི་ཕྱི་རོལ་དུ།། ཤར་དུ་མངོན་ཕྱོགས་ཀུ་ཤ་ཡི།། ཁྲེས་ལ་རིམ་པས་ཉེར་འདུག་ནས།། སྙིང་པོ་རེ་རེ་ལག་པར་བྱིན།། ་རྩ་བའི་སྙིང་པོ་ལན་བདུན་བཟླས།། གཙུག་ཏོར་བཅིངས་ལ་བདུན་བཟླས་བྱ།། དེ་ནས་སོ་ཤིང་དེ་རྣམས་ལ།། བྱིན་ནས་རང་རང་སོ་ཤིང་བཟའ།། རལ་གཅིག་མ་ཡི་སྙིང་པོ་ཡིས།། ལན་བདུན་བསྔགས་པའི་དྲི ་ཡི་ཆུས། ། སྤྱི་བོར་མངོན་པར་གཏོར་བར་བྱ།། དེ་ནས་དེ་རྣམས་ལ་བརྗོད་བྱ།། བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས།། དབང་ཕྱུག་མཆོག་གི་ཐུགས་རྗེ་ཅན།། ཆེན་པོའི་མཆོག་ནི་སྦྱིན་པ་པོ།། བསྒྲལ ་དཀར་སྒྲོལ་བ་དྲན་པར་གྱིས། ། བཅོམ་ལྡན་འདས་མ་སྒྲོལ་མ་ཡང་།། རིག་པའི་རྒྱལ་མོ་ཆེན་མོ་སྟེ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། སྐྱེད་པར་བྱེད་མ་དྲན་པར་གྱིས།། དེ་ཡི་འོག་ཏུ་སློབ་དཔོན་གྱིས། ་སློབ་མ་དེ་རྣམས་ཀུན་ལ་ནི།། འདོད་ཆགས་ཐལ་དང་ལྡན་པའི་ཆོས།། བསྟན་པར་བྱས་ནས་དེ་རྣམས་མདུན།། ཤེས་རབ་ཕ་རོལ་ཕྱིན་བཀླག་བྱ།། དེ་ལྟ་བུ་ཡི་ཆོ་ག་ཡིས།། བུད་མེད་རྣམས་ཀྱང་ཡོངས ་གཟུང་བྱ། ། ལངས་ནས་བུ་མོས་བཀལ་བ་ཡི།། སྲད་བུ་ཚོན་སྣ་ལྔ་པ་ནི།། མི་མཉམ་རྒྱུད་དུ་བསྒྲིལ་བ་ལ།། དྲྀ་ཡི་ཆུ་ཡིས་མངོན་བཀྲུས་ནས།། རེ་རེར་པདྨའི་བགྲང་འཕྲེང་གིས།། བསང་གཏོར་བྱས་ནས་རྩ་བ ་ཡི། ། སྙིང་པོ་ལན་གྲངས་ཉེར་གཅིག་ཏུ།། མངོན་བསྔགས་དེ་ལ་འདིར་བརྗོད་བྱ།། དཔལ་གྱི་གཞི་ནི་ཡོད་པའི་ཕྱིར།། སངས་རྒྱས་རྣམས་ཀྱིས་ཞབས་མཚན་མ།། བྱང་ཆུབ ་སེམས་དཔའ་འབྱུང་བ་སྟེ། ། པདྨའི་བགྲང་འཕྲེང་དེ་ཕྱིར་བསྔགས།། དེ་ནས་སློབ་དཔོན་རང་ཉིད་ཀྱིས།། སློབ་མ་རྣམས་ལ་ཆ་ཕྲ་མོས།། ལག་པ་ལ་ནི་བཅིང་བར་བྱ།། སློབ་མ་རྣམས་ལ་གང་ཁོ་ན།། ་དེ་ཉིད་སློབ་མ་བདག་ཉིད་བྱ།། དེ་ནས་དཀྱིལ་འཁོར་ལྷག་གནས་པ།། ཤར་དུ་མངོན་ཕྱོགས་བླ་གོས་ནི།། ཕྲག་པ་གཅིག་ཏུ་བྱས་ནས་ནི།། པུས་མོ་གཡས་པའི་ལྷ་ང་ནི།། ས་ལ་རབ་ཏུ་བཙུགས་བྱས ་རྩ་བའི་ཕྱག་རྒྱ་བཅིང་བ་དང་། ། རྩ་བའི་རིག་པ་བཟླས་པར་བྱ།། སངས་རྒྱས་བྱང་སེམས་ཐམས་ཅད་དང་།། རང་རྒྱལ་འཕགས་པ་ཉན་ཐོས་དང་།། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་།། ལྷ་མོའི་དྲི་དང་མེ་ཏོག ་གི། འཕྲེང་བ་ཡོངས་སུ་འཛིན་པ་ཡིས།། ཀུན་ལ་གསོལ་བ་གདབ་པར་བྱ།། དཀྱིལ་འཁོར་གྱི་ནི་སློབ་དཔོན་བདག། ཆེ་གེ་མོ་ཞེས་བྱ་བ་ཡིས།། བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི།། དཀྱིལ་འཁོར་བྲི་བར ་འཚལ་ལགས་ན། ། དེ་དག་རང་ཉིད་བྱོན་པར་མཛོད།། སངས་རྒྱས་བཅོམ་ལྡན་འདས་ཀུན་དང་།། བྱང་ཆུབ་སེམས་དཔའ་རང་སངས་རྒྱས།། ཉན་ཐོས་ལྷ་ཀླུ་གནོད་སྦྱིན་དང་།། དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་།། ་མིའམ་ཅི་དང་ལྟོ་འཕྱེ་ཆེ།། རང་གི་རིག་པ་སྔགས་ཚོགས་ཀྱིས།། ཡོངས་བསྐོར་སེམས་ཅན་ཐམས་ཅད་ལ།། རྗེས་སུ་བརྩེ་བས་བྱོན་ནས་ཀྱང་།། བདག་ལ་རྗེས་སུ་གནང་བར་མཛོད།། དེ་ལྟར་ཡང་གཉིས་ཡང ་གསུམ་དུ། ། དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས།། རྩ་བའི་རིག་པ་བཟླས་པ་དང་།། དཀྱིལ་འཁོར་ས་གཞི་ལ་བལྟས་ནས།། དབུས་སུ་མེ་ཏོག་འཕྲེང་བ་དོར།། གལ་ཏེ་མེ་ཏོག་འཕྲེང་གཡོ་བྱེད།། དེ་ནས་བྱོན། ་པར་ཤེས་པར་བྱ།། དེ་ནས་སངས་རྒྱས་བྱང་སེམས་ལ།། ནི་ཡི་ཆུ་ཡིས་མཆོད་ཡོན་དང་།། མེ་ཏོག་ཕུལ་ཅིག་དེ་ནས་ནི།། ཁྲུ་བརྒྱའི་ཕྱི་རོལ་ས་གཞི་ལ།། ཡོངས་སུ་སྦྱང་བ་བྱས་པ་རུ།། ཨ་པཱ་མཱརྒའི་ཡམ ་ཤིང་གིས། ། མེ་ནི་རབ་ཏུ་སྤར་བྱས་ནས།། ཤར་དུ་མངོན་ཕྱོགས་ཀུ་ཤ་ཡི།། ཁྲེས་ལ་ཉེ་བར་འདུག་པ་ཡིས།། རྩ་བའི་སྙིང་པོ་སྦྲང་རྩི་ཞོ།། མར་གྱིས་སྲེག་བླུགས་བརྒྱད་བརྒྱར་དབུལ།། དེ་ནས་སངས་རྒྱས ་བྱང་སེམས་དང་། ། ལྷ་རྣམས་ལ་ཡང་མཆོད་ཡོན་དབུལ།། དེ་ནས་དཀྱིལ་འཁོར་ཕྱོགས་བཞི་རུ།། གསོ་སྦྱོང་ཡོངས་སུ་བླངས་པ་ཡི།། སྐྱེས་བུ་སྲུང་བའི་འཕྲེང་བ་དང་།། དབང་པོ་ཚང་བ་གཞག་པར་བྱ།། དེ་ལ ་འདི་ནི་བརྗོད་བྱ་སྟེ། ། གང་ཞིག་རྣམ་པ་གཞན་བྱ་བ།། སྐྱོང་བ་བྲལ་བར་འགྱུར་བ་སྟེ།། དཀྱིལ་འཁོར་དམ་ཚིག་བརྒྱད་རྣམས་ནི།། ཡང་དག་འབྱུང་བར་མི་འགྱུར་རོ།། དེ་ཕྱིར་ཆོ་ག་བྱས་པ་ཡིས།། སློབ་མས ་དམ་ཚིག་ཤེས་པར་འགྱུར། ། དེ་ནས་དཀྱིལ་འཁོར་སློབ་དཔོན་གང་།། རང་གནས་སློབ་མས་ཐབས་ཅིག་ཏུ།། སོང་ནས་ཀུ་ཤ་བཏིང་བ་ལ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ཀུན ་རྗེས་སུ་དྲན་པ་ཡོས། ། གཡས་པའི་གཞོགས་ཀྱིས་ཉལ་བར་བྱ།། དེ་ནས་ཐོ་རངས་སློབ་དཔོན་གྱིས།། གཙང་མ་ཤར་དུ་ཁ་ཕྱོགས་པས།། རྨི་ལམ་རྣམ་པར་དཔྱད་པར་བྱ།། དེ་ལ་འདི་ནི་བརྗོད་བྱ ་གང་ཞིག་ཙན་དན་ཟིལ་བ་སོགས། ། ཨུ་དུམ་པར་སོགས་ནྱ་གྲོ་དྷ།། རྒྱལ་མཚན་འགྲེང་བས་ཁྱབ་པ་དང་།། རྨི་ལམ་རབ་ཏུ་དད་པའང་རུང་།། ཁ་ཅིག་མེ་ལྕེ་མཛེས་པ་དང་། ་དེ་ལྟར་མཐོང་བ་དེའི་དངོས་གྲུབ།། མཆོག་གི་བར་དུའོ་ངང་པ་དང་།། ཀཱ་རནྟ་བ་ཁྲུང་ཁྲུང་དང་།། རྨ་བྱ་རོ་ཧ་ཎ་རྣམས་ནི།། གང་ཞིག་དེ་ལྟ་བུ་མཐོང་འགྱུར།། རྨི་ལམ་བར་མའི་དངོས་གྲུབ་དེ།། མྱུར་བ་ཁོ་ནར ་འབྱུང་བར་འགྱུར། ། མི་འམ་ར་ཧ་ཎ་ཡང་རུང་།། དེ་བཞིན་པི་ཝང་ཐོགས་པ་དང་།། ཀུནྡ་ལ་སོགས་པ་ཡང་རུང་།། དེ་བཞིན་ཨ་སཱག་དྷི་མཐོང་ན།། གང་ཡང་རྨི་ལམ་མཐོང་བྱེད་པ།། མི་རྣམས་ཐ་མའི་དངོས ་གྲུབ་དེ། ། སྒྲོལ་མའི་རྟོག་པར་ངེས་པར་བསྟན།། གཏུམ་པོ་ཁྱི་ལ་སོགས་པ་རྣམས།། གང་གིས་མཐོང་བར་གྱུར་པ་དང་།། བོང་བུ་རྔ་མོང་ཤིང་རྟ་སོགས།། མཐོང་དང་རེག་པ་ལ་སོགས་སམ།། རྒྱ་སྐྱེགས་ཏིལ་མར་གྱི ་རེག་པ། ། གང་གི་རྨི་ལམ་དུ་འཇུག་པ།། དེའི་དངོས་གྲུབ་ངེས་པར་མེད།། དམ་ཚིག་ཙམ་དུ་འབྱུང་བར་འགྱུར།། དེ་ལྟ་བུ་སོགས་ཡོན་ཏན་ལྡན།། རྨི་ལམ་བློ་ཡིས་རྣམ་དཔྱད་བྱ།། དེ་ལྟར་རང་བློས་གང་ཤེས་ནས།། སློབ ་མ་དེ་ལ་རྨི་ལམ་གྱི། ། མཚན་ཉིད་ལུང་དུ་བསྟན་པར་བྱ།། དེ་ནས་དཀྱིལ་འཁོར་སློབ་དཔོན་ནོ།། གལ་ཏེ་ཁྱིམ་གནས་གྱུར་པའམ།། དགེ་སློང་དགེ་སློང་མ་དང་ནི།། དགེ་བསྙེན་དགེ་བསྙེན་མ་ཡང་རུང་།། ཆེན་པོ་དེ ་རྣམས་གསོ་སྦྱོང་ནི། ། བཟུང་སྟེ་ཕྱི་ནས་སློབ་མ་རྣམས།། གསོ་སྦྱོང་ཡང་དག་གུས་པར་བྱ།། སློབ་མ་རྨི་ལམ་མི་དགེ་བ།། བསྟན་བྱ་སྔོན་དུ་སྦྱིན་སྲེག་བྱ།། དེ་ནས་དཀྱིལ་འཁོར་སློབ་དཔོན་ནི།། སྔ་མ་ཁོ་ནར་ས ་དང་ནི། རས་རིས་མཐར་ནི་ཨ་ལཱ་ས།། ཟངས་ལས་བྱུང་བར་རབ་ཞུགས་ཏེ།། ཡང་དག་འཇོག་པར་བྱེད་དུ་གཞུག། དེ་ནས་དཀྱིལ་འཁོར་ས་གཞི་ལ།། ཙན་དན་ཆུ་ཡིས་ལེགས་པར་བྱུག། སློབ་མ་ཐམས་ཅད་གནས ་གཅིག་ཏུ། ། བོས་ནས་རལ་པ་གཅིག་མ་ཡི།། སྙིང་པོས་བསྲུང་བ་བྱས་ནས་ནི།། དཀྱིལ་འཁོར་ཕྱི་ཡི་གནས་གཅིག་ཏུ།། ཉེར་འདུག་དམ་ཚིག་ཤེས་པ་རྣམས།། ནང་དུ་རབ་ཏུ་གཞུག་པར་བྱ།། དེ་ནས་ཉི་མ་ནུབ་དུས་སུ།། ་དཀྱིལ་འཁོར་ཐིག་ནི་གདབ་པར་བྱ།། བུ་མོས་བཀལ་བའི་སྲད་བུ་ནི།། ཚོན་སྣ་ལྔ་པ་རྩ་བ་ཡི།། སྙིང་པོ་ལན་བདུན་བསྔགས་བྱས་ཏེ།། དབང་ལྡན་ཕྱོགས་ནས་བརྩམས་ནས་ནི།། ཕུར་བུ་དེ་རྣམས་སྲད་བུས་བཅིངས།། ་དེ་དག་ཐམས་ཅད་ཁྲུ་ཡི་ཚད།། གསུམ་བྱས་སྲད་བུས་ཡོངས་དཀྲི་བྱ།། ཕྱི་ནས་ཀུན་ཏུ་དུང་དང་ནི།། རྔ་བོ་ཆེ་དང་རྫ་རྔ་དང་།། འཁར་རྔ་རྣམ་པ་སྣ་ཚོགས་པའི།། འཁར་བ་དང་ནི་ཕག་རྡོབ་རྣམས།། ཀུན་ནས་འཁྲོལ་བར ་བྱེད་དུ་གཞུག། གདུགས་དང་རྒྱལ་མཚན་བ་དན་སོགས།། ཕྱི་རོལ་དུ་ནི་དེ་དགྲམ་བྱ།། དཀྱིལ་འཁོར་གྲུབ་ཞི་སྒོ་བཞི་པ།། ཚོན་སྣ་ལྔ་པའི་ཐིག་སྐུད་ཀྱིས།། ཁྲུ་བརྒྱར་བྱས་ནས་ཐིག་གདབ་བྱ།། དེ་ལམ་དཀྱིལ ་འཁོར་གཉིས་པ་སྟེ། ། དེ་ནས་ཁ་དོག་ཐམས་ཅད་པ།། རྩ་བའི་ཕྱག་རྒྱ་བཅིངས་ནས་ནི།། རྩ་བའི་རིག་པ་བརྒྱད་བརྒྱ་བཟླས།། དེ་ནས་དཀྱིལ་འཁོར་སློབ་དཔོན་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། རང ་སངས་རྒྱས་དང་འཕགས་པ་ཡི། ། ཉན་ཐོས་དགེ་འདུན་རྣམས་ལ་ནི།། ཕྱག་བྱས་དཀྱིལ་འཁོར་ཁོར་ཡུག་ཏུ།། རྒྱང་གྲགས་ལྔ་པ་ལྷག་གནས་ཆེ།། རལ་པ་གཅིག་མའི་སྙིང་པོ་ཡིས།། གདུག་པའི་སེམས་ཅན་ཐན ་ཅད་ཀྱི། ། སེམས་ནི་བཅིང་བར་བྱ་བའོ།། དཀྱིལ་འཁོར་ཡང་ནི་ཐམས་ཅད་ཀྱི།། སློབ་དཔོན་གྱི་ནི་ཡོ་བྱད་རྣམས།། རལ་གཅིག་སྙིང་པོ་ཉིད་ཀྱིས་ནི།། ཐོག་མར་བསྲུང་བ་བྱས་ནས ་ནི། བྱང་ཤར་ཕྱོགས་ནས་བརྩམས་བྱས་ཏེ།། ཚངས་པའི་ཐིག་ནི་གདབ་པར་བྱ།། རྩ་བའི་རིག་པ་ཟློས་པ་ཉིད།། དཀྱིལ་འཁོར་ཐམས་ཅད་མཁས་པས་བྲིས།། ཡོངས་སུ་བཅད་ཅིང་ལུས་དཀར་བའི།། ་སློབ་དེ་དེ་བཞིན་གཤེགས་རྣམས་ལ།། ཕྱག་བྱས་རིན་ཆེན་ཕྱེ་མས་སོ།། པདྨའི་རིགས་ལ་ཕྱག་བྱས་ཏེ།། ཕྱེ་མ་སེར་པོས་བཅོམ་ལྡན་མ།། འཕགས་མ་སྒྲོལ་མ་ཕྱག་བྱས་ནས།། ལྗང་ཁུ་རྣམས་ཀྱིས ་ཉན་ཐོས་ཀུན། ། རང་སངས་རྒྱས་ཀུན་ཕྱག་བྱས་ནས།། ནག་པོས་རྡོ་རྗེའི་རིགས་ལའོ།། དེ་ལྟར་དང་པོར་དཀྱིལ་འཁོར་གྲུ་བཞི་དང་སྒོ་བཞི་པའི་སྙིང་པོར་རོ།། ཕྱི་ནས་གཉིས་ལ་ཁྲུ་གཉིས་ཀྱི་ཚད་དུ་རབ་ཏུ ་འཇུག་པར་བྱེད་པའོ། ། གསུམ་པ་མཐོ་གང་བ་དེའི་ཉིས་འགྱུར་རོ།། དེ་ལྟར་ཐམས་ཅད་དུ་རིམ་གྱིས་ཟིས་ནས་ནང་གི་དཀྱིལ་འཁོར་དུ་བྲིས་པར་འདོད་པས།། སངས་རྒྱས་བཅོམ་ལྡན་འདས་དང་།། བྱང་ཆུབ ་སེམས་དཔའ་དང་། ། རང་སངས་རྒྱས་ཐམས་ཅད་དེར་རང་བྱོན་པར་མཛད་དུ་གསོལ།། འབྲུ་ཐམས་ཅད་དང་།། རིན་པོ་ཆེ་ཐམས་ཅད་དང་།། སྨན་ཐམས་ཅད་དང་།། དྲི་དང་མེ་ཏོག་ཐམས་ཅད་དང་།། ཅན ་དན་གྱི་ཆུས་ཡོངས་སུ་བཀང་བ། ། མཱ་ཥྚའི་ལལ་འདབ་ཀྱིས་ཁ་བཀབ་པ།། དུ་ཀུ་ལའི་རས་དཀར་པོས་མགྲིན་པ་བཅིངས་པ།། གསེར་དང་དངུལ་ལས་བྱུང་བ། དཀྱིལ་འཁོར་དེའི་ཡོ་བྱད་ཐམས་ཅད་རས་རིས ་གཉིས་པའི་མཐར་མེ་ཏོགགི་འཕྲེང་བས་དཀྲིས་ནས་རྩ་བའི་རིག་པས་བསྔགས་པ་དེ་རྣམ་པར་རྒྱལ་བའི་བུམ་པ་ཞེས་བྱ་བ་སྟེ། སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ།། དེ་ལ་འདི་བརྗོད་པར་བྱ་སྟེ། ་དམ་ཚིག་དོན་དང་བསོད་ནམས་དོན།། འདོད་དོན་སོ་སོར་དམིགས་བྱེད་དུ།། སྡོམ་པ་བཟུང་བར་བྱས་གྱུར་ནས།། གང་དུ་གནས་པ་ཐམས་ཅད་ནས།། དཀྱིལ་འཁོར་མཆོག་འདི་བྲིས་པར་བྱ།། གཞན་གྱིས་མི ་ཐུབ་ཐུགས་རྗེ་ཆེ། ། སངས་རྒྱས་བྱམས་པ་སྤྱན་མར་བཅས།། འདི་རྣམས་མིང་ནི་ཀུན་དྲན་ནས།། དེ་བཞིན་གཤེགས་པ་བྲི་བར་བྱ།། བདེན་པར་སྐྱེས་དང་རྟ་མགྲིན་དང་།། འཇིག་རྟེན་གསུམ་རྒྱལ་དཀར་མོར ་གྲགས། ། དེ་བཞིན་དུ་ནི་ཁྲོ་གཉེར་ཅན།། ཁྲོས་མ་ཞེས་ནི་གྲགས་པ་སྟེ།། འདི་རྣམས་མིང་ནི་ཀུན་དྲན་ནས།། སྤྱན་རས་གཟིགས་ནི་བྲི་བར་བྱ།། རིག་པ་མཆོག་ལས་སླར་འཇིགས་བྱེད།། རྡོ་རྗེ་སེར་སྐྱ་རྡོ་རྗེ ་ནི། ། དྲག་པོར་བཞད་དང་སེང་གེ་དང་།། དེ་བཞིན་རྡོ་རྗེ་ཁུ་ཚུར་ཉིད།། འདི་རྣམས་མིང་ནི་ཀུན་དྲན་ནས།། ཕྱག་ན་རྡོ་རྗེ་ཀུན་ཏུ་བྲི།། དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས་སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ཕྱེ ་མ་དཀར་པོ་དང་ཡུངས་ཀར་དཀར་པོ་བསྲེས་པས། ། སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་སེང་གེའི་གདན་ལ་ཉེ་བར་བཞུགས་པ།། ཆོས་སྟོན་པར་མཛད་བཞིན་པ། འོད་ཀྱི་དཀྱིལ་འཁོར་འོད་ཀུན་ཏུ ་འཕྲོ་ག། གཙུག་ཏོར་ནས་འོད་ཟེར་འབྱུང་བཞིན་པའི་བཅོམ་ལྡན་འདས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ།། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པ་དང་པོར་བྲིས་ཤིག། བཅོམ་ལྡན་འདས་ཀྱི་སྟེང་གི ་གཞོགས་གཉིས་སུ་ཕྱེ་མ་སེར་པོ་དང་པདྨ་གེ་སར་ཕན་ཚུན་བསྲེས་པས་གཙུག་ཏོར་གྱི་རྒྱལ་པོ་རྣམས་ཀུན་ནས་འབར་བའི་འགྲེང་བས་འཁྲུགས་པ། འཁོར་ལོས་སྒྱུར་བའི་རྒྱལ ་པོ་ཆེན་པོའི་གཟུགས་དང་། ཆ་བྱད་དང་། དབྱིབས་ཀྱི་རྣམ་པ་ཅན་རབ་ཏུ་དང་བའི་སྐུ། དེ་བཞིན་གཤེགས་པ་ལ་མངོན་པར་ཕྱོགས་པ། ས་བོན་གྱིས་གང་བ་དང་འབྲས་བུ་ཕྱག་ན་བསྣམས་པ་ལ་འདི ་ལྟ་སྟེ། བཅོམ་ལྡན་འདས་རྒྱལ་བའི་གཙུག་ཏོར་དང་། འཁོར་ལོས་སྒྱུར་བ་དང་། ཀུན་ནས་འབར་བའི་གཙུག་ཏོར་དང་། གདུགས་དཀར་པོ་དང་། གཟི་བརྗིད་ཕུང་པོ་དང་། ནོར་བུའི་ཕུང་པོ་དང་། ་གསེར་གྱི་ཕུང་པོ་དང་། རྣམ་པར་གྲགས་པའི་ཕུང་པོ་དང་། ཀུན་ནས་ཕུང་པོ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཕུང་པོ་དང་། བརྟུལ་ཞུགས་ཕུང་པོ་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕུང ་དང་། རྟག་པའི་ཕུང་པོ་དང་། དངོས་པོ་མེད་པའི་རང་བཞིན་གྱི་ཕུང་པོ་དང་། ཐམས་ཅད་ཕུང་པོ་དང་། སྒྲ་དབྱངས་སྙན་པའི་ཕུང་པོ་དང་། འཇིག་རྟེན་གསུམ་པའི་ཕུང་པོ་དང་། མཐའ་ཡས་ཕུང་པོ་དང་། ་བསོད་ནམས་ཕུང་པོ་དང་། ལྷའི་ཕུང་པོ་ཞེས་པ་འདི་རྣམས་གཡས་ཀྱི་གཞོགས་སུ་ཉེ་བར་བཞུགས་པའོ།། གཡོན་དུ་འདི་ལྟ་སྟེ། བཅོམ་ལྡན་འདས་རྒྱལ་བའི་གཙུག་ཏོར་དང་། མངོན་པར་འཕགས་པ་དང་། ་རྣམ་པར་རྒྱལ་བའི་གཙུག་ཏོར་དང་། མངོན་པར་མཐོ་བ་དང་། སའི་འདབ་མ་དང་། འདབ་མ་བརྒྱ་པ་དང་། འདབ་མ་སྟོང་པ་དང་། ཀུན་ནས་འདབ་མ་དང་། འོད་ཟེར་དང་། འོད་ཟེར་ཆེན་པོ་དང་། དྲི་མ ་མེད་པའི་འོད་ཟེར་དང་། བཀོད་པའི་འོད་ཟེར་དང་། དཀར་པོའི་འོད་ཟེར་དང་། པདྨའི་འོད་ཟེར་དང་། བཀོད་པའི་གཙུག་ཏོར་དང་། བདུད་བཞི་རྣམ་པར་འདུལ་བའི་གཙུག་ཏོར་དང་། གཙུག་ཏོར་མངོན ་པར་འཕགས་པ་དང་། བསམ་གྱིས་མི་ཁྱབ་པའི་གཙུག་ཏོར་ཞེས་པ་འདི་རྣམས་དང་། དེ་བཞིན་གཤེགས་པའི་ནུས་པ་དང་། ལུང་བསྟན་པ་ཞེས་པ་གཙུག་ཏོར་གྱི་རྒྱལ་པོ་འདི་རྣམས་གཡོན་གྱི་སྟེང་དུ་བྲི་བར ་བྱའོ། ། གཙུག་ཏོར་འཁོར་ལོས་སྒྱུར་བའི་ཉེ་ལོགས་སུ་འཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་མོ་ཆེན་མོ་བརྒྱད་བྲི་སྟེ། བཅོམ་ལྡན་འདས་མ་སྤྱན་མ་དང་། མཛོད་སྤུ་དང་། ཟླ་བ་དང་། སྙིང་རྗེ་མ་དང་། ་བྱམས་པ་མ་དང་། མི་འཇིག་མ་དང་། ལུང་བསྟན་མ་དང་། དེ་བཞིན་གཤེགས་པའི་ནུས་པ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ། འབར་བའི་འཕྲེང་བས་འཁྲུག་པ། རབ་ཏུ་དང་བའི་སྐུ་དེ་བཞིན་གཤེགས ་པ་ལ་ངེས་པར་རྟོག་བཞིན་པའོ། ། འདི་རྣམས་ཀྱི་སྟེང་དུ་གསང་སྔགས་ཀྱི་རྒྱལ་པོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ལྷུང་བཟེད་དང་། མཁར་གསིལ་དང་། ཆོས་གོས་དང་། དེ ་བཞིན་གཤེགས་པའི་དྲི་མ་དང་། དེ་བཞིན་གཤེགས་པའི་འོད་ཀྱི་དྲ་བ་དང་། དེ་བཞིན་གཤེགས་པའི་ཀུན་ཏུ་སྣང་བ་དང་། དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་བཞིན་གཤེགས་པའི་ཉེ་བའི་སྙིང་པོ ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ་འབར་བའི་འཕྲེང་བས་འཁྲུགས་པ། རབ་ཏུ་དང་བའི་སྐུ། ཅུང་ཟད་དེ་བཞིན་གཤེགས་པ་ལ་ངེས་པར་རྟོག་བཞིན་པ། རང་གི་གཟུགས་ལས་རབ་ཏུ་སྣང་བའི་སྐུ ་བྲིའོ། ། གཙུག་ཏོར་འཁོར་ལོས་སྒྱུར་བའི་འོག་ཏུ་དེ་བཞིན་གཤེགས་པའི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཆེན་པོ་ཁྲོ་བའི་གཟུགས་ཅན། པདྨའི་གདན་ལ་བཞུགས་པ། ཀུན་ནས་འོད ་ཀྱི་དཀྱིལ་འཁོར་ཅན། རྩེ་གསུམ་དང་ཞགས་པས་ཕྱག་བྲེལ་བ། ཅུང་ཟད་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བའོ།། གཞན་དུ་རྒྱལ་བའི་གཙུག་ཏོར་གྱི་ཉེ་ལོགས་སུ་འཕྲེང་གཅིག་ལ་བརྟེན་པའི ་རིག་པའི་རྒྱལ་མོ་ཆེན་མོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་མ་གཞན་གྱིས་མི་ཐུབ་མ་དང་། ཕྱི་ནས་དགེ་སྦྱོང་མ་དང་། དེ་བཞིན་གཤེགས་པའི་མཛེས་མ་དང་། སངས་རྒྱས་དཀར་མོ་དང་། དེ་བཞིན ་གཤེགས་མ་སེམས་མ་དང་། དེ་བཞིན་གཤེགས་པ་ལྕགས་ཀྱུས་འགུགས་མ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ། འོད་ཀྱི་དཀྱིལ་འཁོར་གྱི་སྐུའོ།། དེ་བཞིན་གཤེགས་པ་ལ་མངོན་པར་ཕྱོགས ་པའོ། ། འདི་རྣམས་ཀྱི་སྟེང་དུ་གསང་སྔགས་ཀྱི་རྒྱལ་པོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐའ་དང་། དེ་བཞིན་གཤེགས་པའི་ཀུན་ཏུ་སྣང་བ་དང་། དེ་བཞིན་གཤེགས་པའི་མཁྱེན ་པ་དང་། དེ་བཞིན་གཤེགས་པའི་འཇིག་རྟེན་གསུམ་པ་དང་། དེ་བཞིན་གཤེགས་པའི་འདུས་པ་དང་། དེ་བཞིན་གཤེགས་པའི་སྐུ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། དེ་བཞིན་གཤེགས་པའི་འཇིག ་རྟེན་ཞེས་པ་འདི་རྣམས་ཀུན་ནས་འོད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ། པདྨའི་གདན་ལ་གནས་པ། རབ་ཏུ་དང་བའི་སྐུ། དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ།། རྒྱལ་བའི ་གཙུག་ཏོར་གྱི་འོག་ཏུ་དེ་བཞིན་གཤེགས་པའི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཀུན་ནས་འོད་པདྨའི་གདན་ལ་གནས་པ། ཕྱག་ན་པདྨ་སྟེ། དེ་རྣམས་ཐམས་ཅད་ལྷའི་གཟུགས་གཡས་པས ་ས་བོན་གྱིས་གང་བ་དང་། ཕྱག་གཡོན་པས་མཆོག་སྦྱིན་པ། རང་གི་ཆ་བྱད་ཀྱིས་ཀུན་ཏུ་གནས་པར་ཡང་ངོ་།། གཙུག་ཏོར་གྱི་རྒྱལ་པོའི་སྟེང་དུ་རང་སངས་རྒྱས་བརྒྱད་ཇི་ལྟར་རིགས་པར་བྲི་བར་བྱའོ།། འདི་ལྟ ་སྟེ། བཅོམ་ལྡན་འདས་སྙན་གྲགས་ཞེས་བྱ་བའི་རང་སངས་རྒྱས་དང་། སྟེང་གི་དྲང་སྲོང་དང་། དྲང་སྲོང་ཆེན་པོ་དང་། ལྷའི་དྲང་སྲོང་དང་། མཱ་ད་ར་དང་། བརྩེགས་པ་དང་། ལེགས་པར་བརྩེགས་པ་དང་། ་བརྩེགས་པ་ཆེན་པོ་ཞེས་པ་རང་སངས་རྒྱས་བརྒྱད་པོ་འདི་རྣམས་པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། འབར་བའི་འཕྲེང་བས་འཁྲུགས་པ། བླ་གོས ་སེར་པོ་ཅན་ནོ། ། བཅོམ་ལྡན་འདས་ཀྱི་འོག་ཏུ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ།། གཡོན་དུ་སྣམ་སྦྱར་རོ།། མདུན་གྱི་འོག་ཏུ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ། ཀུན་ནས་འབར་བའི་འཕྲེང་བས་འཁྲུག ་པ། པདྨའི་འདབ་མ་བརྒྱད་པོ་ལ་གནས་པའོ།། དེའི་ཡང་ཉེ་ལོགས་སུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཞེས་བྱ་བ་རལ་པའི་ཅོད་པན་འཆང་བ། པདྨའི་གདན་ལ་གནས་པ་དང་། བཅོམ་ལྡན་འདས་མ ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའི་འོག་ཏུ་པདྨ་རིགས་མཛེས་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཐོ་བར་བྱའོ། ། པདྨའི་གདན་ལ་ཉེ་བར་འདུག་པ། རལ་པའི་ཅོད་པན་འཆང་བ། དར ་ལ་དང་རས་ཀྱི་སྨད་གཡོགས་དང་སྟོད་གཡོགས་ཅན། ཐལ་མོ་སྦྱར་བ་བྱས་པ། ཅུང་ཟད་སྒྲོལ་མའི་གཟུགས་བརྙན་ལ་ལྟ་བར་གྱུར་པ། བཀའ་ནོད་པར་བྱེད་བཞིན་པའོ།། དེར ་གོང་དུ་པདྨ་ཆེན་པོ་ཞེས་བྱ་བའི་ཁྲོ་བོ་མདོག་དམར་པོ། ཀུན་ནས་འབར་བའི་འཕྲེང་བས་འཁྲུག་པ། པདྨའི་གདན་ལ་ཉེ་བར་འདུག་པ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད ་བཞིན་པའོ། ། ཁྲོ་བོའི་རྒྱལ་པོ་དེ་རྣམས་ཐམས་ཅད་ཀུན་ནས་འབར་བ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་དང་རྣམ་པར་འགྱུར་བའི་གཟུགས་འཆང་བ། དར་དང་རས་ཀྱི་སྨད་གཡོགས་ཅན། རྒྱན་ཐམས ་ཅད་ཀྱིས་རྣམ་པར་བརྒྱན་པའི་ལུས་སུ་བྱའོ། ། སྒྲོལ་མའི་གཡོན་གྱི་གཞོགས་སུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་སྐུ་མདོག་དཀར་པོ། རལ་པའི་ཅོད་པན་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ ་པར་བརྒྱན་པ། དར་ལའི་སྟོད་གཡོགས་ཅན། དར་ལ་དང་རས་ཀྱི་སྨད་གཡོགས་ཅན། པདྨའི་གདན་ལ་གནས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པའོ།། སྤྱན་རས་གཟིགས ་དབང་ཕྱུག་གི་པདྨའི་འོག་ཏུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པ་འགྲོ་བ་ཞེས་བྱ་བ་པྲི་ཡང་ཀུ་ལྟར་སྔོ་བསངས། ཅུང་ཟད་འཛུམ་པའི་བཞིན་དང་། པདྨའི་གདན་ལ་ཉེ་བར་འདུག་པ། རོལ་པའི་ཅོད་པན ་འཆང་བ། དར་ལ་གཡོ་བ་དང་བཅས་པའི་སྨད་གཡོགས་དང་དར་ལའི་སྟོད་གཡོགས་འཆང་བ། ཤོན་ཏུ་དང་བའི་སྐུ། འོད་ཟེར་འབར་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པའོ།། ་དྲིམིམ་མེད་པ་འགྲོ་བའི་སྟེང་གི་གཡོན་དུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་དབྱུག་པ་དང་། རིལ་བ་སྤྱི་ཐུགས་དང་། བཟང་འཕྲེང་དང་། གཡང་གཞི་ནག་པོ་ཅན་དང་། རབ་ཏུ་དང་བའི་སྐུ། ་འབར་བའི་འགྲེང་བས་འཁྲུགས་པ་བྱའོ།། དེའི་འོག་ཏུ་འདོད་པ་ཕུན་ཚོགས་བྱེད་པ། པདྨའི་གདན་ལ་གནས་པ། སྐུ་དཀར་པོ། པདྨའི་སྡོང་བུས་དཀྲིས་པའི་ལུས་ཅན། ཕྱག་གཡོན་པས་པདྨ་དང ་གཡས་པས་ཡིད་བཞིན་གྱི་ནོར་བུ་ཕྱག་ཏུ་བཀོད་པ། འབར་བའི་འཕྲེང་བས་འཁྲུགས་པ། ཅུང་ཟད་འཛུམ་པའི་བཞིན་རས་ཅན། ཕྱག་ན་རྡོ་རྗེའི་གཡས་ཀྱི་སྣམ་བུ་གཅིག་ལ་རིག་པའི་རྒྱལ་པོ་ཆེན་པོ་ཟོ་བར ་བྱའོ། ། འདི་ལྟ་སྟེ། བཅོམ་ལྡན་འདས་རིག་པ་མཆོག་དང་། ཉལ་བ་དང་། ལེགས་པར་གྲུབ་པར་བྱེད་པ་དང་། རྡོ་རྗེ་སྡེ་དང་། དཔུང་བཟང་དང་། རལ་པ་གྱེན་བརྫེས་དང་། རིག་པ་བཟང་པོ་དང་། ལེགས ་གྲུབ་དང་། སྡེ་བཟང་དང་། སྟོབས་པོ་ཆེ་དང་། རྣམ་པར་འཇོམས་པ་དང་། ཀི་ལཱི་ཀི་ལ་དང་། མཆོག་དང་། ལེགས་འདུལ་དང་། འགྲོ་ལྡིང་བ་དང་། སྔོན་རབས་དང་། རིན་ཆེན་ཀེ་ལཱི་དང་། བྱིས་པའི ་ཀེ་ལཱི་དང་། ལེགས་པར་ཀེ་ལཱི་དང་། ལེགས་པར་གང་བ་དང་། གང་བ་ཆེན་པོ་དང་། ལྷ་མཐར་བྱེད་དང་། རྡོ་རྗེ་ཆེན་པོ་དང་། འབར་བས་ཞེས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྟེ། ་ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། རྨ་བྱ་ལ་ཉེ་བར་འདུག་པ། ཨུཏྤ་བ་ལྟར་སྔོ་བསངས། བཞིན་ཅུང་ཟད་ཁྲོ་གཉེར་དུ་བྱས་པ། ཕྱག་གཡོན་པས་རྡོ་རྗེ་དང་། ཕྱག་གཡས་པས་བཅོམ་ལྡན ་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བར་བྱེད་བཞིན་པའོ། ། འདི་དག་གི་འོག་ཏུ་རིག་པའི་རྒྱལ་མོ་ཆེན་མོ་བྲི་བར་བྱ་སྟེ། འདི་ལྟ་སྟེ། བཅོམ་ལྡན་འདས་མ་མཱ་མ་ཀི་དང་། རྡོ་རྗེ ་ལྕགས་ཀྱུ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་རྒྱལ་མ་དང་། རྡོ་རྗེ་རྣམ་པར་རྒྱལ་མ་དང་། དམར་པོ་ལྡན་མ་དང་། གྲགས་ལྡན་མ་དང་། བི་ཤི་ནི་རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་ཁྲོ་གཉེར་མེ་དང་། རྡོ་རྗེ ་ཁུ་ཚུར་མ་དང་། རྡོ་རྗེ་མི་འཇིགས་མ་དང་། རྡོ་རྗེ་འཕྲེང་བ་མ་དང་། རྡོ་རྗེ་ཐ་རྣན་ས་དང་། རྡོ་རྗེ་དགེ་ལེགས་མ་དང་། རྡོ་རྗེ་འཛིན་མ་དང་། རྡོ་རྗེ་མ་མོ་དང་། རྡོ་རྗེ་གཞན་གྱིས་མེ་ཐུབ་མ་དང་། རྡོ་རྗེ་གནམ་ལྕགས་མ་དང་། ་དུས་ཀྱི་རྡོ་རྗེ་མ་དང་། རྡོ་རྗེ་གཙུག་ཕུད་མ་དང་། རྡོ་རྗེ་བཀའ་བསྒོ་ཆེན་པོ་མ་དང་། རྡོ་རྗེ་འོད་དང་། རྒྱལ་བ་ལྡན་མ་དང་། རྡོ་རྗེ་གཟུགས་ལྡན་མ་དང་། རྡོ་རྗེ་སྤྱན་མ་ཞེས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས ་རྡོ་རྗེ་རིགས་ཀྱི་རིག་པའི་རྒྱལ་མོ་ཆེན་མོ་སྟེ། རྨ་བྱ་ལ་ཉེ་བར་འདུག་པ། ཨུཏྤ་ལ་ལྟར་སྔོ་བསངས། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། ཅུང་ཟད་བཞིན་ཁྲོ་གཉེར་དང་ལྡན་པར་བྱས་པ ་དང་དར་དང་རས་ཀྱི་ཤ་མ་ཐབས་དང་། དར་ལའི་སྟོད་གཡོགས་མནབས་པ། གཡོན་པས་རྡོ་རྗེ་དང་། གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ལྷས་བསྟོད་པའི ་གཟུགས་འཆང་བའོ། ། དེ་རྣམས་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པ། རང་གི་གཟུགས་དང་། ཆ་བྱད་དང་། དབྱིབས་བཞིན་དུ་བྲི་བར་བྱའོ།། བཅོམ་ལྡན་འདས་ཀྱི་གཡས ་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། རལ་པའི་ཅོད་པན་འཆང་བ། འོད་དཔག་མེད་དབུ་ལ་བཞུགས་པ། དར་ལའི་སྟོད་གཡོགས་ཅན། དར་ལ ་དང་རས་ཀྱི་ཤམ་ཐབས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡོན་པས་པདྨའི་ཕྱག། ཕྱག་གཡས་པས་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱེད་པ། པདྨའི་གདན་ལ་སེམས ་དཔའ་ཆེན་པོའི་མཚན་གྱིས་བརྒྱན་པར་བྱས་པའི་ལུས་ཅན། ཅུང་ཟད་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བའོ།། བཅོམ་ལྡན་འདས་ཀྱི་གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་སྔོན་པོའི ་འདབ་མའི་ཁ་དོག་ཅན། པདྨའི་གདན་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རབ་ཏུ་དང་བའི་སྐུ། དར་དང་རས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དམར་པོ་མནབས་པ། ཕྱག་གཡས ་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ཕྱག་གཡོན་པས་རྔ་ཡབ་ཀྱིས་བྲེལ་བ། འབར་བས་འཁྲུགས་པའི་ཕྱག། ཅུང་ཟད་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར ་གྱུར་པའོ། ། སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་ཆེན་མོ་བྲི་ཡང་ཀུ་ལྟར་སྔོ་བསངས་མ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། རབ་ཏུ་དང་བའི་སྐུ། པདྨའི ་གདན་ལ་གནས་པ། ཅུང་ཟད་འཛུམ་པའི་བཞིན། དར་དང་རས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དམར་པོ་མནབས་པ། ཕྱག་གཡོན་པས་ཨུཏྤ་ལ་ཡོངས་སུ་བཟུང་ནས། གཡས་པས་བཅོམ ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ལུས་ཅུང་ཟད་འདུད་པ། ལང་ཚོ་དང་པོ་ཅན། ཧ་ཅང་མི་སྒོམ། ཧ་ཅང་མི་ཟ་བའི་བཅོམ་ལྡན་འདས་མ་སྒྲོལ་མ་བྲི་བར ་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་འཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་པོ་ཆེན་པོ་བཅོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་ཕྱག་མཐའ་ཡས་པ་དང་། ་ཕྱག་སྟོང་པ་དང་། ཕྱག་བརྒྱ་པ་དང་། ཕྱག་བཅུ་གཉིས་པ་དང་། ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཞབས་སྟོང་པ་དང་། ཞལ་བརྒྱད་པ་དང་། ཞལ་བཅུ་གཉིས་པ་དང་། ཞལ་དྲུག ་པ་དང་། ཞལ་བཞི་པ་དང་། རྟ་མགྲིན་དང་། དོན་ཡོད་ཞགས་པ་དང་། འོད་ཟེར་སྟོང་གིས་རྣམ་པར་སྣང་བ་དང་། མགྲིན་པ་དཀར་པོས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ་མཐའ་ཡས་རྣམ་རྒྱལ་དང་། རྣམ་རྒྱལ་ཆེན་པོ་དང་། ལྷའི་མཐའ་དང་། མཐའ་དཔག་ཏུ་མེད་པ་དང་། ཡིད་ཀྱི་ཤིང་རྟ་དང་། མི་འཇིགས་པ་སྦྱིན་པ་ཞེས་པ་རིག་པའི་རྒྱལ་པོ་ཆེན་པོ་འདི་རྣམ ་པདྨའི་རིགས་ཀྱི་གཙོ་བོ། ། སྲིད་པར་འཇུག་པ། ཉེ་བར་སྤྱོད་པར་བྱེད་པ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། པདྨའི་ལུས་ཀྱིས་ཉེ་བར་བསྐོར་བའི་ལུས། ཕྱག་ན་པདྨ་དང་། གཡས་པས ་མཆོག་སྦྱིན་པ། ཅུང་ཟད་སྒྲོལ་མ་ལ་ལྟ་བར་གྱུར་པའོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཉེ་ལོགས་སུ་གོས་དཀར་མོ་པདྨའི་གདན་ལ་ཉེ་བར་འདུག་པ། རབ་ཏུ་དང་བའི་སྐུ། རལ་པའི་ཅོད ་པན་འཆང་བ། དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པ། ཕྱག་ན་པདྨ་རབ་ཏུ་རྒྱས་པ་དང་། གཡས་པས་བགྲང་འཕྲེང་བསྣམས་པའོ།། དེའི་ཡང་གཡས་སུ་འཕྲེང་གཅིག་ལ་བརྟེན ་པབཔའི་པདྨའི་རིགས་ཀྱི་ལས་ཀྱི་གཙོ་མོ་བཅུ་བཞི་བྲི་བར་བྱ་བ་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་མཁྲོ་གཉེར་ཅན་དང་། དཀར་མོ་དང་། དཀར་མོ་ཆེན་མོ་དང་། དཔལ་བདུན་མ་དང་། པདྨ་གཽ་རི་དང་། ཐགྶ ་ལྡན་མ་དང་། སངས་རྒྱས་དཔའ་བའི་ཟླ་བ་མ་དང་། ལོངས་སྤྱོད་ལྡན་མ་དང་། བདེ་བ་ལྡན་མ་དང་། གྲགས་པ་ལྡན་མ་དང་། ཤེས་རབ་གོས་ཅན་མ་དང་། སྟོབས་གཅིག་མ་དང་། སྟོབས་མང་པོ་དང་། ་སྟོབས་བཅུ་མ་དང་། སངས་རྒྱས་ཀྱི་ཡུམ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡུམ་ཞེས་པ་འདི་རྣམས་རིག་པའི་རྒྱལ་མོ་ཆེན་མོ་སྟེ། ཀུན་ནས་འབར་བའི་འཕྲེང་བས་འཁྲུགས་པ། པདྨའི་གདན་ལ་གནས་པ ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལྷའི་བུད་མེད་ཀྱི་ཆ་བྱད་འཆང་བ། རབ་ཏུ་དང་བའི་སྐུ། ཅུང་ཟད་སྒྲོལ་མའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ།། པདྨ་བསྣམས་ཤིང་གཡས་པས་མཆོག་སྦྱིན ་པརང་གི་གཟུགས་སུ་བྲི་བར་བྱའོ། ། སྒྲོལ་མའི་འོག་ཏུ་ཅི་བགྱི་ཞེས་བྱ་བ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཁྲོ་བོ་ཆེན་པོ་ཞལ་བཞི་པ། ཕྱག་བཞི་པ། པདྨའི་གདན་ལ་གནས་པ། ལུས་བརྟན ་པ་ནག་པོ་མཐར་བྱེད་པའི་གཟུགས་ཅན། ཁྲོ་གཉེར་དུ་བྱས་པ། མཆེད་གཙིགས་པ། ཞལ་གཅིག་གིས་དྲག་ཏུ་བཞད་པས་གདངས་བཞིན་པ། གཉིས་པ་དེ་བཞིན་གཤེགས་པ་ལ་ལྟ་བཞིན་པ ་དང་པོས་སྒྲོལ་མ་ལ་ལྟ་བའོ། ། ཕྱག་དང་པོས་རིན་པོ་ཆེ་མཐོང་བའབྱིན་པར་བྱེད་བཞིན་པ། གཡོན་དང་པོས་ཞགས་པ་བསྣམས་པ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ ་མའི་བཀའ་ནོད་པར་བྱེད་བཞིན་པའོ། ། དེའི་ཡང་གཡས་སུ་ཁྲོ་བོ་ཆེན་པོ་སྒྲོལ་མས་ནོན་པ་ཞེས་བྱ་བ་ལྷ་ཆེན་པོ་ལ་ཉེ་བར་འདུག་པ། པདྨའི་ཆུ་བས་དཀྲིས་པའི་ལུས་ཅན། ཨུཏྤ་ལ་ལྟར་སྔོ་བསངས ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པ་བྲི་བར་བྱའོ། ། འཇུག་པ་དང་དབང་བསྐུར་བའི་ཆོ་ག་ཐམས་ཅད་སྔར་བརྗོད་པ་ཁོ་ནའོ།། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མའི་དཀྱིལ ་འཁོར་ཆེན་པོའི་ཆོ་གའོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་རལ་པ་གྱེ་ན་བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོར་རང་གི་སྙིང་པོ་སྦྱིན་པར་བགྱིའོ། ། གང་གིས་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ།། འཇིགས་པ་དང་། ་ཉེབར་འཚེ་བ་དང་། ནད་འགྲོ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ།། ཁྱོད་ཀྱིས་སྤྲོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོས་རང་གི་སྙིང་པོའི་དཀྱིལ་འཁོར་འདི་གསུངས ་སོ། ། དེ་ནས་འདི་ལས་དཀྱིལ་འཁོར་ཆེ།། དམ་པ་ཡང་དག་རབ་འཆད་བྱེད།། དཀྱིལ་འཁོར་ཆེན་པོའི་རྣམ་པ་རུ།། ཕྱི་ཡི་དཀྱིལ་འཁོར་ཀུན་ཏུ་བྲི།། དེ་ཡི་དབུས་སུ་སྲད་བུ་མཉམ།། གྲུ་བཞི་ཡོངས ་སུ་བསྐོར་བར་བྱ། ། གཉིས་པར་འཇོམས་པ་པོ་སོང་སྟེ།། དཀྱིལ་འཁོར་དམ་པ་བྲི་བར་བྱ།། དཀྱིལ་འཁོར་བརྒྱད་ཀྱི་ཚུལ་གྱི་ནི།། རི་མོ་བཞི་པོ་རྣམས་ཀྱང་ངོ་།། པདྨ་འདབ་བརྒྱད་བྲི་བར་བྱ།། པདྨ ་ཡི་གེ་ཟེའུ་འབྲུ་ལ། ། འཇིག་རྟེན་མགོན་པོ་དགོད་པར་བྱ།། པདྨའི་འདབ་མའི་འཕྲེང་རྣམས་སུ།། སངས་རྒྱས་གཟུགས་བརྙན་ཀུན་ཏུ་བྲི།། དེ་རུ་སློབ་དཔོན་ར་བ་བཞུགས་ནས།། པདྨ་ཆེན་པོའི་ཕྱག་རྒྱ ་མཆོག། དཀྱིལ་འཁོར་གནས་ལ་ཉེར་འདུག་པས།། མཉམ་པར་བཞགས་པས་མཉམ་པར་དགོད།། ཇི་ལྟར་ཆུ་ལ་པདྨ་གང་།། གནས་ཀྱི་ཉེས་པ་མང་པོས་ཀྱང་།། གོས་པར་མི་འགྱུར་དེ་བཞིན་འདིར།། ། ་འགྲོ་ལ་ཆགས་པས་དག་པར་བྱེད།། ལན་ཅིག་འདི་གསུངས་དཔེར་བརྗོད་ནས།། དེ་ནས་ལྕགས་ཀྱུ་མཆོག་དག་གིས།། ཡང་དག་བཀུག་ནས་པདྨ་ཆེ།། སྤྱན་རས་གཟིགས་དབང་གྲོལ་བར་འགྱུར།། ་དེལ་འདི་ནི་པདྨའི་ལྗགས་ཀྱུ་ཆེན་པོའོ།། ཨོཾ་མ་ཧཱ་པདྨོ་བྷྲྀ་ཛ་ཧྲཱིཿ། དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འོངས་ནས་སློབ་དཔོན་ལ་མཐོང་བ་སྦྱིན་པར་བྱེད་དོ།། ཡང་ན་འོད ་ཟེར་གཏོང་བར་བྱེད་དོ། ། དེ་ནས་འདི་ཉིད་ཀྱི་ཕྱག་རྒྱས་སློབ་མ་རབ་ཏུ་གཞུགས་པར་བྱ་སྟེ། དར་དཀར་པོས་གོས་དཀར་པོ་དང་། གཙུག་ཏོར་དཀར་པོས་མགོ་བོ་དཀྲིས་པར་བྱའོ།། འདི་ཉིད་འཇ ་རྟེན་དུ་རབ་ཏུ་བརྗོད་ནས་དེ་ནས་སྨྲོས་ཤིག་ཅེས་སོ། ། དེ་ནས་པདྨ་ལག་པ་གཡོན་དུ་བྱིན་ནས་གཡས་པས་ཆུ་སྣོད་བྱིན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ།། སངས་རྒྱས ་ཐམས་ཅད་པདྨ་ཆེ། ། པདྨའི་དཀྱིལ་འཁོར་དམ་པ་འདི།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། དེ་ཉིད་ལྷན་ཅིག་བརྟག་པར་བྱ།། ཞེས་སོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་དང་ཏིང་ངེ་འཛིན ་ཡང་བསླབ་པར་བྱའོ། ། དེ་བཞིན་གཤེགས་པའི་པདྨ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ།། དེ་ནས་པདྨའི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་ཉིད་དུ་དཀྱིལ་འཁོར་བྲིས་ནས་དབུས་ཀྱི་ཟེའུ་འབྲུ་ལ་ཉེ ་བར་འདུག་སྟེ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་པདྨའི་འདབ་མ་རྒྱས་པ་དེ་ལ་ཀུན་ཏུ་གཟིགས་པར་བྱེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད ་ཐོབ་པར་བྱེད་དོ། ། ཞེས་པདྨའི་དཀྱིལ་འཁོར་རོ།། དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་ཁོ་ནར་དཀྱིལ་འཁོར་བརྟག་པར་བྱས་ནས་དབུས་སུ་པདྨ་སྟོང་དགོད་དུ་གཞུག་གོ། དེ་ནས་པདྨ་སྟོང ་བོ་དེ་བཅོམ་ལྡན་འདས་ལ་དབུལ་བར་བྱ་སྟེ། ལན་རེ་ལན་རེ་ཡོངས་སུ་བཟླས་ནས་སོ།། དེ་ནས་སློབ་མ་རབ་ཏུ་བཅུག་ནས་དམ་ཚིག་བརྗོད་པར་བྱའོ།། བུ་དང་སློབ་མའི་ཆེད་དུ་ཡང་།། དམ་ཚིག་ཉམས ་པར་མི་བྱ་སྟེ། ། དམ་ཚིག་བདག་ལ་བརྗོད་པར་བྱ།། གང་ཕྱིར་པདྨའི་རྣམ་པ་ལས།། འདོད་པའི་འདོད་ཆགས་ཐམས་ཅད་དག། དམ་ཚིག་གི་ནི་དཀྱིལ་འཁོར་རོ།། ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ། ་མཆོད་པ་རྣམ་པ་བཞི་ཡིས་ནི།། སངས་རྒྱས་ཐམས་ཅད་ཡིད་ཀྱིས་མཆོད།། ལུས་ཀྱིས་སྤྱན་རས་གཟིགས་མགོན་ལ།། ངག་གིས་ཕྱག་ན་རྡོ་རྗེ་ལ།། ལས་ལས་ནམ་མཁའི་སྙིང་པོར་སྐྱེས།། ཇི ་ལྟར་སྒྲུབ་ཐབས་ཆོ་གར་འགྱུར། ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རི་རབ་ལྷུན་པོའི་རིའི་རྩེ་མོར་འཁོད་པ། རང་གི་ཏིང་ངེ་འཛིན་གྱིས་ཀུན་ཏུ་གནས་པའི་སྐུ་ཐམས་ཅད་ནས ་དེ་བཞིན་གཤེགས་པའི་སྐུ་བརྒྱད་དོ་ཞེས་སོ། ། དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། རྟག་ཏུ་ཐམས་ཅད་དག་པའི་ཏིང་ངེ་འཛིན་གྱིས་རྒྱུན་དུ་བཟླས་པས། ཇི་སྲིད་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་བཞིནི་ཤེགས་པའི་སྐུ་རྣམས་འཕྲོས་ནས་སྒྲུབ་པ་པོའི་པདྨའི་དབུས་སུ་འཁོད་དེ། སླར་ཡང་དེ་ནས་སངས་རྒྱས་ཀྱི་སྐུ་གཞན ་འབྱུང་སྟེ། སྒྲུབ་པ་པོ་ལ་མངོན་པར་དབང་བསྐུར་བ་གནས་ཤིང་བརྟན་པར་འགྱུར་རོ།། དེ་ནས་བདག་གི་དངོས་པོ་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་དང་མཚུངས་པ། སྐད་ཅིག་དེ་ལ་བདེ་བ་དང་ལྡན ་པ་དང་ཇི་སྲིད་དུ་འཕུར་བར་བྱེད་དོ། ། སེམས་ཅན་ཐམས་ཅད་དབང་དུ་འགྱུར་ཞིང་ཚེ་དཔག་ཏུ་མེད་པར་འགྱུར་རོ་ཞེས་སོ།། དེ་ནས་སྒྲུབ་པ་གཞན་དང་ལས་ཆེན་པོ་ཐམས་ཅད་འབྱུང་སྟེ། འབུམ་བཟླས་པས ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། འབུམ་ཕྲག་གཉིས་བཟླས་པས་མཚམས་མེད་པ་ལ་སོགས་པའི་སྡིགས་པ་ཐམས་ཅད་ལྷག་མ་མེད་པར་ཟད་པར་འགྱུར་རོ།། འབུམ་ཕྲག་གསུམ ་བཟླས་པས་བསོད་ནམས་ཐམས་ཅད་མངོན་དུ་འགྱུར་རོ། ། དེ་ནས་གནོད་སྦྱིན་གྱི་དངོས་གྲུབ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི ་འབུམ་ཕྲག་སུམ་ཅུ་རྩ་ལྔ་བཟླས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མངོན་དུ་འགྱུར་རོ། ། དེ་ནས་ཕྱག་རྒྱ་ཆེན་པོ་ནི་མཆོད་རྟེན་སྟོང་ཕྲག་བརྒྱ་བྱས་ནས་མཐར་ཚོ་གས་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ།། ་དེ་ནས་ཐོ་རངས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་སྙིང་ཁར་རབ་ཏུ་འཇུག་པར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སོ་སོར་རྙེད་དོ།། དེ་ནས་ཞལ་དུ་རབ་ཏུ་འཇུག་པར་བྱེད་དོ།། དེ་ནས་སྤྱན་རས་གཟིགས ་དབང་ཕྱུག་སོ་སོར་རྙེད་དོ། ། མ་བསྒྲུབས་པར་ཡང་ལས་ཐམས་ཅད་དུ་འགྱུར་རོ།། ཐོག་མར་བརྗོད་པས་གཞན་གྱི་གྲོང་དང་གྲོང་ཁྱེར་སྲུང་བ་དང་། མཛེས་པར་སྤྱད་པས་ཐམས་ཅད་བྱའོ།། འབེབས་པ་ལ་ཙན་དན་གྱི ་བདུག་པས་གདོན་འབེབས་སོ། ། ཤ་རོ་ཥའི་མེ་ཏོག་གིས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། དྲི་འཟང་པོའི་མེ་ཏོག་གིས་སེམས་ཅན་ཐམས་ཅད་རེངས་པར་བྱེད་དོ།། ས་དཀར་པོས་བུད་མེད་དོ།། དྲི་ཞིམ ་ཐའི་མེ་ཏོག་གིས་ཆོམ་རྐུན་རངས་པའོ། ། ཡུངས་ཀར་དཀར་པོའི་སྦྱིན་སྲེག་གཱི་རི་དགས་དང་བྱ་རེངས་སོ།། ཡུངས་ཀར་དཀར་པོ་གཏོར་བས་མིག་འཕྲུལ་སྟོན་པར་བྱེད་དོ།། རྨ་བྱའི་ནུམས་རྨི་ལམ་སྟོན་པར་བྱེད་དོ།། ་དུས་གསུམ་དུ་བཟླས་པས་ཚལ་མ་ངན་པ་འཇོམས་པར་བྱེད་དོ།། ཏོལ་གྱི་སྦྱིན་སྲེག་གིས་སེམས་ཅན་ཐམས་ཅད་རེངས་པར་བྱེད་དོ།། ཕྱགག་གི་གཤེག་པའི་སྦྱིན་སྲེག་གིས་རྒྱལ་པོ་དབང་དུ་བྱེད་དོ།། རྒྱལ་པ་ཀྱི། ་པའི་མེ་ཏོག་གི་སྦྱིན་སྲེག་གིས་འདོད་པ་ཐམས་ཅད་དབང་དུ་བྱེད་དོ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས་མཚན་མོ་བརྒྱད་སྨྱུང་བར་གནས་པས་གསུམ་བཟླས ་པབྱའོ། ། དེ་ནས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ།། རྒྱལ་པོའི་བཙུན་མོའི་མཆོག་དབང་དུ་བྱེད་པ་ལ་བུད་མེད་ཀྱི་དབང་པོའི་སྤུའི་སྐྱོན་སྲེག་གིས་སོ།། བུ་མོ་དབང་དུ་བྱེད་པ་ལའང་ངོ་།། དོན་གཞན ་ལའང་སྦྱིན་སྲེག་དང་བཅས་པས་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཉི་མ་རེ་རེར་དུས་གསུམ་དུ་བཟླས་པ་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་གྱིས་ཇི་ལྟར་མངོན་པར་འདོད་པ་སྩོལ ་བར་མཛད་དོ། ། སངས་རྒྱས་ཀྱི་སྤྱན་སྔར་དུས་གསུམ་དུ་བཟླས་པས་ཟླ་བ་དྲུག་གིས་དེ་བཞིན་གཤེགས་པའི་མཆོག་སྩོལ་བར་མཛད་དོ།། རལ་འགྱེན་བརྫེས་ཀྱི་རྒྱུད་ཕྱི་མར་ལས་ཆེན་པོ་ཐམས་ཅད་ཀྱི་སྒྱུ ་འཕྲུལ་ལོ། ། ། དེ་ནས་སེམས་དཔའ་ཆེན་པོ་དེ་ཏིང་ངེ་འཛིན་དེ་ཉིད་སྒོམ་བཞིན་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་མཉམ་པར་འཛིན་པའི་གསང་བའི་དཀྱིལ་འཁོར་གསུངས་སོ།། ཁྲུ་ལྔ་པ ་དང་སྒོ་བཞི་དང་། ། སྒྲོ་ཁྱུང་རྟ་བབས་ངེས་གནས་པ།། ཕྱི་རོལ་པདྨའི་རྣམ་པར་བྱ།། དེ་ལྟར་ཀུན་ནས་གྲཝ་རྣམས་སུ་དང་།། དེ་ནི་ལེགས་པར་བསམས་བྱས་ནས།། རང་གི་དཀྱིལ་འཁོར་བྲི་བར་བྱ།། ་སྔར་བརྗོད་སྙིང་པོ་འདི་ཡིས་ནོ།། ཟློས་བཞིན་འདི་ནི་སྲུང་བ་དང་།། དཀར་པོ་དམར་པོ་སེར་པོ་དང་།། ནག་པོ་ལྗང་ཁུ་ཚོན་སྣ་ལྔའི།། ཕྲ་མ་འཇམ་པོ་རྣམས་ཀྱིས་ནི།། སྒྲོལ་མའི་རིག་པས་མངོན ་བསྔགས་པས། ། བསྒྲུབ་བྱ་བཅོམ་ལྡན་འདས་ནི་བྱ།། ཁྲོ་བོའི་རྒྱལ་པོ་མདུན་དུ་སྐྱེ།། གཡོན་དུ་རལ་པ་གཅིག་མ་བྱ།། གཡས་སུ་འདམ་སྐྱེས་ཕྱི་རོལ་གྱི།། སྒོ་ཁྱུད་སྙིང་པོར་ཅི་རིགས ་བྲིགྲི། ། མཁས་པས་སྒྲོལ་མ་བཟླས་པ་བྱ།། གཞན་དུ་ཡང་ནི་གང་འདོད་པ།། རྡོ་རྗེ་གདན་ལ་གཡས་སུ་ནི།། རྡོ་རྗེ་ཁུ་ཚུར་དེ་བཞིན་དུ།། བར་དུ་རྡོ་རྗེའི་གདན་ལ་དང་།། གཡས་སུ་མེ་ཏོག་གདོན་གྲུབ་པ།། ཡོངས ་སུ་འདོད་པས་རྡོར་རིགས་བྱ། ། དྲི་ཡི་ཕྱེ་མས་ཡོངས་སུ་བྱང་།། རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ།། གང་དུ་འཇིག་རྟེན་གསུམ་ཆོ་ག། རྡོ་རྗེ་འཆང་ཆེན་འདོད་པ་ཡིས།། འདས་པས་རྣམ་པར་ཐིམ་པར་འགྱུར།། ཁུ ་། ཚུར་རྡོ་རྗེ་ཁུ་ཚུར་བཅས།། དེ་ནི་གཡས་ཀྱི་སྒོ་ཁང་དུ།། སྟོབས་པོ་ཆེ་ནི་རབ་བཞག་ནས།། ཉ་ཡི་མགྲིན་པར་སྟོབས་པོ་ཆེ།། ནུབ་ཕྱོགས་སུ་ནི་བྱ་བའོ།། གཡས་ཀྱི་ཕྱི་ཡི་སྒོ་ཁང་དུ།། དེ་བཞིན་དབང་ཕྱུག་ཆེན ་པོ་བྱ། ། དེ་ལ་མདུང་གི་ཕྱག་རྒྱ་དགོད།། ཅི་དྲའི་ཨུ་མ་བྲི་བར་བྱ།། ལྷོ་ཡོ་གྲཱ་གཉིས་སུ་བྱ་བ།། ཕྱ་རྒྱ་རྣམ་པ་སྣ་ཚོགས་པའོ།། ནུབ་དང་བྱང་གི་གྲཝ་རྣམས་སུ།། ལོག་འདྲེན་ཕྱག་རྒྱ་རྡོ་རྗེའོ།། བྱང་གི་གྲཝ་གཉིས ་རྣམས་སུ་ནི། ། མཁས་པས་རིགས་ཀྱི་སྤྱན་པ་བྱ།། ཤར་གྱིགྲཝ་གཉིས་རྣམས་སུ་ནི།། མ་མོ་ཚོགས་ཀྱི་ཕྱག་རྒྱ་དགོད།། བྷྲྀ་གི་ར~ཾ་ཊི་ལོག་འདྲེན་བཅས།། དེ་ནས་ཇི་ལྟར་འབྱོར་པ་ཡིས།། རོགས་ཇི་བཞིན་ལྷ་རྣམ ་མཆོད། ། ཁྲོ་བོ་སྟོབས་ཆེན་སྒྲོལ་མས་ནོན།། བཟླས་པས་བདག་ཉིད་བསྲུང་བར་བྱ།། ཀ་ར་ཝཱི་ར་ཏ་ལ་ནི།། བླངས་ནས་རང་གནས་སྨྱུང་གནས་པས།། མཁས་པས་བྱང་གི་སྒོ་ཁང་དུ།། གཙང་མ་གང་དུ་རབ ་འཇུག་བྱ། ། བློ་དང་ལྡན་པས་སྤྱན་དྲང་བྱ།། ཁྲོ་བོའི་རྒྱལ་པོས་ཐམས་ཅད་ནས།། ཇི་ལྟར་རིག་པའི་ཆོ་ག་ཡིས།། ཚར་གཅད་རྗེས་སུ་འཛིན་པའི་མཆོག། གདོན་དང་ལུས་ཀྱི་ལས་རྣམས་ནི།། དེ་ཉིད་དུ་ནི་ངེས ་པར་བྱ། ། ཚར་གཅད་དམ་ཚིག་བདེ་བ་འདྲི།། གདོན་འཕོ་བྱེད་དང་པད་བྱེད་དང་།། གང་ཞིག་ལ་ལ་གསོད་པ་དང་།། དེ་བཞིན་སྒྲིབ་པ་སྦྱང་བ་དང་།། སེམས་ཅན་རྣམས་ནི་ཐམས་ཅད་ཉིད།། སྒྲུབ་ཐབས་བྱ ་དངའཁྲུལ་འཁོར་ནོ། ། ཅི་འདྲ་བ་ཡིས་བྱ་བ་དང་།། མཁས་པས་ལས་ནི་སྟོང་དག་དང་།། གདོན་རྣམས་བོད་པར་བྱེད་པ་དང་།། རང་གི་རིགས་དང་གཞན་རིགས་ཀྱི།། ཕྱག་རྒྱ་ཉེ་བར་མཚོན་པར་བྱ།། འདི་ད ་ཀྱིལ་འཁོར་ཐམས་ཅད་ནས། ། འབྱུང་པོའི་ཚོགས་ལ་སོགས་པ་ཀུན།། དེ་ནས་གཏོར་མ་བདུག་པ་སོགས།། རྒྱས་པས་མངོན་པར་མཆོད་པར་གྱིས།། དེ་ཡིས་གདོན་མཐོང་དེ་མཆོད་བྱ།། ཕྱིས་ཀྱི་དབང་ལ ་དུལ་འཐོག། སྐྱེ་བོས་བཏུང་བསྙེན་སྲེག་ལ།། སོགས་པས་རྣམ་པར་གཞོམ་པར་ན།། ཤི་ཥི་ལྡན་ཅན་གྲངས་ནས།། གདོན་ཐོབ་པ་ནི་འཕོ་བར་བྱ།། སྔོན་པོ་རྣམས་ཀྱིས་ཕྱིན་པའི་མཆུ།། མཐོང་བདེ ་མཚོན་རྣམས་དང་། ། ཤ་ཟ་རྣམས་ལ་རི་བོང་ཅན།། མིག་མི་འཛུམ་པར་འཛག་པ་ཡི།། འཇིགས་པ་མཐོང་ན་སྣ་ཚོགས་པ།། ཀུན་ཏུ་རྣམ་པར་ལྟ་བར་བྱེད།། སྐེམ་བྱེད་གདོན་གྱི་རྣམ་འགྱུར་གང་།། ནུས་དང ་དཔུང་པ་བརྟེན་པ་ཡི། ། དམ་བོ་རྣམས་ནི་ཐམས་ཅད་དུ།། ལྷ་དང་མཚོན་མའི་བྱ་བ་ནི།། པདྨ་བྱེད་དང་ལལ་པ་དང་།། བྱུག་སུའམང་ཁྲིང་འཇིགས་པའི་གནས།། རིལ་པ་གྱི་ཐུགས་མི་ཐུ་བ་ཉིད།། ཕྱག་རྒྱ་ཟམ ་@བེ་ཅན་ཞེས་བཤད། ། རྩེ་གསུམ་ཀུན་དང་ཐ་ཕྱེད་དང་།། རལ་པ་མིག་ལ་སོགས་པ་དང་།། ཁྲུ་མཆོག་སྒྲ་དང་དྲག་པོ་དང་།། དབང་ལྡན་རྣམས་ཏེ་བདུན་དུ་གྲགས།། ཤཀྟི་གདེངས ་ཀ་བ་དན་དང་། ། ཁྱིམ་བྱ་དེ་བཞིན་རྨ་བྱའི་མཇུག། ཕྱག་རྒྱ་གཞོན་ནུ་མ་ཅན་བཤད།། འཁོར་ལོ་དུང་དང་བེ་ཅོན་ཉིད།། རལ་གྲི་ཕུབ་ཉིད་ནམ་མཁའ་ལྡིང་།། མགོ་ཉིད་ཕྱག་རྒྱ་ཁྱབ་འཇུག་བཤད།། ཆེ་བ ་སྤྲིན་ནི་ལྷ་ཆེན་པོའི། ། བུམ་པ་ཏུན་ཤིང་དེ་བཞིན་དུ།། ངང་པའང་གཡོན་གཞོགས་ཕྱག་རྒྱ་སྟེ།། ཕྱག་རྒྱ་ཝ་ཧི་རི་དཀར་བཤད།། ནམ་གྲུ་རྣམས་དང་གཏོར་བན་དང་།། རྒན་པོ་གཏུམ་པོ་མཐོང་བ་ནི།། ་ནམ་གྲུ་དཀར་པོ་རྣམས་ཀྱི་རྒྱ།། རང་གི་གཟུགས་ཉིད་མཐོང་བ་ནི།། མདངས་འཕྲོག་རྣམས་ཀྱིའོ་ལྷུང་བཟེད་དམ།། གདེག་པར་བྱེད་པ་གྲོལ་བའོ།། དེ་ནས་མཆོག་ཏུ་གསང་བའི་དཀྱིལ་འཁོར་འབྱུང ་སྟེ། བྱེད་པ་ཐམས་ཅད་དགེ་བ་ལ། ཤིང་གཅིག་གམ། དུར་ཁྲོད་དམ། ཁང་སྟོང་གཙང་མ་ཚ་སྒོ་མེད་པའི་ས་གཞི་མཐོང་ནས་སྒྲུབ་པ་པོ་ཁྲོས་པས་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉ ་བར་བྱུགས་ཏེ་རེ་ཁ་གསུམ་དེར་བྱའོ། ། ཀུན་ནས་ཁྲུ་བཞི་པ་ལ་དང་པོར་ཐལ་བའི་རེ་ཁའོ།། གཉིས་པ་རིའི་བཙག་གིའོ།། གསུམ་པ་སོལ་བའི་ཕྱེ་མས་རབ་ཏུ་འབད་པས་བྲི་བར་བྱའོ།། བྱུང་ངམ་ནུབ་ཏུའང ་སྒོ་གཅོག་བྱེད་དུ་གཞུག་གོ། ། སྒོའི་དབུས་སུའང་ལྷ་ཆེན་པོ་ལག་ན་མདུང་ཐོགས་པ་བྱའོ།། སྣམ་བུའི་ནང་དུ་སངས་རྒྱས་བདེན་པར་རྨད་དུ་བྱུང་བའི་བདག་ཉིད་ཅན་བྱའོ།། སངས་རྒྱས་ཀྱི་གཡས་ཀྱི་གཞོ། ་སུ་སྒྲོལ་མས་ནོན་པ་རྣམ་པར་དགོད་པར་བྱའོ།། གཡོན་དུ་དཔའ་མོ་ཆེན་མོ་སྟོབས་མོ་ཚེ་མ་རལ་པ་གཅིག་མ་བཞག་ནས།། བདེ་བར་གཤེགས་པའི་སྐུ་རྒྱབ་ཏུ་དགོད་པར་བྱ་བ་ནི། ཀླུའི་རྒྱལ་པོ་མཐའ་ཡས ་དང་ནོར་རྒྱས་ཀྱི་བུ་དང་། དེ་བཞིན་དུ་འཇོག་པོ་དང་། དཔའ་བོ་ཆེན་པོ་སྟོབས་ཀྱི་རྒྱུའང་དགོད་པར་བྱའོ།། དེ་བཞིན་དུ་པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་སྟོབས་པོ་ཆེའི་ནང་དུ་མངོན ་པར་བརྗོད་པའོ། ། ལྷ་དེ་རྣམས་ནི་འཁོར་དང་བཅས་པ་སྣམ་བུ་གང་བར་དགོད་པར་བྱའོ།། འདི་ཐམས་ཅད་ནས་མ་མོའི་ཚོགས་རྣམ་པར་མེད་པར་བྱ་སྟེ། དཔལ་ལྡན་མ་ནོ་སྣམ་བུར་རོ།། སྒོ་རུ་སྤྲེའུ་དང་། ་རཱ་དང་། བུམ་སྣམ་ཡང་སྒོའི་སྦྱིན་པ་རཱ་བ་ཡི་ཡང་ངོ་།། ནག་པོའི་བརྒྱད་པ་ལ་ལྷ་རྣམས་ལྟོ་ཕྱེ་ཆེན་པོ་ལས་མ་འདས་པ་ཡང་དག་པར་མཆོད་དེ་སྟོང་ཕྲག་བཟླས་པར་བྱའོ།། ཤེས་རབ་ཅན་སྔགས་ཀྱི་རྒྱལ ་པོ་གྲུབ་པར་འགྱུར་རོ། ། རིམས་དང་གདོན་ཐམས་ཅད་ལས་འབྱིན་པ་དང་། རྩོད་པའང་རྣམ་པར་འཇོམས་པར་བྱེད་དོ།། རང་གི་གནས་སུ་འཇུག་གོ།། དེ་ནས་གསང་སྔགས་འདི་རང་རྟག་ཏུ་བཟླས ་པའི་གུ་གུལ་གྱི་ཆུའམ། ཀུ་ཤས་གཞན་གྱིས་མི་ཐུབ་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་པར་མཛེས་པ་ཅན་ཉིད་སྤྱད་པ་ཇི་ལྟར་འདོད་པ་བཞིན་རབ་ཏུ་བྱས་པས་གྲུབ་སྟེ། ཐམས ་ཅད་འཇོམས་པ་སྒྲོལ་མས་ནོན་པ་གང་ཡིན་པ་དེ་ནི་གསང་བའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་རོ། ། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། བདག་གོས་མངོན་པར་ཤེས ་ཏེ། དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་མངོན་སུམ་དུ་ཐོས་པ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཧ་ལ་ཧ་ལ་ཞེས་བྱ་བའི་སྙིང་པོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་སེམས ་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། སྒྲོལ་མའི་མཐུ་བསྟན་པའི་ཕྱིར་དང་། ཐབས་ལ་མཁས་པའི་སྙིང་རྗེ་བདག་གིས་བཤད་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་སྨྲོས་ཤིག། ་ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ། མ་ཧཱ་པུ་རུ་ཥ་ར་ཥ་བྷེ་བྷྱཿ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་སྠ་མ་པྲཱཔྟ་མཻ་ཏྲེ་ཡ་མཉྫ་ཤྲཱི་བཛྲ་པཱ་ཎི་པྲ་བྷྲྀ་ཏི་བྷྱོ་མ་ཧཱ་ས་ཏྭེ་བྷྱཿ། དེ་རྣམས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཀྱི་སྙིང་པོ་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པ། སྲིད་པའི་ལམ་རྣམ་པར་འཇོམས་པར་བྱེད་པ་བརྗོད་པར་བགྱིའོ།། སདྱ་ཐེ་དཾ། ་ཧེཧོབོ་དྷི་སཏྭ། མ་ཧཱ་སཏྭ། ཧེ་ཧ་ལེ། ཨརྱ་ཨ་བ་ལོ་ཀི་ཏི་ཤྭ་ར། བ་ར་མ་མེ་ཏྲི་ཙཏྟ་ཧི་ཙིཏྟ་ཀཱ་རུ་ཎི་ཀཱ་མཾ། ཀ་མ་བི་ཡ་ཏི། མཧཱ་བི་ཡ་ཏི། དྷུ་རུ་དྷུ་རུ། དྷུ་རུ་ཙ་ལེནྣ། བ་ལ་ན་མ་སྟེ་སྟུ། སརྦྦ་སཏྭ། བྷ་ཡ ་པྲ་ཏ། ཧ་རི་ཧ་རི་ཧ་རི་ཝ་ཧ་ནོ་དྷ་བ། བྷ་ཐ་ན་ཁ། ཏུ་རུ་ཏུ་རུ། བྷུ་རུ་བྷུ་རུ། སུ་རྦ་སུརྦ། སུ་རྦ་ཤཱ་ས~ཾ། བ་མ་ལ་མཱ་ཏི། ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་ར་ཡ། གྲྀཥྚ་ཛི་ན། ཛ་ཊ་མུ་ཀུ་ཙཱ་བ་ལ་མུ་ཏཱ་ལ་མཱ་ལ། @ ་མལ་མ་ལ། ཀ་ལ་ཀ་ལ། ན་ལ་ཧ་ལ་ཧ་ལ། ཙུ་ལུ་ཧུ་ལུ། ཧེ་བོ་དྷི་སཏྭ། ཐི་ཡ་བོ་དྷི་སཏྭཱ། མ་ཧཱ་བོ་དྷི་སཏྭ། ནམ་ཏེ་རུ། ཀུ་རུ་ཀུ་རུ། ཧྲྀ་ད་ཡ~ཾ། མ་ནུ་སྥ་ར། ཨི་ད་ཙ་མ། ཀཱཙྱཻ་ཀུ་རུ་སྭཱཉྫ། འདི་ནི་བཅོམ ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཧ་ལ་ཧ་ལ་ཞེས་བྱ་བ་སྙིང་པོ་སྟེ། ཉི་མ་སོ་སོར་ཐོ་རངས་ལངས་ནས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བྱས་ཏེ། དྲི ་དང་མེ་ཏོག་ལ་སོགས་པ་མངོན་པར་བཀྲམ་ནས་དེ་ནས་ལན་བཅུ་གསུམ་བརྗོད་པར་བྱའོ། ། དེ་ནས་ནད་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ།། ཟླ་བ་དྲུག་ཁོ་ནར་བྱས་པས་ཇི་ལྟར་འདོད་པ་བཞིན་དུ་ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར ་བྱེད་དོ། ། དེ་བཞིན་དུ་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། གལ་ཏེ་མཚམས་མེད་པ་བྱས་པས་ཀྱང་མ་གྲུབ་པ་ན། དེའི་ཚེ་ང་མཚམས་མེད་པ་བྱས་པ་དང་། བདག ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ ་བཅོམ་ལྡན་འདས་ཀྱིས་རྗེས་སུ་སྐྱེས་པ་བཅོམ་ལྡན་འདས་མའི་རྟོག་པ་ཆེན་པོའི་རྒྱུད་ཕྱི་མར་འཇིག་པ་ཐམས་ཅད་ཀྱི་རིག་པ་སྲིང་མོ་བཞི་གོང་ནས་གོང་དུ་རབ་ཏུ་འཇུག་བཞིན་པ། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་རྣམ་པར་གཟིགས་པར་གྱུར་པ། རྟོག་པ་བཞིར་སྐྱེས་པ། ཐུང་ངུའི་གཟུགས་ཅན། ནམ་མཁའ་ལ་འགྲོ་བ། ས་འོག་དང་། མི་སྣང་བ་དང་། རོ་ལངས་དང་། འཐབས་རྩོད་དང་། རྐང་པས་རབ་ཏུ་བགྲོད ་པ་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་དང་། དབང་དུ་བྱེད་པ་དང་། སྐལ་བ་བབང་པོ་ཉིད་རབ་ཏུ་སྦྱིན་པ་པོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ ་རྣམས་ཀྱིས་གསུངས་པ་ལས་བཟློག་པ། རང་བཞིན་གྱི་མཚན་ཉིད་ཀྱིས་ལྷག་པའི་ཆ་ཁྱིམ་དུ་སྐྱེས་པ། ཀུན་ཏུ་སྟོན་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཁྱེན་པའི་མཐུའི་དོན་གྱིས་ཆེས་སྟོང་ཕྲག་པས ་ཀྱང་སྟོང་ཕྲག་བརྒྱ་པོ་དེས་ཀྱང་ལན་ཅིག་གཞོམ་པ་ཙམ་དང་། དཔེ་ཙམ་དུ་བྱང་ཆུབ་སེམས་དཔའི་ཡུལ་འཇིག་རྟེན་དུ་མའི་འབྱུང་གནས་རང་བཞིན་དུ་གནས་པ་ལ་བལྟོས་ནས། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྗེས་སུ་སྒྲུབ་པ་འདི་རྣམས་གསུངས་པ་ནི། བཅོམ་ལྡན་འདས་ཡིད་དབང་དུ་གྱུར་པ་དངོས་གྲུབ་རབ་ཏུ་སྩོལ་བར་མཛད་པར་གྱུར་ཏོ།། ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ཨ~ཾ་ཛ་ཡེ་སྭཱ་ཧཱ། རྒྱལ་མ་ཞེས་བྱ་བའོ།། ཏདྱ་ཐཱ། ན་མོ་ཨ་མི་ཏཱ་དྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཧེ་ཤྭ་རཱ་ཡ། ཨོཾ་བི་ཛ་ཡ་སྭཱ་ཧཱ། རྣམ་པར་རྒྱལ་མ་ཞེས་བྱ་བའོ།། ཏདྱརྠ ་། ནམོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོཾ་ཨ་ཛ~ཾ་ཏེ་སྭཱཧཱ། མི་ཐུབ་མ་ཞེས་བྱ་བའོ།། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། ཨོཾ་ཨ་བ་ར་ཛ~ཾ་ཏེ་སཱཧཱ། གཞན་གྱིས་མི་ཐུབ་མ ་ཞེས་བྱ་བའོ། ། ཞེས་པ་དེ་ལྟ་བུ་སྲིང་མོ་བཞིའོ།། ལྔ་པ་མིང་པོ་ནི། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏདྱ་ཐཱ། ཨརྷ་ཏེ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། ཨོཾ་ཀཾ་ནི་ཀོ་ནི་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་བ་ཤཱནྟེ། བ་ར་དེ། ཨུཏྟ་མ ་ཨུཏྟ་མ་ཏ་ཐཱ་ག་ཏ་ཨུདྦྷ་བ་ཧཱུཾ་ཕཊ་སྭཱ་ཧཱ། མིང་པོ་ཏུམ་བུ་རུ་ཞེས་པའོ།། སྔགས་ཀྱི་རྒྱལ་པོ་ཡོངས་སུ་བསྒྲགས།། མདོར་ན་ང་རྒྱལ་ཅན་རློམ་པ།། ཕྱི་མའི་རྒྱུད་ཀྱི་ལས་རྣམས་ནི།། ཇི་ལྟ་ཇི་ལྟར་རབ་སྦྱར་བ།། དེ་ལྟ ་དེ་ལྟར་སྒྲུབ་པར་བྱེད། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རང་གི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་དག་པར་བསྟན་པར་འདོད་པས་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ ་བྱས་ཏེ། རང་གི་རྡོ་རྗེ་གསོར་ནས་རྡོ་རྗེ་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས ་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། ། བྱང་ཆུབ་སེམས་དཔའ་བདག་ཀྱང་རྟོག་པའི་རྒྱལ་པོ་རྒྱུད་ཕྱི་མ་འདིར། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་མཐུ་ཀུན་ཏུ་བསྟན་པའི་དོན་དུ་འཇིག་རྟེན་པ་ཐམས་ཅད ་ཀྱི་མཆོད་རྟེན་རྣམས་ཀྱིས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པ་སྦྱིན་པར་གྱིའོ། ། དེ་ལ་རྗེས་སུ་ཡི་རང་བའི་སེམས་དཔའ་ཆེན་པོའི་ཕྱི་མའི་དུས་ཀྱི་ཚེ་མཆོག་གི་གྲུབ་པ་དང་། མཆོག་གི ་ལས་བྱེད་པ། ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ཁྱད་པར་དུ་འགྲུབ་པར་འགྱུར་རོ།། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པ་པོས་གང་རྡུལ་ལས་བྱུང་བ་འདི་རྣམས་རིགས་དང་ཕ་རོལ་གནོན་པར་བྱེད་པའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ཕྱག་ན་རྡོ་རྗེ་གསུངས་ཤིག། དེ་ནས ་ཕྱག་ན་རྡོ་རྗེས་སླར་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཕྱག་ན་རྡོ་རྗེ་སྙོམས་པར་ཞུགས་པའི་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ ་སྣང་བར་བྱས་སོ། ། དེ་ནས་ཕྱག་ན་རྡོ་རྗེས་ཕྱག་གི་སོར་མོ་རབ་ཏུ་བརྐྱང་སྟེ། རྡོ་རྗེ་རབ་ཏུ་འཇོམས་པ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་དམར་པོ་དང་། རྡོ་རྗེ་མཐར་ཕྱིན་དང་། རྡོ་རྗེ་ནག་པོ་སྟེ། གཡོན་པའི་ཕྱག ་ལས་བྱུང་བ་འདི་རྣམས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྤུན་རྣམས་སོ། ། དེ་ནས་དེ་རྣམས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། སྤྱན་རས ་གཟིགས་དབང་ཕྱུག་ལའང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས། གཞོན་ནུའི་སྤུན་ལྔ་པོ་རྣམས་ལ་ལེགས་སོ་ཞེས་བཀའ་སྩལ་ཏོ།། སེམས་ཅན་རྣམས་ཀྱི་བསོད་ནམས་འབྱུང་བར་འགྱུར་བ་དང་། དངོས་གྲུབ ་སྦྱིན་པར་བྱེད་པ། སྒྲོལ་མའི་རྟོག་པར་དོན་ཆེན་པོ་སྦྱིན་པ། ཕྱག་ན་རྡོ་རྗེའི་རིགས་ལས་བྱུང་བ། པདྨའི་ཕྱག་ལ་མངའ་བདག་ཏུ་གྱུར་པའོ།། དེ་ནས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་གསུངས་པར་གྱུར་ཏོ།། གཅིག ་གཉིས་གསུམ་བཞི་ལྔ་དང་ནི། ། ཇི་སྲིད་ཁྲུ་ནི་བརྒྱད་ཀྱི་བར།། ནོར་འདོད་པ་ཡིས་ཁྲུ་གཅིག་སྟེ།། བུ་འདོད་པ་ཡིས་ཁྲུ་གཉིས་སོ།། དགྲ་ཉམས་བྱེད་པས་ཁྲུ་གསུམ་མོ།། བཟླས་པ་ཉིད་ཀྱིས་ཁྲུ་བཞིའོ།། ལྔ་པ ་དངོས་གྲུབ་ཐམས་ཅད་ལ། ། བརྒྱད་པ་མཁའ་ལ་འགྲོ་བ་ཡིས།། ས་འོག་དོན་དང་འབབ་ཆུ་དང་།། རྒྱ་མཚོ་དང་ནི་དངོས་གྲུབ་གནས།། ཁྱིམ་དུའང་རུང་སྟེ་གཙང་མ་འམ།། གཞན་དུ་གཡོགས་པར་བྱས་པ་དང་།། ་ལས་ལ་ཤིས་པ་གང་ཆང་གིས།། ཐིག་གིས་དཀྱིལ་འཁོར་ཐིག་གདབ་བྱ།། གྲུ་བཞི་པ་ལ་གྲཝ་བཞི་པ།། སྒོ་བཞི་རྟ་བབས་རྒྱན་གྱིས་འརྒྱན།། དཀྱིལ་འཁོར་ཆ་གསུམ་བྱས་པ་ཡི།། སྟེང་གི་ཆ་རུ་བཅོམ་ལྡན་འདས།། ་སངས་རྒྱས་པདྨའི་གདན་གནས་པ།། ཆོས་སྟོན་པར་ནི་མཛད་བཞིན་པ།། གཡས་སུ་སྤྱན་རས་གཟིགས་དབང་ཕྱུག། ཚངས་པའི་དབྱུག་པ་སྤྱི་བླུགས་ཕྱག། གཡོན་དུ་འཕགས་པ་ཕྱག་རྡོ་རྗེ།། རྡོ་རྗེའི་ཕྱག་གམ་དེ ་གཞོགས་སུ། ། ཁྱབ་འཇུག་རུང་དང་འཁོར་ལོ་སྟེ།། བེ་ཅོན་ཕྱག་ན་འཁོར་ལོའོ།། དབུས་ཀྱི་ཆ་རུ་གྲུ་ལ་ཞོན།། གྲུ་ཡི་སྲོག་ཤིང་སྤང་བའོ།། དང་པོར་རྡོ་རྗེ་རབ་འཇོམས་དང་།། སྒྱུ་འཕྲུལ་དང་ནི་ཏུམ་བུ་རུ།། གཉིས ་པར་རྡོ་རྗེ་ཁུ་ཚུར་དང་། ། རྒྱལ་མར་བཅས་པའི་གསུམ་པ་རུ།། ལུས་དམར་དང་ནི་རྣམ་རྒྱལ་བཅས།། བཞི་པར་རྡོ་རྗེ་བསགས་མཐའ་དང་།། མི་ཐུབ་མར་བཅས་ལྔ་པ་རུ།། ལྷ་ནག་གཞན་མི་ཐུབ་དང་བཅས།། ལྗང ་ཁུ་དཀར་པོ་དམར་པོ་དང་། ། སེར་པོ་ནག་པོ་གོ་རིམས་བཞིན།། ལྷ་རྣམས་དགོད་པར་བྱས་ནས་ནི།། དཀར་པོའི་གོ་ས་དང་དཀར་པོའི་རྒྱན།། བེ་ཅོན་རྡོ་རྗེ་གཏུན་ཤིང་དང་།། གཞུ་དང་རལ་གྲི་མཚོན་ཆའི་ཕྱག། དབུས ་སུ་བྷ་ཉི་པདྨ་ལ། ། ལྷ་རྣམས་མངོན་སུམ་དགོད་པར་བྱ།། གྲུ་ཡི་འོག་ཏུ་མེ་དང་ནི།། ཆུ་ཡི་ག་ཏེར་ནཱི་གནས་པར་བྱ།། རླུང་དང་ཉ་དང་རྒྱ་སྲིན་གྱིས།། རྣམ་པར་བརྒྱན་པའི་ཤར་དང་བྷྱོ།། ནུབ་དང་བྱང་དུ་དབང་པོ་དང་།། ་གཤིན་རྗེ་ཆུ་ལྷ་ལུས་ངན་རྣམས།། བནོན་པར་བཅས་ཤིང་ཕྱག་རྒྱར་བཅས།། ལེགས་པར་དཀྲིས་པའི་བུམ་པ་ན།། ནི་ཡིས་ཆུ་ཡིས་ཡོངས་སུ་བཀང་།། ཡལ་འདབ་ཀྱིས་ནི་ཉེ་བར་མཛེས།། ཟླ་རྣམས་སུ་ནི་དགོད་པར་ཨུ0f7f། ་@#། འདིར་ནི་བུམ་པ་ལྔ་པ་ནི།། རིན་ཆེན་གྱིས་བརྒྱན་འཇམ་པ་ཡི།། གོས་ཀྱིས་མགྲིན་པ་དཀྲིས་པ་དང་།། ས་ཧ་ཀ་རའི་ཡལ་འདབ་ཀྱིས།། ཁ་ནི་དགབ་པར་བྱས་པ་དང་།། གདུགས་བསྒྲེང་མེ་ཏོག ་འཕྲེང་བ་སྦྱངས། ། ཤར་གྱི་སྒོ་རུ་དགོད་པར་བྱ།། དཀྱིལ་འཁོར་ཕྱི་ན་རྒྱ་མཚོ་བཞི།། དུང་དང་པདྨ་ལ་སོགས་ཀྱིས།། རི་ཡིས་རྩེ་མོ་ཡིས་ཀྱང་བྱ།། རྒྱལ་མཚན་རྣམས་འཁྲུགས་བླ་རེ་བྲེས།། ཨིནྡྲ་ནཱི་ལ་གསེར་དང་ནི།། ་། དངུལ་དང་ཟངས་དང་ལྕགས་རྣམས་ཀྱི།། ཕྱེ་མས་དཀྱིལ་འཁོར་བྲི་བར་བྱ།། ལྷ་ཡི་མེ་ཏོག་བདུག་པས་བདུག། རྣམ་པ་སྣ་ཚོགས་གཏོར་མས་མཆོད།། དུས་ཀྱིས་ནོན་པའི་མེ་ཏོག་འབྲས།། དབྱིག་གསེར་སྣ་ཚོགས ་རིན་ཆེན་དང་། ། བཟའ་བ་ཕྱི་རོལ་གཅལ་དུ་དགྲམ།། རི་བོའི་སྟེང་དུ་རབ་འཇུག་བྱ།། སྙིང་པོ་ཕྱི་མས་སྤྱན་དྲང་སོགས།། ལས་རྣམས་ཀུན་དང་གཤེགས་སུ་གསོལ།། དེ་ནས་གང་གིས་དཀོན་མཆོག་གསུམ།། དད ་པས་བྱང་ཆུབ་སེམས་བསྐྱེད་དེ། ། བུད་མེད་སྐྱེས་པ་གཞོན་ནུ་ཡི།། བསྙེན་གནས་བྱས་པ་གོས་ཀྱིས་ནི།། གདོང་ནི་ཉེ་བར་བཅིངས་པ་ཡིས།། དམ་ཚིག་གིས་ཀྱང་མཉན་པར་གྱིས།། དབྱིག་དང་གསེར་གྱི་མེ་ཏོག ་གིས། ། ལག་པ་ཡིས་ཀྱང་དོར་བར་བྱ།། དེ་ནི་གང་དུ་ལྷུང་གྱུར་པ།། དེ་ཡི་རིགས་འགྱུར་དེ་ནས་ནི།། གདོང་ཕྱེ་ལྷ་རྣམས་བསྟན་པར་བྱ།། སྔགས་དང་ཕྱག་རྒྱ་རྣམས་ཀྱང་འགྱུར།། ཡང་ན་ཉིན་དང་མཚན་མོ་རུ།། ་དཀྱིལ་འཁོར་དེ་བྲི་མཉེས་པར་འགྱུར།། དེ་ནས་གཟུགས་བརྙན་འབྱུང་སྟེ།། ཨ་ཤྭཏྠ་དང་། ནྱ་གྲོ་དྷ་དང་། ཨུ་དུམ་བ་ར་ལ་ཞི་བ་ཅན་དང་། ཙཱ་ཏ་དང་། ཙམ་པ་ཀ་དང་། ན་ག་གེ་སར་གྱིས་རྒྱས་པ་ཅན ་དང་། བིལ་བ་དང་། ཨ་ན་དང་། ཨ་རིཥྛ་དང་། ཀོ་ཋ་ཡིས་མངོན་སྤྱོད་ཅན་ནོ།། དབང་དུ་བྱེད་པ་དང་སྐལ་བ་ངན་པ་རྣམས་ལབད་ཀན་མཐར་བྱེད་དང་། ཤམྦ་ལི་དང་། དྲྀརྠ་ཀྲྀཏྟའོ།། སྨྱོ་བར་བྱེད་པ་ལ ་ཙན་དན་དང་། མྱ་ངན་མེད་པའི་ཤིང་དང་། སྦྲང་རྩི་དང་། མྱོས་བྱེད་རྣམས་སོ།། སྐལ་བ་བཟང་པོ་ཉིད་ལ་ཨསྠི་དཏྟ་ལས་བྱུང་བ་རྣམས་སོ།། ལས་ཐམས་ཅད་པལ་གསེར་ལས་བྱུང་བའོ།། རྒྱལ་སྲིད ་འདོད་པས་ནི་དངུལ་ལས་བྱུང་བའོ། ། ཟངས་ནི་སྐལ་བཟང་པོའི་ཆེད་དུའོ།། ལྕགས་ལས་བྱུང་བ་ནི་མངོན་སྤྱོད་ཅན་ནོ།། ཉམས་པར་བྱེད་པ་ལ་ཙམ་པ་ཀ་དང་། ན་ག་གེ་སར་དང་། བ་གུ་ལ་དང་། ཨ་ཏི ་མུཀྟ་ཀའོ། ། ནོར་འདོད་པས་ནི་སྣ་མ་དང་། ཡཱ་ཐི་ཀ་དང་། མལླི་ཀ་དང་། མྱོས་བྱེད་དང་། གསེར་ཤིང་དང་། མཱ་ལི་ཀ་རྣམས་སོ།། སྐལ་བ་བཟང་པོ་འདོད་པས་ནི་པདྨ་དང་ཀུ་མུ་དའོ།། ཞི་བ ་ཅན་ལ་ཨུཏྤལ་དང་སོ་རུ་གནྡྷི་ཀའོ། ། རྒྱས་པ་ཅན་དང་གཞན་ལའང་དྲི་བཟང་པོ་ཅན་གྱི་མེ་ཏོག་གོ།། རྒྱས་པ་ཅན་གང་ལ་རིས་དམན་པའི་མེ་ཏོག་གོ། མངོན་སྤྱོད་ཅན་དང་ཉམས་པར་བྱེད་པ་ལ་སོགས ་པ་ལ་ནི་ཙན་དན་ལ་སོགས་པའི་དྲི་འཕྲོག་པའོ། ། ཞི་བ་ཅན་དང་། རྒྱས་པ་ཅན་དང་། དབང་དུ་བྱེད་པ་དང་། སྐལ་བ་བཟང་པོ་ཉིད་ལ་དེ་ལྟ་བུའི་བདུག་པ་ལ་སོགས་པ་སྦྱར་ནས་སྙིང་པོའི་སྔགས་འདི་རྣམས ་ཀྱིས་ལས་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩརྞ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་ས་ན་པ་ཏ་ཡེ། ན་མ་ཤྩ་ཏུཎྜཾ་བྷ་གི་ནཱི་ནཱཾ། ན་མོ་དེ་བ་ཏུ་མཱུ་རུ་སཱརྠ་ཀཱ་ཧ་ཡ། ཛམྦྷ་ནི། ཛམྦྷི་ཀ་རོ་ཏི་ཨ་མི་ཏྲཾ། སྟམྦྷ་ནཾ། ་སྱཱམྦྷི་ཀ་རོཿ། མཛ། མོ་ཧ་ནཾ། མ་ཧཱ་ཀ་རོ་ཏ་མིཿ། ཨནྟྲན་ཨོཾ་ནྟི་ཀ་རོ་ཨུ0f7f་མཛ། ཛ་ཡེ་ཨཱ་ག་ཙྪ་བི་དི་ཡེ་ཨཱ་ག་སྟཱང་བྷ་མི་བནྡ་སྟམྦྷ་ནི་ཨཱ་ཀརྠ། གཚབ་ལི། པྲརྦ། དྷུ། ་། ཨུ་བ་ཧཱ་རཾ། པྲ་ཏི་གྲྀཧྞ་ཐཱ། ས་མ~ཾ་ཡཱ་ལུ་པཱ་ལཱ་ཡཱ་ཐཱ། སུ་ཊ་ཊུ་སུ་སྭ་བཛྲ་བྷཉྫ་ནཱི་ཡ་སྭཱ་ཧཱ། རིག་པ་འདི་ནི་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་འགྱུར་ཏེ། འདི་ལྟ་སྟེ། ནམ་མཁའ་ལ་འགྲོ་བ་དང་། ཕུག་ཏུ་རབ་ཏུ་འཇུག་པ་དང་། ་གཏེར་འཕོ་བར་བྱེད་པ་དང་། རིག་པ་འཛིན་པ་ཉིད་དང་། མིག་སྨན་ལྡོང་རོས་སྒྲུབ་པ་དང་། དབང་དུ་བྱེད་པ་དང་། ཉམས་པར་བྱེད་པ་དང་། གཞན་རབ་ཏུ་འཇོམས་པ་དང་། རང་གི་ཡུལ་སོ་སོར་སྐྱོང་བ་དང་། དུག ་དང་། ཕོ་ཉ་དང་། ནད་འགོ་བ་དང་། མཆེ་བ་རབ་བསྣམས་ལ་ཡང་དག་པར་གནས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་བཅིང་བ་དང་། ཁྲོས་པས་རྒྱལ་པོའི་ཁབ་རབ་ཏུ་སྒྲུབ་པ་སྟེ། དེ་ལྟ་བུ་ལ་སོགས ་པའི་ལས་གཞན་རྣམས་ཀྱང་རང་གི་འདོད་པས་བསྒྲུབ་པར་བྱའོ། ། སྲིང་མོ་བཞིའི་སྙིང་པོ་རྫོགས་སོ།། ། དེ་ནས་སླར་ཡང་དཀྱིལ་འཁོར་གསུངས་པ། ཁྲུ་བཞི་པ། གྲུ་བཞི་པ། སྒོ་བཞི་པ། ་ཀུན་ནས་རྟ་བབས་ཀྱིས་བརྒྱན་པ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་རྣམས་བཞོན་པ་དང་བཅས། མཚོན་ཆ་དང་བཅས་པའི་སྒོ་སྐྱོང་བྱ་སྟེ། སྒོ་གསུམ་བྱེད་དུ་གཞུག་གོ། བྱང་གི་རབ་ཏུ་ཐོབ་པར་བྱ་སྟེ་ཆ་གསུམ ་བྱས་ནས་སྟེང་གི་ཆ་རུ་བཅོམ་ལྡན་འདས་མ་སྒྲོལ་མའོ། ། འཕགས་པ་ཕྱག་ན་རྡོ་རྗེའང་ཕྱག་གཡོན་པས་རྡོ་རྗེ་དང་གཡས་པས་མཆོག་སྦྱིན་པ། ཀུན་ནས་འབར་བ་བྲི་བར་བྱའོ།། རྡོ་རྗེ་འཛིན་པའི་གཡོན་དུ་རྡོ་རྗེ ་ལྕགས་ཀྱུ་ལྕགས་ཀྱུ་ལག་ན་ཐོགས་པ། གཞན་དུ་རྡོ་རྗེ་ལྕགས་སྒྲོག་ལྕགས་སྒྲོག་ལག་ན་ཐོགས་པ། ཐམས་ཅད་ཀྱང་རིའི་རྩེ་མོ་ལ་ཡང་དག་པར་གནས་པར་བྱའོ།། དབང་ལྡན་གྱི་ཕྱོགས་ལ་བརྟེན་པའི་ལྷ་ཆེན་པོ ་ཆུང་མ་དང་བཅས་པ། ཁྱུ་མཆོག་དང་བཅས་པ་ཡང་དག་པར་བྲིའོ།། གཞན་རྣམ་པ་གསུམ་རིམ་གྱིས་མཚོན་ཆ་དང་། གནས་དང་བཅས་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱ།། བྷཱི་གི་རི་ཊི་དང་། དགའ་བྱེད་དང་། ་ནག་པོ་ཆེན་པོ་རྣམས་སོ།། ནུབ་ཏུ་མི་སྦྱིན་དང་། ཏུམ་བུ་རུ་དང་། འོད་སྲུངས་དང་། སྣ་ཚོགས་བཤེས་གཉེན་ལ་སོགས་པ་རྣམས་རིལ་བ་སྤྱི་བླུགས་དང་། ཆུ་སྣོད་ཕྱག་ན་བསྣམས་པའོ།། ནང་གི་ཆར་གྲུ་བྱའོ།། ་ཁྲོན་པ་དང་། སྲོག་ཤིང་བསྒྲེང་བ་དང་། ཏ་ཏསྟུ་བྲིའོ།། སྟོད་གཡོགས་ལྗང་ཁུ་ཅན། ལག་ན་བེ་ཅོན་ཐོགས་པ། ཅོད་པན་གྱིས་བརྒྱན་པ། ཕྱག་ན་ཏོག་སྐྱོང་བ་བསྣམས་པ། རྣ་བ་ལ་རྒྱ་སྐྱེགས་ཀྱིས་བརྒྱན་པའོ།། ་རྒྱལ་བ་དཀར་པོ་ཕྱག་ན་རྡོ་རྗེ་ཐོགས་པ། སྟོད་གཡོགས་དང་སྨད་གཡོགས་ཅན་ནོ།། རྣམ་པར་རྒྱལ་བ་ལུས་དམར་པོ། ཕྱག་ན་གཏུན་ཤིང་ཐོགས་པ། གོས་དམར་པོའི་སྟོད་གཡོགས་ཅན། གསེར་གྱི་ཁ་དོག ་ཅན་གྱི་གཞུ་ཕྱག་ན་བསྣམས་པའོ། ། གཞན་གྱིས་མི་ཐུབ་པ་ནག་མོ། གོས་ཁྲ་བོའི་སྟོད་གཡོགས་ཅན། གོས་ནག་པོའི་ཤམ་ཐབས་ཅན། ཕྱག་ན་རལ་གྲི་ཐོགས་པ། གྲུ་ལ་ཞོན་པའོ།། དེ་ནས་ཟླ་བ་དང་། ་ཉི་མ་དང་། ལྷ་རྣམས་དང་། ནང་དུ་པདྨ་རབ་ཏུ་གཏོར་བ་བྲི་བར་བྱའོ།། བྱང་གི་སྒོར་ལོག་འདྲེན་ཆེན་པོ་གཡས་ཀྱི་གཞོགས་སུ་ཆུ་བོ་རབ་མེད་ཁོར་ཡུག་ཏུ་རྡོ་རྗེ་དང་། དུང་དང་། ལ་ད་དང་། དཔལ་ལེའུ་རྣམས ་ཀྱང་ཀུན་ཏུ་ཟེའོ། ། དེ་ལྟར་ཐམས་ཅད་ཡང་དག་པར་བྲིས་ཏེ། དེ་ནས་ཇི་ལྟར་འབྱོར་པའི་གཏོར་མ་དང་། ཐུག་པ་རྣམ་པ་ལྔ་ལྔ་དང་། བབའ་བ་རྣམ་པ་རྫ་དང་། ཀྵཉྩ་མང་པོ་དང་། ་བཟའ་བ་དཀྲིས་པའི་བག་ཟན་དང་། ཛམྦུ་ལི་ཀ་དང་། ཞོ་དང་། བུ་རམ་དང་། མར་དང་། སྦྲང་རྩི་ཇི་ལྟར་རིགས་པ་དབུལ་བར་བྱའོ།། ཆུའི་བུམ་པ་བཞི་ཇི་ལྟར་འདོད་པའི་ཡལ་འདབ་ཀྱིས་ཁ་བཀབ་པ་དང་། ་བུམ་པ་དྲིའི་ཆུ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ། ས་བོན་ཐམས་ཅད་དང་། སྨན་ཐམས་ཅད་དང་། ཡལ་འདབ་དང་། གོས་ཀྱིས་མགྲིན་པ་དཀྲིས་པ། དབྱིག་དང་། གསེར་དང་། རིན་པོ་ཆེ་རྣམས ་དང་། ཡལ་འདབ་ཀྱིས་བརྒྱན་པའི་བུམ་པ་རྣམ་པ་ལྔ་ལྔ་རྣམས་དང་། ཕྱི་རུ་རིན་པོ་ཆེ་རྣམས་ཀྱིས་མངོན་པར་བཀྲམ་པའོ།། དེ་ལྟ་བུ་ལ་སོགས་པའི་བཀྲ་ཤིས་པ་རྣམས་བྱས་ནས་ཕྱི་ནས་བཟླས་པར་བྱའོ།། ་དེ་ནས་མངོན་དུ་སློབ་མ་རབ་ཏུ་ཞུག་པར་བྱ་སྟེ། འདི་ལས་གཞན་པའི་སྔགས་སུ་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤཱཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མཤྩ་ཏུརྨྨ་གི་ནཱི་ནཱཾ་མ་མ་ཛ་ཡཱ་ཡ། མ་ཧེ་ཏི ་སྭཱསཱཧཱ། སྔགས་འདི་རྣམ་པ་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། མེ་ཏོག་དང་། ཡུངས་ཀར་དང་། ལན་ཚྭ་དང་། ཆུ་དང་། ཐལ་བས་དྲི་མེད་ཉིད་སུན་འབྱིན་པའི་ཆ་བྱད་ཀྱིས་ཀྱང་ངོ་།། ན་མོ ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བི་ཛ་ཡཱ་ཡ། ཧ་ཧ། དྷ་ལི། ཀུ་མཱ་ར་ནི་བིཥྞུ་མུ་ཁེ་ར་ཌེ་ཤ་སཱ་ཧཱ། རིག་པ་འདི་འབུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། ་དེ་ནས་བརྒྱ་བྱིན་གྱི་གནམ་ལྕགས་ལོག་པའི་ཤིང་སོར་དྲུག་པའི་ཤིང་བླངས་ནས་མཚན་མོ་གསུམ་དུ་སྦྱང་བར་གནས་པར་གྱུར་ནས། གང་དུ་མཆོད་རྟེན་རིང་བསྲེལ་དང་བཅས་པ་དེར་སོང་ནས་བུམ་པ་བཞི་པ ་ཐམས་ཅད་ཀྱང་མེ་ཏོག་དང་ཡལ་འདབ་ཀྱིས་ཁ་བརྒྱན་པ་གཞག་པར་བྱའོ། ། དེ་ནས་ཀུ་ཤ་བཏིང་ཞིང་བཀྲམ་པའི་དཀྱིལ་འཁོར་དང་། ལྕགས་གསུམ་བཅིངས་པའི་ཕུར་བུ་དེ་རྐང་པ་གཡོན་པ་ལག་པ ་གཡོན་པས་མནན་ཏེ། ཛཾ་སྲིད་དུ་ལག་པ་མཾ་སྣང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། ལག་པ་གཏང་བར་ཡང་མི་བྱའོ།། དེ་ནས་ཕུར་བུ་དེ་དགོན་པར་གདབ་པར་བྱ་སྟེ། ཕུར་བུ་ཁྱིམ་དུ་འབྱུང་ངོ་།། ཚེ ་ག་འདི་ཉིད་ཀྱིས་བཏབ་ནས་ཕུར་བུ་རྐང་པ་གཡོན་པས་ཡང་དག་པར་མནན་ནས་དབང་དུ་གྱིས་ཤིག། གྲོང་ཁྱེར་འཇིག་པའི་ལག་པ་བཙིར་བས་ཕྱག་རྒྱ་ཐམས་ཅད་དང་། དུག་བྱས་པ་རྣམས་ཀྱང ་འཇོམས་པར་བྱེད་དོ། ། སྐྱེ་བོའི་ནང་དུའང་གདབ་པར་བྱ་སྟེ་ཐམས་ཅད་དབང་དུ་འགྱུར་རོ།། གཞན་ལའང་ཇི་ལྟར་འདོད་པ་བཞིན་དུ་ལས་རྣམས་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། ་མཧཱ་ཡཀྵེ་ས་ནཱ་པ་ཏ་ཡེ། ན་མ་ཤྩ་ཏ་སྲི་ནཱཾ། བྷ་གི་ནཱི་ནཱི། ན་མཿསྟུ་བུ་རུ། སརྦྦ་བ་ཧ་སྱ། མཧཱ་ཀརྞ་སྱ། བི་ཙི་པི་ཙི། ཨ་མུ་ཀཱ་ཡ། བྷརྒ་པྲ་པ་ཏཱནྟུ་སཱ་ཧཱ། ནག་པོའི་བརྒྱད་པ་འམ་ནག་པོའི་བཅུ་བཞི་པ་ལ་མཚན་མོ་གསུམ ་དུ་སྨྱུང་བར་གནས་པས་སྔགས་འདི་ཐོད་པར་ཁྲག་གིས་བྲི་བར་བྱའོ། ། སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པར་བྱས་ནས་ཆུ་ལ་དོར་བར་བྱའོ།། རྣམ་པ་ཐམས་ཅད་པའི་ངག་ཏུ་འགྱུར་རོ།། ན་མོ ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜབཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མ་ཤཱ་ཏ་སྲི་ཎཱཾ་བྷ་གི་ནི་ནཱི། ན་མོ་ཛམྦྷ་ནི། ཙཱ་ཊུ་ཙཱ་ནྱ། ཙ་ཙ་ཙཊ་སཱཧཱ། རིག་པ་འདིས་རྒྱལ་གྱི་ཐ ་བ་ལ་མྱ་ངན་མེད་པའི་ཤིང་གི་འོག་ཏུ་ན་ལ་ཤམ་གསུམ་ཁར་བཅུག་སྟེ། སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། དེ་ནས་ནེ་ལེ་ཤ་མ་གཅིག་ཁར་རབ་ཏུ་བཅུག་སྟེ། གང་མིག་མི་འཛུམས་པར་ལྟ་བར ་། བྱེད་པ་དེ་དབང་དུ་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་ས་ན་པ་ཏ་ཡེ། ན་མ་ཤཱ་ཏ་སྭེ་ཎཱཾ་བྷ་གི་ནི་ནཱཾ། ན་མསྟུམྦཱ་རུ་མ་ཧཱ་སཱརྠ། བཱ་ཧཱ་ཡ། ན་མོ་ཛ་ཡེ་བི་ཛ་ཡེ་ཨ་ཛཾཿ ་ཨ་པ་ར་ཛི་ཏེ་སྭཱ་ཧཱ། རིག་པ་འདིས་ཇི་ལྟར་འདོད་པ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ནས། ནག་པོའི་བརྒྱད་པ་འམ་ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྦྱང་བར་གནས་པས། གོས་གཙང་མ་བགོས་ནས ་མར་མེ་དང་། རྒྱལ་མཚན་དང་། འཕྲེང་བ་ལ་སོགས་པ་ཕུལ་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཆུ་རང་ཉིད་ཀྱིས་བླངས་ནས་ཟངས་ཀྱི་སྣོད་དུ་གཞག་སྟེ་ཐུན་གཅིག་ཏུ་བཟླས་པར་བྱའོ།། དེ་འཐུངས་ཤིང་ཁྲུས་བྱས ་ནས་ཆོ་ག་དེ་ཉིད་ཀྱིས་ཐོ་རངས་དགེ་འདུན་གྱིས་བསྟན་པའི་སློང་མོ་ཟོས་ནས་དེ་ལྟ་བུ་ཉི་མ་བརྒྱད་ཟློས་ཤིག། དེ་ནས་ཕྱོགས་བཞིར་རིག་པའི་གནས་རྣམས་ཁ་རུ་རབ་ཏུ་འཇུག་པར་བྱེད་དེ་ཐོས་པ་འཛིན་པར་འགྱུར་རོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པ་ཎ་ལེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མ་ཤྩ་ཏ་སྲཾ་ཎཱཾ་དྷ་རྒ་ནཱི་ནཱ~ཾ། ཏནྟི་མི་ལི་མི་ལི་སྭཱ་སྫ། རིག་པ་འདིས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ། ལག་པ་གཡས་པས་ཝ ་ཚུར་བྱས་ནས་ཉི་མ་བཅུ་གསུམ་བཟླས་པར་བྱའོ། ། དུག་དང་མཆེབས་ཤི་བ་ཐམས་ཅད་སྤོང་བ་འཇུག་པར་བྱེད་དོ།། ཁུ་ཚུར་གྱིས་གདོན་རྣམས་འབེབས་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩནྟ་བཛྲ་པཱ་ཎ་ལ། ་མཧཱ་ཡཀྵ་སེ་ཙཱ་པ་ཏ་ཡེ། ན་མཤྩ་ཏ་སྲིརྦྷ་བྷ་ག་ན་ནཱ། ན་མ་སྟུམྦཱ་རུ། སརྦྦ་མ་ཧཱ་ཡ། སུཊྱ་སུ་ཊུ་བཛྲ་པྲ་བྷཉྫ་ནི་ཡེ་སྭཱཧྨ། སྔགས་འདིས་འབྱུང་གི་དཀྱིལ་འཁོར་ཁྲུ་བཞི་པ་བྱས་ནས། དེར་བཱ་ཤ་ཀའི་ལམ་ཤིང་ཞོ་དང་། ་སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། ནག་པོའི་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔ་པའི་བར་དུའོ།། གང་འདོད་པ་དེ་འགུགས་པར་བྱེད་དོ།། འདིས་ཀྱང་ཁྲོས་པས་རྒྱལ ་པོའི་ཕོ་བྲང་རབ་ཏུ་བསྒྲུབ་པར་བྱ་སྟེ། ཀུན་ཏུ་རྒྱུ་རབ་ཏུ་ཞུགས་ནས་དེ་ལ་སོལ་བས་མངོན་པར་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། དེ་ནས་ཁྲོ་བ་དང་བྲལ་བར་འགྱུར་རོ།། དེ་ནས ་ཕྱག་རྒྱ་རབ་འཆད་བྱེད། ། དགེ་བའི་ལག་པ་ལས་ཀུན་ལ།། ལས་གང་ཅུང་ཟད་བྱ་བ་དེ།། ཀུན་ལ་ལག་པ་གཡོན་སྦྱར་བྱ།། མཐེ་བོང་ཅན་ལ་བཟུང་བ་ཡི།། ཕྱག་རྒྱ་ལྷ་ཡིར་ཡོངས་སུ་བསྒྲགས།། སྡིགས་མཛུབ ་ཅན་ནི་གནོད་སྦྱིན་ལ། ། ནི་ཟ་ལ་ནི་གུང་མོ་སྟེ།། འབྱུང་པོ་རྣམས་ལ་མིང་མེད་དོ།། ཀླུ་ལ་སོགས་ལ་མཐེའུ་ཆུང་།། སྲིན་པོ་རྣམས་ལ་མཐིལ་དུའོ།། དབྱུག་པའི་ཕྱག་རྒྱ་ཡི་དགས་རྣམས།། ཕྱག་རྒྱ་རྣམ་པ ་བརྒྱད་དུ་བཤད། ། མཐེ་བོང་རྡོ་རྗེ་རབ་འཇོམས་པ།། སྔགས་མཛུབ་རྡོ་རྗེ་ཁུ་ཚུར་ཏེ།། གུང་མོ་རྡོ་རྗེ་ལུས་དམར་ལ། མཐེའུ་ཆུང་ནག་པོའི་ཡན་ལག་ཅན།། མཐེ་བོང་དུམ+Wཱ་རུ་ཞེས་འདི།། རང་གི་གཟུགས་ཀྱིས ་@རང་རང་ལ། ། ཕྱག་རྒྱ་ལྔ་པོ་རྣམ་པར་དགོད།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མགོ ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ། རྟོག་པའི་རྒྱལ་པོ་ཆེན་པོ་རལ་པ་གྱེན་བརྫས་ཀྱི་རྒྱུད་ཕྱི་མས་ཇི་ལྟར ་བཅོམ་ལྡན་འདས་རིག་པའི་སྔགས་ཀྱི་སྤྱོད་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆེད་དུ་ཇི་ལྟར་བྱ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ།། ་དེས་ན་གང་རིག་པ་འཛིན་པ་བཀྲུས་བཞིན་པ་རིག་པ་དེ་རྗེས་སུ་དྲན་པར་བྱས་ནས་རིག་པ་མེད་པར་ཁྲུས་བྱ་བ་དང་། རྣམ་པར་དབེན་པའི་ཕྱོགས་མ་ཡིན་པར་ཟློས་པ་ཉིད་དེ་རྣམས་ནི་ལུས་རྩུབ་པ་དང་སྟོབས་ཆུང ་བར་འགྱུར་རོ། ། གང་ལམ་དུ་འགྲོ་བ་གྲོང་བའི་ཆོས་ཀྱིས་གོས་པ་རྣམས་ལ་ཡིད་ཀྱིས་བཟླས་པ་བྱེད་དོ།། རྟག་ཏུ་སེམས་གཡོ་བ་དང་ནད་མང་བར་འགྱུར་རོ།། གང་ཡང་ཡང་ནས་ཡང་དུ་རིག་པ་ཐུན་མོང་དུ ་འཕོ་བ་དང་། གནས་མ་ཡིན་པ་རྣམས་ལ་རབ་ཏུ་སྦྱོར་བར་བྱེད་པ་དང་། སྦྱིན་སྲེག་དང་བྲལ་བས་བཟླས་པ་བྱེད་པ་ནི་རྟག་ཏུ་དོན་ཉམས་པ་དང་། གྲོགས་ཉམས་པར་ཡང་འགྱུར་རོ།། གང་ཞིག་སླར་ཡང་རིག ་བའཛིན་པ་རང་གི་རིག་པ་ལ་བརྙས་པ་བྱེད་པ་དང་ལྷ་ལ་སྤྱོ་བར་བྱེད་པ་ནི་ལོག་པར་འདྲེན་པ་དང་སྐྲག་པར་བྱེད་དོ། ། རྟག་ཏུ་འཇིག་རྟེན་དགའ་བར་མི་འགྱུར་རོ།། རྟག་ཏུ་ཡོངས་སུ་བརྙས་པར་འགྱུར་རོ།། རྟག ་དུའང་རིག་པ་འཛིན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱིས་གསུངས་པའི་རིག་པའི་སྔགས་རྣམས་མེ་ཏོག་དང་བདུག་སྤོས་ལ་སོགས་པ ་རྣམས་ཀྱིས་མཆོད་པར་བྱ། བཀུར་སྟིར་བྱའོ།། དམ་ཚིག་མེད་པ་དང་། སྲོག་གཅོད་པར་བྱེད་པ་དང་། སྔགས་བྱེད་པ་དང་། དགེ་སློང་མ་སུན་འབྱིན་པར་བྱེད་པ་དང་། མཚམས་མེད་པ་བྱེད་པ་དང་། ་ཚུལ་དང་བྲལ་བས་དགེ་འདུན་གྱི་རྫས་ལ་ཡོངས་སུ་ལོངས་སྤྱོད་པ་དང་། འབྲུའི་ཆང་དང་བཅོས་པའི་ཆང་ལ་ཡོངས་སུ་འགྲོ་བ་དང་། དགེ་སློང་ངམ་དགེ་སློང་མ་གསོད་པར་བྱེད་པ་དང་། ཟས་ལ་རྐང་པས་རྫི ་བར་བྱེད་པ་དང་། དམ་ཚིག་མེད་པར་ཁྲོ་བས་ཟས་རྫི་བར་བྱེད་པ་དང་། འཐོར་བར་བྱེད་པ་དང་། དམ་ཚིག་མེད་པ་ཤི་བ་མཐོང་ནས་འགྲོ་བར་མི་བྱེད་པ་དང་། དམ་ཚིག་མེད་པ་དང་དཀྱིལ་འཁོར་དུ་མ ་ཞུགས་པ་ལ་ཕྱག་རྒྱ་དང་སྔགས་སྦྱིན་པར་བྱེད་པ་དང་། དེ་ལའང་དམ་ཚིག་མེད་པར་སྨན་རྐང་པས་རྫི་བར་བྱེད་པ་དང་། དམ་ཚིག་ལས་ཉམས་པར་བྱེད་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས ་དཔའ་རྣམས་དང་། ལྷ་གཞན་རྣམས་ལའང་ཇི་མེད་ཉིད་ཀྱིས་འགོམ་པར་བྱེད་པ་དང་། དམ་ཚིག་མེད་པར་དུང་དང་། འཁོར་ལོ་དང་། རྩེ་གསུམ་ཁ་གདེངས་དང་། བེ་ཅོན་དང་། མདུང་དང་། རྡོན ་དང་ཕུ་བ་དང་། གཞུ་དང་། གཤོལ་དང་། གཏུན་ཤིང་དང་། མདའ་དང་། མདུང་ཟུང་ངམ། གླང་པོ་ཆེ་དང་། ཁྱུ་མཆོག་དང་། བོང་བུ་དང་། ཕག་དང་། ཤ་ར་བྷ་དང་། སེང་གེ་དང་། བྱ་གག ་དང་། རྨ་བྱ་དང་། མ་ཧེ་དང་། རྔ་མོ་དང་། ངང་པ་དང་། མི་དང་། ལྷའི་བཞོན་པ་དང་། མཚོན་ཆ་སྣ་ཚོགས་པ་རྣམས་ཀྱང་འགོམ་པར་བྱེད་པ་དང་། སྣ་ཚོགས་བྱེད་པ་མཐོང་ནས ་རྐང་པས་གནོན་པར་བྱེད་པ་དང་། རྣམ་པ་གཞན་དུ་ལོག་པར་འདྲེན་པ་དང་དངོས་གྲུབ་སྟེར་བར་མི་བྱེད་དོ།། བཟའ་བའི་ཆོ་གའང་འདིར་ཏིལ་དང་། ཤ་དང་། པཪྻ་ཊ་དང་། ཛམྦཱ་ལ་ཀ་དང་། ཉ་དང་། པཱུ་པ་ལི་ཀ ་མང་པོ་དང་། ཏིལ་གྱི་ཐུག་པ་དང་། ལྷ་བཤོས་དང་། དྲི་མེར་ཉིད་བཟའ་བའང་སྤང་བར་བྱའོ།། ལྷའི་དྲི་མེད་ཉིད་གནོན་པ་དང་། པདྨ་གནོན་པ་དང་། ཆུ་ལ་གནས་པ་དང་ལྡན་པ་དང་། ཨུཏྤ་ལ་གནོན་པ་དང་། ་ནགས་ཀྱི་བདག་པོ་གཅོད་པ་དང་། རྩ་བ་འབྱིན་པར་བྱེད་པའང་སྤང་བར་བྱའོ།། རིག་པ་རྗེས་སུ་དྲན་པར་བྱེད་པ་ཉིད་ཀྱིས་རྟག་ཏུ་གོས་གཙང་མ་བགོས་པས་བྱ་བ་ཐམས་ཅད་ལ་བསྟན་པ་ཉིད་དང་། གཞན་རིག་པའི་ཆོ་ག ་ཐམས་ཅད་ལ་མཆོད་པར་བྱེད་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། སླར་ཡང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་ཁྱེད་རྣམས་ཉོན་ཅིག། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ ་མའི་རིག་པའི་ཡི་གེ་རྣམས་ཐབས་དང་བཅས་པས་བདེ་བླག་ཏུ་སྒྲུབ་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་ཡིད་ཀྱིས་གྲུབ་པའི་སྔགས་ཀྱི་ཚིག་རྣམས་ནི། ན་མོ་རཏྣ ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མཧཱ་ས་ཏྭཱ་ཡ། གྷུ་ནི་གྷུ་ནེ་ལ་ལ་ལ་སིདྡྷི་སིདྡྷ། བ་རཱ་ཀྲ་མ་སྭཱཧཱ། ཨ་མི་ཏཱ་བྷཱ་སུ་ཏ་སྭཱ་ཧཱ། སརྦྦེ་ཤྩ་ཨཱརྱ་ཨ་བ་ལོ་ཀི་ཏེ་སཱཧཱ། འདི་ནི་འཕགས་པརྦ ་བ་མ་ཞེས་བྱ་བ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ནུ་མོ་སྟེ་ལས་ཐམས་ཅད་བྱེད་པའོ། ། སྒྲུབ་པ་པོས་རྟག་ཏུ་གཙུག་བུད་བཅིང་བ་དང་། ཕྱག་རྒྱབཅིང་བའང་བྱའོ།། བགེགས་ཐམས་ཅད་རྣམ་པར་འཇོམ ་པར་བྱེད་པའོ། ། དེ་ལ་འདི་ནི་ཐོ་རངས་ལངས་ནས་གཙང་མར་གྱུར་པས་དཀྱིལ་འཁོར་བྱས་ནས། མེ་ཏོག་ལ་སོགས་པ་གཏོར་ཏེ་ལྔ་ལ་བརྩོན་པས་བརྒྱད་བརྒྱར་བཟླས་པར་བྱའོ།། མངོན་པར་འདོད་པའི་དོན་རྫོགས ་པར་བྱེད་དོ། ། ཡང་ན་གང་འདོད་པ་དེ་དབང་དུ་བྱེད་དོ།། དེ་ནས་དཀྱིལ་འཁོར་དུ་ཙེ་ཏཱ་ཛི་ཀ་རབ་ཏུ་གཏོར་ནས་གང་འདོད་པ་དེ་སྨོད་པར་བྱེད་པར་འགྱུར་རོ།། བཀླགས་པས་གྲུབ་པ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་རྟོག ་པར་བྱ་བར་འགྱུར་རོ། ། ཡང་འདིར་རྣམ་གྲངས་ཀྱི་གཏེར་འདི་དེར་གང་གཅིག་ཏུ་རེག་པ་དེ་དྲན་པར་བྱེད་དོ།། དེ་ནས་གཤེད་བྱེད་སྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གིས་མེ་རབ་ཏུ་སྦར་ཏེ། ་དར་ཆེན་པོས་བསྐོར་ལ་ཇི་ལྟར་སྐྱེས་པའི་ཁྲག་གིས་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་པ་ལ་འཇིགས་པའི་ང་རོག་ཅན་གྱི་གཤེད་བྱེད་མཚན་མོ་ཕྱེད་ནས་ལང་བར་བྱེད་དོ།། ཡང་དག་པར་བསྔགས་པས་ཇི་ལྟར ་བརྗོད་པའི་གནས་སུ་ཡང་ན་བྱིན་གྱིས་བརླབས་པ་སྦྱིན་པར་བྱའོ། ། འདི་ནི་བཅོམ་ལྡན་འདས་མའི་བྱིན་གྱིས་བརླབས་པས་ཇི་ལྟར་བདེ་བར་མངོན་པར་བདེ་བར་བྱེད་དོ།། དེ་ནས་གནས་ཁ་ཅིག་ཏུ་མི་རྣམས་འཆི་བ ་དང་། གནས་ཁ་ཅིག་ཏུ་མེ་འབར་བར་མཐོང་བ་དང་། གནས་ཁ་ཅིག་ཏུ་ལྕགས་སྒྲོག་བཅིངས་པ་མཐོང་ངོ་།། དེ་ལྟར་གཤེད་བྱེད་དེ་རྣམ་པར་རྒྱུ་བར་བྱེད་དོ།། དེ་ཞི་བའི་དོན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པདྨ། ་@#སྟོང་ཕྲག་བརྒྱད་དབུལ་བར་བྱའོ།། མཆོག་ཏུ་ཞི་བར་འགྱུར་རོ།། དགྲ་རྣམས་སྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གིས་མེ་རབ་ཏུ་སྦར་ཏེ། ཡུངས་ཀར་དཀ ་པོ་ལ་ཏིལ་ནག་པོའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། འགྲོ་བར་བྱེད་དོ།། དེ་ནས་རིམས་ཀྱིས་འཛིན་པར་འདོད་ན་དུར་ཁྲོད་ཀྱི་མེ་ལ་དུར་ཁྲོད་ཀྱི་ཐལ་བ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས ་ཤིག། རིམས་ཆེན་པོས་འཛིན་ནོ།། ཞི་བའི་དོན་དུ་ཚུལ་བརྒྱ་རྩ་བཟླས་ཏེ་མགོ་བོར་སྦྱིན་པར་བྱའོ།། རིམས་ལས་གྲོལ་ལོ།། མགོ་བོ་ཟུག་རྔུས་འཛིན་པར་འདོད་ན་བ་བྱུང་གི་གཟུགས་བརྙན་ལ་མི་རུས་ཀྱི་ཕུར་བུ ་ལ་སྟོང་ཕྲག་བརྒྱད་བཟླས་ལ་མགོ་བོར་ཕུར་བུས་གདབ་བོ། ། མགོ་བོ་ཟུག་རྔུ་ཆེན་པོས་འཛིན་ནོ།། ཕུར་བུ་བཏོན་པས་ཞི་བར་འགྱུར་རོ།། དབང་པོ་ལ་བཏབ་ན་མ་ནིང་དུ་འགྱུར་རོ།། བཏོན་ན་ཐར་རོ།། སྙིང་ཁར་བཏ། ་ནགཟེར་ཆེན་པོ་འབྱུང་བར་འགྱུར་རོ།། བཏོན་ན་ཐར་རོ།། སེང་ལྡེང་གི་ཕུར་བུ་ཤ་དང་ཁྲག་གིས་བཏགས་པ་སྲད་བུས་དཀྲིས་པ་ལ་བརྒྱད་བརྒྱ་བཟླས་པ་མི་རུས་ཀྱི་ཕུར་བུའི་མགོ་བོར་གདབ་པར་བྱའོ།། དགྲའི་སྒོ ་བཏབ་ན་ཐོ་རངས་འཟོས་པར་བྱེད་དོ། ། ཇི་སྲིད་ཕུར་བུ་བཏོན་པར་མ་གྱུར་གྱི་བར་དུ་གང་དུའང་གནས་པར་མི་བྱེད་དོ།། རྒྱལ་པོ་སྐྱེད་པར་འདོད་ན་ལྷ་ཆེན་པོའི་ཁང་པར་སོང་ནས། ལྷ་ལ་དུག་དང་ཁྲག་གིས་བྱུགས ་ཏེ་ཤ་ཆེན་པོའི་འདུག་པ་དབུལ་བར་བྱའོ། ། ནིམྤའི་འདབ་མས་ཀྱང་མཆོད་པར་བྱའོ།། དེ་ནས་དུག་དང་། ཁྲག་དང་། སྐེ་ཚེ་རྣམས་གཅིག་ཏུ་བྱས་ནས་བརྒྱད་བརྒྱར་སྦྱིན་སྲེག་གྱིས་ཤིག། བརྒྱད་བརྒྱ་དང་པོས ་ནིརང་གི་ཤའོ། ། གཉིས་པས་མེ་ཏོག་གོ། གསུམ་པས་བཙུན་མོའི་འཁོར་རོ།། བཞི་པས་མཚོན་ཆ་ཆེན་པོའོ།། ལྔ་པས་གླང་པོ་ཆེའོ།། དྲུག་པས་རྟ་སྟེ། ཁྲོ་བོ་ཆེན་པོས་དཀྲིས་པའི་ལས་སོ།། བློ་བཟང་པོ ་ཉིད་ཉམས་པར་བྱེད་པར་འདོད་ན་ནིམྦའི་ཤིང་གིས་མེ་སྦར་ནས། ནིམྦའི་ལོ་མ་དང་དུར་ཁྲོད་ཀྱི་ཐལ་བ་ཕན་ཚུན་བསྲེས་པས་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། སྐད་ཅིག་ལ་ཉམས་པར་འགྱུར ་རོ། དེ་ནས་ལྐུགས་པར་བྱེད་པར་འདོད་ན་ཙི་ཀཱ་ས་མ་ཡའི་གཟུགས་བརྙན་བྱས་ནས་བངས་ཀྱི་ཕུར་བུ་ལ་བརྒྱད་བརྒྱ་བཟླས་ཏེ། དགྲ་བོ་ཡིད་ལ་བྱས་ནས་ཁ་ལ་ལུར་བུ་གདབ་པར་བྱའོ།། ལྐུགས་པར་འགྱུར ་རོ། ཕུར་བུ་བཏོན་ན་ཐར་རོ།། མངོན་སྤྱོད་ཅན་རྫོགས་སོ།། ། མ་བསྒྲུབས་པར་ལས་རྣམས་འབྱུང་སྟེ། སོ་ཤིང་ལ་ལན་བདུན་བཟླས་ནས་བཟའ་བར་བྱའོ།། མ་བླངས་པར་བཟའ ་བརྙེད་དོ། ། བརྒྱད་བརྒྱར་བཟླས་ནས་མགོ་བོ་ལ་བྱུགས་པས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། གོས་ལ་ལན་བདུན་མངོན་པར་བསྔགས་ནས་གོན་ན་བསྐལ་པ་བཟང་པོར་འགྱུར་རོ།། མིག་སྨན་ལ ་མངོན་པར་བསྔགས་ནས་མིག་ལ་བསྐུས་ན་ཁྲོ་བས་དཀྲིས་པ་རྣམས་ཀྱིས་མཐོང་ན་དགའ་བར་འགྱུར་རོ། ། ལམ་དུ་ཟློས་བཞིན་པས་སོང་ན་ཆོམ་རྐུན་རྣམས་ཀྱིས་འཇོམས་མི་ནུས་སོ།། སོར་མོ་ལ་ལན ་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་རེངས་པར་འགྱུར་རོ། ། གསེག་མ་ལ་བརྒྱད་བརྒྱར་བཟླས་ནས་ཚུལ་གཏོར་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་བྱེད་པར་འགྱུར་རོ།། བཅིངས་པ་ལའམ། འགག་པ ་ལ་བཟླས་ན་ཐར་རོ། ། ཀ་ར་ཝཱི་རའི་ལྕུག་མ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་དུ་ཉེ་བར་བྱུགས་ནས་སལ་མཚོན་ཆ་སྦྱིན་པར་བྱའོ།། གང་དུ་འདོད་པ་དེར་འཕོ་བར་བྱེད ་དོ། ཁྱོར་བའི་ཚུ་ལ་བསྔགས་ནས་སྟེང་དུ་གཏོར་བར་བྱ་སྟེ། རུས་མ་ཡིན་པའི་ཆར་རེངས་པར་བྱེད་དོ།། ཐལ་བ་ལ་བརྒྱད་བརྒྱར་བཟླས་ན་ཐལ་བ་དེས་ར་བར་འགྱུར་རོ།། ལྕགས་ཀྱི་ཕྱེ་མས་རྡོ་རྗེའི་ར་བར ་འགྱུར་རོ། ། སྒྲོན་མ་གསུམ་གྱིས་མེའི་ར་བར་འགྱུར་རོ།། བིལ་བའི་འདབ་མས་བིལ་བའི་ར་བར་འགྱུར་རོ།། བརྒྱད་བརྒྱར་བཟླས་པའི་ཆུས་ཆུའི་ར་བར་འགྱུར་རོ།། མདོར་བསྡུས་ན་བཅོམ་ལྡན་འདས ་གཙུག་ཏོར་གྱི་རྒྱལ་པོ་རྟོག་པ་གཞན་གྱི་ཆོ་གས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་བྱེད་དོ། ། རིག་པ་བསྒྲུབས་པ་ལས་མཚམས་མེད་པ་ལས་གྲོལ་ནས་བྱང་ཆུབ་ཀྱི་སེམས་རྙེད་དོ།། ཨོཾ་ཏ་ཐཱ་ག་ཏ་ཨུཥྞཱི ་ཥ་ཨ་ན་བ་ལོ་ཀི་ཏེ་མཱརྷ་ནི་ཏེ་ཛོ་རཱ་ཤི་ཧཱུཾ། ཛཱ་ལ་ཛྭ་ལ། དྷ་ཀ་དྷ་ཀ། ད་ར་བི་ད་ར། ཚནྡ་ཆེནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཟི་བརྗིད་དང་ཕུང་པོར་རྣམ་པར་བཤད་དེ། འདབ་མ་ཆུང་ངུའི་རྒྱབ་ཏུ་གནས་པར་བྱའོ།། ་ཞེས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་རྒྱུད་ཆུང་ངུ་ལས་བྲིས་པ་འདབ་མ་སོ་སོ་ལ་རྫོགས་པར་བྱ་བའི་ཕྱིར། གཞོན་ནུ་མས་བཀལ་བའི་སྲད་བུ་ལ་རས་བྱེད་དུ་བཅུག་ནས་སམ། ཡང་ན་དཔའ་བོའི་རིན་གྱིས ་ཉོས་པ་སྟེ། ཇི་ལྟར་རྙེད་པའི་རས་ཁ་ཚར་མ་བཅད་པ་སྒྲ་དང་བྲལ་བ་ལ། རི་མོ་མཁན་གསོ་སྦྱོང་ཅན་དབང་པོ་མ་ཚང་བ་མིན་པས་ཁ་ཤར་དུ་ཕྱོགས་པས་རས་རྣམས་འཕྲུལ་འཁོར་ལ་བཞག་སྟེ། དེའི་མདུན་དུ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་དང་། ཁྱད་པར་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་བར་བྱས་ནས། དེ་ནས་ཨརྐའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཡུངས་ཀར ་དཀར་པོ་ལ་མར་གྱིས་བཏགས་པ་རལ་པ་གཅིག་མའི་སྙིང་པོས་རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། རས་རིས་འདྲི་བཞིན་པ་ན་བགེགས་མེད་པར་འགྱུར ་རོ། ། དེ་ནས་ཚེས་གྲངས་དང་། བྱེད་པ་དང་། རྒྱུ་སྐར་དང་། ཡུད་ཙམ་དགེ་བ་ལ་སྣོད་གསར་པར་བཞག་པ་ཁ་དོག་མ་འདྲེས་པ། ཤིན་ཏུ་སོ་སོར་བཏགས་པའི་ཁ་དོག་ཅན་གྱི་ཆུས་སྦྱར་ནས་བ་ལང་གི་སྤུའི་པིར་གྱིས ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་ནི་སྣ་ཚོགས་པའི་གནས་རབ་ཏུ་བསྔགས་པ། བྱའི་ཚོགས་སྐད་འབྱིན་པ། དཔག་བསམ་གྱི་ཤིང་དང་མཚུངས་པ་བྱའོ།། དེ་བཞིན་གཤེགས་པ་འོད་དཔག་མེད་འདྲིར་གཞུག ་པར་བྱའོ། ། ཆོས་སྟོན་པར་མཛད་བཞིན་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པའི་སྐུ། མཛེས་པར་སྣང་བཞིན་པའི་ལུས། གཙུག་ཏོར་ནས་འོད་ཟེར་ཆེན་པོ ་གསེར་གྱི་ཁ་དོག་ཅན་འགྲོ་བ། པདྨ་དཀར་པོ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ།། བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ་དཀར་པོ་རྒྱན་གྱིས་རྣམ་པར་བརྒྱན་པ། ཁ་དོག་ལྔ་པའི་གོས་ཀྱི་སྟོད ་གཡོགས་བགོས་པ། ཕྱག་ན་རྔ་ཡབ་ཐོགས་པའོ།། གཞན་དུ་རྒྱུ་སྐར་མེ་བཞི་ལ་འཕགས་པ་དྲི་མ་མེད་པར་འགྲོ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འདྲིར་གཞུག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་གཡས་ཀྱི ་ཕྱོགས་སུ་ཐམས་ཅད་དཀར་པོ། ། གསེར་གྱི་རྒྱན་གྱིས་བརྒྱན་པ། རལ་པའི་ཚོགས་དང་། ཕྱག་ན་རིལ་བ་སྤྱི་ཐུགས་དང་། དབྱུག་གུའི་ཤིང་བསྡམས་པ། མཆོད་ཕྱིར་ཐོགས་ཟག་པ་ལ། ་འཕྱང་བ། གཡང་གཞི་ནག་པོ་ཅན། གུང་མོའི་སོར་མོས་ཡོངས་སུ་བཟུང་བའི་བགྲང་འཕྲེང་དང་། ཕྱག་གཡས་པ་བརྐྱང་བས་མི་འཇིགས་པ་སྦྱིན་པ། བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་མནན་པའི་རལ ་པའི་ཚོགས་ཅན། གོས་དཀར་པོ་བགོས་པ། མཆོག་ཏུ་སྐྱེས་པ། སྒྲུབ་པ་པོའི་སྟེང་དུ་ཕྱག་བརྐྱང་བ་ཕྱག་བཞི་པ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་འཕགས་པ་དྲི་མ་མེད་པར་འགྲོ་བ་ཅུང་ཟད་མངོན ་པར་ལྷགས་པའོ། ། བཅོམ་ལྡན་འདས་ལས་ཅུང་ཟད་དམན་པའོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ།། དེའི་གཡས་ཀྱི་གཞོགས་སུ་པྲི་ཡང་ཀུ་ལྟར་སྔོ་བསངས། གསེར་དང་རིན ་པོ་ཆེས་རབ་ཏུ་གསལ་བར་བྱེད་པའི་ལུས་ཅན། ཅོད་པན་གྱིས་བརྒྱན་པ། རྣམ་པར་བཀྲ་བའི་གོས་བགོས་པ། རིན་པོ་ཆེའི་སྟོད་གཡོགས་ཅན། ལུས་ཅུང་ཟད་འདུད་པ། བཅོམ་ལྡན་འདས་ལ་ལག་པ་ཁ ་སྦྱོར་བྱས་པས་ཨུཏྤལ་སྔོན་པོ་ཡོངས་སུ་བཟུང་བ། ཕྱག་མཆོག་ཏུ་སྐྱེས་པ། དང་པོར་བཅོམ་ལྡན་འདས་ལ་རྟོག་པར་བྱེད་བཞིན་པའི་སྒྲོལ་མ་འདྲིར་གཞུག་པར་བྱའོ།། དེའི་འོག་ཏུ་པདྨའི་མཚོ་བྱའོ།། དེ ་ནས་རྩ་བའི་པདྨ་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱའོ། ། གཡོན་དུ་འཕགས་པ་དྲི་མ་མེད་པར་འགྲོ་བའོ།། གཞན་དུ་བཅོམ་ལྡན་འདས་མ་སྒྲོལ་མའི ་གཡས་སུ་ཀླུའི་རྒྱལ་པོ་མཐའ་ཡས་མགོ་བོ་བདུན་པ། ཕྱག་ན་པདྨའི་སྡོང་པོ་བསྣམས་པ། ཐམས་ཅད་དཀར་བ། རྣམ་པར་བཀྲ་བའི་གོས་དང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར ་བྱའོ། ། གཡོན་དུ་ཀླུའི་རྒྱལ་པོ་རྒྱ་མཚོ་སྔོ་བསངས། ཕྱག་ན་པདྨའི་སྡོང་པོ་བསྣམས་པ། འདི་འདྲ་བ་འདྲིར་གཞུག་པར་བྱའོ།། བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་རྩ་བ་དང་ཉེ་བར་དཀར་མོ ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིན་པོ་ཆེའི་སྟོད་གཡོགས་ཅན། རིན་པོ་ཆེ་དང་ཙངྒ་ཊ་ཀ་ཕྱག་ན་བསྣམས་པ། པུས་མོ་ས་ལ་བཙུགས་པའི་ལྷ་མོ་འདྲིར་གཞུག་པར་བྱའོ།། བཅོམ་ལྡན་འདས་མ་འཕགས ་སྒྲོལ་མའི་གཡས་ཀྱི་གཞོགས་སུ་རྩ་བ་དང་ཉེ་བར་འཁོད་པའི་ཐམས་ཅད་དཀར་མོ་གཞོན་ནུ་མའི་གཟུགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཐལ་མོ་ཁ་སྦྱར་དུ་བྱས་པ། བཅོམ་ལྡན་འདས ་མ་དང་། བཅོམ་ལྡན་འདས་ལ་ངེས་པར་རྟོག་བཞིན་པའི་བདེ་ལྡན་འདྲར་གཞུག་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་སྒྲུབ་པ་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ ་བར་གྱུར་པ། གོས་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན། དབྱིབས་དང་རྣམ་པའི་ཁྱད་པར་ཅི་འདྲ་བ་པུས་མོ་གཉིས་བཅུགས་པ། ལག་པ་སྤོས་ཕོར་ཐོགས་པ་བྱའོ།། ལྷའི་བུ་རྔ་བོ་ཆེ་རྡུང་བར ་བྱེད་བཞིན་པ་བྱའོ། ། སྤྲིན་ལས་གློག་དང་བཅས་པ་བྱའོ།། ཕྱོགས་བཞི་དང་ཕྱོགས་བྲལ་དུ་རང་བྱའོ།། གཡས་སུ་རས་རིས་ཀྱི་སྟེང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མེ་ཏོག་འཐོར་བར་བྱེད་བཞིན་པ་འདྲིར ་གཞུག་པར་བྱའོ། ། སྟེང་དུ་ཟླ་བ་དང་ཉི་མ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ།། སྟེང་དུ་དུང་དང་རྔ་བོ་ཆེ་དག་གོ། འཕགས་པ་སྤྱན་རས་གཟིགས་དང ་ཕྱུག་གི་གཡས་སུ་ནག་མོ་གསུས་པ་འཕྱང་བ། རྒྱན་ཐམས་ཅད་དང་། མཆེ་བ་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་དང་། གོ་ཞེས་བྱ་བའི་པགས་པས་དཀྲིས་པ། གཙུག་བུད་ལ་ཐོད་པའི ་འཕྲེང་བའིཕྱང་བ། རྡོ་བ་ལ་རབ་ཏུ་བཞུགས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཕྱག་བཞི་པ། གཡས་ཀྱི་ཕྱག་གིས་དགྲ་སྟ་ཡོངས་སུ་བསྣམས་པ། ཕྱག་གཡོན་པའི་དང་པོས་ཁྲག་གིས་ཡོངས་སུ ་གང་བའི་སྣོད་དང་། ཕྱོགས་དང་ལྡན་པའི་ལུས་ལ་སྨིན་མ་དང་སྒྲར་ལྡན་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྱས་པ། སེན་མོ་རིང་པོ་ཅན། གླང་པོ་ཆེའི་པགས་པས་སྟོད་གཡོགས་པ། བྱང་ཆུབ་སེམས ་དཔའ་ཆེན་པོའི་བཀའ་རབ་ཏུ་ནོད་པར་བྱེད་བཞིན་པར་གྱུར་པའི་འཕགས་མ་སྒྲོལ་མའི་སྲིན་མོ་ཆེན་མོ་འདྲིར་གཞུག་པར་བྱའོ། ། དེ་ལྟར་རས་རིས་འདྲིར་བཅུག་ནས་གཙང་མའི་ཕྱོགས་སུ་དག་པ་དང་། སྐྱོང་བ ་དང་ཚད་མ་ཉིད་ཀྱི་ཡན་ལག་རྣམ་པར་སྤངས་པ། རི་བོ་དང་ཆུ་ཀླུང་གི་འགྲམ་མམ། གཞན་དུའང་རུང་སྟེ། གཙང་མའི་གནས་སུའོ།། དེ་ནས་དུ་བ་འཐུལ་བས་ནི་དབང་དུ་བྱེད་དོ།། གང་ཐབས་ཅིག་གསང ་སྔགས་བྱེད་པ་དེའོ། ། ལྷ་ཐམས་ཅད་གསལ་བར་བྱེད་པར་འདོད་པས་དཀར་པོའི་བརྒྱད་པའང་རུང་སྟེ་ལས་བརྩམ་པར་བྱའོ།། གཙང་མའི་སའི་ཕྱོགས་སུ་གཞུའི་ཚད་ཀྱིས་ཐང་ལ་ཡོངས་སུ་བྱུག་པར་བྱ་སྟེ། དེའི ་དབུས་སུ་སོ་ཕག་གཞག་པར་བྱའོ། ། ཕྱོགས་བཞི་རྣམས་སུས་ལས་བྱུང་བའི་རྩ་བ་དང་ནག་པོ་མེད་པའི་ཆུའི་བུམ་པ་བཞི་ལ་བརྒྱད་བརྒྱར་བསྔགས་པ་གཞག་པར་བྱའོ།། གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ ་པས་ལེགས་པར་དཀྲིས་པའོ། ། དྲི་ཞིམ་པོའི་ཕྱེ་མས་དཀྱིལ་འཁོར་བྱས་ནས། ཕྱོགས་བཞིར་ཆང་དང་ཤ་མེད་པའི་གཏོར་མ་དབུལ་བར་བྱའོ།། དྲི་བཟང་པོའི་མེ་ཏོག་གི་མཆོད་པ་བྱའོ།། གུ་གུལ་གྱི་བདུག་པ་དབུལ ་ལོ། ཟངས་ཀྱི་སྣོད་མར་གྱིས་བཀང་བ་བཞག་ནས་འགྲམ་གྱི་ཕྱེ་མ་རྣམས་ལ་ཉེ་བར་གནས་པར་གཞག་པར་བྱའོ།། ཤར་དུ་མངོན་པར་ཕྱོགས་པས་ཕྱི་རོལ་ལམ་དཀྱིལ་འཁོར་དུ་རལ་པ་གཅིག་མ་ལ་མཆོད་པ་དང་གཏོར ་མ་དབུལ་བར་བྱའོ། ། དེ་ནས་ཀུ་ཤ་ལྗང་ཁུ་བླངས་ནས་གོས་དཀར་པོ་གཅིག་འཆང་བར་བྱས་ཏེ། ཇི་སྲིད་དུ་རྐང་པ་གཉིས་ཀྱི་བར་དེ་སྲིད་དུ་བྱབས་པར་བྱའོ།། དེ་ནས་མར་གྱི་སྣོད་ཀྱི་སྟེང་དུ་ཀུ་ཤ་དེས་དོར་བར་བྱའོ།། ་དེ་ནས་མར་ཆུང་ངུ་དེ་ལ་གལ་ཏེ་དྲི་མ་དང་། སེན་མོ་དང་། སྐྲ་མཐོང་ན་དེ་དོར་ནས་གང་དང་གང་གཅིག་ཏུ་བྱའོ།། ཇི་སྲིད་དུ་རང་འདོད་པ་དང་སྨྲ་བ་ལྷག་པར་སྐྱེས་ཀྱི་བར་དུའོ།། དེ་ནས་བུམ་པ་རེ་རེ་བླངས་ཏེ་ཟློས་བཞིན ་པས་གཞག་པར་བྱའོ། ། སྦྱངས་པའི་སྣོད་ངེས་པར་གནས་པ་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱེད་དུ་གཞུག་གོ། འདི་ལའང་འདིའི་བསྐུ་མཉེ་སྦྱིན་པར་བྱའོ།། པྲི་ཡང་ཀུ་དང་། ་ནག་གེ་སར་དང་། སྦྲང་རྩི་ཅན་དང་། ཏུ་རུ་སྐ་རྣམས་གཅིག་ཏུ་བྱས་ནས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་བསླུ་བར་བྱའོ།། བའི་མར་དང་བསྲེས་པའི་བཟའ་བ་མཆོག་བཟའ་བར་བྱའོ།། ནད་མེད་པར་འགྱུར་རོ།། ་གཞོན་ནུ་མས་བཀལ་བའི་སྲད་བུ་སྔོན་པོར་བཙོས་པ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་རྣ་བ་ལ་བཅིང་བར་བྱ་སྟེ་མིག་གི་ནད་ཞིའོ།། མགྲིན་པ་ལ་བཅིངས་ན་སྐྱུགས་པ་སེལ ་བར་བྱེད་དོ། ། སྲད་བུ་འདི་ཉིད་ཀྱི་རས་ཡུག་འཐག་ཏུ་གཞུག་པར་བྱའོ།། སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པ་གྱད་ཀྱི་ལུས་ལ་བཅིང་བར་བྱ་སྟེ། གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། ཁྲུ་བཞི་པའི་ཚད ་ཀྱི་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། བཅོམ་ལྡན་འདས་མ་ལ་དྲི་བཟང་པོའི་མེ་ཏོག་གི་མཆོད་པ་བྱས་ནས་པའི་མར་གྱི་སྒྲོན་མེ་དབུལ་བར་བྱའོ།། དེ་ནས་བྱང་ཆུབ་ཤིང་གིས་མེ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག ་པས་ལན་བདུན་མངོན་པར་བསྔགས་པའི་སྲ་རྩི་བོག་གི་སྲེག་བླུགས་ཐུན་གསུམ་དུ་སྟོ་འཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་ལ་གང་འདོད་པ་དེའི་ནད་ཡུན་རིང་པོ་ཉེ་བར་ཞི་བར་བྱེད་དོ།། བགེགས་ཐམས་ཅད ་ཉེ་བར་ཞི་བར་བྱེད་པར་འདོད་པས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་གཉིས་ཀྱིས་བླངས་ནས། རྣམ་པ་སྣ་ཚོགས་པའི་སེང་གེ་དང་སྟག་གི་གདོང་པ་ཅན་གྱི་བགེགས་རྣམས་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བྱའོ།། དེ ་ནས་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་གཙང་མའི་ཕྱོགས་སུ་ཁྲག་སྒྲུབ་པར་བྱེད་པ་ཉེ་བར་ཐོགས་ཏེ་ལས་བརྩམ་པར་བྱའོ། ། དེའི་འོག་ཏུ་ཕྱོགས་བཞིར་རྒྱ་སྐྱེགས་ཀྱི་ལོ་མ་ལ་འདུག་པའི ་བགེགས་རྣམས་གཞག་པར་བྱའོ། ། བགེགས་རྣམས་ཀྱི་དབུས་སུ་བགེགས་ཆེན་པོ་ལོག་པར་འདྲེན་པ་གཞག་པར་བྱའོ།། ལན་ཅིག་མངོན་པར་བསྔགས་པའི་ཚོན་སྣ་ལྔའི་ཕྱེ་མ་དེ་རྣམས་ཀྱིས་ཐོག་མར་དཀྱིལ ་འཁོར་བདུན་བྱའོ། ། མེ་ཏོག་དམར་པོ་དང་དྲི་དམར་པོས་མངོན་པར་མཆོད་པར་བྱའོ།། ཕྱོགས་བཞིར་མར་གྱི་མར་མེ་དབུལ་བར་བྱའོ།། ཕྱོགས་བཞིར་ཤའི་གཏོར་མ་དབུལ་བར་བྱའོ།། རྒྱ་སྐྱེགས་ཀྱི་ཁུ་བ ་ཕྱོགས་བཞིར་གཏོར་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པའམ། བརྒྱད་བརྒྱར་མངོན་པར་བསྔགས་པའི་སྲད་བུ་དམར་པོས་བགེགས་ཐམས་ཅད་ལ་གཡས ་སྐོར་དུ་དཀྲི་བར་བྱའོ། ། དེ་ནས་བགེགས་ཀྱི་རྒྱལ་པོ་ཆེན་པོ་བཅིང་བར་བྱ་སྟེ། དེ་རྣམས་ཀྱི་དབུས་སུ་ཨུ་དུམྦཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་བགེགས་བཅིང་བར་བྱའོ།། ཞེས་བརྗོད་ནས་སྭཱ་ཧཱའི་ཡི ་གེས་བེའུའི་ལྕི་བ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་མཚན་མོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་སྒྲུབ་པ་པོ་དེའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཅིངས་པར་འགྱུར ་རོ། རིག་པ་ཐམས་ཅད་སྒྲུབ་པར་བྱེད་བཞིན་པ་ན་བགེགས་མེད་པར་འགྱུར་རོ།། དེ་རྣམས་ནི་དེ་རྣམས་ཀྱིས་བྱབས་པས་ལོག་པར་འདྲེན་པ་ཆེན་པོ་གཅིག་ཏུ་བཞགས་ནས་བགེགས་རྣམས་ཐམས་ཅད་ལམ ་ཏོག་ཐམས་ཅད་དབུལ་ལོ། ། སྲུང་བ་ཐམས་ཅད་ཀྱང་ངོ་།། འདུག་པ་ནི་ལོག་འདྲེན་ཆེན་པོ་རྣམས་ལ་ཀ་ར་ཝི་ར་དམར་པོ་དང་ཙན་དན་དམར་པོ་དབུལ་ལོ།། བགེག་ཐམས་ཅད་དང་ཉེ་བར་ཆེ་བ་ཐམས་ཅད་ལ ་མཆོད་ཡོན་དབུལ་ལོ། ། ལོག་པར་འདྲེན་པ་དང་བཅས་པ་ལ་གུ་གུལ་དང་མར་བསྲེས་པས་མཆོད་ཡོན་དབུལ་ལོ།། དེ་ནས་ལྟེ་བའི་ཚད་དུ་དོང་བརྐོ་བར་བྱའོ།། དེ་རུ་སོ་སོ་སོ་སོར་བཅུག་ནས་སླར་ཡང་སའི་སར ་བྱའོ། ། དེ་ལྟར་རིག་པ་འཛིན་པའི་བགེགས་ཐམས་ཅད་མེད་པར་འགྱུར་རོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུག ་ཏེ། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཨུ་དུམ་ཝ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ཏེ། ཚངས་མའི་ཡམ་ཤིང་རྣམས་ཀྱིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཀྱིས ་ཤིག། ཉི་མ་བདུན་ཕྲག་གཅིག་གམ། ཉི་མ་བདུན་ཕྲག་གཉིས་སུ་ཙ་རུ་བཟའ་བས་ཡིད་གཞུངས་པར་འགྱུར་རོ།། ཁྲུ་བཞིའི་ཚད་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ ་སྦསླར་ནས་འོ་མའི་སྦྱིན་སྲེག་གྱིས་ཤིག། བྲམ་ཟེ་དབང་དུ་འགྱུར་རོ།། ཙ་རུའི་སྲེག་བླུགས་གྱིས་ཤིག། རྒྱལ་རིགས་དབང་དུ་འགྱུར་རོ།། ཞོའི་སྲེག་བླུགས་གྱིས་ཤིག། རྗེའུ་རིགས་དབང་དུ་འགྱུར་རོ།། ནས་ཀྱི ་སྲེག་བླུགས་ཀྱིས་ཤིག། དམང་རིགས་དབང་དུ་འགྱུར་རོ།། ཐམས་ཅད་དུ་བསྒྲུབ་བྱ་བསྒྲུབ་པའི་དོན་དུ་ཉི་མ་བདུན་ཕྲག་གཅིག་གོ། དགྲལ་བལྟས་ནས་བཟླས་པར་བྱ་སྟེ་རེངས་པར་འགྱུར་རོ།། མཱ་ཤ་ཀའི ་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། གང་ལ་བལྟས་ནས་བཟླས་པ་དེ་ལས་སུ་མི་རུང་བར་འགྱུར་རོ།། ཚུ་ལ་ལན་བདུན་མངོན ་པར་བསྔགས་པས་དུག་ཐམས་ཅད་སེལ་བར་བྱེད་དོ། ། དུག་ཐམས་ཅད་ལ་འདོད་པས་བྱབ་པར་བྱའོ།། ཞུ་མཁན་གྱི་རིལ་བུ་ལ་ལན་བདུན་མངོན་པར་བསྔགས་ནས་མིག་དགང་བར་བྱ་སྟེ། མིག་ནད་ཉེ་བར་ཞི ་བར་བྱེད་དོ། ། བྱིས་པ་གདོན་གྱིས་བོན་པ་ལ་སྲད་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་བཅིང་བར་བྱ་སྟེ། གྲོལ་བར་བྱེད་དོ།། ནད་པ་ལ་བཅིང་བར་བྱ་སྟེ། གདོན་ཐམས་ཅད་མཐུ་མེད་པར་འགྱུརརོ། ་ཐལ་བ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་བཅིང་བའོ།། བུ་མཐོན་པ་ལ་ཏིལ་མར་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ། བདེ་བར་བཙའ་བར་འགྱུར་རོ།། རྨོངས་པས་མངལ་གྱི་དུས་ཚོད་ལ་འདས་པ་ལ ་ཁྲུས་བྱས་ནས་རྒྱུད་མཚུངས་པའི་བའི་མར་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་བཏུང་བར་སྦྱིན་ནོ། ། བཟའ་བ་མཆོག་དང་ལྡན་པ་བཟའ་བར་བྱའོ།། བུ་སྐྱེ་བར་བྱེད་དོ།། དེ་ནས་བུ་མོ་མང་པོ་ཅན་གྱི ་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཐལ་བ་དེ་བུམ་པ་བཞི་ཆུས་ཀུན་ཏུ་བཀང་ནས་བརྒྱད་བརྒྱར་མངོན་པར་བསྔགས་པ་དཀྱིལ་འཁོར་དུ་གསུམ་གཞག་པར་བྱའོ།། སྐལ་བ་བཟང་པོར་འགྱུར་རོ།། ་འདིའི་བུ་འཆི་བའང་མེད་དོ།། ཤུ་དག་ལ་བརྒྱད་བརྒྱར་མངོན་པར་བཟླས་ཏེ་ལག་པ་གཡོན་ལ་བཅིངས་ན་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ།། གཞན་གྱིས་མི་ཐུབ་པའི་མེ་ཏོག་ཐུན་གསུམ་དུ་སྟོང ་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཕྱོགས་གཅིག་ལ་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ།། གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས་མདུད་པ་བདུན་བྱའོ།། ་ལག་པ་ལ་བཅིངས་ན་བརྟན་པ་དང་གཡོ་བའི་དུག་མཐུ་མེད་པར་འགྱུར་རོ།། དེ་ནས་མི་བཟད་པའི་སྦྲུལ་གྱི་མཆེ་བའི་དུག་ལ་སྭཱ་ཧཱའི་ཡི་གེའི་བར་དུ་ཁྱོར་བར་ཆུ་བླངས་ནས་བརྒྱད་བརྒྱར་མངོན་པར་བསྔགས ་ཏེ་བཏུང་བ་སྦྱིན་པར་བྱའོ། ། དྲག་ཉལ་བའང་སྤོང་བར་བྱེད་དོ།། དེ་ནས་མ་ལངས་ན་ཕྱོགས་བཞི་རྣམས་སུ་མངོན་པར་བསྔགས་པ་བྱས་ཏེ་འདུང་བ་སྦྱིན་པར་བྱའོ།། འཇོག ་བོས་ཀྱང་མཆེ་བའི་དྲུག་སློང་བར་བྱེད་དོ། ། སྟན་གནྡྷེ་ཀཱ་ལ་ལན་བདུན་མངོན་པར་བསྔགས་པས་ལ་བྱུག་པ་སྦྱིན་པར་བྱའོ།། མ་བཅིངས་པར་ཡང་དེ་ཉིད་དུ་སྐམ་པར་བྱེད་དོ།། ཚོར་བ་མེད་པར་བྱེད་དོ།། ་ཡམས་ཀྱི་ཉེ་བར་འཚེ་བ་རྣམས་ལ་གྲོང་ངམ་གྲོང་ཁྱེར་གྱི་དབུས་སུ་མཚན་མོ་བྱེད་ནས་བ་ལང་གི་པགས་པའི་ཚད་ཀྱི་ཐང་ལ་ཉེ་བར་བྱུག་པར་བྱ་སྟེ། དཀར་གསུམ་གྱི་གཏོར་མ་བྱིན་ནས་དྲི་དང་མེ་ཏོག་ལ ་སོགས་པའི་གཏོར་མ་བྱིན་ཏེ། འོ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྲེག་ཐུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་གསུམ་གྱིས་གྲོང་གསུམ་གྱི་དང་། ཉི་མ་བདུན་གྱིས་ཁང་པའི ་ལམས་ཉེ་བར་ཞི་བར་བྱེད་དོ། ། དེ་ནས་ཉེ་བར་ཞི་བར་མ་གྱུར་ན་འདིར་ཉི་མ་བདུན་དུ་བད་ཀན་མཐར་བྱེད་ཀྱི་ཡམ་ཤིང་གིས་མེ་སྦར་ནས། ཨཀྵའི་ཏིལ་མར་གྱིས་བཏགས་པའི་འབྲས་ཡོས་སྟོང་ཕྲག་བརྒྱད ་སྦྱིན་སྲེག་གྱིས་ཤིག། ཉི་མ་གསུམ་ལ་འཕྲུལ་གྱི་ཁམས་རབ་ཏུ་ཞི་བར་བྱེད་དོ།། ཐལ་བས་འགྲམ་བཅིངས་ཏེ་ཐོས་བཞིན་པས་གང་མཐོང་བ་དེ་དགའ་བར་འགྱུར་རོ།། གང་མ་བསྒྲུབས་པར་ཡང་བཅོམ ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རས་རིས་ཀྱི་སྤྱན་སྔར་འགྱུར་རོ། ། ཆོ་ག་གཞན་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཟླ་བ་ཉ་ལ་གཟུགས་བརྙན་ལ་དང་པོར་ནག ་། པོའི་ཕྱོགས་ལ་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། ཨརྐའི་ཡམས་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་ཐུན་གསུམ་དུ་མཛུབ་མོའི་ཚད་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཇི་སྲིད་བཅོ་ལྔ ་པའི་བར་དུ་གྱིས་ཤིག། དེ་ནས་གྲུབ་པར་འགྱུར་རོ།། དེ་ལྟ་བུའི་སྦྱོར་བས་སྟོང་ཕྲག་གསུམ་དུ་བཟླས་པར་བྱའོ།། སྟོང་ཕྲག་གསུམ་དུ་བཟླས་པ་བྱ་སྟེ་ལས་གཞན་རྣམས་སུ་འགྱུར་རོ།། འདིས་སྔོན་དུ་བསྙེན ་པ་བྱས་པས་གྲུབ་པར་འགྱུར་རོ། ། དེ་ནས་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་ན། བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་བྱང་ཆུབ་ཤིང་གི་ཡམ་ཤིང་ལ་ཨིངྐུ་དའི་ཏིལ་མར་གྱིས ་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་ལ་དབང་དུ་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་གྲུལ་བུམ་དབང་དུ་འགྱུར་རོ།། ཏིལ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག ་གྱིས་ཤིག། འབྱུང་པོ་དབང་དུ་འགྱུར་རོ།། དུར་ཁྲོད་དུ་རོ་བསྲེགས་པའི་དུམ་བུ་ཅན་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཤ་ཟ་དབང་དུ་འགྱུར་རོ།། ཝ་ཊའི་ཤིང་གི་ཡམ་ཤིང་སྟོང་ཕྲག་བརྒྱད ་སྦྱིན་སྲེག་གྱིས་ཤིག། གནོད་སྦྱིན་དབང་དུ་འགྱུར་རོ།། བལ་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། འོ་ཐུག་དང་། ཙ་རུ་དང་། ཏིལ་གྱི་ཐུག་པ་རྣམས་ཀྱི་སྦྱིན་སྲེག་གྱིས་ཤིག། རིགས ་བཞི་དབང་དུ་བྱེད་ཅིང་དབང་དུ་འགྱུར་རོ། ། གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ལྷ་ཆེན་པོའི་རྗེས་སུ་འབྲང་བའི་གདོན་དབང་དུ་འགྱུར་རོ།། མཚན་མ་གཙང་མར་ལངས་ནས ་སྟོང་ཕྲག་བརྒྱད་སྦྱིན་སྲེག་དང་བཟླས་པ་གྱིས་ཤིག། ཕྱོགས་གཅིག་ལ་འཆིང་བ་ལས་གྲོལ་བར་བྱེད་དོ།། ཟླ་བས་འཆིང་བ་ཆེན་པོ་ལས་གྲོལ་བར་བྱེད་དོ།། ཏིལ་དང་པིརྦྷ་ཀའི ་སྦྱིན་སྲེག་གིས་ཁྲོ་བ་ཉེ་བར་ཞི་བར་བྱེད་དོ། ། ཡང་ན་ཏིལ་གྱི་སྦྱིན་སྲེག་གིས་སོ།། གོས་འདོད་པས་ངུར་བའི་མྱུ་གུའི་སྦྱིན་སྲེད་གྱིས་ཤིག། གོས་ཟུང་བརྒྱ་རྙེད་དོ།། ཐུན་མོང་བའི་སྐྱེས་བུ་དབང་དུ་བྱེད ་པ་ལ་གོ་བེ་རཾ་གྱི་སྦྱིན་སྲེག་གྱིས་ཤིག། སྦྲང་བུ་མཆུ་རིངས་ཀྱི་མཆུ་བཅིང་བ་ལ་ས་མཱིའི་འདབ་མའི་སྦྱིན་སྲེག་གྱིས་ཤིག། སྟག་གི་མཆུ་བཅིང་བ་ལ་གི་རི་ཀརྞི་ཀའི་སྦྱིན་སྲེག་གྱིས་ཤིག། སེང་གེའི ་མཆུ་བཅིང་བ་ལ་སིཾ་ཧ་ཀརྞི་ཀའི་སྦྱིན་སྲེག་གྱིས་ཤིག། སྦྲུལ་རྣམས་ལ་ན་ག་གེ་སར་གྱི་སྦྱིན་སྲེག་གྱིས་ཤིག། ཞི་བའི་དོན་དུ་སཱ་མིའི་ལོ་མ་དང་འོ་མ་ཅན་གྱི་ཡམ་ཤིང་གིས་ཇི་ལྟར་མངོན་པར་འདོད་པའི ་དོན་ཐམས་ཅད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་ཐུན་གསུམ་དུ་ཉི་མ་བདུན་ནམ་ཟླ་བ་ཕྱེད་དུ་སྦྱིན་སྲེག་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ལུས་དང་བྱང་ཆུབ་སེམས་དཔའ་རྣམས་ལ ་མཆོད་པ་བྱས་ནས་འབུམ་བཟླས་པར་བྱའོ། ། མ་གྲུབ་པ་སྒྲུབ་པར་བྱེད་དོ།། གཞན་གྱིས་བསྒྲུབས་པའང་རྣམ་པར་འཇོམས་པར་བྱེད་དོ།། ཀླུ་ལ་སོགས་པའི་གདོན་རྣམས་ལ་ཕྱོགས་བཅིང་བ་དང་། དཀྱིལ ་འཁོར་བཅིང་བ་ལ་སོགས་པ་བཟླས་པ་ཉིད་ཀྱིས་བྱེད་དོ། ། མཚན་མོ་བདུན་དུ་ཐུན་གསུམ་དུ་ཆེར་མའི་སྦྱིན་སྲེག་གྱིས་ཤིག། དགྲ་བཅོམ་པར་བྱེད་དོ།། ནིམ་པའི་ཡམ་ཤིང་ཚ་བའི་ཏིལ་མར་གྱིས་བཏགས ་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མཚན་མོ་བདུན་གྱིས་སྐྱེ་བར་འགྱུར་རོ།། སྒྲ་ལས་ཁྱད་པར་དུ་ཕུང་བར་བྱེད་པ་ལ་ཨ་རིཥྚའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། སྐྱེས་པའི ་ཤ་དང་སྨྱོ་བྱེད་ལ་རྟག་ཏུ་བཟླས་པར་བྱ་སྟེ། ཐམས་ཅད་དུ་ཕྱིར་ལྡོག་པར་མི་འགྱུར་རོ།། གིའུ་ཝང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཐིག་ལེ་བྱས་ཏེ་རྒྱལ་པོའི་སྒོ་རུ་དང་། ཤུ་དག་ལ་སྟོང་ཕྲག ་བརྒྱད་མངོན་པར་བསྔགས་པར་བྱས་ནས་ལག་པ་ལ་བཅིངས་ནས་གང་བླངས་པ་དེ་རྙེད་དོ། ། གདོན་འབྲོས་པར་འདོད་པས་མིའི་རུས་པ་བླངས་ནས་སོར་བརྒྱད་པའི་ཚད་བྱས་ནས་བརྒྱད་བརྒྱར་མངོན ་པར་བསྔགས་པ་གདོན་གྱི་གནས་སུ་གདབ་པར་བྱ་སྟེ། གདོན་འབྲོས་པར་བྱེད་དོ།། མེ་ཏོག་དང་། དྲི་དང་། འབྲས་བུ་ལ་སོགས་པ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་གང་ལ་བྱིན་པ་དེ་དབང ་དུ་བྱེད་དོ། ། རིག་པས་བགེགས་རྣམ་པར་གཞོམ་པའི་དོན་དུ་སེང་ལྡེང་གི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་གསུམ་ནས་བགེགས་མེད་པར་འགྱུར་རོ།། དེ་ལྟ་བུ་ལ་སོགས་པའི་ལས ་ཐམས་ཅད་བྱེད་དོ། ། ཐམས་ཅད་དུ་གསོ་སྦྱོང་ཅན་གྱིས་རས་རོས་ཀྱི་སྤྱན་སྔར་བསྒྲུབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། སྟོང་ཕྲག་བླངས་ནས་གཡས་ཀྱི་གཞོགས་སུ་གཞག་སྟེ་རེ་རེ་ལ ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་མེ་ལ་སྦྱིན་སྲེག་བྱའོ། ། བར་སྐབས་འདིར་རས་རིས་རབ་ཏུ་འགུལ་བར་བྱེད་པ་དང་། མར་མེའི་རྩེ་མོ་འཕེལ་བར་བྱེད་པ་དང་། ནམ་མཁའ་ལ་ལྷའི་རྔ ་ངོ་ཆེའི་སྒྲ་སྒྲོག་པ་དང་། དྲི་ཞིམ་པོའི་རླུང་ལྡང་བ་དང་། ས་རབ་ཏུ་གཡོ་བའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན།། བྱང་ཆུབ་སེམས ་དཔའ་དང་རིག་པའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། རིལ་བ་སྤྱི་བླུགས་དང་། དབྱུག་གུའི་ཤིང་དང་། གཡང་གཞི་ནག་པོ་ཐོགས་པ། རལ་པའི་ཅོད་པན་འཕྱང་བ་འབྱོན་པར་བྱེད་དོ།། འཕགས ་བསྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འོད་ཟེར་བྱུང་སྟེ། རྣམ་པར་འཕྲོ་བའི་འོད་ཟེར་དེ་རྣམས་ཀྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཐམས་ཅད་ཡུད་ཙམ་གྱི་ཚོར་བ་ལས ་ཉམས་སོ། ། རང་ཉིད་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ།། སྒྲུབ་པ་པོ་པུས་མོ་གཉིས་བཙུགས་པས ་ཤར་དུ་གཞག་པའི་རྣམ་རྒྱལ་གྱི་བུམ་པས་མཆོད་ཡོན་དབུལ་ལོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་ཅི་འདོད་པ་དེ་སྦྱིན་པར་བྱེད་དོ།། གང་བླངས་པ་དེ ་རྙེད་དོ། ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཉིད་དང་། རྒྱལ་སྲིད་ཆེན་པོ་དང་། ཚེ་རིང་པོ་ཉིད་དང་། ཐོས་པ་འཛིན་པ་ཉིད་དང་། ལུས་ལ་དབང་པོ་མ་ཚང་བ་མེད་པ་ཉིད་དང་། གསོ་དཀའ་བའི ་ནད་འཇོམས་པའམ། གཏེར་འཕོ་བར་བྱེད་དོ།། ཕུག་ཏུ་འཇུག་པར་བྱེད་པ་དང་། རིག་པ་ཐམས་ཅད་ཀྱི་དངོས་གྲུབ་དང་། མི་སྣང་བ་ཉིད་དང་། ས་ཆེན་པོའི་དབང་ཕྱུག་གམ། གང་བླངས་པ་དེ ་རྙེད་དོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་འདོད་པ་དེར་ཡང་འགྲོའོ།། འདིས་ཚེ་བསྐལ་པར་འགྱུར་རོ།། དེའི་ཚེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ ་པར་བྱེད་པ་ནི་རིག་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དང་། མང་དུ་འདོད་པ་དང་། ཐོགས་པ་མེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མོ་འམ་ཅི་ཐམས་ཅད་ཀྱིས་མངོན་པར་འདོད་པ་སྒྲུབ་པ་བདུན་པ་ལ་མཚམས་མེད་པ་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ།། ཞེས་པ་དེ་ལྟ་བུ་ཁོ་ནས་ཀུན་ཏུ་རྟོགས་པར་བྱའོ།། ཞེས་པ་སྒྲུབ ་པ་ཆེན་པོ་དང་པོའི་ཆོ་ག་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བ་དང་པོ་ལས་བཏུས་པ་རྫོགས་སོ། ། །། རས་རིས་ཞལ་ཤར་དུ་ཕྱོགས་པར་བཞག་ནས། དེ་ནས་ཆོ ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བརྒྱད་པ་འམ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་བཅུ་པ་ལ་ལས་བརྩམ་པར་བྱ་སྟེ། ལོ་མ་དང་། ནས་ཟན་དང་། མེ་ཏོག་དང་། འབྲས་བུ་དང་། ཙ་མྲ་དང་། འདབ་མ་དང་། ་ཞོ་དང་། འོ་མ་དང་། ཕྱེ་དང་། དྲིའི་བཟའ་བའམ། སློང་མོ་བླངས་པའི་བཟའ་བས་ཀྱང་རུང་སྟེ། གསོ་སྦྱོང་ཅན་གྱིས་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་དེ། སེམས་ཅན་རྣམས་ཀྱི་དོན་རྗེས་སུ་བསམས་ནས་ཉི་མ་སོ་སོར་འཕེལ་བཞིན་པའི་མཆོད་པ་བྱེད་ཅིང་། ཀུ་ཤ་བཏིང་བའི་མལ་སྟན་ལ་ཁྲུས་ལན་གསུམ་བྱེད་ཅིང་། གོས་ལན་གསུམ ་དུ་བརྗེས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས། ཉི་མ་རེ་རེ་ལ་ཇི་ལྟར་འབྱོར་པས་འཕེལ་བར་བྱེད་བཞིན་པས་སློང་མོ་བཟའ་བར་བྱའོ།། རྐང་པ་གཡོན་པས་བཟོད་པ་ལ་སོགས ་པ་བྱེད་ཅིང་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། ། དེ་ལྟར་སྔོན་དུ་བསྙེན་པ་བྱས་པས་དཀར་པོའི་བརྒྱད་པའམ་བཅུ་བཞི་པ་ལ་སྒྲུབ་པ་བརྩམ་པར་བྱ་སྟེ། དགེ་སློང་གི་དགེ་འདུན་འདྲ་བ་རྣམས་ཀྱིས་བཙལ་བར་བྱའོ།། ་། དེ་ནས་རས་རིས་ཀྱི་ཕྱོགས་བཞིར་ས་ལས་བྱུང་བ་བུམ་པ་རྩ་བ་དང་ནག་པོ་མེད་པ་བཞི་བཅུ་དང་བཅས་པ། ཨ་མྲའི་ཡལ་འདབ་ཀྱིས་ཁ་བཀབ་པ། ས་བོན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་གཞག ་པར་བྱའོ། ། རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ལ་ཟངས་དང་། གསེར་དང་། དངུལ་ལས་བྱུང་བ་འམ། ས་ལས་བྱུང་བའི་བུམ་པ་ཆེན་པོ་རྣམ་པ་སྣ་ཚོགས་པའི་འདབ་མ་དང་འཁྲི་ཤིང་གིས་སྤྲས་པ། ་དག་པའི་ཆུས་ཡོངས་སུ་གང་བ། སྨྲ་བ་ཐམས་ཅད་དང་། སྨན་ཐམས་ཅད་དང་། རོ་དང་། དྲི་དང་། རིན་པོ་ཆེའི་སྙིང་པོ་མེ་ཏོག་གི་བོན་པོས་ཁ་བཀབ་པ། དུ་གུ་ལའི་རས་མ་ཉམས་པས་མགྲིན་པ་བཅིངས་པ ་རྣམ་པར་རྒྱལ་བ་ཞེས་བྱ་བའི་བུམ་པ་གཞག་པར་བྱའོ། ། རས་རིས་ཀྱི་གཡོན་གྱི་གཞོགས་སུ་གནས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཞག་པར་བྱའོ།། དེ་ནས་དྲི་ཞིམ་པོའི་མེ་ཏོག་གི ་འཕྲེང་བ་བཅུ་དྲུག་རས་རིས་ལ་དབུལ་བར་བྱའོ། ། མདུན་དུ་དྲི་བཟང་པོའི་ཙན་དན་གྱི་ཆུས་ཡོངས་སུ་བཀང་བ་དང་། འོ་མས་བཀང་བའི་བརྒྱད་པོ་དེ་རྣམས་སོ།། བའི་མར་གྱི་མར་མེ་བརྒྱད་དབུལ་བར་བྱའོ།། ་ཙཱ་རུ་དང་། འོ་ཐུག་དང་། ཏིལ་གྱི་ཐུག་པ་དང་། ཟན་དྲོན་དང་། པཎྜ་ཀ་དང་། བཅའ་བར་བྱ་བ་རྣམས་ཀྱིས་ཁམ་ཕོར་བཀང་ནས་རས་རིས་ཀྱི་ཕྱོགས་བཞིར་དབུལ་བར་བྱའོ།། ཐམས་ཅད་དུ་རས་རིས་ལ་བྲོས ་པའི་ལྷ་རྣམས་ལ་དཀར་གསུམ་གྱི་གཏོར་མ་དང་། ལྷ་བཤོས་དང་། ཕྱི་རོལ་དུ་གཏོར་མ་དབུལ་བར་བྱའོ།། དེ་ནས་འབྲུ་ཐམས་ཅད་དང་འབྲས་བུ་ཐམས་ཅད་ཇི་ལྟར་རྙེད་པས་རས་རིས་ཀྱི་ཕྱོགས་བཞིར ་གཏོར་མ་དབུལ་ལོ། ། ཨ་ཀ་རུ་ནག་པོའི་བདུག་སྤོས་དབུལ་བར་བྱའོ།། དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཡིད་རྩེ་གཅིག་པས་ཕྱོགས་སུ་ལས་བརྩམ་པར་བྱའོ།། འོ་མ་ཅན་གྱི་ཤིང་གི་ཡམ་ཤིང ་གིས་མེ་རབ་ཏུ་སྦར་ནས། ཨ་ཀ་རུ་ནག་པོའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྤྲིན་སྲེག་གྱིས་ཤིག། སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གཟིགས་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེའང་ཏིང་ངེ་འཛིན་ལས་ལངས་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་ལྷའི་སྤྱན་གྱིས་ཀུན་ཏུ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་མཐུ་ཆེན་ཐོབ་ལ་སྨྲས་པ། རིགས་ཀྱི་བུ་ཉོན་ཅིག། རིག་པའི་རྒྱལ་མོ་ཆེན་མོ་མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྱུར་བ། རྗེས་སུ་དྲན་པ་ཙམ་གྱིས་བདག་ཉིད་སྲུང་བ་ལ་ལན་ཅིག་བརྗོད་པས ་གཙུག་བུད་བཅིང་བ། གཉིས་བཟླས་པས་སྲུང་བ་ཆེན་མོ་དང་། གསུམ་བཟླས་པས་དཀྱིལ་འཁོར་བཅིང་བ་དང་། བཞི་བཟླས་པས་མཆུ་བཅིང་བ་དང་། ལྔ་བཟླས་པས་རྐང་གཉིས་པ་དང་རྐང་བཞི་པ་སྲུང ་ཞིང་དབང་དུ་བྱེད་པ་དང་། བཅུ་དྲུག་བཟླས་པས་དུར་ཁྲོད་དུ་འཇུག་པ་དང་། བདུན་འཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ཞི་བ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན ་སྔར་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཨ་རིཥྚ་དང་འོ་མ་ཅན་གྱི་ཤིང་གཽ་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས། འཐས་ཡོས་ཀྱི་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་གསུམ་ལ ་གཅིག་གི་དང་། བདུན་གྱིས་སྐྱེ་བོ་ཆེན་པོ་དང་། ཕྱོགས་ཀྱི་གྲོང་དང་། གྲོང་ཁྱེར་གྱི་དང་། ཟླ་བས་ཡུལ་འཁོར་ཆེན་པོ་ཞི་བར་འགྱུར་རོ།། རྒྱས་པར་འདོད་ན་རས་རོས་ཀྱི་སྤྱན་སྔར་འོ་མ་ཅན་གྱི་ཡམ ་ཤིང་གིས་མེ་རབ་ཏུ་སྦར་ནས་འབྲུ་དང་འཟས་ཐུག་པོ་ཆེ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། ཉི་མ་བདུན་ཕྲག་གསུམ་གྱིས་རྒྱས་པར་འགྱུར་རོ།། ཉི་མ་བདུན་གྱིས་རྒྱས་པ་ཆེན་པོར ་འགྱུར་རོ། ། ཨ་མྲའི་ཡམ་ཤིང་གིས་མེ་རབ་ཏུ་སྦྱར་ནས་ངུར་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། སྨྲ་བ་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ།། ཉི་མ་ཤར་བ་ནས་ཇི་སྲིད་ནུབ་ཀྱི་བར་དུ ་ཨརྐའི་ཤིང་གི་མེ་ལ་མིང་ནས་སྨོས་ཏེ་ལག་པ་གཡོན་པས་ལན་བདུན་དུ་ཕུབ་མའི་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་བརྒྱ་པ་དང་། ་ཤ་ཏ་བ་རི་དང་། ཤུ་དག་དཀར་པོ་དང་། ཡུངས་ཀར་དང་། ནས་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་ལན་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་དབང་དུ་བྱེད་དོ།། ་མར་གྱི་སྦྱིན་སྲེག་གིས་རྐང་གཉིས་པ་དང་རྐང་བཞི་པ་དབང་དུ་བྱེད་དོ།། རྒྱལ་པོའི་ཨརྐའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཚ་བའི་ཏིལ་མར་གྱིས་བཏགས་པའི་རྒྱ་སྐྱེགས་ཀྱི་ལོ་མ་སྟོང་ཕྲག་བརྒྱད་སྦྱིན ་སྲེག་གྱིས་ཤིག། ཉི་མ་བདུན་ལ་དམག་སྡེ་འཇིག་པར་བྱེད་དོ།། སེང་ལྡེང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཀུ་ཤ་ལྗང་ཁུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཕྱོགས་ཀྱི་དགྲའི་འགྲོ་བ་གཅོད ་པར་བྱེད་དོ། ། འོ་མ་ཅན་གྱི་ཡ་མ་ཤིང་གིས་མེ་རབ་ཏུ་སྦར་ནས་ལྷའི་ཤིང་གི་ཡམ་ཤིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཟླ་བ་གཅིག་ལ་འོག་གི་ལྷ་མོ་རྣམས་དབང་དུ་བྱེད་དོ།། ་ཙ་རུ་བཟའ་ཞིང་ཀླུའི་ཤིང་གིས་མེ་རབ་ཏུ་སྦར་ནས་ན་ག་གེ་སར་ལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་སོ་སོར་འཕེལ་བཞིན་པའི་མཆོད་པ་བྱ་སྟེ། ཉི་མ ་བདུན་ནམ་ཟླ་བ་གཅིག་ལ་སྟེང་དུ་འགྲོ་བའི་ལྷ་མོ་རྣམས་དབང་དུ་བྱེད་དོ། ། ཙ་རུ་བཟའ་ཞིང་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཡུངས ་ཀར་རྒྱལ་པོའི་སྲེག་བླུགས་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། ཉི་མ་གསུམ་ལ་རྒྱལ་པོའི་བཙུན་མོ་དབང་དུ་བྱེད་དོ།། གང་སྨྲས་པ་དེ་ཐམས་ཅད་རྫོགས་པར་བྱེད་དོ།། འདོད་པས་ཉེ་བར་གཞག་པ ་ནི་མ་གཏོགས་སོ། ། བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཨ་མྲའི་འདབ་མ་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཁྱིམ་གྱི་གནོད་པ་ཉེ་བར་ཞི་བར་བྱེད་དོ།། རས་རིས་ཀྱི ་སྤྱན་སྔར་མདའ་རྒྱང་གི་ཚད་ཀྱི་ཐང་ལ་ཉེ་བར་བྱུགས་ཏེ། ནས་ཀྱི་རིལ་བུ་སྟོང་ཕྲག་བརྒྱད་ལ་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་བསྔགས་པའི་མཚོན་རྣོན་པོས ་གཏུབ་ཅིང་གཏུབ་ཅིང་སྲེག་ཐུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། ཇི་སྲིད་རྐང་པའི་བར་དུ་མིང་ནས་སྨོས་ནས་ཁུ་ཚུར་བཅིངས་ཏེ་བདུག་པའི་སྟེང་དུ་ལག་པས་དབུལ་ལོ།། དེ་ནས་ཁྱིམ་མེད ་བར་ཀུན་ཏུ་སྣང་བའི་ཆེད་དུ་རྟོགས་པར་བྱའོ། ། དེའི་མདུན་དུ་ཁུ་ཚུར་དགྲོལ་བར་བྱ་སྟེ། ཞི་བ་ཉིད་དབང་དུ་འགྱུར་རོ།། དེ་ལྟར་ཉི་མ་གསུམ་ལ་འབ་ངས་ཉིད་ཀྱིས་ཉེ་བར་གནས་སོ།། ཨ་རིཥྚའི་ཡམ ་ཤིང་གོས་མ་རབ་ཏུ་སྦར་ནས་ཤིང་ཏཱ་ར་བརྟའི་ཞོགས་མ་རྣམས་ལ་ལན་བདུན་བཟླས་པས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཕྱོགས་ཀྱི་བཟའ་བ་རྒྱུན་མི་འཆད་པར་སྐྱེའོ།། པཱ་ལ་ཤའི ་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཨ་པ་མརྒའི་ཡམ་ཤིང་མར་གྱིས་བཏགས་པ་ཐུན་གསུམ་དུ་མིང་ནས་སྨོས་ཏེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་ལ་གང་འདོད་པ་དེ་དབང་དུ་འགྱུར་རོ།། བ ་བྱུང་གི་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་བསྔགས་པ་བྱས་པའི་མཚོན་རྣོན་པོས་མགོ་བོ་ནས་བརྩམས་ནས། རྐང་པའི་བར་དུ་གཏུབས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་ལ ་ངརྒྱལ་ཆེན་པོ་དབང་དུ་འགྱུར་རོ། ། དཀར་པོའི་བཅོ་ལྔ་ལ་ས་ལམ་ལྷུང་བའི་བ་བྱུང་གིས་བ་ལང་གི་བགས་པའི་ཚད་ཀྱི་ཐང་ལ་ཉེ་བར་བྱུགས་ཏེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས ་ནས་གསེར་རམ། དངུལ་ལམ། ཟངས་ཀྱི་སྣོད་དུ་སེར་སྐྱ་རྒྱུད་མཚུངས་པའི་བའི་འོ་མ་གཞོན་ནུ་མས་བསྲུབས་པའི་མར་བླངས་ནས་ཀུ་ཤའི་ཁྲེ་ས་ལ་ཉེ་བར་འདུག་སྟེ། ཨ་ཤྭཏྠའི་འདབ་མའི་ནང་ལ་སྣོད ་བྱས་ནས་གཡས་སུ་བསྐོར་བ་བཞི་རུ་རབ་ཏུ་བཞག་ནས། ལག་པ་གཡོན་པས་མནན་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པ་བྱའོ།། ཉི་མ་བདུན་པ་ལ་ལག་པ་གཡས་པའི་མིང་མེད་ཀྱི་སོར་མོས ་དཀྲུགས་ཏེ་ཇི་སྲིད་དུ་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་བཏུང་བར་བྱ་སྟེ་གོ་ཆ་བཙང་བའང་བཅོམ་ལྡན་འདས་མ་ཉིད་ཀྱིས་བྱའོ།། ཡིད་གཞུངས་པར་འགྱུར་རོ།། རལ་པ་གྱེན་བརྫེས་ཀྱི་རྒྱུད ་། ཕྱི་མར་ཟླ་བའི་ཆོ་གའི་ཉེ་བར་སྤྱོད་པའོ།། ། སྒྲོལ་མའི་སྒྲུབ་ཐབས་ཀྱི་རིག་པ་ཐམས་ཅད་ལ་ས་ལ་མ་ལྷུང་བའི་སེར་སྐྱའི་བ་བྱུང་གིས་གཙང་མའི་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་པ་བྱའོ།། ་བ་བྱུང་དེས་ཡང་དག་པར་རྫོགས་པར་བྱ་སྟེ། དཀྱིལ་འཁོར་དེར་སངས་རྒྱས་ཀྱི་གཟུགས་བརྙན་གཞག་པར་བྱའོ།། དེའི་ཡང་གཞོགས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་གཞག་པར་བྱའོ།། དེ་ནས་བིལ་བའི ་མགོ་བོའི་འདབ་མ་རྣམས་བྱས་ནས། ཏིལ་དང་། ཏིལ་གྱི་ཐུག་པ་དང་། ཏིལ་མར་དང་། སྨྱོ་བྱེད་དང་། འོ་ཐུག་དང་། བུ་རམ་དང་། གང་བ་ཅན་དང་། ནས་ཟན་བཟའ་སྟེ། མ་རྙེད་པས་ཨ་ཀ་རུའི ་བདུག་པ་སྲེག་གོ། དེར་ལྷོ་དང་ནུབ་ཏུ་འང་ཕྱོགས་བཞིར་སྔར་བརྗོད་པའི་གནོད་སྦྱིན་མོ་རྣམས་ཀྱི་མཽང་སྨོས་ནས་བརྗོད་པར་བྱའོ།། འོངས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་སོ ་སོར་བཞེས་པ་དང་། འདི་ལྟ་བུའི་མིང་གི་རིག་པ་བཟླས་སོ།། དེར་བུ་རམ་དང་། གང་བ་དང་། འོ་ཐུག་ཀྱང་ཤར་གྱི་ཕྱོགས་སུ་གཞག་པར་བྱའོ།། དྲི་ཟ་རྣམས་ལ་གཏོར་མ་དང་། ་ཏིལ་དང་། ཏིལ་གྱི་ཐུག་པ་དང་། ཆང་གིས་བཀང་བ་ཅན་ལྷོའི་ཕྱོགས་སུ་གཞག་པར་བྱའོ།། གནོད་སྦྱིན་དང་གྲུལ་བུམ་རྣམས་ལ་གཏོར་མའོ་མས་བཀང་དང་། འོ་ཐུག་ནུབ་ཀྱི་ཕྱོགས་སུ་གཞག་པར་བྱའོ།། ་ཀླུ་དང་འདབ་བཟང་རྣམས་ལ་གཏོར་མ་རྩབ་མོས་བཀང་བ་དང་། ཞོས་བཀང་བ་དང་། ཟན་ཡང་བྱང་གི་ཕྱོགས་སུ་གཞག་པར་བྱའོ།། གནོད་སྦྱིན་མོ་རྣམས་ལ་གཏོར་མ་དང་། དར་བས་བཀང་བ་དང་། ་ཆུ་དང་བསྲེས་པའོ།། བཅོམ་ལྡན་འདས་མ་ལ་དཀར་གསུམ་གྱི་གཏོར་མ་ཕུལ་ནས་མེ་ཏོག་ཐམས་ཅད་ཀྱིས་ཀྱང་མཆོད་པར་བྱའོ།། དེའི་ཕྱོགས་བཞིར་གུ་གུལ་གྱི་བདུག་པ་དབུལ་ལོ།། ཨ་ཀ་རུ་དང་། ་ཏུརུ་སྐ་དང་། ག་པུར་རམ། དྲིའི་སར་ཛཱ་རའི་གཏོར་མ་འམ། བན་དྲོན་དང་ཕྱེ་ཕྱོགས་བཞིར་གཞག་པར་བྱའོ།། ཡོད་བཞིན་པ་མ་ཡིན་པས་ཇི་ལྟར་འབྱོར་པ་དང་། ཇི་ལྟར་ཡོད་པའི་གཏོར་མ་དབུལ་བར ་བྱའོ། ། བཅོམ་ལྡན་འདས་མལའང་མར་གྱི་མར་མེ་དབུལ་ལོ།། དེ་ནས་མྱུར་དུ་རིལ་བ་སྤྱི་བླུགས་གཡས་ཀྱི་གཞོགས་སུ་གཞག་པར་བྱའོ།། རས་རིས་སམ། བདུན་པའམ། ཀུ་ཤ་བླངས་ནས་ལན ་བདུན་མངོན་པར་བསྔགས་པ་བྱས་ནས། ཁ་ཤར་དུ་ཕྱོགས་ཏེ་རིག་པ་བཞི་ལན་ཉི་ཤུ་རྩ་གཅིག་ཏུ་བོར་བར་བྱའོ།། བརྒྱད་བརྒྱར་མཚོན་ལས་རྒྱལ་བར་འགྱུར་རོ།། དེའི་མིང་ནས་སྨོས་པ་ཉིད་ཀྱིས་དུས ་སུམ་དུ་བཟླས་པར་བྱའོ། ། དེ་ནས་མཚུངས་པར་འདོར་བཞིན་པ་བྱས་པ་ལ་བཅོམ་ལྡན་འདས་ལ་གང་མེ་ཏོག་དང་། བདུག་པ་དང་། མར་མེའང་དོར་ནས་རྣམ་པ་གཞན་གྱི་གཏོར་མ་ཐམས་ཅད་བླངས ་ཏ་འཕང་བར་བྱའོ། ། རྫིང་སྐམ་པོ་འམ་ཁྲོན་པར་གཞུག་པར་བྱའོ།། ཡང་ན་གཞན་གཙང་མའི་ཕྱོགས་བླ་ག་བ་དང་བཅས་པར་ཡང་རུང་སྟེ་རྣམ་པར་དོར་བར་བྱའོ།། གང་དུ་ཝ་དང་། ཅེ་སྤྱང་དང་། ཁྱི ་རྣམས་ཀྱིས་མི་ཟ་བར་རོ། ། རྐང་པ་དག་ཀྱང་རུང་སྟེ། མནན་པར་མི་བྱའོ།། ཡང་ན་མས་ལེགས་པར་བསྲེག་པར་བྱ་བ་ཉིད་དོ།། དཀྱིལ་འཁོར་གྱི་སྒྲུབ་པ་ཐམས་ཅད་ལའང་གཏོར་མ་གཤེགས་པའི ་། ཆོ་གའོ།། ཕྱི་ནས་ཟླ་བ་ལས་བྱུང་བའི་དཀྱིལ་འཁོར་ཕྱོགས་སུ་ལྔ་བྱས་པ་ཞེས་པ་བརྟགས་པ་མ་ཡིན་པ་ལ། སངས་རྒྱས་ཀྱི་གཟུགས་བརྙན་བྱས་ནས་རང་གི་གནས་སུ་གཞག་པར་བྱའོ།། འདི་རྣམས ་བྱབ་པའི་ཐབས་སོ། ། ཆོ་ག་གཞན་ནི་ཐམས་ཅད་དུ་རྫོགས་པའི་རིག་པ་དང་སྙིང་པོ་ལས་ཆེན་པོ་ཐམས་ཅད་ཇི་སྲིད་པར་དེ་བཞིན་ཁོ་ནར་ས་ལ་མ་ལྷུང་བའི་བ་སེར་སྐྱའི་བ་བྱུང་གིས་སྔར་བརྗོད་པའི་ཚོགས ་། དཀྱིལ་འཁོར་བྱས་ནས། དེ་བཞིན་ཁོ་ནས་གཏོར་མ་གཞག་པར་བྱའོ།། བདུག་པ་དང་མེ་ཏོག་ཀྱང་ཇི་སྐད་གསུངས་པ་བཞིན་ཕུལ་ནས་བྱབ་པར་བྱའོ།། སྲད་བུ་བཅིང་བར་བྱའོ།། བདག་ཉིད་བསྲུང་བར ་བྱའོ། ། གང་ཞིག་ལས་ཆེན་པོར་རྒྱས་པར་བྱེད་པར་འདོད་པས་ཆོ་ག་དེ་ཉིད་ཀྱིས་བསྒྲུབ་པར་བྱའོ།། སྔ་མ་ཁོ་ན་དེ་སྲིད་དུའོ།། ཇི་ལྟར་རྙེད་པའི་གོས་སྒྲ་དང་བྲལ་བ་ལ་སངས་རྒྱས་ཀྱི་གཟུགས་བརྙན་མ ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། ། གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་པ་དེའི་གཡོན་གྱི་གཞོགས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར ་གཞུག་པར་བྱའོ། ། ཕྱག་བཞི་པ་གི་ཧཾ་གི་དཔལ་བེའུ་བྱའོ།། ཇི་སྲིད་དུ་བསྒྲུབ་པར་བྱ་བའི་རིག་པ་དེའང་དེའི་དབུས་སུ་རྒྱ་སྐྱེགས་ཀྱི་མདོག་ཏུ་སྣང་བ་གུར་ཀུམ་གྱིས་བྲི་བར་བྱའོ།། དཔྲལ་བར ་ཡང་རུང་སྟེ། གསེར་ལས་བྱུང་བའི་དར་ཐོད་བྱའོ།། བྱང་ཆུབ་སེམས་དཔའི་གཡས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་གསེར་དང་སྔོ་བསངས། ན་བཟའ་དཀར་པོ་མནབས་པ། མཆོད ་ཕྱིར་ཐོགས་པ་ཅན། ཨུཏྤལ་སྔོན་པོ་ཕྱག་ན་ཐོགས་པ། གཡས་པས་མཆོག་སྦྱིན་པ། དེའི་གཡས་སུ་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་ཕྱག་བཞི་པའོ།། རྨ་བྱ་ཆེན་མོའི་བར་དུ་རྨ་བྱའི་རྒྱལ་པོ ་གསེར་དུ་སྣང་བ་ཞེས་བྱ་བ་གསེར་ལས་བྱུང་བའི་གཤོག་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། ། རིག་པ་རྨ་བྱ་ཆེན་མོ་ནི་དཀར་ཞིང་དག་པ་འདྲར་གཞུག་པར་བྱའོ།། འདིའི་གཡས་ཀྱི ་ཕྱོགས་སུ་འཛམ་བུའི་གླིང་རྩེ་མོ་གསུམ་པ། ཤིང་རྟའི་གདོང་གི་རྣམ་པའོ།། ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཟླུམ་པོར་འདྲིར་གཞུག་པར་བྱའོ།། བྱང་གི་ཕྱོགས་སུ་བྱང་སྒྲ་མི་སྙན་གྱི་གླིང་གྲུ་བཞི ་མཉམས་པ་བྱའོ། ། ཤར་དུ་ལུས་འཕགས་པོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟའི་བདག་པོ་འཁོར་དང་བཅས་པའིའདྲིར་གཞུག་པར་བྱའོ།། འཛམ་བུའི་གླིང་གི་གཞོགས་སུ་རྒྱལ་པོ་ཆེན་པོ་འཕགས ་སྐྱེས་པོ་གྲུལ་བུམ་གྱི་བདག་པོ་བྱའོ། ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གཞོགས་སུ་རྒྱལ་པོ་ཆེན་པོ་མིག་མི་བཟང་ཀླུ་རྣམས་ཀྱི་བདག་པོ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྟེང་དུ་གསེར་གྱི་སྟན་ལ་གོས་དཀར་པོ་ཅན་བ་ལང ་གི་མིག་ཅན་བྱའོ། ། འཕགས་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་གཞོགས་སུ་ཐལ་མོ་སྦྱར་བ་བྱས་པ་པུས་མོ་གཉིས་ས་ལ་བཙུགས་པ་བྱའོ།། གཡས་ཀྱི་གཞོགས་ཀྱི་གཅིག་གི་རྒྱབ་ཏུ་ཕྱག་ན་རྡོ་རྗེ ་། ཕྱག་ན་རྔ་ཡབ་ཐོགས་པ་བྱའོ།། སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཁོར་ཡུག་ཐམས་ཅད་དུ་མེ་ཏོག་དང་འབྲས་བུ་ཕྲ་མོ་རྣམས་སོ།། སངས་རྒྱས་ཀྱི་ཤར་གྱི་ཕྱོགས་སུ་ཤར་གྱི་ལུས་འཕགས་ཀྱི་གླིང་ངོ་།། ་བྱང་གི་སྒྲ་མི་སྙན་གྱི་གླིང་གི་གཞོགས་སུ་རྒྱལ་པོ་ཆེན་པོ་ངལ་སོས་པོ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་འཁོར་དང་བཅས་པ་འདྲིར་གཞུག་པར་བྱའོ།། དེ་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཚངས ་པར་སྤྱོད་པ་བསྙེན་གནས་ཡན་ལག་བརྒྱད་པ་དང་། འོ་མ་དང་ཟན་བཟའ་ཞིང་དུས་གསུམ་དུ་ཀུན་དུ་རུའི་བདུག་པ་སྲེག་ཅིང་རས་རིས་དེ་ལ་རིག་པ་ལན་ཉི་ཤུ་རྩ་གཅིག་ཏུ་བརྗོད་པར་བྱའོ།། འདི་སྐད་ཅེས ་བརྗོད་པར་བྱ་སྟེ། རིག་པའི་དངོས་གྲུབ་བདག་ལ་གྱུར་ཅིག། ཉི་མ་ཕྱི་མ་གསུམ་ལ་གསོ་སྦྱོང་ལ་གནས་པ་ཉིད་ཀྱིས་བཅོ་ལྔ་ལ་དགའ་བར་བྱའོ།། དཀར་པོའི་ཕྱོགས་ལ་ས་བོན་བཏགས་པ་ལས་ཁང ་བཔ་ཅན་གྱིས་ཉེ་བར་སྦྱར་བ་དང་། བྲམ་ཟེ་གཞོན་ནུས་བཀལ་བའི་སྲད་བུ་དང་། གཞོན་ནུ་མས་བྱས་པ་ཉེ་བར་བླངས་ཏེ། སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཞབས་ཀྱི་དྲུང་དུ་བྱའོ།། ལྕགས་ལྔ་རྒྱ་ཤུག ་གི་ཚིག་གུའི་ཚད་ཀྱི་གསེར་དང་། དངུལ་དང་། ཟངས་དང་། ཚོན་མོ་སྟེ་ནག་པོ་དང་། ལྕགས་རྣམས་སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཞབས་དྲུང་དུ་གཞག་པར་བྱའོ།། རིག ་བ་གྲུབ་པ་ལ་ལྕགས་དེ་རྣམས་ལ་དབུལ་བར་བྱའོ། ། ཡང་ན་སངས་རྒྱས་ལ་མཆོད་པའི་ལས་རྣམས་སོ།། དེ་ནས་ས་ལ་མ་ལྷུང་བའི་བ་བྱུང་བ་སེར་སྐྱ་ལས་བྱུང་བས་བ་ལང་གི་པགས་པའི་རྣམ་པ་ཤར་དུ ་མགོ་བོ་བསྟན་པར་ཉེ་བར་བྱུགས་ནས། ཁའི་རྩ་བར་ཤར་གྱི་ལུས་འཕགས་ཀྱི་གླིང་ཟླུམ་པོ་བྱའོ།། ལྷོའི་རྐང་པ་གཉིས་སུ་འཛམ་བུའི་གླིང་ཟུར་གསུམ་པ། ལྷོ་ནུབ་ཏུ་རས་རིས་ཀྱི་སྤྱན་སྔར་ནུབ་པ ་ལང་སྤྱོད་ཀྱི་གླིང་ཟླུམ་པོ་བྱའོ། ། ནུབ་ཀྱི་རྐང་པའི་མདུན་དུ་བྱང་སྒྲ་མི་སྙན་གྱི་གླིང་གྲུ་བཞི་མཉམ་པའོ།། ངག་སྦྱིན་གྱི་ཕྱོགས་སུ་སངས་རྒྱས་ཀྱི་གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་པ་གཞག་པར་བྱའོ།། དེའི ་གཡོན་གྱི་གཞོགས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་འདྲིར་གཞུག་པར་བྱའོ། ། རི་མོར་བྱས་པས་སམ། ས་ལས་བྱུང་བ་གཞག་པར་བྱའོ།། དེ་ནས་སངས་རྒྱས་ལ་གུས་པ་དང་བཅས་པས་དྲི་དང་མེ ་ཏོག་ལ་སོགས་པ་སེར་པོ་ཇི་ལྟ་བ་དང་། ཚད་མེད་པའི་མར་གྱི་མར་མེ་རྣམས་དབུལ་བར་བྱའོ།། བཅོམ་ལྡན་འདས་མའི་སྤྱན་སྔར་མར་གྱི་མར་མེ་དབུལ་བར་བྱའོ།། གླིང་བཞི་པ་རྣམས་སུ་སྦྲང་རྩིས ་བཀང་བ་དང་། མར་གྱི་མར་མེ་འམ། ཏིལ་མར་གྱི་མར་མེ་དབུལ་བར་བྱའོ།། ཤར་གྱི་ཕྱོགས་སུ་ཙན་དན་བཏགས་པའི་བདུག་པ་དྲི་ཟ་རྣམས་ལ་དབུལ་བར་བྱའོ།། བུ་རམ་གྱིས་བཀང་བ་དང་། ཕྱེའི ་སྐྱོ་མ་དང་། འོ་ཐུག་རྣམས་ལྷོའི་ཕྱོགས་སུ་བདུག་པ་དང་། འབྲས་ཡོས་དང་། ཡུངས་ཀར་དང་། ཏིལ་དང་། འབྲས་ཐུག་པོ་ཆེ་རྣམས་བསྲེས་པ་དང་། ཏིལ་གྱི་ཐུག་པ་དང་། ཆང་གིས་བཀང་བའང ་གྲུལ་བུམ་རྣམས་ལ་དབུལ་བར་བྱའོ། ། ནུབ་ཀྱི་ཕྱོགས་སུ་མར་དང་གུ་གུལ་གྱི་བདུག་པ་དབུལ་ཞིང་། འོ་མས་བཀང་བ་དང་འོ་ཐུག་རྣམས་ཀྱང་ཀླུ་དང་འདབ་བཟངས་རྣམས་ལ་གཏོར་མ་དབུལ་བར་བྱའོ།། ་བྱང་གི་ཕྱོགས་སུ་ཀུན་ཏུ་རུའི་བདུག་པ་དང་། རྩ་བ་མོ་དང་། ཞོ་ཟན་ཡང་གནོད་སྦྱིན་རྣམས་ལ་དབུལ་བར་བྱའོ།། ཀུན་ཏུ་རུ་ཀ་མ་རྙེད་ན་ཙན་དན་བཏགས་པའམ། སྲ་རྩི་པོག་ཀྱང་རུང་ངོ་།། ཕྱེའི་སྐྱོ་མ ་དང་སྦྲང་རྩིས་བཀང་བའང་ཕྱོགས་བཞིར་རབ་ཏུ་གྲགས་ཤིང་། ཇི་སྐད་བརྗོད་པའི་ཡུལ་འཁོར་སྲུང་ལ་སོགས་པའི་བཟའ་བ་ཤེས་པའི་གནས་ཀྱིས་བརྟགས་པར་བྱས་པ། ཆུ་ཀླུང་འཁྱིལ་པས་བཀང་བའི ་བུམ་པ་རེ་རེ་འབྲུ་དང་། ཇི་ལྟར་རྙེད་པའི་རྒྱ་ཤུག་དང་། ཨུ་དུམ་བ་ར་དང་། ཁརྫུ་ར་དང་། རྒུན་འབྲུམ་ལ་སོགས་པ་རྣམས་དབུལ་བར་བྱའོ།། ས་བོན་ཐམས་ཅད་ཀྱང་ཉུང་ངུ་ཉུང་ངུ་ལྷག་མ་དང་བཅས་པ ་བྱའོ། ། དེ་ལ་གལ་ཏེ་རིག་པ་བསྒྲུབ་པར་བྱ་བཞིན་པ་ལ་ཤར་གྱི་ཕྱོགས་སུ་ཅེ་སྤྱང་མོའི་སྒྲ་གྲགས་པར་གྱུར་ན། དེ་ལ་གནས་ནས་འདས་པས་ཤར་གྱི་ཕྱོགས་གང་ཡིན་པར་གཏོར་མ་ལྷག་མ་དང་བཅས་པར ་གཞག་སྟེ། རྟག་ཏུ་གཏོར་བར་བྱའོ།། གལ་ཏེ་ལྷོའི་ཕྱོགས་སུ་གཏོར་མ་ལྷག་མ་དང་བཅས་པ་བཞག་པ་ཅན་གྱིས་གནས་དེར་འཇིགས་པ་འཇིགས་པས་གཏོར་བར་བྱའོ།། དེ་བཞིན་དུ་ནུབ་དང་བྱང་གི ་ཕྱོགས་སུ་གཏོར་བར་བྱ་སྟེ། འདི་ནི་ཡོངས་སུ་སྤྱོད་པ་པོས་བྱའོ།། རིག་པ་སྒྲུབ་པ་པོས་རིག་པ་ཀུན་ཏུ་སྒྲུབ་པ་ལ་དྲང་བར་བྱའོ།། རིག་པ་འཛིན་པའི་སྔ་མའི་རྩ་བར་ཁཱ་ཤར ་དུ་ཕྱོགས་ཏེ་ཀུ་ཤ་བླངས་ནས་ཉེ་བར་འདུག་ཅིང་། ཉེ་བར་འདུག་ནས་རིག་པ་འཛིན་པས་གླིང་བཞི་རྣམས་ཀྱི་ཕྱི་རོལ་དུ་ཕྱོགས་བཞིར་ཁོར་ཡུག་གི་རོའི་ངོས་བཞི་ལ་ཟླུམ་པོ་སེར་སྐྱའི་བ་བྱུང་དེ་ཉིད་ཀྱིས ་བྱའོ། ། བླངས་ནས་ཉེ་བར་འདུག་པ་དེའི་སྟན་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་བར་དུ་སོལ་བ་དང་། འབྱུང་དང་། པཱ་ལ་ཤ་ལས་བྱུང་བ་རྣམས་གཞག་པར་བྱའོ།། ལྷག་མ་ལ་སོགས་པའང ་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། བསྒྲུབ་པར་བྱ་བར་བསྒོམས་ཏེ་དང་པོར་མཚོན་ཆ་དང་། དེ་ནས་ཡོངས་སུ་བཟླས་པའི་སྭཱ་ཧཱའི་མཐར་རབ་ཏུ་གཞུག་པར་བྱའོ།། ས་མཱིའི་ཡམ་ཤིང་དང་ཨརྐ ་མ་རྙེད་ན་ཨུ་དུམ་བ་ར་དང་། པཱ་ལ་ཤ་དང་། ཨ་བ་མཱརྒ་དང་། གཞན་གང་ཡང་རུང་བ་ཀུན་ནས་སྲེག་ཏུ་གཞུག་པར་བྱའོ།། དེ་ནས་གཞོན་ནུ་མས་བཀལ་བའི་སྲད་བུ་གང་ཡིན་པ་དེ་ལ་སྔགས་འདིས་མིང་ནས ་། སྨོས་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ནི་སྭཱཧཱ། སྔགས་འདི་བརྒྱད་བརྒྱར་བཟླས་ལ་མདུད་པ་བརྒྱད་བྱས་ཏེ་རཀྵ་སྭཱ་ཧཱ ་ཞེས་བྱའོ། ། སྲད་བུ་དེ་བདག་ཉིད་སྲུང་བའི་དོན་དུ་བདག་ཉིད་ཀྱི་ལག་པ་ལ་བཅིང་བར་བྱའོ།། སངས་རྒྱས་དེ་དང་དེ་དུས་གྲུབ་པ་ལ་ལྷག་མ་སྲད་བུ་དང་། ས་བོན་ལ་སོགས་པ་རྣམས་བླངས་ནས་ཡོངས་སུ་སྤྱོད་པ ་པོས་ལྷའི་ཁང་པ་ནམ་མཁའ་ལ་གཞག་པར་བྱའོ། ། ལྷ་མཆོད་པས་མཆོད་པར་བྱའོ།། དེ་ནས་ནད་པ་རྣམས་ཀྱིས་ལྷུང་བཟེད་དུ་བཟའ་བ་དང་བཏུང་བ་ལ་སོགས་པ་རྣམས་དབུལ་བར་བྱའོ།། ལྷག་མ་ཡིད ་ཀྱིས་བགོས་ཏེ་ཆུ་ཀླུང་དུ་རབ་ཏུ་ཐུགས་པར་བྱའོ། ། རྫིང་སྐམ་པོའམ། ཁྲོན་པའམ། བླ་གབ་ཅན་གྱི་ས་ཕྱོགས་སུ་ས་ལ་བསྐོར་བར་བྱའོ།། མེས་ལེགས་པར་བསྲེགས་པར་བྱའོ།། གང་ལ་ལ་བཅོམ་ལྡན ་འདས་མ་སྒྲོལ་མ་སྒྲུབ་པར་འདོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདིས་དང་པོ་ཁོ་ནར་བྱང་ཆུབ་ཀྱི་སེམས་ལྷན་ཅིག་བསྐྱེད་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་ཀྱང ་བྱང་ཆུབ་ཆེན་པོའི་མཆོག་གི་དངོས་གྲུབ་ཀྱི་གནས་སོ། ། དེ་ལ་སངས་རྒྱས་ཞེས་བྱ་བ་ནི་རིག་པ་འགོག་པ་དང་། རིག་པ་སྐྱེ་བ་སྟེ། དེའི་ཕྱིར་དེ་ལ་རིག་པ་བསྒྲུབ་པར་བྱ་སྟེ། དེ་ལ་བགེགས་བྱེད་པར་མི་ནུས་སོ།། ་ཐོག་མ་ཁོ་ནར་གཞན་དུ་རིག་པ་སྒྲུབ་པར་བྱེད་པའི་དུས་ནི་ས་གའི་ཟླ་བའི་བཅོ་ལྔ་ཉའམ། དབོའམ། ཆུ་སྟོད་དམ། སྨིན་དྲུག་གི་དཀར་པོའི་བཅོ་ལྔ་ལ་རྣམ་པ་གང་དུའང་རུང་སྟེ། གང་དུ་འདོད་པ་དེར་བསྒྲུབ ་པར་བྱའོ། ། དབྱར་དང་མཚན་མོ་སྤངས་ཏེ། སློབ་མ་འོངས་པའང་དབྱར་རིག་པ་བསྒྲུབ་པར་མི་བྱའོ།། དཀྱིལ་འཁོར་གསར་པ་བྲིས་ནས་ཞི་བའི་སྒྲུབ་པ་འདི་བྱའོ།། གང་ཞིག་དྲག་པོ་སྒྲུབ་པར་བྱེད་པར ་འདོད་པ་དེ་རྣམ་པ་འདིས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་ཉེ་བར་བླངས་ཏེ། ནག་པོའི་བཅུ་བཞི་པ་ལ་སྔགས་འདིས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ ་ཡ་མ་ཧཱ་ཀ་རུ་ཏི་ཀཱ་ཡ། ཨོཾ་བེད་བིད་སྭཱ་ཧཱ། སྔགས་འདིས་སྔོན་དུ་སྲད་བུ་དམར་པོ་བཅིངས་ཏེ་དུར་ཁྲོད་དུ་བ་ལང་གི་པགས་པའི་རྣམ་པར་སེར་སྐྱའི་བ་བྱུང་གིས་ཉེ་བར་བྱུགས་པ ་བྱས་ནས། དེ་བཞིན་ཁོ་ནར་གཏོར་མའི་ཆོ་གས་འབྱུང་པོ་གཞན་རྣམས་ལ་གཏོར་མ་སྣ་ཚོགས་བྱའོ།། ཡོངས་སུ་སྤྱོད་པར་བྱེད་པ་པོ་བཞིས་མཚོན་ཆ་དང་བཅས་པའི་རྣམ་པས་ཡམ་ཤིང་སྲེག་ཏུ་གཞུག ་པར་བྱའོ། ། སྲད་བུ་ལ་མདུད་པ་བརྒྱད་བརྒྱ་བྱས་ནས་བདག་ཉིད་སྲུང་བའི་དོན་དུ་བཅིང་བར་བྱའོ།། སངས་རྒྱས་དེས་འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། ཚངས་པའི་སྲིན་པོ་ལ་སོགས་པ་རྣམས་དབང ་དུ་འགྱུར་རོ། ། རིག་པ་གྲུབ་པ་ན་དེ་བཞིན་ཁོ་ནར་གཏོར་མའི་ཆོ་ག་གཤེགས་སུ་གསོལ་ལོ།། རིག་པ་སྒྲུབ་པ་ཐམས་ཅད་ལ་གང་རིག་པ་སྒྲུབ་པར་བྱེད་པར་འདོད་པ་དེས་མཚན་མོ་གཙང་མས་གཙང་མར་གྱུར ་བའི་གོས་བགོས་ཏེ། རང་བསྒྲུབ་པར་བྱ་བར་འགྱུར་རོ།། ཀུན་ཏུ་རུ་འམ་ཨ་ཀ་རུ་ནག་པོའི་འདུག་པ་སྲེག་ཅིང་ཁ་ཤར་དུ་ཕྱོགས་པས་ལན་བཅུར་བརྗོད་པར་བྱའོ།། འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ་བཅོམ་ལྡན་འདས་མ་རང་ཉིད་བྱོན་ནས་མེ་ཏོག་དང་གཏོར་མའང་སོ་སོར་བཞེས་ནས་བདག་གི་བྱ་བ་འདི་མཛོད་ཅིག་ཅེས་སོ།། དེ་བཞིན་དུ་ལྷོ་ཤར་དུ་ཁ་ཕྱོགས་པས་དང་། ལྷོ་ནུབ་དང་། ནུབ་བྱང་དང་། ་བྱང་ཤར་དང་། སྟེང་དང་། འོག་ཏུའང་བརྗོད་པར་བྱ་བར་འགྱུར་རོ།། རང་ཉིད་ཀྱིས་བྱོན་ཏེ་འདུག་པ་དང་། མེ་ཏོག་ལ་སོགས་པ་དང་། མར་མེ་སོ་སོར་བ་ཞེས་ནས་བདག་གི་བྱ་བའང་བྱའོ་ཞེས་སོ།། ་ཕྱིར་ཞིང་ཐོ་རངས་ཞི་བའང་ལན་བདུན་ནམ། བཅུར་དེ་བཞིན་ཉིད་དུ་ཕྱོགས་བཅུ་རྣམས་སུ་སྤྱན་དྲང་བར་བྱ་བར་འགྱུར་རོ།། བྱོན་པ་དང་བདུག་སྤོས་ལ་སོགས་པའང་དབུལ་བར་བྱའོ།། སླར་ཡང་ཉིན་མོ ་རྣམ་པར་མནན་ཏེ་གཏོར་མའི་ལས་ཐམས་ཅད་བྱས་ནས་ཀུ་ཤ་བླངས་ཏེ་ཉེ་བར་འདུག་པར་འདོད་པས་དེ་བཞིན་ཉིད་དུ་ཕྱོགས་བཅུར་སྤྱན་དྲང་བར་བྱའོ། ། བཅོམ་ལྡན་འདས་མ་བྱོན་པ་དང་། དྲི་དང་མེ ་ཏོག་ལ་སོགས་པའང་བཞེས་ཏེ་བདག་གི་བྱ་བའང་མཛོད་ཅིག་ཅེས་སོ། ། དེ་ནས་ཀུ་ཤ་བླངས་ཏེ་ཉེ་བར་འདུག་སྟེ་ཇི་སྐད་བཤད་པའི་བསྒྲུབ་པ་བྱའོ།། རིག་པ་སྒྲུབ་པ་ལ་མཚན་མ་འདི་རྣམས་འབྱུང་སྟེ། ་རིག་པའི་ཆེད་དུ་རྨི་ལམ་མཐོང་བ་ནི་གླང་པོ་ཆེ་དང་། རྟ་དང་། ལྷའི་ཁྱིམ་དང་། ཁང་བཟང་མཐོང་བ་དང་། འཛེགས་པ་དང་། རིག་པའི་དངོས་གྲུབ་ཀྱི་མཚན་ཉིད་རྣམས་ཀྱང་རྟ་མཐོང་བས་རླུང་གི ་བྱ་བའི་དངོས་གྲུབ་གྲུབ་བོ། ། དེ་བཞིན་དུ་མ་དང་། ཕ་དང་། མེས་པོ་དང་། ཡང་མེས་དང་། རྒྱལ་པོ་ཆེན་པོ་དང་། བུ་མོ་རྒྱན་གྱིས་བརྒྱན་པ་མཐོང་བ་དང་། གོས་དཀར་པོ་བགོ་བ་དང་། ཟན་དང་། ་བ་གླང་དང་། ཟམ་ཟེ་གཞོན་ནུ་དང་། གསེར་དང་། རླན་དང་། རྨ་བྱ་དང་། ཤ་དང་། ཉ་དང་། འོ་མ་དང་། ཞོ་དང་། མར་གྱི་གཏོར་མའི་ལས་ལ་སོགས་པ་རྣམས་འཇུག་བཞིན་པས་ནོན ་པར་སྨྲ་བ་རྣམས་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་མཐོང་ན་ཇི་ལྟ་བར་ལྡན་པའོ།། དེ་ནས་སོ་ཀ་དང་དབྱར་ཉེ་བར་མ་མཐོང་བ་དང་། བརླན་ལ་གནས་པའི་ནས་དང་གྲོ་རྣམས་མཐོང་ན ་ཕྱིན་ཅི་ལོག་གི་དུས་ཀྱི་ཆར་པ་དང་། ཇི་ལྟར་རབ་ཏུ་བསྔགས་པའི་ཞི་བ་འདོད་པ་ནི་བུམ་པ་གང་བ་དང་། འོ་མ་དང་། ཞོ་དང་། མར་དང་། མེ་ཏོག་དང་། འབྲས་བུ་རྣམ ་མཐོང་ན་རབ་ཏུ་འཇུག་པར་བྱ་བཞིན་པ་འདི་རྣམས་ནི་མཆོག་ལས་སོ། ། བ་ལང་དང་། བྲམ་ཟེ་དང་། གཞོན་ནུ་དང་། གསེར་དང་། རྨ་བྱ་ལ་སོགས་པ་རྣམས་མཐོང་བ་དང་བལྟས་ནས་དངོས་གྲུབ་པོ ་ཞེས་རིག་པ་ལས་རིག་པ་ཐམས་ཅད་སྒྲུབ་པའི་བྱ་བ་རྣམས་ལ་ལས་རྣམས་བརྩམ་པར་བྱའོ། ། ཕྱིན་ཅི་ལོག་འདི་རྣམས་མཐོང་ནགཉིད་མི་ལོག་སྟེ། རྨི་ལམ་དུ་སྡིག་པ་དང་། བོང་བུ་དང་། རྔ་མོ་དང་། ཕག་དང ་སྤྲེའུ་དང་། བྱ་རོག་དང་། འུག་པ་དང་། བྱ་རྒོད་ཐམས་ཅད་དང་། བྱི་བ་དང་། བྱི་ལ་དང་། དཔྱིད་དང་། གཅེར་བུ་དང་། པི་ཏ་རུ་ཀྵ་དང་། སྣོད་སྟོང་པ་དང་། ཤིང་སྐམ་པོ་དང་། དུར་ཁྲོད་ཀྱི་སོལ་བ་དང་། ཆུ་ཀླུང ་བསྐམས་པ་དང་། ལོག་པར་འཛིན་པ་རྣམས་ཏེ། མི་ཤིས་པ་མཐོང་ན་རིག་པ་མི་འགྲུབ་བོ།། བྱ་བ་ཐམས་ཅད་ལ་བགེགས་འབྱུང་བར་འགྱུར་རོ།། དེ་ལ་སྔགས་འདི་བགེགས་ཐམས་ཅད་ལ་རབ་ཏུ་སྦྱར ་བར་བྱའོ། ། ཨོཾ་བཛྲ་ཁུ་ར་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། སྔགས་འདི་ནི་རྟ་མགྲིན་ཞེས་བྱ་བ་ཁྲོ་བོའི་རྒྱལ་པོ་སྟེ། སྔགས་འདི་ལྷག་པར་གནས་པས་བདག་ཉིད་བསྲུང་བ་བྱས་པ་དང་། གང་དུ་ལས་ཐམས་ཅད་སྒྲུབ ་བ་ལ་འཇིགས་པ་མི་འབྱུང་ངོ་། ། དེ་ནས་རིམས་རྣམས་དང་། བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་བྱབས་པ་དང་། སྲད་བུ་བཅིང་བར་བྱ་སྟེ། དུག་བྱབ་པའང་ཇི་སྲིད་དུ་རིག་པ་ལན་ཅིག་བཟླས་པས་འགྲུབ ་པར་བྱེད་དོ། ། དེ་ལ་བུམ་པ་ལ་འདྲིར་གཞུག་པར་བྱ་སྟེ། གཞོན་ནུ་མས་བཀལ་བའི་སྲད་བུ་གཙོ་བོའི་སྔགས་ཀྱིས་མདུད་པ་བརྒྱད་བརྒྱ་བྱས་ནས་བུམ་པ་དེ་ལ་བཅིང་བར་བྱའོ།། རིག་པ་དེ་དངོས་གྲུབ་དང་དངོས ་གྲུབ་མེད་པར་སྟོན་པར་བྱེད་དོ། ། ཉི་མ་གཉིས་པ་ལ་མདུད་པ་ཐམས་ཅད་དགྲོལ་བར་བྱའོ།། རྣམ་པ་གཞན་དུ་ན་རིག་པས་བཅིངས་ཏེ་མ་གྲོལ་བཞིན་པ་དོན་མེད་པར་བྱེད་པ་དེ་ལྟ་བུ་ལ་སོགས་པ་སྔགས་དེས ་ལས་བཅོ་བརྒྱད་དུ་འགྱུར་རོ། ། འདི་ནི་ལྷག་པར་གནས་པ་ཐམས་ཅད་དང་སྔགས་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ཏེ། དེ་ལ་རིག་པའི་སྔགས་ཀྱི་སྦྱོར་བའི་ཁྱད་པར་བརྗོད་པར་བྱ་སྟེ། གང་དུ་བསྒྲུབ་པར་བྱ ་བཞིན་པའི་སྐྱེས་བུ་ལ་མཐོང་བ་སྦྱིན་པར་བྱེད་དེ། དེ་ལ་སྐྱེས་བུའི་ལྷག་པའི་ལྷ་དེ་སྐྱེས་བུ་ལ་ཉེ་བར་གནས་པར་རྟོག་པར་བྱེད་དེ། སྔགས་དེ་གང་གིས་བསྒྲུབ་པར་བྱ་བཞིན་པ་ལ་བུད་མེད་མཐོང་བ་སྦྱིན་པར་བྱེད་དོ།། ་ལྷག་པའི་ལྷ་དེ་ཉེ་བར་གནས་པར་རྟོག་པར་བྱེད་དོ།། འདི་ནི་རིག་པའི་སྔགས་ཀྱི་ཁྱད་པར་རོ།། ། སྔགས་འདིའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་དཀྱིལ་འཁོར་གྲུབཞི་པ་ཉེ་བར་བྱུགས་ཏེ། དེའི་དབུས ་སུ་སངས་རྒྱས་ཀྱི་གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་པར་བཞུགས་ནས། དེའི་གཡོན་གྱི་ཕྱོགས་སུ་བཅོམ་ལྡན་འདས་མ་གཞག་པར་བྱའོ།། གཡོན་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནོ།། དེ་ནས་མྱུར་དུ་ཤར་དུ ་མངོན་པར་ཕྱོགས་པས་གནས་ནས་ཀུ་ཤ་བླངས་ཏེ། བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ལ་དྲི་དང་མར་མེ་ལ་སོགས་པས་མཆོད་པ་བྱས་ནས། ཨ་ཀ་རུ་དང་། ཏུ་རུ་ཀའི་བདུག་པ་བསྲེག་ཏེ། གཏོར་མ་ཐོབ་པའང ་སྦས་པའི་ཕྱོགས་བཞི་རྣམས་སུ་ཕུལ་ནས། སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྤྱན་སྔར་ཀུ་ཤ་བླངས་ནས་ཉེ་བར་འདུག་སྟེ། ནད་ཐམས་ཅད་ལ་ཁྱད་པར་དུ་བྱབ་པར་བྱའོ།། ནད་ཐམས ་ཅད་རྣམ་པར་ཐིམ་ཞིང་གྲོལ་བར་འགྱུར་རོ། ། ཉི་མ་བདུན་པའི་ཐོ་རངས་སམ་མཚན་མོ་གསུམ་ལའོ།། སྒྲོལ་མའི་རྒྱུད་དེ་ཐམས་ཅད་ཀྱི་ཆོ་ག་འཁོར་དང་བཅས་པ་འཆད་པར་བྱེད་དོ།། རྒྱ་མཚོ་དང་། རི་བོ་དང་། ་དུར་ཁྲོད་རྣམས་སུ་སོ་སོར་གནས་པའི་དགེ་སློང་མ་གཞན་གང་ལ་ལས་བདག་ཉིད་སྲུང་བའི་དོན་དུ་བཟླས་པ་དབུལ་བར་བྱའོ།། ཤ་ཟ་བའི་གནོད་སྦྱིན་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་འཇིགས་པ་མི ་འབྱུང་ངོ་། ། དེ་ལ་ཤར་གྱི་ཕྱོགས་སུ་འགྲོ་བར་འདོད་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་དེར་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་ཕུལ་ནས། བདག་ཉིད་སྲུང་བའི་དོན་དུ་ལན་ཉི་ཤུ་རྩ་བདུན ་བཟླས་པ་དབུལ་བར་བྱའོ། ། དེ་བཞིན་དུ་མཚན་མོའི་དུས་ལ་བབ་པ་ན་ལམ་དུ་བཟླས་པས་བཟླས་པ་དབུལ་བར་བྱའོ།། རྟག་ཏུ་ཡིད་ལ་བྱའོ།། སྲད་བུའང་བདག་ཉིད་ལ་བཅིང་བར་བྱའོ།། སྔར་བརྗོད་པ་དེ ་རྣམས་ཀྱིས་ཀྱང་ལན་བདུན་མངོན་པར་བསྔགས་པས་བྲིས་པར་འགྱུར་རོ། ། དེ་བཞིན་དུ་སྙིང་པོར་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་ཀུ་ཤས་བྱབ་པར་བྱའོ།། སྔར་བརྗོད་པ་དེ་རྣམས་ཀྱིས་ཀྱང ་རིག་པ་བདུན་པོ་དེ་རྣམས་ཀྱིས་སོ། ། དེ་བཞིན་དུ་ལྷོའི་ཕྱོགས་སུ་འགྲོ་བར་འདོད་པས་བདུག་པ་དང་མེ་ཏོག་ཕུལ་ནས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པ་དབུལ་བར་བྱའོ།། དེ་བཞིན་དུ་གྲུལ་བུམ་གྱི་གདོན ་རྣམས་ལ་སྔར་བརྗོད་པའི་ཆོ་གས་བྱབ་པར་བྱའོ། ། སྲད་བུའང་བཅིང་བར་བྱ་སྟེ་ཞི་བར་འགྱུར་རོ།། དེ་བཞིན་དུ་ནུབ་ཀྱི་ཕྱོགས་སུ་འགྲོ་བར་འདོད་པས་དེ་བཞིན་དུ་ཀླུ་དང་འདབ་བཟང་གི་གདོན་རྣམས་ལ་སྔར ་བརྗོད་པས་བྱབ་པར་བྱའོ། ། སྔར་བརྗོད་པའི་ཆོ་གས་སོ།། དེ་ཞིན་དུ་བྱང་གི་ཕྱོགས་སུ་འགྲོ་བར་འདོད་པས་དེ་བཞིན་དུ་གནོད་སྦྱིན་གྱི་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་སོ།། དེ་བཞིན་དུ་ཕྱོགས་བྲལ ་རྣམས་སུའང་ངོ་། ། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གིས། སླར་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་རྣམས་ལ་སྨྲས་པ། གྲོགས་པོ་ཁྱེད་རྣམས་ཉོན་ཅིག། དེ་བཞིན་གཤེགས་པའི ་གཟུགས་མཚན་ཐམས་ཅད་རྫོགས་པའི་དེ་བཞིན་གཤེགས་པའི་སྐུ་མཐོང་ནས་གཡས་པས་མཆོག་སྦྱིན་པ་དང་། ཆོས་སྟོན་པར་མཛད་བཞིན་པ་འམ། མི་འཇིགས་པ་རབ་ཏུ་སྦྱིན་པའོ།། དར་རིག ་པ་བསྒྲུབ་པར་བྱའོ། ། མངོན་སྤྱོད་ཅན་ནི་བསྒྲུབ་པར་མི་བྱ་སྟེ། སྒྲོལ་མས་ནོན་པའི་ཁྲོ་བོ་དང་ཉེ་བར་བསྒྲུབ་པར་བྱའོ།། ཇི་སྲིད་རལ་གཅིག་མའི་མདུན་ནམ་ཕྱག་ན་རྡོ་རྗེ་དང་ཉེ་བར་རོ།། ཁྲོ་བོའི་མཚན ་ཉིད་ཀྱང་འཆད་པར་བྱེད་དོ། ། མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་སྣུམ་ཞིང་སྔོ་བསངས་སྔར་བརྗོད་པའི་རྣམ་པ་ལས་ཞི་བའི་གཟུགས་ཅན་གྱི་མདུན་དུ་རིག་པ་གཞན་ཡང་བསྒྲུབ་པར་བྱའོ།། མངོན ་སྤྱོད་ཅན་གྱི་རྣམ་པར་འགྱུར་བའི་གཟུགས་ཅན་དུ་བྱའོ། ། ཞི་བ་ཅན་དང་རྒྱས་པ་ཅན་ནི་ཞི་བའི་གཟུགས་ཅན་ནོ།། གང་དུ་སྒྲུབ་པ་པོ་མངོན་པར་ཕྱོགས་ནས་བལྟས་པ་དེར་བསྒྲུབ་པར་བྱའོ།། རལ་པ་གྱེན་བརྫེས ་སུ་བརྗོད་པའི་རིག་པ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྗེས་སུ་གནང་བའང་བུད་མེད་གང་ཡིན་པའི་བུད་མེད་དེའི་མཚན་ཉིད་དང་། གཟུགས་དང་། ཆ་བྱད་འཆང་བར་བྱའོ།། སྐྱེས ་པ་ཡོད་ན་སྐྱེས་པའི་མཚན་ཉིད་དང་ཡང་དག་པར་ལྡན་པར་གྱུར་པ། སྐྱེས་པའི་རྒྱན་གྱིས་བརྒྱན་པར་བྱས་པ། ལག་ཆ་དང་བཅས་པ་ཅི་འདྲ་བ་འམ། སྔར་བརྗོད་པ་དེ་འདྲ་བ་བྱའོ།། ཕྱིན་ཅི་ལོག་གི་གཟུགས་ཀྱིས ་དངོས་གྲུབ་མི་འབྱུང་ངོ་། ། ཇི་སྲིད་དུ་ལྷ་དྲག་པོ་དེའི་ཉེ་ལོགས་སུ་དེ་བཞིན་གཤེགས་པ་གཞག་པར་བྱའོ།། མཆོད་རྟེན་ནཱ་མ། སླར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན། མ་གས་ཤིང་དུམ ་བུར་མ་གྱུར་པ་དངོས་གྲུབ་སྦྱིན་པར་བྱེད་དོ། ། དེ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་འདི་ནི་དམ་ཚིག་ཐམས་ཅད་སྐྱེད་པར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་ཏེ། རྣམ་པར་རྒྱལ་བ་མངོན ་པར་དབང་བསྐུར་བ་ཞེས་བྱ་བ་བཀྲ་ཤིས་དང་བསོད་ནམས་ཀྱི་ལས་ཐམས་ཅད་བྱེད་པ་དང་། ལོ་ཏོག་དང་། ཚེ་དང་། ནད་མེད་པ་འཕེལ་བར་བྱེད་པ། དམ་ཚིག་ཉམས་པ་རྣམས་ཀྱང་དམ་ཚིག་སྐྱེད་པར་བྱེད ་པ་པོར་འགྱུར་རོ། ། སྣ་ཚོགས་པའི་ཆུ་ཀླུང་གི་འགྲམ་མམ། པདྨའི་མཚོའི་འགྲམ་དུ་དཀྱིལ་འཁོར་འདི་བྲི་བར་བྱའོ།། ལེགས་པར་སྦྱངས་པའི་ས་གཞིའི་ཆར་བྱས་ནས་སྒྲ་དང་། ཕུབ་མ་དང་། སོལ་བ་དང་། ་ཐལ་བ་དང་། ཤིང་དང་། སོ་ཕག་དང་། གསེག་མ་དང་། ཐོད་པ་དང་། ཀེང་རུས་དང་བྲལ་བ། མགྲིན་པའམ། ཆུའི་ཚད་གང་དུ་ཉེ་ལོགས་ན་ཆུ་ཡོད་པའི་གཡས་ཀྱི་གཞོགས་སམ་ནུབ་ཏུ་གང་དུ་མེ་ཏོག་དང ་འབྲས་བུར་ལྡན་པའི་ཤིང་ཡོད་པ་དང་། གང་ཡང་ཡིད་དུ་མངོན་པར་འོང་འགང་དུ་ནོར་ཡོད་པའི་ཕྱོགས་སུ་གྲུ་བཞི་པ། སྒོ་བཞི་པ། ཚོན་སྣ་ལྔ་པའི་སཱ་ལིའི་ཕྱེ་མས་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱའོ།། ཚོན་སྣ་ལྔ་པའི་སྲད ་བུ་ཉིད་ཀྱིས་ཐིག་བཏབ་ནས་ཨུ་དུམ་བ་རའི་ཕུར་བུ་རྣམས་ཀྱིས་ཀྱང་ངོ་། ། དཀར་པོའི་ཕྱོགས་ཀྱི་ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་དང་། རྒྱུ་སྐར་དང་། སྦྱོར་བ་དགེ་བ་ལ་དེ་རྣམས་ཀྱིས་དང་པོར་དཀར ་པོགཉིས་པར་དམར་པོ། གསུམ་པར་སེར་པོ། བཞི་པར་སྔོན་པོ། ལྔ་པར་ནག་པོ་ཞེས་སོ།། ལྷག་མ་ཤར་གྱི་དབུས་སུ་ལྷ་རྣམས་བྲི་བར་བྱའོ།། པདྨའི་དབུས་སུ་འབྲུ་དང་། རིན་པོ་ཆེ་དང་། སྨན་དང་། ་མེ་ཏོག་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་རབ་ཏུ་གཞག་པར་བྱའོ།། དེའི་ཤར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། གཡོན་དུ་དྲི་མ ་མེད་པར་འགྲོ་བའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞོགས་སུ་སྒྲོལ་མ་བདུན་ནོ།། གཡོན་དུ་དྲི་མ་མེད་པར་འགྲོ་བའི་བུད་མེད་བདུན་ནོ།། དཔལ་ལྷ་མོའི་གཞོགས་སུ་གོས་དཀར་མོའོ།། ་སྒྲོལ་མ་རྣམས་ཀྱི་གཞོགས་སུ་ཟླ་བ་མ་གཞག་པར་བྱའོ།། ཟླ་བ་མ་ནས་བརྩམས་ནས་དཔལ་མོ་གྲགས་ལྡན་མོ་དང་དཀར་མོའང་ངོ་ཞེས་སོ།། གཞོགས་སུ་དཀར་མོ་ཆེན་མོ་དང་ཁྲོ་གཉེར་ཅན་ནོ།། སྒོའི་ཕྱོགས་སུ ་སྙིང་སྟོབས་མ་དང་ནུས་པའོ། ། དཀྱིལ་འཁོར་གྱི་ནང་གི་གཞོགས་གཉིས་ཀར་ཚངས་པ་དང་དྲག་པོའང་ངོ་།། དྲག་པོའི་གཞོགས་སུ་ལྷ་མོ་དབུ་མའོ།། ཚངས་པའི་དབྱངས་ཅན་མའོ།། སྒོའི་ནང་དུ་དབྱུག་གུ་དང ་རིལ་བ་སྤྱི་བླུགས་སོ། ། གཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། གཅིག་ཏུ་ཞི་བ་ཐོབ་པའོ།། སྒོ་རུ་མངོན་ཕྱོགས་དང་རྟ་མགྲིན་ཞེས་བྱ་བའི་ཁྲོ་བོ་གཞག་པར་བྱའོ།། དེའི་གཞོགས་སུ་སྲིན་མོ ་རལ་པ་གཅིག་མ་ཞེས་བྱ་བ་དགོད་པར་བྱའོ། ། འདི་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་བཅིང་བ་སྟེ། ཁྲུ་བཞི་པའམ། ཁྲུ་བརྒྱད་པའམ། ཁྲུ་བཅུ་གཉིས་པ་འམ། ཁྲུ་བཅུ་དྲུག་པའི་དཀྱིལ ་འཁོར་ཀུན་ཏུ་བྲི་བར་བྱའོ། ། གཟུགས་སམ་ཕྱག་རྒྱ་རྣམས་དགོད་པར་བྱའོ།། ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་པདྨ་ནི་པདྨའི་ཕྱག་རྒྱ་རྒྱས་པར་བྱ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་བཟང ་། པོའོ།། འཕགས་མ་སྒྲོལ་མའི་ནི་ཨུཏྤ་ལའོ།། དཔལ་མོའི་ནི་མེ་ཏོག་ཁ་ཕྱེ་བ་དང་པདྨ་དཀར་པོའོ།། གོས་དཀར་མོའི་དེ་ཉིད་སྡོང་བུ་དང་བཅས་པ་མཆོག་ཏུ་རྒྱས་པའོ།། འཕགས་མ་གྲགས་ལྡན་མའི་སྡོང་བུ ་དང་བཅས་པའི་མེ་ཏོག་གོ། སྒོ་རྣམས་ཐམས་ཅད་དུ་དང་ཀ་ཤཱ་རེ་རེ་ལ་ཙཱུ་ཏའི་ཡལ་འདབ་བཅུ་བཀོད་དེ་སྟོད་དུ་བ་དན་བསྒྲེང་བར་བྱའོ།། དེ་ནས་རང་རང་གི་སྔགས་ཀྱིས་སྤྱན་དྲང་བར་བྱ་སྟེ། གཤེགས་སུ་གསོལ ་བའང་ངོ་། ། ཡང་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོས། ཚོར་རབ་རིག་པས་སོ།། ཡང་ན་འཕགས་མ་སྒྲོལ་མའི་སྙིང་པོས་མེ་ཏོག་དཀར་པོས་སྤྱན་དྲང་བ་དང་གཤེགས་སུ་གསོལ་ལོ།། ་མཚན་མོ་ཛི་དང་། མེ་ཏོག་དང་། བདུག་པ་དང་། མར་མེས་མཆོད་པ་བྱས་ནས་ཏོར་མས་ཉེ་བར་མཆོད་དེ། བཀྲ་ཤིས་ཅན་དང་། ཨུཁྲོ་པི་ཀ་དང་། མོན་སྲན་ཟེའུ་དང་། སྣུམ་འཁུར་ལ་སོགས་པ་དང་། མོན ་སྲན་སྡེའུའི་ལ་དུ་དང་། ཏིལ་གྱི་ཐུག་པ་དང་། འོ་ཐུག་དང་། ཞོའི་ཟན་དང་། ཞོ་དང་། དར་བ་དང་། ཐུག་པ་དང་། འབྱུང་པོའི་ཟས་སྣུམ་འཁུར་གཞན་རྣམས་དང་། བྱ་ན་བུ་རམ་དང་། ཞོའང་སྟེ། གཏོར་མའི ་ཆོ་གའོ། ། དེ་ནས་སླར་ཡང་དྲི་བཟང་པོའི་རྭ་དང་མེ་ཏོག་གི་མཆོད་པ་བྱས་ནས་ཆུ་ལས་སྐྱེས་པ་ནི་ཁྱད་པར་དུའོ།། དེ་ནས་རེ་རེ་ལ་སྔགས་ལན་བདུན་བདུན་བརྗོད་པར་བྱའོ།། ཡང་ན་འཕགས་མ་སྒྲོལ་མ་བརྒྱད ་བརྒྱར་བཟླས་པར་བྱའོ། ། ནང་གི་བུམ་པ་གང་ཡིན་པ་དེ་ལ་སྙིང་པོ་ཡི་གེ་ལྔས་སྟོང་བརྒྱད་བརྒྱར་བཟླས་པར་བྱའོ།། དེ་ནས་མེའི་གནས་སུ་མེ་ཉེ་བར་བཟུང་ནས་མར་དང་། ཏལ་མར་དང་། ཟས་ཉིད་ཀྱི་སྦྱིན ་སྲེག་གི་ཆོ་ག་ཇི་ལྟར་གཟུགས་དང་གྲངས་མེད་པར་དེ་ལྟར་སྦྱིན་སྲེག་ཀྱང་བྱའོ། ། ཕྱི་ནས་སློབ་མ་ལེགས་པར་ཡོངས་སུ་བརྟགས་པའི་སྣོད་དང་ལྡན་པའི་སྒྲུབ་པ་པོས་ཡང་རབ་ཏུ་གཞུག་པར་བྱའོ།། ་གོས་ཀྱིས་གདོང་གཡོགས་ཏེ་ཐལ་མོ་མེ་ཏོག་གིས་བཀང་བ་རབ་ཏུ་བཅུག་སྟེ་གཏོར་བར་བྱའོ།། གང་དུ་ལྷུང་བ་དེ་དེའི་རིགས་སུ་འགྱུར་རོ།། དེ་ལྟར་དཀྱིལ་འཁོར་དུ་རབ་ཏུ་བཅུག་སྟེ་སློབ་མ་དམ་ཚིག་ཤེས ་པར་འགྱུར་རོ། ། དབང་བསྐུར་གང་འདོད་པ་དེ་བྱིན་ཏེ་ལྷོ་དང་ནུབ་ནས་ཤར་དུ་མངོན་པར་ཕྱོགས་ནས་སྲ་རྩི་པོག་གི་བདུག་པ་མར་དང་བསྲེས་པས་ཉེ་བར་འདུག་གོ། ཉི་མ་གུང་ལ་བུམ་པས་སོ།། སྔགས་ཐམས ་ཅད་བདུན་བདུན་བཟླས་པའི་སྲེག་བླུགས་བསྲེགས་ནས། དེ་ནས་བཅོམ་ལྡན་འདས་མའི་ལས་ཆེན་པོས་སློབ་མ་གཡོན་གྱི་ཕྱོགས་སུ་གཞག་སྟེ། དེ་ནས་དཀྱིལ་འཁོར་ལ་སྐོར་བ་བྱེད་དུ་གཞུག་གོ། སྙིང་པོའང ་སྦྱིན་ནོ། ། དེས་འཕགས་མ་སྒྲོལ་མ་འདིའི་ཕྱག་རྒྱ་བཅིངས་ནས་བཟླས་པར་བྱའོ།། དེ་ལྟ་བུམ་མངོན་པར་དབང་བསྐུར་བར་འགྱུར་རོ།། དེ་རྣམས་ཐམས་ཅད་དུ་ཐམས་ཅད་བྱས་ནའ ་མྱུར་དུ་ཞི་བར་འགྱུར་རོ། ། བཅོམ་ལྡན་འདས་མ་ལ་རབ་ཏུ་དད་པར་བྱེད་དོ།། སེང་གེའི་ཁྲི་ལ་གནས་པ་ལྟ་བུའི་རྒྱལ་སྲིད་འདོད་པས་མངོན་པར་དབང་བསྐུར་བར་བྱའོ།། ལོང་སྤྱོད་འདོད་པས་རྒྱ་སྐྱེགས་ཀྱི་འདབ ་མ་ལ་གནས་པའོ། ། ལོག་པར་འདྲེན་པ་ཉེ་བར་ཕྱུང་བ་བདག་གིས་སོ་ཕག་ལ་ཀུན་ཏུ་གནས་པའོ།། ཚེ་འདོད་པས་ཐུང་ངུ་བཅུ་ལ་གཡོ་བའི་སའི་སྙིང་པོ་ལ་གནས་པའོ།། སློབ་དཔོན་རྒྱས་པར་འདོད་པས་ཨ་རིཥྚ་དང ་ཐོད་པ་ལ་ཀུན་ཏུ་གནས་པ་ཅན་ཉེ་བར་ཕྱུང་བ་མངོན་པར་དབང་བསྐུར་བར་བྱའོ། ། ལན་བདུན་དུ་མངོན་པར་དབང་བསྐུར་བས་ནི་དཔལ་མེད་པ་རབ་ཏུ་ཞི་བར་བྱེད་དོ།། ལན་བཅུ་གཉིས་སུ་མངོན་པར་དབང་བསྐུར་བས ་ནི་རྒྱལ་པོར་འགྱུར་རོ། ། ལན་ལྔར་མངོན་པར་དབང་བསྐུར་བས་ནི་དབུལ་པོ་ནོར་དང་ལྡན་པར་འགྱུར་རོ།། ཕྱི་ནས་སླར་ཡང་མཆོད་དེ་གཤེགས་སུ་གསོལ་བར་བྱའོ།། འདི་ནིའིའལགས་མ་སྒྲོལ་མའི་རྣམ་པར་རྒྱལ ་བའི་དབང་བསྐུར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ། ། དཀྱིལ་འཁོར་འདི་ཀུན་ཏུ་བྲིས་ནས་རིང་པོར་མི་ཐོགས་པ་ཉིད་དུ་བཅོམ་ལྡན་འདས་མ་རབ་ཏུ་དགྱེས་པར་བྱེད་དོ།། །། དེ་ནས་ཡང་བྱང་ཆུབ ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། རལ་པ་གྱེན་བརྗེས་ཀྱི་རྒྱུད་ཕྱི་མ་དང་བཅས་པ་འདི་སངས་རྒྱས་ཀྱི་ཞིང་དུ་རྗེས་སུ་བརྩེ་བས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་བསྟན ་པཀུན་ཏུ་བསྲུང་བ་དང་ཡོངས་སུ་བསྐྱང་བའི་ཆེད་དུ། རྡོ་རྗེའི་རིགས་ཐམས་ཅད་ཉིད་དུ་དངོས་གྲུབ་བྱེད་པ། སྙིགས་མ་ལྔས་ཉོན་མོངས་པ་འདི་ལའང་ཆོས་ཀྱི་ཚུལ་ཐམས་ཅད་ལྷག་པར་གནས་པའི་ཆེད་དུ་སྒྲོལ ་མས་ནོན་པ་དང་མཚུངས་པ། ལས་བྱེད་པ་ཕྱི་མ་འདིའི་ལམ་རབ་ཏུ་གནས་པའི་ཆེད་དུ་འདི་སྐད་དུའང་སྨྲས་སོ།། བཅོམ་ལྡན་འདས་རབ་ཏུ་གནས་པ་དང་སྨོན་ལམ་བརྗོད་པར་བགྱིའོ།། སྔགས་ཀྱི་སྤྱོད་པ་དེ ་ལྟ་བུ་འདི་ནི་ཅི་ནས་དེ་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་ཡོངས་སུ་འགྱུར་བ་དང་། ཅི་ནས་དེ་ཐམས་ཅད་འཐབ་པ་དང་། རྩོད་པ་དང་། མུ་གེ་དང་། ནད་ཀྱི་འཇིགས་པ་དང་། ཕ་རོལ ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་ཆར་ལྷུང་བ་དང་། སྡིག་པའི་ཆར་བྱེད་པའི་མི་དང་། མི་མ་ཡིན་པ་དང་། དུད་འགྲོའི་འཇིགས་པ་ཐམས་ཅད་དང་། དེ་ལའང་བཀྲ་མི་ཤིས་པ་དང་། རྨི་ལམ་དང་། ་མཚན་མ་ངན་པ་དང་། གདུག་པའི་གནོད་སྦྱིན་དང་། སྐྱེས་བུ་དང་། རོ་དང་བྲལ་བ་དང་། ཁ་བ་དང་། ཚ་བ་དང་། དྲི་ངན་པ་དང་། རེག་པ་ངན་པ་དང་། དུག་བསལ་བར་བགྱིའོ།། བཅོམ་ལྡན་འདས་མ་འཕགས་མ ་སྒྲོལ་མ་བུད་མེད་ཀྱི་གཟུགས་དང་ཚྭ་བྱད་ཀྱིས་དེ་ལ་ཆོམ་རྐུན་དང་། ཆུ་དང་། མུ་གེ་དང་། རྣམ་པར་འཚེ་བ་སེལ་བར་བགྱིའོ།། རྒྱལ་པོ་དང་། སེང་གེ་དང་། སྟག་དང་། མ་ཧེ་དང་། སྤྱང་ཀི་དང་། དུག་དང་། ་ཆོམ་རྐུན་དང་། མི་དང་། མི་མ་ཡིན་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། སེམས་ཅན་ཐམས་ཅད་ཀྱང་སྔགས་སྒྲུབ་པའི་ཆོ་ག་ལ་མཁས་པ། ཡོངས་སུ་ལོངས་སྤྱོད་པས་རྣམ་པ་སྣ་ཚོགས ་པའི་འབྲས་བུ་དང་། སྨན་དང་། མེ་ཏོག་དང་། འབྲས་བུའི་རོ་བཟའ་བ་དང་། བཏུང་བ་དང་། གོས་དང་། གནས་དང་། མལ་ཆ་དང་། སྟན་རྣམས་རྫོགས་པར་བགྱི་བ་དང་། སེམས་ཅན། ་ཐམས་ཅད་ཀྱང་ཆོས་འདོད་པ་ཉིད་དང་། དགེ་བའི་ཆོས་ཀྱི་སྤྱོད་པ་ལ་སྦྱར་བར་བགྱིའོ།། འདི་ནི་བདག་གི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་སྨོན་ལམ་མཐར་ཐུག་པ་སྟེ། གང་དུ་བདག་ལ་སངས་རྒྱས་བཅོམ་ལྡན ་འདས་ཐམས་ཅད་ཀྱིས་གནང་བར་གྱུར་ཅིག། བདག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དངོས་གྲུབ་ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པ་དང་། བདག་དང་སྐྱེས་བུའི་རྣམ་པ་འདི་ངེས་པར་སྒྲོལ་བའི ་ཆེད་དུ་དེ་ལྟ་བུའི་གཟུགས་ཀྱིས་བདག་དང་ཕྱག་ན་རྡོ་རྗེ་བུད་མེད་ཀྱི་གཟུགས་ཀྱིས་དང་། སྣ་ཚོགས་པའི་གཟུགས་དང་ཆ་བྱད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ།། དེ་ནས་ཡང་སངས་རྒྱས་བཅོམ་ལྡན ་འདས་སྤྱན་རས་གཟིགས་དབང་ཕྱུག་ལ་རྗེས་སུ་བརྩེ་བས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཞན་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་དགུག་པར་བྱས་ནས་དེ་ལྟ་བུའི་གཟུགས་ཀྱིས་སྐྱེས་བུ་ཆེན་པོའི་རྣམ་པ་བྱེད་པར་འགྱུར་རོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས ་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གྲུབ་པར་འགྱུར་རོ།། དེ་ནས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས ་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་འདི་ནི་བདུད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཞན་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ་ལྷ་མ་ཡིན་དང་། གཟི་བརྗིད་ཆེ་ཞིང་གཟི་བརྗིད་ཆེ་བའི་མི་རྣམས་ཡོང་བར་བྱེད་ཅིང་། སངས་རྒྱས་ཐམས་ཀྱིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ། ཁྱེད་ཀྱི་རིག་པ་དང་སྔགས་ཀྱི་ཚིག་རྣམས་ནི་གང ་ཁྱོད་ཀྱིས་ནུས་པ་དེ་ལྟ་བུའི་གཟུགས་དང་སྐྱེས་བུའི་རྣམ་པར་བྱས་པའོ། ། རིགས་ཀྱི་བུ་ཁྱོད་ཀྱང་སྐད་ཅིག་གིས་ཚངས་པའི་ཆ་བྱད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དག་པར་སྦྱོར་བར་བྱེད་དོ།། ་ཡུད་ཙམ་གྱིས་དགེ་སློང་གི་ཆ་བྱད་ཀྱིས་དང་། སྐད་ཅིག་གིས་སྨན་དང་རྩིའི་གཟུགས་ཀྱིས་དང་། ཡུད་ཙམ་གྱིས་བརྒྱ་བྱིན་གྱི་གཟུགས་ཀྱིས་འཕགས་པའི་ལམ་དུ་འཇུག་པར་བྱེད་དོ།། སྐད་ཅིག་གིས་བདུད་ཀྱི ་གཟུགས་ཀྱིས་གཞན་གྱི་གཟུགས་སྤྲུལ་ཏེ་དབང་སྒྱུར་གྱི་ལྷའི་དབང་པོ་དང་། དགའ་ལྡན་དང་། མཚེ་མ་དང་། འོག་མིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། འབྱུང་པོ་ཐམས་ཅད་པ་དང་། དུར་ཁྲོད་དང་། དྲག་པོ་དང ་ཁྱབ་འཇུག་དང་། ནོར་ལྷའི་བུ་དང་། ནོར་སྦྱིན་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། རྒྱལ་རིགས་དང་། བྲམ་ཟེའི་དང་། རྗེའུ་རིགས་དང་། དམངས་རིགས་དང་། སེང་གེ་དང་། གླང་པོ་ཆེ་དང་། མ་ཧེ་དང་། སྤྲེའུ་དང་། ཕག་དང་། སྣ་ཚོགས་པའི ་གཟུགས་ཀྱིས་འདབ་ཆགས་དང་། རཾ་དང་། ནཱང་དང་། འབྲས་དྲ་དང་། གོས་དང་། ཆོས་གོས་དང་། བརྩོན་པ་དང་། མལ་སྟན་དང་། རྔ་མ་རྦབ་དང་། དུང་དང་། ཚན་མ་ཆམ ་དང་། རྒྱན་གྱིས་བརྒྱན་པའི་གཟུགས་ཀྱིས་སྨྲ་བ་དང་། སངས་རྒྱས་ཀྱི་གཟུགས་དང་མཚུངས་པར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་ཁ་དོག་དང་། གཟུགས་དང་། རྟགས་དང་། དབྱིབས་བརྒྱད་ཅུ་རྩ་བཞིའི ་གཟུགས་དང་མཚུངས་པར་འགྱུར་ཏེ། དེ་བཞིནི་གཤེགས་པ་འོད་དཔག་མེད་ཀྱིས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ།། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྤྱན་རས ་གཟིགས་དབང་ཕྱུག་གི་མཐུ་ཆེན་པོས་འདིར་འོངས་པ་སྟེ། བདུད་དཔུང་དང་བཅས་པའི་ཡུལ་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། གང་དུ་བདུད་དཔུང་དང་བཅས་པའི་ཡུལ་དུ་གནས་པ་བྱང ་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་རིག་པ་དང་། སྔགས་ཀྱི་སྤྱོད་པའི་ཐབས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྤྱོད་པར་བྱེད་དོ།། ཅི་འདྲ་བའི་སེམས་ཅན་ཕྱོགས་བཅུ་རྣམས་སུ་ཚད་མེད་ཅིང ་གྲངས་མེད་པ་རྣམས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་གྱུར་ཏོ།། བསམ་པ་ཇི་ལྟ་བའི་གཟུགས་ཀྱིས་རང་དང ་ཇི་ལྟ་བུས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་གནས་གསུམ་པ་ཕྱིར་མི་ལྡོག་པ་ལ་འཇོག་པར་བྱེད་དོ། ། ཇི་སྲིད་སངས་རྒྱས་ཀྱི་གཟུགས་ཀྱིས་གང་ཡང་སེམས་ཅན་གྱི་ཆགས་པ་ཟིལ་གྱིས་མནན་ཏེ། ་རྣམ་པ་སྣ་ཚོགས་པའི་ཡོ་བྱད་དང་། ཡོངས་སུ་ལོངས་སྤྱོད་པར་འདོད་པ་དེ་རྣམ་ཀྱི་ཞེན་པ་སྤང་བའི་ཆང་དུད་རྣམས་ལ་ཁོ་བྱད་རྣམས་བྱིན་ནས་ཛྷར་མི་ལྡོག་པ་ཉིད་ལ་རབ་ཏུ་འཇོག་པར་བྱེད་དོ།། ངེས་པར་སྦྱར ་ཡང་དམ་ཚིག་དེས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། རིགས་ཀྱི་བུ་ཁྱེད་རྣམས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག ་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་ཡིད་ཀྱིས་བཤད་པ་ལ་བདག་རབ་ཏུ་སྤྲོ་བ ་ཆེན་པོ་བགྱིད་དོ། ། བདག་རྟ་མགྲིན་ཞེས་བྱ་བའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྨྲས་པའང་། བཅོམ་ལྡན་འདས་དང་ཕན་ཚུན་ཕན་པ་དང་འཇམ་པའི་སེམས་སུ་གྱུར་ཅིག། འདི་ནི་བདག་གི་གསང་སྔགས་འབྲས ་། བུ་ཆེན་པོ། གཟི་བརྗིད་ཆེན་པོ། ལས་ཀྱི་དོན་ཐམས་ཅད་སྒྲུབ་པ་པོར་འགྱུར་ཏེ། ཡང་འདིར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུ་དྷཱ་ཡ། ན་མ་ཨཱརྱ་ཨ་བ ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་སཏྭཱ་ཡ། ཨ་ནུ་ཀམྦ་ཀཱ་ཡ། སརྦྦ་སཏྭེ་བྷཱ་ས་ན་གྷྲྀ་ཏེ་ནི། སརྦ་སཏྭཱ་ཡཀྵ་ཀ་རཱ་ཡ། སརྦྦ་བཱིརྱ་རཱ་ཛ་ཨ་དྷི་རྦ་ཀྲཱ་ཏཱ་ཡ་མཧཱ་རཱ་ཛ་པྲོཀྟེ། ་འདི་རྣམས་ལ་ཕྱག་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་གསུངས་པ། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ། བགེགས་ཐམས་ཅད་གསོད་པར་བྱེད་ཅིང་ཐམས་ཅད་འཇོམས་པར ་བྱེད་པའི་སྔགས་བརྗོད་པར་བགྱིའོ། ། ཨོཾ་ཧུ་ཧུ་ཧུ། ཏ་རུ་ལེ། བི་ཏ་རུ་ལེ། སརྦྦ་བི་ཥ། གྷཱ་ཏ་ཀ། ཛྭ་ལི་ཏ་བི་ཕུ་ལིན། ཏྲི་ཧཱ་ས། ཀེ་ཤ་རཱ་ཊེ་པ། བཛྲ་ཁུ་ར་ནིར་གྷཱ་ཏ། ཀ་ཙ་ལི་ཏ། ་བ་སུ་དྷཱ་ཏ་ལ། ནི་ཤཱ་ས། མཱ་རུ་ཏི་ཏྲཱྀབྷི། དྷ་ར་ཎཱི་དྷ་ར། བྷི་ཥརྟཱ། ཏྲི་ཧ་ས། ཨ་བ་རི་མི་ཏཱ་བ་ལཱ་ཀྲ་མ་བྷཱི་ཏ་བྷཱུ་ཏ་ག་ཎཾ། བུགྷྣ་བྲགྡྷ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་མནྟཾ་སིདྡྷི་མེ་དི་ན། ཨཱ་བཾ་ཤཱ་ཡ། ཛ་ལ་རབི ་ཤ་ཙ་གྲ་ཧེ་ཥུ། ཨ་པྲ་ཏི་ཧ་ཏོ། བྷ་བི། བཛྲ་ཀིཉྩ་རཱ་ཡ་སི། ཨཽ་མཾ་དུཥྚ་གྲ་ཧ་དུཥྚ་སརྦྦཾ་བཱ། དྷཱ་ན་དྷུ་ན། མ་ཐ་མཾ་ཐ། པ་ཊ་པ་ཊི། བནྡྷ་བནྡྷ་བུདྡྷ་དྷརྨྨ། སདྒྷ། ཨ་ནུ་ཛྙཱ་ཀ་ར་ཤཱི་གྷྲྀ། ཧ་ཡ་གྲཱི་བ་ཕཊ། བཛྲ་གཱ་ཏྭཱ་ཡ་ཕཊ། ་བཛྲ་ནེ་ཏཱ་ཡ་ཕཊ། བཛྲ་དཥྚཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཨཱརྱ་ཁུ་ར་ནིར་གྷཱ་ཏ་ནཱ་ཡ་ཕཊ། པ་ར་མནྟ་བི་ནཱ་ཤ་ནཱ་ཡ་ཕཊ། ཏྲཻ་ལོཀྱ་བྷ་ཡཾ་ཀཱ་རཱ་ཡ་ཕཊ། སརྦྦ་ཀརྨྨ་ཥྚ་ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལོ་ཏྲ་ས་ན ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ལཊ་སྭཱ་ཧཱ། ཧཱུཾ་ཡིག་དྲུག་དང་ཕཊ་ཡིག་བཞིས་བཅོ་བརྒྱད་ཀྱིས་ལྷག་པའི་བཅུ་བཞི་ལ་བརྟེན་པའི་རྟ་མགྲིན་གྱི་ཞལ་གྱི་སྔགས་རྫོགས་སོ།། ཨོཾ་བཛྲ་ཁུར ་ལོ་ཏཱ་ནན་ཧཱུ~ཾ་ཊ། ཉེ་བའི་སྙིང་པོའོ།། ཨོཾ་ཧ་ལ་རྫི་བཛྲ་ད་ཡ། མཱ་བརྟ་ཡིཥྛ་མེ། ཨེ་ཧི་ཨེ་ཧཾ། མ་ཧཱབ་པ། བཛྲཱ་ན་ལ། བཛྲ་རོ་མ། བཛྲ་ཀོཿ། བཛྲ་ཀོ་ཥ། བཛྲ་ཁུ་ར། བཛྲ་དཾཥྛ། ཧ་ན་ཧ་ན། ད་ཧཱ་དཧ། ་པ་ཙ་པ་ཙ། གྲྀཧྞ་གྲྀདྡྷ། བནྡྷ་བནྡྷ། རངྒ་རངྒ། ས་ཧ་ས་ཧ། ཛལླ་ཛལྤ། ཏུ་རུ་ཏུ་རུ། རུ་ཉྩ་རུ་ནྱ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། མ་ཐ་མ་ཐ། ཀམྦ་ཀམྦ། ཀ་ཊ་ཀ་ཊ། སརྦྦ་དེ་བཱཾ། སརྦྦ་ཡཀྵ། སརྦྦ་བི་ཧེ་ཨུ0f7fཀཱ། ་སརྦྦ་བིཥཱི་པྲ་ཥི། ཟ་བིཔྲ་བི་པྲ་བི་ཤ། ཧ་ཡ་གྲཱི་བ་པྲི་ཡ་ཛྭ་ལ་ཨཱ་བི་ཤ་ཨཱ་བི་ཤ་བཛྲ་ཁུ་ར། མཱ་བི་ལམྦ། བུདྡྷ་དྷརྨྨ་སཾ་གྷ་བ་ཙ་ན། མ་ནུ་སྨ་ར། ཛཱ་ཏི་མ་ནུ་སྥ་ར། ཧྲྀ་ད་ཡ་མ་ནུ་སྥཱ་ར། བི་ཀོ་ར་བི་ཀི་ར། ག་ཛ་ག་ཛ། ནནྡ་ནརྠ། ་གུ་ལུ་གུ་ལུ། མུ་ལུ་མུ་ལུ། ནི་ཧ་ན་ནི་ཧ་ན། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ།། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། འདིའང་སྟོབས་དང་། ཕ་རོལ་གནོན་པ་དཔག་ཏུ་མེད་པ། རིག་པའི་རྒྱལ ་ཆེན་པོ་ལུས་ཀྱི་མཆོག་གི་གཟི་བརྗིད་རྣམ་པར་འཇིག་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་ཅིང་མཆོད་པའི་རྗེས་སུ་གནང་བ། རྣམ་པར་འཚེ་བ་ཐམས་ཅད་རྣམ་པར་གནོན་པ ་རིག་པའི་ཚོགས་ཐམས་ཅད་ཀྱིས་མཆོད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོས་ཡང་དག་པར་བསྟོད་པ ་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་གྱིས་མཆོད་པ། རྣམ་པར་འགྱུར་བ་ཆེན་པོ་མཆེ་བ་གཙིགས་པ། རྟ་མགྲིན་གྱི་རྒྱལ་པོའི་ཆ་གར་འགྱུར་རོ།། སྡིག་པ་སྦྱང་བ་བྱས་ནས་མཆོད་རྟེན་དུ་འབུམ་ཕྲག ་གསུམ་བཟླས་སོ། ། དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ། དཀར་པོའི་བཅོ་ལྔ་ལ་མཚན་མོ་གསུམ་དུ་སྦྱང་བར་གནས་པས་ཁ་ཚར་གྱི་རྩེ་མོ་མ་བཅད་པ་སྒྲ་དང་བྲལ་བའི་རས་ལ། རི་མོ་མཁན་གསོ་སྦྱོང་ཅན ་གྱིས་ཁ་དོག་མ་འཛེས་པའི་ཚོན་གྱིས་པིར་གཙང་མ་གསར་པས། བཅོམ་ལྡན་འདས་ཀྱི་གཟུགས་བརྙན་པདྨའི་གདན་ལ་གནས་པ་ཆོས་སྟོན་པར་མཛད་བཞིན་པ་འདྲིར་གཞུག་པར་བྱའོ།། གཡོན་གྱི ་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོད་ཕྱིར་ཐོགས་དཀར་པོ་ཅན། ། སྟོན་ཀའི་སྤྲིན་ལྟར་དཀར་ལ། པདྨའི་ལུས་དང་རལ་པའི་ཅོད་པན་འཆང་བའི་དབུས་སུ་འོད་དཔག ་མེད་དཀར་པོ་སྦྱངས་པའི་སྣོད་ཀྱི་ནང་དུ་གནས་པ། ཕྱག་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཡོན་པས་པདྨ་རབ་ཏུ་སྦྱིན་པས་ཕྱག་བྲེལ་བའོ།། སྒྲུབ་པ་པོའང་ངེས་པར་རྟོག་པར་བྱེད་བཞིན་པའོ།། ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་གི་གཡོན་དུ་སྟོན་ཀའི་སྤྲིན་ལྟར་དཀར་བའི་རྟ་མགྲིན་རིག་པའི་རྒྱལ་པོ་བྲི་བར་བྱའོ།། རྣམ་པར་འགྱུར་བའི་ཞལ། སྤྱན་དམར་པོ། སྐྲ་སེ་ར་སྱ། ཨེ་ནྱ་ཡའི ་ཕྱག་ཆེན་པོ། རས་ཡུག་གིས་དཀྲིས་པ། དྲག་པོ་གསུས་པ་འཕྱང་བ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་རྟོག་བཞིན་པ། འབར་བའི་ཞལ། པདྨའི་འཕྲེང་བ ་དྲུག་ཅུས་དབུ་ལ་བརྒྱན་པའོ། ། དེའི་ཉེ་ལོགས་སུ་བརྩོན་འགྲུས་དང་ལྡན་པའི་རིག་པ་འཛིན་པ་ལག་ན་སྤོས་ཕོར་གྱིས་བྲེལ་བ་པུས་མོ་གཉིས་བཙུགས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་སྔོན་པོ་ལྟར་སྔོ་བསངས་པདྨ་ལ་གནས་པ་གཡོན་གྱི་གཞོགས་སུ་ཁྲོ་བོ་ལ་ངེས་པར་རྟོག་བཞིན་པ་ཅུང་ཟད་འཛུམ་པའི་བཞིན། རྡོ་རྗེ་ལ་ཉུག་པར་བྱེད་བཞིན་པ་འབར་བའི་འཕྲེང་བས ་འཁྲུགས་པའོ། ། བཅོམ་ལྡན་འདས་ཀྱི་འོག་ཏུ་ཆོས་ཀྱི་འཁོར་ལོའི་གཞོགས་གཉིས་འཁོར་ལོ་པདྨའི་སྟེང་དུ་གནས་པ། པདྨ་དེའང་ཀླུ་གཞོན་ནུས་ཡོངས་སུ་ཟིན་པའོ།། དེ་ནས་རིག་པ་འཛིན་པས་རི་མོའི་ལས་རྫོག ་པདང་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མཚན་མོ་གསུམ་དུ་སྦྱང་བར་གནས་པས་འགྲང་འཕྲེང་བཞག་ནས་མར་གྱི་མར་མེ་རྒྱ་ཆེན་པོ་དང་དཀར་པོའི་གཏོར་མ་ཕུལ་ནས། དེ་ནས་རིག་པ་འཛིན་པས་སྔོན་སྤྱད་པ་བྱས ་པས་མཚན་མོ་གཅིག་ཏུ་རབ་ཏུ་བཅུག་སྟེ་གཞག་པར་བྱའོ། ། དེ་ནས་ཕྱུང་སྟེ་རྒྱལ་གྱི་ལྕགས་ལས་བྱུང་བའི་འཁོར་ལོ་གསོ་སྦྱོང་ཅན་གཙང་མ་དབང་པོ་མ་ཚང་བ་མ་ཡིན་པའི་ལས་བྱེད་པས་བྱེད་དུ་བཅུག་ནས། སོར ་མོ་བརྒྱད་པ་རྒྱས་པ་ཡོངས་སུ་ཟླུམ་པ། རྡོ་རྗེ་འབར་བའི་འཕྲེང་བས་འཁྲུགས་པའོ།། དེ་ནས་རིག་པ་འཛིན་པས་འཁོར་ལོ་དེའང་བ་བྱུང་ལྔར་མཚན་མོ་གཅིག་ཏུ་བཅུག་ནས་གཞག་པར་བྱའོ།། དེ་ནས་བཏོན་ནས ་། ཁྲུས་དང་རྗེས་སུ་བྱུག་པ་བྱས་ཏེ། གོས་དཀར་པོས་ཀུན་ནས་དཀྲིས་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་སྟེ། བདུག་པ་དང་། གཏོར་མ་དང་། མཆོད་ཡོན་གྱི་སྣོད་བླངས་ནས་ལྷ་ཐམས་ཅད་སྤྱན་དྲང ་བར་བྱའོ། ། མཆོད་ཡོན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་བ་ཡང་བདག་ལ་བྱས་ནས་རྩ་བའི་སྔགས་ཀྱིས་ཡན་ལག་བདུན་བཟླས་པའི་ཐལ་བས་ཐལ་བའི་ར་བ་དང་། སྒྲོན་མེ་གསུམ་ལ་ལན་བདུན་བཟླས ་པས་མེའི་ར་བ་དང་། དེ་ནས་སྲུང་བའི་ཆོ་ག་བྱས་ནས་ཡུངས་ཀར་ལ་ལན་བདུན་བཟླས་པས་ས་གཞི་བཅིང་བ་དང་། ཆུ་ལ་ལན་བདུན་མངོན་པར་བསྔགས་པས་ནམ་མཁའ་བཅིང་བའོ།། དེ་ནས་རིག་པ་འཛིན ་པས་དྲིའི་ཆུས་ཡོངས་སུ་བཀང་བ། མེ་ཏོག་དཀར་པོ་དང་ལྷན་ཅིག་པ། པུས་མོ་གཉིས་བཙུགས་པའི་རིག་པ་འཛིན་པས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བར་བྱས་ནས། མཆོད་ཡོན་ཕུལ་ཏེ་སྟན་དེ་ལ་ལྷ ་རྣམས་ཚིམ་པར་བྱའོ། ། མར་དང་། སྦྲང་རྩི་དང་། འོ་མས་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ།། དེ་ནས་རིག་པ་འཛིན་པས་ལག་པ་གཉིས་ཀྱིས་འཁོར་ལོ་བླངས་ནས་ཇི་སྲིད་དུ ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། རྔའི་ཆེའི་སྒྲ་ཐོས་པ་དང་། སྤྲིན་ལས་གོ་ལུ་གོ་ལུ་སྒྲོགས་པ་དང་། མར་མེའི་རྩེ་མོའི་ཕེལ་བ་དང་། རས་རིས་འགུལ་བ་དང་། དུང་གི་སྒྲ་ཐོས་པ་དང་། དྲིལ་བུཿ ་སྒྲ་སྒྲོགས་པ་དང་། ཧ་ཧའི་སྒྲ་ཐོས་པ་དང་། རིགས་ཀྱི་བུ་དེ་རྣམས་གྲུབ་པ་ལེགས་སོ་ལེགས་སོ།། འཁོར་ལོ་འདི་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ། སྲིད་པའི་རྒྱ་མཚོ་ཆེན་པོ་སྒྲོལ་བར་བྱེད་དོ།། དེ ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་ཇི་སྲིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱོན་གྱི་བར་དུ་བཟླས་པ་བྱའོ། ། བྱོན་པ་ནའང་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་སྒྲུབ་པ་པོས་མཆོད ་ཡོན་ཕུལ་ནས། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྒྲུབ་པ་པོ་ལ་གསུངས་པ། བུ་བདུད་ཀྱི་ཕྱོགས་དེ་རྣམས་ངེས་པར་ཐུལ་བ་དང་། བྱང་ཆུབ་སེམས་དཔའི་ལམ་དེ་རྣམས་བགྲོད ་པབ་ཅི་བྱ་ཞེས་སོ། ། དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པ་པོ་ལ་ཕྱག་གཡས་པས་སྤྱི་བོར་མྱུག་པར་མཛད་དོ།། མྱགས་པའི་སྐད་ཅིག་དེ་ཉིད་ལ་དཔག་ཚད་སྟོང་དུ ་རྒྱ་ཆེ་བའི་བླ་རེ་གཡེར་ཁའི་དྲ་བ་འཕྱང་བ། གསེར་གྱི་འདབ་མས་རབ་ཏུ་འཕྱང་བཞིན་པས་སྒྲོལ་མ་བཅིངས་པ། ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་དང་། སོ་གནྡྷི་ཀ་དང་། རྒྱན་གྱི་ཁྱད་པར་གཞན་རྣམས་ཀྱིས ་ཀྱང་རྡོ་རྗེའི་ནུས་པས་རྣམ་པར་སྤྲས་ཤིང་ཉེ་བར་སྨྲས་པ། བཀྲ་ཤིས་པ་གཞན་གྱིས་ཀྱང་རིག་པ་འཛིན་པའི་བུ་མོ་གཟུགས་བཟང་ཞིང་མཛེས་པ། གླུ་ལེན་བཞིན་པ། སྙན་པའི་སྒྲ་དབྱངས་ངེས་པར་སྒྲོགས་པ། ་བིབབིཝང་དང་། རྫ་རྔ་དང་། གླིང་བུ་དང་། ཕེག་རྡོ་བ་རྗེས་སུ་སྒྲུབ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པ་པོའི་བླ་རེ་འདི་རང་ཉིད་རིག་པའི་རྒྱལ་པོ་དེའི་མཐུས་ཇི་སྲིད་ཟླ་བ་དང་། ཉི་མ་དང་། སྐར་མ ་རྣམས་ཡོད་ཀྱི་བར་དུ་འཁོར་དང་བཅས་པ་རོལ་པར་བྱེད་པ་དང་། རིག་པའི་རྒྱལ་པོ་འདིའི་མཐུས་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་མངའ་བདག་གོ། དེ་ནས་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གི་སྒྲུབ་པ་པོས་གཞལ་མེད་ཁང་བསྐྱེད་ནས་སླར་ཡང་མཐར་འགྲོ་སྟེ། དེ་ནས་རིག་པ་འཛིན་པ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བའི་ཡོངས་སུ་སྤྱོད་པར་བྱེད་པ་པོས་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་ལ་ཕྱག་བྱ་བ་བྱས་ནས་ཡོངས་སུ་སྤྱོད་པར་བྱེད་པ་པོ་དང་ལྷན་ཅིག་གཞལ་མེད་ཁང་ལ་འཛེགས་ནས་འགྲོ་བར་བྱེད་དོ། ། འཁོར་ལོ་དེའང་འ་བར་བཞིན་པ་གཞལ་མེད་ཁང་གི་རྩེ་མོར་རིག་པ་ཐམས་ཅད་ཀྱི་འཁོར་ལོས ་སྒྱུསྦྱར་བ་རྣམ་པར་འགྲོ་བའི་ཡིད་ཀྱིས་བདེ་བ་ཅན་དུ་འགྲོ་བར་བྱེད་དོ། ། གང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་བཞུགས་པ་དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རིག་པ་འཛིན་པས་ཀྱང་བསྟོད་པར་བྱ་བཞིན་པ། མེ་ཏོག་གི་ཆར་རབ་ཏུ་འབབ་པ་རྣམས་ཀྱིས་བསྐལ་པར་གནས་ཤིང་། རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས ་སྒྱུར་བའི་མངའ་བདག་སྟེ། གང་གི་ཚེ་འཆི་བ་ན་ཟམ་ཟེ་རྣམས་སུ་སྐྱེ་བར་འགྱུར་ཞིང་སྐྱེ་འདྲན་པ་དང་། མཚན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དུས་ཐམས་ཅད་མངོན་པར་ཤེས་པ་དང ་ནོར་ཆེན་པོ་དང་། ལོངས་སྤྱོད་ཆེན་པོ་དང་། བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དང་། སྙིང་རྗེ་ཅན་དང་། སངས་རྒྱས་ལ་མངོན་པར་དང་བ་དང་། ་ཡིད་གཞུངས་པ་དང་། ཐོས་པ་འཛིན་པ་དང་། བཟོ་དང་། ཡི་གེ་དང་། རི་མོ་ཐམས་ཅད་ལ་མཁས་པ་དང་། བསམ་གྱིས་མི་ཁྱབ་པ་གང་སེམས་པར་བྱེད་པ་དེ་ཡིད་ཀྱིས་རྟོགས་པར་བྱ་བའོ།། ནད་ཐམས ་ཅད་རྣམ་པར་སྤངས་པའི་བྲམ་ཟེའི་རིགས་སུ་སྐྱེའོ་ཞེས་སོ། ། ལན་བདུན་མངོན་པར་བསྔགས་པས་གཙུག་པུད་བཅིང་བ་དང་། ཧཱུཾ་གི་ཡི་གེས་འཕེལ་བ་དང་། གནོན་པ་དང་། རྨོངས་པར་བྱེད་དོ།། ཛའི་ཡི་གེས ་གཤེགས་སུ་གསོལ་ལོ། ། གྷའི་ཡི་གེས་གསོད་པའོ།། སྭཱ་ཧཱའི་ཡི་གེས་ཞི་བའི་དོན་དང་འཚོ་བར་བྱེད་པའོ།། མདོར་བསྡུས་ན་སྟོན་པར་བྱེད་དེ། རིག་པ་འཛིན་པ་གསང་ཆེན་མཆོག་སྒྲུབ་པར་འདོད་པ་དེས ་གཅོད་པ་དང་། གསོད་པ་དང་། དབྱེ་བ་དང་། རླག་པར་བྱེད་པ་དང་། སྡིགས་པ་དང་། གསོད་པར་བྱེད་པ་གཞན་ཐམས་ཅད་ཀྱང་འདིར་བྱའོ།། ཐམས་ཅད་སྙིང་རྗེའི་བདག་ཉིད་ཀྱིས་སྒྲུབ་པར་བྱེད་ཀྱིས། དྲག ་པོ་ཡིས་ནི་མ་ཡིན་པ་ཁོ་ནའོ། ། ཇི་སྲིད་དུ་རིག་པའི་རྒྱལ་པོ་རབ་ཏུ་སྦྱར་བར་མི་བྱ་བའི་གནས་རྣམས་སུ་རབ་ཏུ་སྦྱར་བར་མི་བྱ་སྟེ་གང་རབ་ཏུ་སྦྱོར་བར་བྱེད་པ་དེའི་མཆོག་གི་སྒྲུབ་པ་མི་འགྲུབ་བོ།། དམ་ཚིག་ཤེས ་པམེད་པར་ཡང་འགྱུར་རོ། ། དངོས་གྲུབ་འདི་ནི་སྒྲུབ་ཐབས་ཐམས་ཅད་དང་། རྒྱུད་ཐམས་ཅད་དུའོ།། སོར་མོ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་སྤྲིན་གནོན་པར་བྱེད་དོ།། མགོ་རེག་བྱས་ནས་རྒྱན ་པོ་རྒྱལ་བར་བྱེད་དོ། ། ཐ་སྙད་ཐམས་ཅད་ཉིད་ལའང་ངོ་།། ཡུངས་ཀར་ལ་ལན་བདུན་བསྔགས་པ་བྱས་ནས་རིལ་བསྣུན་པར་བྱ་སྟེ། རྣམ་པར་སྙིལ་བར་བྱེད་དོ།། མཱ་ལ་རིའི་མེ་ཏོག་ལ་ལན་བདུན་མངོན་པར་བསྔག ་པ་བུད་མེད་གང་གིས་སྣོམས་པར་སྦྱིན་པའམ། མགོ་བོར་བླུགས་ན་དེ་དབང་དུ་འགྱུར་རོ།། རུ་རྟ་དང་། ཤིང་ཚ་དང་། ཨ་ཀ་རུ་ནག་པོ་དང་། ཙན་དན་དང་། གུ་ར་ཀུམ་དང་། ས་ཧཱ་ཀ་རའི་སྙེ་མ་དང་། ཚ་བ ་གསུམ་གྱི་འདབ་མ་དང་། ན་ལེ་ཤམ་དང་། བ་གུ་ལའི་མེ་ཏོག་དང་། པྲི་ཡང་ཀུའི་མེ་ཏོག་རྣམས་ཕྱེ་མ་ཞིབ་མོར་བྱས་ནས་སྦྲང་རྩིས་སྦྱར་ཏེ། ཙ་ན་ཀའི་འདབ་མར་རིལ་བུ་བྱེད་དུ་གཞུག་པར་བྱའོ།། འདི ་རྣམས་ལན་ལྔར་ཡོངས་སུ་བཟླས་ཏེ་བྱིན་པ་དེ་དབང་དུ་འགྱུར་རོ། ། རྩ་བའི་སྔགས་ཀྱིས་སྐྱེས་པ་དང་ལྷན་ཅིག་བུད་མེད་དབང་དུ་འགྱུར་རོ།། སྒྲུབ་པ་ལ་ཞུགས་པས་གང་དང་དེར་གནས་པ་དེ་ཉིད་ཀྱིས་ཕྱེ་མས ་ཡང་དག་པར་བརྩམ་པར་བྱ་སྟེ། ལོག་འདྲེན་རྣམས་ཀྱིས་ཟིལ་གྱིས་མི་ནོན་ནོ།། འདི་ཉིད་ཀྱིས་སྲིན་པོ་དང་ཡི་དགས་ལ་སོགས་པ་རྣམས་ཀྱིས་སོ།། ཀུ་ཊུ་ཛའི་ས་བོན་དང་། ནག་གེ་སར་དང་། པདྨའི་འདབ ་མ་དང་། ཤཱི་ཥའི་མེ་ཏོག་དང་། སྤང་སྤོས་དང་། རྒྱ་སྤོས་དང་། རུ་རྟ་དང་། ལག་སྐྱེས་ཀྱི་ས་བོན་དང་། ཙན་དན་དམར་པོ་དང་། གཞན་གྱིས་མི་ཐུབ་པ་དཀར་པོའི་མེ་ཏོག་དང་། ས་བོན་རྣམས་གཅིག་ཏུ ་བྱས་ནས་བསེར་སྐྱའི་གཅིན་གྱིས་བུ་མོའི་ལག་པར་བཏགས་པར་བྱའོ། ། དེ་ནས་རིལ་བུ་བྱས་ནས་མིབ་མ་ལ་མཱ་ལ་ཏཱིའི་མེ་ཏོག་དཀར་པོས་བགོ་བར་བྱའོ།། འདི་རྣམས་ཀྱིས་ལུས་བྱུགས ་ན་ལོག་པར་འདྲེན་པ་དང་། ཡི་དགས་དང་། གྲུལ་བུམ་དང་། ཤ་ཟ་ལ་སོགས་པ་རྣམས་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ།། གལ་ཏེ་མི་སྦྱིན་ན་བ་ལང་གི་གཅིན་ལ་ལན་བདུན་མངོན་པར་བསྔག ་པར་བྱས་པས་ནད་རབ་ཏུ་འཇོམས་པར་བྱེད། གུ་གུལ་དང་། པི་ཙུ་མ་ར་ཏའི་ས་བོན་དང་། ཙན་དན་དང་། ཏུ་རུ་སྐ་དང་། ཤྲཱི་བཱ་ས་ཀ་འདི་རྣམས་ཕྱེ་མར་བྱས་ནས་གོས་ལ་བདུག་པར་གྱིས་ཤིག། གང་གིས་ཀྱང ་ཟིལ་གྱིས་གནོན་པར་མི་འགྱུར་རོ། ། ལྡོང་རོས་དང་། གིའུ་ཝང་དང་། ལག་སྐྱེས་དང་། བ་རུ་ར་དང་། ཀ་དམ་པའི་མེ་ཏོག་དང་། ཤིང་མངར་དང་། སེ་ཕ་ལི་ཀའི་མེ་ཏོག་དང་། ཤིང་ཙ་དང་། ན་ལེ་ཤ་མ་དཀར ་པོའི་ས་བོན་དང་། ཡུང་བ་གཉིས་དང་། ཤུ་དག་རྣམས་པ་སེར་སྐྱའི་གཅིན་གྱིས་བྲམ་ཟེའི་བུ་མོའི་ལག་པར་གསོ་སྦྱོང་ཅན་གྱིས་བཏགས་པར་བྱའོ།། རིལ་བུ་བྱས་ནས་ཨུཏྤ་ལས་བསྒོ་བར་བྱའོ།། ཨ་ཏི་མུཀྟ ་ཀ་དང་། ། སཱ་ལ་དང་།། མེ་ཏོག་སྔོན་པོས་བསྒོས་པར་བྱའོ།། ལོག་པར་འདྲེན་པ་རྣམས་སམ། གཞན་རྣམས་སམ། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲིན་པོ་ལ་སོགས་པ་རྣམས་གང་གིས་ཀྱང ་ཟིལ་གྱིས་གནོན་པར་མི་འགྱུར་རོ། ། ནད་མེད་པའི་ལེའུ་རྫོགས་སོ།། ། དེ་ནས་རོ་ལངས་སྒྲུབ་པ་འབྱུང་སྟེ། སྐྱེས་པའི་རོ་མ་ཉམས་པ་རབ་ཏུ་མཛེས་པ་ལ་དཀར་པོའི་བཅོ་ལྔ་ལ་ཐམས ་བྱུག་པ་བྱས་ནས་སྦྱངས་པའི་སྣོད་དུ་བཞགས་ནས། གསོ་སྦྱོང་ཅན་དེས་ཀྱང་སྒྲ་གཞོར་དུ་བཅུག་ནས་མེ་ཏོག་གི་འཕྲེང་བ་མགྲིན་པ་ལ་བཅིངས་ཏེ། ཁྲོན་པ་སྐམ་པོར་ཞུགས་ནས་སེར་སྐྱའི་བ་བྱུང་གི་རིང་བསྲེལ ་དང་བཅས་པའི་མཆོད་རྟེན་དེ་ཉིད་དུ་ཁྲོན་པར་བཞག་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མ་དང་། སེང་ལྡེང་གྱི་ཕུར་བུ་བཞི་རྣམས་ཀྱིས་བཅིང་བ་དང་། ཕྱོགས་སྐྱོང་བ་རྣམས་གཞག་པར་བྱའོ།། རོ་དེ་ལ་འབྲས ་ལོས་དང་ཕྱེ་བ་སེར་སྐྱའི་འོ་མ་དང་སྦྱར་ཏེ། ཇི་སྲིད་དུ་རོ་དེའི་ལྕེ་བྱུང་གི་བར་དེ་སྲིད་དུ་ཁར་སྲེག་བླུགས་གྱིས་ཤིག། དེ་བཅད་ནས་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ།། དཔའ་བོ་ཆེན་པོ་ཕ་རོལ་གནོན་པར་འགྱུར་རོ།། ་ཉི་མ་འཆར་བ་དང་མཉམ་པའི་འོད་དུ་འགྱུར་རོ།། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། རོ་ལངས་ཀྱི་སྒྲུབ་པ་གཉིས་པ་འབྱུང་སྟེ། དུར་ཁྲོད་ཀྱི་ཐལ་བས་རོ་ལངས་བྲིས་ནས་མཆོད་པ་རྒྱ་ཆེན་པོ་དང་གཏོར་མ ་བྱས་ཏེ། དེའི་མདུན་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་སེང་ལྡེང་གི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྷི་བཏགས་པས། ཇི་སྲིད་རོ་ལངས་ལངས་ཀྱི་བར་དེ་སྲིད་དུ་སྦྱིན་སྲེག་བྱའོ།། གང་ཡིད་ཀྱིས་སེམས་པར ་བྱེད་པ་དེ་མྱུར་དུ་འགུགས་པར་བྱེད་དོ། ། བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ།། དེ་ལ་ཞོན་ནས་སྦྱིན་སྲེག་གིས་འགྲོ་བར་བྱེད་དེ། ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ།། རོ་ལངས་སྒྲུབ་པ་གསུམ་པ་འབྱུང་སྟེ། ་སེར་སྐྱའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ནས་མེལ་སྦྱིནི་སྲེག་བྱས་པའི་ཐལ་བས་རོ་ལངས་བྲིས་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དེ་བཞིན་དུ་ཡང་དག་པར་བཞག་ནས་བེ་ཀཾ་ཀ་ཏའི་སྲེག་ཐུགས་ཀྱི་སྦྱིན་སྲེག ་བྱེད་ཅིང་། རིག་པ་འཛིན་པས་བེ་ཀཾ་ཀ་ཏ་ས་ཀུན་ནས་བསྣུན་པར་བྱའོ།། རྩ་བའི་སྔགས་དྲན་པས་འདི་སྐད་ཅེས་བརྗོད་པར་བྱའོ།། ལོངས་ཤིག་ལོངས་ཤིག། དྲ་བར་བྱེད་པ་དང་། ་དྲག་ཏུ་དགོད་པས་གྲོལ་བར་བྱེད་ན་འཇིགས་པར་མི་བྱའོ།། ཇི་སྲིད་རང་ཉིད་ལངས་ཀྱི་བར་དུ་རྒྱབ་ནས་རྗེས་སུ་འགྲོ་བར་བྱེད་དེ། དབང་པོའི་ཆུང་མའང་མྱུར་དུ་འགུགས་པར་བྱེད་དོ།། བཅུད་ཀྱིས་ལེན་དུ་འགྱུར ་རོ། ། དེ་ཟོས་ནས་ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ།། སྐྱེ་བ་དྲན་པར་ཡང་འགྱུར་རོ།། རོ་ལངས་སྒྲུབ་པར་འགྱུར་བའོ།། ། ་། རྨ་བྱ་དང་། ནམ་མཁའ་ལྡིང་དང་། གླང་པོ་ཆེ་དང་། རྟ་གྲོག་མཁར་གྱིས་དང་། འོ་མས་དཀར་པོའི་བཅོ་ལྔ་ལ་ལེགས་པར་བཙགས་པ་བྱས་ནས་ཆུ་རྣམ་པར་དབྱེ་བ་གསུམ་རྣམས་རྩ་བའི་སྔགས ་ཀྱིས་ཡོངས་སུ་བཟླས་ནས་དེ་སེར་སྐྱ་སྤྱོད་དུ་གཞུག་གོ། དེ་ནས་རིག་པ་འཛིན་པས་རྣམ་པར་དབེན་པའི་འབྱུང་གིས་གསོ་སྦྱོང་ཅན་གྱིས་སེར་སྐྱ་དེའི་འོ་མ་བླངས་ནས་སའི་གོང་བུ་དེ་མཉེ་བར་བྱའོ།། དེ་ནས་རྨ་བྱ ་དང་ནམ་མཁའ་ལྡིང་དང་། གླང་པོ་ཆེ་དང་། རྟ་གང་ཡང་རུང་བ་མོ་འམ་གང་ཡང་རུང་བ་བྱས་ནས། རི་མོ་མཁན་གསོ་སྦྱོང་ཅན་གྱིས་འདྲིར་གཞུག་པར་བྱའོ།། རས་རིས་ཀྱི་ཞལ་ནུབ་ཏུ་ཕྱོགས་པར་བཞག ་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མར་མེ་རྣམས་དང་སྲུང་བའི་ཆོ་ག་བྱས་ནས་ཨུ་དུམ་བ་རའི་ཡམ་ཤིང་གིས་སྲེག་ཐུགས་བདུན་གྱི་སྦྱིན་སྲེག་བྱའོ།། རྔའི་ཆུས་ལྷ་རྣམས་སྤྱན་དྲངས་ནས་སླར་ཡང་རྣམ་པ ་བྱ་སྟེ་མཆོད་ཡོན་ཕུལ་ཏེ། རྨ་བྱ་དེ་རས་རིས་ཀྱི་མདུན་དུ་བཞག་ནས་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་བཟླས་པར་བྱ་སྟེ། གལ་ཏེ་རྨ་བྱ་སྒྲུབ ་པར་བྱེད་ན་དེའི་དངོས་གྲུབ་ཀྱི་མཚན་མར་འགྱུར་བ་ནི་རྨ་བྱ་སྐད་འབྱིན་པ་དང་། གླང་པོ་ཆེ་གུལ་གུ་ལ་སྒྲོགས་པ་དང་། རྟ་འཚེར་བ་དང་། ནམ་མཁའ་ལྡིང་གཤོག་པ་གཡོ་བ་སྟེ། དངོས་གྲུབ་ཀྱི་མཚན་མ ་འདི་རྣམས་སུ་གྱུར་ན་རྨ་བྱའི་རྒྱལ་པོ་སྨིན་དྲུག་གཉིས་པར་འགྱུར་ཏེ། བརྩོན་འགྲུས་ཆེན་པོས་སྟོབས་དང་ཕ་རོལ་གནོན་པར་འགྱུར་རོ།། ལྷ་རྣམས་ཀྱི་རྒྱགས་པ་གནོན་པར་བྱེད་དོ།། བར་གྱི་བསྐལ ་པར་འཚོ་བར་བྱེད་དོ། ། གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ། འདི་ནི་དངོས་གྲུབ་བོ།། ། དེ་ནས་རྡོ་རྗེ་རྣམ་པར་བྱེད་པ་དེས་ཨ་ཀ་རུ་ལས་བྱུང་བའམ། ཙན ་དན་ལས་བྱུང་བ་འམ། ལྷའི་ཤིང་ལས་བྱུང་བའམ། སེང་ལྡེང་ལས་བྱུང་བའམ། དྲི་ལས་བྱུང་བའམ། ནིམྦའི་ཤིང་ལས་བྱུང་བའམ། རྒྱལ་གྱི་ལྕགས་ལས་བྱུང་བའམ། གྲོག་མཁར་ལས ་བྱུང་བའམ། ཤེལ་ལས་བྱུང་བའམ། ས་ར་ལས་བྱུང་བའི་འཁོར་ལོ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། མདུང་ཐུང་དང་། རྡོ་རྗེ་དང་། རྩེ་གསུམ་ཁག་དེང་སྒྲུབ་པར་བྱེད་དོ།། རྡོ་རྗེ་རྩེ་བཞི་པ་སོར ་བཅུ་དྲུག་པ་ལས་བྱེད་པ་གས་སྦྱོང་ཅན་གྱིས་ཆམ་ཆང་བ་མེད་པབྱེད་དུ་བཅུག་ནས། སེར་སྦྱར་བ་བྱུང་ལྔས་རབ་ཏུ་བཀྲུ་བར་བྱས་ནས་དཀར་པོའི་བཅོ་ལྔ་ལ་རས་རིས་ཀྱི་སྤྱན་སྔར་གཏོར་མ་དང་། མར་མེ། ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ཏེ། རྡོ་རྗེ་དྲིའི་ཆུས་འཁྲུར་བཅུག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀོད་པའི་གཟུགས་བརྙན་བྱས་ཏེ་དྲིའི་ཆུ་དང་རྩ་བའི་སྔགས ་བརྗོད་དེ། རང་གི་ལྷ་རྣམས་སྤྱན་དྲང་བ་བྱས་ནས་མཆོད་ཡོན་དང་གདན་ཡང་ཕུལ་ཏེ། སླར་ཡང་གཤེགས་སུ་གསོལ་ནས་མར་གྱི་སྲེག་བླུགས་སྦྱིན་སྲེག་གྱིས་ཤིག། དེ་ནས་རིག་པ་འཛིན་པས་ལག་པ་གཡས ་པས་རྡོ་རྗེ་ཐོགས་ཏེ་ཇི་སྲིད་འབར་བ་དང་། ཙི་ཊི་ཙི་ཊིའི་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས་རིངས་པ་ཉིད་དུ་བཟླས་པར་བྱ་སྟེ། ཇི་སྲིད་ཤར་གྱི་ཕྱོགས་སུ་མཐོང་བ་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན། བྱང་ཆུབ་སེམས་དཔའ་སྒྲོལ་བ་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང་། རྟ་མགྲིན་རྒྱལ་པོ་རིག་པ་བྱེ་བས་ཡོངས་སུ་བསྐོར་བ་དང་། འཕགས་པ ་། ཁྲོ་གཉེར་ཅན་དང་། སྒྲོལ་མ་དང་། གོས་དཀར་མོ་དང་། རི་ཁྲོད་ལོ་མ་ཅན་དང་། བྱང་ཆུབ་སེམས་དཔའི་སྙིང་པོ་རེ་རེ་ལ་བྱེ་བ་ལྔ་རྣམས་ཀྱིས་ཡོངས་སུ་བསྐོར་བ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་རྗེས་སུ ་འབྲངས་པས་འོང་བར་བྱེད་དོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྣམས་ཀྱི་མེ་ཏོག་གི་ཆར་གྱི་ཆར་འབབ་པས་མཆོད་པར་བྱ་བཞིན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིལ་བ་སྤྱི ་བླུཐུགས་དང་དབྱུག་གུའི་ཤིང་བསྣམས་པ། གཡས་པས་སྒྲུབ་པ་པོ་ལ་དབུགས་འབྱིན་པར་མཛད་བཞིན་པ། སྟོན་ཀའི་སྤྲིན་ལྟར་དཀར་བ། སྦྱངས་པའི་སྣོད་དཀར་པོ་ངེས་པར་གནས་པ། གཡང་གཞི་ནག་པོ ་འཆང་བ། རལ་པའི་ཅོད་པན་འཆང་བའི་དབུས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཉི་མ་ལྟར་འབར་བཞིན་པ། གསེར་གྱི་སྲད་བུའི་མཆོད་ཕྱིར་ཐོགས་པ་ཅན། སྒྲུབ་པ་པོ་ལ་རྔ་བོ་ཆེའི་སྒྲ་ཟབ་མོའི་ཚིག་གིས ་དབུགས་འབྱིན་པར་མཛད་བཞིན་པའོ། ། དེ་ནས་སྒྲུབ་པ་པོས་བྱོན་ཅིང་བྱོན་པ་རྣམས་ལ་མཆོད་ཡོན་དང་གདན་ཕུལ་ཏེ། སྨོན་ལམ་གདབ་པ་བྱས་ནས་རྗེས་སུ་བརྩེ་བས་བཅོམ་ལྡན་འདས་ལ་རྗེས་སུ་བརྩེ་བ་ཉེ་བར་བླངས ་ནས་གསུངས་ཤིག། སྡིག་པ་བྱེད་པ་དང་། བསོད་ནམས་དང་། དངོས་གྲུབ་གཞན་པ་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་ཐུགས་རྗེ ་ཆེན་པོའི་བདག་ཉིད་ཅན་གསུངས་ཤིག། བདག་གི་སྡིག་པ་བྱས་པ་ལ་ནོར་གྱི་དངོས་གྲུབ་དང་། སྒྲུབ་པ་པོས་ལན་བཅུ་གསུམ་དུ་སྨོན་ལམ་གདབ་པ་བྱས་ནས། བཅོམ་ལྡན་འདས་ལ་དངོས་གྲུབ་གསོལ་བར་བྱའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པ་པོའི་སྤྱི་བོར་ཕྱག་གཡས་པ་རེག་པར་མཛད་དེ། འདི་སྐད་ཅེས་གསུངས་སོ།། བུ་ཅི་བྱ། དེ་ནས་མཆོད་ཡོན་དང་མེ་ཏོག་གི་ཆུན་པོ་ཕུལ་ནས་པུས ་མོ་གཉིས་བཙུགས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། ། བཅོམ་ལྡན་འདས་རྡོ་རྗེའི་དངོས་གྲུབ་བདག་ལ་སྩོལ་ཅིག། ཁྱེད་ཀྱི་དྲིན་ལས་བརྩོན་འགྲུས་ཆེན་པོ་དང་། སྟོབས་ཆེན་པོས་རིག་པ་འཛིན་པའི་རྒྱལ་པོ་རིག་པ ་འཛིན་པ་ཐམས་ཅད་ཀྱི་མངའ་བདག་ཕྱག་ན་རྡོ་རྗེ་དང་འདྲ་བའི་ལུས་སུ་མཛོད་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། བུ་དེ་རྣམས་གྲུབ་བོ།། རྡོ་རྗེ་འདི་ནི་བརྩོན་འགྲུས་ཆེན་པོས་སྟོབས་དང་ཕ་རོལ ་གནོན་པ། རིག་པ་འཛིན་པའི་རྒྱལ་པོ་ཐོགས་པ་མེད་པར་འགྲོ་བ་མཐུ་ཆེན་པོ་ཕྱག་ན་རྡོ་རྗེ་དང་འདྲ་བའི་ལུས་སོ།། དེ་ནས་རིག་པ་འཛིན་པས་རྡོ་རྗེ་བླངས་ནས་བཅོམ་ལྡན་འདས་ལ་བསྐོར ་བ་བྱས་ཏེ། རིག་པའི་རྒྱལ་པོར་འགྱུར་རོ།། རིག་པ་འཛིན་པ་བྱེ་བ་ལྔས་ཡོངས་སུ་བསྐོར་བ། རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རོལ་པར་བྱེད་པ། གཟུགས་བཟང་པོ་རབ་ཏུ་མཛེས་པ། མཚན ་ཐམས་ཅད་ཡང་དག་པར་རྫོགས་པ། བར་གྱིའི་སྐལ་པར་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་རོ།། སྐྱེ་བ་དྲན་ཏེ་འདི་ནི་དངོས་གྲུབ་བོ།། ། དེ་ནས ་མིག་སྨན་སྒྲུབ་པར་འདོད་ན་ཉི་མ་གུང་ལ་དཔའ་བོའི་རིན་གྱིས་རྣ་བའི་མིག་སྨན་བླངས་ནས། བ་སེར་སྐྱའི་འོ་མས་ལན་བདུན་དུ་བཀྲུ་བར་བྱས་ནས། བ་སེར་སྐྱའི་བ་བྱུང་ལྔ་པོ་དེ་ཉིད་ཀྱིའོ།། དེའི་འོག་ཏུ་དེ་ནས ་མིག་སྨན་ཟངས་ཀྱི་སྣོད་དུ་བྱས་ནས་བཏག་པར་བྱའོ། ། དེ་ནས་མེ་ནས་བཏོན་ཏེ་རས་རིས་མཆོད་པ་རྒྱ་ཆེན་པོ་དང་གཏོར་མ་བྱས་ནས། མིག་སྨན་ཁར་བཅུག་སྟེ་དཀར་པོའི་བརྒྱད་པའམ། ཟླ་བ་གཟས ་བཟུང་བ་ན་མཚན་མོ་གསུམ་དུ་སྦྱང་བར་གནས་པས་ཇི་སྲིད་དྲོ་བ་དང་། ངུ་བ་འཐུལ་པ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ།། དུ་བ་འཐུལ་བཞིན་པས་ནི ་མི་སྣང་བའོ། ། འབར་བས་ནི་ནམ་མཁའ་ལ་འགྲོ་བར་བྱེད་དོ།། མིག་ལ་བསྐུས་པས་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་ཕྱུག་པོའི་རིགས་སུ་སྐྱེ་བར་འགྱུར་རོ།། ་སྐྱེ་བ་དྲན་ནོ།། ། དེ་ནས་གནོད་སྦྱིན་མོ་སྒྲུབ་པར་འདོད་ན་སྐྲ་དང་བྲལ་བའི་རས་གྲུ་བཞི་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་བདེ་བར་གཤེགས་པའི་མཐོ་གང་གི ་ཚད་ཀྱི་གཟུགས་བརྙན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཅུང་ཟད་འཛུམ་པའི་ཞལ། ཕྱག་གཡས་པས་མྱ་ངན་མེད་པ་འཆང་བཞིན་པ་བསྣམས་པ་འདྲིར་གཞུག་པར་བྱའོ།། རིག་པ་འཛིན་པས ་དཀར་པོའི་བརྒྱད་པ་ལ་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་གྱི་སྤྱན་སྔར་རས་རིས་བཞུགས་ནས་གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རང་གི་ལྷ་སྤྱན་དྲང ་ནས་མཆོད་ཡོན་དང་གདན་ཕུལ་ཏེ། སླར་ཡང་གཤེགས་སུ་གསོལ་བའི་མཆོད་ཡོན་ཕུལ་ནས་རྩ་བའི་སྔགས་ཀྱིས་འོ་མའི་སྲེག་བླུགས་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་རིག་པ་འཛིན་པས་ཀུ་ཤའི ་ཁྲེས་ལ་ཉེ་བར་འདུག་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་ཀྱི་བར་དེ་སྲིད་དུ་བཟླས་པར་བྱའོ། ། འོངས་པ་དང་མཆོད་ཡོན་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། སོ་སོར་བཞེས་ཤིག། སོ་སོར ་བཞེས་ལ་བཞུགས་ཤིག་ཅེས་སོ། ། རབ་ཏུ་འཛུམ་པའི་བཞིན་གྱིས་ལེགས་སོ་ཞེས་སྨྲས་ཏེ་བཀའ་བསྒོ་བར་བྱེད་པ་ཅི་ཞིག་བགྱི་ཞེས་སོ།། དེ་ནས་སྒྲུབ་པ་པོས་ཆུང་མའོ་ཞེས་བརྗོད་པར་བྱའོ།། གལ་ཏེ ་སྲིང་མོའོ་ཞེས་བརྗོད་པར་བྱེད་ན། དེ་ནས་སྒྲུབ་པ་པོ་འཚོ་བ་ལས་མི་འབྲལ་བར་བྱེད་དོ།། དེ་ནས་ཆུང་མའོ་ཞེས་རྗོད་པར་བྱེད་ན། དེ་ནས་སྒྲུབ་པ་པོ་ལག་པས་བཟུང་ནས་རབ་ཏུ་འཛུམ་པའི་བཞིན་གྱིས ་རང་གི་གནས་སུ་འགྲོ་བར་བྱེད་དོ། ། བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ།། དེ་ཟོས་པས་སྐད་ཅིག་དེ་ཉིད་ལ་སྐ་ལི་ཞིང་འཁྱིལ་པ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཉི་མ་འཆར་བའི ་ཁ་རོག་འདྲ་བ། ལྷའི་གཟུགས་ཅན་གཟུགས་བཟང་པོ་རབ་ཏུ་མཛེས་པ། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། དེ་དང་ལྷན་ཅིག་རོལ་པར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་ཆེན་པོའི་རིགས་སུ་སྐྱེས་པར་འགྱུར་ཏེ། ་སྐྱེ་བ་དྲན་ནོ།། ཆོ་ག་དེ་ཉིད་ཀྱིས་འ་ཚར་མ་བཅད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པས། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་གཅིག་པུར་བྲི་ཡང་ཀུའི་ཤིང་ལ་འཕྱང་བགོས ་གཅིག་པ་ཟར་མའི་མེ་ཏོག་དང་མཚུངས་པའི་གནོད་སྦྱིན་མ་འདིར་གཞུག་པར་བྱའོ། ། དེ་ནས་སྒྲུབ་པ་པོས་དཀར་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པར་གོས་གཙང་མ་བགོས་ཏེ། རིང ་བསྲེལ་དང་བཅས་པའི་མཆོད་རྟེན་དུ་མཆོད་པ་དང་། གཏོར་མ་དང་། མར་མེ་བྱས་ནས། རང་གི་ལྷ་སྤྱན་དྲང་བར་བྱས་ཏེ་མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་ཏེ། པྲི་ཡང་ཀུའི ་ཡམ་ཤིང་བ་སེར་སྐྱའི་མར་གྱིས་བཏགས་པ་སྲེག་བླུགས་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་རིག་པ་འཇན་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་པ་དེ་སྲིད་དུ་བཟླས་པར་བྱའོ།། འོངས་པ་ལ་མཆོད་ཡོན་དབུལ ་བར་བྱའོ། ། འདི་སྐད་ཟེར་ཏེ་བཀའ་བསྒོ་བ་ཅི་བགྱི། དེ་ནས་སྒྲུབ་པ་པོས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་གི་ཆུང་མ་མཛོད་ཅིག་ཅེས་སྒྲུབ་པ་པོས་སྨྲས་པ་དང་། རབ་ཏུ་འཛུམ་པའི་བཞིན་གྱིས་ཁྱོད་ཀྱིས་ཇི་ལྟར ་བཀའ་བསྒོ་བ་བཞིན་དུའོ་ཞེས་ཟེར་རོ། ། སྒྲུབ་པ་པོ་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་དོ།། བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ།། སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོ་རབ་ཏུ་མཛེས་པར་འགྱུར ་རོ། ། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། ཆོ་ག་དེ་ཉིད་ཀྱིས་རས་ལ་ཁ་དོག་མ་འདྲེས་པའི་ཚོན་གྱིས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་གནོད་སྦྱིན་མོ་འདྲར་གཞུག་པར་བྱའོ།། གསེར་ལྟར་སེར་བ། གོས་གཅིག། ་པ། སྐྲ་གྲོལ་བ། ཀུན་ཏུ་ཆགས་པའི་སེམས་ཀྱིས་སྒྲུབ་པ་པོ་ལ་ངེས་པར་རྟོག་བཞིན་པ། ཨ་ཏི་མུཀྟའི་ཤིང་ལ་འཕྱང་བཞིན་པ། ཅུང་ཟད་འཛུམ་པའི་བཞིན་ཅན། ཕྱག་གཡས་པའི་སོར་མོས་སྒྲུབ་པ་པོ་ལ ་སྡིགས་པར་བྱེད་པའོ། ། དེ་ནས་སྒྲུབ་པ་པོས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ཏེ། གོས་གཙང་མ་བགོས་ནས་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་སྨྱུང་བར་གནས་ཏེ ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མཆོད་ཡོན་དང་། རི་མོར་བྱ་བ་དང་། སླར་ཡང་མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ་ཏེ་འོ་མའི་སྲེག་བླུགས་ཉི་ཤུ་རྩ་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་སྒྲུབ་པ་པོས་རྩ་བའི ་སྔགས་ཀྱིས་ལན་བདུན་བསྔགས་པའི་མཱ་ལ་ཏིའི་མེ་ཏོག་རེ་རེས་ཇི་སྲིད་རང་ཉིད་འོངས་ཀྱི་བར་དུ་གནོད་སྦྱིན་མོ་ལ་བསྣུན་པར་བྱའོ། ། སྒྲུབ་པ་པོ་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་དོ།། གནས ་སུ་སོང་ནས་བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། ། སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོར་འགྱུར་ཏེ། དེ་ཡིས་ལྷན་ཅིག་རོལ་བར་བྱེད་དོ།། ལོ་སྟོང་ཕྲག་ལྔ་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི ་རིགས་སུ་སྐྱེ་བར་འགྱུར་རོ། ། སྤྲེབ་དྲན་པར་འགྱུར་རོ།། ཆོ་ག་འདི་ཉིད་ཀྱིས་ཙན་དན་དང་། རྒྱ་སྤོས་དང་། རུ་རྠ་དང་། ཤིང་ཙ་དང་། བ་རི་བཱ་ལ་བཱ་དང་། གུར་ཀུམ་དང་། ལྗོང་རོས ་དང་གིའུ་ཝང་དང་། པདྨའི་འདབ་མ་དང་། པདྨའི་ས་བོན་རྣམས་གཅིག་ཏུ་བྱས་ནས་དྲིའི་ཁུ་བ་དང་ནམ་མཁའི་ཆུས་བྲམ་ཟེའི་བུ་མོ་གསོ་སྦྱོང་ཅན་གྱིས་ལག་པར་བཏགས་པར་བྱའོ།། དྲི་དཀར་པོའི་གཟུག ་བརྙན་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀར་པོའི་བརྒྱད་པ་ལ་མཆོད་པ་བྱས་ནས། མཚན་མོ་གསུམ་དུ་སྦྱང་བར་གནས་པས་གཟུགས་བརྙན་དེ་མཆོད་རྟེན་གྱི་སྤྱན་སྔར་བཞུགས་ནས་རྩ་བའི ་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བར་བྱ་སྟེ། མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་བའི་མཆོད་ཡོན་ཕུལ་ཏེ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་པདྨ་གེ་སར་ལ་བ་སེར་སྐྱའི ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་གྱིས་ཤིག། དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་པ་དེ་སྲིད་དུ་བཟླས་པར་བྱའོ།། འོངས་པ་ལ་མཆོད་ཡོན ་དབུལ་བར་བྱའོ། ། དེ་ནས་དེ་ན་རེ། བཀས་བསྒོ་བ་ཅི་ཞིག་བགྱི་ཞེས་ཟེར་རོ།། འདི་སྐད་ཅེས་བརྗོད་པར་བྱའོ།། ཆུང་མ་མཛོད་ཅིག་ཅེས་སོ།། དེ་ནས་དེས་སྨྲས་པ། དེ་བཞིན་བྱའོ་ཞེས་སྒྲུབ་པ་པོ་ལག་པས ་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་ཅིང་། བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ།། ལྷའི་གཟུགས་ཅན་དུ་འགྱུར་རོ།། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ ་བར་འགྱུར་རོ། ། སྐྱེ་བ་དྲན་པར་ཡང་འགྱུར་རོ།། ཆོ་ག་དེ་ཉིད་ཀྱིས་བ་སེར་སྐྱའི་མར་གསར་པ་ལ་གཟུགས་བརྙན་བྱས་ནས། རས་རིས་ཀྱི་སྤྱན་སྔར་གཏུབ་ཅིང་སྦྱིན་སྲེག་བྱའོ།། ཇི་སྲིད་གནོད་སྦྱིན་མོ ་བྱུང་བའི་བར་དུའོ། ། ཆོ་ག་འདི་ཉིད་ཀྱིས་ཙན་དན་དམར་པོ་ལས་བྱུང་བའི་གཟུགས་བརྙན་བྱས་ནས། རྩ་བའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཆུ་ཀླུང་དུ་གཞུག་གོ། སྐད་ཅིག་དེ ་ཉིད་ལ་གཟུགས་བཟང་པོའི་གནོད་སྦྱིན་མོ་འོང་ཞིང་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་རོ། ། ནིམྦའི་ཤིང་ལས་བྱུང་བའི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་གནོད་སྦྱིན་མོ་བྱེད་དུ་བཅུག ་ནས། རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ།། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཚོ་གས་གཏོར་མ་དང་མར་མེའི་མཆོད་པ་རྒྱ་ཆེན་པོ་བྱས་ནས། ་དེ་ནས་སྒྲུབ་པ་པོས་རྣམ་པར་དབེན་པར་སྦྱངས་པའི་སྣོད་དང་གོས་ཀྱི་རྩ་བའི་སྔགས་ཀྱིས་ལྷ་རྣམས་སྤྱན་དྲང་བར་བྱ་སྟེ། མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་ཏེ། ཇི་སྲིད་དུ་གནོད་སྦྱིན་མོ ་རང་ཉིད་ཀྱི་གཟུགས་ཀྱིས་གསལ་བར་བྱེད་བཞིན་པ་མ་ཏོག་གི་འཕྲེང་བ་བྱས་ནས་འོང་བར་བྱེད་དེ། དེ་སྲིད་དུ་བཟླས་པར་བྱའོ།། དེ་སྨྲ་བ་དང་། དེ་ནས་སྒྲུབ་པ་པོས་ཆུང་མ་མཛོད་ཅིག་ཅེས་བརྗོད་པར་བྱའོ།། ་དེནས་རབ་ཏུ་འཛུམ་པ་བཞིན་གྱིས་སྒྲུབ་པ་པོ་ལ་མེ་ཏོག་གི་འགྲེང་བ་སྦྱིན་པར་བྱེད་དོ།། རང་གི་ལག་པས་བཟུང་ནས་བཅོམ་ལྡན་འདས་ཀྱི་དྲང་དུ་འགྲོ་བར་བྱེད་དོ།། བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ།། ་སྐད་ཅིག་དེ་ཉིད་ལ་ལྷའི་གཟུགས་ཅན་དུ་འགྱུར་རོ།། གཟུགས་བཟང་པོ་རབ་ཏུ་མཛེས་པར་འགྱུར་རོ།། དེའི་ལྷན་ཅིག་རོལ་པར་བྱེད་ཅིང་དགའ་མགུར་ཡོངས་སུ་སྤྱོད་པར་བྱེད ་དོ། ། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དེ།། ལྷའི་ཚེའོ།། གང་གི་ཚེ་འཆི་བདེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ།། རབ་ཏུ་མཛེས་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ ་དང་། ལོངས་སྤྱོད་ཆེན་པོ་དང་། ནོར་ཆེན་པོ་དང་། འདོད་པ་ཆེན་པོ་དང་། སྙིང་རྗེ་ཅན་དང་། ཐམས་ཅད་སྦྱིན་པ་དང་། བརྩོན་འགྲུས་ཆེན་པོ་སྐྱེ་བ་དྲན་པའོ།། གནོད་སྦྱིན་མོའི་ལེའུ་རྫོགས་སོ།། ་། པདྨའི་མཚོར་སོང་ན་སྒྲུབ་པ་པོས་དཔལ་མོ་འོངས་ཀྱི་བར་དུ་སྦྱིན་སྲེག་བྱའོ།། རུ་རྟ་དང་། རྒྱ་སྤོས་དང་། པདྨའི་ས་བོན་དང་། པདྨའི་གེ་སར་དང་། ཙན་དན་སྦྲང་རྩིས་ལྷན་ཅིག་བཏག ་པར་བྱའོ། ། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། རྩ་བའི་སྔགས་ཀྱིས་མེ་ཏོག་གི་འཕྲེང་བ་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། དེ་ནས་རྩལ་བྱེད་པར་འདོད་པས་རྟེན་ཅིང་འབྲེལ ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་ཇི་སྲིད་དུ་མཆོད་རྟེན་ཕྱི་མ་རབ་ཏུ་གཡོ་བར་བྱེད་པ་དེ་སྲིད་དུ་བྱའོ། ། དེ་ནས་ལས་ཀྱི་སྒྲིབ་པ་ཟད་པར་བྱས་ནས་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར ་ཏེ། རྣམ་པ་གཞན་དུ་མ་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་བསྒྱིངས་པའོ།། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པར་འདོད་ན་ཁ་ཚར་མ་བཅད་པའི ་རས་སྒྲ་དང་བྲལ་བ་ལ་ཁ་དོག་མ་འདྲེས་པའི་ཚོན་གྱིས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་བིར་གསར་པས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ། རལ་པ ་འཕྱང་བ། འོད་དཔག་མེད་དབུ་ལ་འཛིན་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་འདྲིར་གཞུག་པར་བྱའོ།། འོག་ཏུ་སྒྲུབ་པ་པོ་སྤོས་ཕོར་ལག་ན་ཐོགས་པས་པུས་མོ་གཉིས་བཙུག ་པ་བྱང་ཆུབ་སེམས་དཔའ་ལ་ངེས་པར་རྟོག་བཞིན་པའོ། ། དེ་ནས་རིག་པ་འཛིན་པས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་རས་རིས་ཀྱི་སྤྱན་སྔར་ཉི་མ་རེ་རེ་ཞིང་རྒྱུན་མི་འཆད་པའི ་མཆོད་པ་དང་། གཏོར་མ་དང་། མར་མེའང་ཇི་སྲིད་ཟླ་བ་ཉ་བའི་བར་དུ་བྱའོ།། ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་དང་། གཏོར་མ་དང་། མར་མེའང་བྱས་ནས་སྨོན་ལམ་གདབ་པར་ཡང་བྱ་སྟེ། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས། མཱ་ལ་ཏིའི་མེ་ཏོག་གིས་ཡོངས་སུ་བཀང་བའི་དྲིའི་ཆུའི་སྣོད་ལག་པ་གཉིས་ཀས་བླངས་ནས་པུས་མོ་གཉིས་བཙུགས་ཏེ། རྩ་བའི ་སྔགས་ལན་བདུན་བརྗོད་ནས་རང་གི་ལྷ་རྣམས་སྤྱན་དྲང་བར་བྱ་སྟེ། མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་བྱབས་ཏེ་བ་སེར་སྐྱའི་མར་ལ་བཏགས་པའི་མཱ་ལ་ཏིའི་མེ་ཏོག་སྦྱིན་སྲེག་བྱའོ།། ལྷ ་རྣམས་ཚིམ་པར་བྱེད་པ་བྱས་ནས་བསྲུང་བ་བྱས་པ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ང་རྒྱལ་དང་བྲལ་བ་མི་སྨྲ་བས་གཡོ་བ་བཅོམ་སྟེ། དྲན་པ་མཆོག་གིས་དམིགས་པར་བྱས་ལ། ཇི་སྲིད་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་རང་ཉིད་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་བྱོན་པ་དེ་སྲིད་དུ་བཟླས་པར་བྱའོ། ། སེམས་དཔའ་ཆེན་པོ་བྱོན་པ་དང་། ས ་གཡོ་བ་དང་། རིའི་རྩེ་མོ་ཉིལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། ལྷ་ཐམས་ཅད་མེ་ཏོག་གི་ཆར་རབ་ཏུ་འབེབས་པར་བྱེད་པ་དང་། རིག་པ་འཛིན་པ་ཐམས ་ཅད་ཀྱང་ཙན་དན་གྱི་ཕྱེ་མའི་ཆར་འབེབས་པ་དང་། གནས་གཙང་མའི་ལྷ་རྣམས་རིན་པོ་ཆེ་ཆེན་པོའི་ཆར་རབ་ཏུ་འབེབས་པ་དང་། ལྷ་མ་ཡིན་ཐམས་ཅད་ཨུཏྤ་ལའི་ཆར་རབ་ཏུ་འབེབས་པར་བྱེད་དོ།། ་དྲག་པོ་ཐམས་ཅད་ཁྲོ་བ་དང་བྲལ་བར་འགྱུར་རོ།། དམྱལ་བ་པ་རྣམས་ཀྱང་སྐད་ཅིག་དེ་ལ་བདེ་བ་སྐྱེས་ཏེ་མཆོག་ཏུ་འཇིགས་པ་སྨྲ་བར་བྱེད་དོ།། དྲི་ཟ་རྣམས་གླུ་སྙན་པའི་སྒྲ་ཐོས་པར་བྱེད་དོ།། རིག་པ་འཛིན ་པ་ཐམས་ཅད་ཀྱང་རང་གི་རིག་པས་ཡོངས་སུ་བསྐོར་ཏེ། ཇི་ལྟར་རྣམ་པར་འཕྲུལ་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོང་བར་བྱེད་དོ།། ལོག་འདྲེན་ཐམས་ཅད་དང་། བགེགས་ཐམས་ཅད་དང་། ་སྲིན་པོ་ཐམས་ཅད་དང་། ཡི་དགས་ཐམས་ཅད་དང་། ཇི་སྲིད་དུ་དྲག་པོ་སྣ་ཚོགས་པ་རྣམས་བྱང་ཆུབ་སེམས་དཔའ་བྱོན་པ་མཐོང་ནས་ཞི་བའི་སེམས་སུ་གྱུར་ཏོ།། སྤྲིན་ལས་ཀུ་ལུ་གུ་ལུའི་སྒྲ་སྒྲོགས་པ ་དང་། ས་རྣམ་པ་དྲུག་ཏུ་གཡོ་བ་དང་། ཕྱོགས་བཞི་སྐྱོང་བ་རྣམས་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོང་བར་བྱེད་དོ།། ལོག་པར་འདྲེན་པ་ཐམས་ཅད་དང་བགེགས་ཐམས་ཅད་འོང་སྟེ་ཕྱོགས་བཞི་རབ་ཏུ་ཞི ་བར་འགྱུར་རོ། ། རླུང་འགྲོ་བ་དང་། དྲག་པོ་རབ་ཏུ་འགྲོ་བར་བྱེད། དུས་མ་ཡིན་པར་ཤིང་ལ་མེ་ཏོག་ཏུ་འགྱུར་རོ།། འཇིག་རྟེན་པའི་རིག་པ་འཛིན་པ་ཐམས་ཅད་འོང་སྟེ། ཕྱོགས་གང་དུ་རིག་པ་འཛིན་བསྒྲུང ་པབ་བྱེད་པ་དེར་སེམས་དཔའ་ཆེན་པོའི་དགའ་སྟོན་ལ་ཐམས་ཅད་ཉིད་འདུས་སོ། ། སྒྲུབ་པ་པོས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ནས་མཆོད་ཡོན་ཕུལ་ནས་ཕྱག་བྱའོ།། ལྷ་ཐམས ་ཅད་དང་། རིག་པ་འཛིན་པ་ཐམས་ཅད་ལ་མཆོད་ཡོན་དང་གདན་ཕུལ་ནས། དེ་ནས་ལྷ་ཐམས་ཅད་དང་། རིག་པ་འཛིན་པ་ཐམས་ཅད་ཀྱིས་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ་སྲིད་པ་གསུམ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་བར་བྱས་པ་དེ་རྣམས་ངེས་པར་རྒྱལ་བ་ཀུན་ཏུ་སྣང་བས་མནན་པ་བྱང་ཆུབ་སེམས་དཔའི་ལམ་དང་ལྷན་ཅིག་འཚོ་བའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གིས་ལྷ་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་སྒྲུབ་པ་པོའི་སྤྱི་བོར་མྱུག་པར་མཛད་དོ།། དེ་འཆི་བ་མེད་པ་མཛད་དོ།། དེ་ནས་སྒྲུབ་པ་པོས་གང ་ཡིད་ལ་སྙིང་པོ་བསམས་པ་དེར་འགྱུར་རོ། ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་དང་། རིག་པ་འཛིན་པའི་རྒྱལ་པོ་ལྷ་ཉིད་དང་། ལྷ་ཉིད་གང་འདོད་པ་དེ་རྣམས་ཆེས་གཞན་དུ་སྣང་སྟེ། འདི་སྐད་ཅེས་བརྗོད ་པར་བྱའོ། ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གྲུ་འཛིན་དེ་མཐོང་བར་འཚལ་ལོ།། བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོ་ཕྱག་གཡས་པས་བཟུང་སྟེ་རིག་པའི་རྒྱལ་པོ་རྟ་མགྲིན ་ཁ་ཡང་དག་པར་གཏད་པར་གྱུར་ཏོ། ། གྲུ་འཛིན་དུ་སོང་ཞིག། གང་འདོད་པ་དེ་སྦྱིན་པར་འགྱུར་རོ།། དེ་ནས་རིག་པའི་རྒྱལ་པོ་རིག་པའི་རྒྱལ་པོའི་ཚོགས་ཀྱིས་བསྐོར་བ་དང་བཅས ་པ་སྒྲུབ་པ་པོའི་ལག་པ་གཡས་པ་ནས་བཟུང་ནས་རྒྱ་མཚོའི་དབུས་སུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ ་སྒྲུབ་པ་པོའི་རིག་པའི་ཚོགས་ལ་མེ་ཏོག་གི་ཆར་འབེབས་པ་དང་། རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། རྔ་དང་། རྫ་རྔ་ཁ་གཅིག་པ་དང་། རྫ་རྔ་རྣམས་སྒྲའིའབྱིན་བཞིན་དུ་གྲུ་འཛིན་དུ་འགྲོ་བར་བྱེད་དོ།། རྒྱ་མཚོ ་སྟེང་དེར་རྒྱ་མཚོ་ཆེན་པོ་རིག་པའི་རྒྱལ་པོས་མཐོང་ནས། སྐྱེས་བུ་དམ་པ་དེའང་ཆུ་ཀླུང་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་རིན་པོ་ཆེའི་མཆོད་ཡོན་རབ་ཏུ་སྩོལ་བར་བྱེད་པར་འགྱུར་རོ།། ལེགས་སོ་ཞེས ་བྱ་བའང་གནང་བར་མཛད་དོ། ། རིགས་ཀྱི་བུ་ལེགས་སོ་ལེགས་པར་འཚོ་བ་དང་། གཟི་བརྗིད་དང་ལྡན་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སོ།། དེ་ནས་རྒྱ་མཚོ ་། ཆེན་པོ་བསྒྲལ་ནས་གྲུ་འཛིན་དུ་སོང་སྟེ་མཐོང་བ་དང་། དེར་གང་རིག་པ་འཛིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མོ་འམ་ཙི་དང་། ལྟོ་འཕྱེ ་ཆེན་པོ་རྣམས་ཐམས་ཅད་མཆོད་ཡོན་གྱི་སྣོད་ཀྱི་མེ་ཏོག་གི་ཆར་ཆེན་པོས་སྒྲུབ་པ་པོ་ལ་བསུ་བ་ལ་འོང་བར་བྱེད་དོ། ། དེ་ནས་གྲུ་འཛིན་མཐོང་ནས་སྣ་ཚོགས་པའི་ནོར་བུ་དང་སྨན་གྱིས་བསྐུས་པ། མུ ་ཏིག་གི་དོ་ཤལ་རབ་ཏུ་འཕྱང་བཞིན་པ། གསེར་དང་ཤེལ་ལས་བྱུང་བ་དང་། བཻ་ཌཱུཪྻ་ལས་བྱུང་བ་དང་། ཨིནྡྲ་ནཱི་ལ་ལས་བྱུང་བ་དང་། མཐོན་ཀ་ཆེན་པོ་ལས་བྱུང་བའི་ཐེམ་སྐས་དང་། སྣམ་བུ་རྣམས ་ཀྱིས་སྣ་ཚོགས་པའི་མེ་ཏོག་ཉེ་བར་མཛེས་པས་རིག་པའི་རྒྱལ་པོ་དང་། སྒྲུབ་པ་པོ་དེ་ལ་མངོན་པར་དབང་བསྐུར་བ་བྱས་ནས། སྒྲུབ་པ་པོ་ལ་སྨྲས་པ། གནས་འདི་ནི་བཅོམ་ལྡན་འདས་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རིན་པོ་ཆེ་སྣ་བཞི་ལས་བྱུང་བ། ཁང་པ་དབུས་མར་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་རང་གི་གནས་བཞིན་དུ་ཀུན་ཏུ་སྤྱོད་ཅིང་གནས་སོ།། དེ་ནས་རིག་པ་འཛིན ་པའི་རྒྱལ་པོ་ལ་མངོན་པར་དབང་བསྐུར་ཏེ། རིག་པའི་རྒྱལ་པོ་རབ་ཏུ་བགྲོད་པར་གྱུར་ཏོ།། འདི་ནི་དངོས་གྲུབ་སྟེ། བཅོམ་ལྡན་འདས་འདིའི་མཐུ་རྣམ་པར་བསྒྱིངས་པས་མཚམས་མེད་པ ་བྱེད་པས་ཀྱང་འདི་འགྲུབ་པར་བྱེད་དོ། ། རྟ་མགྲིན་རྒྱལ་པོས། རིག་པའི་རྒྱལ་པོ་ཐམས་ཅད་ལ་སྨྲས་པ། བཅོམ་ལྡན་འདས་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རིན་པོ་ཆེ་སྣ ་བཞི་ལས་བྱུང་བ། དབུས་མའི་ཁང་པར་རང་གི་གནས་བཞིན་དུ་གཞི་ལ་གནས་པའི་རིག་པ་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། གཞན་རིག་པ་ཐམས་ཅད་ཕ་རོལ་གནོན་པ་ཆེན་པོའོ།། རིག ་པའི་རྒྱལ་པོ་འདི་ནི་མ་བསྒྲུབས་པ་ཉིད་དུ་ལས་ཐམས་ཅད་བྱེད་དེ་གཏན་པ་གཅོད་པར་བྱེད་པ་དང་། ཧཱུཾ་ཡིག་གིས་རྒྱ་མཚོ་སྐམས་པར་བྱེད་པ་དང་། སོར་མོའི་སྡིགས་མཛུབ་ཀྱིས་ཐམས་ཅད ་རེངས་པར་བྱེད་པ་དང་། ཨོཾ་ཡིག་གིས་འགུགས་པར་བྱེད་པ་དང་། ཕཊ་ཡིག་གིས་ལྷུན་པོ་རྣམས་ཀྱང་རྣམ་པར་འཇོམས་པར་བྱེད་པ་དང་། ཡིད་ཀྱི་བཟླས་པས་སེམས་ཅན་ཐམས ་ཅད་དབང་དུ་བྱེད་པ་དང་། ཨོཾ་ཡིག་གིས་སྤྱན་དྲང་བ་དང་། ཧཱུཾ་ཡིག་གིས་གཤེགས་སུ་གསོལ་བ་དང་། ཕཊ་ཡིག་གིས་གསོད་པ་དང་། སྭཱ་ཧཱའི་ཡི་གེས་འཚོ་བར་བྱེད་པ་སྟེ། མདོར་ན་རིག་པ་རྣམས་ཀྱི ་ཆོ་ག་ཇི་སྙེད་ཡོད་པ་དེ་ཐམས་ཅད་རིག་པ་འདི་ཉིད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བསྒྲུབ་པར་བྱའོ། ། འདི་ནི་སྔགས་ཐམས་ཅད་ཀྱི་ཆོ་ག་ཐུན་མོང་བ་སྟེ། གང་ལ་ཆོ་ག་མེད་པ་དང་སྡིག་པ་བྱེད ་པས་ཀྱང་ལན་གསུམ་དུ་བཟླའོ། ། རྟ་མགྲིན་རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་བ། སྟོབས་དང་ཕ་རོལ་གནོན་པ་ཆེན་པོ་འདི་ལན་གསུམ་གྱིས་མཚམས ་མེད་པ་བྱེད་པས་ཀྱང་འགྲུབ་པར་བྱེད་དོ། ། དད་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བར་འདོད་པ་ཆེན་པོ་དང་། སྙིང་རྗེའི་བདག་ཉིད་ཅན། སེར་སྣ་མེད་པ་དང་། བྱས་པ་གཟོ་བ་དང་། སངས་རྒྱས ་དང་ཆོས་ལ་མངོན་པར་དང་བ་དང་མ་དང་བ་དང་། མ་དང་ཕར་ཤེས་པ་དང་། མྱུར་བ་ཁོ་ནར་བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པ་སྦྱིན་པར་བྱེད་པ་མ་བསྒྲུབས་པར་ཡང་འགྲུབ་པར་བྱེད་དེ། མདོར་ན ་ལས་ཐམས་ཅད་པ་འདི་བརྗོད་ནས་རིག་པ་གཅོད་པར་འདོད་པ་དང་། སེལ་བར་འདོད་པས་འདི་བརྗོད་ནས་ཏེ། འདི་ནི་ལས་ཐམས་ཅད་པའོ།། འདི་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱད་པར་གཞན ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ། རིག་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་རྫོགས་པའི་ཆེད་དུ་རྟ་མགྲིན་རྒྱལ་པོའི་མགུལ་དུའོ།། བྱང་ཆུབ་སེམས་དཔའི་མཐུ་རྣམ་པར་བསྒྱིངས་པ་ནས ་བྱ་བའི་ལེའུ་རྫོགས་སོ། ། །། དེ་ནས་འོད་དཔག་མེད་མཐོང་བར་འདོད་ན་ཁ་ཚར་མ་བཅད་ཅིང་སྒྲ་དང་བྲལ་བའི་རས་ལ། རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འཕགས་པ་འོད་དཔག་མེད་གསེར་ལྟར་སེར་བ། པདྨ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ།། འོག་ཏུ་ཆོས་ཀྱི་འཁོར་ལོའི་གཞོགས་གཡོན་དུ་རྟ་མགྲིན་རྒྱལ་པོ་ཞལ ་རྣམ་པར་འགྱུར་བ། འཇིགས་པར་བྱེད་པ། གསུས་པ་འཕྱང་བ། མེ་དམར་སེ་ར་འབར་བ་འཕྲོ་བཞིན་པ། རིན་པོ་ཆེའི་ཕྲེང་བའི་ཚོད་ཕྱིར་ཐོགས་པ་ཅན་ལག་འགྲོའི་རྒྱན་གྱིས་བརྒྱན་པ། རལ་པས ་འོད་དཔག་མེད་འཛིན་པ། སོར་མོས་ལོག་པར་འདྲེན་པ་ལ་སྡིགས་པར་བྱེད་བཞིན་པ། དེའི་རྒྱབ་ནས་ལོག་པར་འདྲེན་པ་འཕྲོས་པར་བྱེད་བཞིན་པའོ།། གཡས་ཀྱི་གཞོགས་སུ་རྣམ་པར་བརྒྱན་པ་སྦྱངས་པའི ་སྣོད་དང་། གོས་དང་། ཕྱག་གཡས་པ་སྒྲུབ་པ་པོ་ལ་དབུགས་འབྱིན་པར་མཛད་བཞིན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ། རལ་བའི་ཅོད་པན་འཆང་བའི་དབུས་སུ་འོད ་དཔག་མེད་མགོ་བོས་འཛིན་པར་བྱེད་པ། ཕ་རོལ་གནོན་པའོ།། འོད་དཔག་མེད་ཀྱི་སྟེང་གི་སྤྲིན་དེ་ལ་སྤྲིན་གསེབ་ནས་གནས་གཙང་མ་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ།། བཅོམ ་ལྡན་འདས་ཀྱི་པདྨ་དེའང་ཀླུ་གཞོན་ནུ་རྣམས་ཀྱིས་འཛིན་པའོ། ། འོག་ཏུ་ལག་ན་སྤོས་ཕོར་ཐོགས་པའི་སྒྲུབ་པ་པོ་པུས་མོ་གཉིས་བཙུགས་པ། འོད་དཔག་མེད་ལ་རྣམ་པར་ལྷ ་བཞིན་པའོ། ། རི་མོའི་ལས་ཡོངས་སུ་རྫོགས་པ་དང་། སྒྲུབ་པ་པོས་གཏོར་མ་དང་། མར་མེ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཟླ་བ་ཉལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྦྱངས་པའི ་སྣོད་དང་གོས་འདི་ཉིད་ཀྱིས་རིག་པའི་རྒྱལ་པོ་རྟ་མགྲིན་བཀུག་ནས་མཆོད་ཡོན་ཕུལ་ཏེ་སྒྲུབ་པ་དང་། སླར་ཡང་གཤེགས་སུ་གསོལ་ཏེ། བ་སེར་སྐྱའི་མར་དང་། པདྨའི་ས་བོན་དང་། ན་ག་གེ་སར་རྣམས ་གཅིག་ཏུ་བྱས་ནས། ཉི་མ་བདུན་དུ་སྦྱིན་སྲེག་གྱིས་ཤིག། དེ་ནས་རིག་པ་འཛིན་པས་ལྷ་རྣམས་ཚིམ་པར་བྱེད་པ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་སྨོན་ལམ་གདབ་པར་བྱ་སྟེ། ཇི་སྲིད་དུས ་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། སྤྲིན་ལས་གུ་ལུ་གུ་ལུའི་སྒྲ་སྒྲོགས་པ་དང་། མེ་ཏོག་གི་ཆར་རབ་ཏུ་འབེབས་པ་དང་། ཙན་དན་གྱི་ཕྱེ་མའི་ཆར་འབེབས་པ་དང་། ་དྲིལ་བུའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་བཟླས་པར་བྱ་སྟེ། ཇི་སྲིད་དུ་རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པ་རྟ་མགྲིན་རིག་པ ་ཐམས་ཅད་ཀྱིས་སྒྲུབ་པ་ས་ལ་འོངས་པ་དེ་སྲིད་དུའོ། ། དེ་ནས་སྒྲུབ་པ་པོས་མེ་ཏོག་དཀར་པོ་དང་དྲིའི་ཆུས་ཡོངས་སུ་བཀང་བའི་སྣོད་ཀྱིས་མཆོད་ཡོན་ཕུལ་ནས་སྨོན་ལམ་གདབ་བོ།། འདི་སྐད་ཅེས ་སྨྲས་སོ། ། ཁྱེད་ལེགས་པར་འོངས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཆེད་དུ་སླར་ཡང་ལེགས་པར་འོངས་སོ།། རྟ་མགྲིན་འདི་ནི་བརྩོན་འགྲུས་ཆེན་པོ ་སྟོབས་དང་ཕ་རོལ་གནོན་པ་རིག་པའི་ཚོགས་ཐམས་ཅད་ཀྱིས་མཆོད་པའོ། ། དེ་ནས་རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལན་གསུམ་བསྐོར་བ་བྱས་ཏེ། པུས་མོ་བཙུགས ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། ། ཁྱོད་ལ་སྣང་བར་གྱུར་པ་གང་ཡིན་པ་དེ་རྣམས་ལྷན་ཅིག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་གཡས་པ ་སྒྲུབ་པ་པོའི་སྤྱི་བོར་མྱུག་པར་མཛད་དེ། འདི་སྐད་ཅེས་གསུངས་སོ།། སྐྱེས་བུ་དམ་པ་བརྩོན་འགྲུས་ཆེན་པོ་སྟོབས་དང་ཕ་རོལ་གནོན་པ་ཁྱོད་ཀྱིས་གང་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པས ་རིག་པའི་རྒྱལ་པོ་བསྒྲུབས་པ་ལེགས་སོ་ལེགས་སོ། ། ཁྱོད་ཅག་གིས་མངོན་པར་འདོད་པ་སྨྲོས་ཤིག། མཆོག་སྦྱིན་པར་བྱའོ།། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་བདེ་བ ་ཅན་དུ་འགྲོ་བར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་འཕགས་པ་འོད་དཔག་མེད་དེ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཇིག་རྟེན་གྱི་ཁམས་སུའོ།། དེ་ནས་བཅོམ་ལྡན་འདས ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་གཡས་པ་བརྐྱང་སྟེ། སྒྲུབ་པ་པོ་ཕྱག་གཡས་པས་བཟུང་ནས་རྟ་མགྲིན་རྒྱལ་པོ་ལ་ཡང་དག་པར་གཏད་པར་གྱུར་ཏོ།། རིག་པའི་རྒྱལ་པོ་ཆེན ་པོ་སྐྱེས་བུ་དམ་པ་འདི་བཟུང་ནས་མེ་ཏོག་གི་ཆར་རབ་ཏུ་འབབ་པའི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་ཞིག། གང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་བཅོམ་ལྡན ་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེར་སྡོད་དུ་བཅུག་ནས། སླར་ཡང་གྲུ་འཛིན་གང་ནང་ཡོད་པ་དེར་ཤོག་ཅིག། དེ་ནས་རྟ་མགྲིན་རིག་པའི་རྒྱལ་པོས་སྒྲུབ་པ་པོ་བཟུང་ནས་མེ་ཏོག་གི་ཆར ་རབ་ཏུ་འབེབས་པའི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་སྟེ། སྒྲུབ་པ་པོ་ལ་སྨྲས་པ། སྐྱེས་བུ་དམ་པ་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པ་ལ ་ལྟོས་ཤིག་ལྟོས་ཤིག། དེ་ནས་རིག་པའི་རྒྱལ་པོས་དེར་སྡོད་དུ་བཅུག་ནས། སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གྲུ་འཛིན་དེར་འོང་བར་མཛད་དོ།། དེ་ནས་སྒྲུབ་པ་པོ་འཇིག་རྟེན ་གྱི་ཁམས་དེར་འཕགས་པ་འོད་དཔག་མེད་ཀྱི་དྲུང་དུ་ཆོས་ཉན་ནོ། ། དངོས་གྲུབ་འདི་ནི་གནས་མ་ཡིན་པ་རྣམས་ལ་གང་སྦྱར་བར་མི་བྱ་སྟེ། གང་ཞིག་བྱེད་ན་དམ་ཚིག་ལས་འདའ་བར་འགྱུར་རོ་ཞེས་བརྗོད ་ནས་མཆོག་གི་སྒྲུབ་པ་རྣམས་ལ་འདི་གནས་པ་མ་ཡིན་པ་རྣམས་ལ་རབ་ཏུ་མི་སྦྱོར་ཏེ། དེའི་དམ་ཚིག་མེད་དོ།། ལས་དེ་རྣམས་ཐམས་ཅད་རྩ་བའི་སྔགས་ཀྱིས་བྱེད་དུ་གཞུག་གོ། ཐལ་བས་ཐལ་བའི ་རབའོ། ། སྒྲོན་མེ་གསུམ་གྱིས་མེའི་ར་བའོ།། ཆུ་ལ་ལན་བདུན་མངོན་པར་བསྔགས་པས་ནམ་མཁའ་བཅིང་བའོ།། ཡུངས་ཀར་དཀར་པོས་ས་གཞི་བཅིང་བའོ།། ཏིལ་གྱི་སྦྱིན་སྲེག་གིས་ལོག་པར ་འདྲེན་པ་ཐམས་ཅད་དབང་དུ་འགྱུར་རོ། ། སྐེ་ཚེའི་སྦྱིན་སྲེག་གིས་ཡི་དགས་དང་ཤ་ཟ་ཐམས་ཅད་དབང་དུ་འགྱུར་རོ།། ཀ་ར་ཝཱི་རའི་མེ་ཏོག་གི་སྦྱིན་སྲེག་གིས་ཁྲོ་བོ་ཐམས་ཅད་འགྲུབ་པར་བྱེད་དོ།། མེ ་ཏོག་ཐམས་ཅད་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་གིས་འཇིག་རྟེན་པའི་རིག་པའི་རྒྱལ་པོ་ཐམས་ཅད་དབང་དུ་འགྱུར་རོ། ། དྷུ་དྷུའི་སྦྱིན་སྲེག་གིས་དབང་ཕྱུག་ཆེན་པོ་དབང་དུ་འགྱུར་རོ།། པྲི ་ཡང་ཀུའི་མེ་ཏོག་དང་། མཱ་ལ་ཏི་དང་། སཽ་གནྡྷི་ཀ་དང་། གུ་གུལ་བ་སེར་སྐྱའི་མར་དང་ལྷན་ཅིག་ཏུ་བྱས་ནས་སྦྱིན་སྲེག་བྱེད་ན། རིག་པ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། རྐང་གཉིས་དང་། རྐང་བཞི་པ་ཐམས་དབང་དུ་བྱེད་དོ།། གིའུ་ཝང་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཐིག་ལེ་བྱས་ཏེ། མཆེ་བས ་ད་པར་ཟ་བར་བྱེད་པ་དང་། ཐ་སྙད་ལས་རྒྱལ་བར་བྱེད་དོ།། སྔར་བརྗོད་པའི་ཆོ་གས་པ་སེར་སྐྱའི་མར་བླངས་ནས་ལུས་ལ་མངོན་པར་བྱུགས་ཏེ་མེར་རབ་ཏུ་འཇུག་པར་བྱེད་དོ།། སེང་ལྡེང་ལས་བྱུང ་བའི་རྡོ་རྗེ་བླངས་ཏེ། ཧཱུཾ་ཡིག་དང་ལྷན་ཅིག་པས་ཕུག་གི་སྒོར་ལྷ་མ་ཡིན་གྱི་བུ་མོ་བྱུང་བ་དང་། རབ་ཏུ་ཞུགས་པ་ལ་འཁོར་ལོའི་འཇིགས་པ་མི་འབྱུང་ངོ་།། གལ་ཏེ་འཁོར་ལོ་རབ་ཏུ་འཇུག་པར་བྱེད་ན ་དམ་ཚིག་དྲན་པས་ཧཱུཾ་ལོག་གི་ཕུང་པོས་འཁོར་ལོ་ཕྱེ་མར་བྱས་པར་འགྱུར་རོ། ། ། དེ་ནས་རིལ་བུའི་སྒྲུབ་པ་འབྱུང་སྟེ། རིག་པ་འཛིན་པ་རིལ་བུ་སྒྲུབ་པར་བྱེད་པས་ཙན་དན་དམར་པ ་དང་། མེ་ཏོག་ལྔ་པ་དང་། པདྨ་གེ་སར་དང་། འཟས་སཱ་ལི་དམར་པོའི་ལུབ་མ་དང་། གཎི་ཀའི་མྱུ་གུ་དང་། ཌཱ་ཀའི་མ་བོན་དང་། འབྲུ་དང་། མ་ཤའི་མྱུ་གུ་དང་། ་དང་། རྒྱ་སྤོས་དང་། ཏུ་རུ་ཀའི་ཏིལ་མར་རྣམས་གཅིག་ཏུ་བྱས་ཏེ། ཆ་མཉམ་པ་གཅིག་ཏུ་བྱས་ནས་རྒྱུད་མཚུངས་པའི་བ་སར་སྐྱའི་འོ་མ་ལ་གསོ་སྦྱོང་ཅན་གྱིས་སེར་སྐྱ་དེ་ལ་རྣམ་པར་དབེན་པར་རྩ ་སྔགས་སུ་བཟླས་ནས་ཁྱིམ་དུ་བཏགས་ཏེ། ལེགས་པར་བཙགས་པའི་ཆུ་ལ་མངོན་པར་བསྔགས་ནས་ཉི་མ་བདུན་དུ་སྤྱད་པར་བྱའོ།། ཁྱིམ་དུའམ་རྣམ་པར་དབེན་པའི་ཕྱོགས་སུའང་རུང་སྟེ། དེ་ནས ་བསྲུང་བ་བྱས་པའི་བ་ལང་གི་རྫི་ངེས་པ་བཞོ་བར་བྱའོ། ། དེ་ནས་འོ་མ་དེ་དག་གཙང་མའི་ཕྱོགས་རྣམ་པར་དབེན་པར་བུམ་པ་ལ་བཟླས་པར་བྱའོ།། དེ་ནས་རིག་པ་འཛིན་པས་བྲམ་ཟེའི་བུ་མོའི་ལག་པས་སྲུབ ་པབར་བྱེད་དུ་གཞུག་གོ། མར་དེས་རྫས་འདི་རྣམས་བཏགས་པ་བྱས་ཏེ། ལྕགས་གསུམ་གྱིས་ཡོངས་སུ་དཀྲིས་པ་བྱས་ནས། དེའང་བ་སེར་སྐྱའི་བ་བྱུང་ལྔར་རིལ་བུ་མཚན་མོ་གཅིག་ཏུ་བཅུག་ནས་གཞག ་པར་བྱའོ། ། དེ་ནས་བཏོན་ནས་དྲིའི་ཆུ་ལ་གཞག་པར་བྱའོ།། བཀྲུས་ཏེ་པདྨའི་འདབ་མར་གིའུ་ཝང་གིས་བྱུགས་ལ་གཞག་པར་བྱའོ།། དེ་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་སྲུང་བའི་ཚེ ་ག་བྱས་པས་གཏོར་མ་དང་། མར་མེ་དང་། མཆོད་པའི་ཆོ་ག་རྒྱ་ཆེན་པོ་བྱས་ཏེ། དེ་ནས་རིག་པ་འཛིན་པས་ལག་པ་གཉིས་ཀས་པདྨའི་འདབ་མ་རྣམས་ཀྱི་རིལ་བུ་བརྒྱད་བླངས་ཏེ་པདྨ་ཁ་སྦྱོར་དུ་བཞག ་ནས། བ་སེར་སྐྱའི་མར་དེ་ཉིད་མཱལ་ཏིའི་མེ་ཏོག་དང་གཅིག་ཏུ་བྱས་ནས་སྲེག་ཐུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བ་བྱས་ནས། འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དུ་རུ་བ་འཐུལ་བར་བྱེད་པ་དང་འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། ། དུ་བ་འཕྲུལ་བཞིན་པས་མི་སྣང་བ་དང་། དབང་དུ་བྱེད་པ་དང་། ནམ་མཁའ ་ལ་འགྲོ་བའི་རིག་པ་འཛིན་པར་འགྱུར་རོ། ། ཉི་མ་འཆར་ཀ་དང་མཚུངས་པའི་འོད་ཀྱི་རིག་པ་འཛིན་པ་མཚན་ཐམས་ཅད་ཡང་དག་པར་རྫོགས་པ། རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རྩེ ་བར་བྱེད། དགའ་བར་བྱེད་དོ།། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་རྒྱལ་རིགས་ཀྱི་ཁྱིམ་དུ་སྐྱེ་བར་འགྱུར་རོ།། སྐྱེ་བ་དྲན་པར་ཡང་འགྱུར་རོ།། འདི་ཉིད་ཀྱིས ་པདྨའི་ས་བོན་དང་། པརྟྟི་ཏ་ཀ་རའི་ས་བོན་དང་། ཏུ་རུ་སྐ་དང་། ཨ་ཀ་རུ་ནག་པོ་དང་། ཙན་དན་དམར་པོ་དང་། སཽ་གནྡྷི་ཀ་དང་། མ་ལའི་མེ་ཏོག་དང་། གུར་ཀུམ་དང་། ལྡོང་རོས ་དང་། གིའུ་ཝང་རྣམས་པ་སེར་སྐྱའི་བ་བྱུང་ལྔས་གཞོན་ནུ་མ་གསོ་སྦྱོང་ཅན་དབང་པོ་མ་ཚང་བ་མ་ཡིན་པས་བཏག་པར་བྱའོ།། དེ་ནས་རིག་པ་འཛིན་པས་པྲི་ཡང་ཀུའི་ཤིང་བླངས་ནས་ཁང་པ་བརྩེག ་པ་གཙང་མར་ཤིང་བཟོ་བ་གསོ་སྦྱོང་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པ། དབང་པོ་མ་ཚང་བ་མ་ཡིན་པའི་ལག་པས་ཟ་མ་ཏོག་བྱེད་དུ་གཞུག་གོ།། ཟ་མ་ཏོག་དེར་རིལ་བུ་ཉི་ཤུ་རྩ་གཅིག་བཅུག ་ནས་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། གཏོར་མའང་ཕུལ་ནས་ཟ་མ་ཏོག་བླངས་ཏེ་གོས་གཙང་མ་གཡོགས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས ་པས་རིག་པའི་ལྷ་རྣམས་སྤྱན་དྲང་བར་བྱས་ནས། ཇི་སྲིད་དུ་དྲོ་བར་བྱེད་པ་དང་། དུ་བ་འཐུལ་བར་བྱེད་པ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བཞིན་པ་ལ་དབང་དུ་བྱེད་པ་དང་། ་མི་སྣང་བར་འགྱུར་རོ།། དུ་བ་འཐུལ་བཞིན་པ་ལ་རིག་པ་འཛིན་པ་གཞོན་ནུའི་མཆོག་གཅིག་གོ། འབར་བར་བྱེད་པ་ནི་རིག་པ་འཛིན་པ་དྲུག་དང་ལྷན་ཅིག་འགྲོ་སྟེ། རིག་པ་འཛིན་པའི་བུ་མོ་རྣམས ་ཀྱིས་ཡོངས་སུ་བསྐོར་ནས་ལྷུན་པོའི་རྩེ་མོར་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་ཡོངས་སུ་སྤྱོད་པར་བྱེད་དོ།། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ།། གང་གི་ཚེ་འཆི་བ་དེའི་ཚེ་ནོར ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། ། སྐྱེ་བ་དྲན་པར་ཡང་འགྱུར་རོ།། འདི་ཉིད་ཀྱིས་མིག་སྨན་རྫོ་སོ་སྒྲུབ་པར་བྱེད་དོ།། དཀར་པོའི་བཅོ་ལྔ་ལ་དཔའ་བོའི་རིན་གྱིས་ཉོས་པའི་གིའུ་ཝང་བླངས་ནས ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས། ཉི་མ་གུང་ལ་བྲམ་ཟེའི་བུ་མོ་གསོ་སྦྱོང་ཅན་གྱིས་པདྨའི་འདབ་མས་པ་སེར་སྐྱའི་འོ་མས་བཏགས་པར་བྱའོ།། རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། རས ་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞུགས་ནས་སྲུང་བའི་ཆོ་ག་བྱས་པས་རང་གི་ལྷ་རྣམས་སྤྱན་དྲང་བ་བྱས་ཏེ། མཆོད་ཡོན་དང་གདན་ཕུལ་ནས་པྲི་ཡང་ཀུའི་མེ་ཏོག་དང་བ་སེར་སྐྱའོ་འོ་མས་སྲེག་ཐུགས ་བདུན་སྦྱིན་སྲེག་གྱིས་ཤིག། ལྷ་རྣམས་ཚིམ་པར་བྱེད་པ་བྱས་ནས་སླར་ཡང་ལྷ་དེ་རྣམས་མདུན་དུ་པདྨ་ཁ་སྦྱོར་དུ་རིལ་བུ་བཅུག་ནས། ཇི་སྲིད་དུ་དུབ་འཐུལ་བ་དང་། དྲོ་བར་བྱེད་པ་དང་། འབས ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། ། དྲོ་བཞིན་པ་ལ་ནི་ཐིག་ལེ་བྱས་པའི་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ངུ་བ་འཕྲུལ་བཞིན་པ་ལ་ནི་མི་སྣང་བར་འགྱུར་རོ།། རབ་ཏུ་འབ་བས་ཐིག་ལེ ་བྱས་ན་རིག་པ་འཛིན་པ་དྲུག་གིས་ཡོངས་སུ་བསྐོར་བའི་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རྩེ་བར་བྱེད་དོ། ། གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ།། སྐྱེ་བ་དྲན ་པབར་ཡང་འགྱུར་རོ། ། ཏིལ་གྱི་སྦྱིན་སྲེག་གྱིས་ཤིག། ཀླུ་དབང་དུ་འགྱུར་རོ།། ཉ་དང་ཤའི་སྦྱིན་སྲེག་གྱིས་ཤིག། ཡི་དགས་དབང་དུ་འགྱུར་རོ།། མཱ་ལ་ཏིའི་མེ་ཏོག་གི་སྦྱིན་སྲེག་བྱེད་ན ་ལྷ་མོ་ཆུས་བྱུང་དབང་དུ་འགྱུར་རོ། ། པྲི་ཡང་ཀུའི་མེ་ཏོག་གི་སྦྱིན་སྲེག་གྱིས་ཤིག། ལྷ་དབང་དུ་འགྱུར་རོ།། སཽ་གནྡྷ་ཀའི་སྦྱིན་སྲེག་བྱེད་ན་གནོད་སྦྱིན་དབང་དུ་འགྱུར་རོ།། ཡུངས་ཀར་དཀར་པོ་ལ ་ལན་བདུན་མངོན་པར་བསྔགས་པས་གང་གི་སྤྱི་བོར་བྱིན་པ་དེ་དབང་དུ་འགྱུར་རོ། ། གདོན་གྱིས་ཟིན་པ་དང་། རིམས་ཀྱིས་བཏབ་པ་དང་། སྲིན་པོས་ཟིན་པའི་མདུན་དུ་སྐེ་ཚེ་ལ་ལན་བདུན་མངོན ་པར་བསྔགས་པས་སྦྱིན་སྲེག་བྱེད་ཅིང་། དེའི་ཐལ་བས་སྣུན་པར་བྱེད་ན་གྲོལ་བར་འགྱུར་རོ།། རྟ་མགྲིན་རྒྱལ་པོའི་ཆོ་ག་ཞིབ་མོ་འདིའང་རྫོགས་སོ།། ། འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་གི་མཐུ་བསྒྱིངས་པ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་དུ་འགྱུར་བ་དེ་འབྱུང་སྟེ། རིག་པའི་རྒྱལ་པོ་གང་ལ་ཆོག ་མེད་པ་དེ་རྣམས་ཆོ་ག་འདི་ཉིད་ཀྱིས་སྒྲུབ་པ་དང་། རྟོག་པའི་རྒྱལ་པོ་དེ་ཉིད་ཀྱིས་ཐམས་ཅད་བྱས་ཏེ། མདོར་ན་མཚམས་མེད་པ་ལྔ་བྱས་པའང་ལན་གསུམ་གྱིས་འགྲུབ་པར་འགྱུར་རོ།། རིགས ་ཀྱི་བུ་གང་དད་པ་དང་ལྡན་པ། སེར་སྣ་མེད་པ། གཡོ་མེད་པ།། ཕྲ་མ་མེད་པ། རིག་པའི་རྒྱལ་པོ་ལ་གུས་པས་གང་རྟོག་པ་པ་ལ་མཆོད་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། ཁ་ཏོན ་བྱེད་པ་དང་། གཞན་ལ་སྟོན་པར་བྱེད་པ་དང་། སེར་སྣ་མེད་པར་གྱུར་ནས་སྐྱེ་བ་དྲན་པར་འགྱུར་རོ།། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སངས་རྒྱས་དང་། ཆོས་དང་། ་དགེ་འདུན་ལ་མངོན་པར་དད་པའོ།། རལ་པགྱེན་བརྫེས་ཀྱི་རྒྱུད་ཕྱི་མར་རྟ་མཆིན་རྒྱལ་པོར་ཆོ་ག་ཞིབ་མོའོ།། །། སླར་ཡང་དུས་དེ་ནས་ཤར་གྱི་ཕྱོགས་ཀྱི་ཆ་ནས་མངོན་པར་དགའ ་བའི་འཇིག་རྟེན་གྱི་ཁམས་ན་སྒྲོལ་མ་མི་འཁྲུགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གཞལ་བར་བྱ་བ་དང་། བཟང་བ་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས ་ཏ་ཧམས་ཅད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པ་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་འདིར་གསང་སྔགས་ཐོབ་པ་གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པ་གླིང་བཞི་པ་བར་མ་འདི་ཉིད་དུ་འོངས་ནས། ཇི་ལྟར་བྱུང་བའི་པདྨའི་གདན་ལ་གནས་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཇི་ལྟར་འཕེལ་བའི་སྟོབས་དང་སྒྲུབ་པས་པདྨའི་གདན་དེ་ལ་བཞུགས་སོ། ། དེ་ལྟ་བུ་ལ་སོགས་པ་གཞལ་དུ་མེད་ཅིང་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་སངས ་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་དེ་རྣམས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་གླིང་བཞི་པ་བར་མའི་སངས་རྒྱས་ཀྱི་ཞིང་དུའོ། ། དེ་ནས་མི་འཁྲུགས་པ་ལ་སོགས་པའི་དེ་བཞིན་གཤེགས ་པ་དེ་རྣམས་རྟོག་པའི་རྒྱལ་པོ་ཆེན་པོའི་རྒྱུད་ཕྱི་མ་འདིར། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་སྔགས་ཀྱི་སྤྱོད་པ་ལ་སོ་སོར་རྗེས་སུ་ཡིད་རང་བའི་ཆེད་དང་། བསྲུང་བ་དང་། ་བསྒྲུབ་པ་དང་། སྦ་བའི་ཆེད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པའི་ཆེད་དང་། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དངོས་གྲུབ་ཀྱི་ཆེད་དུ་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབ ་བའི་གཟུངས་ཀྱི་སྔགས་ཀྱི་ཚིག་རྣམས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཀྵོ་དྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཀཾ་ཀ་ནི་ཀཾ་ཀ་ནི། ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏཱ་ས་ནི། ཐ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨྨ་པ་རཾ་བ་རཱ་ཎི་སཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩནྡ་སཱུནཱ་ཡཱཾ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ ་བུདྡྷཡ། ཏཿཐཱ། ཙནྡྲ་མཏ། ནྟ་ཀར། མི་ལྭ། མཾ་ཉྫ། པྲདྡྷ་ཨཛྷཥྚིཏ། སི་ལ་མལ། དྷརྨ། ཨརྡྷནྟཏ། ཀམ་ཀམ?། སཾབྟ་ཨརྠཥྚ ་ཏེསྭཱ་ཧཱ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པ་འདིའི་མཚན་འཛིན་པར་འགྱུར་བ་དང་། རྟག་ཏུ་རྒྱུན་མི་འཆད་པ་བསྐལ་པར་བརྗོད་དེ་ཡིད་ལ་བྱེད་པར་འགྱུར་བ་དེ ་རྟག་ཏུ་བསྐལ་པ་སྟོང་ཕྲག་བཞི་བཅུར་འཚོ་བར་བྱེད་དོ། ། སྐྱེ་བ་དྲན་པར་འགྱུར་རོ།། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཐོབ་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡ་ཡ། ན་མཿཔུཥྤ་ཀེ་ཏ་བེ། ཏ་ཐཱ་ག ་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུརྞྞ་ཡ། ཏདྱ་ཐཱ། པུཥྤེ་པུཥྤེ་པུཥྤ་པུཥྤེ་པུཥྤེ་པུཥྤ་སུ་པུཥྤེ་སཱཧྨ། གཟུངས་འདི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཆོ་ག་ཇི་ལྟ་བ་དང་། འདུ ་ཤེས་ཇི་ལྟ་བ་བཞིན་དུ་བྱས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རབ་ཏུ་གཏོར་བར་བྱའོ། ། དེའི་མངོན་པར་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད ་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦྦ་ནཾ་བ་ར་ཎ། བིརླྀ་བྷི་ནེ་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། སྥུཊ་སྥུཊ། སྥུཊནྟུ་མེ། སརྦྦ་པཱ་པཱ་ནི། སརྦྦ ་བུདྡྷ་ས་ཏྱན། དྷརྨཱ་ས་ཏྱེ་ནི། སཾ་གྷས་ཏྱེན། ཨིནྡྲས་ཏྱེ་ན། བ་རུ་ཎས་རྐྱེན། ཡེ་ལོ་ཀ་ས་ཏྱེ་ན། པཱ་རཾ་ཎ་ས་ཏྱེ་ན་ས་ཏྱེ་ན། སཏྱ་ས་ཙིན་ན་སྥུཿནྟུ། སཻརྦྦ་པཱ་པཱ་ནི་སརྦ་བུདྡྷ་ཨདྷིཥྚ་ནེམ ་སྭཱཧཱ། མཚན་མོ་ཉི་ཤུ་རྩ་གཅིག་གིས་ལས་ཐམས་ཅད་ཟད་པར་བྱེད་དོ།། ཉིན་མོ་དང་མཚན་མོ་གསུམ་བྱས་ནས་དྲུག་ཏུ་རབ་ཏུ་སྦྱོར་བས་མཚམས་མེད་པ་ངེས་པར་ཟད་པར་བྱེད་དོ།། ན་མོ་རཏྣ་ཏྲ ་ཡཱ་ཡན་མོ་བཻ་རོ་ཙ་ནཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ་ཨཱ་ཀཱ་ཤ་གརྦྷཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ་ཧུ་རུ་ཧུ་རུ། བེ་རོ་ཙ་ན། རསྨཻ་སཉྩོ་དི་དེ། ཨཱ་གཙྪ་ཨཱརྱ་ཨཱ་ཀཱ་ཤ་གནྡྷཾ་མ་ཧཱ་ཀཱ་རུ་ཎི་ཀ། པཱུ་ར་ཡ། ཤུ་བྷཾ་དདྷེ་ཡ་བུདྡྷ་བི་ཥ་ཡཾ་ཙི་ར་ཙ་ར། ཙི་རི་ཙི་རི་སཱཧཱ། འདི་ནི་རྣམ་པར་སྣང་མཛད ་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་བཀླགས་པས་འགྲུབ་པ་སྟེ། སྐྲག་པ་དང་། རྒྱན་པོ་དང་། དུག་དང་། དུག་བརྟན་པ་དང་། བྱད་སྙེམས་དང་། རྒྱལ་པོ་དང་། ཆོམ་རྐུན་ལ་སོགས་པ ་རྣམས་གནོན་པར་བྱེད་དོ། ། གང་དུ་བྲིས་པ་གནས་པའམ། མགོ་དང་ལག་པས་འཆང་བར་བྱེད་པ་དེ་ལ་ཉེ་བར་འཚེ་བ་དང་། ནད་འགོ་བ་ཐམས་ཅད་མི་འབྱུང་ངོ་།། འདི་རྟག་ཏུ་བཟླས་པས་དྲི་མ ་མེད་པའི་ཏིང་ངེ་འཛིན་སོ་སོར་རྙེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་རོ་ཙ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མ་ཨཱ་ཀཱ་ཤ་གརྦྷ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ་བཛྲམྦུ་བཛྲམྦུ། བཛྲ་དྷ་ཛེ། ཤཱུནྟ་ཏཱ་པྲ་དེ་ཤེ། བཻ་རོ་ཙ་ན་གརྦྷེ་སཉྩ་ཨནྡྲི་ཡ་ཤོ་དྷ་ནི་སྭཱ་ཧཱ། ཆོ་ག་ནི་རྟག་ཏུ་འབྲས་པས་འཕགས་པཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སོ་སོར་རྙེད་དོ།། ་བདུད་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། དགྲ་ཐམས་ཅད་དང་། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཀྱིས་ཐུབ་དཀའ་བར་འགྱུར་རོ།། དེ་བཞིན་དུ་གང ་བྲིས་ནས་ལག་ཏུ་འཆང་བར་བྱེད་པ་དེ་ལའང་ཡོན་ཏན་འདི་རྣམས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦྦ་དུརྒ་ཏི་པ་རི་ཤོ་དྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨྨ་ཨ་བ་ར་ཎི་བི་ཤུདྡྷེ་སཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། རྟག་ཏུ་བཟླས་པས་སྡིག་པ་ཐམས་ཅད་འགྲོ་བར་འགྱུར་རོ།། སངས ་རྒྱས་ཀྱིས་བྱིན་གྱིས་བརླབས་པས་སྐྱེ་བཞིའི་སྐྱེ་ན་པར་འགྱུར་རོ། ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་དགེ་བའི་རྩ་བ་ཡོངས་སུ་ཟད་པར་འགྲོ་བར་མི་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ ་བྷ་ག་ཝ་ཏེ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཨོཾ་ཤྲྀ་ཏི། སྨྲྀ་ཏི། བི་ཛ་ཡེ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བར་འགྱུར་རོ།། འདིའི་ཆོ་ག་ནི་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་གླེགས་བམ་བཞུགས་ནས། དེའི་མདུན་དུ་ས་ལ་མ་ལྷུང་བའི་བ་སེར་སྐྱའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། ཉིན་མཚན་དུ་སྨྱུང་བར་གནས་པས་གནས་དེར་མཆོད་པ་རྒྱ་ཆེན་པོ་བྱས་ནས། ་བའི་མར་གྱི་མར་མེ་ཕུལ་ཏེ་བྱ་བ་ཡིད་ལ་དྲན་པར་གྱུར་པས་གདོན་པར་བྱའོ།། དེ་ཉིད་དུ་ཀུ་ཤ་བཏིང་ནས་གསེར་གྱི་ཁ་དོག་གི་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་།། དེ་འདི་ལ་ཡང་དག་པ་ཇི་ལྟ་བ་བཞིན ་སྟོན་པར་བྱེད་དོ། ། ཐོ་རངས་སམ་མཚན་མོ་ཉིད་དུ་རང་རུང་སྟེ། ཚིག་ཏུ་གདོན་པར་བྱའོ།། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡ་བཱ་ཧཱ་ནི། ཛ་ལ་ཨུཏྟ་རཾ། ཀ་ལ་ཀ་ལ། མ་ལ་མ་ལ། ཙ་ལ་ཙ་ལ། ཧུ་ལུ་ཧུ་ལུ། ་ཀྵཀྵིཎྜིཀྵི། སརྦྦ་ཀམྨ་ཨཱཾ་བ་ར་ཎ་ནི། མེ་བཾ་ཤོ་དྷ་ཡ། བྷ་ག་བ་ཏེ། ས་ཧས?། ཨཱ་བཿ། སརྦྦ་པྲརྡྷ་ཨ་ང་ལོ་ཀི་ཏ། ཙཥྚ། རྦོཿ། བྷཱུཿ། ཛནྟ། ཀཱ་ཡ། མནོ་བི་ཛྙཱ་ན། ཤོདྷན། ་སུ་རུ་སུ་རཿ། པྲ་སུ་ར་པྲ་སུ་ར། སརྦྦ་བུདྡྷ། ཨ་དྷིཥྛི་ཏེ་སྭཱཧཱ། དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཨཱ་བྷཱ་བ། སརྦྦ་དྷརྨ་ཨ་བི་བྷེ་ད་ནི་སྭཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། མཚན་མོ་གཅིག་ཏུ་རྗེས་སུ ་། དྲན་པར་བྱས་ནས་རྟག་ཏུ་བཟླས་པས་བསྐལ་པ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པའང་ཟད་པར་འགྱུར་རོ།། སངས་རྒྱས་སྟོང་གིས་ཉེ་བར་བསགས་པའི་དགེ་བའི་རྩ་བར་འགྱུར་རོ།། བསྐལ་པ་སྟོང་གི ་འཁོར་བ་ལས་ཕྱིར་ཕྱོགས་པར་བྱེད་དོ། ། སྐྱེ་བ་བརྗེས་ཏེ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། མིའི་རྒྱལ་སྲིད་དམ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་འགྱུར་རོ།། ཉི་མ་ཉི་ཤུ་རྩ་གཅིག ་བཟླས་པས་ཇི་ལྟར་འདོད་པའི་རྨི་ལ་མ་མཐོང་བར་བྱེད་དོ། ། འདི་ནི་སྟོང་འཁྱིལ་བ་ཞེས་བྱ་བའི་གཟུངས་དེ་ཡིན་ཏེ། ཕན་ཡོན་ཆེན་པོ་བྱང་ཆུབ་སེམས་དཔས་ཡང་དག་པར་བརྗོད་པའི་མདོ་བཀླག་པར་བྱའོ།། ་རྟག་ཏུ་ཡིད་ལ་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སེ་ཏཱ་ཡ། ་ཏ་བྷུ་ཛཱ་ཡ། དཱ་ད་ཤ་བྷུ་ཛ་ཡ། ཨེ་ཧི་ཨེ་ཧི། བྷ་ག་ཝན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བུདྡྷ་བུདྡྷ། བུདྡྷ། ཨཱརྱ་མ་ནུ་སྨ་ར། བུདྡྷ་མ་ནུ་སྨ་ར། དྷརྨྨ་སཏྱ་མ་ནུ་སྨ་ར། སཾ་གྷ་སཏྱ་མ་ནུ་སྨ་ར། ་ཏདྱ་ཐཱ། ན་ཏུ་ན་ཏུ། ཀི་ཎི་ཀ་ཎི། ཏུ་རུ་ཏུ་རུ། བྷྱོ་བྷྱོ། ཀུ་རུ་ཀུ་རུ། སརྦྦ་སརྦྦ་མེ་སཱ་དྷ་ཡཾ་ཧི་རི་མི་རི་ཊཊ། ནི་ནི། མ་མ་ས་པ་རི་བཱ་ར་སྱ། སི་དྷནྟུ། མནྟ་བ་དཱ་སྭཱཧཱ། དེ་ནས་དེ་བཞིན་གཤེགས་པ ་འོད་དཔག་མེད་ཀྱིས་གཟུངས་འདི་གསུངས་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་རྩ་བའི་རིག་པའི་གཟུངས ་འདི་ནི་བཀླགས་པས་གྲུབ་པ། མ་བསྒྲུབས་པར་ཡང་ལས་རྣམས་འབྱུང་བ་སྟེ། ཟླ་བ་ཉ་ལ་གསོ་སྦྱོང་ཅན་གྱིས་ཉིན་མཚན་དུ་སྨྱུང་བར་གནས་པའང་རུང་ངོ་།། སྤྱན་རས་གཟིགས་དབང་ཕྱུག་གི་སྔར་བྱང་ཆུབ ་ཀྱི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ་ནག་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་ཀྱིས་ཤིག། དེ་བཞིན་དུ་ཉི་མ་བདུན་དུ་ལན་རེའམཐུན་གསུམ་དུ་བྱས་ན་རྒྱལ་པོ་འམ་རྒྱལ་པོའི་ཐོན་པོ་དབང་དུ་འགྱུར་རོ།། ། མཚན་མོ ་གསུམ་དུ་སྦྱང་བར་གནས་པས་ཡུངས་ཀར་དཀར་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཕྱོགས་སམ་ཟླ་བར་ཡུལ་གྱི་དོན་དུ་གྲོག་མཁར་བདུན་གྱི་རྩེ་མོར་སོང་ནས་རེ་རེ་འཛེགས་ཏེ། ཉི་མ་སྔ་དྲོ་ནས་ཇི་སྲིད ་ཀྱི་དྲིའི་བར་བཟླས་པར་བྱའོ། ། མཚམས་མེད་བགྲོལ་བར་བྱེད་དོ།། གྲཝ་འདོད་ན་འོ་མའི་སྦྱིན་སྲེག་མྱོས་ཤིག། མཚན་ཐམས་ཅད་ཡང་དག་པར་རྫོགས་པའི་ཁྱེའུ་འབྱུང་ངོ་།། གཟུངས་འདི་ཉིད་ཀྱིས་བདག ་ཉིད་བསྲུང་བ་དང་། གཞན་བསྲུང་བ་དང་། གནོད་པར་གདོན་འབྲོས་པར་བྱེད་པ་ལ་བྱབས་པས་སམ། རྫས་སུ་བཅིངས་པས་ཀྱང་རུང་ངོ་།། ཡང་ན་ཆོམ་རྐུན་ཐམས་ཅད་དབང་དུ་འགྱུར་རོ།། རྟག་པར ་རྒྱུན་དུ་ཟློས་བཞིན་པ་ནི་ནོར་ཉེ་བར་བསགས་པར་འགྱུར་ཞིང་། དགྲ་རྣམས་ལས་ཀྱང་རྒྱལ་བར་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པའོད་དཔག་མེད་ཀྱིས་སླར་ཡང་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི ་མར་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་གསུངས་པ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། བི་མ་ལེ། ནོར་མ་ལེ་ཤོ་དྷ་ནི། ཀཱ་ཙ་ཏི། མི་ར་པ་ཊ་ལ ་སརྦྦཱ་ནཻ་རོ་གཿབི་ན་ཤ་ནིཙྪ་ད་ནི། ཙྪ་ད་ནཱི། བཱ་ཏ་ས་མུཥྨི་ཏཾ་བཱ་ཏ་ས་མུ་ཏིཥྛ་ཏི། ཤྭེཥྚ། སནྣི་པཱ་ཏ་ས་མུཏྟྲ་ཏཾ་སརྦྦེ་ན་ཤ་ནི། ཨརྱ་ཨ་བ་ལོ་ཀ་ཏེ་ཤ་ར་སྱ། ཏེ་ཛ་ན་ན་སྱནྟུ། ཨཀྵི་རོ་གཿགཟུངས་འདི ་ག་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་བྱས་ནས་མི་སྣང་བར་གྱུར་ནས། ལག་པའམེ་ཀུ་ཤ་ལ་བརྒྱད་བརྒྱར་ཡོངས་སུ་བསྔགས་ནས་མིག་ལ་བྱབ་པར་བྱའོ།། ལོང་བས་ཀྱང ་མིག་སོ་སོར་རྙེད་དོ། ། ཟླ་བ་དྲུག་གོས་རྟག་ཏུ་དྲན་པར་བྱེད་ན་མིག་ནད་འབྱུང་བར་མི་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། གྲུ་འཛིན ་ན་གནས་པའི་འཁོར་ཆེན་པོ་ལ་ལེགས་པར་གཟིགས་ནས། བྱང་ཆུབ་སེམས་དཔའ་མཁྱེཆེན་ཐོ་ལ་བཀའ་སྩལ་པ། རིགས་ཀྱི་གྲུ་ག་སུས་ཙ་སྔགས ་འདོན་རྟོག་པའི་རྒྱལ་པོས་རྒྱུད་ཕྱིམ་འདིར་བརྗོད་པ། སྔོན་གྱི་སངས་རྒྱས་ཀྱིས་གསུངས་པསྟེ། བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་སྒྲུབ་པ་པོས་རྟག་ཏུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། ་དགེ་བསྙེན་མས་ཆོས་གོས་ཀྱི་རྣ་བའམ། གོས་ཀྱི་མཐའ་ལ་མདུད་པ་བྱའོ།། གང་ལ་ལ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་སྒྲུབ་པར་བྱེད་པ་དེས་ལན་ཅིག་བརྗོད་ནས། གསུམ་གྱི་གོས་ལ་བགོས་པས་དགྲ་དབང་དུ་ཉེ་བར་འ ་བར་འདོད་པ་དང་། གདུག་པ་ཐམས་ཅད་རེངས་པར་འདོད་པ་དང་། དངོས་གྲུབ་ཐམས་ཅད་རྟོགས་པར་འདོད་པ་དང་། དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་དང་། རྒྱལ་པོའི་ཕོ་བྲང་དུ་འཇུག་པར་འདོད་པ་དང་། ་མི་མཛའ་བ་རྣམ་པར་འཇོམས་པར་འདོད་པ་ཅིའི་རྒྱུ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཅན་དོན་ཐམས་ཅད་བྱ་བ་ལ་རབ་ཏུ་འཇུག་པ་འཛིན་པར་བྱེད་དོ།། དེ་ལ་ཡིད་ལ་གྲུབ་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་རྣམས་ནི།། ་ནམོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མ་ཨཱརྱ་མ་ཧཱ་སྠཱ་མ་པྲབྷཱ་ཡ། བོ་དྷི་སཏྭཱ། བཱ་མ་ནཾ ་ཏཱནྟྲ་མཿསྟ་མི་ཏཱནྟྲ་མཿསྱཱ་མི་བི་མ་ན། པི་ཤཱ་ཙཾ་བཪྵ་ཤ་ཝ་རི་པརྞ་ཤ་ཝ་རི། པི་ཤཱ་ཙ། བྷ་ག་བ་ཏི། པཱ་ཤི་ཧསྟ། བ.རཱུ་དྷཱ་ར་ཎི། ཡཱ་ནོ། ཀཱ་ནི། ཙྪ་ཏ། བྷ་ཡ་ནི། ཨུཏྶ་ཏྱནྟེ། ཡཀྵ་ཤྩ། རིཏཱ་ཡོ། ཡཱ་ཀཾཤྩིཿ། ་#ཙ། 99ུ0f7f། ཨུ་བཛནྟ། ཡེ་ཀེ་ཙཿ། ཨ་རྦཥ། ཡ་ཀཻ་ཙཏ། སྲབསན། ཨ་ཨུ་བས་ན། སརྦརྡྷཿ། ཨཱཿ། སརྦྦཎན།། སཏེ། རྦལ་ཏཱཿནཱ། ཨུ་ཏྱནཱན། ་ནཿསཏྱེ་ན། སཏྱ་བཱ་ཀེ་ན། ཨི་བྷིཿཔཎྜི་ཏ། ཨདྷཱིཥྚཾ་ཏེརྨནྡྷ་པ་རེ་རྨ་མ་ར། ཀུ་རུ་བ་རཾཏཱ་ཎཾ་ཀུ་རུ། པ་རཾ་གྲ་ཧཾ་ཀུ་རུ་བཻ་རི་པཱ་ལ་ནཾ་ཀུ་རུ། སྭ་སྟྲཻ་ཡ་ནཾ་ཀུ་རུ་དཏྟ་པ་རཾ་ཧ་ར་ཀུ་རུ། ཤཤྩཱ་བ་རི་ཧ་ར་ཀུ་རུ། ཛ~ཾ་ཥཾ་པ་རོ་ཧ་ར་ཀྵ ་བི་འངྐུ་ལ། ཀུ་རྨ། བི་ཥ་ནཱ་ག་ཎཾ་ཀུ་རུ། ཏདྱ་ཐཱ། ཨ་མྲྀ་ཏེ་ཨ་སྭེ་ཏ་ན་མཱ། མ་ར་མ་ར་ས་མེ། ཟ་ས་མ། ཨུབ་ས་མ། ཏུ་ནུ། བ~ཾ་ཏུ་རུ། ཏུ་ལེ་ཏུ་མུ་ལེ། མ་མ་སརྦ་སཏྭཱན་ཤྩ་རར~ཾ་ཀྵ~ཾ་ཀུ་རུ་སྭཱ་ཧཱ། འདི་ནི་རི་ཁྲོད་ལོ་མ ་ཅན་ཞེས་བྱ་བའི་གཟུངས་ཏེ། བཟླས་པ་དང་སྦྱིན་སྲེག་གིས་ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་དོ།། འདི་ལྟ་སྟེ། མི་རྣམས་ལ་ཡམས་ཀྱི་ཉེ་བར་འཚེ་བ་ལ ་ཤིང་ཤ་མིའི་ཡམ་ཤིང་གོས་མེ་རབ་ཏུ་སྦར་ནས་གང་བའི་སྲེག་བླུགས་སྟོང་ཕྲག་བརྒྱད་ཟུན་གསུམ་དུ་ཇི་ལྟར་ནུས་པས་སྦྱིན་སྲེག་གྱིས་ཤིག། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་ལ་མཆོད་པ་བྱས་ནས་རི་ཁྲོད་ལོ་མ་ཅན་ལའང་བྱའོ། ། དེ་བཞིན་ལས་བྱས་པས་ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་དོ།། བ་ལང་གི་ཉེ་བར་འཚེ་བ་ལ་བ་ལང་གི་སྤུ་དང་རུས་ལས་སྦྱིན་སྲེག་བྱ་སྟེ། ཞི་བར་འགྱུར ་རོ། ། མ་ཧེའི་ནད་ཐམས་ཅད་ལ་སྒྲ་དང་རུས་པས་ཉི་མ་བདུན་དུ་སྦྱིན་སྲེག་བྱ་སྟེ། ཞི་བར་འགྱུར་རོ།། རྒྱུ་སྐར་གྱི་གནོད་པ་ལ་ཉི་མ་འདུན་དུའོ་མའི་སྦྱིན་སྲེག་བྱའོ།། དངོས་གྲུབ་ཐམས་ཅད་རྟོགས་པར་འདོད་པས་ཉི་མ ་བདུན་དུ་ཉེ་བར་འཚེ་བ་ལ་སེང་ལྡེང་གི་ཕྱེ་མའི་སྦྱིན་སྲེག་གོ། མགོ་བོ་ན་བ་ལ་དྲི་བཟང་པོའི་མེ་ཏོག་ལ་ཡོངས་སུ་བཟླས་ནས་བསྣམས་ནས་མེར་གཞུག་པར་བྱ་སྟེ། རང་གི་གནས་སུ་འགྱུར་རོ།། ་རིམས་ལ་སྲད་བུ་བཅིང་བར་བྱ་སྟེ། རང་གི་གནས་སུ་འགྱུར་རོ།། ཟ་བ་དང་སྦྱིན་སྲེག་ཀྱང་བྱའོ།། གདོན་ལ་བག་ཟན་ལས་བྱུང་བའི་གཟུགས་བརྙན་བྱས་ལ་ལན་བདུན་བཟླས་ཏེ་ཉི་མ་བདུན་ནས་གྲོལ་བར་འགྱུར་རོ།། མིག ་ན་པ་ལ་མིག་སྨན་གྱི་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་གྱིས་གྲོལ་ལོ།། ཞི་བར་འདོད་པས་དུར་གྷའི་སྦྱིན་སྲེག་གྱིས་ཤིག། ཞི་བར་འགྱུར་རོ།། རྒྱས་པར་འདོད་པས་ཡུངས་ཀར་གྱི་སྦྱིན་སྲེག་གྱིས་ཤིག། རྒྱས་པར་འགྱུར་རོ།། ་རྒྱལ་བ་ལ་ཤུ་དག་གི་སྦྱིན་སྲེག་གྱིས་ཤིག། རྒྱལ་བར་འགྱུར་རོ།། ལན་ཚྭ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་སྦྱིན་སྲེག་གྱིས་ཤིག། དབང་དུ་འགྱུར་རོ།། སྦྲུལ་གྱི་མཆེ་བས་ཟིན་པ་ལ་ཡལ་འདབ་ཀྱི་ལས་སོ།། སྦྲུལ་ལྔ ་། བྱུང་བའི་ཉི་མ་བདུན་ལ་དབང་དུ་བྱེད་དོ།། འབྱུང་པོ་དང་ཤ་ཟའི་རྒྱས་བཏབ་པ་ལ་ལན་ཉི་ཤུར་བཟླས་པའི་ཡུངས་ཀར་གྱིས་བསྣུན་པར་བྱ་སྟེ། རང་གི་གནས་སུ་འགྲོའོ།། རྟག་ཏུ་བཟླས་པས་སྐྱེ་བོ་ཐམ་ཅད་དགའ་བར་འགྱུར་རོ།། ་། རྒྱལ་པོའི་ཕོ་བྲང་དུ་འཇུག་པས་ལན་ཉི་ཤུ་རྩ་གཅིག་གདོང་ལ་ཡོངས་སུ་བཟླས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ།། སྦྱིན་སྲེག་གི་ལས་ཐམས་ཅད་ལ་ཉི་མ་བདུན་དུ་སྦྱིན་སྲེག་བྱའོ།། མདོར་ན་ཉེ་བར་འཚེ་བ་ཐམས་ཅད་འཇོམ ་པར་བྱེད་དོ། ། སྣ་མའི་མེ་ཏོག་གི་སྦྱིན་སྲེག་གིས་ལས་ཐམས་ཅད་བྱེད་དོ།། ལས་ཐམས་ཅད་ལ་དང་པོར་གང་བའི་སྲེག་བླུགས་སྦྱིན་སྲེག་གྱིས་ཤིག། ལས་ཐམས་ཅད་ལའང་ལས་འདི་ཉིད་ཀྱིས་ཤོག་ཅེས་བྱའོ།། ་གསོ་སྦྱོང་ཅན་གྱིས་བྱ་བའོ།། སེམས་ཅན་ཐམས་ཅད་ལ་སེམས་ཀྱིས་དམིགས་པས་ས་ལས་བྱུང་བའི་ཀ་བ་ལ་དང་། སེལླ་ཀ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས། གཞོན་ནུ་མས་མདུད་པ་བརྒྱད་བརྒྱ ་བྱའོ། ། དེ་ནས་དེ་དྲིའི་ཆུས་བཀྲུས་ནས་ཤིང་ལ་བཞག་སྟེ། དེའི་མགོ་ལ་བཅིང་བར་བྱའོ།། དེ་བཞིན་དུ་མ་ཧེ་རྣམས་དང་། ར་རྣམས་དང་། ཕྱུགས་རྣམས་ལ་ཆོམ་རྐུན་གྱིས་ཉེ་བར་འཚེ་བ་ལ་ར་བ་ལ་བཅིང་བར་བྱའོ།། ་བུམ་པ་ཆུས་གང་བ་བྱས་ནས་གཙང་མས་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ཏེ་ནད་པའོ་རྐེད་པ་ལ་བཅིང་བར་བྱའོ།། རང་གི་གནས་སུ་འགྱུར་རོ།། ཁྱིམ་དུ་ཚངས་པའི་སྲིན་པོ་དང་ཤ་ཟས་ཉེ་བར་འཚེ་བ་རྣམས ་ལསྦྱིན་སྲེག་གྱིས་ཤིག། ཇི་ལྟར་ནུས་པའི་གཏོར་མའི་ཆོ་ག་བྱའོ་ཞེས་ཏེ། འདི་ནི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བའི་གཟུངས་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་གསུངས་པ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗོ། ་པའི་མདོ་སྡེའང་ངོ་།། ། སླར་ཡང་དུས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ཕྱག་གཡས ་པ་རབ་ཏུ་བརྐྱང་ནས་མྱུག་པར་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་རིན་ཆེན་འཕྲེང་བ་ཞེས་བྱ་བའི་གཟུངས་ཡོད་དེ། འདི་ཀློག་པར་བྱེད་པས་འགྲུབ་པར་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རང ་བས་གསུངས་སོ། ། རྟོག་པའི་རྒྱལ་པོ་ཆེན་པོ་ཕྱི་མ་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཆང་དང་། རལ་པ་གྱེན་བརྗེས་ཀྱི་རྒྱུད་དབྱི་མར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་པ་པོའི་དངོས་གྲུབ་བྱེད ་པ་རྟག་ཏུ་བྱེད་དུ་གཞུག་གོ། བློ་གྲོས་དང་ལྡན་པས་གང་དགེ་བའི་ཚེས་གྲངས་ལ་བྲིས་ནས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྔགས་ཀྱི་ཚིག་འདི་རྣམས་བཀའ་སྩལ་ཏོ།། ན་མོ་བུདྡྷ་ལ། ་ནམོ་དྷརྨྨ་ཡ། ན་མཿསཾགྷཱ་ཡ། ན་མཿསཔྟཱ་ནཱཾ། སམྱཀ་སཾ་བུདྡྷ་ཀོ་ཊི་ནི་ན་མོ་མེ་ཏྲི་ཡ། པྲ་མུ་ཁཱ་ནཱཾ། སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མཿསམྱགྷ་ཏཱ་ནཱཾ། ན་མཿསམྱཀྵ་ཏི་པནྡྷ་ནཱཾ། ན་མོ་ཨརྨ་ཏཱཾ། ན་མོ་ནཱ་གཱ་མཱ~ཾ་ནཱཾ། ན་མཿས་ཀྲྀ་དཱ་གཱ་མཱི་ནཱཾ། ན་མ ་པྲོ་ཏཱ་པནྡྷ་ནཾ། ན་མོ་ཨརྷ་ཏེ། མརྡྷ་ཏུ། ཨ་པ་ར་ཛི་ཏ་ཧྲྀ་ད་ཡཾ། མཱ་བརྟ་ལིཥྱ་མི་ས་མྱཀ་སཾ་བུདྡྷ། བྷཱུ་ཥི་ཏ། མ་ནུ་མ~ཾ་ད་ཏེ། དེ་བ་ག་ཎེ་སྶརྠ་ཀརྨྨ་ཀ་རཾ། ཤུ་དྷཾ། བེ་བཻ་ཏྲཉྩཿ། མཾ་ག་ལྱཾ། དྷནྟཾ། ཤུ་བྷྱ་ཀ་རཾ། ཤུ་དྷི་རཀྵོ། བྷཱུ་སརྦ ་སཏྭཱ་ནཱཾ། དེ་བཉྩ་ཨ་པ་ར་ཛི་ཏ་ཧྲྀ་ད་ཡཾ། མཱ་བརྟ་ཡི་ཥྱཱ་མི་སརྦྦ་པཱ་པ། པྲ་ཤ་མ་ནཱཾ། སརྦ་ཨརྠ་སཱ་དྷ་ནཱཾ། དྷ་ནྱཾ། སརྦ་གྲ་ཧ་བི་ནཱ་ཤ་ནཱཾ། ནི་ཏྱཾ་ཛ་ཡ། ཀ་རི་ཧྱེ་ཥ་ཤ་ཀྲ་སྱཻ་བ་ཨ་པ་ར་ཛི་ཏཱ་པ་ཥ་ཀྲྀ་ཏྱ། ནཱ་ཤ་ནཱཾ་ཙེ་བ། རཱ་ཛ། ་ཨགྣི་རི་བུ་ནཱ་ཤ་ནཱི་ཀྲྀ་ཏྱ་ཀརྨྨ་ཎི། བེ་ཏཱ་ཌོ་དུཿསབྷཱ་པི་ཨ་ཐ་སྭཱ་ཧ་ན་དེ་བ། རཱ་ན་བ། གནྡྷརྦ། ཡཀྵ་རཀྵ་ས། པནྡྷ་ག། རཀྵཾ། ཀུརྦནྟུ་མེ་ནི་ཏྱཾ་ས་མཱནྟ་ཙ། ཏེ་ཛ་ནཾ་ཨེ་ཧི་ཀཱ། དི་ཏཱི་ཡ་ཀ་ཛ་རཱ་ཏྲི་ཏཱི་ཡ་ཀཱ། ཙ་ཏུརྠ་ཀེ་བྷྱོ། རཀྵ ་ཡཾ་གཻ་ར་མ་ཛ་ར་ཀརྨྨ་ཎི་བི་ཥཾ་བྷུཀྟཾ་ག་རཾ་ཙི་བ་བྷྱོ་ཛྱ་བརྫ་ཡི་ཥྱ་ཏི་ཡ་སྱ་བཱ་ན་བྷ་བ་ཏ་གརྦྷོ་ཧི་ཡནྟེ་ཡ་སྱ་དཱ་ཀ་ར་ཀ། རེཏྣ་མཱ་ལ་ཨི་ཡཾ་ཏེ་ཥཱཾཀྵི་པྲ་མ་མ་བ་ཧ་ཏེ། ཛ་ཡ་མརྠ། ཀ་མོ་ལ་པ་ཏརྠེ། ཤྲཱི་ཀཱ་མོ་ལ་བྷ་ཏེ་ཤྲི་ཡཾ། བི་ཐ་ཏེ། ་རཎ། སཾ་གྲ་ཧེ། ཀྵཾ་པྲ་མཱ་བཱ་ཏེ། ཛ་པཾ། ཨ་ཏྲ་བི་ཙྱ། པྲ་བཀྵ་མི། རཏྣ་མཱ་ལ་ཏི། བི་བྲུ་ཏཾ། ཏཱ་བ་ཏྲ་ལོ་ཀ་ན་ཐ་ཧི་དྲྀཥྚ་སཏྭཱ་ནུ་པ་དྷ་ཏཱཾ། ཏདྱ་ཐཱ། ཨོཾ་དྷ་ན་ཀ་རི་བི་པུ་ལ་ཀ་རྀ་ཡ་ཤ་ཀ་རི། བིདྡྷ་ཀ་རི་ཨ་ཡུནྟ་ཏི་ཨ་ལཀྵི་པྲ་ས་མ་ནི ་དྷིདྷོདྷིནིརྠཱ་ནྱ་བི་བརྡྷ་ནི་བ་ཤྲཱི་ཀ་རི། སརྦ་ཐ་ཧ། ནཀྵ་ཏྲ། བ་ཤ། བརྟི་ནི་མ། དྷཱ་ཛ་ན་ནི། སུ་ཏྲ་ཛ་ན་ནི་པ་རི་བཱ་ར་བ་དྷྱ་ནི། ཨཱ་ཡུནྡ་ནི། པྲཱི་ཏི་ཀ་རི། ཛམྦྷ་ནི། སྟམྦྷ་ནི། ཨ་མོ་ཧ་ཤཀྟི་ཀཱཉྩ་ན། མཱ་ལ་གྲ་ཧཱ་སོ་མྱ། ཀ་ར་ཎི་སརྦྦ་ཀཱ་ལི་ཀཱ ་ལཱ་ཧཱ་བི་གྲ་ཧ། བི་བཱ་ད་པྲ་ཤ་མ་ནི། བ་ར་ཙཿ། ནི་བཱ་ར་ཎི་པ་ར་སེ་ནྱ་སྟམྦྷ་ནོ་ཙིཏྟ་ནརྨེ་ལཱི་ཀ་ར་ཎི། སརྦྦ་པཱ་བ་པྲ་ཤ་མ་ནི་སརྦ་ཀིལླི་ཥ་ན་ཤ་ནི་སཱཧཱ། ཙུཊུ་ཙུ་ཊྱ། ཧུ་ཊྱ་ཏུ་ནྱ། མུ་རྠ་མུ་ཊུ་སྭཱ་ཧཱ། སནྡྷུ་དེ་བ་ཨ་ནུ་དྷཱ་ཏི་སྭཱཧཱ། སརྦྦ་ནཱ་གས ་། རཀྵི་ཏེ་སྭཱ་ཧཱ། ཨོཾ་ནི་རི་ཕཊ། ཧ་ན་ཧ་ན་ཕཊ། ད་ཧ་ད་ཧ་ཕཊ། པ་ཙ་པ་ཙ་ཕཿ། ཡེ་ཥཱཾ་བི་དྷ་ཥིནྟ་བི་ཤ་མ་ཙིཏྟ་ཡནྟི། ཧ་ཧ་ནི། ཀཱ་ཁོརྡ་ཀུརྦནྟི། ཀ་ར་ཡནྟི། ཀྲྀ་ཏཉྩ་ཨ་བྷ་ཡཱ་ནུ་མོ་ད་ནིནྡ་བ་ཕཊ་སྭཱཧཱ། ཨགྣི་སྟམྦྷ་ཡཱ་མཾ་བོ་ཥཾ་ཤསྟྲ་ཨུད་ཀཾ་ཙཽ་རི ་སརྦ་དུཥྚཱཾ་སརྦ་བཱ་དྷི་ཏ། ཙན་དྲྀ་ཛ་ན་ཡཱ་མི་ཧཱུཾ་ཧཱུཾ་ཕཊ་ཕཿསྭཱ་ཧཱ། གཞན་གྱིས་མི་ཐུབ་པའི་འདབ་མས་ཁྲུས་བྱས་ཏེ་རིན་པོ་ཆེའི་འཕྲེང་བས་རྣམ་པར་བརྒྱན་པ་ལས་ཐམས་ཅད་བྱེད་པ་འདི་ནི་རྟག་ཏུ་བསྲུང་བ་བྱེད་པའོ།། དེ་བཞིན་ཉིད ་དུརང་གྲོ་གའི་འདབ་མ་ལ་བྲིས་པའམ། གང་དུ་འམ། དེར་ཡང་རུང་སྟེ། ལ་ལའི་བགེགས་སྲུང་བ་དང་། བསོད་ནམས་མཆོག་དང་། སྡིག་པ་དང་། དྲི་མ་འཇོམས་པ་དང་། གཡུལ་དུ་འམ། རྩོད་པ་འམ། ཐམས་ཅད་དུ་རྒྱལ་བ ་སྦྱིན་ཞིང་དགེ་བའོ། ། གང་འདི་འཛིན་པ་ལ་རིག་པ་ཞི་བ་བྲིས་པ་དང་། སྐྱེས་པས་རྟག་ཏུ་ཀློག་པ་དེ་ལ་འཇིགས་པ་འབྱུང་བར་མི་འགྱུར་རོ།། ཀློག་པ་དང་འཛིན་པ་ཐམས་ཅད་རྟག་ཏུ་སྲུང་བར་བྱེད་དོ།། གསང་བ་བ་རྣམས་ཀྱིས་ཡོད ་སུ་སྐྱོང་བར་བྱེད་དོ། ། ཆོ་གའི་རྒྱལ་པོ་འདི་རྟག་ཏུ་མཐར་བྱེད་པ་ནི་ཇི་ལྟར་རིན་པོ་ཆེས་སྤྲས་པའི་འབྲང་བ་སྟེང་དུ་རྣམ་པར་འབར་བའི་དཔལ་གང་ཡིན་པ་དེ་རིག་པ་འཛིན་པར་བྱེད་དོ།། འདི་ལ་གདོན་དེ་རྣམ་པར་ཉམས་པར་བྱེད་དོ།། ་ནད་རྣམས་ཀྱང་མི་འབྱུང་ངོ་།། བུ་དང་ཚ་བོ་རྣམས་ཀྱང་འཕེལ་ལོ།། འཁོར་བཟང་པོ་ཅན་རྣམ་པར་གནས་སོ།། རིག་པ་འདི་ནི་ཐམས་ཅད་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ལ ་ཕན་པའི་དོན་གྱི་ཆེད་དང་། བྱིས་པ་རྣམས་ཁྱད་པར་དུ་བསྲུང་བར་བྱ་བའི་ཆེད་དོ།། ལྷ་དང་། རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་ཉིད་དུ་དེ་བཞིན་གཤེགས་པ་དེའང་ཕྱོགས་བཅུ་རྣམས་སུ་ཀུན་ནས་གཟིགས ་པར་མཛད་དོ། ། དགེ་བའི་དོན་རྣམ་པར་འཕེལ་བ་དང་། སྡིག་པ་ཐམས་ཅད་ཀུན་ནས་ཟད་པར་འགྲོ་བ་དང་། རྨི་ལམ་ངན་པ་རྣམས་དང་། ཉེས་པར་བྱས་པ་རྣམས་ལས་ཀྱང་གྲོལ་ཏེ། འདིར་ཐེ་ཚོམ་མེད་དོ།། རལ་པ་གྱེན་བརྫེས ་ཀྱི་རྒྱུད་ཕྱི་མའི་གཟུངས་སོ། ། ། དེ་ནས་འདི་ལས་རྒྱུད་འདིར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་མཚན་ཉིད་གསུངས་སོ།། འདི་ལྟ་སྟེ། གཙུག་པུད་དང་། གོ་ཆ་དང་། ར་བ་དང་། ་སྙིང་པོ་དང་། ཉེ་བའི་སྙིང་པོ་ཞེས་པ་སྟེ་རྣམ་པ་ལྔའོ།། རྩ་བའི་རིག་པ་ལ་ནི་དྲུག་ཅུར་བཤད་དོ།། དོན་ཐམས་ཅད་སྒྲུབ་པ་དེ་ལ་དང་པོར་རེ་ཞིག་ར་བི་ཏ་དང་། བི་ཎི་ཀ་དང་། སངས་རྒྱས་ཀྱི་མཐར་ཐུག་པ་རྣམས་སོ།། མཐེའུ ་ཆུང་ཁབ་ཀྱི་རྣམ་པས་ངེས་པར་བཙིར་བའི་གུང་མོ་དང་མཐེ་བོང་དག་ཏུ་བཤད་དོ། ། འདི་ནི་འཕགས་མ་སྒྲོལ་མའི་གང་བའི་ཕྱག་རྒྱའོ་ཞེས་རྣམ་པར་གྲགས་ཏེ། དོན་ཐམས་ཅད་སྒྲུབ་པའོ།། རིག་པ་ཚིམ་པར་བྱེད་པ་ལ ་མཐེའུ་ཆུང་གཉིས་བསྣུན་པར་བྱ་སྟེ། རྣམ་པར་ཚིམ་པར་འགྱུར་རོ།། ལྷག་པར་གནས་པ་ནི་མཐེ་བོང་གཉིས་ཀ་ཁབ་ཀྱི་རྣམ་པས་སོ་སོར་གཡོ་བར་བྱ་སྟེ། སྙིང་པོ་རྣམ་པར་ཤེས་པར་བྱའོ།། བསྟོད་པ་ཁོ་ནའི་མོང་གིས ་སོ། ། ཉེ་བའི་སྙིང་པོ་ལ་མཐེ་བོང་གཉིས་འདི་ལྟ་སྟེ། ནང་ཁོ་ནའི་ཁུ་ཚུར་རོ།། མཐེའུ་ཆུང་ལྕགས་སྒྲོག་གི་ཆའི་སྒྲའི་དང་། སྡིགས་མཛུག་ཁ་ཕྱེ་བ་ཁབ་ཏུ་བྱས་པ་འདི་ནི་གོ་ཆའི་ཕྱག་རྒྱའི་མཚན་ཉིད་དེ། རྟག་ཏུ་བདག ་ཉིད་ལ་རབ་ཏུ་སྦྱར་བར་བྱའོ། ། སྡིགས་མཛུབ་གཉིས་ངེས་པར་བཙིར་ནས་གུང་མོ་དཀྲིས་ཏེ་ཁབ་ཀྱི་རྣམ་པས་བསྡིགས་པ་འདི་ནི་གཙུག་ཕུད་ཀྱི་ཕྱག་རྒྱའི་མཚན་མ་སྟེ། བདག་ཉིད་ཀྱིས་གཙུག་པུད་བཅིངས་པའི་དུས ་སུ་རབ་ཏུ་སྦྱར་བར་བྱའོ། ། སླར་ཡང་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་ཁ་ཕྱ་བ་ཁབ་ཀྱི་རྣམ་པ་སྟེ། འདི་ནི་བཟླས་པའི་ཕྱག་རྒྱའི་མཚན་ཉིད་དོ།། དེ་ལྟ་བུ་ཁོ་ན་ཡོངས་སུ་གྱུར་པར་སྡིགས་མཛུབ་ཁབ་ཀྱི་རྣམ་པས་ར ་བའི་ཕྱག་རྒྱ་བྱའོ། ། ཁུ་ཚུར་བཅིངས་ནས་སྡིགས་མཛུབ་གཉིས་ལྕགས་སྒྲོག་གི་རྣམ་པ་སྟེ། མཚན་མ་འདི་ནི་དམ་ཚིག་བསྲུང་བའི་ཕྱག་རྒྱའོ།། རྐང་པ་མཉམ་པ་ལ་གཡས་པའི་རྐང་པ་རབ་ཏུ་བཞག་ནས་གར་གྱི་སྦྱོར་བས ་ཡོངས་སུ་བསྐོར་བར་བྱ་སྟེ། གཞན་དུ་བསྐོར་ནས་ལག་པ་གཉིས་ཀས་རྩ་བའི་ཕྱག་རྒྱའི་ལས་སྦྱར་རོ།། དཔྲལ་བར་ཡང་ལས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ།། དེ་ནས་ཕྱག་རྒྱ་བཅིངས་པ་དང་། བཟླས ་འི་དུས་དང་། ཉལ་བའི་དུས་དང་། རྣམ་པ་གཞན་དུ་རང་རབ་ཏུ་སྦྱར་བར་བྱའོ།། གདོན་གྱི་ལས་དང་ལས་ཐམས་ཅད་ལ་རྩ་བའི་ཕྱག་རྒྱ་རབ་ཏུ་སྦྱར་བར་བྱའོ།། ། དེ་ནས་ཡང་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་རལ་པ་རྩེན་བརྗེས་ཀྱི་རྒྱུད་ཕྱི་མར་སྤྱན་རས་གཟིགས་དབང་ཕྱུག་ལ་རྗེས་སུ་བརྩེ་བས། བཅོམ་ལྡན་འདས་མ་འལགས་མ་སྒྲོལ་མ་སྒྲུབ་པའི་དོན་དུ་ཕྱག་རྒྱ་བཅིང་བ་གསུངས་སོ། ་@དེ་ལ་འདི་རྣམས་ཡང་དག་སྦྱར་བྱ་བ།། ཡམས་ནི་བདེ་བར་བྱ་དང་མཁས་པ་ཕྱག་འཚལ་བ།། རིག་གསུམ་ལ་ཡང་ཐུན་མོང་ཕྱག་རྒྱ་ནི།། དེ་རྣམས་ཉེ་བར་དྲངས་པ་ཕྱག་འཚལ་ཕྱག་རྒྱ་ནི།། ་གཡས་པའི་སོར་མོའི་ཚོགས་ལ་ཚོགས་ཀྱི་རྩེ་མོ་ཀུན།། ཕྱག་རྒྱ་ཉིད་ནི་རྗེས་སུ་བཅིངས་པར་གྱིས་ཤིག་དང་།། རྟག་ཏུ་གསོལ་བ་འདེབས་ལ་གཙང་མ་གསོལ་འདེབས་པའི།། ཕྱག་རྒྱ་དེ་བཞིན་ཁོ་ནར་གཡས་པ་སོར་མོ་ཆེ ་ཚིགས་རྣམས་ཚིགས་སུ་བྱས་ནས་རྗེས་སུ་ཡི་རང་བྱ། ། མཆོད་པ་ཐམས་ཅད་ཁོ་ན་གཙང་མས་རྟག་ཏུ་ནི།། མཆོད་པ་རྟག་ཏུ་རྗེས་སུ་ཡི་རང་བྱེད་པ་དང་།། སོར་མོ་རྣམས་ཀྱི་བདུད་རྩི་ཐམས་ཅད་ཡང་དག་ལྡན།། ཚིགས་ཀྱིས་རྩེ་མོ ་མཐེ་བོང་སྙིང་པོར་ཡང་དག་ལྡན། ། འདི་རྣམས་རྒྱལ་བ་ཡི་ནི་ཕྱག་རྒྱར་འགྱུར།། སོར་མོའི་རྩེ་མོ་ཡང་དག་སྦྱར་བ་གུང་མོ་དང་།། མཐེ་བོང་གཉིས་ཀར་གང་དུ་མི་འགྱུར་ཕྱག་རྒྱ་ཡིས།། བཟླས་པས་མཆོག་སྦྱིན་ཡིད་ཀྱི་བཟླས ་པའི་ཕྱག་རྒྱའོ། ། དེ་ནས་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཐམས་ཅད་རང་རང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་མཚན་མ་སྟོན་པར་མཛད་བཞིན་པས་སླར་བཞེངས་པའི་མཚན་མ་མཛད་དོ།། ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ས་དང་ནམ་མཁའ་ལ་གནས་པ་དང་། སེམས་ཅན་རབ་ཏུ་འགུལ་བ་དང་། ཐམས་ཅད་དང་ལྡན་པའི་ས་འདིར་རང་འགུལ་བས་སྐྲག་ཅིང་མེ་ཏོག་གི་ཆར་འབབ་པ་དང་། བར་སྣང ་ལ་སྤྱོད་པའི་འབྱུང་པོ་བྱེ་བས་ཐམས་ཅད་དུ་འགྲོ་བའི་གདུག་པ་རབ་ཏུ་བཏུལ་ལོ། ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡོངས་སུ་ཞུས་པ། ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེས་ན་རལ་པགྱེན་བརྫེས་ཞེས་བྱ་བར་ཡང་ཟུང་ཞིག། རྟོག་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང་ཞིག། སྤྱན་རས་གཟིག ་དབང་ཕྱུག་གིས་ནུས་པ་ཞེས་བྱ་བར་ཡང་ཟུང་ཞིག། རིག་པ་དང་གསང་སྔགས་ཀྱི་སྤྱོད་པའི་མདོ་སྡེ་ཞེས་བྱ་བར་ཡང་ཟུང་ཞིག། རྟོག་པའི་རྒྱལ་པོ་ཆེན་པོའི་ལེའུ་རབ་འབྱམ་ཞེས་བྱ་བར་ཡང་ཟུང་ཞིག། ཐབས་ཀྱི་སྤྱོད་པ་ཞེས ་པབར་ཡང་ཟུང་ཞིག། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་བའི་རྩ་བ་ཇི་ཙམ་གྱིས་དེ་རྣམས་ཡང་དག་པར་ལྡན་པར་འགྱུར། ཆོས་དུ་ཞིག་གིས་ལྷགས་པར་གནས་པ་ལག ་བྱམས་པ་དེས་གང་ཆོས་བཅུས་འདི་ལྟ་བུ་མཐོང་བ་ཁོ་ན་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། བྲི་མ་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་དང་། མི ་འམ་ཅི་དང་། ཡི་དགས་ལ་སོགས་པ་རྣམས་ཀྱིས་ཀུན་བསྲུངས་པར་འགྱུར་བ་དང་། གཟུངས་མཉམ་པའི་སེམས་ཟབ་མོའི་བཟོད་པ་དང་ལྡན་པར་འགྱུར་པ་དང་། དགེ་བའི་ཆོས་ལ་ཀུན་ཏུ་གནས་པས་ཇི་སྲིད་དུ་འདྲི་བར ་འགྱུར་པ་དང་། ཟིས་ནས་འཆང་བར་འགྱུར་བ་དང་། གླེགས་བམ་དུ་གྱུར་པར་བྱས་ནས་མཆོད་པར་འགྱུར་པ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། བདེ་བ་ཕུན་གསུམ་ཚོགས་པར་འགྱུར་བ་དང་། བདེ ་འགྲོར་འགྲོ་བ་སྟེ། ཡོན་ཏན་མང་པོ་ཉིད་དང་། ཕན་ཡོན་ཆེན་པོ་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས། ལྷ་དང་བཅས་པས་བྱིན་གྱིས་བརླབས་པ། རོག་པ་དང་སྔགས་ཆེན་པོ་འདུས་པ། འཁོར་བའི་ཕ་རོལ ་ཏུ་སོང་བ། བདག་གིས་ཀྱང་ཡང་དག་པར་རྒྱུ་སྐར་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་བ་དང་། ལོར་བདེ་བའི་ཆེད་དུ་མཐོ་རིས་སུ་སྐྱེ་བར་འགྱུར་རོ།། དགེ་བ ་བཅུའི་ལས་ཀྱིས་ལམ་དང་གྲགས་པ་འཕེལ་ཞིང་ཡོངས་སུ་རྫོགས་པར་འགྱུར་རོ། ། རལ་པ་གྱེན་བརྫེས་འཆང་བ་པོ་དང་། ཁྱིམ་དུ་གཞག་པ་དང་། རབ་ཏུ་བྱུང་བ་རྣམས་ལའོ།། དེ་སྐད་ཅེས་བཀའ ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཡིད་ཀྱིས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའའོ། ། རལ་པ་གྱེན་བརྗེས་ཀྱི་རྒྱུད་ཕྱི་མ་རྫོགས་སོ།། ། འདི་ནི་ཇོ་བོ་ཆེན་པོ་ཨ་ཏི་ཤའི་ཕྱག་དཔེར་སྒྲེང་ནས་དཀའ་ཐུབ་ཆེན ་