| Wylie | e-texts produced with BDRC’s OCR application |
དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །། འཕགས་པ་ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་འོད་མའི་མྱུ་གུའི་དཀྱིལ་འཁོར་ན། དགེ་སློང་གི་དགེ་འདུན ་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ནི་གཙོ་བོར་གྱུར་ཏོ།། གཞན ་ཡང་དེའི་ཚེ་བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཚད་མེད་པ་སྙེད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཤ་ཟ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པའི་འཁོར་མང་པོ་དག་གིས་ཡོངས་སུ ་བསྐོར་ནས་མཆོད་ཅིང་རིམ་གྲོར་བྱས། བཀུར་སྟིར་བྱས། བླ་མར་བྱས་ཏེ། གསང་སྔགས་བརྗོད་པ་ལ་ཆོས་སྟོན་པར་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས ་གཟིགས་དབང་ཕྱུག་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་གིས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས ་ལ་མགོ་བོས་ཕྱག་བྱས་ཏེ་གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་རིག་སྔགས ་ཀྱི་སྙིང་པོ་གདོང་བཅུ་གཅིག་པ་ཞེས་བགྱི་བ་མཐུ་ཆེན་པོ་དང་ལྡན་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་མཆིས་ཏེ། དེང་བདག་གིས་སེམས་ཅན་ཐམས་ཅད་ལ་སྨན་ཅིང་བདེ་བར་བགྱི་བ་དང་། ་བྲོ་ནད་ཐམས་ཅད་ཞི་བར་བགྱི་བ་དང་། སྡིག་པ་ཐམས་ཅད་སྦྱང་བ་དང་། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་བགྱི་བ་དང་། རྨི་ལམ་ངན་པ་ཐམས་ཅད་དགག་པ་དང་། དུས་མ་ལགས་པར་འཆི ་བ་ཐམས་ཅད་བཟློག་པ་དང་། ངན་སེམས་ཅན་རྣམས་གདུལ་ཞིང་དང་བ་ཐོབ་པར་བགྱི་བ་དང་། མྱ་ངན་གྱི་སྡུག་བསྔལ་དང་ལྡན་པ་དག་བདེ་བ་ཐོབ་པར་བགྱི་བ་དང་། ཁོན་དང་བཅས་པ་རྣམས་འདུན་པར ་བགྱི་བ་དང་། བདུད་དང་གདོན་བགེགས་རྣམས་ཞི་བར་བགྱི་བ་དང་། སེམས་ཀྱི་སྨོན་པ་རྣམས་མངོན་པར་བསྒྲུབ་པར་བགྱི་བའི་སླད་དུ་བཤད་པར་བགྱིའོ།། བཅོམ་ལྡན་འདས་བདག་གིས་ནི་འཇིག ་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པ་ལ་སོགས་པ་གང་གིས་ཀྱང་རིག་སྔགས་འདིས་བསྲུང་བར་བགྱིས་པ་དང་། འདི་ལེན ་པ་དང་། འཛིན་པ་དང་། ཀློག་པ་དང་། བདོན་པ་དང་། ཡི་གེར་བྲིས་ནས་སྤེལ་བར་བགྱིད་པ་དེ་དག་ལ་བགེགས་བགྱིད་པ་དང་། བདུད་ཀྱི་བར་ཆད་དང་། མཚོན་ཆ་དང་། དབྱིག་པ་དང་། ་དུག་དང་། བྱང་སྟེམས་ཀྱིས་གནོད་པ་བགྱིད་པར་འགྱུར་བ་མ་མཆིས་ལགས་སོ།། བདག་གིས་རིག་སྔགས་འདི་གནས་པའི་ཕྱོགས་སུ་རིང་ཡང་རུང་ཉེའང་རུང་སྟེ། ཇི་ཙམ་དུ་མཚམས་བཀུམ ་པ་ལས་འདས་ནས་གནོད་པ་བགྱིད་དུ་མཆི་བ་མ་མཐོང་ལགས་ཏེ། སྡིག་པའི་ལས་ངེས་པར་རྣམ་པར་སྨིན་པར་གྱུར་པ་ནི་མ་གཏོགས་ལགས་སོ།། བཅོམ་ལྡན་འདས་དེས་དངོས་པོ་འདི་ངེས ་པར་དེ་ལྟ་བུ་ལགས་པར་རིག་པར་བགྱིས་ནས་མངོན་པར་ཡིད་ཆེས་པས་བླང་བར་བགྱིའོ། ། རྣམ་པར་རྟོག་པ་ནི་མི་བགྱི། དེ་ལྟར་བགྱིས་ན་གདོན་བགེགས་ཐམས་ཅད་ཐག་རིང་དུ་སྤོང་བས་ཉེ་བར ་མཆི་ཞིང་གླགས་རྙེད་པར་མི་འགྱུར་ལགས་སོ། ། རིག་སྔགས་ཀྱི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཚུངས་པར་བསྔགས་པ་བརྗོད་ཅིང་། མཚུངས་པར་རྗེས་སུ ་ཐུགས་རངས་པར་མཛད་པ་ལགས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་མཛད་པ་ལགས་སོ།། བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ། བསྐལ་པ ་ག་ཨངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔོན་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་བརྒྱའི་སྤྱན་ཐོགས་པ་མི་མངའ་བའི་གཙུག་ཏོར་ཡོན་ཏན་རབ་ཏུ་རྒྱས་པའི་འོད་ཟེར ་གྱི་རྒྱལ་པོ་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། བདག་དེའི་ཚེ་དྲང་སྲོང་དུ་གྱུར་པས་བཅོམ་ལྡན་འདས་དེ་ལས་རིག་སྔགས་འདི་མནོས་ལགས་སོ།། རིག་སྔགས་འདི་འཐོབ་པའི་ཚེ་ཕྱོགས་བཅུའི་སངས ་རྒྱས་རྣམས་ཀྱང་མཐོང་བར་གྱུར། མི་སྐྱེ་བའི་ཆོས་ཀྱི་བཟོད་པའང་ཐོབ་པར་གྱུར་པས། རིག་སྔགས་འདི་མཐུ་ཆེན་པོ་དང་ལྡན་པར་རིག་པར་བགྱི་ལགས་སོ།། དེ་ལྟ་བས་ན་ཡོངས་སུ་དང་བ་དང་ལྡན ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་སོགས་པ་དག་གིས་རིག་སྔགས་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པར་འཚལ་ན་གུས་པས་སེམས་རྩེ་གཅིག་ཏུ་དྲན་པས་བཅངས ་ཏེ་རྟག་པར་ནང་པར་ལངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། རིག་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཚེ་འདི་ཉིད་ལ་ཕན་ཡོན་རྣམ་པ་བཅུ་འཐོབ་པར་འགྱུར་ལགས་སོ།། ་བཅུ་གང་ཞེ་ན། རྟག་པར་ལུས་ལ་བྲོ་ནད་མ་མཆིས་པར་འགྱུར་བ་དང་། རྟག་པར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་བ་དང་། ནོར་དང་། རིན་པོ་ཆེ་དང་། ་གོས་དང་། ཟས་པས་པ་མ་མཆིས་པ་དག་ལ་ལོངས་སྤྱོད་པར་འགྱུར་བ་དང་། དགྲ་ཐམས་ཅད་ཐུལ་ཞིང་འཇིགས་པ་མ་མཆིས་པར་འགྱུར་བ་དང་། ཡ་རབས་བཙུན་པ་རྣམས་ཀྱིས་བཀུར་ཞིང་གསོད ་པོར་སྨྲ་བར་འགྱུར་བ་དང་། དུག་དང་འདྲེ་གདོན་གྱིས་མི་ཚུགས་ཤིང་གནོད་པ་བགྱིད་པར་མི་འགྱུར་བ་དང་། མཚོན་ཆ་དང་དབྱིག་པ་ཐམས་ཅད་ཀྱིས་གནོད་པ་བགྱིད་པར་མི་འགྱུར་པ་དང་། ཆབ་ཀྱིས། ་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། ཞུགས་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུས་མ་ལགས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དག་ལགས་སོ།། གཞན་ཡང ་ཡོན་ཏན་གྱི་སྨན་ཡོན་རྣམ་པ་བཞི་ཐོབ་པར་འགྱུར་ཏེ། འགུམ་པའི་དུས་ཀྱི་ཚེ་སངས་རྒྱས་རྣམས་མཐོང་བར་འགྱུར་བ་དང་། ནམས་ཀྱང་ངན་འགྲོ་རྣམས་སུ་ལྷུང་བར་མི་འགྱུར་བ་དང་། ཡང་བ་མ་སྤངས ་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་དག་ལགས་སོ།། བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ། འདི་ནས་བསྐལ ་པ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་དག་གི་སྔ་རོལ་དག་གི་ཡང་ཆེས་སྔ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མན་ད་ར་བའི་བསུང་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བདག་ཁྱིམ་བདག་ཆེན་པོ་ཞིག་ཏུ་གྱུར་པས་སངས་རྒྱས་དེ་ལ་རིག་སྔགས་འདི་མནོས་ལགས་ཏེ། ་རིག་སྔགས་འདི་ཐོབ་མ་ཐག་ཏུ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་ལགས ་སོ། ། རིག་སྔགས་འདི་ཀློག་པ་དང་འཛིན་པ་དག་གིས་གཞན་ཡང་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་ཆོས་ཀྱི་སྒོ ་ཐོབ་པར་འགྱུར་ཏེ། དེའི་མཐུ་སྟོབས་ཀྱི་དབང་གིས་གང་དག་བཙོན་ར་དམ་པོར་ཆུད་པ་དང་། མཚོན་ཆར་སྤྲུལ་བ་དང་། འགུམ་པ་ལ་ཐུག་པ་དང་། ཆབ་དང་། ཞུགས་དང་། རླུང་དང་། ཆོམ་རྐུན ་དང་། དུག་དང་། བྱང་སྟེམས་དང་། མི་དང་། མི་མ་ལགས་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་བགེགས་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་བགྱིད་པ་ལགས་སོ།། བདག་ནི་འདིའི་དབང ་གིས་སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱབས་དང་། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་སྲུང་བ་དང་། དབུགས་འབྱིན་པ་དང་། གླིང་དང་། ཁང་ཁྱིམ་དུ་གྱུར་པ་ལགས་སོ།། རིག་སྔགས ་འདིབི་མཐུས་གནོད་སྦྱིན་དང་སྲིན་པོ་མ་རུངས་པ་ལ་སོགས་པ་ཐམས་ཅད་ཡོངས་སུ་བསྡུ་ཞིང་ཡོངས་སུ་བཟུང་ནས་སྔར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་བསྐྱེད་དུ་སྤྲུལ་ནས། དེའི་རྗེས་ལ་བླ ་ནམ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བགྱིད་ལགས་སོ། ། བཅོམ་ལྡན་འདས་བདག་གི་རིག་སྔགས་འདིའི་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པས་གང་ལ་ལ་ཞིག་གིས་ལན་ཅིག་ཙམ ་བཟླས་བརྗོད་བགྱིས་ནའང་རྩ་བའི་ལྟུང་བ་བཞི་དང་མཚམས་མ་མཆིས་པ་ལྔ་ཡོངས་སུ་འབྱང་བར་འགྱུར་ན། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། གང་དག་སངས་རྒྱས ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་དགེ་བའི་རྩ་བ་བསྐྲུན་པ་རྣམས་ཀྱིས་དེང་གདོད་རིག་སྔགས་འདི་ཐོས་པར་འགྱུར་ལགས་ན། ལེན་པ་དང་། འཛིན་པ་དང་། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ ་སྨོས་ཀྱང་ཅི་འཚལ་ལགས། གང་ལ་ལ་ཞིག་གིས་གདུགས་མཚན་དུ་རིག་སྔགས་འདི་ཀློག་པ་དང་། འདོན་པ་དང་། འཛིན་པར་བགྱིད་ན་བདག་གིས་དེ་དག་གི་སྨོན་པ་ཅི་མཆིས་པ་ཡིད་བཞིན་དུ ་འགྲུབ་པར་བགྱིད་ལགས་སོ། ། གང་ལ་ལ་ཞིག་གིས་ཟླ་བ་ཕྱེད་ཅིང་ཚེས་བཅུ་བཞིའམ་བཅོ་ལྔ་ལ་སྨྱུང་བར་བགྱིས་ཏེ། སྡོམ་པ་ཡང་དག་པར་བླངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། ་སེམས་རྩེ་གཅིག་ཏུ་བདག་རྗེས་སུ་དྲན་པར་བགྱིས་ནས་རིག་སྔགས་འདི་བཟླས་བརྗོད་བགྱིས་ན། བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་བདག་ནི་རིག་སྔགས་འདི་གི ་དབང་གིས་མིང་བཙུན་ཞིང་ཐོས་པར་དཀའ་བར་གྱུར་ལགས་ཏེ། གང་ལ་ལ་ཞིག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་མཚན་ནས་བརྗོད་ཅིང་ཡིད་ལ་བསམས་པ་དང་། གཞན་ཡང་འགའ་ཞིག ་གིས་སྐད་ཅིག་ཙམ་དུ་བསམ་པ་ཐག་པ་ནས་བདག་གི་མིང་ནས་བརྗོད་ཅིང་རྗེས་སུ་དྲན་པར་གྱུར་ན། དེ་ཉིད་ཀྱི་ཡོན་ཏན་མཉམ་ཞིང་མཚུངས་ལགས་སོ།། བདག་གི་མིང་ནས་བརྗོད་པ་དེ་དག་ཐམས་ཅད ་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར། བྲོ་ནད་ཐམས་ཅད་དང་བྲལ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར། ལུས་དང་། ་ངག་དང་། ཡིད་ཀྱིས་ནོངས་པ་ཞུ་བྱང་བར་འགྱུར་ན། བདག་གིས་བསྟན་པའི་རིག་སྔགས་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས ་ཀྱང་ཅི་འཚལ་ལགས་ཏེ། གང་ཟག་དེ་དག་ནི་བླ་ན་མ་མཆིས་པའི་བྱང་ཆུབ་ལག་མཐིལ་ན་མཆིས་པ་བཞིན་དུ་ཁོང་དུ་ཆུད་ཅིང་ལེགས་པར་འགྱུར་བར་རིག་པར་བགྱིད་ལགས་སོ།། དེ་ནས་བཅོམ་ལྡན་འདས ་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་བྱམས་པ་དང་སྙིང་རྗེའི ་བསམ་པ་བསྐྱེད་ནས་རིག་སྔགས་ཆེན་པོ་འདི་རྣམ་པར་ཕྱེ་སྟེ་བསྟན་པ་ཡིན་པས། ཁྱོད་ཐབས་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ཀྱི་སྡུག་བསྔལ་དང་། སྒྲིབ་པ་དང་། བགེགས་དང་། ་འཇིགས་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ཉེས་པ་ལས་ཡོངས་སུ་སྐྱོབ་པ་ཐར་པར་བྱས་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རྣམ་པར་འཇོག་པ ་ཡིན་ཏེ། རིགས་ཀྱི་བུ་དབང་རྗེས་སུ་ཡི་རང་ནས་ཁྱོད་ཀྱི་རིག་སྔགས་ཡོངས་སུ་གཟུང་གི། ཁྱོད་ཀྱིས་སྤྲོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རག་གཟིགས ་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། རིག་སྔགས་འདི་འདོན་པ་གང ་ལགས་པ་ངེས་འདི་སྐད་དུ། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ།། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཞེས་བརྗོད་པར་བགྱི་ལགས་སོ།། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིརྡྷེ་བཊྚེ། ཙི་ལེ་ཙ་ལེ། པྲ་ཙ་ལེ་པྲཙྲ ་ལཾ། ཀུ་སུ་མེ་ཀུ་སུ་མེ་བ་ར། ཨི་ལི་མི་ལི། ཙི་ཏི་ཙི་ཏི། ཛྭ་ལ་མ་ཧཱ་པ་ན་ཡ་ཤུད་དྷ་ཏཱ་སྭཱ་ཧཱ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་རྩ་བའི་རིག་སྔགས་ལགས་ཏེ། གང་ལ་ལ་ཞིག ་གིས་རྗེས་སུ་དྲན་ཞིང་བཟླས་བརྗོད་བགྱིས་ན། གོང་དུ་བསྟན་པ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་དག་འཐོབ་པར་འགྱུར་ལགས་སོ།། དཀོན་མཆོག་གསུམ་ལེ་གུས་པར་ཕྱག་འཚལ་ལོ།། ་བབགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ ་ལོ། ། ཏདྱ་ཐཱ། ཧ་ཧ་ཧ་ཧ། ཨི་ལི་མི་ལི། ཙི་ལི་པི་ལི། ཁི་ལི་ཧི་ལེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཆབ་དང་གོས་ལ་གདབ་པའི་སྔགས་ལགས་ཏེ། གང་ལ་ལ་ཞིག་དཀྱིལ་འཁོར་དུ་འཇུག་པར་འཚལ་ན ་སྔར་ཁྲུས་བགྱིས་ཏེ། དེའི་རྗེས་ལ་སྔགས་འདིས་ཆབ་ལ་ལན་བདུན་བཏབ་སྟེ་ལུས་ལ་གཏོར་བར་བྱས་ནས་བསང་བར་བགྱིའོ།། གཞན་ཡང་སྔགས་འདིས་ལན་བདུན་བཏབ་སྟེ་གཟོད་བགོ་བར་བགྱི་ལགས ་སོ། ། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ།། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཏདྱ་ཐཱ། དྷུ་རུ་དྷུ་རུ། ཧ་ཧ་ཧ་ཧ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་པོག་སྤོས་དང་མར་མེ་ལ་གདབ་པའི་སྔགས་ལེགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་པོག ་སྤོས་བསྲེགས་ཏེ་མཆོད་པ་བགྱིད་པའི་ཚེ་སྔར་སྔགས་འདས་པོག་སྤོས་ལ་ལན་བདུན་བཏབ་སྟེ་གདོང་བསྲེག་པར་བགྱིའོ། ། མར་མེ་སྤར་བར་འཚལ་ན་ཡང་སྔར་སྔགས་པདིས་འབྲུ་མར་ལ་ལན་བདུན་བཏབ་སྟེ ་གདོད་མར་མེ་སྤར་བར་བགྱི་ལགས་སོ། ། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག ་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཏདྱ་ཐཱ། སི་རི་སི་རི། དྷི་རི་དྷི་རི། སི་རི་དྷི་རི་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་མེ་ཏོག་དང་། བྱུག་སྤོས་དང་། འཕྲང་བ་ལ་གདབ ་པའི་སྔགས་ལགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་མེ་ཏོག་དང་། བྱུག་སྤོས་དང་། འཕྲེང་བ་དག་གིས་མཆོད་པ་བགྱིད་པའི་ཚེ་སྔར་སྔགས་འདིས་མེ་ཏོག་ལ་ལན་བདུན་བཏབ་སྟེ་སྐུ་གཟུགས་ལ་གཏོར་བར ་བགྱིའོ། ། གཞན་ཡང་སྔགས་འདིས་བྱུག་སྤོས་ལ་ལན་བདུན་བཏབ་སྟེ་སྐུ་གཟུགས་ལ་བྱུག་པར་བགྱིའོ།། གཞན་ཡང་སྔགས་འདིས་འཕྲེང་བ་ལ་ལན་བདུན་བཏབ་སྟེ་སྐུ་གཟུགས་ལ་བརྒྱན་པར་བགྱི་ལགས་སོ།། ་དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དཿ། ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང ་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཏདྱ་ཐཱ། ས་ཏེ་ས་ཏེ། སི་ཏི་སི་ཏི། སུ་དྷུ་སུ་དྷུ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་སངས་རྒྱས་ལ་མཆོད་ཅིང་དབུལ་བའི་ཞལ་ཟས་ལ་གདབ ་པའི་སྔགས་ལགས་ཏེ། གང་ལ་ལ་ཞིག་ཞལ་ཟས་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པས་སངས་རྒྱས་ལ་མཆོད་པའི་ཚེ་སྔར་སྔགས་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བཏབ་ནས་དེའི་རྗེས་ལ་གདོད ་མཆོད་པ་བགྱི་ལགས་སོ། ། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ།། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཏདྱ་ཐཱ། མ་སི་ཏཱ་སི། ཧུ་རུ་ཧུ་རུ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མཱ་རུ་མུ་རུ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཡམ་ཤིང་ལ་གདབ་པའི་སྔགས ་ལགས་ཏེ། གལ་ཏེ་ལ་ལ་ཞིག་གོང་དུ་བསྟན་པའི་རྩ་བའི་རིག་སྔགས་ཀྱིས་བགྱི་བ་མཆིས་ཏེ། སྔར་སྔགས་འདིས་མེ་ཏོག་ཤ་ཏའི་ཤིང་ལ་ལན་གཅིག་གདབ་པར་བགྱིའོ།། ཞུགས་འབུད་པར་འཚལ་ན ་ལོགས་ཤིག་ཏུ་མེ་ཏོག་ཤ་ཏའི་ཤིང་བླངས་ནས་དུམ་བུ་སུམ་ཅུར་གཏུབས་ཏེ་ཞོ་དང་། མར་དང་། སྦྲང་རྩིའི་ནང་དུ་སྤངས་ནས་ཞག་ལོན་པར་བགྱིས་ཏེ། གདུགས་རེ་དུམ་བུ་རེ་རེ་བླངས་ནས་སྔགས་ལན་རེ ་བཏབ་སྟེ་ཞུགས་ཀྱི་ནང་དུ་དོར་བར་བགྱིའོ། ། དེ་དག་ཐམས་ཅད་བས་པར་བསྲེགས་ལགས་ནས་དེའི་རྗེས་ལ་གདོད་བགྱི་བ་ཅི་མཆིས་པ་བགྱི་ལགས་སོ།། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། ། ་འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ།། ཏདྱ་ཐཱ ་ཨཱི་ལི་མི་ལི། བེ་ལི་ཏི་ལི། ཙི་ལི་ཧི་ལི་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་མཚམས་དགུམ་པའི་སྔགསོ་ལགས་ཏེ། མཚམས་དགུམ་པར་འཚལ་ན་སྔར་སྔགས་འདིས་ཆབ་ལ་ལན་བདུན་བཏབ་སྟ ་ཕྱོགས་བཞིར་གཏོར་བར་བགྱིའོ། ། ཡང་ན་ཡུངས་ཀར་རམ་ཐལ་བ་གཙང་མ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ། ཕྱོགས་བཞིར་གཏོར་ན་སེམས་ཀྱིས་ཉི་རིང་ཇི་ཙམ་བཀུམ་པ་མཚམས་སུ་གྱུར་ནས ་ཡོངས་སུ་སྲུང་བར་འགྱུར་ལགས་སོ། ། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ།། བ་ཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག ་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཏདྱ་ཐཱ། བི་ཊེ་བི་ཊེ། ཏི་ཊེ་ཏི་ཊེ། ཙི་ཊེ་ཙི་ཊེ། བིནྡྷེ་བིནྡྷུ། ཀ་ཙ་ཀ་ཙ། བྷ་ག་བཱན། ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ས་བྷཱ་ས་བྷ་ས་བྷ་ན~ཾ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་སླར་རང་གི་གནས་སུ་མཆི་བར་བསྐུལ་བའི་སྔགས་ལགས་ན་བགྱི་བ་ཅི་མཆིས་པ་བགྱིས་ལེགས་ནས། བདག་སླར་རང་གི ་གནས་སུ་མཆི་བར་བསྐུལ་བའི་ཚེ་སྔགས་འདིས་ཆབ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ། ཕྱོགས་བཞིར་གཏོར་ན་བདག་སླར་མཆི་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་རིག་སྔགས་འདི་ནི་དངོས ་གྲུབ་མངོན་དུ་མ་གྱུར་ལགས་ཀྱིས་ཀྱང་ལས་སུ་བགྱི་བ་རྣམ་པ་སྣ་ཚོགས་བགྱིས་པས་སེམས་རྩེ་གཅིག་ཏུ་བཟླས་བརྗོད་བགྱིས་ན་སྨོན་པ་རྣམས་ཀྱང་མི་འགྲུབ་པ་གང་ཡང་མ་མཆིས་ལགས་སོ། ། གང་ཞིག ་སྨྱོས་ནད་གདུགས་རེ་ལན་རེ་ལྡང་བ་འམ། གདུགས་གཉིས་ཤིང་ལན་རེ་ལྡང་བ་འམ། གདུགས་གསུམ་ཞིང་ལན་རེ་ལྡང་བ་འམ། གདུགས་བཞི་ཞིང་ལན་རེ་ལྡང་བ་འམ། གདོན་འབྱུང་པོས་བགྱི་བ་འམ ་མཁའ་འགྲོ་མས་བགྱིས་པ་འམ། ཤ་ཟས་བགྱིས་པ་འམ། ལུས་སྲུལ་པོས་བགྱིས་པའམ། སྨྱོ་བྱེད་ཀྱིས་བགྱིས་པ་འམ། བརྗེད་བྱེད་ཀྱིས་བགྱིས་པ་འམ། འདྲེ་གདོན་མ་རུངས་པ་རྣམ་པ་སྣ་ཚོགས ་ཀྱིས་བགྱིས་པའང་རུང་སྟེ། ནད་པ་དེ་དག་ལ་སྔགས་འདིས་ལན་བརྒྱད་བཏབ་ན་འཚོ་བར་འགྱུར་ལགས་སོ།། གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན་ཚོན་སྣ་ལྔའི་སྐུད་པ་ལ་སྔགས་ལན་རེ་བཟླ་ཞིང་རེ་རེ་མདུང ་དེ་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ནས་ནད་པའི་མགུལ་པ་འམ་དཔུང་པ་ལ་བཏགས་ན་ཁ་ན་མ་ཐོ་བའི་སྒྲིབ་པ་ཞུ་བྱང་ཞིང་བྲོ་ནད་ཀྱང་སོས་པར་འགྱུར་ལགས་སོ། ། གལ་ཏེ་སྐྲངས་པ་དང་། འབྲས་ཀྱི་འཕྲེང་བ་དང་། ་ཤུ་བ་དང་། ཕོལ་མིག་དང་། རྨ་འཛགས་པ་དང་། གཡན་པ་ལ་སོགས་པའི་ནད་རྣམ་པ་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ཏམ། རལ་གྲི་དང་། མདའ་དང་། མདུང་ལ་སོགས་པ་ཕོག་སྟེ་སྨོས་པར་གྱུར ་ཏམ་སྦྲུལ་དང་། སྡིག་པ་དང་། རྩངས་པ་དང་། བུང་བ་དང་། གདུག་པ་ལ་སོགས་པས་ཟིན་པར་གྱུར་ན་སྔགས་འདིས་ལན་བདུན་བཟླས་ཏེ་བཏབ་ན་སོས་པར་འགྱུར་ལགས་སོ།། གལ་ཏ་སྒྲིབ་པ་ལྕི་བ ་ཞིག་ལགས་ན་དོག་ས་སེར་པོའི་འཇིམ་པ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་བྲོ་འཚལ་བའི་དམིགས་སུ་བྱུགས་ན་སེལ་བར་འགྱུར་ལགས་སོ། ། གལ་ཏེ་རླུང་ནང་ན་བ་འམ། ཕྱོགས་གཅིག་པ་ལངས་པར ་གྱུར་ཏམ། རྣ་བ་འོན་པ་འམ། སྣ་འཚུབས་པ་འམ། རླུང་གིས་ཟིན་པའི་ནད་ལ་སོགས་པས་བྲོ་འཚལ་བར་གྱུར་ན་སེམས་རྩེ་གཅིག་ཏུ་སྔགས་འདི་བཟླས་བརྗོད་བགྱིས་ནས་ནད་པ་དེ་དག་ལ་ལན་བརྒྱ་རྩ ་བརྒྱད་སྔགས་ཀྱིས་བཏབ་ན་ནད་སོས་པར་འགྱུར་ལགས་སོ། ། གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན་འབྲུ་མར་དང་། ཆབ་མར་དང་། གྲོ་དང་། རུ་རྟ་རྣམས་བསྐོལ་ཏེ་སྔགས་ལན་བདུན་བཏབ་ནས་ལུས ་ལ་བསྐུས་སམ། རྣ་བ་དང་སྣར་བླུགས་སམ། འཚལ་དུ་སྤྲུལ་ན་བྲོ་ནད་སོས་པར་འགྱུར་ལགས་སོ།། གཞན་ཡང་བྲོ་ནད་གཞན་རྣམ་པ་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ན་སེམས་རྩེ་གཅིག་ཏུ་སྔག ་འདི་གདབ་པར་བགྱིའོ། ། ཡང་ན་བདག་ཉིད་ཀྱིས་བཟླས་བརྗོད་བགྱིས་ན་འཚོ་བར་འགྱུར་ལགས་སོ།། གལ་ཏེ་རིག་སྔགས་འདི་སྒྲུབ་པར་འཚལ་ན་སྔར་སྲ་ཞིང་འཕན་སྐྱོན ་མ་མཆིས་པའི་ཙན་དན་དཀར་པོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་སྲིད་དུ་མཐོ་ཕྱེད་དང་དོ་མཆིས་པ། སུག་པ་ལག་པ་གཡོན་པ་ན་པདྨ་ལ་བརྒན་དང་རིལ ་བ་ཐོགས་པ། ལག་པ་གཡས་པ་བརྐྱང་ནས་བགྲང་བ་ཕྲེང་ཐོགས་ཤིང་འཇིགས་པ་མ་མཆིས་པ་སྩོལ་བའི་ལག་ཏུ་སྟོན་པ་གདོང་གཅུ་གཅིག་པར་བགྱིས་ཏེ། མདུན་གྱི་གདོང་གསུམ་ནི་བྱམས་པ ་དང་སྙིང་རྗེ་དང་བཅས་པའི་མཚན་དང་ལྡན་པར་བགྱིའོ། ། གཡོན་ཕྱོགས་ཀྱི་གདོང་གསུམ་ནི་ཁྲོ་བོའི་མཚན་ཅན་དུ་བགྱིའོ།། གཡས་ཕྱོགས་ཀྱི་གདོང་གསུམ་ནི་མཆེ་བ་དཀར་པོ་གྱེན་དུ་འབྱུང་བའི་མཚན ་ཅན་དུ་བགྱིའོ། ། རྒྱབ་ཀྱི་གདོང་གཅིག་ནི་ཁྲོ་ག་ཏུམ་ཆེ་ཞིང་རབ་ཏུ་དགོད་པའི་མཚན་ཅན་དུ་བགྱིའོ།། སྤྱི་བོའི་གདོང་གཅིག་ནི་སངས་རྒྱས་ཀྱི་ཞལ་གྱི་གཟུགས་ཅན་དུ་བགྱིའོ།། མགོ་རྒྱན་དེ་དག་ཐམས ་ཅད་ཀྱི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་པར་བགྱིའོ། ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེའི་ལུས་ནི་དོ་ཤལ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པར་བགྱིའོ།། གཟུགས་བགྱིས། ་ལགས་ནས་སྨོན་པ་རྣམས་གྲུབ་པར་འཚལ་བ་གང་ལགས་པ་དེས་གོས་གསར་པ་གཙང་མ་བགོས་ཏེ། སྨྱུང་བ་བགྱིས་ནས་སྡོམ་པ་ཡང་དག་པར་བླངས་ཏེ། ཟླ་བ་དཀར་པོ་ཡར་གྱི་ངོ་ཚས་གཅིག་ནས ་ཚེས་བརྒྱད་ཀྱི་བར་དུ་གདུགས་གཅིག་ལ་དུས་གསུམ་དུ་སྔགས་འདི་ལན་བརྒྱ་རྩ་བརྒྱད་དམ། ཡང་ན་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིའོ།། དེ་སླན་ཆད་གནས་དབེན་པ་གཅིག་ཏུ་སྟན་གཙང་མ ་བཏིང་སྟེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བགྱིས་པ་ཁ་ནུབ་ཕྱོགས་སུ་བསྟན་ཏེ་བཞག་ལ་ཉམས་ཀྱིས་ཅི་འབྱོར་པའི་བཟའ་བ་དང་བཏུང་བ་དག་གིས་མཆོད་ནས། ཨ་ཀ ་རུ་དང་དུ་རུ་ཀ་འབའ་ཞིག་བསྲེག་པར་བགྱིའོ། ། རྣལ་འབྱོར་པ་དེ་འབྲུ་ཕྱེ་དང་འོ་མའི་ཟས་འཚལ་ནས་སྔ་མ་བཞིན་དུ་བཟླས་བརྗོད་བགྱིས་ཏེ། གདུགས་གསུམ་པ་ལ་ཐུག་པའི་བར་བགྱིའོ།། དེ་སླན་ཆད ་མཆོད་པའི་ཡོ་བྱད་བཤམས་པའང་སྔ་མ་བས་ཆེས་ཁྱད་པར་དུ་འཕགས་པར་བགྱིའོ། ། རྣལ་འབྱོར་པ་དེ་ཟས་དཀར་གསུམ་པོ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། འབྲས་ཆན་འབའ་ཞིག་འཚལ ་བར་བགྱིའོ། ། བྱང་ཆུབ་ཀྱི་ཤིང་བླངས་ནས་གཟུགས་དེའི་མདུན་དུ་ཞུགས་སྤར་བར་བགྱིའོ།། གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་གཏུབས་ཏེ་དུ་རུ་ཀའི་མར་གྱི་ནང་དུ་བླངས་ནས ་གདུགས་གཅིག་ལ་དུམ་བུ་གཅིག་བླངས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པར་གྱུར་ན། དེའི་ཚེས་ཆེན་པོ་རྣམས་རབ་ཏུ་གཡོ་བར་གྱུར་ལ། དེའི ་དབང་གིས་སྐུ་གཟུགས་བགྱིས་པ་དེའང་རབ་ཏུ་གཡོ་ཞིང་ནང་གི་གོང་ན་མཆིས་པའི་གདོང་གི་ཁ་ནས་སྒྲ་ཕྱུང་ནས་རྣལ་འབྱོར་པ་དེ་ལ་འདི་སྐད་དུ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། ཁྱོད ་ཀྱིས་འདི་ལྟར་ནན་ཏན་བརྩོན་འགྲུབ་ཀྱིས་སྨོན་པ་རྣམས་ཡོངས་སུ་གཉེར་བས་བདག་གིས་ཁྱོད་ཀྱི་སྨོན་པ་ཡོངས་སུ་རྫོགས་པར་བགྱིའོ། ། ཁྱོད་འདི་ནས་ནམ་མཁའ་ལ་འཕུར་ཏེ་འགྲོ་འམ། ་ཡང་ན་ཁྱོད་རྒྱུ་ཞིང་འགྲོ་བ་ལ་ཐོགས་པ་མེད་པའམ། ཡང་ན་དྲང་སྲོང་རིག་འཛིན་གྱི་རྒྱལ་པོ་བྱེད་པར་གྱུར་པ་འམ། ཡང་ན་བདག་ཇི་ལྟ་བ་བཞིན་དུ་རང་དབང་ཐོགས་པ་མེད་པ་ཉིད་དུ་བྱའོ།། ཞེས་བསྔགས་པ་བརྗོད་པར ་འགྱུར་ལགས་སོ། ། གཞན་ཡང་རྣལ་འབྱོར་པས་ཟླ་བ་དཀར་པོ་ཡར་གྱི་ངོ་ཚས་བཅོ་ལྔ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་གདོང་བཅུ་གཅིག་པ་དེ་སངས་རྒྱས་ཀྱི་རིང་བསྲེལ་དང ་བཅས་པའི་མཆོད་རྟེན་གྱི་ནང་དུ་བཞག་སྟེ། གོས་གསར་པ་གཙང་མ་བགོས་ལ་གསོ་སྦྱོང་དང་སྡོམ་པ་ཡང་དག་པར་བླངས་ཏེ། གདུགས་མཚན་གཅིག་ལ་རབ་ཏུ་སྨྱུང་བར་བགྱིས་ནས་སུ་མ་ནའི་མེ་ཏོག་སྟོང་རྩ ་བརྒྱད་བླངས་ཏེ། མེ་ཏོག་རེ་རེ་བླངས་ནས་སྔགས་ལན་རེ་བཏབ་སྟེ། ཐམས་ཅད་བས་པའི་བར་དུ་བགྱིས་ན། དེའི་ཚེ་གཟུགས་བགྱིས་པ་དེའི་མདུན་དུ་གདོང་གིཅིག་གི་ཁ་ནས་འབྲུག་སྒྲ་ལྟ་བུའི་སྒྲ་འབྱུང་བར་འགྱུར་ལ། ་དེའི་དབང་གིས་ས་ཆེན་པོའང་རབ་ཏུ་གཡོ་བར་འགྱུར་བས། རྣལ་འབྱོར་པས་དེའི་ཚེ་རང་གི་སེམས་བདེ་བར་བཞག་ནས། སྐྲག་ཅིང་འཇིགས་པ་མི་སྐྱེད་པར་རིག་སྔགས་དང་སྨོན་ཅིང་སྒྲུབ་པ་གང་ལགས་པ་འབའ ་ཞིག་རྗེས་སུ་དྲན་པར་བགྱིས་ཏེ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ།། བདག་ནམ ་ཞིག་ན་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྨོན་པ་རྣམས་ཡོངས་སུ་སྐོང་བར་འགྱུར་ཞེས་བརྗོད་པར་གྱུར་ན། དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གིས་ཇི ་ལྟར་སྨོན་པ་རྣམས་སྩོལ་བར་འགྱུར་ཏེ། སྨོན་པ་རྣམས་སྩོལ་བའི་ཚེ་ལྷ་དང་ཀླུ་ལ་སོགས་པ་གང་གིས་ཀྱང་བར་ཆད་དང་བགེགས་བགྱིད་པར་མི་འགྱུར་ལགས་སོ།། གཞན་ཡང་རྣལ་འབྱོར་པས་ཟླ་བ་ལ ་གཟའ་ཞུགས་པའི་ཚེ་ཆབ་མར་སྲང་གཅིག་བླངས་ཏེ་དངུལ་གྱི་སྣོད་ཀྱི་ནང་དུ་སྩལ་ནས་གཟུགས་བགྱིས་པའི་མདུན་དུ་བཞག་སྟེ། སྔགས་འདིས་བཟླས་བརྗོད་བགྱིས་ན་ཟླ་བའང་སྔ་མཁོ་བཞིན་དུ་སྐྱབ ་འོག་ཏུ་གྱུར་པས། དེ་ནས་བླངས་ཏེ་འཚལ་ན་ལུས་ཀྱི་བྲོ་ནད་རྣམས་མི་འབྱང་བ་གང་ཡང་མ་མཆིས་ལགས་སོ།། གཞན་ཡང་རྣལ་འབྱོར་པས་ལྡོང་རོས་དང་གིའུ་ཝང་ཆ་མཉམ་པར་བགྱིས་ཏེ། གཟུགས ་བགྱིས་པ་དེའི་མདུན་དུ་བཞག་ནས་སྔགས་འདི་ལན་སྟོང་རྩ་བརྒྱད་བཟླས་ཏེ་ཆབ་ཀྱིས་སྤྲས་ནས་དཔྲལ་བ་ལ་ཐིག་ལེ་བགྱིས་ན་དོན་རྣམ་པ་གསུམ་འགྲུབ་པར་འགྱུར་ལགས་སོ། ། སྔར་བསྟན་པ་བཞིན་དུ ་ཆབ་དྲོན་པོ་དང་སྦྱར་ཏེ་ཁྲུས་བགྱིས་ན་བགེགས་ཐམས་ཅད་དང་བྲོ་ནད་མ་རུངས་པ་ཐམས་ཅད་བསལ་ཞིང་འབྱང་བར་འགྱུར་ལགས་སོ། ། གཞན་ཡང་གལ་ཏེ་ཕ་རོལ་གྱི་དམག་ཚོགས་ཀྱིས་གཡུལ་འཕྲོག ་པར་གྱུར་ན། སྤྱན་ཅི་མར་རྩིའི་འབྲས་བུ་གཅིག་བླངས་ཏེ་སྔགས་འདི་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་ནས་གཟུགས་བགྱིས་པ་དེའི་གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་ལ་བྱུགས་ཏེ། དགྲའི་ཕྱོགས་སུ་ཁ་བསྟན་ན ་དགྲའི་དམག་ཚོགས་རྣམས་དྲུང་དུ་མཆི་བར་མི་འགྱུར་ལགས་སོ། ། གཞན་ཡང་གལ་ཏེ་ཡུལ་ཕྱོགས་སུ་མི་དང་ཕྱུགས་ལ་རིམས་ནད་བྱུང་བར་གྱུར་ན། གཟུགས་བགྱིས་པ་དེའི ་མདུན་དུ་ཤིང་ཤུག་པའི་ཞུགས་བུས་ལ། གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་གཏུབས་ཏེ། དུམ་བུ་གཅིག་བླངས་ནས་ཡུངས་འབྲུའི་མར་གྱིས་བསྐུས་ཏེ། སྔགས་ལན་རེ་བཟླས་ནས ་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པའི་བར་དུ་བགྱིའོ། ། གཞན་ཡང་སྐུད་པ་དམར་པོ་ལ་ཐག་མདུད་པ་བདུན་མདུད་དེ། མདུད་པ་ལན་རེ་མདུད་ཅིང་སྔགས་ལན་རེ་བཟླས་ནས་ནང་གི་གོང ་ནམཆིས་པའི་གདོང་གི་སྤྱི་བོ་ལ་བཏགས་ན་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། རིམས་ནད་ཞི་ནས་སྔགས་ཐག་ཀྱང་འགྲོལ་བར་འགྱུར་ལགས་སོ།། གཞན་ཡང་གློ་བུར་དུ་མཁའ་འགྲོ་མ ་ན་གདང་འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་ཏེ་བྲོ་འཚལ་བར་གྱུར་ན་སྐུད་པ་དཀར་པོ་ལ་སྔགས་མདུང་ཉི་ཤུ་རྩ་གཅིག་མདུང་དེ་སྔགས་ལན་རེ་བཟླས་ཤིང་མདུད་པ་རེ་རེ་མདུད་ནས་མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན ་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ལ་ནད་པའི་མགུལ་དུ་བཏགས་ན་བྲོ་ནད་སོས་པར་འགྱུར་ལགས་སོ། ། གལ་ཏེ་ལས་ཀྱི་སྒྲིབ་པ་ལྕི་བ་ཞིག་ལགས་ཏེ་སོས་པར་མ་གྱུར་ན་སྔགས་ཐག་དེ ་བླངས་ནས་ཡང་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། སྔ་མའི་གཟུགས་ཀྱི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ལ་ནད་པའི་མགུལ་དུ་བཏགས་ན་ངེས་པར་འཚོ་བར་འགྱུར་བ་ལགས་སོ།། ་གཞན་ཡང་གང་ལ་ལ་ཞིག་བྲོ་ནད་རྒྱུན་རིངས་ཀྱིས་བཏབ་ནས་སྡུག་བསྔལ་ཞིང་སོས་བར་མ་གྱུར་ཏམ། འདྲེ་གདོན་མ་རུངས་པ་ཁྱིམ་དུ་ཞུགས་པར་གྱུར་ན། ཧུན་ལུག་ཐང་འབྲུམ་བུ་བརྒྱ་རྩ་བརྒྱད་བླངས ་ཏེ་གཟུགས་བགྱིས་པ་དེའི་མདུན་དུ་འབྲུམ་བུ་རེ་རེ་བླངས་ལ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པའི་བར་དུ་བགྱིའོ། ། གཞན་ཡང་སྐུད་པ་དཀར་པོ་ལ་སྔགས་མདུང ་ཉི་ཤུ་རྩ་གཅིག་མདུང་དེ་སྔགས་ལམྦ་ར་བཟླ་ཞིང་མདུད་པ་རེ་རེ་མདུད་ནས་མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ། སླར་བཀྲོལ་ནས་ནད་པའི་མགུལ ་དུ་བཏགས་ན་བྲོ་ནད་རྣམས་འབྱང་ཞིང་གདོན་བགེགས་མ་རུངས་པ་རྣམས་འབྱེར་ཞིང་འགྱེས་པར་འགྱུར་ལགས་སོ། ། གཞན་ཡང་མི་མཛའ་བ་དག་གིས་གླགས་བཙལ་བར་གྱུར་ཏམ། འཐབ་ཅིང་རྗོད ་པ་དང་བྱང་སྟེམས་ཀྱིས་གནོད་པ་བགྱིས་པར་གྱུར་ན། མེ་ཏོག་དང་པོག་སྤོས་ལ་སོགས་པ་སྣ་ཚོགས་ཀྱིས་གཟུགས་བགྱིས་པ་དེ་ལ་མཆོད་ཅིང་བི་ན་ཡ་ཀའི་གཟུགས་ཀྱི་མདུན་དུ་ཞུགས་སྔར་ནས་འུན་ཏི ་འབྲས་བུ་འབྲུམ་བུ་བརྒྱ་རྩ་བརྒྱད་བླངས་ཏེ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱིའོ། ། གཞན་ཡང་སྐུད་པ་དཀར་པོ་ལ་མདུད་པ་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླས་ཤིང་མདུད ་པ་རེ་རེ་མདུད་ནས་གཟུགས་དེའི་གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་བཞི་ལོན་ཏེ། སླར་བཀྲོལ་ལ་སྐུད་པ་དེ་བླངས་ཏེ་མི་མཛའ་བ་དེའི་མིང་ནས་བརྗོད་དེ་མདུད་པ་རེ་རེ་ནས་སོ་སོ་ཐ ་དད་པར་སྦས་ནས་རེ་རེ་ལའང་སྔགས་ལན་རེ་བཟླས་ཤིང་རེ་རེ་ནས་གཏུགས་ཏེ་ཐམས་ཅད་བས་པའི་བར་དུ་བགྱིས་ན། མི་མཛའ་བ་དེ་དག་ཅི་བགྱིའོ་འཚལ་མི་འབྱོར་ཅིང་རང་ཉིད་སྐྱབས ་སུ་མཆི་བར་འགྱུར་ལགས་སོ། ། གཞན་ཡང་གང་ལ་ལ་ཞིག་ལེགས་པའི་དངོས་པོ་འགྲུབ་པར་འཚལ་ན་ཚོན་སྣ་ལྔའི་སྐུད་པ་ལ་སྔགས་མདུད་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པ ་རེ་མདུད་ནས་གཞན་ཡང་གཟུགས་བགྱིས་པའི་མདུན་དུ་སྔགས་ལན་བདུན་གྱིས་བཏབ་སྟེ། བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་བདག་ཉིད ་ཀྱི་ལུས་ལ་བཏགས་ན་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། ། གཞན་ཡང་གང་ལ་ལ་ཞིག་སྒྲིབ་པའི་བགེགས་དང་ལྡན་པས་ལེགས་པའི་དངོས་པོ་རྣམས་ཕལ་ཆེར་སྨོན་པ་ཡིད ་བཞིན་དུ་འགྲུབ་པར་མ་གྱུར་ཏམ?། བཀྲ་མི་ཤིས་པའི་དངོས་པོ་དག་དུས་དུས་སུ་རྒྱུན་མ་ཆད་པར་འགྱུར་ན་སྤོས་ཆབ་ཀྱིས་གཟུགས་བགྱིས་པ་དེ་བཀྲུ་བར་བགྱིའོ།། གཞན་ཡང་ཆབ་ལ་ལན་བརྒྱ ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་བི་ན་ཡ་ཀའི་གཟུགས་བཀྲུ་བར་བགྱིའོ། ། གཞན་ཡང་ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་རང་ཉིད་ཀྱི་ལུས་ལ་གཏོར་ན། སྒྲིབ་པ་དང་བགེགས ་ཐམས་ཅད་ཞུ་བྱང་ནས་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་སྨྲས་པ ་དང་། འཁོར་མང་པོ་ཐམས་ཅད་ཀྱིས་མཐུན་པར་སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་ཕྱིར་རིག་སྔགས་འདི་སྨྲས་པས་བདག་ཅག་ཀྱང་རྗེས་སུ་ཡི་རང ་ནིཞིང་ཡོངས་སུ་འཛིན་པར་སྨོན་ཏོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། ། དེ་ནས་འཁོར་མང་པོ་ཐམས་ཅད་དགྲབ་མགུ་ཡི་རངས་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས ་ཕྱག་བྱས་ཏེ་གྱེས་པར་གྱུར་ཏོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། ཞུ་ཆེན་གྱི་ལོ་ཙ་བ་བཅོམ་ལྡན་འདས་ཀྱི་རིང ་