CLOSE WINDOW

S644: byang chub sems dpa' 'phags pa spyan ras gzigs dbang phyug lag pa stong dang mig stong dang ldan pa'i cho ga zhib mo
Wyliee-texts produced with BDRC’s OCR application

ལུགས་པ་བན་དྷེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས ་ཤཱཀྱ་ཐུབ་པ་རི་གྲུ་འཛིན་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ན་བཞུགས་ཤིང་། བཅོམ་ལྡན་འདས་རིན་པོ་ཆེའི་སྲང ་གེའི་ཁྲི་ལ་བཞུགས་ཏེ། ཁྲི་དེ་ནི་རིན་པོ་ཆེའི་མཆོག་སྣ་ཚོགས་རློ་མས་སྤྲས་པ། རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་རྣམས་ཀྱིས་ཡོངས་སུ་བརྩེགས་པ། ལྷའི་བ་དན་སྦྱངས་པ་སྟེ། དེའི ་ཚེ་སངས་རྒྱས་བཅོམ་ལྡན་འདས་སེང་གེའི་ཁྲི་ཉིད་ལ་བཞུགས་ནས་འདི་སྙམ་དགོངས་ཏེ། ངས་བྱང་ཆུབ་སེམས་དཔའ་ཐམས་ཅད་འཛིན་པའི་གཟུངས་བཤད་གོར་མ་ཆག་སྙམ་དུ ་དགོངས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུ་མ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རིན་པོ་ཆེའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་པདྨའི་སྤྱན་དང་། བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང ་བོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱི་བོ་ནས་དབང་བསྐུར་བ། ཆོས་ཀྱི་རྒྱལ་པོ་ཆེན་པོ་རྣམ ་ཐོས་ཀྱི་སྲས་ཤ་སྟག་དང་ཐབས་ཅིག་གོ། ། འོད་སྲུངས་ཆེན་པོ་ལ་སོགས་པ་གང་དག་གིས་ཉན་ཐོས་དག་གིས་ས་བཅུ་སྤྱད་པར་གྱུར་པ། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ། གྲངས་མེད་པ་དང་། ་ཚངས་པ་དུང་ལ་སོགས་པ་ཚངས་རིག་ཀྱི་ལྷའི་བུ་དུ་མ་དང་། ལྷའི་བུས་འཚོ་ལ་སོགས་པ་ལྷའི་བུ་དུ་མ་དང་། རྒྱལ་པོ་ཆེན་པོ་བཞི་འཕགས་སྐྱེས་པོ་ལ་སོགས་པ་དུ་མ་དང་། ལྷ་དང་། ཀླུ་དང ་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དུ་མ་དང་། ཀླུའི་རྒྱལ་པོ་ནུས་པའི་དྲ་བ་ལ་སོགས་པ་ཀླུ ་རྒྱལ་པོ་དུ་མ་དང་། ལྷའི་བུ་མོ་གཞོན་ནུའི་མིག་ལ་སོགས་པ་འདོད་པ་ན་སྤྱོད་པའི་ལྷ་དུམ་དང་། དགོན་པའི་ལྷ་དུ་མ་དང་ཡང་ཐབས་ཅིག་གོ།། འབབ་ཆུ་དང་། མཚོ་དང་། མཚོ་བྲན་དང་། ཁྲོན་པདང ་ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། སྨན་དང་། རྩཝ་དང་། ཤིང་གལ་བ་དང་། ནགས་ཚལ་དང་། ནགས་ཁྲོད་དང་། གཙུག་ལག་ཁང་དང་། ཁྱིམ་དང་། ཆུ་དང་། མེ་དང ་རྡུལ་གྱི་རི་དང་། ས་དང་། རྒྱལ་པོའི་ཁབ་དང་། མཆོད་རྟེན་དང་། དྲི་གཙང་ཁང་ལ་སོགས་པ་ན་གནས་པའི་ལྷ་ཐམས་ཅད་ཀྱང་དེར་འདུས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་འཁོར་ཆེན་པོ་དེའི་ནང་ན་འདུག་པས། རྫུ་འཕྲུལ་མངོན་པར་ཤེས་པའི་འོད་ཟེར་རྣམས་ཀྱིས་མཚོར་བར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ཁྱབ་པར་སྣང་བར་བྱས་ཤིང ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་གསེར་གྱི་ཁ་དོག་ལྟ་བུར་བྱས་སོ། ། ལྷ་དང་། ཀླུ་ཐམས་ཅད་དང་། ལྷ་མཆོག་ཐམས་ཅད་ཀྱི་ཁང་པ་དག་ཀྱང་ཁྲོལ་ཞེས་གཡོས་སོ།། ་ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། རྒྱ་མཚོ་ཆེན་པོ་དང་། རི་ཁོར་ཡུག་དང་། རི་བོ་རི་རབ་དང་། རྡུལ་གྱི་རི་དྲང་། རི་ནག་པོ་ཐམས་ཅད་ཀྱང་ཤིན་ཏུ་གཡོས་སོ།། ཟླ་བ་དང ་ཉི་མ་དང་། རིན་པོ་ཆེ་དང་། མེ་དང་། གཟའ་དང་། རྒྱུ་སྐར་གྱི་འོད་ཀྱང་མོག་པོར་བྱས་སོ།། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ལྟས་རྨད་དུ་བྱུང་བ་དེ་མཐོང་ནས། ལྟས ་སྔོན་མ་མཐོང་བ་ལ་ཐེ་ཚོམ་སྐྱེས་ཏེ། དེ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ཏེ། རྫུ་འཕྲུལ་མངོན་པར་ཤེས་པའི་ལྟས་འདི་སྲས་བགྱིས་ཞེས། སངས་རྒྱས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་ཞུས ་པ། དེང་སུ་བྱང་ཆུབ་ཡང་དག་མཐར་ཐུག་གྱུར།། ཐམས་ཅད་ལྡན་པའི་འོད་ཟེར་སུ་ཡིས་བཏང་།། འཇིག་རྟེན་མགོན་པོ་ཅི་སླད་ཕྱོགས་བཅུ་ཡི།། ཞིང་རྣམས་གསེར་མཆོག་འདྲ་བར་གནས་པར་གྱུར།། ་སྟོང་གསུམ་འདི་ནི་ཅི་སླད་ཚིག་པ་འདྲ།། དེང་འདིར་སུ་ཞིག་གིས་ནི་དབང་ཐོབ་ལགས།། སྔོན་ཆད་མ་བྱུང་རྫུ་འཕྲུལ་སྟོབས་སུས་བསྟན།། སུ་ཡིས་འདིར་ནི་ཞིང་རྣམས་གཡོས་པར་བགྱིས།། ཅི་སླད་ལྷ་དང ་ཀླུ་རྣམས་ཁྱིམ་འཁྲུགས་ཤིང་། ། གཞལ་མེད་ཁང་མཆོག་དག་ཀྱང་རབ་འགུལ་དང་།། ཐམས་ཅད་སྐྲག་ནས་རྣམ་པར་བལྟ་ཞིང་མཆིས།། ཅི་ཡི་སླད་དུ་སྟོང་གསུམ་གཡོས་པ་དང་།། གང་གིས ་འཁོར་འདིར་ཐེ་ཚོམ་སྐྱེས་གྱུར་དེའི། ། རྒྱུ་དང་སུ་ཡི་མཐུ་ལགས་མ་འཚལ་ན།། ཅི་སླད་རྫུ་འཕྲུལ་མངོན་ཤེས་བསྟན་བགྱིས་པ།། རྒྱལ་བ་བྱམས་པའི་ཐུགས་ཅན་བཀའ་སྩལ་གསོལ།། བཅོམ ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་ཁྱོད་ལ་སོགས་པ་འདི་ལྟར་ཤེས་པར་གྱིས་ཤིག། ད་ལྟར་འཁོར་གྱི་དཀྱིལ་འཁོར་འདི་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཞིག་ཡོད་དེ། འདི་ནི་བསྐལ་པ་དུ་མ་ནས་འགྲོ་བའི་དོན་མཐར་ཕྱིན་པ། བྱམས་པ་དང་། སྙིང་རྗེ་དང་། ་ཐབས་ལ་མཁས་པ་བསྒོམས་པས་སྒྲུབ་པ་དང་གཟུངས་ཀྱི་སྒོ་རྣམས་ལ་ནུས་པ་དང་ལྡན་པ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཞི་བ་དང་བདེ་བར་འདོད་པས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་འདི་ཕྱུང་ངོ་།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟན་ལས་ལངས་ཏེ་གོས་ལེགས་པར་བགོས་ནས། སངས ་རྒྱས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ལ་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་གསང་སྔགས་སྙིང་ལྟར་བཟུང་བ་མཆིས་ཏེ། སེམས ་ཅན་གྱི་ཁམས་ཐམས་ཅད་ཀྱིས་ཕན་པ་དང་བདེ་བ་ཐོབ་པར་བགྱི་བ་དང་། སྡིག་པའི་ལས་ཐམས་ཅད་དང་། ལས་ལྕི་བ་རྣམས་འབྱུང་བར་བགྱི་བ་དང་། བགེགས་དང་མི་ཁོམ་པ་རྣམས་ཡོངས་སུ ་སྤང་བར་བགྱི་བ་དང་། དགེ་བའི་ཕྱོགས་བསོད་ནམས་ཐམས་ཅད་འཕེལ་བར་བགྱི་བ་དང་། དགེ་བའི་རྩ་བའི་ས་བོན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། འཇིགས་པ་དང་གནོད་པ་ཐམ ་ཅད་ཡོངས་སུ་སྤང་བ་དང་། མཆོག་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བདག་དདེ་བརྗོད་པར་འཚལ་ན། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་ཐུགས་རྗེས ་བདག་ལ་ངེས་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྵེ་རིགས་ཀྱི་བུ་ཤིན་ཏུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར ་གསང་སྔགས་གང་བརྗོད་པར་འདོད་པ་འདི་ད་ལྟར་ལེགས་པར་ཁྱོད་ཀྱི་དུས་ལ་བབ་ཀྱིས་མྱུར་དུ་སྨྲོས་ཤིག། སངས་རྒྱས་བཅོམ་ལྡན་འདས་དང་། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་རྗེས ་སུ་ཐུགས་རང་ངོ་། ། སངས་རྒྱས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་དྲན་པ ་བསྐལ་པ་དུ་མ་འདས་པར་གྱུར་པ་ན། འདིར་སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་སྟོང་གི་རྒྱལ་པོ་དག་པར་གནས་པ་ཞེས་བགྱི་བ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་འགྲོ་བའི་བླ་མ་དེས་བདག་ལ ་བྱམས་པས་དྲན་པར་བགྱི་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བགྱི་བའི་སླད་དུ་ཐུགས་རྗེ་ཆེན་པོས་སྙིང་ལྟ་བུ་འདི་ཡོངས་སུ་རྫོགས་པ་དང་། མི་བཟློག་པ་དང་། རྒྱས་པར་བཤད་དེ། གསེར ་གྱི་ཁ་དོག་ལྟ་བུའི་ཕྱག་བདག་གི་མགོ་ལ་བཞག་ནས་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་མ་བོངས་པའི་སྡིག་པ་ཅན་གྱི་དུས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཆེན་པོ་བྱ་བའི་ཕྱིར། སྙིང ་ལྟ་བུའི་གསང་སྔགས་འདི་ཟུང་ཞིག་ཅེས་བཀའ་སྩལ་ཏོ། ། བདག་ནི་དེའི་ཚེ་ཐོག་མ་ཉིད་དུས་དང་པོ་ལ་གནས་པར་གྱུར་ཏོ།། འདི་ལྟར་བདག་གིས་གསང་སྔགས་འདི་ལན་ཅིག་ཐོས་པས་དེ་ཉིད་ན་གནས ་བཞིན་དུ་ས་བརྒྱད་པ་ངེས་པར་རྟོགས་པར་གྱུར་ཏོ། ། བདག་གིས་དེའི་ཚེ་སྙིང་ལ་བབ་པ་དང་། དགའ་བ་དང་། ཡིད་བདེ་བ་ཐོབ་ནས། དེ་ཉིད་དུ་བདག་གིས་སྨོན་ལམ་འདི་སྐད་བཏབ་སྟེ། འདི་ལྟར ་བདག་གིས་མ་འོངས་པའི་དུས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ཞི་བར་བགྱིད་ནུས་པར་འགྱུར་ཞེ་ན། ད་ངེས་པར་བདག་གི་ལུས་ལ་ལག་པ་སྟོང་དང་མིག་སྟོང་ཡོངས་སུ་རྫོགས་པར ་གྱུར་ཅིག་ཅེས་བགྱིས་པ་དང་། སྨོན་ལམ་དེ་སྐད་བཏབ་མ་ཐག་ཏུ་དེ་ཉིད་ན་མཆིས་བཞིན་དུ། ལག་པ་སྟོང་དང་མིག་སྟོང་ཡོངས་སུ་རྫོགས་པར་གྱུར་ཏོ།། ཕྱོགས་བཅུ་དག་ཏུས་ཆེན་པོའང་རྣམ་པ་དྲུག་ཏུ ་གཡོས་སོ། ། ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་འོད་ཟེར་སྟོང་སྟོང་བདག་གི་སྟེང་དུ་བཀྱེ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་གྱུར་ཏོ།། དེ་སླན ་ཚཆད་སངས་རྒྱས་བཅོམ་ལྡན་འདས་དུ་མའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་དང་ཡང་དུ་རྙེད་ཅིང་ཐོས་ཏེ། དེ་དག་གི་སྤྱན་སྔར་གཟུངས་སྔགས་འདི་བཟུང་ངོ་།། ཡང་དགའ་བ་དང་མགུ་བ་དུ་མ་སྐྱེས་པར་གྱུར ་བདག་གིས་བསྐལ་པ་དུ་མར་སྐྱེ་བ་དང་འཆི་བ་ངེས་པར་རྟོགས་པར་ཕྱི་མོ་ཐོབ་པར་གྱུར་ཏོ། ། དེ་སླན་ཆད་རྟག་ཏུ་བརྗོད་ཅིང་བཟུང་སྟེ་བསྐྱེད་པར་མ་གྱུར་ཏོ།། གཟུངས་སྔགས་འདི་བཟུང་བའི་དོན་བདག་གང ་དང་གང་དུ་སྐྱེས་པར་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་པདྨ་ལས་རྫུས་ཏེ་སྐྱེས་ནས། མའི་མངལ་དུ་སྐྱེ་བ་བཟུང་བར་མ་གྱུར་ཏོ།། དགེ་སློང་ངམ། དགེ་སློང་མ་འམ། ་དགེ་བསྙེན་ནམ། དགེ་བསྙེན་མའམ། ཁྱེའུ་འམ། བུ་མོ་གང་ལ་ལ་ཞིག་བརྗོད་ཅིང་འཛིན་པར་འཚལ་བ་དེས། སེམས་ཅན་ཐམས་ཅད་ལ་བྱམས་པའི་བསམ་པ་དང་། སྙིང་རྗེའི་བསམ་པའི་སེམས་བསྐྱེད ་པར་བགྱིའོ། ། ཐོག་མར་བདག་བརྗོད་པའི་འོག་ཏུ་སྨོན་ལམ་ཆེན་པོ་འདི་སྐད་གདབ་པར་བགྱི་སྟེ། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་ངེས་པར་ཤེས་རབ་ཆེན་པོའི ་མིང་ཐོབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་ངེས་པར་སེམས་ཅན་ཡོངས་སུ་སྐྱོབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག ་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། ། བདག་ངེས་པར་མྱུར་དུ་ཐབས་ལ་མཁས་པ་ཐོབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་ངེས་པར་ཤེས་རབ ་ཀྱི་གྲུར་ཞུགས་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་ངེས་པར་མྱུར་དུ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྒལ་བར་གྱུར་ཅིག། བཙུན་པ་སྤྱན་རས ་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། ། བདག་ཚུལ་ཁྲིམས་ཀྱི་རྐང་པ་དང་ལྡན་ཞིང་ལམ་མྱུར་དུ་ཐོབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན ་ཁྱོད་ལ་ཕྱག་འཚལ་ལོ། ། བདག་ངེས་པར་མྱུར་དུ་མྱ་ངན་ལས་འདས་པའི་རི་ལ་འཛེག་པར་གྱུར་ཅིག། བདུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་ངེས་པར་མྱུར་འ ་དུས་མ་བྱས་ཀྱི་ཁྱིམ་དུ་འཇུག་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་མྱུར་དུ་ཆོས་ཀྱི་སྐུ་དང་གཅིག་ཏུ་གྱུར་ཅིག། གང་གི་ཚེ་བདག་རལ་གྲིའི་རི་དེ་ལ ་འགྲོ་བ་ན། རལ་གྲིའི་རི་དེ་བསྙིལ་ཞིང་ཞིག་པར་གྱུར་ཅིག། གང་གི་ཚེ་བདག་མ་མ་མུར་གྱི་ནང་དུ་འགྲོ་བ་ན། མེ་མ་མུར་དེ་རང་མེད་པར་གྱུར་ཅིག། གང་གི་ཚེ་བདག་སེམས་ཅན་དམྱལ་བའི་ལམ་དུ་འགྲོ་བ་ན ་སེམས་ཅན་དམྱལ་བ་རྣམས་རང་བཞིན་གྱིས་སྟོངས་པར་གྱུར་ཅིག། གང་གི་ཚེ་བདག་གཤིན་རྡོའི་འཇིག་རྟེན་དུ་འགྲོ་བ་ན། ཡི་དགས་རྣམས་རང་ཚིམ་པར་གྱུར་ཅིག། གང་གི་ཚེ་བདག་ལྷ་མ་ཡིན་གྱི་གནས ་སུ་འགྲོ་བ་ན། དེ་དག་གི་སེམས་རང་དུལ་བར་གྱུར་ཅིག། གང་གི་ཚེ་བདག་དུད་འགྲོ་རྣམས་སུ་འགྲོ་བ་ན། དེ་དག་ཡེ་ཤེས་ཆེན་པོའི་དེ་ཁོ་ན་རང་ཐོབ་པར་གྱུར་ཅིག། ཅེས་དེ་ལྟར་སྨོན་ལམ་དེ་སྐད་བཏང་ནས། ་ད་པ་དང་ལྡན་ཞིང་སེམས་ཀྱིས་དྲན་པར་བགྱིས་ལ་བདག་གི་མིང་བརྗོད་པར་བགྱིའོ།། དེ་ནས་ཡང་བདག་གི་སློབ་དཔོན་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་རྟག་ཏུ་དྲན་པར་བགྱིའོ།། དེ་ནས ་གསང་སྔགས་འདི་བརྗོད་པར་རིགས་སོ། ། ནུབ་གཅིག་ལ་འདི་ལན་ལྔ་བརྗོད་ན་བདག་ཉིད་ཀྱི་སྐྱེ་བ་དང་འཆི་བ་བསགས་པའི་ལས་ལྕི་བ་སྟོང་ཕྲག་བརྒྱ་དང་། བྱེ་བ་སྟོང་ཕྲག་བཅུ་བསགས་པ་རྣམས་སྤོང་བར་འགྱུར། ་བྱང་བར་འགྱུར་རོ།། ཡང་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ལྷ་དང་མི་ཐམས་ཅད་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་སྔགས་གཞི་འདི་ཇི་ལྟ་བ ་བཞིན་དུ་བརྗོད་ཅིང་འཛིན་ན། གལ་ཏེ་དེ་དག་འགུམ་པའི་དུས་ཀྱི་ཚེ་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་དེའི་སྟེང་དུ་ཕྱག་རྐྱོང་ཞིང་འདི་སྐད་ཅེས་ཁྱོད་གང་དུ་སྐྱེ་བར་འདོད། གང་དང་གང ་དུ་སྨོན་ལམ་བཏབ་པ་དེར་སོང་ཞིག་ཅེས་གསུང་ངོ་། ། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་མི་འམ་མི་མ་ལགས་པ་གང་ཞིག་སྙིང་རྗེ་ཆེན་པོའི་རང་བཞིན་གྱི ་གསང་སྔགས་འདི་བརྗོད་ཅིང་འཛིན་ལ། དེ་གལ་ཏེ་ངན་སོང་གསུམ་དུ་ལྷུང་བར་གྱུར་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག། ་གང་ཞིག་གིས་གསང་སྔགས་འདི་བརྗོད་ཅིང་བཟུང་ལ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་མ་ཐོབ་ན་བདག་སངས་རྒྱས་སུ་མ་གྱུར་ཅིག། ཡང་སུ་ཞིག་གིས་གསང ་སྔགས་འདི་བརྗོད་ཅིང་བཟུང་ལ། དེས་ཏིང་ངེ་འཛིན་དང་སོ་སོ་ཡང་དག་པར་རིག་པ་དུ་མ་མ་ཐོབ་ན་བདག་སངས་རྒྱས་སུ་མ་གྱུར་ཅིག། ཡང་སུ་ཞིག་གིས་གསང་སྔགས་འདི་བརྗོད་ཅིང་བཟུང་ལ། ཚེ་གཅིག ་གིས་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་མ་རྫོགས་ན། འདི་སྙིང་རྗེ་ཆེན་པོའི་རིང་བཞིན་གྱི་སྙིང་པོ་ཞེས་བགྱི་བའི་མིང་ཐོབ་པར་མི་འགྱུར་རོ།། སུ་སྡིག་པ་བགྱིང་པ་དང་མ་དང་པ་ནི་མ་གཏོགས་སོ།། ་བུང་མེད་སུ་ཞིག་བུད་མེད་ཀྱི་ཆོས་ལ་མིང་བྱུང་ནས། བདག་སྐྱེས་པར་གྱུར་ཅིག་ཅེས་འཚལ་ཏེ།། སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་སྔགས་པ་ནི་འདི་བརྗོད་ཅིང་བཟུང་ལ། དེ་བུད་མེད་ཀྱི་ལུས ་ལས་མ་གྱུར་ཅིང་། སྐྱེས་པའི་ལུས་མ་ཐོབ་ན་བདག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག། གལ་ཏེ་འཛིན་པར་བགྱིད་པས་དེ་ལ་ཐེ་ཚོམ་ཅུང་ཟད་ཙམ་ཞིག་བགྱིས་ན། གདོན་མི ་འཚལ་བར་ཡིད་ལ་བསམ་པ་བཞིན་དུ་མི་འགྲུབ་བོ། ། གང་གིས་དགེ་འདུན་གྱི་བཟའ་བ་དང་། ཐུག་པ་དང་། ནོར་དང་བབྲུ་ཕྲོགས་སམ། ཆུང་གསན་ཏེ། གང་ལ་སངས་རྒྱས་སྟོང ་གིས་བཤགས་སུ་གནང་བས་བཤགས་སུ་ལགས་ཀྱང་བཤགས་པར་མ་གྱུར་ལ། གལ་ཏེ་གསང་སྔགས་འདི་བརྗོད་ཀྱིས། སྡིག་པ་ཐམས་ཅད་འབྱུང་བར་མ་གྱུར་ན། དེའི་སླང་དུ་དགེ་འདུན ་གྱི་རྫས་ཅི་སྤྱད་པ་དང་། ཆུད་གསན་པ་དང་། ཕྲོགས་པ་དེས་ཕྱོགས་བཅུ་དག་ན་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་སོ་སོའི་མདུན་དུ་མཆིས་ལ་བཤགས་ན། དེའི་ཚེ་དེའི་བཤགས་པར་འགྱུར་རོ།། གལ ་ཏེ་དེ་ལྟར་གསང་སྔགས་འདི་བརྗོད་པར་གྱུར་ན། ཕྱོགས་བཅུ་དག་ཏུ་གཏོགས་པའི་རབ་ཏུ་བྱུང་བའི་འདུས་པ་རྣམས་དེ་ལ་དབང་ཡིན་ནོ་ཞེས་སྨྲ་ཞིང་ལས་ཐམས་ཅད་ཀྱང་བཤགས་པར་ཆུད་པར་འགྱུར་རོ།། ་སྡིག་པ་བཅུ་པོ་ཐམས་ཅད་དང་། མཚམས་མེད་པ་ལྔ་དང་། འཕགས་པའི་གང་ཟག་རྣམས་ལ་མི་སྙན་པ་བརྗོད་པ་དང་། དམ་པའི་ཆོས་སྤོང་བ་དང་། དུས་མ་ལགས་པར་ཟས་འཚལ་བ་དང་། ་བསླབ་པ་ཉམས་པ་དང་། མཆོད་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། དགེ་འདུན་གྱི་རྫས་ཆུད་གཟོན་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་གནས་པའི་སེམས་ཅན ་རྣམས་ཀྱི་ཚུལ་ཁྲིམས་ཉམས་པར་བགྱིད་པ་དང་། དེ་ལ་སོགས་པའི་སྡིག་པའི་ལས་ཤིན་ཏུ་ལྕི་བ་ཐམས་ཅད་དང་། སྡིག་པ་ཐམས་ཅད་མ་ལུས་པར་འབྱུང་བར་འགྱུར་རོ།། གང་ཐེ་ཚོམ་འཚལ་བ་ནི ་མ་གཏོགས་ཏེ། དེའི་སྡིག་པ་ཆུང་ངུ་དང་། ལས་ཡང་བའང་འབྱང་བར་མི་འགྱུར་ན། ཤིན་ཏུ་ལྕི་བ་ལྟ་སྨོས་ཀྱང་ཅི་འཚལ། སྡིག་པའི་ལས་ཤིན་ཏུ་ལྕི་བ་རྣམས་བྱང་བར་མ་གྱུར་ཏུ་ལགས་ཀྱང་། ་ཡུན་རིང་མོ་ཞིག་ན་སངས་རྒྱས་ཀྱི་རྒྱུར་འགྱུར་བར་བགྱིད་ནུས་པར་འགྱུར་རོ།། ཡང་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་གལ་ཏེ་མིའམ་མི་མ་ལགས་པ་ཞིག་གིས་སྙིང་རྗེ་ཆེན་པོའི ་རང་བཞིན་གྱི་སྙིང་པོ་འདི་བརྗོད་པར་གྱུར་ན། དེ་སྐྱེ་བ་བཟང་པོ་རྣམ་པ་བཅོ་ལྔ་ཐོབ་པར་འགྱུར་རོ།། གཤིས་ངན་དུ་འགུམ་པ་རྣམ་པ་བཅོ་ལྔ་ནི་མྱོང་བར་མི་འགྱུར་ཏེ། བཅོ་ལྔ་གང་ཞེ་ན། དང་པོ་ནི་གང ་ལྟོགས་པས་སྡུག་བསྔལ་ཏེ་འགུམ་པར་མི་བསྐུར་བའོ། ། གཉིས་པ་ནི་གང་ཆད་པ་ངན་པས་བཅད་པའི་ཚོར་བས་ཉམ་ཐག་པའི་གནོད་པ་དག་གིས་འགུམ་པར་མི་འགྱུར་བའོ།། གསུམ་པ་ནི་དགྲ་དང་། ་ཁན་མཆིས་པོ་དང་། ཕྱིར་ཟློག་པ་རྣམས་ཀྱི་དུག་དང་། མཚོན་གྱིས་འགུམ་པར་མི་བསྐུར་བའོ།། བཞི་པ་ནི་གང་དམག་གི་གསུལ་བབྱེད་པར་ཞུགས་པའི་ཚེ་འགྲམ་པར་མི་འགྱུར་བའོ།། རྫ་ན ་གང་སྟག་དང་སྤྱང་ཀི་ལ་སོགས་པ་གཅན་གཟན་མ་རུངས་པ་རྣམས་ཀྱིས་གསད་པས་འགུམ་པར་མི་འགྱུར་བའོ། ། དྲུག་པ་ནི་གང་སྦྲུལ་གདུག་པ་དང་། རྩངས་པ་དང་། སྲོག་ཆགས་ཨུ་ཙི་ལིང་གས་ཟིན་ནས ་འགུམ་པར་མི་འགྱུར་བའོ། ། བདུན་པ་ནི་གང་མེ་དང་ཆུས་འགུམ་པར་མི་འགྱུར་བའོ།། བརྒྱད་པ་ནི་གང་དྲུག་ཏུ་འགྱུར་འཚལ་བས་འགུམ་པར་མི་འགྱུར་བའོ།། དགུ་པ་ནི་གང་སྲོག་ཆགས་སྣ་ཚོགས་ཀྱི་དུག་གིས ་འགུམ་པར་མི་འགྱུར་བའོ། ། བཅུ་པ་ནི་གང་རྨོངས་པ་དང་། རྣམ་པར་གཡེངས་པ་དང་། བརྗེད་པ་དང་། ཉལ་བས་འགུམ་པར་མི་འགྱུར་བའོ།། བཅུ་གཅིག་པ་ནི་གང་རི་དང་། ཤིང་དང་། གཡང ་ས་དང་། གད་བ་ལས་ལྷུང་བས་འགུམ་པར་མི་འགྱུར་བའོ།། བཅུ་གཉིས་པ་ནི་གང་བྱད་ཀྱིས་འགུམ་པར་མི་འགྱུར་བའོ།། བཅུ་གསུམ་པ་ནི་གང་དག་ལྷ་གཡོན་ཅན་རྣམས་དང་། འབྱུང་པོ་སྡིག་པ་ཅན ་རྣམས་ཀྱིས་གླགས་བལྟས་པས་འགུམ་པར་མི་འགྱུར་བའོ། ། བཅུ་བཞི་པ་ནི་གང་གསོར་མི་རུང་བའི་ནད་རྣམས་ཀྱིས་བཏབ་ནས་འགུམ་པར་མི་འགྱུར་བའོ།། བཅོ་ལྔ་པ་ནི་གང་བདག་ལ་བདག་གསོད་པས་འགུམ ་པར་མི་འགྱུར་བ་སྟེ། གང་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་ཏེ། གང་སྙིང་རྗེ་ཆེན་པོའི་རིང་བཞིན་གྱི་སྙིང་པོ་འདི་བརྗོད་ཅིང་འཛིན་པ་དེ་ལ། གཤིས་ངན་དུ་འགུམ་པ་རྣམ་པ་བཅོ་ལྔ་འབྱུང་བར་མི་འགྱུར་རོ།། ་བ་བཟང་པོ་རྣམ་པ་བཅོ་ལྔའང་ཐོབ་པར་འགྱུར་ཏེ། དང་པོ་ནི་གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་ཆོས་དང་མཐུན་པའི་རྒྱལ་པོ་རྣམས་དང་ཕྲང་བར་འགྱུར་བའོ།། གཉིས་པ་ནི་གང་འི་ཕགས་པའི་ཡུལ་དུ་སྐྱེ་བ་ཐོབ ་པར་འགྱུར་བའོ། ། གསུམ་པ་ནི་དུས་བཟང་པོ་དང་ཕྲད་པར་འགྱུར་བའོ།། བཞི་པ་ནི་གང་རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་ཕྲད་པར་འགྱུར་བའོ།། ལྔ་པ་ནི་གང ་དབང་པོ་མཐའ་དག་ཚང་བའི་ལུས་འཐོབ་པར་འགྱུར་བའོ། ། དྲུག་པ་ནི་གང་དགེ་བའི་ཕྱོགས་ལ་སེམས་ཡོངས་སུ་སྨིན་པར་འགྱུར་བའོ།། བདུན་པ་ནི་གང་ཚུལ་ཁྲིམས་ཉམས་པར་མི་འགྱུར་བའོ།། ་བརྒྱད་པ་ནི་གང་གཉེན་བཤེས་རྣམས་དང་བྲན་གཡོག་རྣམས་ཀྱིས་བྱེ་བྲག་ཤེས་ཤིང་མཐུན་པར་འགྱུར་བའོ།། དགུ་པ་ནི་གང་ཡོ་བྱད་དང་། ནོར་དང་། ཟས་རྟག་ཏུ་རྒྱུན་མི་འཆད་པར་རྙེད་པར་འགྱུར་བའོ།། ་བཅུ་པ་ནི་གང་གཞན་གྱིས་གོ་འཕང་བསྟོད་པ་དང་། མཆོད་པ་དང་། བཀུར་སྟི་རྙེད་པར་འགྱུར་བའོ།། བཅུ་གཅིག་པ་ནི་གང་ནོར་དང་ཡོ་བྱད་མི་འཕྲོགས་པར་འགྱུར་བའོ།། བཅུ་གཉིས་པ་ནི་གང ་བསམས་པ་སེམས་དང་མཐུན་པར་འགྱུར་བའོ། ། བཅུ་གསུམ་པ་ནི་གང་ལྷ་དང་། ཀླུ་དང་། ལྷ་མ་ཡིན་རྣམས་ཀྱིས་ཀྱང་རྟག་ཏུ་སྲུང་བར་འགྱུར་བའོ།། བཅུ་བཞི་པ་ནི་གང་སངས་རྒྱས་བཅོམ་ལྡན ་འདས་རྣམས་མཐོང་ཞིང་ཆོས་ཀྱང་ཐོབ་པར་འགྱུར་བའོ། ། བཅོ་ལྔ་པ་ནི་གང་ཆོས་ཐོས་པ་དང་དོན་ཟབ་མོ་ཤེས་རབ་ཀྱིས་རྟོགས་པར་འགྱུར་བ་སྟེ། གང་ལ་ལ་ཞིག་སྙིང་རྗེ་ཆེན་པོའི་རིང་བཞིན་གྱི་སྙིང་པོ་འདི ་བརྗོད་ཅིག་འཛིན་པ་དེས་གོང་དུ་སྨོས་པའི་སྐྱེ་བ་རྣམ་པ་བཅོ་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། ། དེའི་སླད་དུ་ལྷ་དང་མི་ཐམས་ཅད་ཀྱིས་རྟག་ཏུ་བརྗོད་ཅིང་བཅང་བར་བགྱི་སྟེ། དེ་ལ་སྐྱོ་བ་བསྐྱེད་པར་མི ་བགྱིའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚིག་དེ་སྐད་སྨྲས་ནས། དེའི་རྗེས་ལ་འཁོར་མང་པོའི་དབུས་དེ་ཉིད་དུ་འདུས་སྟེ། ལག་པ་གཉིས་མཉམ་པར་ཐལ ་མོ་སྦྱར་ནས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། འཛུམ་པའི་བཞིན་རྒྱས་པར་བྱས་ནས། རྒྱས་པ་ཆེན་པོའི་ཀུན་ནས་ཡོངས་སུ་རྫོགས་པ་ཐོགས་པ་མེད་པ་སྙིང་རྗེ་ཆེན་པོའི ་རང་བཞིན་གྱི་སྙིང་པོ་གཟུངས་སྔགས་ཆེན་པོ་གཞི་མཛེས་པ་འདི་སྨྲས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ ་སརྦ་བན་དྷ་ནཙྪ་དཱ་ན་ཀཱ་ར་ཡ། སརྦ་པཱ་བ་ས་མུ་དྲོཙྪེ་ཥཎ་ཀ་ར་ཡ། སརྦ་བྷ་དྷི་པྲ་ཤ་མན་ཀ་རཱ་ཡ། སརྦ་ཨི་ཏྱུ་པ་དྲ་བ་བེ་ནཱི་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་དཱུར་ཎཱ་ཀ་རཱ་ཡ། ཏ་སྱ་ན་མསྠི་ཏྲ། ཨཱི ་ཨཱརྱས་པ་ལོ་ཀི་ཏེ་ཤྭ་ར། ཏ་བ་ནི་ལ་ཀརྞྞ་ནཱ་མ་པར་མཧྲི་ད་ཡ། མཱ་བརྟི་ཡི་ཥྱ་མི་སརྦ་ཨརྠ་ས་དྷནྣ། ཤུ་བྷཱ་ཙེ་ཏནྡཾ། སརྦ་སཏྭཱནཱཾ། པཱ་པ་མཱརྒ་ཤོ་དྷ་ན་ཏདྱ་ཐཱ། ཨ ་བ་ལོ་ཀིཏྟ། ལོ་ཀ་མ་ཏི། ལཀཱ་ཀཱ་ཏཱ~ཾ། ཨེ་ཧྱེ་ཧི་མ་ཧཱན་དྷིསཿ། བོཿསཿ། ཧྱེ་མ་ཧཱ་བི་ཧཱུ~ཾ་སཿ། ཧེ་པྲི་ཡ་བོདྷི་ས། ཉི་མ་ཧཱ་ཀཪྵ་ཎཱིཀ། སྠཱ་ཐཾད་མ། མནྡྲནྡ ་ཨཱརྱ་བ་ལོ་ཀ་ཏ་ཤྭ་རཱ་ས། པར་མ་མེ་ཏཱི་ཨུ0f7fརྟིཀཱ་རུ་ཎི་ཀ། ཀུ་རུ་ཀུ་རུ་ཀརྨ། སཱ་དྷ་ཡ་སཱ་དྷ་ཡ་བི་བྲཱ་ན་ད་ཧི་། མེ་མེ་རཾག་མཾ་ག་མཾ་བི་ཧི་ག་མ། སིད་དྷ་མོ་ཀཱི་ཤྭ་ར། དུ་ཀུ་དུ་ཞུམ་ཧཱ་བཱི་དྱེནྟ། ་དྷ་ར་དྷར་དྷཱ་རཥྚཱ~ཾ་ཤྭ་ར་ཛྭ་ལ་བི་མ་ལ་ནཱུཿ། ཨཱརྱ་ཨ་བ་ལོ་ཀ་ཏི་ཤྭརཱ། ཀྲྀཥྞ་ཛིན་ཛ་ཊས་ཀུཿ་ལཾ་ཀྲྀ་ཏ། ཤ་རཱི་ར་ལམྦ་ཕྲལ་ལྦ་བ་བི་ལནྡ། མཧཱ་སིད་བྷ་ཀླུང་། ་དྷཱ་དྷ་ར། བ་ལ་བ་ལ། མ་ལ་མ་ལ་མ་ཧཱ་མ་ལ། ཛྭ་ལ་ཛྭ་ལ་མ་ཧཱ་ཛཱ་ལ། ཀྲྀཥྞ་ཀྵ། ཀྲྀཎྜཔྣ་ཤ། ནརྨྨི་ཏཱན། ཧེ་པདྨ་ཧསྱ། ཛ་ཡ་ཀ་རཱ། ནི་ཤཱ་ཙ་ར་ཤྭ་ར། ཀྲྀཥྞ་སརྦ་ཀྲྀ་ཏ་ཡཛྙོ་བ ་བཱི་ཏ། ཨ་ཧྱེ་ཧི་མ་ཧཱ་བཱི་ར། མ་ཧཱ་བར་མ་ཧཱ་ད་ར་ཧ་མུ་ཁ། ཏྲི་པུ་ར་ཧ་ཧ་ནེ་ཤྭ་ར། ནཱ་རཱ་ཡ་ཎ་རཱུ་པ། བ་ལ་གེ་ག་དྷཱ་རི། ཧེ་ནཱི་ལ་ཀརྫྫ། ཨ་ཧྱེ་ཧི་མ་ཧཱ། ཧ་ལ་ཧ་ལ། བི་ཥ་ནི་རྫི་ཏ་ལོ་ཀ་སྱཱ ་རཱ་ག་བི་ཥ་ནཱ་ཤ་ན། དྭེ་ཥ་བི་ཥ་བི་ནཱ་ཤ་ན། མོ་ཧ་བི་ཥ་བིནྣ་ཤ་ན། ནི་ནི་རི་མོ་ཀྵ་ཎ་ཧུ་ལུ་ཧུ་ལུ། མུ་ནྱ་མུཉྩ། མུ་ཧུ་མུ་ཧུ། ཧ་ལཱ་ཧ་ལ། མ་ཧཱ་པདྨཱ་ན་དྷཱི། ས་ར་ས་ར། སི་རི་སི་རཱི། སུ་རུ་སུརུ། ་བུདྡྷ་བུ་དྷྱཿབོ་དྷ་ཡ་བོ་དྷ་ཡཱ་མཱི། ཏ་བ་ནཱི་ལརྞྞ། མེ་ཧྱཱ་ཧི་བཱ་མསྠི་ཏ། མ་ཧཱ་སིང་ཧ་མུ་ཁ། ཧ་ས་ཧ་ས། མུཉྩ་མུཉྩ། མ་ཧཱནྱཱནྣ་ནིརྞྞེ་དེ་ནེ། ཨེ་ཧྱེ་ཧི་ཌྷོ་བྷོ་མ་ཧཱ། སིད་དྷ་མོ ་ཤྭ་ར། བནྡྷ་བནྡྷ། བ་ཙ་ན་སཱ་སྠཱ་ཡ། སཱ་དྷྱ་ས། བི་དྱཱ་ན། སྨ་སྨ་ར་སྟཾ། ཧེ་བྷ་ག་བཱ་ན། ལོ་ཀི་བི་ལོ་ཀ་སྟི། ཏ་ཐཱ་ག་ཏཱ། དེ་ཧི་དཻ་ཧི་མེ་དེར་ཤ་ནཾ། ཀཱ་མཱ་སྱ་དར་ཤ་ནཾ། པྲ་སཱ་དྷ་ཡ་མ ་སྭཱ་ཧཱ། སིད་དྷཱ་ཡ~ཾ་སྭཱ་ཧཱ། མ་ཧཱ་སདི་དྷཱ་ཡ་སྭཱ་ཧཱ། སིད་དྷ་ཡོ་གཱ་ཤཱི་རུ་ཡི་སྭཱ་ཧཱ། ནཱི་ལ་ཀརྞྞ་ཡ་སྭཱ་ཧཱ། བ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ། སི་ཧཱ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་པ་ན་ར་ས་ཧཱི་མུ་ཁ་ཡ་སྭཱ་ཧཱ། བཛྲ་དསྟཱ ་ཡ་སྭཱཧཱ། མ་ཧཱ་བཛྲ་ཧ་སྭ་ཡ་སྭཱཏྨ། སཱིད་དྷ་བདྷི་དྷ་རཱ་ཡ་སྭཱཧཱ། མ་ཧཱ་སིད་དྷ་བིདྱཱ་དྷ་རཱ་ཡ་སཱཿ། པདྨ་དྷསྟཱ་ཡ་སྭཱ་ཧཱ། མཧཱ་པདྨཱ་ཧསྟཱ་ཡ་སྭཱཙྪ། ཀྲྀཏྟ་ས་རྦཀྲྀ་ཏ་ཡ་ཛྙོ་པ་བཱི་ཏཱ་ས་སྭཱཿ། མཿ ་མུམས་ས་རྦ་རྡྷ་སྭཱ་སྭཱཏྨ། ཀཱ་སྭ་དྷཪྵ་མ་སྱཱཿ། ཤང་ལ་ཤ་ཛྲ་ནི་ནཱ་དཱ་ན་ཀ་ཪྵ་མ་སྭཱཿབོ་དྷ་ན་ཀ་རཱ་ས་ཧྲཱིཿ། བཱ་མགྣི། ཨཱཙྪ་ཤ~ཾ་ཀྲྀཥྚཛ་ནཱ་སཥྚཱཿ། རྣམ་བཱཿཀཱ་ཨུ0f7f་མམཎི་ཡ ་ཨསྠཱཿ། ལོ་ཀཱ་སྭཻ་རཱ་ཡ་སྭཱཧཱ། མ་ཧཱ་ལ་ཀཻ་ཤྭ་རཱ་ཡ་སཱཏྨ། སརྦ་སིད་དྷེདྷ་ཤྭ་རཱ་ཡ་སྭཱཿ། རཀྵ་རཱཀྵ་ནཱ~ཾ་སཱཊྚ། ཀུ་རུ་རཀྵཱ་རྨཱཙྪིནྡྲ་སྭཱཿ། ན་མོ་བྷ་ག་པ་ཏེ། ནམ་སཱ་མྱས་པ་ལོ་ཀ ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིད་དྷྱན་ཏུམ། མནྟ་པ་དཱ་ནི་སྣེ་ཧཱ། ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བ~ཾ་ཛི་ཡ། ས་མོ་གྷ་པཱ་ཤ། ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུཾ་ཕཊ་སྭཱཿ། ་དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིང་པོ་འདི་བརྗོད་ནས་ས་ཆེན་པོ་ནི་རྣམ་པ་དྲུག་ཏུ་གཡོས་སོ།། རབ་ཏུ་གཡོས་སོ།། འགུལ་ལོ།། བུར་འུར་རོ།། ་པབར་སྣང་ལས་རིན་པོ་ཆེ་དང་འདྲེས་པའི་མེ་ཏོག་གི་ཆར་མངོན་པར་བབ་བོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རྗེས་སུ་ཐུགས་རང་ངོ་།། བདུད་དང་གཞན་མུ་སྟེགས་ཐམས་ཅད ་སྔངས་སྐྲག་སྟེ་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། ། འཁོར་དེ་ཐམས་ཅད་ནི་སོ་སོར་འབྲས་བུ་ཐོབ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ ་བཅོམ་པའི་འབྲས་བུ་ཐོབ་བོ། ། ཁ་ཅིག་ནི་ས་དང་པོ་ཐོབ་བོ།། ཁ་ཅིག་ནི་ས་གཉིས་པ། ཁ་ཅིག་ནི་ས་གསུམ་པ། ཁ་ཅིག་ནི་ས་བཞི་པ་ཁ་ཅིག་ནི་ས་ལྔ་པ་ནས། ཁ ་ཅིག་ནི་ས་བཅུ་པའི་བར་དུ་ཐོབ་བོ། ། གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་དཔག་ཏུ་མེད་དོ།། དེ་ནས་ཚངས་པ་ཆེན་པོ་སྟན་ལས་ལངས་ཏེ། ་གོས་ལེགས་པར་བགོས་ནས། གུས་པའི་སེམས་ཀྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔབ་པ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཀྱེ་ལས་མཛད་པ་ཆེན་པོ་ལེགས་སོ།། ་ལེགས་སོ།། བདག་ཀྱང་འདས་པའི་དུས་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དག་གི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་འདུས་པར་གྱུར་ཏེ། བདག་གིས་དེ་དག་ཏུ་ཆོས་ཀྱི་རྣམ་གྲངས་དང་གཟུངས ་ཀྱི་སྒོ་སྣ་ཚོགས་དག་ཀྱང་ཐོབ་ན། བདག་གིས་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་སྔགས་གཞི་ཐོགས་པ་མེད་པ་རྒྱ་ཆེན་པོ་འདི་མི་ཐོས་ཀྱིས། ང་བྱང་ཆུབ་སེམས་དངཔ་བི་ལས་མཛད་པ་ཆེན་པོ་དེའི ་ལུས་དང་། རྟགས་དང་། ཚུལ་དང་། མཚན་ཉིད་ངེས་པར་བཤད་དུ་གསོལ།། བདག་ལ་སོགས་པ་འཁོར་ཆེན་པོ་འདི་ཐོས་པར་འཚལ་ཞིང་སྨོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གིས། ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཁྱོད་ཀྱིས་ཐབས་མཁས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་དྲི་བ་འདི་བྱས་སོ།། དེ ་ཉོན་ཅིག་དང་མདོར་ཅུང་ཟད་ཅིག་ཁོ་བོས་ཁྱོད་ལ་བཤད་པར་བྱའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ།། འདི་ནི་སྙིང་རྗེ་ཆེན་པོའི་སེམས་སོ།། འདི་ནི་མཚུངས་ཤིང ་མཉམ་པའི་སེམས་སོ། ། འདི་ནི་འདུས་མ་བྱས་ཀྱི་སེམས་སོ།། འདི་ནི་ཆགས་ཤིང་ཞེན་པ་མེད་པའི་སེམས་སོ།། འདི་ནི་སྟོང་པ་ཉིད་དུ་ལྟ་བའི་སེམས་སོ།། འདི་ནི་བསྟི་སྟང་དུ་བྱས་ཤིང་གུས་པའི་སེམས ་སོ། ། འདི་ནི་མ་འཁྲུགས་ཤིང་སྐྱོན་མེད་པའི་སེམས་སོ།། འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། སེམས་དེ་དག་ལ་སོགས་པ་ནི་སྙིང་པོ་འདིའི་མཚན་ཉིད་དང་ཚུལ་ཡིན་པར་དེ་ལྟར་ཤེས་པར་བྱའོ།། ་དེ་ལྟར་ཚུལ་འདིས་སྤྱད་པར་བྱའོ།། བསྒོམ་པར་བྱའོ།། ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ།། བདག་ལ་སོགས་པ་འཁོར་འདིས་སྙིང་པོ་འདིའི་ཚུལ་དང་མཚན་ཉིད་དེང་སླན་ཆད་མ་འཚལ་ཏོ།། ་ད་སླན་ཆད་ནི་བླང་ངོ་།། མི་བསྐྱེད་པར་བགྱིའོ།། བྱང་ཆུབ་སེམས་དཔབ་པ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང ་ལ་ལ་ཞིག་སྙིང་པོ་འདི་བརྗོད་ཅིང་འཛིན་ན། དེས་བྱང་ཆུབ་ཀྱི་སེམས་ཆེན་པོ་ཡངས་པ་བསྐྱང་བའོ།། དེ་ལྟར་ཡི་དམ་བཅས་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་གཟུང་བར་བྱའོ།། ་ཟས་དུས་དུས་སུ་བཟའ་བ་དང་ཚུལ་ཁྲིམས་དང་ལྡན་པར་བྱའོ།། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱའོ།། རྟག་པར་རྒྱུན་དུ་རྒྱུན་མི་འཆད་པར་གསང་སྔགས་འདི་བརྗོད་པར་བྱའོ།། ་གཙང་མར་གནས་པས་གནས་པར་བྱའོ།། ཁྲུས་ལེགས་པར་བྱའོ།། གོས་གཙང་མ་བགོས་ལ་ལྷའི་བ་དན་དང་། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། ་གཏོར་མ་ལ་སོགས་པས་མཆོད་པར་བྱའོ།། སེམས་རྩེ་གཅིག་ཏུ་གཟུང་བར་བྱའོ།། ཡང་དག་པ་མ་ཡིན་པ་ལ་བརྟག་པར་མི་བྱའོ་ཞེས་དེ་སྐད་ཅེས་བརྗོད་པར་བྱའོ།། དེ་ལྟར་གཟུང་བར་བྱའོ།། ་བོན་ཏང་བྱང་ཆུབ་སེམས་དཔའ་ཉི་འོད་དང་། བྱང་ཆུབ་སེམས་དཔའ་ཟླ་བོད་དང་། ལྷའི་དྲང་སྲོང་དུ་མའང་དེར་འགྲོ་སྟེ། དབང་བྱེད་ཅིང་དངོས་གྲུབ་ཀྱང་སྦྱིན་པར་འགྱུར་རོ།། ཁོ་བོས་ཀྱང ་དེའི་ཚེ་མིག་སྟོང་གིས་སྒྲུབ་པ་པོ་དེ་ལ་བལྟའོ། ། ལག་པ་སྟོང་གིས་སྦ་ཞིང་བཟུང་ངོ་།། འཇིག་རྟེན་གྱི་མདོ་དང་། ཡི་གེ་རྣམས་ལེན་ཅིང་འཛིན་ཀྱང་ནུས་པར་འགྱུར་རོ།། གཞན ་མུ་སྟེགས་ཅན་ཐམས་ཅད་ཀྱི་ཆོས་དབང་དུ་བྱ་བ་དང་། རིག་བྱེད་རྣམས་ཀྱང་ངེས་པར་རྟོགས་པར་འགྱུར་རོ།། གང་ལ་ལ་ཞིག་གསང་སྔགས་འདི་བརྗོད་ཅིང་འཛིན་པས་ནི་འཇིག་རྟེན ་ན་འབྱུང་པོས་ཕྱུང་བའི་ནད་ཀྱི་རྣམ་པ་བརྒྱད་ཁྲི་བཞི་སྟོང་གང་སུ་ལ་བྱུང་ཡང་རུང་སོས་པར་བྱེད་དོ། ། དེས་ཞི་བར་མི་འགྱུར་བའི་ནད་གང་ཡང་མེད་དོ།། ཡང་འབྱུང་པོ་འམ་ལྷ་རྣམས་ལའང ་རྒོལ་བའི་མཐུ་ཡོད་པར་འགྱུར་རོ། ། བདུད་ཀྱང་ཕམ་པར་བྱེད་དོ།། གཞན་མུ་སྟེགས་ཅན་རྣམས་ཀྱི་ཕྱོགས་ལྐུགས་པར་བྱེད་དོ།། གལ་ཏེ་རི་ལ་གནས་པ་འམ། དགོན་པ་ན་གནས་པ་གང་ཞིག་ལ ་ཏོན་བྱེད་དམ། བསམ་གཏན་བྱེད་པ་ལ་དེ་ན་གནས་པ་སྡིག་པ་བྱེད་པ་དང་། བགེགས་བྱེད་པ་དང་། གནོད་པ་བྱེད་པའི་ལྷ་དང་འབྱུང་པོ་སྣ་ཚོགས་གང་དག་སེམས་འཁྲུག་པར་བྱེད་ན། སྙིང་པོ་འདི་ལན་ཅིག་བརྗོད་པས ་དེ་དག་ཐམས་ཅད་བཅིངས་པར་འགྱུར་རོ། ། གང་ལ་ལ་ཞིག་ཚུལ་འདི་བཞིན་དུ་གསང་སྔགས་འདི་བརྗོད་ཅིང་འཛིན་ན། སྲོག་ཆགས་ཐམས་ཅད་ལ་སྙིང་རྗེ་བསྐྱེད་པར་བྱའོ།། དེའི་ཚེ་ཁོ་བོས་ཀྱང་ལྷ་དང་། ཀླུའི་རྒྱལ་པོ ་ཐམས་ཅད་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་རྟག་ཏུ་དེའི་ཕྱི་བཞིན་འབྲངས་ལ་བསྲུང་བ་བགྱིས་ཏེ་ཕྲད་པར་གྱིས་ཤིག་ཅེས་བསྒོ་བར་བྱའོ། ། མིག་གི་འབྲས་བུ་དང་རང་གི་སྲོག་ཇི་ལྟ་བ་བཞིན་དུ་སྲུང་བར་འགྱུར་རོ།། ་ཚིགས་སུ་བཅད་པ་དག་ཀྱང་སྨྲས་པ། གང་ཞིག་དད་པས་སྙིང་པོ་འདི།། ཁ་ཡིས་རྟག་ཏུ་འཛིན་པ་ཡི།། སྒྲུབ་པ་པོ་ལ་དུས་ཀུན་ཏུ།། སོམས་ལ་སྲུང་བ་གྱིས་ཤིག་ཅེས།། ཁུང་དུ་མིག་དང་དེ་བཞིན་དུ།། སྟོབས ་པོ་ཆེ་དང་ལུ་གུ་རྒྱུད། ། ལྷ་ཡི་དམ་པ་ལྕགས་ཀྱུ་དང་།། ལག་ན་རྡོ་རྗེ་བསྒོ་བར་བྱ།། ཁོ་བོའི་སྙིང་པོ་མཆོག་འདི་ནི།། དད་པས་རྟག་ཏུ་འཛིན་པ་ཡི།། སྒྲུབ་པ་སྡིག་དང་བྲལ་བ་ལ།། ཁྱེད་ཅག་སྲུངས་ཤིག་སྨྱོཿ ་ཤིག་ཅེས། ། དབང་ཕྱུག་ཆེ་དང་ཁྱབ་འཇུག་དང་།། ནོར་གྱི་བུ་དང་དྲག་པོ་དང་།། ཀུམ་བི་ར་དང་སེར་སྐྱ་དང་།། དེ་དག་རྣམས་ལ་ཁོ་བོ་བསྒོ།། གང་ཞིག་རྟག་ཏུ་དད་པ་ཡིས།། གསང་སྔགས་འདི་རྗོད་འཛིན་བྱེད་པས ་རིག་སྔགས་འཆང་ལ་མི་གཡེལ་བར། ། སོམས་ཤིག་སྲུང་བ་གྱིས་ཤིག་ཅེས།། ལྔ་རྩེན་དང་ནི་བདེ་མཆོག་དང་།། ཙིན་དལ་དང་སུ་མ་ལ།། བིངག་ལ་དང་གཤིན་རྗེ་ལ།། ཁོ་བོས་ལུང་གིས་བསྒོ་བར ་བྱ། ། གང་ཞིག་རྟག་ཏུ་དད་པ་ཡིས།། ཁོ་བོའི་གསང་སྔགས་འདི་འཛིན་ཅིང་།། རྟག་བརྗོད་རིག་སྔགས་འཆང་བ་ལ།། བསམ་པ་ཀྱིས་ཤིག་སྲུང་བགྱིས།། སྒྲུབ་པ་པོ་ལ་སྲུངས་ཤིག་ཅེས། ་བདེན་པ་པོ་དང་སོ་བརྩེགས་དང་།། མི་མཇེད་བདག་དང་ལྷ་མོ་དཔལ།། དེ་དག་ཀུན་ལ་ཁོ་བོས་བསྒོ།། གང་ཞིག་དད་པས་ཁོ་བོ་ཡི།། གསང་སྔགས་འདི་ནི་རྟག་འཛིན་ཅིང་།། རྗོད་བྱེད་རིག་སྔགས་འཆང་བ ་ལ། ། སོམས་ཤིག་སྲུང་བ་གྱིས་ཤིག་ཅེས།། ལྷ་མོ་ཆེན་མོ་དབྱངས་ཅན་དང་།། ལྷ་ཡི་དབང་པོ་བརྒྱ་བྱིན་དང་།། སུམ་ཅུ་གསུམ་དབང་རོ་ལངས་དང་།། མང་པོ་འཛིན་ལ་ཁོ་བོས་བསྒོ།། ཁོ་བོའི་རིག་སྔག ་འདི་འཆང་ལ། ། སོམས་ཤིག་སྲུང་བ་གྱིས་ཤིག་ཅེས།། གནས་ལྔ་དག་ན་གནས་པ་ཡི།། གཙང་མའི་གནས་ཀྱི་ལྷ་རྣམས་དང་།། ཡང་དག་ཤེས་དང་ནོར་བུ་བཟང་།། དེ་དག་རྣམས་ལ་ཁོ་བོས་བསྒོ།། གང་ཞིག ་དད་པས་ཁོ་བོ་ཡི། ། གསང་སྔགས་འདི་ནི་རྟག་འཛིན་ཅིང་།། རྗོད་བྱེད་རིག་སྔགས་འཆང་བ་ལ།། སོམས་ཤིག་སྲུང་བགྱིས་ཤིག་ཅེས།། རྒྱལ་པོ་རྣམ་ཐོས་བུ་དང་ནི།། འབྲོག་མ་བུ་དང་བཅས་པ་དང་།། ཡུལ ་འཁོར་སྲུང་དང་སྐྱོད་བྱེད་དང་། ། མིག་མི་བཟང་དང་འཕགས་སྐྱེས་དང་།། སྐམ་བྱེད་གཞོན་ནུར་གྱུར་པ་དང་།། དེ་དག་རྣམས་ལ་ཁོ་བོས་བསྒོ།། གང་ཞིག་རྟག་ཏུ་དང་བ་ཡིས།། རྟག་ཏུ་གསང་སྔགས་འདི་འཛིན་ཅིང་། ་རྗོང་བྱེད་རིག་སྔགས་འཆང་བ་ལ།། སོམས་ཤིག་སྲུང་བ་གྱིས་ཤིག་ཅེས།། དགཔ་པོ་ཉེ་དགའ་ཀླུ་གཉིས་དང་།། སྟོབས་ཀྱི་ལྷ་དང་རྒྱ་མཚེ་དང་།། དྲང་སྲོང་ཉི་ཤུ་རྩ་བརྒྱད་དང་།། དེ་དག་རྣམས་ལ་ཁོ་བོས་བསྒོ། ་གང་ཞིག་རྟག་ཏུ་དད་པ་ཡིས།། རྟག་ཏུ་གསང་སྔགས་འདི་འཛིན་ཅིང་།། རྗོད་བྱེད་རིག་སྔགས་འཆང་བ་ལ།། སོམས་ཤིག་སྲུང་བ་གྱིས་ཤིག་ཅེས།། ཀླུ་ཡི་རྒྱལ་པོ་ཨུཏྤལ་དང་།། འཕྲུལ་ཆེན་ལྟོ་ཕྱེ ་རྣམས་དང་། ། ལྷ་མིན་མི་ཅི་དྲི་ཟ་དང་།། དེ་དག་རྣམས་ལ་ཁོ་བོས་བསྒོ།། གང་ཞིག་རྟག་ཏུ་དད་པ་ཡིས།། རྟག་ཏུ་གསང་སྔགས་འདི་འཛིན་ཅིང་།། རྗོད་བྱེད་རིག་སྔགས་འཆང་བ་ལ།། སོམས་ཤིང་སྲུང་། ་བགྱིས་ཤིག་ཅེས།། ཆུ་དང་མེ་ཡི་ལྷ་རྣམས་དང་།། ཤ་ཟ་རྣམས་དང་གློག་དང་སྤྲིན།། གྲུལ་བུམ་དག་དང་མབའ་ལྡིང་དང་།། དེ་དག་ཀུན་ལ་ཁོ་བོས་བསྒོ།། བདེ་བར་བྱེད་པའི་ལྷ་གཡོག་འཁོར་ལྔ་བརྒྱ་དང ་ལྡན་པ་ཁྱེད་ཐམས་ཅད་དང་། ། དེ་བཞིན་དུ་ལྷ་དང་། ཀླུའི་རྒྱལ་པོ་རྣམས་དང་། ལྷ་དང་། ལྷའི་བུ་མོ་ལ་སོགས་པ་དང་། གནོད་སྦྱིན་སྟོབས་དང་ལྡན་པ་རྣམས་ཀྱང་གང་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི ་བཟླས་བརྗོད་བྱེད་པ་དེའི་ཕྱི་བཞིན་དུ་འགྲོངས་ཤིག། གནོད་པ་སོལ་ཅིག། སྲུང་བ་གྱིས་ཤིག། གལ་ཏེ་སྔགས་པ་མི་ཞིག་རི་དང་ནགས་ཚལ་སྟོང་པ་ཐིབས་པོ་དགན་གཅིག་པུར་གྲོགས་མེད་པར་ཉལ་ནའང་། ་བདེ་བར་བྱེད་པའི་ལྷ་དེ་དག་རང་གི་འཁོར་དང་བཅས་ཏེ་སྲུང་བར་བྱེད་དོ།། ཡམས་ཀྱི་ནད་རྣམས་དང་བགེགས་རྣམས་ཀྱང་ཞི་བར་བྱེད་དོ།། གལ་ཏོ་རི་ཁྲོད་དུ་ལམ་སྟོར་བར་གྱུར་ན་གསང་སྔགས་འདི་བཟླས་བརྗོད ་བྱས་པ་དང་། བདེ་བར་བྱེད་པའི་ལྷ་དང་ཀླུའི་རྒྱལ་པོ་དེ་དག་མིའི་གཟུགས་ཀྱིས་དེ་ལ་ལམ་སྟོན་པར་བྱེད་དོ།། གལ་ཏེ་རི་དང་། ནགས་དང་། དགོན་པར་སོན་ལ་ཆུ་དང་མེ་མེད་པར་གྱུར་ན། ཀླུའི་རྒྱལ་པོ་རྣམས་ཀྱིས་དེ ་ལ་བསྲུང་བའི་ཕྱིར་ཆུ་དང་མེ་སྟོན་པར་བྱེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་རིག་སྔགས་འཆང་དེ་ལ་ཡམས་ཀྱི་ནད་དང་། གནོད་པ ་གཞིག་ཅིང་བསལ་བའི་ཕྱིར་ཞི་བར་བྱེད་པའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། གལ་ཏེ་འབྲོག་དང་རི་ཁྲོད་རྣམས་ཤིག་ཏུ།། སྟག་དང་སྤྱང་ཀི་གཅན་གཟན་ཁྲོ་རྣམས་དང་།། སྦྲུལ་དང་རྩངས་པ་དང་ནི་མཁའ ་འགྲོ་མ། ། འོང་ཡང་འདི་ཐོས་སྔགས་མཐུས་ལྡོག་པར་འགྱུར།། རྒྱ་མཚོ་ཆུ་ཀླུང་མཚོ་བྲན་འགྲམ་གནས་ན།། དུག་ལྡན་སྦྲུལ་དང་སྦྲུལ་འཛིན་བྱེད་པ་དང་།། ཆུ་སྲིན་གནོད་སྦྱིན་ཉེ་དང་ཀུ་བི་ར།། འོངས་ནའང ་གསང་སྔགས་ཐོས་ན་འཇིགས་པར་འགྱུར། ། དམག་དཔུང་ཆེན་པོའི་དགྲ་དང་འཐབ་པ་དང་།། ནོར་འཕྲོག་ཆོམ་རྐུན་རྣམས་དང་ཕྲེང་ན་ཡང་།། དད་པས་རྩེ་གཅིག་སེམས་དང་བྱམས་པ་ཡིས།། གསང་སྔགས་བཟླས་ན ་སྡིག་བྱེད་མི་ནུས་ལྡོག། རྒྱལ་པོའི་ཁྲིམས་ཅན་གོ་རར་བཅུག་པ་དང་།། བཙོན་རར་ལྕགས་དང་ཤིང་སྒྲོག་བཅུག་ན་ཡང་།། དད་པས་གསང་སྔགས་འདི་ནི་བརྗོད་བྱས་ན།། རྒྱལ་པོ་བདག་ཉིད་དེ་ལ་དགའ་བར་འགྱུར།། ་གལ་ཏེ་དྲུག་ཅན་ནགས་སམ་ཁྱིམ་གང་ན།། དུག་ཅན་ཟས་ཡོད་དེར་ནི་སོན་གྱུར་ལ།། དད་དང་ལྡན་པས་གསང་སྔགས་མཆོག་བརྗོད་ན།། དུག་རྣམས་ཐམས་ཅད་གྱུར་ནས་བདུད་རྩིར་འགྱུར།། གལ་ཏེ་བུད་མེད་བུས ་ཐོགས་མི་བྱིཕྱིན་ཅིང་། ། གཡོན་ཅན་བགེགས་ཀྱིས་ན་བར་བྱེད་ན་ཡང་།། དད་པ་དྲག་པོས་གསང་སྔགས་འདི་བརྗོད་ན།། འབྱུང་པོ་འབྲོས་ཤིང་བདེ་བར་བཙའ་བར་འགྱུར།། འབྱུང་པོ་སྡང་དང་གནོད་སེམས ་ཀླུ་རྣམས་ཀྱིས། ། གསད་པའི་ཆེད་དུ་གནོད་པ་བྱས་ན་ཡང་།། དད་པས་གསང་སྔགས་འདི་ནི་བརྗོད་བྱས་ན།། ཚེ་ཡང་འཕེལ་ཞིང་ནད་རྣམས་འབྱང་བར་འགྱུར།། གལ་ཏེ་འབྱུང་པོས་སྦྱངས་ནད་བྱས་པ་དང་། ་བས་བལྡགས་ནད་དང་ཤུ་བ་རྣག་ཁྲག་ཅན།། དད་པས་རྟག་ཏུ་གསང་སྔགས་འདི་བཟླས་ན།། གསང་སྔགས་མཐུ་ཡིས་ཐམས་ཅད་མེད་པར་འགྱུར།། སེམས་ཅན་རབ་ཏུ་སྡང་བས་གསད་པའི་ཕྱིར།། གཡོ་དང ་སྤུ་ཡི་ལས་རྣམས་བྱེད་ན་ཡང་། ། དད་པ་དྲག་པོས་གསང་སྔགས་འདི་བརྗོད་ན།། དེ་དྲུང་སྒྱུ་མའི་མཁན་པོ་འགྲོ་མི་འགྱུར།། དམ་པའི་ཆོས་ཉམས་སེམས་ཅན་རྙོག་པ་ཅན།། འདོད་ཆགས་བཅིངས་ཤིང་ལོག་པས ་རྨོངས་རྣམས་དང་། ། ཉིན་མཚན་མི་དྲང་མ་ཞི་རྟོག་ལྡན་ཞིང་།། ཁྱོ་དང་ལྷན་ཅིག་མི་དགའ་བུད་མེད་རྣམས།། གསང་སྔགས་བཟླས་བརྗོད་བྱས་པས་འབྱིན་ནུས་ཏེ།། འདོད་ཆགས་མ་ཞི་སེམས་ནི་དྲང་པོར ་འགྱུར། ། གལ་ཏེ་སྙིང་པོ་བདི་ཡི་མཐུ་བརྗོད་ན།། བསྐལ་པ་གཅིག་གི་མཐའ་མར་ཕྱིན་མི་འགྱུར།། ཚོན་སྐུད་སྣ་ལྔ་པ་ལ་སྙིང་པོ་འདི་ལན་ལྔ་བཟླས་བརྗོད་བྱས་ཏེ། མདུད་པ་ཉི་ཤུ་རྩ་གཅིག་བཟླས་ལ་མགུལ་དུ ་གདག་སོ། ། སྙིང་པོ་འདི་ནི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གསུངས་པའོ།། གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པར་བྱེད་ལ། ཡོངས ་སུ་རྫོགས་པར་མི་འགྱུར་བ་དེ་དག་ལ། མྱུར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསུངས་པའོ།། གང་དག་སངས་རྒྱས་ཉིད་དུ་སེམས་བསྐྱེད་པ་དེ་དག་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ།། གང་ཉན་ཐོས་ཀྱི་འབྲས་བུ་མ ་ཐོབ་པ་དེ་དག་ཀྱང་མྱུར་དུ་ཐོབ་པར་བྱེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷའི་དྲང་སྲོང་གང་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཇི་སྙེད་འཁོད་པ་དེ་དག་ཀྱང་སེམས ་སྐྱེད་པར་བྱེད་དོ། ། གང་ཐེག་པ་ཆེན་པོའི་ཆོས་ལ་དབང་པོ་རྣམས་དད་པ་མ་རྙེད་པ་དེ་དག་ཀྱང་ཐོབ་པར་བྱེད་དོ།། སྙིང་པོ་འདིབ་མཐུས་ཐེག་པ་ཆེན་པོ་ལ་ཐར་པའི་ས་བོན་གྱི་མྱུ་གུ་འཕེལ་བར་འགྱུར་རོ།། གལ་ཏེ ་དགོས་པ་ཞིག་ཡོད་ནའང་ཁོ་བོའི་སྙིང་རྗེ་དང་ཐབས་ལ་མཁས་པས་ཐམས་ཅད་འགྲུབ་བོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། མུན་པ་མུན་ནག་གི་སེམས་ཅན་དམྱལ་བ་དག་ན་སེམས་ཅན་གང ་དག་གནས་པ་རྣམས་ཀྱང་། གལ་ཏེ་སྙིང་པོ་འདི་ཐོས་ན་སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་གང་དག་ས་དང་པོ་མ་ཐོབ་པ་དེ་དག་ཀྱང་ས་བཅུ་ནས། སངས་རྒྱས་ཀྱི་བྱང་ཆུབ་ཀྱི ་བར་དུ་འཐོབ་པར་འགྱུར་རོ། ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱང་རང་ཡོངས་སུ་རྫོགས་པར་འགྱུར་རོ།། ནས་ཀྱི་ས་པ་ཅན་གྱི་སེམས་ན་གང་དག་གིས་སྙིང་པོ་འདི་ལན་ཅིག ་ཐོས་ན། དྲུང་བ་ཆེའི་སེམས་ཀྱི་ཐོས་མོངས་མོས་ཤིང་སྦོམ་པོར་འགྱུར་རོ།། དགེ་སྦྱོང་གི་འབྲས་བུ་བནི་འང་ཇི་ལྟར་འདོད་པ་བཞིན་དུ་འཐོབ་བོ།། གལ་ཏེ་དེ་སྦྱར་བཟོད་ན་སྐྱོང་གསུམ་གྱི་སྟོང་ཆེན་པོཔོ་འཇིག་རྟེན ་ཁམས་ཀྱི་ཕྱི་ནང་ན་ཡོད་པའི་རི་དང་། རྡོ་དང་། རྩིག་པ་དང་། རི་རབ་དང་། རི་ཁོར་ཡུག་རྣམས་ཀྱང་གཡོ་ཞིང་རྡུལ་ཕྲ་རབ་བཞིན་དུ་བྱ་མར་འགྱུར་རོ།། རྒྱ་མཚོ་ཆེན་པོ་བཞིའང་རོལ་ཞིང་འཐོར་བར་འགྱུར་རོ།། གལ ་ཏེ་དེ་དང་དེའི་གམ་ཡོན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་འགྱུར་རོ། ། གང་གི་ཚེ་འདི་ལ་དམ་པར་གྱུར་པ་དེ་དག་གིས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཚུལ ་ཁྲིམས་དང་ལྡན་པར་བྱས་ལ། སྙིང་པོ་འདི་བཟླས་བརྗོད་བྱས་ན་ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཐོག་མ་མེད་པའི་ཐ་མའི་མཐའི་བར་གྱི་སྡིག་པའི་ལས་གང་ཡིན་པ་དེ་དག་ཐམས་ཅད་འབྱུང་བར ་འགྱུར་རོ། ། སྟོང་གསུམ་གྱི་སྟོང་ཆེན་པོ་པ་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་གི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་དྲང་སྲོང་དང་། ཀླུའི་རྒྱལ་པོ་ཐམས ་ཅད་དབང་དུ་འགྱུར་རོ། ། མི་འམ་ལྷ་གང་ལ་ལ་ཞིག་གསང་སྔགས་འདི་ཁ་ཏོན་བྱེད་པ་དེ་འབབ་ཆུ་འམ་རྒྱ་མཚོ་ཁྲུས་བྱས་ན།། དེ་ན་སྲོག་ཆགས་གང་དག་འཁོད་པ་ལ་དེས་རེག་པ་དེ་དག་གི་ལས་ཤིན་ཏུ་ལྕི་བ་ཐམས ་ཅད་བབྱང་བར་འགྱུར། ཚེ་ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བའི་སྐྱེ་བ་འཛིན་པར་མི་འགྱུར་ན། གང་འདི ་འཛིན་པ་དང་། རྗོད་པ་དང་། ཀློག་པ་ལྟ་ཅི་སྨོས། འདོན་ཅིང་རྗོད་པ་ལྟའང་ཅི་སྨོས། རླུང་གང་གིས་རིག་སྔགས་འཆང་ལ་རེག་པའི་རླུང་དེས་སེམས་ཅན་གང་ལ་ལ་ལ་རེག་པར་གྱུར་པའི་ལས་ལྕི་བ་ཐམས་ཅད་འབྱང་བར ་འགྱུར་རོ། ། ཡང་དང་ཡང་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ།། རྟག་ཏུ་སངས་རྒྱས་འབྱུང་བར་སྐྱེ་བར་འགྱུར་རོ།། འདི་ལྟར་ཡང་ཤེས་པར་བྱ་སྟེ། གང་འཛིན་པ་དང་འཆང་བའི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི ་ཁྱབ་ཅིང་དཔག་ཏུ་མེད་དོ། ། གང་ལ་ལ་སྙིང་པོ་འདི་བརྗོད་པ་དེའི་ཁ་ནས་ཚིག་དགེ་བའམ་མི་དགེ་བ་ཅི་བྱུང་ཡང་རུང་སྟེ། དེ་ཐམས་ཅད་བདུད་དང་། གཞན་མུ་སྟེགས་ཅན་དང་། སྲུང་བའི་ལྷ་དང ་ཀླུ་དང་། འབྱུང་པོ་རྣམས་ཀྱིས་ཡོངས་སུ་དག་པའི་ཆོས་སུ་ཐོབ་པར་འགྱུར་རོ།། སུ་སྙིང་པོ་འདི་ཁ་ཏོན་བྱེད་པ་དེ་ལ་ཐམས་ཅད་སངས་རྒྱས་སུ་འདུ་ཤེས་སྐྱེད་ཅིང་གུས་པར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས ་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་སྙེད་དག་གིས་སྡུག་པར་དགོངས་ཤིང་ཡོངས་སུ་བཟུང་བ་དེ་ནི་སངས་རྒྱས་ཀྱི་སྐུའི་མཛོད་དུ་ཤེས་པར་བྱའོ། ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱི་སྣང་བས་སྣང ་པར་འགྱུར་བས། ལུས་འོད་ཟེར་དང་ལྡན་པར་ཤེས་པར་བྱའོ།། གང་སྙིང་པོ་འདིས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་དེ་སྙིང་རྗེའི་མཛོད་དུ་ཤེས་པར་བྱའོ།། གང་གཟུངས་ཀྱི་སྒོ་རྣམས་སྡུད་པ་དེ་ཆོས་ཀྱི་མཛོད་དུ ་ཤེས་པར་བྱའོ། ། གང་ལ་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་སྣང་བ་དེ་བསམ་གཏན་དང་སྙོམས་པར་འཇུག་པའི་མཛོད་དུ་ཤེས་པར་བྱའོ།། གང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་ལྟ་བ་དེ་ནམ་མཁའི་སྙིང་པོའི ་མཛོད་དུ་ཤེས་པར་བྱའོ། ། གང་ལ་རྟག་ཏུ་ལྷ་དག་དང་ལྷ་རྣམས་ཀྱིས་ཀུན་ཏུ་བསྲུངས་པ་དེ་མི་འཇིགས་པའི་མཛོད་དུ་ཤེས་པར་བྱའོ།། གང་གི་ཁ་ནས་གཟུངས་ཀྱི་སྒྲ་རྒྱུན་མི་འཆད་པ་དེ་གཏམ་སྣ་ཚོགས་ཀྱི་མཛོད་དུ ་ཤེས་པར་བྱའོ། ། གང་ཡམས་ཀྱི་ནང་རྣམ་གསུམ་དང་དུས་ངན་པས་ཆུད་མི་ཟོད་པ་དེ་རྟག་ཏུ་གནས་པའི་མཛོད་དུ་ཤེས་པར་བྱའོ།། གང་བདུད་དང་གཞན་མུ་སྟེགས་ཅན་གྱིས་བར་དུ་གཅོད་ཅིང་ཟློག་མི་ནུས་པ་དེའི་མེའི ་ཤའི་མཛོད་ཇི་ལྟ་བ་བཞིན་མ་ཡིན་པར་ཤེས་པར་བྱའོ། ། གང་རྟག་ཏུ་སྙིང་པོ་འདིས་སེམས་ཅན་ཐམས་ཅད་གསོ་བར་བྱེད་པ་དེ་སྨན་གྱི་རྒྱལ་པོའི་མཛོད་དུ་ཤེས་པར་བྱའོ།། གང་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་འབྱུང་བ ་དེ་ནི་མངོན་པར་ཤེས་པར་བྱ་སྟེ། དེའི་བསོད་ནམས་ཀྱི་བསྔགས་པ་ནི་མཐའ་ཡས་སོ།། གལ་ཏེ་རིགས་ཀྱི་བུ་མིར་གྱུར་པ་ཞིག་ཡུན་རིང་པོའི་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་བདེ་བ་འདོད་ན། དེས་ཐོག་མར་བས ་མཐའ་དབེན་པའི་གནས་བཙལ་བར་བྱ་སྟེ། དེར་འདུག་པར་བྱའོ།། གཙང་མར་མཚམས་ལེགས་པར་གཅད་པར་བྱའོ།། གལ་ཏེ་ཆུ་ལ་བཟླས་བརྗོད་བྱས་སམ། ཡང་ན་ཟས་སམ། ཐུག་པའམ། སྨན་ནམ ་བདུག་པ་ལ་སོ་སོར་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་སྤྱད་ན་ཚེ་རིང་བར་འགྱུར་རོ། ། མཐུ་ཡོད་པར་འགྱུར་རོ།། མཚམས་གཅོད་ནུས་པར་འགྱུར་རོ།། རྗེས་སུ་མཐུན་པའི་ཆོས་ལེན་པ་འམ་འཛིན་ནུས་པར་འགྱུར ་རོ། ། ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ལ་མཚམས་གཅད་པའི་ཆོ་ག་ནི་འདི་ཡིན་ཏེ། ཐོག་མར་རལ་གྲི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་དཀྱིལ་འཁོར་གཅད་པར་བྱའོ།། ཡང་ན་ཆུ་གཙང་མ་ལ ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་ས་ལ། ཕྱོགས་བཞིར་གཏོར་བར་བྱ་སྟེ། འདི་ནི་མཚམས་སོ།། ཡང་ན་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་ཕྱོགས་བཞིར་གཏོར་ན་མཚམས་བཅད་པར ་འགྱུར་རོ། ། ཡང་ན་ཇི་ཙམ་འདོད་པ་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། ཡང་ན་ཐལ་བ་གཙང་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་མཚམས་གཅད་དོ།། ཡང་ན་ཚོན་སྐུད་སྣ་ལྔ་པ་ལ་བཟླས ་བརྗོད་བྱས་ལ་ཕྱོགས་བཞིར་བྲེས་ན་ཐམས་ཅད་དུ་མཚམས་བཅད་པར་འགྱུར་རོ། ། ཆོ་ག་འདིས་ལེན་ཅིང་འཛིན་ནུས་པར་གྱུར་ན་བདག་ཉིད་འབྲས་བུ་ཐོབ་པར་འགྱུར་རོ།། སུས་སྙིང་པོ་འདིའི ་མིང་ཐོས་པ་དེའི་བསྐལ་པ་དུ་མའི་སྐྱེ་བ་དང་འཆི་བ་བསགས་པའི་ལས་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན། སུ་འདི་རྗོད་ཅིང་འཛིན་པ་ལྟ་ཅི་སྨོས། གང་ཞིག་འདི་རྗོད་ཅིང་སྨྲ་བར་ནུས་པ་དེ་སྔོན་གྱི་དེ་བཞིན་གཤེགས་པ་དུ་མ ་ལ་མཆོད་ཅིང་བསོད་ནམས་དང་དགེ་བའི་རྩ་བ་བསགས་པ་ཡིན་པར་རིག་པར་བྱའོ། ། གལ་ཏེ་ཆོ་ག་འདིས་སེམས་ཅན་གྱི་ཁམས་སྡུག་བསྔལ་ལ་གནས་པ་ཐམས་ཅད་གདོན་པར་བྱེད་ནུས་པར་གྱུར་ན། མི་དེ་ནི་སྙིང་རྗེ་ཆེན་པོ ་དང་ལྡན་ཞིང་རིང་པོ་མི་ཐོགས་པར་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་རིག་པར་བྱའོ། ། རིག་སྔགས་འཆང་དེས་སེམས་ཅན་ཇི་སྙེད་མཐོང་བ་དང་། སེམས་ཅན་སོ་སོ་ལ་བརྗོད་པ་དང་། དེ་ལ་གང་དག་གིས་ཐོས་པའང ་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། ། རིག་སྔགས་འཆང་དེའི་བསོད་ནམས་དང་དགེ་བའི་མཐའ་ནི་བརྗོད་མི་ནུས་པས་དཔག་ཏུ་མེད་པར་འགྱུར་རོ།། གལ་ཏེ་ལུས་བསྡམས་ཤིང་ཟས་དུས་སུ་ཟ་བར་གནས་ལ་དགེ་ཞིང་དྲང་པོའི ་སེམས་ཀྱིས་བརྗོད་པར་ནུས་ན། དེས་དེའི་ཚེ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཆེད་དུ་སྔོན་གྱི་ལས་རྣམས་བཤགས་པར་བྱའོ།། བདག་ཉིད་ཀྱང་དེ་བཞིན་དུ་བཤགས་པར་བྱའོ།། གལ་ཏེ་དེ་ལྟར་གོམས་ཤིང ་རྒྱུན་མི་འཆད་པར་སྙིང་པོ་འདི་བརྗོད་ན། དེས་ཚེ་འདི་ལ་དགེ་སྦྱོང་གི་འབྲས་བུ་པ་ནི་ཐོབ་པར་འགྱུར། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། བསམ་གཏན་ལ་བློ་སྐྱེ་བར་འགྱུར། ས་བཅུའི་འབྲས་བུ ་ཐོབ་པ་ལ་མི་དཀའ་བར་གྱུར་ན། འཇིག་རྟེན་པའི་བསོད་ནམས་ཀྱི་འབྲས་བུ་ཆུང་ངུ་འཐོབ་པ་ལྟ་ཅི་སྨོས། ཅི་དང་ཅི་འདོད་པ་རྣམས་དེ་ལ་ཡོངས་སུ་རྫོགས་པར་མི་འགྱུར་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས ་དབབ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་སྟོབས་ཀྱིས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདིའི་མཐུ་སྟོབས་རྒྱ་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོ ་ལ་བཀའ་སྲུ་ལ་པ། ཀུན་དགའ་བོ་ཡུལ་གང་དང་གང་དུ་ཡམས་ཀྱི་ནད་བྱུང་ལ། ཡུལ་དེར་གལ་ཏེ་རྒྱལ་པོས་ཆོས་ཀྱིས་ཡུལ་བསྲུང་ཞིང་རྒྱ་ཆེ་བ་དང་གཙང་མར་བྱ་ན་སེམས་ཅན་རྣམས་སྙམས་ལས་མི་གཅོད་དོ།། ་ཉེས་པར་བྱུང་བ་རྣམས་ལ་བཟོད་པར་བྱའོ།། རྒྱལ་པོ་དེས་ལུས་དང་སེམས་ཀྱིས་བརྩོན་འགྲུས་དང་ལྡན་པར་བྱས་ལ། ཞག་བདུན་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བཟླས་བརྗོད་བྱས་ན། ཡུལ་དེར་ཡམ ་ཀྱི་ནད་ཅི་བྱུང་བ་ཐམས་ཅད་ཞི་བར་འགྱུར་རོ། ། ལོ་ཏོག་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ།། སེམས་ཅན་ཐམས་ཅད་བདེ་བར་འགྱུར་རོ།། གལ་ཏེ་ས་རིས་སོ་སོར་དགྲ་རྒྱུན་དུ་འོང་ཞིང་ཡུལ་དུ་གནས ་པའི་སེམས་ཅན་རྣམས་ལ་གནོད་པ་བྱེད་པ་དང་། མི་ཡོངས་མི་དགའ་བར་གྱུར་པ་དང་། དེར་ནད་བྱུང་བ་དང་། ཆུ་དུས་སུ་མི་འབབ་པ་དང་། དེར་ཟླ་བ་དང་ཉི་མ་ལམ་དྲང་པོར་མི་འགྲོ་བ་དང་། གལ་ཏེ་སྡིག་པའི་ལས་དེ ་སྙེད་བྱུང་ན་རྒྱལ་པོ་དེས་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་ལྡན་པའི་གཟུགས་བྱས་ཏེ། གང་དུ་ཡམས་ཀྱི་ནད་བྱུང་བ་དེ་ལོགས་སུ་བཞིན་བསྟན་ཏེ་གཞག་གོ།། ཤིན་ཏུ་དད་པས་བདུག་པ་དང་། མེ་ཏོག་དང་། ་གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་སྣ་ཚོགས་དང་། ཞལ་ཟས་རོ་བརྒྱ་པས་མཆོད་པར་བྱའོ།། དེ་ནས་རྒྱལ་པོ་དེས་སྙིང་པོ་འདི་བརྗོད་པའི་ཕྱིར་ཉིན་ཞག་བདུན་དུ་བརྩོན་འགྲུས ་བརྟན་པོར་གནས་པར་བྱས་ན། ས་རིས་སོ་སོར་དགྲ་ཐམས་ཅད་དེ་ལ་ཕྱག་འཚལ་བར་འགྱུར་རོ།། རང་རང་གི་ཡུལ་ལ་དགའ་བར་འགྱུར།། སེམས་མཐུན་པར་འགྱུར། ཕན་ཚུན་གྲོགས་སུ་འགྱུར། མི་ཡོངས་དང ་རྒྱལ་བུ་ཐམས་ཅད་ཀྱང་བྱས་པ་གཟོ་ཞིང་ལེགས་པར་བྱེད་པར་འགྱུར་རོ། ། རྒྱལ་པོའི་བཙུན་མོའི་འཁོར་རྣམས་ཀྱང་དེ་ལ་དགའ་བ་སྐྱེད་པར་འགྱུར་རོ།། ལྷ་དང་ཀླུ་རྣམས་ཀྱང་ཡུལ་སྲུང་བར་བྱེད་དོ།། ཆར་ཡང་དུས ་སུ་འབབ་པར་འགྱུར་རོ། ། འབྲས་བུ་དང་ལོ་ཏོག་རྣམས་ཀྱང་མང་ཞིང་གྲུང་བར་འགྱུར་རོ།། ཡུལ་ན་གནས་པ་རྣམས་ཀྱང་བདེ་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་རོ།། གལ་ཏེ་ཁྱིམ་གཅིག་ཏུ་ནད་དང་གནོད་པ་སྣ་ཚོགས ་བྱུང་ངམ། བདུད་དང་འབྱུང་པོ་གཡོན་ཅན་གནས་པ་འཁྲུགས་ཤིང་སྨྲས་འམ། སྐུར་པ་འདེབས་སམ། གནོད་པ་དག་བྱུང་ངམ། ཕྱི་ནང་གི་མི་མཐུན་པ་ཆེན་པོ་འམ་ཆུང་ངུ་དག་བྱུང་ན། དེའི་ཚེ་སྤྱན་རས་གཟིགས ་དབང་ཕྱུག་ལག་པ་སྟོང་པ་དང་མིག་སྟོང་དང་ལྡན་པ་དེའི་མདུན་དུ་མཆོད་པ་བྱས་ལ། ཤིན་ཏུ་དད་པས་སྙིང་པོ་འདི་ལན་སྟོང་བཟླས་བརྗོད་བྱས་ན། གོང་དུ་སྨོས་པའི་གནོད་པ་དེ་དག་ཞི་བར་འགྱུར་རོ།། དེ་ནས་བཅོམ ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་སྙིང་པོ་འདིའི་མིང་ཅི་ཞེས་བགྱི། ཇི་ལྟར་བླང་བར་བགྱི། ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་སྙིང་པོ ་བ་དིའི་མིང་ནི་མང་དུ་ཡོད་དེ། གཅིག་ནི་རྒྱ་ཆེར་དྲི་མ་མེད་པ་ཡོངས་སུ་རྫོགས་པ་ཞེས་བྱའོ།། སྙིང་རྗེ་ཆེན་པོ་ཐོགས་པ་མེད་པ་ཞེས་ཀྱང་བྱའོ།། སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པ་ཞེས་ཀྱང་བྱའོ།། ཚེ་འཕེལ་བར་བྱེད་པ ་ཞེས་ཀྱང་བྱའོ། ། ངན་འགྲོའི་ལེམ་རྣམས་པར་འཇིག་པ་ཞེས་ཀྱང་བྱའོ།། ལས་ཀྱི་སྒྲིབ་པ་འཇོམས་པ་ཞེས་ཀྱང་བྱའོ།། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་ཀྱང་བྱའོ།། སེམས་ཀྱི་རྗེས་སུ་མཐུན་པར ་དབང་བ་ཞེས་ཀྱང་བྱའོ། ། ས་གོང་མར་མྱུར་དུ་ངེས་པར་རྟོགས་པར་བྱེད་པ་ཞེས་ཀྱང་བྱ་སྟེ། ཀུན་དགའ་བོ་དེ་ལྟར་ཟུང་ཞིག། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། ་བཙུན་པ་བཅོམ་ལྡན་འདས་གང་སྙིང་པོ་དྲང་པོ་འདི་སྟོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་མོ་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན ་རས་གཟིགས་དབང་ཕྱུག་ཅེས་བྱའོ། ། མདོ་འཛིན་པ་ཞེས་ཀྱང་བྱའོ།། འོད་ཟེར་དང་། མིག་དང་། ལག་པ་སྟོང་ཡོད་པ་ཞེས་ཀྱང་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང ་ཕྱུག་དེའི་རྫུ་འཕྲུལ་གྱི་མཐུ་ནི་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་བོ། ། འདི་ནི་འདས་པའི་བསྐལ་པ་དཔག་ཏུ་མེད་པའི་སྔ་ལོགས་སུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་སྣང་བའི་སངས་རྒྱས་བཅོམ ་ལྡན་འདས་ཞེས་བྱའོ། ། དེ་ནི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་དབང་གིས་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་འདིར་བྱང་ཆུབ་སེམས་དཔའི་གཟུགས་སུ་སྣང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་དང་། མི་མཇེད ་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཀླུའི་འཁོར་དང་། ཁྱེད་ཐམས་ཅད་ཀྱིས་དེ་ལ་མཆོད་པ་གྱིས་ཤིག། དེ་ལ་བརྙས་པར་མ་བྱེད་ཅིག། ལྷ་དང་མི་ཐམས་ཅད་ཀྱིས་རྟག ་ཏུ་མཆོད་པ་གྱིས་ཤིག། མིང་ཡང་རྗོད་ཅིག་དང་། དགེ་བའི་རྩ་བ་སྐྱེ་ཞིང་སྡིག་པ་དུ་མའང་འབྱང་བར་འགྱུར་རོ།། ལུས་ཞིག་སྟེ་ཤི་བའི་འོག་ཏུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག ་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བ་འཛིན་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སུ་ནོར་བུ་དང་། འབྲུ་དང་། རིན་པོ་ཆེ་དང་། ཡོ་བྱད ་འདོད་པ་དེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ནད་སྣ་ཚོགས་ཀྱིས་བཏབ་སྟེ། ནད་མེད་པར་འདོད་པ་དེས་དོན་ཡོད་པའི་ཞག་པ་ཐོགས་པའི་ལག་པ་ལ་བལྟས་ཏེ ་འདུག་པར་བྱའོ། ། སུ་ལྟོ་ན་པ་དེས་རིན་པོ་ཆེའི་ལྷུང་བཟེད་ཐོགས་པའི་ལག་པ་ལ་བལྟས་ཏེ་བསམ་པར་བྱའོ།། སུ་འབྱུང་པོ་རྣམས་དང་བགེགས་བྱེད་པའི་ལྷ་ལ་སོགས་པ་གདུལ་བར་འདོད་པ་དེས་རིན་པོ་ཆེའི་རལ་གྲི་ཐོག་པའི་ལག་པ ་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་འདོད་པའི་དབང་ཕྱུག་བདུད་འདུལ་བར་འདོད་པ་དེས་རྡོ་རྗེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་དགྲ་ཚར་གཅོད་པར་འདོད་པ་དེས་རྡོ་རྗེ་ཅན་གྱི་གཏུན་ཤིང ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཐམས་ཅད་དུ་འཇིགས་པར་གྱུར་ཏེ་བདེ་བ་མ་ཐོབ་པ་དེས་མི་འཇིགས་པ་སྦྱིན་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་མིག་ན་ཞིང་མཐོང་བ་ཉམས་པ ་དེས་ནོར་བུ་རིན་པོ་ཆེ་མེ་ཤེལ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཚ་བའི་ནད་ཀྱིས་བཏབ་པ་དང་དུག་འཐུངས་པ་དེས་ནོར་བུ་རིན་པོ་ཆེ་ཆུ་ཤེལ་ཐོགས་པའི་ལག་པ་ལ་བལྟ་བར་བྱའོ།། སུ་བདག་པོ ་དང་། རྙེད་པ་དང་། གོ་བ་ཕང་འདོད་པ་དེས་རིན་པོ་ཆེའི་གཞུ་ཐོགས་པའི་ལག་པ་ལ་བསམ་པར་བྱའོ།། སུ་གྲོགས་པོ་སྡུག་པ་མྱུར་དུ་ཕྲད་པར་འདོད་པ་དེས་རིན་པོ་ཆེའི་མདའ་ཐོགས་པའི་ལག་པ་ལ་དམིགས་པར་བྱའོ།། ་སུ་ལུས་ལ་ནད་སྣ་ཚོགས་ཀྱིས་བཏབ་པ་དེས་མེ་ཏོག་གི་སྙེ་མ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་ལུས་ལ་ལས་ཀྱི་སྒྲིབ་པའི་སྡིག་པ་རྣམས་ཟད་པར་འདོད་པ་དེས་རྔ་ཡབ་དཀར་པོ་ཐོགས་པའི ་ལག་པ་ལ་བལྟ་བར་བྱའོ། ། སུ་ཉེ་དུ་དང་། གཉེན་འདབ་དང་། བུ་དང་། ཆུང་མ་རྣམས་དང་སེམས་མཐུན་པར་འདོད་པ་དེས་རིལ་བ་བིང་གར་ཐོགས་པའི་ལག་པ་ལ་བལྟ་བར་བྱའོ།། སུ་སྟག་དང་། སྤྱང་ཀི་དང་།། ་གཅན་གཟན་མ་རུངས་པ་སྤོང་བར་འདོད་པ་དེས་ཕུབ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་ཕྱོགས་ཐམས་ཅད་དུ་དབང་ཕྱུག་རྣམས་ཀྱིས་གླགས་ལྟ་བ་ཡོངས་སུ་སྤོང་བར་འདོད་པ་དེས་དགྲ་སྟ ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཁྱེའུ་དང་། བུ་མོ་དང་། བཀོལ་བར་འདོད་པ་དེས་སོར་མོ་ལ་རི་ཐོགས་པའི་ཕྱག་རྒྱབ་ལེག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་བསོད་ནམས་དང་དགེ་བ་སྣ ་ཆོགས་བྱེད་མི་ནུས་པ་དེས་པདྨ་དཀར་པོ་ཐོགས་པའི་ལག་པ་ལ་བལྟས་ཏེ་འཇུག་པར་བྱའོ། ། སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འདོད་པ་དེས་པདྨ་སྔོན་པོ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་ཡེ་ཤེས ་ཆེན་པོ་ཐོབ་པར་འདོད་པ་དེས་རིན་པོ་ཆེའི་མེ་ལོང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཕྱོགས་བཅུའི་སངས་རྒྱས་མངོན་སུམ་དུ་མཐོང་བར་འདོད་པ་དེས་པདྨ་ཐོགས་པའི་ལག་པ་ལ ་བལྟས་ཏེ་འདུག་པར་བྱའོ། ། སུ་སའི་འོག་གི་གཏེར་རྣམས་ཐོབ་པར་འདོད་པ་ངེས་རིན་པོ་ཆེའི་ཟ་མ་ཏོག་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་དྲང་སྲོང་གི་ལམ་ཚོལ་བར་འདོད་པ་དེས་ཚོན་སྣ་ལྔའི་སྤྲིན་ཐོགས་པའི ་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཚངས་རིག་ཀྱི་ལྷའི་ནང་དུ་སྐྱེ་བར་འདོད་པ་དེས་རིལ་བ་སྤྱི་བླུགས་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་ལྷའི་ནང་དུ་སྐྱེ་བར་འདོད་པ་དེས་མེའི་མདོག་ལྟ་བུའི་པདྨ་ཐོགས ་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཡུལ་གཞན་གྱི་དགྲ་ཕྱིར་ཕྱོགས་པར་འདོད་པ་ངེས་རིན་པོ་ཆེའི་མདུང་རྩེ་གསུམ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་ལྷ་དག་དང་། ལྷ་དང་། ཡོངས ་སུ་སྐྱོང་བ་ཐམས་ཅད་དགུག་པར་འདོད་པ་དེས་དུང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ལྷ་རྣམས་དང་འབྱུང་པོ་རྣམས་ལ་བསྒོ་ང་བྱེད་པར་འདོད་པ་དེས་ཁྲིའི་ཟུར་ཤིང་ལྟ་བུ་ཐོགས་པའི་ལག་པ་ལ་བལྟས ་ཏེ་འདུག་པར་བྱའོ། ། སུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མྱུར་དུ་ལུང་བསྟན་པར་འདོད་པ་དེས་བགྲང་བའི་ནོར་བུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་སྐད་སྙན ་ཅིང་ཚངས་པའི་སྒྲ་ལྟ་བུ་འདོད་པ་དེས་རིན་པོ་ཆེའི་དྲིལ་བུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་དོགས་པ་ཐམས་ཅད་དག་པར་འདོད་པ་དང་། ལྕེ་བདེ་བ་དང་། མཁས་པར་འདོད་པ་དེས་ཕྱག་རྒྱ ་རིན་པོ་ཆེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ལྷ་རྣམས་དང་། ཀླུ་རྣམས་དང་། རྒྱལ་པོ་རྣམས་ཀྱིས་ཡོངས་སུ་སྲུང་བར་འདོད་པ་དེས་ལྕགས་ཀྱུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། ་སུ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པར་འདོད་པ་དེས་འཁར་གསིལ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་སེམས་ཅན་ཐམས་ཅད་ཀྱིས་བསྟི་སྟང་བྱ་བ་དང་དྲན་པར་འདོད་པ་དེས་ཐལ་མོ ་སྦྱར་བའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཚེ་རབས་ཚེ་རབས་སུ་སངས་རྒྱས་དང་མི་འབྲལ་བར་འདོད་པ་དེས་སངས་རྒྱས་ཀྱིས་སྤྲུལ་པ་ཐོགས་པའི་ལག་པ་ལ་བསྟས་ཏེ་འདུག་པར་བྱའོ།། སུ་སྐྱེ་ཞིང་སྐྱེ་བ་ན་སངས ་རྒྱས་རྒྱལ་པོའི་གནས་དང་ཁང་བཟངས་སུ་སྐྱེ་ཞིང་། མའི་མངལ་དུ་མི་སྐྱེ་བར་འདོད་པ་དེས་སྤྲུལ་པའི་གཞལ་མེད་ཁང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་མང་དུ་ཉན་པ་དང་མང་དུ་སློབ་པར་འདོད་པ་ངེས ་གླེགས་པ་མ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཆེ་འདི་ནས་བཟུང་སྟེ་སངས་རྒྱས་ཉིད་ཀྱི་བར་དུ་ཡིད་མི་ལྡོག་པར་འདོད་པ་ངེས་འཁོར་ལོ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ།། སུ་མི་འཇིག ་པ་ལ་སོགས་པ་སྦྱིན་པ་རྣམ་པ་བཞིས་འགྲོ་བ་ཚིམ་པར་འདོད་པས་མཆོག་སྦྱིན་པའི་ཕྱག་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱུར་དུ་བྱོན་ཏེ། ཕྱག་གིས་མགོ་ལ ་ཉུག་ཅིང་ལུང་སྟོན་པར་འདོད་པ་དེས་མགོ་ལ་སངས་རྒྱས་སྤྲུལ་པ་བཞུགས་པ་ལ་བལྟས་ཏེ་འདུག་པར་བྱའོ། ། སུ་འབྲུ་དང་འབྲས་བུ་ལ་སོགས་པ་བཏབ་ཅིང་བསྐྱེད་པ་རྣམས་ཕུན་སུམ་ཚོགས་པར་འགྱུར་བར་འདོད ་པ་དེས་རྒུན་གྱི་སྙེ་མ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། ། དེ་ལ་སོགས་པ་འདོད་པའི་དངོས་པོ་རྣམས་རྣམ་པ་སྟོང་དུ་རིག་པར་བྱ་སྟེ། མདོ་ཙམ་ཞིག་བསྟན་པ་ཡིན་ནོ།། ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྙིང་པོ་འདི་ཅི་ནས་འཛམ་བུའི་གླིང་འདིར་རྒྱུན་མི་འཆད་པར་འགྱུར་བར་དགེ་བའི་སེམས་ཀྱིས་ཟུང་ཞིག། ལོང ་ཞིག། རྒྱས་པར་སྟོན་ཅིག། དེ་ལྟར་ན་སྙིང་པོ་འདི་དོན་ཆེན་པོ་བྱེད་པ་ཡིན་ནོ།། ཁམས་གསུམ་ན་སེམས་ཅན་ཇི་སྙེད་འཁོད་པའི་ལུས་ལ་ནད་གང་དག་ཡོད་པ་དེ་གལ་ཏེ་གསང་སྔགས་འདིས་གསོ་བར་བྱེད་ན། ནང ་མེད་པར་མི་འགྱུར་བ་དེ་གང་ཡང་མེད་དོ། ། སྙིང་པོ་འདིས་ཤིང་སྐམ་པོ་ལ་བཟླས་བརྗོད་བྱས་ན་དེ་ལ་ཡལ་ག་དང་། མེ་ཏོག་གི་སྙེམ་དང་། ལོ་མ་དང་། འབྲས་བུ་རྣམས་འབྱུང་བར་འགྱུར་ན། སེམས་ཡོད་པའི ་སེམས་ཅན་བདེ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ལ་ཐེ་ཚོམ་ཟ་བར་མི་བྱའོ།། ཀུན་དགའ་བོ་སྙིང་པོ་འདིའི་མཐུ་སྟོབས་ནི་བརྟག་པར་མི་ནུས་ཤིང་བསམ་གྱིས་མི་ཁྱབ་སྟེ། དེ་བས་ན་ཡོན་ཏན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ཏོ།། ་སྔོན་གྱི་དུས་དག་ན་དགེ་བའི་རྩ་བ་མ་སྐྱེས་པས་ནི་མིང་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས། ཁྱོད་ལ་སོགས་པའི་འཁོར་ཆེན་པོ་འདི་དང་། ལྷ་དང་། ཀླུ་དང་། མི་རྣམས་ཀྱིས་སྙིང་པོ་འདི་ལ་རྗེས་སུ་ཡི་རང་བར ་བྱའོ། ། གང་གིས་ཐོས་ལ་སྤོང་བ་དེས་ནི་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤོང་བར་འགྱུར་རོ།། སུ་ཞིག་སྙིང་པོ་འདི་ལ་ཐེ་ཚོམ་སྐྱེད་ཅིང་ཡིད་མི་ཆེས ་པའི་མོ་དེ་ནི། ཡུན་རིང་པོ་ནས་རྙེད་པ་ལས་རབ་ཏུ་ཉམས་ནས་བསྐལ་པ་ཆེན་པོ་བརྒྱད་སྟོང་དུ་ངན་འགྲོ་རྣམས་སུ་འཁྱབ་པར་འགྱུར་བ་དང་། མངོན་པར་འབྱུང་བ་མི་འཐོབ་པ་དང་། རྟག་ཏུ་སངས་རྒྱས་མི་མཐོང ་པབ་དང་། ཆོས་མི་ཐོས་པ་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་རྣམས་མི་མཐོང་བར་ཤེས་པར་བྱའོ།། དེ་ནས་ལག་ན་རྡོ་རྗེ་ལ་སོགས་པ་འཁོར་ཆེན་པོ་དེ་དང་། བརྒྱ་བྱིན ་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། འབྱུང་པོ་གནས་པ་རྣམས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདིའི་བསྔགས་པ་བརྗོད་པ་ཐོས་ནས་ཐམས་ཅད་རབ་ཏུ་དགའ་སྟེ། ་བཀའ་བཞིན་དུ་འཛིན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་ཉི་འོད་ཀྱིས་རིག་སྔགས་དེ་སྲུང་བའི་ཕྱིར་གསང་སྔགས་འདི་སྨྲས་སོ།། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ།། སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ།། ་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ།། གསུམ་ལ་རྟག་ཏུ་ཕྱག་འཚལ་ལོ།། སུས་ཚིགས་སུ་བཅད་པ་འདི་བརྗོད་ན། དེ་སྡིག་པ་ཐམས་ཅད་འབྱང་བར་འགྱུར་རོ།། བགེགས་བྱེད་པ་བདུད་དང་མི་ཕྲད་པར་འགྱུར་རོ།། ་ཡམས་ཀྱི་ནད་རྣམས་ཞི་བར་འགྱུར་རོ།། ཉིན་གཅིག་ལ་དུས་གསུམ་དུ་བརྗོད་ཅིང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ན། དགེ་བའི་རྩ་བ་དེས་ཚེ་རབས་གཞན་ན་གཟུགས་དང་ལྡན་པར་སྐྱེ་བར་འགྱུར་རོ།། ་སེམས་ཅན་རྣམས་དགའ་བར་འགྱུར་རོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ཟླ་འོད་ཀྱིས་རིག་སྔགས་འཆང་དེ་སྲུང་བའི་ཕྱིར་གསང་སྔགས་འདི་སྨྲས་སོ།། ཤ་མ་ཏ་ཏེ་ཏུ་སུ་ཏེ། ཨ་ཛྙཱ་བ་ཏེ། ཨུ་ཏུ་ཏེ། ཤཾཝི ་སྟེ། པ་རྨ་ནྱ་ཏེ། ཨ་ཏུ་ཊེ། ཀུ་ལ་ཏ་ཏེ། ཁི་མ་ཊེ་སྭཱཧཱ། གསང་སྔགས་འདི་ནི་ཞལ་ནས་གསུངས་པའོ།། གསང་སྔགས་འདི་ལན་ལྔ་བཟླས་བརྗོད་བྱས་ལ། ཚོན་སྣ་བདུན ་པའི་སྐུད་པས་བཅིང་བ་བྱ་སྟེ། གསང་སྔགས་འཆང་གང་དུ་ན་བར་གྱུར་པ་དེར་བཅིང་བར་བྱའོ།། གསང་སྔགས་འདི་ནི་སྔོན་གྱི་སངས་རྒྱས་གངྒཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ཀྱིས་གསུངས་ཏེ། བདག་གིས་ཀྱང ་ད་རིག་སྔགས་འཆང་རྣམས་སྲུང་བའི་ཕྱིར་སྨྲས་སོ། ། བགེགས་དང་ཡམས་ཀྱི་ནད་ཐམས་ཅད་ཞི་བར་བྱེད་དོ།། སྡིག་པ་ཐམས་ཅད་དང་ནད་ཐམས་ཅད་བྱང་བར་བྱེད་དོ།། འཇིགས་པ་ཐམས་ཅད་དང་བྲལ ་བར་འགྱུར་རོ། ། དགེ་བ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་སྤྱན་རས་གཟིགས ་དབང་ཕྱུག་གིས་སྨྲས་པའི་གསང་སྔགས་འདི་ནི་དེ་བཞིན་ནོ། ། མ་ནོར་བ་དེ་བཞིན་ནོ།། དོན་ཡོད་པའོ།། སུ་བྱང་ཆུབ་སེམས་དཔའ་འགུགས་པར་འདོད་པ་དེས་གུ་གུལ་གྱི་བདུག་པ་ལ་ལན་ཉི་ཤུ་རྩ་གཅིག ་བཟླས་བརྗོད་བྱས་ཏེ་བསྲེགས་ན། བྱང་ཆུབ་སེམས་དཔའ་དེར་འོང་བར་འགྱུར་རོ།། སུ་ཞིག་བྱི་ལའི་གདོན་གྱིས་ཟིན་པར་གྱུར་ན་བྱི་ལའི་མགོ་རུས་བླངས་ཏེ་བསྲེགས་ལ། ས་གཙང་མ་དང་ཐལ་བ་ཞིབ་མོ་དང ་བསྲེས་ཏེ་ཆུས་སྦྲུས་ལ་བྱི་ལའི་གཟུགས་བྱས་ཏེ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ཨུར་མོའི་རལ་གྲིལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། རལ་གྲི་ངེས་བྱི་ལའི་གཟུགས་དེ་བརྒྱ་རྩ་བརྒྱད་དུ ་གཏུབས་ལ་དུམ་བུ་རེ་རེ་ལའང་ལན་རེ་བ་ཟླས་བརྗོད་བྱས་ཤིང་མིང་ནས་ཀྱང་བརྗོད་ན། ཇི་སྲིད་འཚོ་བའི་བར་དུ་མི་ལྡང་པོ།། སུ་ཞིག་ཧ་ལ་ཧ་ལའི་དུག་ཟོས་ན་དེས་གུ་གུལ་གྱི་བདུག་པ་དང་ག་པུར་ཆ་བསྙམས་ཏེ་ཁྲོན ་པའི་ཆུ་ལྷག་མར་མ་གྱུར་པ་དང་། བསྐོལ་བ་ཁྱོར་གང་ཙམ་ལུས་པ་དང་། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་འཐུངས་ན་དུག་ལས་སོས་པར་འགྱུར་རོ།། ་སུ་ཞིག་སྦྲུལ་དང་སྲོག་ཆགས་ཨུ་ཙི་ལིང་གས་ཟིན་པར་གྱུར་ན། ལྒ་ཕྱེ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་རྨ་ཁར་བཏབ་ན་སོས་པར་འགྱུར་རོ།། སུ་ཞིག་སྡིག་པའི་འཆི་བ་དང་སྐུར་པ་འདེབས་པས་མི་གཞན་ལ ་འཚེ་ན། དེས་ས་གཙང་མ་འམ། བག་ཕྱེ་བ་མ། སྤྲ་ཚིལ་ལས་དེའི་གཟུངས་བྱས་ལ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ཨུར་མོའི་རིལ་གྲི་ལ་ལན་བརྒྱ་རྩ་བརྒྱད་དུས་གཅིག་ཏུ་བཟླས་བརྗོད ་བྱས་ཏེ། སྙིང་པོ་བརྗོད་ལ་དུམ་བུར་གཏུབས་ཏེ། དེའི་མིང་ནས་བརྗོད་ཅིང་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དགའ་བར་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་མཛའ་བར་འགྱུར་རོ།། སུ་ཞིག་མིག་ཉམས་ཏེ་སྡོངས ་པའི་བར་དུ་གྱུར་པ་དང་། སུ་ཞིག་མིག་གི་འབྲས་བུའི་སྟེང་དུ་ལིང་ཐོག་བྱུང་བ་དང་། མིག་རུ་སྐྱེས་ཏེ་མི་མཐོང་བར་གྱུར་པ་དེས་ཨ་རུ་ར་གཅིག་དང་། བ་རུ་ར་གཅིག་དང་། སྐྱུ་རུ་ར་གཅིག་ཞིབ་ཏུ་བཏགས་ལ་སྦྲང་རྩི་དཀར ་བོ་དང་། ཁྱེའུ་ནུ་བའི་འོ་མ་དང་སྦྱར་བར་བྱ་སྟེ། སྦྱོར་བའི་ཚེ་སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་། བུ་གསར་དུ་བཙས་པའི་བུད་མེད་དང་། ཁྱི་དང་། ཕག་གིས་མ་མཐོང་བར་བྱས་ལ་རིལ་བུར་བྱས་ཏེ། ་བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། གནས་དབེན་པ་རླུང་མི་འོང་བར་འདུག་སྟེ། ཉི་མ་བདུན་གྱི་བར་དུ་སྨན་དེ་མའི་འོ་མ་དང ་སྦྲང་རྩི་དང་བརྡར་བ་མིག་ཏུ་བླུགས་ན། མིག་གི་འབྲས་བུ་སྐྱེའོ།། ལིང་ཐོག་མེད་པར་འགྱུར་ཞིང་ལེགས་པར་མཐོང་བར་འགྱུར་རོ།། སུ་གྲང་བའི་རིམས་ཀྱིས་བཏབ་པའི་ཆེད་དུ་སྟག་ལྤགས་སམ། གཟིག ་ལྤགས་སམ། དྲེད་ལྤགས་སམ། དོམ་ལྤགས་སམ། སྤྱང་ལྤགས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། གྲང་བའི་རིམས་ཀྱིས་བཏབ་པ་ལ་བསྐོན་ན་རིམས་སོས་པར་འགྱུར་རོ།། སེང་གེའི་པགས ་པབ་ནི་ཐམས་ཅད་ཀྱི་མཆོག་གོ། ། གལ་ཏེ་སྦྲུལ་གྱིས་ཟིན་ན་མི་དེ་ཉིད་ཀྱི་སྒྲ་བཅད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། དུག་གི་རྨ་ཁར་བཞག་ན་སོས་པར་འགྱུར་རོ།། སུ་ཞིག་སྙིང་ན་ཞིང་མི་དྲན་ནམ་འཆི་འདོད ་པར་འགྱུར་ན། ཤིང་སླེ་མ་ཏ་ཀའི་ཐེང་ཆུ་སྟར་ཀ་ཙམ་ཆུ་གཙང་མ་དང་བསྐོལ་ཏེ་ཕྱེད་དུ་བ་དང་ལན་བདུན་བཟླས་བརྗོད་བྱས་ལ་འཐུངས་ན་ཐམས་ཅད་བདེ་བར་འགྱུར་རོ།། བུད་མེད་ཀྱིས་བསྐོལ་བར་མི་བྱའོ།། སུ ་ཞིག་འབྱུང་པོའི་གདོན་གྱིས་ཟིན་ཏམ། མི་མ་ཡིན་པས་བཏབ་པའི་ནད་ཀྱིས་བཏབ་པར་གྱུར་ན། གུ་གུལ་གྱི་བདུག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་སྣར་བླུགས་སོ།། ཡང་ན་རི་བོང་གི་རྟུག་པ ་ཙམ་གྱི་རིལ་བུར་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བཟའའོ། ། ཤ་དང་། ཆང་དང་། སྒོག་པ་དང་། འཐབ་མོ་སྤང་ངོ་།། འོན་ཏང་སོས་པར་འགྱུར་རོ།། ཡང་ན་ལྡོང་རོས་དང་། ཡུངས ་ཀར་དང་། ལན་ཚྭ་དཀར་པོ་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། ནད་པའི་མལ་གྱི་འོག་ནས་བདུགས་ན། ནད་གཏོང་བའི་འབྱུང་པོ་མྱུར་དུ་འབྲོས་ཏེ། ལུས་འཇིག་ཅིང་དེར་འདུག་མི་ནུས་པར ་འགྱུར་རོ། ། གལ་ཏེ་གཞོགས་ཕྱེད་ནའམ། གཞོགས་ཕྱེད་ཉམས་སམ། རྣ་བ་འོ་ན་ནམ། རྐང་ལག་འགུལ་མི་ནུས་པར་གྱུར་ན། ཏིལ་མར་གྱི་ནང་དུ་རུ་རྟ་བཙོས་ལ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བསྐུས ་ན་སོས་པར་འགྱུར་རོ། ། ཡང་ན་བ་མར་གཅིག་པུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བསྐུས་ན་སོས་པར་འགྱུར་རོ།། བུད་མེད་ལ་ལ་ཞིག་བུ་འབྱུང་ཤིན་ཏུ་དཀའ་ན། ཏིལ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས ་བརྗོད་བྱས་ཏེ། ལྟོ་བ་འམ་ལྟེ་བར་བསྐུས་ན་མྱུར་དུ་འབྱུང་ངོ་།། གང་གི་མངལ་དུ་བུ་འཚོན་ཤིང་ཨ་བ་མརྒ་སྲང་གཅིག་ཆུ་ཁྱོདར་དོའི་ནང་དུ་བསྐོལ་ལ་ཕྱེད་ལུས་པ་དང་། དེ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་འཐུང ་ན། གནོད་པ་མེད་པར་འབྱུང་བར་འགྱུར་རོ།། ཤ་མོ་མི་འབྱུང་ནའང་སྨན་དེ་ལ་བཟླས་བརྗོད་བྱའོ།། ལ་ལ་ཞིག་ཤི་ལ་ཐུག་པ་ཙམ་དུ་སྙིང་ན་སྟེ་བརྣགས་མི་བཟོད་ན། དུ་རུ་ཀ་དང་དབྱི་མོ་ཆ་བསྙམས་ཏེ་བསྲེས་ལ་ལན ་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་སོ་ལ་བསྐུ་ཞིང་མིད་ལ་སྐྱུགས་སྐྱུགས་ཀྱི་བར་དུ་བྱས་ན་སོས་པར་འགྱུར་རོ། ། སྒོག་པ་རྣམ་དགུ་དང་། ཤ་དང་། ཆང་སྤང་བར་བྱའོ།། མེས་ཚིག་ན་བ་ནག་མོའི་ལྕི་བ་དྲོན་མོ་ལ་ལན ་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། རྨ་ཁར་གླན་ན་སོས་པར་འགྱུར་རོ།། ལ་ལ་ཞིག་སྲོག་ཆགས་རིང་པོ་སྙིང་ལ་ཟ་ན། རྟ་དཀར་པོའི་གཅིན་ཁྱོད་ཕྱེད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་འཐུངས་ན ་སྲོག་ཆགས་དེ་འབྱུང་ངོ་། ། གལ་ཏེ་ན་ཚབས་ཆེན་ཁྱོར་གང་འཐུངས་ན་སྲོག་ཆགས་ཐག་པ་སྲིད་འབྱུང་ངོ་།། གལ་ཏེ་འབྲས་དྲག་པོ་བྱུང་ན་རམས་ཀྱི་ལོ་མ་བརྡུངས་ཏེ་ཁུ་བ་བཙིར་ལ་དེ་ལ ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་བརྗོད་བྱས་ཏེ་རྨ་ཁར་གཏོར་ན་རྩ་བ་དང་བཅས་ཏེ་འབྱུང་ངོ་། ། ལ་ལ་ཞིག་མིག་ལ་སྦྲང་བུས་ཟོས་པར་གྱུར་ན། བོང་བུའི་རྟུག་པ་གསར་དུ་བྱུང་བ་བཙིར་ཏེ། ཁུ་བ་ལ་ལན་ཉི་ཤུ་རྩ ་གཅིག་ཏུ་བཟླས་བརྗོད་བྱས་ཏེ། དགོངས་སུ་ཉལ་ཀ་ར་མིག་ཏུ་བླུགས་ན་སོས་པར་འགྱུར་རོ།། ལ་ལ་ཞིག་ལྟོ་བ་ན་ན་ཁྲོན་པའི་ཆུ་ལྷག་མར་མ་གྱུར་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་ནང་དུ་ལན ་ཚྭ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་བཏབ་སྟེ། ཁྱོར་ཕྱེད་འཐུངས་ན་སོས་པར་འགྱུར་རོ།། སུའི་མིག་ལ་མིག་ནག་ཆགས་སམ། རབ་རིབ་བམ། རྩ་དམར་བར་གྱུར་ན། ཤིང་ཤམ ་མྱ་ཀའི་ལོ་མ་བཙིར་ཏེ། དེའི་ཁུ་བ་ལ་ལན་བདུན་བཟླས་བརྗོད་བྱས་ལ་ནང་དུ་འགྲོན་བུ་བཅུག་སྟེ། ཞག་གཅིག་བཞག་ལ་ནང་པར་ཡང་ལན་བདུན་བཟླས་བརྗོད་བུས་ཏེ་མིག་ཏུ་བླུགས་ན་ཕན་ནོ།། སུ་ཞིག་མཚན་མོ ་འཇིགས་ཤིང་མི་བདེ་ལ་སྐྲག་ན། སྐུད་པ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བསླུས་བརྗོད་བྱས་ཏེ། མདུད་པ་ཉི་ཤུ་རྩ་གཅིག་བོར་ལ་མགུལ་དུ་བཏགས་ན་འཇིགས་པར་མི་འགྱུར་རོ།། ལས་རྣམས་ཀྱང་བྱང་བར་འགྱུར་རོ།། ་ཞིག་ཏུ་གློ་བུར་དུ་གནོད་པ་དག་བྱུང་ན། བལ་པོ་སེའུའི་ཤིང་གི་ལྕུག་མ་སོར་གཉིས་ཀྱི་ཚད་དུ་གཏུབས་པ་སྟོང་རྩ་བརྒྱད་བྱས་ལ། བམར་དང་། ཞོ་དང་། སྦྲང་རྩི་སྣོད་གཅིག་ཏུ་བླུགས་པ་དྲུང་དུ་བཞག་སྟེ། ལྕུག་མའི ་དུམ་བུ་གཅིག་བླངས་ལ་ལན་ཅིག་བསྔགས་ཏེ། རྩེ་མོ་གཉིས་མར་དུ་བསྙུགས་ལ་སྲེག་གོ།། དེ་བཞིན་དུ་ལྕུག་མའི་དུམ་བུ་ཐམས་ཅད་བསྲེག་ན། ཡམས་ཀྱི་ནད་ཐམས་ཅད་མེད་པར་འགྱུར་རོ།། ལས་འདི་ནི་སངས ་རྒྱས་ཀྱི་སྤྱན་སྔར་བྱའོ། ། ཤུ་དག་དཀར་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དཔུང་པ་གཡས་པར་ཐོགས་ན་འཐབ་མོའམ། འགྱེད་པའི་ཚེ་རྒྱལ་བར་འགྱུར་རོ།། ཤིང་ཤམ་མྱ་ཀའི་ལོ་མ་དང ་བཅས་པ་སོར་གཉིས་ཀྱི་ཚད་དུ་གཏུབས་ལ་ཆོ་ག་གོང་མ་བཞིན་དུ་སྦྱིན་སྲེག་བྱའོ། ། ཉི་མ་གཅིག་ལ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱའོ།། གལ་ཏེ་ཉི་མ་བདུན་དུ་དེ་བཞིན་བྱས་ན་དངོས་གྲུབ་འཐོབ་བོ།། ་འཕགས་པའི་ལམ་ཡང་སྐྱེའོ།། གལ་ཏེ་འབྱུང་པོ་རྫུ་འཕྲུལ་ཆེན་པོ་ལས་རྒྱལ་བར་འདོད་ན་ལུང་ཏང་གི་ཤིང་ལ་ལན་བཞི་བཅུ་རྩ་དགུ་བཟླས་བརྗོད་བྱས་ལ་བ་མར་དང་། ཞོ་དང་། སྦྲང་རྩི་དང་སྦྱིན་སྲེག་བྱས་ཏེ། བྱང ་ཆུབ་སེམས་དཔའི་མདུན་དུ་བྱའོ། ། གླང་དཀར་པོའི་གཽའུ་ཝང་སྲང་གཅིག་མཐིང་བུའི་སྣོད་དུ་བཅུག་ལ། བྱང་ཆུབ་སེམས་དཔའི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། ཡན་ལག་རྣམས་བསྐུས་ལ་དཔྲལ ་བར་ཐིག་ལེ་བྱས་ན། འབྱུང་པོ་དང་མི་ཐམས་ཅད་དགའ་བར་འགྱུར་རོ།། གང་དག་ཉེས་བྱུང་སྟེ་ལྕགས་སྒྲོག་དང་ཤིང་སྒྲོག་ཏུ་བཅུག་ན། ཕུག་རོན་གྱི་རྟུག་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་ལག་པ་ལའང ་བསྐུའོ། ། ལྕགས་སྒྲོག་དང་ཤིང་སྒྲོག་ལའང་རེག་པར་བྱས་ན་ཐར་པར་འགྱུར་རོ།། གལ་ཏེ་ཁྱོ་ཤུག་མེ་དང་ཆུ་ལྟར་མི་མཐུན་པར་གྱུར་ན། བྱང་ཆུབ་སེམས་དཔའི་མདུན་དུ་ངུར་པའི་མཇུག་སྒྲོ་ལ་ལན ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་ལུས་ལ་ཐོགས་ན་ཇི་སྲིད་འཚོའི་བར་དུ་འདུམ་པར་འགྱུར་རོ། ། གལ་ཏེ་སྲོག་ཆགས་དག་ལོ་ཏོག་ཕུང་བར་བྱེད་ན། ཐལ་བ་གཙང་མའམ་བྱེ་མ་གཙང་མ་ལ་ལན ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། མེ་ཏོག་ཀུན་ཏུ་ག་ཏོར་ན། སྲོག་ཆགས་རྣམས་ཕྱིར་ལྡོག་པར་འགྱུར་རོ།། གལ་ཏེ་སྲོག་ཆགས་དག་ཤིང་ཐོག་ལ་ཟ་ན་ཚུལ་བཟླས་བརྗོད་བྱས་ཏེ་ཤིང་རྣམས་ལ་གཏོར་ན ་འབྲས་བུ་ལ་མི་ཟའོ། ། དེའི་ཚེ་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས ་བདག་ཚེ་རབས་སྔ་མའི་བསོད་ནམས་ཀྱི་རྒྱུས། བཅོམ་ལྡན་འདས་ཀྱིས་བདག་ལ་ཁྱོད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། བཅིང་བ་དང་འཇིགས་པ་ཐམས་ཅད་གཅོད་ནུས་པར་འགྱུར ་ཏེ། དེའི་མཐུས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྣམས་ལས་ཐར་བར་འགྱུར། ཞི་བ་དང་བདེ་བ་ཐོབ་པར་འགྱུར་རོ།། ཞེས་ལུང་བསྟན་པར་གྱུར་ཏོ།། མ་འོངས་པའི་དུས་ལྔ་བརྒྱ་པ་ཐ་མར་གྱུར་པ་ན་རིགས་ཀྱི ་དུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་སྙིང་པོ་ཆོས་ཀྱི་སྒོ་འདི་ཉིན་ལན་གསུམ་མཚན་ལན་གསུམ་འཛིན་ནུས་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ།། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འགྲུབ་པར་འགྱུར ་རོ། ། བདག་གིས་སངས་རྒྱས་ཀྱི་བཀའ་དྲིན་དྲན་པར་འགྱི་སྟེ། གྲོང་ཁྱེར་རམ། གྲོང་ངམ། གྲོང་རྡལ་ལམ། ནགས་ཚལ་གང་ན་རིག་སྔགས་འཆང་གནས་པ་ལ། གལ་ཏེ་དེན་གནས་པའི་འབྱུང་པོ་རྣམས་འཚ ་བར་བགྱིད་ན། བདག་རྟག་ཏུ་དེར་མཆི་ཞིང་ཀུན་ཏུ་བསྲུང་བར་བགྱི་སྟེ་ཡོངས་སུ་སྤོང་བར་མི་བགྱིད་དོ།། དེའི་ཚེ་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་སླང་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་སེམས་ཅན་ཕལ་ཆེར་རྙོག་པ་ཅན་དུ་འགྱུར་ཏེ། དགེ་བའི་རྩ་བ་ཆུང་ཞིང་རྟག་པར་རྒྱུན་དུ་དགེ་བའི ་ཕྱོགས་བགྱིད་མི་ནུས་པ་དང་། གལ་ཏེ་འཛིན་ནའང་དེའི་ཚེ་ལྷ་དང་འབྱུང་པོ་འཚེ་བར་འགྱུར་བས། བདག་གིས་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། བདེ་བ་དང་། ་ཞི་བར་བགྱིད་པའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་གཟུངས་འདིའི་ཆོ་ག་ད་བཤད་པར་བགྱིའོ།། བདག་གིས་ཀྱང་འདས་པའི་བསྐལ་པ་དུ་མར་གཟུངས་འདི་ལ ་མཆོད་པ་བགྱིས་སོ། ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་རྣམས་ཀྱིས་ཀྱང་གཟུངས་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱེད ་ཆུབ་བརྙེས་སོ། ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་རྟག་ཏུ་གཟུངས་འདི་འཛིན་ཅིང་འཆང་ན། དེའི་ཚེ་འདི་ཉིད་ལ་ཚིག་གི་རྒྱུན་ཐོགས་པ་མེད་པར་འགྱུར། དབང་པོ་རྣོ་ཞིང་མཁས་པར་འགྱུར། སྤོབས ་པབམྱུར་བར་འགྱུར། ལྷ་དང་མི་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ།། གང་སུའི་སྒྲ་དང་། ཚིགས་སུ་བཅད་པ་དང་། གྲགས་པབང་ཐོས་ཤིང་བདེ་བ་དང་དགའ་བར་ཡང་འགྱུར་རོ།། ཕྱག་བྱ་བའི་འོས་སུའང་འགྱུར་རོ།། ་གང་དང་གང་དུ་སྐྱེས་པར་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་མཐོང་བར་འགྱུར། ཚིག་ལའང་ཡིད་ཆེས་ཤིང་ཡིད་རྟོན་པར་འགྱུར་རོ།། དེའང་འདི་ལྟར་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་མཐུ་ལགས་པར་བགྱི་ཡོ། བདག་ཉིད་ཀྱི་ནི་མ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་ནས། ལེགས་སོ།། ་ཞེས་བྱ་བའང་བྱིན་ཏེ། ཁྱོད་ནི་ལྷ་དང་མི་ལ་སོགས་པ་ལ་ཕན་པ་དང་། བདེ་བ་དང་། ཞི་བས་ལས་ཀྱི་ལམ་ལ་སྦྱོར་བར་ནུས་སོ།། གལ་ཏེ་ཡུན་རིང་པོར་ཕྱིར་མི་ལྡོག་པ་ལྟ་ན། ད་ངས་ཡེ་ཤེས་ཀྱི་ཕྱག་རྒྱས་གདབ ་བོ། ། དེ་ནས་བཅོམ་ལྡན་འདས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་གིས་དྲན་པ་བདག་རི་གྲུ་འཛིན་ལ་གནས་ཤིང་། ་འདས་པའི་བསྐལ་པ་དུ་མར་གཟུངས་སྔགས་ཀྱི་ཆོས་ཀྱི་སྒོ་འདི་བརྗོད་དོ།། དེའི་ཚེ་བདུད་དེར་མཆིས་ཏེ། བདུད་དེས་འཁོར་བསྡུས་ནས། ཅི་ནས་ཀྱང་གསང་སྔགས་ཀྱི་གཞི་འདི་མོ་འགྲུབ་པར་བདག་གི་ཆོས ་དེ་ལ་མཐོ་བཙམ་པར་བརྩམས་པ་དང་། དེའི་ཚེ་བདག་གིསེ་གསང་སྔགས་ཀྱི་ཆོས་དེའི་ཆོ་གས་བདུད་ཕམ་པར་བགྱིས། རྣམ་པར་ཕམ་པར་བགྱིས་སོ།། གསང་སྔགས་འདིའི་མཐུ་ནི་བརྟག་མི ་ནུས་ཤིང་བསམ་གྱིས་མི་ཁྱབ་པར་རིག་པར་བགྱིའོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་འ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བ་ཐོབ་པར་བྱ་བའི་ཕྱིར་སྙིང་རྗེས ་རྩ་བའི་གསང་སྔགས་འདི་སྨྲས་སོ། ། ན་མཿསརྦ་ཛཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སིཏྭཱ་ཡ། ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་བྲཱིཔྟཱ་ཡ། བོ་དྷི་སཏྭཱ་ཡེ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བི་བུ་ལ། བི་མན་སུཔྲྀ་ཏིཥྛ་ཏ། ཨོཾ་སཽ་གྷཱ་ཡ། སཱུ་རྱ་ཤ་ཏ་ས་ཧ་སྲྀམ་ར ་ཨེ་ཀ། པྲ་བྷཱ་ཨ་བ་བྷཱི་ས་ཏ་མཱུརྟ་ཡེ། མ་ཧཱ་མ་ཎི་མུ་ཀུ་ཊ་ཀུཎྜ་ལ། ཨ་ལཾ་ཀཱ་ར་དྷཱ་རི་ཎེ། བྷ་ག་བ་ཏེ། པདྨ་པཱ་ཎ་ཡེ། སརྦ་ལོ་ཀ་ཨ་པ་ཤ་མ་ནཱ་ཡ། བི་བི་དྷ་མུ་ཁ་ས་མཱུ་བེ་ཤ། ཨ་བྷཥྤ་སརྦ་སཏྭཱ་པ ་རི་མོ་ཙ་ཀཱ་ཡ། ཏདྱ་ཐཱ། ཨོཾ་བྷཱ་ར་བྷུ་བ་སྭཱ་ཧཱ། མ་ཧཱ་ཨ་ལོ་ཀ་ཀ་ར་ཎ་ཏ་མེ་སྟི་མི་ར་པ་ཊ་ལ་ནཱ་ཤ་ཀ་རཱ་ག་དྭེ་ཥ་མོ་ཧ་ཛྭ་ལ་ཤ་མ་ཀ། ཤ་ས་ཀ། ས་མཱ་ཤྭཱ་ས་ན་ཀ་ར། རཀྵ་ཀ། སརྦ་ཨ་པཱ་ཡ་དུརྒ ་ཏི་པྲ་ཤ་མ་ན་ཀ་ར། སརྦ་སཏྭཱ་ས་མཱ་ཤྭཱ་ས་ན་ཀ་ར། སརྦ་སཱ་ཤཱ་པ་རི་པཱུ་ར་ཀ། སརྦ་ཏ་ཐཱ་ག་ཏཱ། ས་མ་པ་དཱ་ན་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་བོ་དྷི་སཏྭཱ་བ་ར་པདྨ་ཨཱ་ལོ་ཀ་སཾ་བྷུ་ཏ་མ་ཧཱ་ཀ་རུ་ཎི་ཀ། ཛ་ནཱ་མ་ཀུ་ཊཱ། ་ཨ་ལང་ཀྲྀ་ཊ། ཤི་རོ་མ་ཎི་ཀ་ན~ཾ་ཀ། རཱ་ཛ་ཏ་བཛྲེ་བཻ་ཌཱུརྻ་ཨ་ལང་ཀྲི་ཏེ། ཤི་རཱི་ར་ཨ་མི་ཏཱ་བྷཱཿནི་ཀ་མ་ལ། ཨ་ལང་ཀྲི་ཏི་པྲ་བྷ་ར་ཎཱ་ར་ཛ་ན་ཤ་ཏ་ས་ཧ་སྲ་ཨ་བྷི་ལ་ཥི་ཏཱ་ཀཱ་ཡ། མ་ཧཱ་བོ་དྷཱ་སཏྭ་ས་བ་ར་བ་ར་། ་དྷི་དྷ་མ་བི་དྷམ། བིནྡ་ཤ་ཡ། བནྡེག་ས། མ་ཐ་ལན་ཏྲ། ཀླེ་ཤ་ཀཥྚ་ཏ། ཨ་བ་བི་དྷ་བི་བི་དྷ་ས།། སངས་ར་ཙར་ཀ། བྲ་མ་ཐ་ན་ཀར། པྲ་མྲ་བདྡ། སུ་རུ་བརྟག། པྲ་མུ་སཱ་གར ་པུ་རུ་ཥ་སིད་ཧཱ། བཱི་ར་བཱ་ར་ཛ་སུ་དཿཏ་བ་རི་བྲྀ་ཏི། དྷ་མ་དྷམ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤ་ས་ཡ་པྲ་ཤ་ས་ཡ། གྷི་རི་གྷི་རི། བི་བི་རི་བི་བི་རི། ཙི་རི་ཙི་རི། སི་རི་སི་རི ་སུ་རུ་སུ་རུ། དྷི་རི་དྷི་རི། བི་དྷི་རི་དྷི་བྷི་དྷི་རི། བི་རི་དི་རི། མུ་རུ་མུརུ། མུ་ཁ་མུ་ཁ། མཱུ་ཡ་མུ་ཡ། མུརྞ་མུཉྩ། དྷུ་ན་དྷུ་ན། བི་དྷུན་བི་དྷུ་ན། དྷུ་རུ་དྷུ་རུ། གཱ་ཡ་གཱ་ཡ། གཱ་ཡ་གཱ་ཡ ་ག་དྷ་ཡ་ག་དྷ་ཡ། ས་ཧ་ས་ཧ། པྲ་ས་ཧ་པྲ་ས་ཧ། ནན་བི་བ~ཾ་དྷ་ཀླེ་ཤི་བཱ་ས་ན། ནན་བི་བི་དྷ་ཀླྀ་ཤི་བཱ་ས་ནཱ། ཧ་ར་ཧ་ར། སཾ་ཧ་ར་ས་ཧ་ར། དྷུ་རུ་ཏུ་དྷུ་རུ་ཏུ། མ་ཧཱ་མཎྜ་ལ་ཤ་ཏ་པྲ་སེ་ཀ། ཨ་བ་བྷཱ ་སི་ཏ་བི་བི་དྷ་བཱ་ས་ན་ཤ་མེ་ཀ། ཤ་ས་ཀ། རཀྵ་ཀ། མ་ཧཱ་བོ་དྷི་ས་ཏ་བ་ར་བ་ར་ད་སྭཱ་ཧཱ། གཟུངས་སྔགས་འདི་ནི་དེ་བཞིན་གཤེགས་པའི་པདྨའི་ཕྱག་གི་རྒྱན་གྱི་ཡུ་བ་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན ་འདས་ལྷ་དང་། ཀླུ་དང་། མིའམ་ཅི་དུ་མས་ཡོངས་སུ་བསྐོར་བས། རྡོ་རྗེ་ཆེན་པོ་དང་ལྡན་ཞིང་དགའ་བའི་རྒྱུ་ལས་བྱུང་བའི་ཁང་བཟངས་སུ་ཐམས་ཅད་ཀྱིས་མཆོག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ ་གསུངས་ཏེ། སྒྲིབ་པའི་རི་ཆེན་པོ་རྣམ་པར་འཇོམས་པའོ།། གང་ལ་ལ་ཞིག་གིས་མཉན་པ་དང་། བལྟ་བ་དང་། བཀླག་པ་དང་། བརྗོད་པ་ཐོབ་ན། མི་དེའི་ཉོན་མོངས་པའི་སྒྲིབ་པ་ཇི་སྙེད་མཆིས་པ་ཐམས ་ཅད་འབྱང་བར་འགྱུར་རོ། ། སུ་ཞིག་དད་པར་གུས་པས་སྔ་དྲོ་བརྗོད་ན། བྱང་ཆུབ་སེམས་དཔའ་བ་ཕགྲ་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་དེའི་སླད་བཞིན་འབྲང་ཞིང་སྲུང་བ་བགྱིད་དོ།། གང་ཅི་འཚལ་བ་དག ་ཀྱང་དེ་བཞིན་དུ་འགྲུབ་བོ། ། སུ་ཞིག་གལ་ཏེ་བདག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་པར་འཚལ་བ་དེས་གཅིག་པུ་ཕྱོགས་དབེན་པར་མཆིས་ལ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་ཡིད་ལ་དྲན་པར་བགྱི་ཞིང་། གཞན་བསམ་པར་མི་བགྱི་བར། གཟུངས་སྔགས་འདི་ལན་བདུན་བརྗོད་ན། ཡིད་ལ་བསམས་པ་གང་རྫོགས་པར་མི་འགྱུར་བ་དེ་གང་ཡང་མ་མཆིས་སོ།། སེམས་ཅན ་ཐམས་ཅད་དགའ་བར་འགྱུར་རོ། ། ངན་འགྲོར་མཆི་བར་མི་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་རྗེས་སུ་མངོན་དུ་དྲན་ན། བསྐལ་པ་བྱེ་བ་ཕྲག་དུ་མར་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད ་འབྱང་བར་འགྱུར་རོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་ཚང་བའི་བསོད་ནམས་དག་ཀྱང་ཐོབ་པར་འགྱུར་རོ།། གར་སྐྱེ་གར་སྐྱེས་ཀྱང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། ་མཐོང་བར་འགྱུར་རོ།། རིགས་ཆེན་པོར་སྐྱེ་བར་འགྱུར་རོ།། སུ་ཞིག་སྙིམ་པ་སྤོས་ཀྱིས་བཀང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་གཏོར་ལ། གཟུངས་སྔགས་འདིའང་ལན་བདུན་བརྗོད ་ན། སྟོང་གི་བསོད་ནམས་ཀྱི་མཆོག་དང་། སྙིང་རྗེ་ཆེན་པོའི་རང་བཞིན་ཡང་བ་ཐོབ་བོ།། དེ་མིའི་འཇིག་རྟེན་འདིར་ཡང་སྟོབས་ཆེན་པོ་ཡོངས་སུ་རྫོགས་པ་འཐོབ་བོ།། སུ་ཞིག་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གི་གདོང་དུ་ལྟ་ཞིང་། གཟུངས་སྔགས་འདི་བརྗོད་པ་དེ་བྱང་ཆུབ་སེམས་དཔའ་མཚན་རྒྱས་པ་མཐོང་ནས། ས་དྲི་མ་མེད་པའང་འཐོབ་བོ།། འཇིག་རྟེན་ནའང་སྣང་བ་བགྱིད་དོ།། ཚེ་གཅིག་གིས་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱང་མཐོང་ངོ་། ། ཇི་ལྟར་བསམ་གཏན་ལ་སྙོམས་པར་ཞུགས་པ་དེ་ལྟ་བུར་མཆིས་པར་འགྱུར་རོ།། གཱར་སྐྱེ་གར་སྐྱེས་ཀྱང་སྔོན་གྱི་ཚེ་རབས་དྲན་པར་འགྱུར་རོ།། ་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ།། སུ་ཞིག་གཟུངས་སྔགས་འདི་འཛིན་པ་དེས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་བཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ ་དང་བཅས་པའི་མཆོད་རྟེན་གྱི་མདུན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོའི་དཀྱིལ་འཁོར་བགྱིས་ལ། དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུག་པར་བགྱི། ་མར་མེའང་བུད་པར་བགྱིའོ།། སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པར་བགྱིའོ།། དེའི་ཚེ་གཟུངས་སྔགས་འདིའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་དཀྱིལ་འཁོར་དེར་འདུག་སྟེ། མཚམས་མེད་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་མི་དགེ་བ་ཇི་སྙེད་མཆིས་པ་ཐམས་ཅད་འབྱང་བར་འགྱུར་རོ།། ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམས་ཀྱང་ཡོངས་སུ་དག ་པར་འགྱུར་རོ། ། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་འཐོབ་བོ།། འོད་ཟེར་གྱིས་དབང་བསྐུར་བའི་སྟོབས་ཀྱང་འཐོབ་བོ།། ས་དང་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་འགྱུར་རོ།། གལ་ཏེ་ཆར་དབབ་པར་འཚལ་ན་གྱེན ་དུ་ནམ་མཁའ་ལ་བལྟས་ལ་གཟུངས་སྔགས་ལན་ཉི་ཤུ་རྩ་གཅིག་བརྗོད་ན་ཆར་འབབ་བོ། ། གལ་ཏེ་ས་ལ་བལྟས་ཏེ་གཟུངས་སྔགས་བརྗོད་ན། ས་བོན་ཐམས་ཅད་རྣམ་པ་བརྒྱར་ཕུན་སུམ་ཚོགས་པར་འགྱུར་རོ།། ་གལ་ཏེ་འབབ་ཆུ་བསྐམས་པའི་ཤུལ་ལམ། འབབ་ཆུ་ཆེན་པོ་འམ། འབབ་ཆུའི་དངོའམ། མཚོ་འམ། མཚེའུ་འམ། མཚོ་བྲན་གྱི་འགྲམ་དུ་མཆིས་ཏེ་བརྗོད་ན། ཆུ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། ་ནད་ཐམས་ཅད་ཀྱི་དོན་དུ་གཟུངས་སྔགས་བརྗོད་དེ་ལག་པས་བྱ་བས་ན་སོས་པར་འགྱུར་རོ།། དྲན་པ་ཉམས་པའི་མོའི་མདུན་དུ་བརྗོད་ན་དྲན་པ་སླར་འཐོབ་པར་འགྱུར་རོ།། བྲུ་བས་ཉེན་པའམ་སྒོམ་པས་ཉེན་པའི་མེའི ་གདོང་དུ་བལྟས་ཏེ་བརྗོད་ན། བཀྲེས་པའམ་སྐོམ་པ་ཞི་བར་འགྱུར་རོ།། གལ་ཏེ་མཚམས་གཅད་པར་འཚལ་ན། དེས་མཚེའུ་ཆུའི་ནང་དུ་ཞུགས་ཏེ་དེར་མཆིས་ལ། གཟུངས་སྔགས་འདི་ཡི་གེར་བྲིས་ཏེ། རྒྱལ ་མཚན་གྱི་རྩེ་མོ་ལ་བཏགས་ན། དཔག་ཚད་བརྒྱར་མཚམས་གཅད་པར་འགྱུར་རོ།། དེར་ཉེས་པ་རྣམས་མི་འབྱུང་ངོ་།། མཚམས་ཀུན་ཏུ་སྲུང་བ་རྫོགས་སོ།། ། ད་ནི་ལུས་ཐམས་ཅད ་བསྡུ་བའི་ཕྱག་རྒྱ་བརྗོད་པར་བགྱིའོ། ། ལུས་དྲང་པོར་འགྲེང་སྟེ། རྐང་པ་ཉེ་བར་མཉམ་དུ་གཞི་བས་ལ། རྐང་པ་གཡས་པ་ཡིད་ཙམ་བསྐུམས་ཏེ། ལག་པ་གཡས་པ་ཐུར་དུ་བརྐྱང་། གུང་མོ་དང་སྲིན་ལགས་ཉིས་ལག ་མཐིལ་དུ་དགུག། བཛུབ་མོ་དང་། མཐེ་བོང་དང་། མཐེའུ་ཆུང་བརྐྱང་ལ་ལག་གཐིལ་བ་ཀན་ཏེ་གཞག་གོ།། ལག་པ་གཡས་པའང་དེ་བཞིན་དུ་བགྱིའོ།། ལག་པ་གཉིས་ཀའི་གུང་མོ་བཀུག་ལ་ལག་པ་ཕྲག་པ་དང་མཉམ ་པར་གཞག་གོ། ། ལག་མཐིལ་ནི་མདུན་དུ་བསྟན་ཏེ་གཞག་གོ།། འདི་ནི་ལུས་བསྡུ་བའི་ཕྱག་རྒྱ་དང་པོའོ།། །། སུ་ཞིག་བདུད་དང་། གཞན་མུ་སྟེགས་ཅན་དང་། དགྲ་རྣམས་ཕམ་པར་བགྱི་བ་དང་། ་ལམ་དང་པོ་ལ་གནས་པར་འཚལ་ན། ཕྱག་རྒྱ་འདི་བཅིངས་ལ་གཟུངས་འདིའང་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བགྱིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀཽ་ཏེ་ཤྭ་རཱ་ཡ། བོ་དྷ་སིཏྭཱ་ཡ། ་། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨ་བ་དྷེ་བ་ར་བ་དྷེ། ཨེ་ཧྱེ་ཧི་སྭཱ་ཧཱ། གང་གོང་དུ་ཕྱག་རྒྱ་ཇི་སྐད་སྨོས་པ་དེ་བཞིན་དུ་ལུས་གནས་པར་བགྱིས་ལ། སྙིང་ཁར་ཐལ་མོ་སྦྱར་ཏེ། སོར་མོ་ཐམས་ཅད ་ཕན་ཚུན་ཐངད་ཀར་བསྣོལ་ལ། གཡོན་པའི་སོར་མོ་རྣམས་ཀྱིས་གཡས་པ་རྣམས་ལ་འཁྱུད་པར་བགྱི། མཛུབ་མོ་གཉིས་གྱེན་དུ་བསྒྲེང་ལ་རྩེ་མོ་གཉིས་སྤྲད་དོ།། མཐེ་བོང་གཉིས་མཛུབ་མོ་གཉིས་ཀྱི་ཚོགས་དང ་པོ་ལ་རེག་པར་བགྱིའོ། ། ལག་མཐིལ་ནི་མ་འབྱར་བར་བགྱིའོ།། འདི་ནི་གཟུངས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་གཉིས་པའོ།། ། བསྐལ་པ་དུ་མར་ཚེ་རབས་སུ་བསགས་པའི་ལས་ཀྱི་སྒྲིབ་པ་མི་དགེ་བ་ཐམ ་ཅད་འབྱང་བར་འགྱུར་རོ། ། ཚེ་ཕྱི་མ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་འགྱུར་རོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་བརྙེས་པར་མཛད་པར་བརྩམས་པའི་ཚེ་བདུད་ཀྱིས། ་མཐོ་བཙམས་པ་ན། ཕྱག་རྒྱ་འདིས་བཏུལ་ཏེ། དེའི་ཚེ་ཞི་བའི་བདེ་བ་དང་། བསམ་གཏན་དང་། སྙོམས་པར་འཇུག་པའང་བརྙེས་པར་གྱུར་ཏོ།། གཟུངས་སྔགས་འདི་བང་བརྗོད་པར་བགྱིའོ།། ཏདྱ་ཐཱ། སརྦ་དྷཱ ་ར་ནི། མཎྜ་ལཱ་ཡ། ཨེ་ཧྱེ་ཧི་པ་ར་མ་ཤུད་དྷ་སཏྭཱ་ཡ་སྭཱ་ཧཱ། ཡང་ཐོག་མར་ལག་པ་གཡས་པ་འབྱིན་པ་ལྟར་བགྱིས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། མགོ་བོར་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས ་བཀུག་སྟེ་རྩེ་མོ་སྤྲད། མཐེ་བོང་གཉིས་མཛུབ་མོ་གཉིས་ཀྱི་ཚིགས་གཉིས་པ་ལ་སྦྱར་རོ།། འདི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། རྣམ་པར་གྲོལ་བར་བགྱི་བའི་སླད་དུ་བསམ་གཏན་དང་སྙོམས་པར་འཇུག་པ་ཐོབ་པར་འགྱུར་རོ།། ་འདི་ནི་ཕྱག་རྒྱ་གསུམ་པའོ།། །། སྔོན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མཐུན་པར་བསྒོམས་ཏེ། དེའི་ཚེ་བསམ་གཏན་རྣམས་དང་། སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་གྲོལ་བ་བསྙེས ་སོ། ། ཡང་འདི་ནི་གཞན་ཏེ་འགྲེང་ལ་རྐང་པ་གཉིས་མཉམ་པར་གཞིབ་བོ།། ལག་པའི་གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་རྒྱབ་སྦྱར་ཏེ་སེན་མོ་ཕྲད་པར་བགྱི། མཛུབ་མོ་གཉིས་བརྐྱང་སྟེ་རྩེ་མོ་ཕྲད་པར ་བགྱི། མཐེ་བོང་གཉིས་མཛུབ་མོའི་ཚོགས་གཉིས་པ་ལ་རེག་པར་བགྱི། ལག་མཐིལ་ནང་ནས་སོ་བཅུ་ཙམ་གྱིས་བཀྱེད་ལ་སྨིན་མཚམས་སུ་གཟུགས་སོ།། འདི་ནི་མིག་སྟོང་གི་ཕྱག་རྒྱ་སྟེ་བཞི་པའོ།། ། ་གལ་ཏེ་ཕྱག་རྒྱ་འདི་བཅིངས་ལ་གཟུངས་སྔགས་བརྗོད་ན། སྐད་ཅིག་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དཀྲིགས་པ་བྱེ་བ་ཕྲག་སྟོང་མཐོང་བར་འགྱུར་རོ།། གང་དག་རིག་སྔགས ་འཆང་དེ་དག་ལྷན་ཅིག་སྤྱོད་ཅིང་གྲོགས་སུ་གྱུར་པ་ནི་ཞིང་རེ་རེ་ནའང་བྱང་ཆུབ་སེམས་དཔའ་དཀྲིགས་པ་བྱེ་བ་ཕྲག་པ་བུམ་དང་། བཞི་སྟོང་ཉི་ཤུ་མཆིས་སོ།། གང་དཀྱིལ་འཁོར་དུ་མ་ཞུགས་པ་དེས་ནི་བལྟ་བར ་མི་རིགས་ཏེ། ཕྱག་རྒྱ་དེའི་ཆོས་ཉིད་དོ།། སུ་ལ་རིགས་ཤེ་ན། གང་དཀྱིལ་འཁོར་དུ་ཞུགས་པ་དེ་ཉིད་ལའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྦྱིན་པ་ཡེ་ཤེས་ཀྱིས་རྟོགས་པར་འཚལ་བ་ཐམས་ཅད ་ཡོངས་སུ་རྫོགས་པར་འགྱུར་རོ། ། གཟུངས་སྔགས་ནི་འདི་ལེགས་ཏེ། ཏདྱ་ཐཱ། ཨོཾ་བྷྱ་སརྦ་ཙཀྵུཿཀཱ་རཱ་ཡ་དྷཱ་ཎཱིན་དྲཱ་ཡ་སྭཱ་ཧཱ། ཡང་འགྲེང་ལ་རྐང་པ་མཉམ་པར་གཞིབས་ཏེ། ལག་པ་གཡས ་པ་བཀན་ལ་སོར་མོ་ལྔ་གཞིབས་ཏེ་བརྐྱང་ལ། ལག་པ་གཡོན་པའང་དེ་བཞིན་དུ་བགྱིས་ཏེ་བཀན་ལ་ལག་པ་གཡས་པའི་རྒྱབ་ལ་སྦྱར་ཏེ་སྙིང་ཁར་གཞག་གོ།། འདི་ནི་ལག་པ་སྟོང་ཐམས་ཅད་བསྡུས་པའི་ཕྱག་རྒྱ་སྟེ་ལྔ ་པའོ། ། ། འདིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་དང་དགྲ་མཆིས་པ་རྣམས་ཐུལ་ལོ།། གཟུངས་སྔགས་འདི་ལགས་ཏེ། ན་མོ་ཨཱརྱཱ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། ཏདྱ་ཐཱ། སརྦ་དུཥྚ་ས ་ཧ་ཡ་མེ་སྭཱ་ཧཱ། ཡང་བགྲེང་སྟེ་རྟིང་པ་ཕྲད་པར་བགྱིས་ལ། ལག་པ་གཡོན་པ་མི་འཇིགས་པ་སྦྱིན་པ་བགྱིས་ཏེ། ལག་པ་གཡས་པའང་དེ་བཞིན་དུ་བགྱིས་ལ། ལག་མཐིལ་བདག་ལོགས་སུ་བསྟན་པར་བགྱིའོ།། འདི་ནི་ཏིང ་ངེ་འཛིན་རབ་ཏུ་རྟོགས་པར་འགྱུར་བའི་ཕྱག་རྒྱ་སྟེ་དྲུག་པའོ། ། ། འདིས་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་རྟོགས་པར་འགྱུར་རོ།། ཕྱག ་རྒྱ་འདིས་ནི་ཐམས་ཅད་ཀྱང་འཐོབ་བོ། ། གཟུངས་ཀྱི་རྩ་བའི་གསང་སྔགས་སྔ་མ། ན་མཿསརྦ་ཛཱ། ཞེས་བགྱི་བ་ལགས་སོ།། ཡང་འགྲེང་ལ་རྐང་པ་ཉེ་བར་གཞིབས་ཏེ། ལག་པ་གཡོན་པའི་སྲིན་ལག་གིས ་མཐེ་བོའི་སེན་མོ་མནན་ཏོ། ། གཡས་པའང་དེ་བཞིན་ཏེ་མཐེའུ་ཆུང་དང་གུང་མོ་རྣམས་རྩེ་མོ་སྤྲད་ལ། ལག་རྟིང་དང་པོར་བསྲང་སྟེ། དགུག་པ་ནི་མཛུབ་མོ་གཉིས་དགུག་གོ། སླར་བཏང་ན་ནི་བརྐྱང་ངོ་།། དེ ་ལྟར་མཆིས་ལ་སྔགས་བརྗོད་པར་བགྱིའོ། ། ལག་པ་གཡས་པའི་མཛུབ་མོ་གཉིས་ནི་དགུག་གོ།། གཡོན་པའི་མཛུབ་མོ་གཉིས་ནི་སླར་གཏང་ངོ་།། མགོའི་ཐོན་འཁོར་གཡས་ནས་བསྐོར་བར་བགྱི་སྟེ་བོང་ངའོ།། ་གཡོན་པས་ནི་བསལ་བ་ལྟར་བགྱིས་ཏེ་སླར་གཏང་ངོ་།། ཕྱག་རྒྱ་འདིས་ནི་ལྷ་དང་ཀླུ་ལ་སོགས་པ་འཁོར་བརྒྱད་བསྡུ་བའི་སླད་དུ་དགུག་པའི་ཕྱག་རྒྱ་སྟེ་བདུན་པའོ།། ། གསང་སྔགས་ནི་འདི་ལགས་ཏེ། ་ཨོཾ་སརྦ་དེ་པ་ན་ག་ཨ་ན་ལ་སྭཱ་ཧཱ། ཕྱག་རྒྱ་སྔ་མ་ལ་རྩེ་མོ་བཀྱེད་དེ། ལག་རྟིང་གཉིས་སྦྱར་བ་ལས་ཡིད་ཙམ་གཟུང་མཛུབ་མོས་གཡབ་སྟེ་སྔ་མ་བཞིན་ནོ།། འདི་ནི་བརྒྱ་བྱིན་དང་ཚངས་པ་ཆོས་མཉན་པའི་སླད་དུ ་དགུག་པའི་ཕྱག་རྒྱ་སྟེ་བརྒྱད་པའོ། ། ། གསང་སྔགས་ནི་འདི་ལགས་ཏེ། ཨོཾ་མ་ཧཱ་བྲཧྨ་ཡེ། ཨེ་ཧྱེ་ཧི་སྭཱ་ཧཱ། ཕྱག་རྒྱ་འདི་དང་གསང་སྔགས་འདི་ནི་གཟུངས་སྔགས་དང་། ཕྱག་རྒྱ་དང་། ་། ཆོས་ཀྱི་སྒོ་དུ་མ་གཟུང་བའི་སླད་དུ་བསྡུ་བའོ།། ཉི་མ་སྤྱང་ཀིས་ཟིན་པ་དང་། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ། བ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། ཕྱག་རྒྱ་འདིས་ཕྱག་རྒྱས་བཏབ་ལ་འཐུངས་ན ་དབང་པོ་རྣོ་བར་འགྱུར་རོ། ། ཉིན་གཅིག་བཞིན་དུ་ཆོས་ཀྱི་ཚིགས་སུ་བཅད་པ་ཁྲི་ལོབས་ནུས་པར་འགྱུར་རོ།། ཕྱག་རྒྱ་འདི་དང་ཆོས་ཀྱི་སྒོ་འདི་ནི་དེ་བཞིན་གཤེགས་པ་ཉི་མའི་སྙིང་པོས། བྱང་ཆུབ་སེམས་དཔའ ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆེད་དུ་གསུངས་པའོ། ། ཡང་འགྲེང་སྟེ་རྐང་པ་ཉེ་བར་གཞི་བས་ལ། ལག་པ་ཐལ་མོ་སྦྱར་ཏེ་སྙིང་ཁར་བཞག་ལ་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་སྟེ། རྩ་བའི ་སྔགས་ཆེན་པོ་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བགྱིའོ། ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རང་གི་ནོར་བུ་ཡིད་བཞིན་ལྟ་བུའི་ཕྱག་རྒྱ་སྟེ་དགུ་པའོ།། ། འདིས་ངེས ་པར་ལྷའི་གཞལ་མེད་ཁང་རྣམས་སུ་འཇུག་གོ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུའང་མཆིའོ།། མཆོད་པའི་དོན་དུ་རིན་པོ་ཆེ་བརྒྱ་སྟོང་དག་ཀྱང་བསམས་པ་བཞིན་རྙེད་པར་འགྱུར་རོ།། སུ་ཞིག་ཆོས ་ཀྱི་སྒོ་འདིའི་ལས་བགྱིད་ནུས་ན། དེ་ནང་པར་སྔར་ལངས་ལ་ཁྲུས་བགྱི་ཞིང་ཁ་གདོང་བཀྲུས་ཏེ། ཕྱག་རྒྱ་དེའི་དམ་ཚིག་གགྱིས་ན། དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་མངོན་སུམ་དུ ་མཐོང་བར་འགྱུར་རོ། ། བསྐལ་པ་དུ་མར་ཚེ་རབས་སུ་བསྩགས་པའི་སྒྲིབ་པ་མི་དགེ་བའི་ལས་ལྕི་བ་རྣམས་འབྱུང་བར་འགྱུར་རོ།། ཕྱག་རྒྱ་དེའི་ཡོན་ཏན་དང་བསྔགས་པ་ནི་རབ་ཏུ་མང་ངོ་།། ཡང་སྔ་མ་བཞིན ་དུ་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་བཀུག་ལ་མཐེ་བོའི་སེན་མོ་ལ་བཅར་ཏེ། མཛུབ་མོ་གཉིས་ཀྱི་སེན་མོའང་ཕན་ཚུན་དུ་རྒྱུ་བ་སྤྲད་ལ་རྩ་བའི་གསང་སྔགས་བརྗོད་པར་བགྱིའོ།། འདི་ནི་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་སེམས་ལ་འདོད་པའི་ཕྱག་རྒྱ་སྟེ་བཅུ་པའོ། ། །། ཅི་འཚལ་བ་དེ་བཞིན་དུ་འགྲུབ་བོ།། ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། ཡང ་ཐལ་མོ་སྦྱར་བ་ལས་མཐེ་བོང་དང་མཛུབ་མོ་སོ་སོར་བརྐྱང་སྟེ་ལག་མཐིལ་དབྱེ་བར་བགྱིའོ། ། འདི་ནི་རྒྱུའི་གནས་སྐབས་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བདག་ལ་སྩལ་བ་སྟེ། ་འདིས་བདག་བྱང་ཆུབ་ཀྱི་ལམ་རབ་ཏུ་རྟོགས་སོ།། འདིས་རྩ་བའི་གསང་སྔགས་བརྗོད་པར་བགྱིའོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་འགོག་པ་ལ་སྙོམས་པར་འཇུག་པའི་ཕྱག་རྒྱ་སྟེ་བཅུ་གཅིག་པའོ།། ་ཡང་ཐལ་མོ་སྔ་མ་ལས་མཛུབ་མོ་གཉིས་བསྐུམ་ཞིང་བརྐྱང་བས་བསྐུལ་བར་བགྱིའོ།། འདི་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྣམས་འཐོབ་པའི་ཕྱག་རྒྱ ་བཅུ་གཉིས་པའོ། ། ། གཟུངས་སྔགས་ནི་འདི་ལགས་ཏེ། ཨོཾ་སརྦ་བུདྡྷ་ས་མ་ས་དེ་ཧྱེ་ཧི་པར་མ་ཤུད་དྷ་སཏྭ་སྭཱ་ཧཱ། ད་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང ་དང་ལྡན་པ། ལག་པ་སྟོང་དང་ལྡན་པའི་དཀྱིལ་འཁོར་ཁྲུ་བཅུ་དྲུག་པའི་ཆོ་ག་བརྗོད་པར་བགྱིའོ།། ཐོག་མར་རི་རྣམས་དང་ཉེ་བས་གཞི་བཀྲ་ཤིས་པའི་ཕྱོགས་བཙལ་བར་བགྱིའོ།། དེར་ས་བརྐོས་ཏེ་གསེག་མ་དང་། ་གྱོ་མོ་དང་། རུས་པ་དང་། མི་གཙང་བ་རྣམས་བསལ་ལ། དྲི་ཞིམ་པོ་དང་བསྲེས་པའི་བའི་ལྕི་བ་དང་འཇིམ་པར་བསྲེས་ཏེ་བྱུག་པར་བགྱིའོ།། དེར་ཆུ་ཞེང་དུ་ཁྲུ་བཅུ་དྲུག་པའི་སྟེགས་བུ་བགྱིའོ།། འཕང་དུ་ནི་མཐོ་གང་གི ་ཚད་དུ་བགྱིས་ལ་སྒོ་བཞི་གཏོད་དེ། ཤར་གྱི་སྒོར་ནི་ཡུལ་འཁོར་སྲུང་། ལྷའི་སྒོར་ནི་འཕགས་སྐྱེས་པོའོ།། ནུབ་ཀྱི་སྒོར་ནི་མོག་མི་བཟང་། བྱང་གི་སྒོར་ནི་རྣམ་ཐོས་ཀྱི་སྲས་ཏེ། དེ་དག་གི་གམ་ཡོར་རང་རང་གི་འཁོ ་ཐམས་ཅད་བྲིའོ། ། དཀྱིལ་འཁོར་གྱི་དབུས་སུ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་དང་ལྡན་པ།། ལག་པ་སྟོང་དང་ལྡན་པ་གཞག་པར་བགྱིའོ།། དེའི་མདུན་དུ་ཁྲིའུ ་གཞག་སྟེ། ཁྲིའུའི་སྟེང་དུ་གཟུངས་སྔགས་ཀྱི་ཆོ་ག་གནག་པར་བགྱིའོ།། དེ་ལ་བདུག་པ་སྣ་ཚོགས་ཀྱིས་བདུག་གོ།། མེ་ཏོག་སྣ་ཚོགས་བཀྲམ་མོ།། ལྷ་བཤོས་སྣ་ཚོགས་དབབ་བོ།། དེར ་མཆོད་པ་དེ་རྣམས་གཞག་སྟེ། སྒྲོག་པ་རྣམ་དགུ་དང་། ཤ་དང་། ཆང་མི་དབབ་བོ།། གལ་ཏེ་རྒྱུན་མི་འཆད་པར་བགྱི་ན་ཉིན་གཅིག་བཞིན་མཆོད་པ་ཐམས་ཅད་ཀྱང་གསར་པ་གཞན་གྱིས་བརྗེའོ།། ཆོ་ག ་འདིས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་དངོས་པོ་ཐམས་ཅད་ཀྱིས་མཆོད་པར་བགྱིའོ། ། སྒྲུབ་པ་པོ་གང་དག་སྔོན་མཐོང་བ་དེ་དག་གིས་བྲི་བར་བགྱིའོ།། དེ་སྒྲུབ་པ་པོ་ཤར་ཕྱོགས་སུ་བལྟས་ཏེ་འགྲེང་ལ། བཟུངས ་སྔགས་སྔ་མ་དང་པོ་ནས་བཅུ་གཉིས་ཀྱི་བར་དུ་བརྗོད་པར་བགྱིའོ། ། སངས་རྒྱས་ཀྱི་མཐར་ཕྱིན་གྱི་བར་དུ་སྐྱོ་བར་མི་བགྱིའོ།། ཐོག་མར་ཕྱག་རྒྱ་དང་པོ་ལན་ཅིག་བཅིངས་ལ་གསང་སྔགས་ཀྱང་ལན་བདུན་བརྗོད་པར ་བགྱིའོ། ། བཅུ་གཉིས་པའི་བར་དུའང་དེ་བཞིན་དུ་བགྱིའོ།། དེར་དེའི་ཚེ་ཕྱིར་མི་ལྡོག་པ་བརྟན་པོའི་སེམས་བསྐྱེད་པར་བགྱིའོ།། ཆོ་ག་འདིས་དེ་བཞིན་དུ་དགུག་པ་བགྱིས་ན་ཐམས་ཅད་འདུ་བར་འགྱུར་རོ།། དེའི་ཚེ་སངས་རྒྱས ་ཉིད་ཀྱི་ཆེད་དུ་ངེས་པར་དྲང་པོའི་སེམས་ཀྱིས་དྲང་པོར་མཆིས་པར་བགྱིའོ། ། གསང་སྔགས་དང་ལྷ་ཐམས་ཅད་རྗེས་སུ་དྲན་པར་བགྱི་སྟེ། ཇི་ལྟར་ན་མདུན་ན་མིག་ལམ་ན་གནས་པ་ལྟ་བུ་དང་ཕན་ཚུན་གནོད་པ་བགྱིད་པ་མ་མཆིས ་པར་བགྱིའོ། ། དམིགས་པ་གཞན་ལ་དམིགས་པར་མི་བགྱིའོ།། དེའི་ཚེ་རྩ་བའི་གསང་སྔགས་ལན་སྟོང་བརྒྱད་ཅུ་བཟླས་བརྗོད་བགྱིའོ།། འོན་ཏང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀུན་དགའ་བོའི་གཟུགས ་ཀྱིས་དེར་མཆིས་ཏེ། སྒྲུབ་པ་པོ་ལ་ཅི་འདོད་ཅི་སློང་ཞེས་འདྲི་ཞིང་ཕན་ཚུན་སྨྲ་བར་འགྱུར་རོ།། སྒྲུབ་པ་པོས་བདག་ཉིད་ཀྱིས་མཆོད་པ་བགྱི་བར་བསམས་ལ། བདག་ལ་ཇི་སྐད་དྲིས་པ་ལན་གདབ་པར་བགྱི་སྟེ། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུངས་སྔགས་ཀྱི་རང་བཞིན་འཚལ་ལོ་ཞེས་བརྗོད་པར་བགྱིའོ། ། ཡང་ན་འདི་སྐད་དུ་འདི་ནི་ལུང་བསྟན་པའི་དུས་ལགས་པ་སྙམ་བགྱིད་ན། ཐུགས་རྗེ་དང་ལྡན་པས་བདག་ལ་ངེས ་པར་ཐུགས་རྗེ་ཆེན་པོ་སྐྱེད་དུ་གསོལ། བདག་ནི་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་མི་འཚལ་གྱི། ནམ་ཞིག་ན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟར་བ་དང་ཡོངས་སུ་སྐྱོབ་པར་འགྱུར་སྙམ་དུ་སེམས་སོ།། ། ་ཡང་འབྱུང་པོ་གཉུག་མར་གནས་པ་ཐམས་ཅད་བདག་གིས་བསྒོ་བ་བཞིན་དུ་གནས་པར་གྱུར་ཅིག་སྙམ་དུ་སེམས་སོ་ཞེས་བརྗོད་པར་བགྱིའོ།། གལ་ཏེ་ཡིད་ལ་བསམས་པ་འདི་ཐོབ་ཅིང་དངོས་གྲུབ་དེ་ཐོབ་ན་གཞན་ལ་མི་བརྗོད ་པར་བདག་ཉིད་ཀྱིས་འཚལ་བར་བགྱིའོ། ། གལ་ཏེ་ཆོ་ག་འདི་གྲུབ་ན་བཟླས་པར་བགྱི། གཅིག་ཏུ་གཟུང་བར་བགྱིའོ།། འདི་ནི་བསླབ་པ་གཅིག་ཏུ་གསང་བའོ།། སུ་ཞིག་སྣ་ཚོགས་འཚལ་བ་དེས་ཨ་ཀ་རུ་ནག་པོའི་ཆ་བ ་ཀྱིས་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ལ། རྩ་བའི་གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ།། ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་བགྱིད་པའི་ཕྱག་རྒྱ་བཅུ་པའང་བཅིང་བར་བགྱིའོ།། འོན་ཏང ་འཚལ་བ་ཡོངས་སུ་རྫོགས་པར་རྙེད་པར་འགྱུར་རོ། ། དེའི་ཚེ་གླེགས་བམ་འདི་བཞིན་དུ་སེམས་ཤིང་། སུ་ཞིག་འདི་བཞིན་དུ་མཆོད་པ་བགྱིད་ན་གཞན་དུ་མི་འགྱུར་རོ།། གསང་སྔགས་ཀྱི་ཆོ་ག་རྫོགས ་སོ། ། ། ཡང་ཆོ་ག་གཞན་ཏེ་སུ་ཞིག་བདེ་བ་ཐམས་ཅད་ཐོབ་པར་འཚལ་བ་དེས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཕྱག་རྒྱ་དགུ་པ་བཅིངས་ལ་རྩ་བའི་གསང ་སྔགས་བཟླས་བརྗོད་བགྱིའོ། ། ཏིལ་ནག་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་མེར་བསྲེགས་ན་ཅི་འཚལ་བ་བཞིན་དུ་འགྲུབ་བོ།། ཅི་ནས་རྒྱལ་པོ་དགའ་བར་བགྱི་འཚལ་ན་དེས་རྒྱལ་པོ་གནས་པ་ན་མཆིས ་པའི་ཤིང་ལས་ལྕུག་མ་བླངས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ལ། རྒྱལ་པོའི་ཀུན་དགའ་ར་བ་དེར་བོར་ན་དགའ་བར་འགྱུར་རོ།། གལ་ཏེ་སེམས་ཅན་སྡིག་པ་ཅན་རྣམས་དང་། དགྲ་རྣམས་ཚར་གཅོད ་པར་འཚལ་ན་དེས་ཤིང་ནི་མ་བ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་མེར་བསྲེགས་ན་དབང་དུ་འགྱུར་རོ། ། ཡང་ཆོ་ག་གཞན་ཏེ་ལྷ་དང་འབྱུང་པོ་མ་དུལ་བ་དེའི་སླད་དུ། གུ་གུལ་དང་ཡུངས་ཀར་ལ་ལན་ཉི་ཤུ་རྩ ་གཅིག་བཟླས་བརྗོད་བགྱིས་ཏེ་མེར་བསྲེགས་ན། འབྱུང་པོ་ཐམས་ཅད་བདག་ཉིད་ཚུལ་བཞིན་དུ་གནས་པར་འགྱུར་རོ།། གང་དུ་ནད་བྱུང་ན་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ཏེ། དེར་བ་མར་ལ་ལན་བརྒྱ་རྩ ་བརྒྱད་བཟླས་བརྗོད་བགྱིས་ལ་མེར་བསྲེགས་ན་ནད་ཞི་བར་འགྱུར་རོ། ། མར་དེ་ཉིད་ལས་ཉུང་ཞིག་ནད་པ་ལ་བླུད་ན་འཚོ་བར་འགྱུར་རོ།། སྔོན་ཡུལ་ཀོ་བི་ནར་ནད་བྱུང་སྟེ། ནད་པ་རྣམས་གདུགས་གཅིག་གཉིས་བྲོ ་འཚལ་ནས་གུམ་མོ། ། དེའི་ཚེ་དབུས་ཀྱི་ཡུལ་གྱི་མི་བདེན་གྱུར་ཅེས་བགྱི་བ་དེར་མཆིས་ཏེ། དེས་གཟུངས་སྔགས་འདིའི་ཆོ་ག་བགྱིས་ནས་བསྒྲགས་པ་དང་ནད་ཆད་དོ།། འབྱུང་པོའི་རྒྱལ་པོའང་ཡུལ་དེ་ནས་བྱུང ་ངོ། ། ཐམས་ཅད་ཀྱིས་ཀྱང་འདིའི་སྟོབས་འཚལ་ཏེ། གང་དུ་རང་གི་འཁོར་དུ་ཕ་རོལ་གྱི་དམག་ཚོགས་སུ་མཆི་བ་དེར་ཐོག་མའི་རྩ་བའི་གསང་སྔགས་བཅིངས་ལ་བཅངས་ལ། གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས ་བརྗོད་བགྱིས་ན། དགྲ་བོ་ཆོམ་རྐུན་རྣམས་བདག་ཉིད་མི་རུང་བར་འགྱུར་རོ།། སུ་ཞིག་ཚེ་ཟད་པ་དེས་འགོག་པ་ལ་སྙོམས་པར་འཇུག་པའི་ཕྱག་རྒྱ་བཅིང་བར་བགྱི། ཉིན་གཅིག་བཞིན་མཆོད་པར་བགྱི། ཨ་ཀ་རུ ་ནག་པོའི་བདུག་པས་བདུག་པར་བགྱི་ཞིང་། གསང་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་དེ་ཚེ་རིང་བར་འགྱུར་རོ།། བུད་མེད་གང་ཞིག་བུ་མི་ཕྱིན་ན་བ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། ་དེ་ལ་བླུད་ན་ཞི་བ་དང་བདེ་བར་འགྱུར་རོ།། གང་བསྐྱེད་པའི་བུ་དང་བུ་མོ་དག་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ།། མཚན་མོ་བཟང་པོ་སྔོན་གྱི་བསོད་ནམས་རྣམས་ཀྱིས་བརྒྱན་ཅིང་། སེམས་ཅན་རྣམས ་དགའ་བ་དང་། མིར་སྐྱེས་པ་ན་རྟག་ཏུ་མཆོད་པའི་འོས་སུ་འགྱུར་ཞིང་བདེ་བ་མཆོག་རྣམས་མྱོང་བར་འགྱུར་རོ།། སུ་ཞིག་མིག་ན་བ་དེས་མིག་སྟོང་དང་ལྡན་པའི་ཕྱག་རྒྱ་བཅིངས་ལ། གཟུངས་སྔག་ཐམས ་ཅད་ཀྱི་ཕྱག་རྒྱས་མིག་ལ་ཕྱག་རྒྱས་བཏབ་ན་སོས་པར་འགྱུར་རོ། ། ཇི་ལྟར་སྟེང་གི་ཕྱོགས་ཀྱི་ལྷ་བདེ་བ་མྱོང་བ་རྣམས་མཐོང་བ་དེ་ལྟ་བུའི་མཐོང་བ་དང་ལྡན་པར་འགྱུར་རོ།། ད་ནི་རི་མོ་བྲི་བའི་ཆོ་ག་བརྗོད་པར་བགྱི་སྟེ། ་རི་མོ་བྲི་བའི་ཆེད་དུ་རས་དཀར་པོ་བགྱིས་ལ། བྱང་ཆུབ་སེམས་དཔའ་མདོག་འཛམ་བུའི་ཆུ་བོའི་གསེར་ལྟ་བུ་བྲི་བར་བགྱིའོ།། ལག་པ་སྟོང་དང་ལྡན་པར་བགྱིའོ།། ལག་པ་སོ་སོའི་ལག་མཐིལ་ན་མིག་རེ་རེ ་མཆིས་པར་བགྱི་སྟེ། སྦྱིན་མ་མཆིས་པའི་ཚོན་གྱིས་བྲི་བར་བགྱིའོ།། ཚོན་རྩིའང་ཀ་བིདི་ཐ་དད་བསྲེ་བར་བགྱིའོ།། མགོ་ལ་རིན་པོ་ཆེ་སྣ་བདུན་གྱི་ཅོད་པན་བྲི་བར་བྱའོ།། ཡན་ལག་དང་ཉིང ་ལག་རྣམས་སུ་རྒྱན་གྱིས་བརྒྱན་པར་བྲི་བར་བྱའོ། ། ཡང་ན་རས་ལ་བྱང་ཆུབ་སེམས་དཔའ་སྲིད་དུ་ཁྲུ་གང་བ་བྲིས་ཏེ། ལག་པ་གཉིས་བྲི་བར་བགྱིའོ།། གོང་དུ་སྨོས་པའི་ལག་པ་སྟོང་དང་ལྡན་པའི་ཕྱག་རྒྱ་ལྔ་པས།། ་རིག་སྔགས་འཆང་གིས་མཆོད་པ་བགྱིའོ།། གལ་ཏེ་ལག་པ་དང་མིག་སྟོང་དང་ལྡན་པར་མ་གྱུར་ན་དཔྲལ་བར་མིག་གཅིག་བགྱིའོ།། ཡང་འདི་ནི་ཆོ་ག་གཞན་ཏེ། སུ་ཞིག་ཆོས་ཀྱི་སྒོ་འདི་མཆོད་པར་འཚལ་ན། ་ཐོག་མར་རས་ལ་བྲི་བར་བྱའོ།། དེ་ནི་འདི་ལྟར་བྲི་བར་བགྱི་སྟེ། ཆོ་ག་སྔ་མ་བཞིན་དུ་དཀྱིལ་འཁོར་བགྱིའོ།། དེ་ནས་རི་མོ་མཁན་བསླ་པ་བརྒྱད་བཟུང་བ་ཆ་ག་ཁུང་སར་མཆིས་ཏེ། སླར་ལོག་ནས་ལེགས་པར ་བཀྲུས་པ་གཙང་མས་བྲི་བར་བགྱིའོ། ། ཚོན་རྩི་རུང་བས་ཆོ་ག་བཞིན་བྲིས་ལ། དེའི་ཚེ་དཀྱིལ་འཁོར་གྱི་དབུས་སུ་མཆིས་ཏེ། དེར་སྦྱང་བ་བགྱིས་ལ་ཉི་མ་ཉི་ཤུ་རྩ་གཅིག་ཏུ་མཆོད་པའི་ལས་རྒྱ་ཆེར་བགྱིས་ན ་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་འོད་ཟེར་གཏོང་སྟེ། དེ་ལ་ཐེ་ཚོམ་མི་བགྱིའོ།། སྨད་ཀྱིས་ཟླ་བ་དང་ཉི་མ་ལྟ་བུའི་འོད་ཀྱང་བགྱིད་དོ།། གང་དགེ་བ་དང་དང་པས་མི་བགྱིད་པ་དེས་ནི་མ་གཏོགས་སོ།། ་བྱང་ཆུབ་སེམས་དཔའ་ལག་པ་སྟོང་དང་ལྡན་པའི་ཆོ་ག་བོ།། དེ་བཞིན་གཤེགས་པ་རྣམ་པར་གཟིགས་བྱུང་བའི་ཚེའང་བདག་གིས་བདུད་འདུལ་བའི་ལུས་མིག་སྟོང་དང་ལྡན་པ་སྤྲུལ་པའོ།། མིག་རེ་རེ་ལས་ཀྱང་སངས་རྒྱས ་རེ་སྤྲུལ་ཏེ། དེ་དག་ནི་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་འབྱུང་བ་ལགས་སོ།། ལག་པ་སྟོང་ལས་ལག་པ་རེ་རེ་ལབང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་སྤྲུལ་ཏོ།། དེ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང ་འབྱུང་བ་ལགས་སོ། ། བདུད་འདུལ་བའི་ཚོགས་ཀྱི་ནང་ན། བྱང་ཆུབ་སེམས་དཔའི་ལུས་ནི་ཐམས་ཅད་ཀྱི་མཆོག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ངས་གསང་སྔགས་འདི་སངས་རྒྱས་ཀྱི་མཐུས་རྒྱས་པར་བཤད་ན། བསྐལ་པ་འདས་ཀྱང་མཐར་ཐུག་པར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལས་གསང་སྔགས་འདི་ཐོས་ནས་རབ་ཏུ་དགའ་སྟེ་ཡི་རང་ནས་བཟུང་སྟེ། སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ནས་གཟུངས་སྔགས་འདི་བརྗོད་དོ།། ན་མོ་རཏྣ་རཤྨི ་། ཙནྡྲ་ཨ་ལཾ་ཀཱ་ར་མཱརྒ་ཏ་ཛ་པུ་ཎྱ་ཙཀྵུ་བོ་ཥཱ་ཡ་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། རཏྣ་རཏྣ། ཏ་ཏ་ཤ་རཏྣ། རཏྣ་པྲ་ཏི་མ་ཏེ། རཏྣ་པྲ་བྷཱ་རཏྣ་ད་ཀ་ཏེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་གིས་གཟུངས་སྔགས་འདི་བརྗོད་ནས། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཐུག་གི་བར་དུ་རྣམ་པ་དྲུག་ཏུ་གཡོས་སོ།། རབ་ཏུ ་གཡོས་སོ། ། འོག་མིན་གྱི་ལྷའི་རིས་ན་དབང་ཕྱུག་ཆེན་པོའང་མི་བདེ་བར་གྱུར་ཏོ།། ལྷའི་གནས་དེར་འཇིགས་པ་ཆེན་པོའང་བྱུང་ངོ་།། ངན་སོང་དུ་གྱུར་པ་ཐམས་ཅད་ཀྱང་སྡུག་བསྔལ་ཆེན་པོ་རྙེད་དོ་ཞེས་སྒྲ་ཆེན ་པོ་འབྱིན་ཅིང་། ཕར་འབྲོས་ཚུར་འབྲོས་ཏེ་གར་སོང་མི་ཤེས་སོ།། དེའི་ཚེ་སྤྲུལ་པས་ངན་སོང་དུ་གྱུར་པའི་འཁོར་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་གསང་སྔགས་འདི་ལས་འདའ ་ཞིང་བགྲས་པར་བྱེད་ན་མགོ་བོ་རྡུལ་ཕྲ་རབ་བཞིན་དུ་འགྱེས་སོ། ། གསང་སྔགས་འདིའི་མཐུས་ནི་རི་འཐོར་རོ།། རྒྱ་མཚོ་ཆེན་པོ་སྐེམས་སོ།། ལྷ་མ་ཡིན་གྱི་དམག་ཕམ་པར་བགྱིད་དོ།། འབྱུང་པོ་རྣམས་ཚར་གཅོད་དོ།། ་སྡིག་པ་ཅན་གྱི་མི་རྣམས་ཀྱང་ཚར་གཅོད་དོ།། ནད་ཆེན་པོ་དག་ཀྱང་ཆད་པར་བགྱིད་དོ།། ཡུལ་བསྲུངས་པར་ཡང་འགྱུར་རོ།། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱང་ཕྱག་འཚལ་ལོ།། རིགས་ཀྱི་བུ་གང་ལ་ལ་ཞིག ་གསང་སྔགས་འདི་བརྗོད་ཅིང་འཛིན་པ་དེའི་གཟི་བརྗིད་དང་སྟོབས་ཡུན་ཐུང་ངུས་བཤད་པར་མི་ནུས་སོ། ། གཟུངས་སྔགས་འདི་འཆང་ཞིང་རྗོད་པ་ནི་དཔའ་བར་འགྱུར་རོ།། ཕྱུག་པ་དང་། སྟོབས་དང་ལྡན་པ་དང་། ་དབང་དང་ལྡན་པར་འགྱུར་རོ།། ཇི་སྲིད་འཚོ་བའི་བར་དུ་རྒྱལ་པོ་བྱམས་པར་འགྱུར་རོ།། ཅི་འཚལ་བ་ཐམས་ཅད་འགྲུབ་བོ།། སུ་ཞིག་བདུད་ཕམ་པར་བགྱིད་པར་འཚལ་བ་དེས་བདུག་པ་གཙང་མ་ལ་རྩ་བའི ་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། ། སུ་ཞིག་འདི་སྙམ་དུ་བདག་ལ་སེམས་ཅན་ཐམས་ཅད་བྱམས་པར་འཚལ་བ་དེས། སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་འཆོས་ན་བྱམས ་པར་འགྱུར་རོ། ། སུ་ཞིག་བདག་གི་ཚིག་ཐོགས་པ་མེད་པར་འགྱུར་བར་འཚལ་བ་དེས། ཤུ་དག་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱི་ས་ལ་སྙིང་ཁར་བསྐུས་ན་འགྲུབ་བོ།། ལས་དེ་དག་འ་འང་རྩ་བའི་གསང་སྔགས ་བརྗོད་དོ། ། ཕྱག་རྒྱའང་བཅིང་བར་བགྱིའོ།། ལག་པ་གཉིས་རྒྱབ་སྤྲད་དེ་སྦྱར་ལ་མཐེ་བོང་གཉིས་བརྒྱུང་ངོ་།། ཕྱག་རྒྱ་འདི་ནི་ཇི་ལྟར་བདག་བསྲུང་བ་དེ་བཞིན་དུ་གཞན་ཡང་སྲུང་ངོ་།། མཚམས་གཅད་པའང་བགྱིའོ།། ་གང་ཞིག་ཏུ་མཆིན་ཆབ་བམ་ཐལ་བ་ལག་པར་བླངས་ཏེ་ལན་བདུན་བཟླས་བརྗོད་བགྱིས་ལ། བདག་གི་སྟེང་དུ་གཏོར་ན་ཕྱོགས་བཞིར་མཚམས་བཅད་པར་ཡང་འགྱུར་རོ།། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ ་ལ་ཞིག་འབྱུང་པོ་རྣམས་སམ། བགེགས་དང་། ལོག་འདྲེན་རྣམས་ཀྱིས་མཐོ་བཙམས་པར་གྱུར་ན། བལ་པོ་སེའུའི་ཤིང་གི་ལྕུག་མ་ལ་གསང་སྔགས་བཟླས་བརྗོད་བགྱིས་ཏེ། དལ་གྱིས་གཞུས་ན་སོས་པར ་འགྱུར་རོ། ། འདི་ནི་བྱང་ཆུབ་སེམས་དཔའི་སོ་སོའི་རིག་པའི་ཕྱག་རྒྱ་ཐོགས་པ་མེད་པ་སྟེ་བཅུ་གསུམ་པའོ།། ། གསང་སྔགས་ནི་འདི་ལགས་ཏེ། ན་མཿསརྦ་བུདྡྷ་དྷརྨཱ་སཾ་གྷཱ་ཡ། ན་མ་ཨཱརྱཱ་བ ་ལོ་ཀི་ཏཻ་ཤྭ་རཱ་སྱ་བོ་དྷི་སཏྭཱ་སྱ། ན་མོ་བཛྲ་པཱ་ཎི་སྱ། བོ་དྷི་སཏྭཱ་སྱ་ཏདྱ་ཐཱ། དྷུ་པི་དྷུ་པི། ཀཱ་ཡ་དྷུ་བི། པྲ་ཤ་མ་ནི་སྭཱ་ཧཱ། ལོག་པར་ལྟ་བ་གཞན་མུ་སྟེགས་ཅན་རྣམས་འདུལ་བར་ནུས་སོ།། སུ་ཞིག་དུས་གསུམ ་དུ་གསང་སྔགས་འདི་ལན་ཉི་ཤུ་རྩ་རེ་རེ་བརྗོད་པ་དེས། སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་བཅུ་ལ་མཆོད་པའི་ལས་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་བགྱིས་པར་འགྱུར་རོ།། བུད་མེད་དུ་སྐྱེ་བར་མི་འགྱུར་རོ།། ་འཆི་བའི་དུས་ཀྱི་ཚེ་ངན་འགྲོ་གསུམ་པོ་དག་ལས་ཡོངས་སུ་ཐར་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་མཆི་བར་འགྱུར་རོ།། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་དེའི་སྤྱི་བོར་ཕྱག ་བཞག་སྟེ། འདི་སྐད་དུ་བུ་མ་འཇིགས་ཤིག། ངའི་སངས་རྒྱས་ཀྱི་ཞིང་འདིར་འོངས་སོ།། འདིར་སྐྱེས་ནས་དུས་མ་ཡིན་པར་འཆི་བས་འཆི་བར་མི་འགྱུར་རོ།། འདིར་འབྱུང་པོ་རྣམས ་ཀྱིས་གླགས་རྙེད་པར་མི་འགྱུར་རོ་ཞེས་གསུང་ངོ་། ། འགྲེང་སྟེ་ལག་པ་གཡོན་པ་གྲུ་མོ་བཀུག་པ་དྲང་པོར་བརྐྱང་སྟེ། མི་འཇིགས་པ་སྦྱིན་པར་བགྱི། ལག་པ་གཡས་པའི་མཐེ་བོང་ལག་མཐིལ་དུ་བཀུག་ལ་སོར་མོ ་བཞིས་མནན་ཏེ། ཁུ་ཚུར་འདི་རྣ་བ་གཡས་པའི་གོང་དུ་བཞག་ལ་མཛུབ་མོ་བསྐུལ་བར་བགྱིའོ།། བརྐྱང་བར་བགྱིའོ།། བསྐུམ་པར་བགྱིའོ།། ཕྱག་རྒྱ་འདི་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས ་པའི་ལས་རྣམས་འབྱང་བར་བགྱི་བའི་སླད་དུ་སྨྲས་པ་སྟེ་བཅུ་བཞི་པའོ། ། ། ཕྱག་རྒྱ་འདི་ནི་ཉིན་གཅིག་བཞིན་དུས་གསུམ་དུ་བཅིངས་ལ་གསང་སྔགས་ཀྱང་ལན་བདུན་བདུན་བརྗོད་ན། མཚམས་མེད ་པ་ལྔ་པོ་དག་དང་། རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་འབྱུང་བར་བགྱིད་ནུས་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེས་ན། ལས་ཀྱི་རྩ་བ་ཐམས་ཅད་ཚིག་པར་འགྱུར་རོ།། གང་གི་ཚེ་ཚེ་འདི་འདོར ་བན་སངས་རྒྱས་དང་ཕྲད་པར་འགྱུར་རོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། དཔག་ཏུ་མེད་ཅིང་མི་ཟད་པའི་སྙིང་པོའི་གཟུངས་འཐོབ་པར་འགྱུར་རོ།། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་འཐོབ་པར་འགྱུར ་རོ། ། ལུས་ལ་ལྟས་རྣམ་པ་ཉི་ཤུ་རྩ་བརྒྱད་འབྱུང་བར་འགྱུར་རོ།། ལུས་ལ་གནོད་པ་མི་འབྱུང་ངོ་།། མིག་ནད་དང་། རྣ་བའི་ནད་དང་། སྣའི་ནད་དང་། ལྕེ་ནད་མི་འབྱུང་ངོ་།། ཕྱི་དང་ནང་གི་ནད་ཐམས་ཅད་ཞི་བར་འགྱུར། ་རོ།། སྔོན་གྱི་ལས་མི་དགེ་བ་རྣམས་ཀྱང་འབྱང་བར་འགྱུར་རོ།། གལ་ཏེ་ཆར་མི་འབབ་ན་ཏིལ་ནག་པོ་ལ་ཨེ་རཎྜའི་མར་གྱིས་སྨྲས་ཏེ་རིལ་བུར་བགྱིས་ལ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་མཚེའུར་སྲུལ་ན་དེའི ་མོད་ལ་ཆར་འབབ་བོ། ། གལ་ཏེ་ཆར་ཆེས་ན་ཡུངས་ཀར་གྱི་མར་གྱིས་སྣ་མའི་མེ་ཏོག་སྦྲུས་ལ་རིལ་བུར་བགྱིས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་མཚེའུར་སྩ་ལན་ཆར་འཆད་པར་འགྱུར་རོ།། སོར་མོ ་ལྔ་ཕན་ཚུན་བསྣོལ་ཏེ་གཡོན་པའི་སོར་མོ་རྣམས་ཀྱིས་གཡས་པའི་སོར་མོ་རྣམས་དམ་དུ་འཁྱུད་ལ་མགོ་བོའི་སྟེང་དུ་བཞག་སྟེ། རྩ་བའི་གསང་སྔགས་བཟླས་བརྗོད་བགྱིའོ།། འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་དུ་བདུད་འདུལ་བའི་ཕྱག་རྒྱ་སྟེ་བཅོ་ལྔ་པའོ། ། ། ཕྱག་རྒྱ་འདིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་སྦྱར་བར་བགྱི། གདུགས་ཉི་ཤུ་རྩ་དགུའི་བར་དུ་ཙན་ངན་དཀར་པོའི ་འདག་གུས་དཀྱིལ་འཁོར་བྱུག། མེ་ཏོག་གཙང་མ་དགྲམ་མོ།། དེའི་ཚེ་ཁྲུས་བགྱིས་ལ་གོས་གཙང་མ་བགོས་ཏེ། ཨ་ཀ་རུ་ནག་པོས་བདུག་པར་བགྱིའོ།། རྩ་བའི་གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས ་བརྗོད་བགྱིའོ། ། འདི་ནི་ངར་སྙེམས་པ་བགྱིའོ།། དེ་ནས་ཡུངས་ཀར་དང་ཏིལ་ནག་པོ་ལྷན་ཅིག་བཏགས་ལ། ཕོ་སུམ་གང་ཙམ་ལ་ལན་གཅིག་བཟླས་བརྗོད་བགྱིས་ཏེ་ཞུགས་སུ་དོར་རོ།། དེ་ལྟར་གདུགས ་བདུན་གྱི་བར་དུ་གདུགས་གཅིག་ཅིང་། ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཅི་འཚལ་བ་ཐམས་ཅད་འགྲུབ་པར་འགྱུར་རོ།། འགྲེང་ལ་རྐང་པ་མཉམ་པར་ཉེ་བར་གཞིབས་ཏེ། ལག་པ ་གཡས་པ་ཐུར་དུ་ཐམས་ཅད་བརྐྱང་ལ་བཀན་ཏེ་པུས་མོའི་སྟེང་དུ་གཞག། ལག་པ་གཡོན་པའང་དེ་བཞིན་དུ་བགྱིའོ།། འདི་ནི་བྱང་ཆུབ་སེམས་དཔའི་མི་འཇིགས་པ་སྩོལ་བའི་ཕྱག་རྒྱ་སྟེ་བཅུ་དྲུག ་པའོ། ། ། ཕྱག་རྒྱ་འདི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་བཅིངས་ལ། རྩ་བའི་གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། སེམས་ཅན་ཐམས་ཅད་ལ་མི་འཇིགས ་པ་སྩལ་བར་འགྱུར་རོ། ། ཡང་ན་ཤུ་ཏིའི་ས་བོན་དང་། ཡུངས་ཀར་དང་། ཤུ་དག་དང་། ཉེའུ་ཤིང་དང་། འདི་དེག་སངས་རྒྱས་ཀྱི་སྤྱན་ལྔ་འམ། བླ་གབ་མེད་པའི་ཕྱོགས་སུ་སྦྱིན་སྲེག་བགྱིའོ།། གསང ་སྔགས་ལན་སུམ་ཅུ་གཉིས་བཟླས་བརྗོད་བགྱིའོ། ། མེ་ཏོག་དང་བདུག་པས་མཆོད་པར་བགྱིའོ།། འདི་ནི་གསང་སྔགས་ཀྱི་ཆོ་ག་ལགས་ཏེ། ཅི་རྩོམ་པ་ཐམས་ཅད་དེ་བཞིན་དུ་འགྲུབ་བོ།། གསང་སྔགས་གང་མི་འགྲུབ ་ནགསང་སྔགས་འདི་བཟླས་བརྗོད་བགྱིས་ན་འགྲུབ་བོ། ། རྨི་ལམ་མཐོང་བར་འཚལ་ན་གསང་སྔགས་འདིབང་བརྗོད་ཅིང་། ཕྱག་རྒྱ་འདིའང་བཅིངས་ན་ཅི་འཚལ་བ་རྨི་ལམ་དུ་མཐོང་བར་འགྱུར་རོ།། མི་བསོད་ནམས་དང ་མི་ལྡན་པ་གང་ཞིག་དངོས་གྲུབ་མི་ཐོབ་ན། གསང་སྔགས་འདི་གདུགས་བདུན་གྱི་བར་དུ་གདུགས་གཅིག་ཀྱང་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། ཅི་འཚལ་བ་དེ་བཞིན་དུ་འགྲུབ་བོ།། དེའི་ཚེ་ཡང་བྱང ་ཆུབ་སེམས་དཔའ་རྒྱ་མཚོ་ཆེན་པོའི་ནིང་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་ཁང་པར་འདུག་སྟེ་ཆོས་བཤད་དོ། ། དེར་ཀླུ་སྡུག་བསྔལ་ཆེན་པོ་མྱོང་བ་དག་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། གལ་ཏེ་ཡོངས་སུ་སྐྱོབ་པ་ཞིག་ཡོད་ན། སྡུག་བསྔལ ་གྱི་གནོད་པ་རྣམས་ལས་ཐར་པར་འགྱུར་རོ་སྙམ་མོ། ། དེའི་ཚེ་དེར་ཀླུའི་བུ་མོ་ཆོས་འདོད་པ་ཞིག་གིས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་མི་མཇེད་གཅིག་རི་བ་གཅིག་ཕུལ་བ་དང་། དེས་ཀྱང་སྡུག་བསྔལ་ཐམ་ཅད་ཡོངས་སུ་ཐར་པར ་བྱེད་པའི་ཆོས་བཤད་དོ། ། དེའི་ཚེ་དེའི་གསང་སྔགས་འཛིན་པའི་བྱང་ཆུབ་སེམས་དཔའ་ཆུའི་སྙིང་པོས་ཀུན་ཏུ་སྲུང་བའི་ཕྱིར་གསང་སྔགས་འདི་སྨྲས་སོ།། བི་མ་ལེ་མ་ཧཱི་བ་མ་ལེ། ཨོཾ་ཧ་རཾ་མ་ཧཱ་ཨོ་ཧ་རེ། ཧུ་མེ་རེ་མ་ཧཱ་ཧུ་མ་རེ ་སྭཱཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གསང་སྔགས་འདི་འཛིན་ནཱ། དེ་གར་མཆི་བར་བདུད་ཀྱི་འཁོར་གྱིས་སྡུག་བསྔལ་བར་བགྱིད་པའི་བར་དུ་བདག་གིས་རྟག་ཏུ་ཀུན་ཏུ་བསྲུང་བར་བགྱིས ་གང་ལ་ལ་ཞིག་གློ་བུར་དུ་འཇིགས་པར་གྱུར་ཏམ། རང་གི་ཡུལ་ལམ། གཞན་གྱི་ཡུལ་ལམ། ཆོམ་རྐུན་དང་ཕྱིར་རྒོལ་བ་དག་བྱུང་ན་དེས་ཚོན་སྐུད་སྣ་ལྔ་པ་བཅིང་བར་བགྱི་སྟེ། མདུད་པ་ཉི་ཤུ་རྩ་གཅིག་བོར ་ལ། མདུད་པ་རེ་རེ་ཞིང་ཡང་གསང་སྔགས་ལན་རེ་རེ་བཟླས་བརྗོད་བགྱིས་ཏེ། ལག་པ་གཡོན་པ་ལ་བཅིང་བར་བགྱིའོ།། ལག་པ་གཡོན་པའི་སྲིན་ལག་དང་། གུང་མོ་དང་། མཛུབ་མོ་རྣམས་ཁུ་ཚུར་བཅངས ་ལ། མཐེ་བོས་དེ་དག་མནན། མཐེའུ་ཆུང་བརྐྱང་སྟེ་དགྲ་ལོགས་སུ་བསྟན་ལ་གསང་སྔགས་ཀྱང་ལན་བདུན་བཟླས་བརྗོད་བགྱིའོ།། འདི་ནི་བྱང་ཆུབ་སེམས་དབབ་མིག་སྟོང་དང་ལྡན་པའི་ཀུན་ཏུ ་སྲུང་བའི་ཕྱག་རྒྱ་སྟེ་བཅུ་བདུན་པའོ། ། ། གསང་སྔགས་ལན་བཅུ་བདུན་བཟླས་བརྗོད་བགྱིས་ན། དགྲ་ཐམས་ཅད་ལྡོག་པར་འགྱུར་ཞིང་། གནོད་པར་བགྱིད་མི་ནུས་སོ།། དེའི་ཚེ་ཡང ་བྱང་ཆུབ་སེམས་དཔའ་གངས་ཀྱི་རི་ལ་གནས་ཏེ་ཆོས་ཀྱང་འཆད་དོ། ། དེར་གནོད་སྦྱིན་དང་སྲིན་པོ་རྣམས་ཀྱི་ཡུལ་ན་སེམས་ཅན་རྣམས་ཕན་ཚུན་ཟ་ཞིང་། དེ་དག་ལ་དགེ་བའི་སེམས ་མེད་པར་མཐོང་ནས། བྱང་ཆུབ་སེམས་དངཔ་འ་འདི་སྙམ་དུ་ནམ་ཞིག་ན་འདུལ་བར་འགྱུར་སྙམ་ནས་དེའི་ཚེ་དེར་སོང་སྟེ། ཡུལ་དེར་དེ་དག་གི་དོན་གྱི་ཕྱིར་ལག་པ་སྟོང་དང་ལྡན་ཞིང་མིག་སྟོང་དང་ལྡན་པའི་ལུས ་སྤྲུལ་ནས་དེས་བདུད་རྣམས་ཕམ་པར་བྱས་སོ། ། དེར་གཟུངས་སྔགས་འདིའང་སྨྲས་སོ།། དེ་ནས་སྲིན་པོའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་གན་དུ་སོང་སྟེ། ལས་དེ་བཤགས་ནས་ཕྱག་བྱས་སོ།། ་བྱང་ཆུབ་སེམས་དཔས་ཀྱང་ཕྱག་རྒྱ་བཅུ་བདུན་གྱིས་ཕྱག་རྒྱས་བཏབ་པ་དང་། དེའི་མོད་ལ་བྱང་ཆུབ་ཀྱི་ལམ་ཐོབ་བོ།། འགྲེང་སྟེ་རྐང་པ་ཕན་ཚུན་ཉེ་བར་གཞིབས་ལ་སྙིང་ཁར་ཐལ་མོ་སྦྱར་ཏེ ་མཐེའུ་ཆུང་ཕན་ཚུན་བསྣོལ་ལ། གཡོན་པས་གཡས་པ་ལ་འཁྱུད་པར་བགྱི། རྩ་བའི་གསང་སྔགས་ཀྱང་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ།། བྱང་ཆུབ་སེམས་དཔའ་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཡོངས་སུ་རྫོགས་པ་སྟེ་བཅོ་བརྒྱད་པའོ། ། ། ཡིད་ལ་བསམ་པ་རྣམས་རྫོགས་པར་འགྱུར་རོ།། སུ་ཞིག་ངན་འགྲོ་དྲུག་པོ་དག་གི་སེམས ་ཅན་རྣམས་སྐྱོབ་པར་འཚལ་བ་དེས་འཁོར་ལོའི་ཕྱག་རྒྱ་བཅིང་བར་བགྱི་སྟེ། སོར་མོ་བཅུ་རྩེ་སྤྲད་ལ་ལག་རྟིང་དབྱེ། སོར་མོའི་བར་ཡང་སོར་གཉིས་གཉིས་ཙམ་གྱིས་མ་ཕྲད་པར་བགྱིའོ།། ་ཕྱག་རྒྱ་འདིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངས་སུ་ཐར་པར་བགྱིད་ཅིང་། འགྲོ་བ་དྲུག་པོ་དག་ཏུ་ཞུགས་པ་དང་འདྲ་བར་རིག་པར་བགྱི་སྟེ། ཕྱག་རྒྱ་དེའི་ཆོ་གའོ།། ཡང ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ་ལག་པ་གཡོན་པ་པུས་མོའི་སྟེང་དུ་ལག་མཐིལ་བཀན་ཏེ་གཞག་པར་བགྱིའོ། ། གཡས་པའང་དེ་བཞིན་དུ་བགྱིས་ལ། ལག་མཐིལ་པུས་མོའི་སྟེང་དུ་ཁ་སྦུབ་སྟེ་གཞག་པར ་བགྱིའོ། ། འདི་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་ཡོངས་སུ་རྫོགས་པ་ཡང་དག་པའི་བྱང་ཆུབ་ཀྱི་ཕྱག་རྒྱ་སྟེ་བཅུ་དགུ་པའོ།། །། འདི་ནི་རང ་བཞིན་གྱིས་འགོག་པ་དང་མཚུངས་ཏེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱག་རྒྱ་འདི་གཅིག་པུས་སངས་རྒྱས་ཀྱི་བྱང་ཆུབ་བརྙས་སོ།། ཕྱག་རྒྱ་འདིས་ལས་མི་དགེ་བ་ཐམས་ཅད ་འབྱང་བར་འགྱུར་རོ། ། གལ་ཏེ་སྒྲུབ་པ་པོ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་པ་ལ་ཆོས་རྣམས་མངོན་དུ་གདའ་བར་མ་གྱུར་ན། གདུགས་བདུན་གྱི་བར་དུ་དབེན་པའི་ཕྱོགས་ཀྱི་གནས་སུ་ཕྱག་རྒྱ་འདིས ་གཟུངས་འདི་བརྗོད་ལ་ཤིན་ཏུ་དད་པས་སངས་རྒྱས་ལ་ཕྱག་བགྱི་ཞིང་། གདུགས་མཚན་དྲུག་ཏུ་ལས་རྣམས་སོ་སོར་བཤགས་ན། དེའི་ཚེ་ཆོས་མདུན་དུ་གདའ་བར་འགྱུར་རོ།། བསོད་ནམས ་དཔག་ཏུ་མ་མཆིས་ཤིང་གྲངས་མ་མཆིས་པར་འགྱུར་རོ། ། ཡང་ལག་པ་གཡོན་པའི་སོར་མོ་བཞི་ཁུ་ཚུར་བཅངས་ལ་གཡས་པའི་སོར་མོ་བཞིས་གཡོན་པའི་མཐེ་བོང་བཅངས་ཏེ། ཅུང་ཞིག་མཆིས ་ལ་གཡས་པའི་མཛུབ་མོས་གཡབ་བོ། ། འདི་ནི་བྱང་ཆུབ་སེམས་དཔའ་པ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སུམ་ཅུ་རྩ་གསུམ་གྱི་ལྷའི་རྣམ་པ་རྣམས་དགུག་པའི་ཕྱག་རྒྱ་སྟེ ་ཉི་ཤུ་ངའོ། ། ། གསང་སྔགས་ནི་འདི་ལགས་ཏེ། ཨོཾ་ཀུ་ཊེ་ཀུ་ཊེ། བ་ཀུ་རེ་ཙི་ལེ་ཙི་ལི། ཙི་ལི་ལེ་སྭཱ་ཧཱ། གསང་སྔགས་འདི་དང་ཕྱག་རྒྱ་འདི་ནི་ལྷག་པར་རྒྱ་ཆེ་བའོ།། རིགས ་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཅི་རྩོམ་པ་རྨི་ལམ་དུ་མཐོང་བར་འཚལ་ན། གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། ཡིད་ལ་ཅི་བསམས་པ་རྨི་ལམ་དུ་མཐོང་བར་འགྱུར ་རོ། ། སུ་ཞིག་གདུགས་གཅིག་བཞིན་དུ་གོམས་པར་བགྱིད་ན་ལས་རྣམས་འབྱང་བར་འགྱུར་རོ།། བྱང་ཆུབ་ཀྱི་སེམས་མི་བསྐྱེད་དོ།། རྨི་ལམ་བཟང་པོ་དཔལ་དུ་འགྱུར་བ་དང་། བྱང་ཆུབ་ཀྱི ་ཤིང་དྲུང་ན་བཞུགས་པའི་སངས་རྒྱས་ཀྱི་བར་དུ་མཐོང་ཞིང་། བྱང་ཆུབ་ཏུ་ལུང་སྟོན་པར་རྨི་བར་འགྱུར་རོ།། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱང་ཀུན་ཏུ་སྲུང་བར་འགྱུར་རོ།། ཡང ་བགྲེང་སྟེ་རྐང་པ་ཕན་ཚུན་བསྙེན་ལ། ལག་པ་གཡོན་པའི་མཐེ་བོང་ལག་མཐིལ་དུ་བཀུག་སྟེ། སོར་མོ་བཞིས་ཁུ་ཚུར་བཅངས་ལ་སྙིང་ཁར་གཞག། གཡས་པའང་དེ་བཞིན་བགྱིས་ལ ་རྣ་བ་གཡས་པའི་སྟེང་དུ་བཞག་སྟེ། མཛུབ་མོས་གཡབ་བོ།། འདི་ནི་བྱང་ཆུབ་སེམས་དཔའའ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་དང་ཀླུ་ལ་སོགས་པ་འཁོར་བརྒྱད་པོ་དག་དགུག ་པའི་ཕྱག་རྒྱ་སྟེ་ཉི་ཤུ་རྩ་གཅིག་པའོ། ། གསང་སྔགས་ནི་འདི་ལགས་ཏེ། ན་མོ་ན་གིནྡྷ། ན་ནོང་དྲ་བ་ན་སྭཱཧཱ། ན་མོ་ནི་རྗེ་ལ་སྭཱཧཱ། ཨེ་ཧྱེ་ཧི་སྭཱ་ཧཱ། རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཕྱག་རྒྱ་འདི་དང་གསང་སྔགས་འདི་འཛིན་ཏམ། འདོན་ཏམ། ཀློག་པ་ཚེ་རབས་བདུན་དྲན་པར་འགྱུར་རོ།། སྦྲུལ་གདུག་པས་ཟིན་པར་མི་འགྱུར་རོ།། དུག་ཀྱང ་གདུག་པར་མི་འགྱུར་རོ། ། ལུས་ལ་མཚོན་གྱིས་མི་ཚུགས་སོ།། རྒྱལ་པོའི་ཆེད་པས་འཇིགས་པ་མི་འབྱུང་ངོ་།། བསྐལ་པ་མང་པོར་སེམས་ཅན་དམྱལ་བར་མི་མཆིའོ།། སྡུག་བསྔལ་ཉམས ་སུ་མི་མྱོང་ངོ་། ། གང་བརྗོད་པར་འབྱུང་པོ་རྣམ་པ་ཉི་ཤུ་རྩ་གཅིག་ལྷགས་ཏེ། གསང་སྔགས་འདི་ཉན་པར་འགྱུར་རོ།། གང་གི་དྲུང་དུ་འབྱུང་པོ་མཆི་བ་དེར་སྐུད་པ་དཀར་པོ་གདགས་པར་བགྱི་སྟེ། ་མདུད་པ་བཞི་བཅུ་རྩ་དགུ་བོར་ལ། མདུང་པ་རེ་རེ་ལའང་ལན་རེ་བཟླས་བརྗོད་བགྱིས་ཏེ་མགུལ་དུ་བཏགས་ན་བདེ་བར་འགྱུར་རོ།། གལ་ཏེ་ཡུལ་དུ་ཡམས་ཀྱི་ནད་བྱུང་སྟེ་སེམས་ཅན་མང་དུ་འགུམ ་ན། རྒྱལ་པོའི་སྐྱེད་མོས་ཚལ་ནས་པདྨ་དག་བླངས་ལ། པདྨ་རེ་རེ་ལའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། བསྲེགས་པར་བགྱིས་ན་ཡམས་ཀྱི་ནད་འཆད་པར་འགྱུར་རོ།། ་ཡང་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ་ལག་པ་གཡོན་པའི་མཐེ་བོང་དང་གུང་མོ་རྩེ་མོ་སྤྲད་དོ།། ལག་མཐིལ་བཀན་ལ་པུས་མོ་གཡོན་པའི་སྟེང་དུ་བཞག། གཡས་པའང་དེ་བཞིན་དུ་བགྱིས་ལ ་པུས་མོ་གཡས་པའི་སྟེང་དུ་ཁ་ཕུབ་སྟེ་གཞག་གོ། ། སོར་མོ་གཞན་བརྐྱང་ལ་རྩ་བའི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ།། འདི་ནི་བྱང་ཆུབ་སེམས ་དཔའི་རྣམ་པར་གྲོལ་བའི་ཕྱུག་རྒྱུ་ཙྪ་ཉི་ཤུ་རྩ་གཉིས་པའོ། ། ཅི་འཚལ་བ་དེ་གཞིན་དུ་འགྲུབ་བོ།། སྡུག་བསྔལ་ལས་ཐར་པར་འགྱུར་རོ།། གང་གིས་མཚམས་མྱེད་པ་ལྔ ་ལས་དག་བགྱིས་པ་སྡིག་པ་རེ་རེའི་ཕྱིར་ཡང་། དཔེར་ན་འཛམ་བུའི་གླིང་གི་སའི་རྡུལ་གྱི་རྡུལ་ཕྲ་རབ་མཐའ་དག་རེ་རེའི་བསྐལ་པར་སེམས་ཅན་དམྱལ་བར་མཆི་འཚལ་ལ། འབྱུང་བ་ནི་ངེས་པར་མཆིས ་པར་འགྱུར་ན། དེས་དེའི་ཚེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཚེས་བཅོ་ལྔའི་ཟླ་བ་ཉལ་ཟས་མི་འཚལ་བར་ཕྱག་རྒྱ་འདི་བཅིངས་ལ། གསང་སྔགས་འདིའང་ལན་བརྒྱ་རྩ ་བརྒྱད་བཟླས་བརྗོད་བགྱིས་ན། སྔོན་གྱི་ལས་ཀྱི་སྡུག་བསྔལ་ཐམས་ཅད་འབྱང་བར་བགྱིད་ནུས་པར་འགྱུར་ཏེ། ལྷག་མ་ལུས་པ་ནི་གནས་མ་ལགས་ཤིང་སྐབས་མ་མཆིས་སོ།། ཡང ་འགྲེང་སྟེ་ལག་པ་གཡོན་པས་རྐང་པ་གཡོན་པའི་མཐེ་བོང་ཆད་པར་བཅུག་ལ། ལག་པ་གཡས་པས་གཡོན་པའི་ལག་མཐིལ་ནས་བཟུང་སྟེ། རྩ་བའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད ་བགྱིའོ། ། འདི་ནི་བྱང་ཆུབ་སེམས་དཔའི་དབང་དང་རྫུ་འཕྲུལ་གྱི་རྐང་པའི་ཕྱག་རྒྱ་སྟེ་ཉི་ཤུ་རྩ་གསུམ་པའོ།། དཔག་ཚད་སྟོང་གི་ཕྱོགས་སུ་མཆི་འཚལ་ནའང་དཀའ་བ་མ་མཆིས ་། ། གསང་སྔགས་ནི་དབེན་པར་མཆིས་ལ་བཟླས་བདྷཱུ་མརྒྱག། བྱང་ལག་པ་གཡོན་དྷའི་མརྗེ་བོང་མརྗེའུ་རྒྱུ་གིསན་མྱོན་ནན་ལ། གམས་པའང་དེ་བཞིན་དུ་བགྱིས། @མ ་ལྷག་མ་གསུམ་གསུམ་མཆིས་པ་བརྒྱད་ལ། ལག་མཐིལ་དུ་བཀུན་སྟེ་སྤྱི་བོར་བཞག་ལ་རྩ་བའི་གས་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ།། འདི་ནི་བྱང་ཆུབ་སེམས་དངའི་རྫུ་འཕྲུལ ་དང་དབང་གི་ཕྱག་རྒྱས་ཉི་ཤུ་རྩ་བཞི་པའོ། ། འགྲོ་བ་ལ་དབང་བ་འཐོབ་བོ།། ཡང་ཐལ་མོ་རིག་པར་སྣ་། ཐ་ནི་ཡི་ན་པའི་སོང་དུ་བཀྱིས་ལ་མཛུབ་ཚེ་གཉིས་ཀྱིས་གས་བགྲོ ་འདོན་ཀྱང་ཆུབ་སེམས་དཔའི་རྒྱལ་པལ་ཉིང་ངོ་ལས་སྤྱན་དྲང་པའི་སྒྱུས་རྒྱ་བུས་ལྡང་། པ་རྟགས་ནི་འདིལ་། མི་མཱར་མིག་ཐལ་པའི་རིམ། ས་ཛུ་མ་མ་ཚནས་རམ ་ཐ་ལ་དྷདྡྷཿ། བྱང་ཆུབ་སེམས་དཔའ་བ་མམས་པསྦྱིན་དུས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྦྱོང་དང་ལྡན་པ་ཅིག་ཞི་མོ་རྫོགས་སོ། ་