| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པདྨ་མུ་ཀུ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། པདྨ་ཅོད་པན་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷའི་གཞལ ་མེད་ཁང་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་ཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྒོ་ཀུན་འཕྲོ་བ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོད་ཟེར་གྱིས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་གི་རྡུལ་ལ་རེག་པས། རེག་མ་ཐག་ཏུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་མཆོད་ནས། འོད་ཟེར་དེ་བཅོམ ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་བོ། ། ནུབ་མ་ཐག་ཏུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། སྐུ་མདོག་གངས་ཀྱི་རྩེ་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར ་པོསྟེང་གི་ཞལ་དབུས་སེར་བ། གཡས་ལྗང་ཁུ། གཡོན་དམར་བ།། སྟེང་གི་གསུམ་ནག་པོ།། བཅོམ་ལྡན་འདས་ཀྱི་དབུ་ནི་བྱུ་རུ་བཅག་པ་ལྟ་བུར་གྱུར་ཏེ་འཛུམ་པ་མཛད་ནས། ཐུགས་རྗེ་ཆེན་པོའི་བདག་པོ ་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཟིགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐལ་མོ་སྦྱར་ཏེ།། བཅོམ་ལྡན་འདས་ལ་གསོལ་པ།། སྐུ་དང་སྔགས་དང ་ལས་རྣམས་དང་། ། ཁྱད་པར་ཆོ་ག་བསྟན་པར་གྱིས།། ཞེས་གསོལ་བ་བཏབ་ནས།། བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་བཀའ་སྩལ་པ།། ་སྐུ་ནི་རྣམ་པ་འདི་ལྟ་སྟེ།། ཐུགས་རྗེ་དག་པས་ཆུ་ཤེལ་ཏེ།། མཉམ་པར་བཞེངས་པས་འགྲོ་དོན་མཛད།། ཆུ་ཤེལ་མདོག་འདྲ་ཞལ་གསུམ་དཀར།། ལྗང་ཁུའི་མདོག་ཅན་ནག་པོ་ཆེ།། སེར་པོ་དེ་བཞིན་བཅོམ་ལྡན་དམར ་། དྲང་སྲོང་དག་ཏུ་རི་དགས་བརྒྱན།། ཞི་བ་འཛུམ་དང་བཞད་པ་དང་།། ཁྲོས་པའི་ཞལ་མངའ་སྤྱན་གསུམ་མཛེས།། བཅུ་པ་སེམས་དཔའི་རྟགས་ཅན་ཏེ།། བཅུ་གཅིག་བཅོམ་ལྡན་འདས་ཀྱི་བདག། ཡོན་ཏན ་ནོར་བུ་མུ་ཏིག་འཕྲེང་། ། འཕྲིན་ལས་སྣ་ཚོགས་སྨད་དཀྲིས་པ།། དང་པོའི་ཕྱག་ནི་ཐལ་སྦྱར་ཏེ།། གཡས་པ་རིན་ཆེན་འཕྲེང་བ་འཛིན།། གཡོན་པ་དྲི་མེད་པདྨ་འཛིན།། གཡས་པ་མཆོག་སྦྱིན་མཛད་པའོ།། ་གཡོན་པ་རིལ་བ་སྤྱི་ཐུགས་ཏེ།། གཡས་པ་འཁོར་ལོ་རབ་ཏུ་འཛིན།། གཡོན་པ་ན་ནི་མདའ་གཞུ་སྟེ།། ལྷག་མ་མཆོག་སྦྱིན་སྤྱན་ལྡན་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་ཅོད་པན ་གཉིས་ནས་རིན་པོ་ཆེ་རབ་ཏུ་འཕྲོ་བ་དང་། བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ལས་བྱུང་བའི་པདྨའི་སྟེང་དུ་རིགས་ལྔ་འབྱུང་བ་ནི། འདི་ལྟ་སྟེ། རྣམ་པར་སྣང ་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའོ།། ཁང་བུ་བརྩེགས་པའི་རིན་པོ་ཆེ་དེའི་ནང་དུ་སེང་གེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ ་ལྡིང་དང་། གླང་པོ་ཆེའོ།། དེ་དག་ནི་ཅོད་པན་ལས་བྱུང་བའོ།། ཡབ་ཡུམ་གྱི་སྐུ་མདོག་སྔོན་མོ་སྟེ།། པདྨ་ལས་བྱུང་པདྨའི་སྟེང་།། ཚད་མེད་བཞི་སྟེ་ཕྱག་བཞིས་མཛེས།། སེམས་དཔའི་རྒྱན་དང་ལྡན ་པ་ཡི། ། མཉམ་པ་ཡི་ནི་སྐྱིལ་ཀྲུང་བཅས།། ཡབ་ནི་སྐུ་མདོག་སེར་པོ་སྟེ།། པདྨ་ལས་བྱུང་པདྨའི་སྟེང་།། ཐལ་སྦྱར་ནོར་བུ་བགྲང་འཕྲེང་འཛིན།། རྒྱན་རྣམས་ཡོངས་སུ་འཛིན་པའོ།། ཡང་ནི་འོད་ཟེར ་རབ་བཀྱེ་སྟེ། ། ཟླ་བ་ཉི་མ་ལས་བྱུང་བའི།། ཉི་མའི་མདོག་ཅན་ཉི་མ་ནི།། གཞོན་ནུ་ཨུཏྤལ་མཆོག་སྦྱིན་མཛད།། ཟླ་བ་ལས་སྐྱེས་ནམ་མཁའི་མདོག། ཅུང་ཟད་ཁྲོས་པས་རྡོ་རྗེ་ཅན།། དཀར་པོ་གངས ་ལྟར་དཀར་བ་སྟེ། ། ཉི་ཟླའི་སྟེང་ན་པདྨ་འཛིན།། དྲག་པོ་གཉིས་དང་ཧྲཱི་ཡིག་ལས།། གཉིས་མེད་ཚུལ་གྱིས་འབྲས་བུ་རྫོགས།། ཧ་ཡ་གྲཱི་བས་ཁམས་གསུམ་སྡུད།། ཁྲོ་གཉེར་ཅན་གྱིས་འཕྲིན་ལས ་མཛད། ། གཤིན་རྗེའི་གཤེད་པོ་གཏེར་འཛིན་ཅིང་།། ཁམས་གསུམ་རྣམ་རྒྱལ་བདུད་སྡེ་འཇོམས།། འཁོར་ལོ་དཀར་པོ་དག་པའི་སྟེང་།། གྲུ་བཞི་སྒོ་བཞི་རྟ་བབས་བཅས།། དང་པོ་དཀོན ་མཆོག་རབ་དད་ཅིང་། ། ཚད་མེད་བཞི་ནི་ཡོངས་སུ་རྫོགས།། བྱང་ཆུབ་ཡན་ལག་རྫོགས་པ་དང་།། ཆོས་ཀྱི་རང་བཞིན་སྟོང་ཉིད་དོ།། གླེང་གཞི་དང་སྐུ་བསྟན་པའི་ལེའུ་སྟེ་དང་པོའོ།། ། ་དེ་ནས་གསང་སྔགས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་ཁམས་ཐམས་ཅད་དུ་འོད་བཀྱེ་ནས་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཡང་གསུངས་པ། ཨོཾ་ཧྲཱིཿ ་ཧཱུཾ་ཧྲཱི་ཨཿན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་ཡ། བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱཀ་སཾ་བུདྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨརྷད་བྷྱ། སམྱཀ་སཾ་བུདྡྷ་བྷྱོ། ན་མ་ཨཱརྱ་ཨ་བ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་བནྡྷེ་བནྡེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ་ཙི་ཏི་ཛཱ་ལ་མ་པ་ན་ཡ་སྭཱ་ཧཱ། སྔགས་འདི་རྣམས་ཁ་ཏོན་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ལན་ཅིག་བརྗོད་དམ། དྲན་ཞིང་ཡིད་ལ་བྱས་སམ། ལུས་ལ་བཅངས་ན་མཚམས་མེད་པ་ལྔ་དང་། ་དེ་དང་ཉེ་བའི་ལས་འབྱུང་ཞིང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་། མི་ཁོམ་པ་བརྒྱད་དུ་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ།། གཅན་གཟན་དང་། ་སྲིན་པོ་དང་། མི་མ་ཡིན་པ་དང་། ནད་དང་། འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། ཨོཾ་རཀྵ་རཀྵ། ཞེས་པས་ཀྱང་བསྲུང་བར་བྱའོ།། ཨོཾ་ཨ་ཀཱ་རོ་མུ་ཁི་སརྦྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏ་པནྣ་ཏཱཿ། ་ཅེས་པས་གཏོར་མའི་ཆུས་ཡི་དགས་ལ་མཆོད་པར་བྱའོ།། ཨོཾ་ཨཱཿཧཱུཾ། ཞེས་པས་སོ།། དེ་རྣམས་སྲུང་བའི་སྔགས་སོ།། ཨོཾ་མ་ཎི་བཛྲེ་ཧཱུཾ། ཞེས་པས་སོ།། འདིས་ནི་རིགས་གསུམ་གྱི་བདག་པོར་འགྱུར ་ཏེ། ཕན་ཡོན་ནི་འདིའོ།། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཥདྦྷ་ལེ་པཱུ་ཛེ་མེ་གྷས་སུ་རྦ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མ་གྲས་མུ་དྲས་ར་ཎ་ས་མ་ཡེ་ཧཱུཾ། ་ཨོཾ་ན་མཿསརྦ་ཏ་ཐཱ་ཏ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་བཿསརྦ་ཏ་ཐཱ་ག་ཧ་ནཻ་ཝི་དྱེ་པཱུ་ཛེ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མཆོད་པས་ཡང་དག་མཆོད།། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།། ཐབས་དང་ཤེས་རབ་གཉིས་ལྡན་པའི།། ཧྲཱིཿཡིག་དཀར་པོ ་ཡང་དག་ལྡན། ། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ། ལས་དང་ཆོ་ག་བསྟན་པའི་ཕྱིར།། དང་པོ་ཞི་བའི་ལས་བསྒྲུབས་ནས།། ཡིད་དུ་འོང་བའི་གནས་དག་ཏུ།། དཀར་པོ་དག་པ་གསལ་དུས་སུ།། དྲི་ཞིམ་ཆུ ་ཡིས་ལེགས་བྱུགས་ཏེ། ། མེ་ཏོག་དཀར་པོ་དགྲམ་བྱས་ནས།། ཁྲུས་དང་ཁ་ཟས་ཕྱོགས་འཐུན་པའི།། བདེ་བའི་སྟན་ལ་ཉེར་འདུག་སྟེ།། བུམ་པ་དཀར་པོ་ཙན་དན་དཀར།། དྲིས་བཀང་གོས ་ཀྱིས་ལེགས་པར་དཀྲི། ། མཎྜལ་དབུས་སུ་ལེགས་པར་གཞག། ཧྲཱིཿལས་བྱུང་བའི་སེམས་དཔའི་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། རྒྱན་རྣམས་རྫོགས་པ་པདྨ་བསྣམས།། ཟླ་བའི་གདན ་ལ་ལེགས་བཞུགས་པ། ། ཧྲཱིཿལས་འོད་ཟེར་སྤྲོ་བ་བསྒོམ།། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། ཧྲཱི་ཡི་འཕྲོ་འདུ་གསལ་བ་ནི།། བཟླས་པ་རབ་ཏུ་གསལ་བ་ནི།། གསང་སྔགས་འདི ་ནི་བརྗོད་པར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་ས་ག་ར་བཻ་ཙ་ནཱ་ཡ་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨརྷ་བྷྱཿསམྱཀ་སཾ་བུདྡྷ་བྷྱོ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ ་། ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡེ། ཨ་མི་ཏཱ་བྷ་ལ་ཆེ་གེ་མོ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པ་བྱའོ།། བྲུཾ། རྣམ་པར་སྣང་མཛད་བུམ་པའི་ཆུ།། གང་དག་ལེགས་པར་ཁྲུས་བྱེད་པ།། དྲི་མ་ཐམས་ཅད ་ཡོངས་དག་ནས། ། འབྲས་བུ་བདེ་བ་བདེ་ཐོབ་གྱུར།། འཇིགས་པ་ཀུན་ལས་རྣམ་གྲོལ་ནས།། མྱུར་དུ་ཆུ་སྐྱེས་མཐོང་བར་འགྱུར།། དེ་ནས་རྒྱས་པ་སྒྲུབ་འདོད་ན།། ནགས་ཚལ་ཤིན་ཏུ་མཐོ་བར་ནི།། དྲི་ཞིམ་ཆུ་ཡིས་ལེགས ་བྱུགས་ལ། ། འབྲས་བུར་བཅས་པའི་མེ་ཏོག་དགྲམ།། རྒྱན་རྣམས་ཡོངས་སུ་བཏགས་ནས་ནི།། བདེ་བའི་སྟན་ལ་ཉེར་འདུག་སྟེ།། རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ།། རིན་ཆེན་གའུར་བླུགས་པར་བྱ།། མཎྜལ་དབུས་སུ་ལེགས ་པར་གཞག། ཧྲཱིཿལས་བྱུང་བའི་སེམས་དཔའི་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། རྒྱན་རྣམས་རྫོགས་པ་པདྨ་བསྣམས།། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་བདུན་བསམས་ནས།། ་། མཆོད་པ་ལྔ་ཡིས་ཡང་དག་མཆོད།། ཧྲཱི་ཡི་འཕྲོ་འདུགསལ་བར་བཟླས།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ནཱ་སཱ་ག་ར། བཻ་རོ་ཙ་ནཱ་ཡ། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱཀ་ས~ཾ་བུདྡྷཱ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱོ། ཨ་རྦད་བྷྱཿསམྱཀ་སཾ་བུདྡྷ་བྷྱོ། ན་མ་ཨཱརྱཱ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རཏྣ་ཀུན་པུཥྚིཾ་ཀུ་རུ་སྭཱཧཱ། བང་མཛོད་སྟོང་པའི་ཐོག ་བཞག་ན། ། འབྲུ་ཡིས་ཡོངས་སུ་ཁེངས་པར་འགྱུར།། དེ་ནས་དབང་གི་ལས་བྱེད་ན།། སྡུད་པར་བྱེད་ན་ཆུ་ཀླུང་འགྲམ།། པ་ལ་ཤ་དང་ཨ་ཤྭཏྠ།། མེ་ཏོག་དམར་པོའི་རིལ་བུ་བྱས།། བསེ་ག་བ་དམར་པོའི་ནང ་། དུ་བདུག། མེ་ཏོག་དམར་པོས་རབ་ཏུ་མཆོད།། ཧྲཱིཿཡིག་ལས་བྱུང་སྒྲོན་མའི་སྐུ།། ལྗང་ཁུ་ཕྱག་ན་ལྕགས་ཀྱུ་འཛིན། ཕྱག་སྟོ་སྤྱན་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། མཆོད་པ་ལྔ་ཡིས ་། མཆོད་བྱས་ཏེ།། ཧྲཱིཿཡིག་འཕྲོ་འདུ་གསལ་བར་བཟླས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ནཱ་ཡ། བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ་ཨརྷད་བྷྱཿསམྱཀ་སཾ་བུདྡྷ་བྷྱོ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་མ~ཾ་གྷ་བྷ་སྨི་ཀུ་རུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མོ་གྷ་བྷ་སྨི་ཀུ་རུ་སྭཱ་ཧཱ། རྫས་ཀྱི་ལྡེ་གུས་ལུས ་བྱུགས་ན། ། བྱུགས་པ་དེ་ཡིས་ཁུགས་པར་འགྱུར།། དེ་ནས་འཕྲིན་ལས་བྱེད་འདོད་ན།། དུར་ཁྲོད་ཤིང་གཅིག་དག་ཏུ་ནི།། བ་ཡི་ལྕི་བས་ལེགས་བྱུགས་ནས།། མེ་ཏོག་སྔོན་པོ་ནིམ་པ་ཡི།། སྤོས་ཀྱི་ཚོམ་བུ ་ལྔ་སྟེང་དགྲམ། ། བྱང་དུ་འདུག་སྟེ་ལས་འདི་བརྩམ།། གཅན་གཟན་སྟེང་དུ་ཆུ་ཤེལ་ཏེ།། ཧྲཱིཿཡི་ཡི་གེ་ལས་བྱུང་བའི།། མདོག་དཀར་རལ་པའི་ཐོར་ཙུགས་ཅན།། ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། ་རིདགས་པགས་པ་འཛིན་པའོ།། དྲང་སྲོང་ཁྲོས་པའི་ཆ་བྱད་ཅན།། ཕྱག་བཞི་དང་པོ་མཆོག་སྦྱིན་པ།། གཡོན་ན་པད་སྟེང་རལ་གྲི་ཅན།། གཡས་པ་ལྟོས་འགྲོས་བརྒྱན་པའི་མདུང་།། རྩེ་གསུམ ་དཀར་པོས་བརྒྱན་པའོ། ། གཡོན་ན་ཐོད་པ་དཀར་པོ་སྟེ།། དྲི་ཞིམ་མེ་ཏོག་དག་གིས་བཀང་།། རྒྱལ་པོ་ཆེན་པོ་རོལ་བ་ལྟར།། ཅུང་ཞིག་ཟུར་གྱིས་གཟིགས་པའོ།། ཕྱག་སྟོང་སྤྱན་ཡང་དེ་བཞིན་སྟོང་།། ་བསྐལ་པ་བཟང་པོའི་སངས་རྒྱས་ཏེ།། པདྨའི་འདབ་མར་ལེགས་ཞུགས་པའི།། རྒྱས་པའི་སྐུ་ནི་ལེགས་བསམས་ནས།། ཧྲཱིཿཡི་འཕྲོ་འདུ་ལས་བྱུང་བའི།། གསང་སྔགས་རྒྱལ་པོ་བཟླས་པར་བྱ།། ན་མོ ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ནཱ་ཡ། བྷཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀ་སཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨཪྴད་བྷྱཿས་མྱཀ་སཾ་བུདྡྷ་བྷྱོ། མམ་ཨཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཀ་ཏེ་ནི་ཀ་ཏེ། ཀ་ཏ་ཀ་ཏེ་ཀ་རོ་ཏེ་ཀ་རི་ཏ་བཱིརྱེ་སྭཱ་ཧཱ། ཨོཾ་ཀརྨ་ཨ་མོ་གྷ་བཛྲི་སཽ་ཧེ་ནཱི་དཱ་ཧཱུཾ་ཕཊ། དྲི་འམ་བྱུག་པ་དག་ལ་ནི།། བཏབ་ལ་ལུས་ལ ་བྱུག་པར་བྱ། ། མེ་ཏོག་སྔོན་པོ་མགོ་ལ་གཞག། མཎྜལ་ཆུ་ཡིས་ལུས་ལ་བྱུགས།། ཉི་ཤུ་རྩ་ལྔ་བཟླས་པས་ནི།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་བཞི་ཀ་སྒྲུབ་འདོད་ན།། བཀྲ ་། ཤིས་དུས་སུ་རྫོགས་དུས་སུ།། རི་བོ་ཡིད་འོང་གནས་དག་ཏུ།། ས་གཞི་ཆག་ཆག་ལེགས་བཏབ་སྟེ།། མཎྜལ་ལེགས་བྱས་མེ་ཏོག་ནི།། དྲི་ཞིམ་དཀར་པོས་ཡོངས་གཏོར་ཏེ།། གཙང་ཞིང་དམ་པའི་རྫས ་རྣམས་དགྲམ། ། གཙང་མ་བྲམ་ཟེ་བྱས་ཏེ་གཞག། ཁྲུས་དང་ཀུ་ཤའི་སྟེང་གནས་ཏེ།། ཧྲཱིཿལས་བྱུང་བའི་ཆུ་སྐྱེས་སྟེ།། ཆུ་སྐྱེས་མདོག་འདྲ་ཞལ་གསུམ་ཡང་།། འཛུམ་ཞིང ་ཞི་བའི་ཆ་བྱད་ཅན། ། ལྗང་ཁུ་བཞད་པ་ཞལ་གསུམ་པ།། ནག་པོ་ཁྲོས་པ་དམར་སེར་སླ།། སེར་པོའི་ཞལ་ནས་འཛུམ་པ་སྟེ།། དམར་པོ་བཅོམ་ལྡན་འདས་ཀྱི་དབུ།། རི་དགས་པགས་པས་སྟོང ་གཡོགས་ཅན། ། སྣ་ཚོགས་ཤམ་ཐབས་བསྣམས་པ་སྟེ།། ཞབས་གཉིས་མཉམ་པོར་བཞེངས་པ་ལས།། གཡས་གཡོན་དང་པོ་ཐལ་མོ་སྦྱར།། བར་མ་བགྲང་འཕྲེང་པདྨ་བསྣམས།། ཐ་མ ་མཆོག་སྦྱིན་སྤྱི་ཐུགས་འཛིན། ། བུམ་པ་རྣམ་སྣང་ལྷ་མོ་ནི།། ལ་སེ་མ་ལེ་གིརྟི་སྟེ།། ནིརྟི་ནང་གི་ལྷ་མོའི་བདག། ཟླ་བའི་གདན་ལ་ལེགས་པར་བཞུགས།། ཧྲཱིཿཡི་ཡི་གེ་ལས་བྱུང་བའི།། གསང ་སྔགས་རྒྱལ་པོ་བཟླས་པར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན་ཡ། བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཿ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨརྦདབྷཱུ ་སམྱཀ་སཾ་བུདྡྷ་བྷྱོ། ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཊེ་བརྠེ་ཊེ། ཙ་ལེ་ཙ་ལི། པྲ་ཙ་ལེ་པྲ་ཙ་ལེ། ་ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི་ཙི་ཏི། ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། བུམ་པའི་ཚུ་ལ་ལེགས་བསྒྲུབས་ནས།། ལུས་ལ་བྱུགས་ན་འགྲུབ་པར་འགྱུར།། ཆོ་ག་གསང་སྔགས་གྲུབ་པའི་ལེའུ་སྟེ་གསུམ ་པའོ། ། ། དེ་ནས་ཐབས་ཀྱི་རིམ་པ་ནི།། གྲོ་ག་རས་སམ་ཤིང་ཤུན་ལ།། ར་པི་འོ་མས་བྲིས་པའོ།། ཆོམ་བུ་ལྔ་ཡི་འཁོར་ལོ་ལ།། དབུས་སུ་སྐུ་ཡི་ས་བོན་ཏེ།། ལྔ་པ་ཡི་ནི ་ལྔ་པ་སྟེ། ། ཤར་དུ་དེ་ཡང་བྲི་བར་བྱ།། བཞི་པའི་ལྔ་པས་དབུས་སུ་མཚན།། ལྷོ་རུ་དེ་ནི་ཡང་དག་དགོད།། ལྔ་པའི་དང་པོ་བཞི་པའི་གསུམ།། ནུབ་དུ་དེ་ནི་ཡང་དག་དགོད།། ལྔ་པ་ཡི་ནི་ལྔ་པ་ལ།། ཨེ་ཡི ་རྣམ་པར་སྦྱར་བ་སྟེ། ། བྱང་དུ་དེ་ནི་ཡང་དག་དགོད།། དབུས་སུ་ཐུགས་ཀྱི་ས་བོན་ཏེ།། ཤཱནྟིཾ་ཀུ་རུ་མཚམས་སུའོ།། སྭཱ་ཧཱ་དབུས་སུ་དགོད་པར་བྱ།། དེ་ལྟར་འཁོར་ལོ་གསལ་བཀོད་ནས།། དངུལ་ལམ་དཀར་པོའི ་གའུར་གཞུག། ཐམས་ཅད་ལས་ཀུན་ཞི་བར་འགྱུར།། ལུང་བའི་ཆུ་ཡིས་ལེགས་པར་བྲི།། པུཥྚིཾ་ཀུ་རུ་མཚམས་སུའོ།། ཁམ་ཕོར་སེར་པོར་ལེགས་པར་གཞུག། རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར། ་པ་ལ་ཤ་ཡིས་ལེགས་པར་བྲིས།། བ་ཤིཾ་ཀུ་རུ་མཚམས་སུ་དགོད།། ཁམ་ཕོར་དམར་པོར་ལེགས་པར་གཞུག། དབང་གི་ལས་རྣམས་འགྲུབ་པར་འགྱུར།། ནིམ་པའི་ཆུ་ཡིས་ལེགས་པར་བྲིས།། མཱ་ར་ཡ་ནི ་མཚམས་སུ་དགོད། ། ལྕགས་སམ་ཐོད་པར་ཡང་དག་གཞུག། འཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར།། ཙན་དན་དཀར་པོ་དྲི་ཞིམ་ཞིང་།། ཞི་བས་དེ་ནི་མེ་ལ་སྲེག། འབྲས་བུ་དམར་པོར་བཅས་པའི་ཤིང་།། ་རྒྱས་པས་དེ་ནི་མེ་ལའོ།། དབང་ནི་པ་ལ་ཤ་ཡི་ཤིང་།། དེ་ལ་བསྲེགས་ན་ཁུགས་པར་འགྱུར།། ནིམ་པའི་ཤིང་ལ་ཚར་གཅད་པའི།། བསྲེག་པ་འཕྲིན་ལས་འགྲུབ་པར་འགྱུར།། འཁོར་ལོའི་ལེའུ ་སྟེ་བཞི་པའོ། ། ། དེ་ནས་ལས་ཀྱི་རིམ་པ་ནི།། དུར་བའི་རྩ་དང་འབྲས་ཀྱི་འདབ།། ཏིལ་དང་ཡུངས་ཀར་ཅི་ཅེ་ལ།། གསང་སྔགས་བཟླས་ན་གྲུབ་པ་ནི།། ང་ལིའི་ཤིང ་ལ་ལེགས་བསྲེགས་ནས། ། ཐམས་ཅད་རབ་ཏུ་ཞི་བར་འགྱུར།། ཀུ་ཤ་སྟར་བུ་ཤུག་འབྲུམ་དང་།། སྟག་པའི་མེ་ཏོག་དམར་པོ་ལ།། གསང་སྔགས་བཟླས་པ་རབ་བྱས་ཏེ།། ཙན་དན་ཤིང་ལ་ལེགས་བསྲེགས ་ནས། རྒྱས་པར་བྱ་བའི་ལས་འགྲུབ་ཅིང་།། ནུས་པའི་མཆོག་ནི་ཐོབ་པར་འགྱུར།། པཱ་ལ་ཤ་ཡི་ཤིང་དག་དང་།། ཁྲེ་དང་ཅི་ཙེ་མོན་སྲན་ལ།། གསང་སྔགས་བཟླས་པ་རབ་བྱས་ཏེ།། པདྨ་ཀ་ཡི་ཤིང་ལ ་བསྲེགས། ། ནུས་པ་མཆོག་ནི་ཐོབ་པར་འགྱུར།། ཐམས་ཅད་དབང་དུ་འདུ་པར་འགྱུར།། གྲོ་དང་སོ་བ་འབྲས་དང་ནི།། བྲ་བོ་མོན་སྲན་ཏིལ་ནག་པོ།། གསང་སྔགས་རབ་ཏུ་བཟླས་བྱས་ཏེ།། ཁ་ཏི་ར་ཡི་ཤིང ་ལ་བསྲེགས། ། ནུས་པ་ལྡན་ཏེ་ལས་རྣམས་ནི།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། པྲ་ཧ་ཁ་ཚའི་ཤིང་དག་ལ།། ལོ་མ་འབྲས་བུར་བཅས་པ་དང་།། རྡོ་རྗེའི་ཤིང་ལ་སྔགས་བཟླས་ནས།། མྱ་ངན ་འཚང་གི་ཤིང་ལ་བསྲེགས། ། ནུས་པ་ཐོབ་ནས་མྱུར་དུ་ནི།། མི་རྣམས་ཐམས་ཅད་དབང་དུ་སྡུད།། ལྡོང་རོས་པདྨའི་རྩ་བ་དང་།། མུ་ལ་པ་ཏྲའི་ཤིང་དག་ལ།། གསང་སྔགས་རབ་ཏུ་བཟླས་བྱས་ནས།། ཨ་རུ ་ར་ཡི་ཤིང་ལ་བསྲེགས། ། འཁོར་ལོའི་འོག་ཏུ་བཅུག་པའི་ས།། རྒྱལ་པོ་དབང་དུ་བྱེད་པར་འགྱུར།། བ་ལ་ཤ་ཡི་ཤིང་དག་ལ།། ཀ་ར་ཝཱི་ར་འབྲས་དག་ལ།། གསང་སྔགས་རབ་ཏུ་བཟླས་བྱས་ནས།། ་འཛམ་བུའི་ཤིང་ལ་རབ་བསྲེགས་ནས།། རལ་གྲིའི་འོག་ཏུ་བཅུག་ནས་ནི།། ཡུལ་དབང་ཡང་ནི་དབང་དུ་འགྱུར།། ཚེ་རབས་བརྒྱ་རུ་ལོན་པའི་དུས།། མཚོན་གྱིས་བསྣུན་པའི་རུས་པ་དག། གསང ་སྔགས་རབ་ཏུ་བཟླས་བྱས་ནས། ། སྐྱེར་བའི་མེ་ལ་རབ་བསྲེགས་ཏེ།། ལྕགས་ཀྱུའི་འོག་ཏུ་རབ་བཅུག་ན།། གླང་པོ་དབང་དུ་འགྱུར་བར་བྱེད།། བ་ལེ་ཏ་དང་ཏེ་ལེ་ཤ།། ཁ་ཏི་ར་དང་དྷ་ཏི་མ།། དུར་ཁྲོད་ཤིང ་ལ་རབ་བསྲེགས་ན། ། སྟག་ལ་སོགས་པ་དབང་དུ་འདུ།། ནས་དང་འབྲས་དང་སོ་བ་དང་།། སྨན་དང་རིན་ཆེན་སྣ་ཚོགས་དང་།། མཎྜལ་ཟླུམ་པོ་ལེགས་བྱས་ཏེ།། རྒྱན་རྣམས་རྫོགས་པའི་སངས་རྒྱས ་ནི། པདྨ་ཆུ་ཤེལ་ལས་སྐྱེས་པའི།། ཆུ་ཤེལ་མདོག་དང་འཛུམ་དང་བཅས།། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་བཞུགས།། ཀུ་ཤའི་སྟན་ལ་ཤར་དུ་འདུག། པདྨའི་ཕྱག་རྒྱ་བཅས་པ་ཡིས།། བྱམས་པའི ་སེམས་ཀྱིས་དབུལ་བར་བྱའོ། ། ནད་དང་རིམས་དང་འབྲུམ་བུ་དང་།། ཤུ་བ་གཡན་པ་མེ་དཔལ་དང་།། ནད་དང་གདོན་དང་ཐམས་ཅད་ཟློག། མཚམས་མེད་ལྔ་དང་མི་དགེ་ལྔ།། འབྲས་བུ་སྡུག ་བསྔལ་ཐམས་ཅད་ཟློག། མེའི་ལས་ཀྱི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྒྱལ་པོས་འཇིགས་པ་ཡི།། མཎྜལ་དཀར་པོ་ལེགས་བྱས་ལ།། ཙན་དན་དཀར་པོའི་དྲིས་བསྒོས་ཏེ། ་མཆོད་ཡོན་མེ་ཏོག་བཀང་བ་དང་།། ཅི་འབྱོར་པ་ཡི་མཆོད་པ་ཡིས།། རྒྱལ་པོ་ལྟ་བུའི་གཟུགས་ལ་མཆོད།། སྡིག་པ་ཐམས་ཅད་དེ་མདུན་དུ།། བཤགས་ནས་མྱུར་དུ་སྐྱབས་སུ་འགྲོ།། གྲོ་ག་དག ་གམ་ཤིན་ཤུལ་ལ། རྒྱལ་པོ་དག་གི་གཟུགས་བྱས་ཏེ།། ཡིག་འབྲུ་ལྔ་ཡིས་བཏབ་པ་ཡིས།། ཚོན་སྣ་ལྔ་ཡིས་རབ་ཏུ་བཅིང་།། བྱམས་པའི་སེམས་ཀྱིས་ཆུ་བོ་ལ།། བསྐུར་ན་རྒྱལ་པོའི ་ཆད་ལ་ཐར། ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཤོ་ན་ཧ་རི་མ་ཀ་ཏོ།། ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ།། གཅན་གཟན་འཇིགས་པ་འོང་བའི་ཚེ།། མཎྜལ་དཀར་པོ་ལེགས་བྱས་ལས་ལ།། མེ་ཏོག་དཀར་པོས་རབ་ཏུ་གཏོར་།། ་མཆོད་པ་ལྔ་ཡིས་རྒྱལ་པོ་མཆོད།། སྡིག་བཤགས་མྱུར་དུ་སྐྱབས་སུ་འགྲོ།། འབྲུ་སྣ་ལྔ་དང་རིན་ཆེན་ལྔ།། ཚོན་སྣ་ལྔ་ཡི་ཕུར་མ་ལས།། བྱས་པ་ལུས་ལ་བཏགས་པ་ལ།། གཅན་གཟན་སུ་འཇིགས ་ཐམས་ཅད་ལས། ། མྱུར་བ་ཉིད་དུ་གྲོལ་བར་འགྱུར།། ཆོམ་རྐུན་དག་གིས་འཇིགས་པ་ལ།། རྡོ་རྗེ་སྔོན་པོ་རྡོ་རྗེ་ཅན།། མཐིང་ནགས་གནོན་ཕྱག་རྒྱ་ཅན།། མཆོད་ནས་བདག་ཉིད་སྐྱབས་སུ་འགྲོ།། ཨོཾ ་ཨཀྵོ་བྷྱཿཏ་ཀ་ཀ་ར་ཎ་ག་ར་ཁ་ཏི་པ། སྭ་དྷི་ཙ་ཀྲི་ཏ་ཡ། རི་ཀ་ཙེ་ཙ་ཏྲ་ཏི་ནཱ་དུ་དནྟ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། སྦྲུལ་གྱི་གདུག་པས་འཇིགས་པ་ལ།། བལ་པོ་སེ་འུའི་ལཱུག་མ་ལ།། བྲམ་ཟེའི་གཟུགས་ཀྱི་རྒྱན ་བསྒོམས་ནས། ། རིན་ཆེན་འབྱུང་ལྡན་སྐུར་བསྒོམས་ཏེ།། སྤྱི་བོར་མུ་ཏིག་བྱུ་རུ་དང་།། མེ་ཤེལ་པདྨ་རཱ་ག་དང་།། ཨིནྡྲ་ནཱི་ལ་དུང་གཡས་འཁྱིལ།། གསེར་དང་དངུལ་དང་ངུར་བ་དང་།། རིན་ཆེན་རྒྱན་དང ་འབྲུ་སྣར་བཅས། ། ཀུ་ཤ་གླ་རྩི་ཙན་དན་དང་།། བལ་ལུ་སྐྱེར་པ་ཨུཏྤ་ལ།། གུར་གུམ་དྲི་ཞིམ་ལུས་བྱུགས་ལ།། ཨོཾ་རཏྣ་སཾ་བྷ་བ།། ས་ཏི་བི་ཤ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། ལྕེ་འབབ་པ་ཡི་འཇིགས ་པ་ལ། ། སྟག་དང་འབྲུག་གི་རུས་པ་ལ།། འཁར་བའི་ཕྱེ་མ་ལྕགས་ཕྱེ་དང་།། ཟངས་ཕྱེ་ར་གན་ཕྱེ་མ་དང་།། གསེར་གྱི་ཕྱེ་མ་གྲོ་བར་གཏུམ།། སྣང་བ་མཐའ་ཡས་སྐུར་བསྒོམས་ཏེ།། བྱམས་པས ་ཕྱོགས་མཚམས་ཀུན་ཏུ་བསྟན། ། དུག་རྣམས་སྣ་ཚོགས་དུད་པས་བདུགས།། ཨོཾ་ཨ་རྨི་ཏ་བཛྲ་ཛྭ་ལ་བཛྲ་ཛྭ་ལ། གརྫ་གརྫ། ས་ར་ས་ར། ཀ་ར་ཀ་ར་སྭཱ་ཧཱ། མེ་ཡི་འཇིགས་པ་དག་ལ་ནི།། འབྲུག ་རུས་སེན་ད་ཝ་ཤ་དང་། ། ཏལ་དང་སཱ་ལུ་ཙི་ཙེ་དང་།། ནས་དང་གྲོ་དང་རྒུན་འབྲུམ་གྱི།། ཐང་ཕྲོ་མ་དག་ལ་སྔགས་བཏབ་སྟེ།། མེ་ཡི་ཕྱོགས་སུ་གཏོར་བར་བྱ།། ཨོཾ་བཻ་རོ་ཙ་ན་པྲ་བྷ། ཛཱ་ལ་ཛྭ་ལ ་སར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། སྣུམ་པར་སྣང་མཛད་སྐུར་བསྒོམས་ལ།། མེ་ལ་གཏོར་ན་ས་ཡིས་གསོད།། ཆུ་བོ་དག་གིས་འཇིགས་པ་ལ།། མཛེ་ཅན་ཕོ་མོའི་ཐོད་པ་ཡི།། ར་དང་ཁྱི་དང་ཕག་གི་ཁྲག ་ས་བདག་སྡེ་བརྒྱད་གཟུགས་དང་བཅས། ། ནང་དུ་བཅུག་སྟེ་ཆུ་བོར་དོར།། དོན་ཡོད་གྲུབ་པའི་སྐུ་རུགས་ལ།། ཨོཾ་ཨ་མོ་གྷ་སིད་དྷི། ཨོཾ་ཀ་བཻ་ཏཱ་ར་ཎི་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། ཕྱག་སྟོང་སྤྱན་ཡང ་དེ་བཞིན་ཏེ། ། ཐུགས་རྗེ་ཆེན་པོའི་ཁ་དོག་ནི།། སོ་སོར་གསལ་ཞིང་བསྒོམས་པར་བྱ།། བྱམས་པ་ཀུན་ལ་རབ་ཏུ་བལྟ།། འཇིག་པ་ཀུན་ལས་གྲོལ་བར་འགྱུར།། འཇིགས་པ་ཀུན་སྲུང་བའི ་ལེའུ་སྟེ་དྲུག་པའོ། ། ། སྐུ་གདུང་མེ་ཏོག་དཀར་པོས་མཆོད།། ས་གཞི་དྲི་ཡིས་ཆག་ཆག་བཏབ།། སྙིང་པོ་གཟུངས་དང་བཅས་པ་འམ།། ཁྲུ་གང་ཚད་ཀྱི་མཆོད་རྟེན་ལ།། ལེགས ་པར་བསྟོད་ཅིང་མཆོད་པར་བགྱི། ། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།། ཐུགས་རྗེའི་གཟུགས་ཀྱི་རྟེན་དུ་ཤར།། རྫུ་འཕྲུལ་ཚད་མེད་བཞི་དང་ལྡན།། བྱང་ཆུབ་ཕྱོགས་ནི་ཡོངས་སུ ་རྫོགས། ། དྲི་མེད་དུང་འདྲ་དཀར་པོ་སྟེ།། རྒྱལ་ཆེན་བཞི་ཡང་དེ་བཞིན་ནོ།། བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི།། ཁྲི་འཕང་བཅུ་གསུམ་ཏོག་དང་ལྡན།། ལྷ་ཡི་རོལ་མོ་ཆར་དུ་འབབ།། ཆོས་སྒྲ་རྒྱུན་མི་འཆད ་པའི་གཏེར། ། རིན་ཆེན་ལྔ་ཡི་བདག་ཉིད་དེ།། ཕུར་བུས་གདབ་ཅིང་ཡོངས་སུ་གཟུང་།། སངས་རྒྱས་ཀུན་གྱི་བྱིན་རླབས་ཆེ།། དེ་ཡི་བསོད་ནམས་རབ་བསྟན་པ།། མཚམས་མེད་ལྔ་དང་མི་དགེ་བཅུ།། ཉོན ་མོངས་དབང་གྱུར་སྡིག་པ་རྣམས། ། སྐད་ཅིག་ཙམ་གྱིས་དག་པར་འགྱུར།། ཤིན་ཏུ་གཙང་བའི་གནས་དག་ནི།། བྱམས་ལྡན་སྙིང་རྗེ་ཅན་གྱིས་བྱས།། བྲམ་ཟེའི་རིགས་ལས་བྱུང་བ་ཡི།། འདྲི་མཁན་སྙིང་རྗེ ་ཅན་གྱིས་བྱས། ། རང་བསམ་རྣམ་པར་དག་པ་ཡིས།། མདུན་དུ་བདར་ཏེ་མཆོད་པར་བྱ།། ཚད་དང་ཁ་དོག་ཡོངས་གསལ་བ།། ཡིད་དུ་འོང་བ་དག་ལའོ།། ཟས་དང་ཡིད་དུ་འོང་བ་ཡི།། དཀར་གསུམ་སྤགས ་པ་སྤངས་པ་ཡི། ། ཤ་དང་སྒོག་པ་ལ་ཕུག་དང་།། ཟན་དང་ཆང་ནི་ཤིན་ཏུ་སྤངས།། ཤེལ་འཕྲེང་པདྨའི་སྙིང་པོ་དང་།། བོ་དྷི་ཙེ་དང་མུ་ཏིག་ཤིས།། གཡལ་དང་སྦྲིད་པ་མི་ཚིག་གིས།། ནམ་ཡང་ཆོད་པར་མི་བྱའོ།། ་ཡོ་བྱད་དམ་ཚིག་བསྟན་པའི་ལེའུ་སྟེ་བདུན་པའོ།། །། ལས་རྣམས་སྣ་ཚོགས་སྒྲུབ་བྱེད་པ།། པོ་ཏིའམ་ལུགས་མ་རས་རིས་ལ།། བརྟེན་ནས་བདག་ནི་བྱམས་སེམས་ལྡན།། མུཾ ་ལས་འཕགས་པ་འཇམ་དཔལ་ནི། ། དམར་གསེར་ཨུཏྤལ་པོ་ཏི་འཛིན།། མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས།། བུམ་པ་ཁ་དོག་སེར་པོ་ནི།། རིན་ཆེན་ལྔ་དང་འབྲུ་སྣར་བཅས།། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། ་དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིནྣེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། མན་ད་རེ། མི་ལི་མི་ལི། ཙི་ཏི་ཛྭ་ལ་མ་བ་ན་ཡ་སྭཱ་ཧཱ། ལན་བདུན་ཡོངས་སུ་བཟླས་བྱས་ན།། ག་ཏི་མུག་ཐམས་ཅད་ཞི་བར ་འགྱུར། ། ཤེས་རབ་ཆེན་པོ་ཐོབ་པར་འགྱུར།། རས་རིས་མཆོད་རྟེན་ལ་རྟེན་ནས།། མཎྜལ་དྲི་ཞིམ་མེ་ཏོག་དམར།། ཀ་ར་མངར་གསུམ་དག་དང་ནི།། འབྲས་དང་ཏིལ་དཀར་ཡུངས་དཀར་དང་།། པདྨའི་རྩ་བ་དཀར ་བོཔོ་ལ། ། རིལ་བུ་རྒྱ་ཤུག་འབྲུམ་བུ་ཙམ།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ནི།། ཧྲཱིཿལས་བྱུང་བའི་སྐུ་མདོག་དཀར།། ཕྱག་ན་པདྨ་མཆོད་སྦྱིན་མཛད།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། དདྱ་ཐཱ། ་ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རྦ་དྷཱ་རུ། ཨིནྡྲ་བནྡི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་མན་ད་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱཧཱ། རིལ་བུ་དག་ལ་སྔགས་བཏབ་སྟེ།། བྱམས་པའི་སེམས ་དང་ལྡན་པས་བཟའ། ། སྲིད་པའི་འདོད་ཆགས་ཞི་གྱུར་ནས།། རབ་ཏུ་བདེ་བ་ཐོབ་པར་འགྱུར།། མཎྜལ་སྔོན་པོ་ལེགས་བྱས་ནས།། ཨུཏྤལ་པོ་སྔོན་པོ་ནིམ་པ་དང་།། ཨ་ཀ་རུ་དང་ཙན་དན་དང་།། དྲི་ཡི་ཆུ་ཡིས ་བུམ་པ་དགང་། ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན།། སྐུ་མདོག་ལྗང་སྔོན་ཅུང་ཞིག་ཁྲོ།། རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། ཏདྱ་ཐཱ། ཨོཾ་དྷ་རདྷ་ར། དྷི་རི་ཏི་རི། དྷུ་རུ་དྲུ་རུ ་ཨིནྡྲ་བནྡེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་མནད་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་བ་ན་ལ་སྭཱཧཱ། བྷྲཱུཾ་བསྐྱེད་ཕྱག་ན་རྡོ་རྗེ་ནི།། བུམ་པའི་རྒྱུ་ཡིས་ཁྲུས་བྱས་ནས།། ཞེ་སྡང ་རབ་ཏུ་ཞི་ནས་ནི། ། བཟོད་པ་ཆེན་པོ་ཐོབ་པར་འགྱུར།། དུག་རབ་ཏུ་ཞི་བར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། ། རས་སམ་གྲོག་ཤིང་ཤུན་ལ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་པའོ།། སྲུང་བ་ལུས་ལ་གདགས་བྱས་ན།། ནད་དང་གདོན་དང་རིམས་དང་ནི།། འཇིགས་ཟའི་ནད་དང་གདོན་ལས་ཐར།། བདེ་བ་ཡོངས་སུ་རྫོགས ་པར་འགྱུར། ། སྐུད་པ་དག་ནི་དཀར་པོ་ལ།། མདུད་པ་དག་ནི་རབ་བྱས་ཏེ།། བདུན་ནམ་ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་ནི་ལེགས་བཟླས་ནས།། སྲུང་བའི་དམ་པ་འདི་བྱས་ན།། སྲུང་བ་ཡི་ནི་དམ་པ ་འདིས། ། སྲུང་བའི་མཆོག་ཏུ་འགྱུར་བའོ།། མུ་ཏིག་རིན་ཆེན་བྱུ་རུ་གསེར།། ག་པུར་གུར་ཀུམ་གླ་རྩི་དང་།། ཨ་ཀ་རུ་དང་དུ་རུ་ཀ། ཕུར་མ་སྙིང་ཁར་གདགས་པར་བྱ།། ཙན་དན་གླ་རྩི་གུར་ཀུམ་དང ་གུ་གུལ་ནག་པོ་བསྲེགས་པའི་ཕྱེ། ། བ་ཡི་འོ་མས་ལྡེ་གུ་བྱ།། གནས་གསུམ་དག་ཏུ་བྱུགས་པས་ནི།། གདོན་དང་ནད་ཀྱིས་འཇིགས་ཀུན་ལས།། བྱུགས་པས་དེ་ནི་སྲུང་བར་འགྱུར།། སྲུང་བའི ་འཁོར་ལོའི་ལེའུ་སྟེ་དགུ་པའོ། ། ། སེར་བ་ཡོངས་སུ་སྲུང་བ་ལ།། སེང་ལྡེང་ལྷང་ཏིའི་ཕུར་བུ་ལ།། གཟུངས་སྔགས་བཟླས་པ་དབུས་སུ་ནི།། ཧཱུཾ་ལས་བྱུང་བའི་སྐུ་བསྐྱེད་དོ།། ་ཕྱོགས་བཞིར་ཁྲོ་བོ་ཆེན་པོ་ནི།། ཤར་དུ་ཁམས་གསུམ་རྣམ་རྒྱལ་ནི།། སྐུ་མདོག་དཀར་པོ་མེ་དཔུང་འབར།། རྡོ་རྗེ་འཁོར་ལོ་སྡིགས་མཛུབ་མཛད།། ཨོཾ་པྲཛྙཱནྟ་ཀྲྀཏ་ཧ་ན་ཧ་ན་ཧཱུཾ་ཕཊ།། ལྷོ་རུ་གཤིན་རྗེ ་གཤེད་པོ་ནི། ། དམར་པོ་ལ་ག་ན་བེ་ཅོན་འཛིན།། ཨོཾ་ཡ་མཱནྟ་ཀྲྀཏ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་ཏུ་རྟ་མགྲིན་དམར་པོ་ནི།། མེ་དཔུང་རྡོ་རྗེ་དབྱུག་པ་འཛིན།། ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བྱང་དུ་ཁྲོ་གཉེར་ཅན ་སྐུ་ནི། ། ལྗང་སྔོན་རལ་གྲི་འཛིན་པ་སྟེ།། ཨོཾ་ཨ་མོ་གྷ་ཀ་བྷྲྀ་ཀུ་ཏི་བན་དྷ་བན་དྷ་ཧཱུཾ་ཕཊ། ཕྱོགས་བཞིར་ཕུར་བུ་དག་ལ་ནི།། བདུན་ནམ་ཉི་ཤུ་རྩ་གཅིག་བཟླས།། གཅན་གཟན་དྲི་མ་ཡུངས་ཀར་བསྲེས།། ་གསང་སྔགས་བཟླས་ཤིང་མཁའ་ལ་གཏོར།། ཨོཾ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན་ཧཱུཾ་ཕཊ། སེར་བ་སྲུང་བའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་བཅོམ ་ལྡན་འདས་ཀྱིས་འོད་ཟེར་རབ་ཏུ་བཀྱེ་སྟེ། ། ཕྱག་སྟོང་དང་སྤྱན་སྟོང་ལས་འོད་ཟེར་འབྱུང་བ་འདི་ལྟ་སྟེ།། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་ཁུ་དང་། སེར་པོ་སྟེ། འོད་ཟེར་དེ་དག་གིས ་འགྲོ་བ་རིས་དྲུག་པོ་དེ་དག་ཐམས་ཅད་ལ་ཁྱབ་སྟེ་དབུགས་དབྱུང་བ་མཛད་དོ། ། དེ་ནས་རྒྱ་ཆེན་བཞི་དང་།། སུམ་ཅུ་རྩ་གསུམ་དང་། འཐུབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན ་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པ་ཀུན་འཁོར་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆེན་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང ་ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། ་འོག་མིན་ལ་སོགས་པའི་ལྷ་དེ་དག་གིས་མཆོད་པའི་སྤྲིན་གྱི་ཆར་ཕབ་ནས། ལྷའི་བུས་ཚིགས་སུ་བཅད་པས་བསྟོད་པ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ།། ཕྱག་སྟོང་ཉོན་མོངས་གྲོལ་བའི་ཕྱག ་སྤྱན་སྟོང་ཤེས་རབ་འོད་གསལ་ཏེ། ། འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས།། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྐུ་དེ་མི་སྣང་བར་འགྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ ་པར་གྱུར་ཏོ། ། དེ་ནས་ལྷའི་བུས་གསོལ་པ། འདི་ལ་ཕན་ཡོན་ཅི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་རྒྱུད་འདི་ཡིད་བྱེད་ན། ནད་དང་རིམས་དང་གདོན་དང་ནི།། ་རྒྱལ་པོ་གཅན་གཟན་འཇིགས་པ་དང་། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། མཚམས་མེད་སྡིག་པ་མི་དགེ་ཀུན།། རབ་ཏུ་ཞི་བར་བྱེད་པར་འགྱུར། ་དམྱལ་བ་ངན་སོང་སྡུག་བསྔལ་དང་།། མི་ཁོམ་བརྒྱད་ལས་རྣམ་གྲོལ་ཏེ།། ཉན་དང་འཆད་དང་སྒོམ་པར་འགྱུར།། དྲི་མེད་ནམ་མཁའ་དཀྱིལ་ལྟ་བུར།། བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།། ཞེས ་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས། ལེགས་སོ། ་ལེགས་སོ་ཞེས་བྱ་བ་གསུངས་ནས་སྟན་ལ་འཁོད་དོ།། བྱང་ཆུབ་སེམས་དཔའ་འབུམ་ཕྲག་ལྔ་སྟོང་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་བསྟོད་དོ། ། པདྨ་ཅོད་པན་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཅིག་པ་རྫོགས་སོ།། ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང་། ལོ་ཙ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་