CLOSE WINDOW

S63: zla ba'i mdo
Wyliee-texts produced with BDRC’s OCR application

མེད་དང་། ། མཐའ་ལྡན་དེ་བཞིན་ལྷ་མི་སྤོངས།། འདུ་ཤེས་འདུ་ཤེས་མེད་ཅན་དང་།། ཆད་དང་མྱ་ངན་ལས་འདས་པ་དང་། དམྱགས་དང་ཀུན་ནས་རྨོངས་པ་དང ་རྟེན་དང་རེག་པ་དགེ་སློང་དང་། ། རྒྱུ་དང་དོན་ཆོས་འདྲ་བ་སྟེ།། ཐ་མ་ཚངས་པའི་དྲ་བའོ།། ཚངས་པའི་དྲ་བ་རྫོགས་སོ།། ། རྒྱ་གར་སྐད ་དུ། ཙནྡྲ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན། ་འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀབ་པར་འགྱུར་ཏོ།། དེ་ནས་ཟླ་བའི་དཀྱིལ ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་སྔངས་ལ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ་ཕྱོགས་ཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་བ། ཀུན་ལས་རྣམ་པར་རབ་འགྲོལ་བའི།། སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ། ་གནོད་པ་དག་དང་ཕྲད་གྱུར་པ།། བདག་གི་སྐྱབས་ནི་མཛད་པར་གསོལ།། འཇིག་རྟེན་དགྲ་བཙོ་བདེ་གཤེགས་ལ།། ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས།། སངས་རྒྱས་འཇིག་རྟེན་ཐུགས་པ། ་རྣམས། ཟླ་བ་ཟར་མཛོད་སྒྲ་གཅན་ལས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྒྱུ་གཅན་ཟླ་བ་མུན་སེལ་བ།། ནམ་མཁའ་དག་ལས་འོད་བྱེད་ཅིང་།། ལམ་མེར་འདུག་ལ་དཀ། ་བ་དང་།། རྣམ་པར་དག་པའི་འོད་ལྡན་པ།། བར་སྣ་དག་ལ་མ་བཟུང་བར།། སྐྱེས་དགུའི་སྒྲོན་དེ་མྱུར་དུ་ཐོང་།། དེ་ནས་རིངས་བཞིན་སྒྲ་གཅན་དེ།། ལུས་ནི་རྡུལ་ཅིང་སྐྲག་གྱུར་ལ།། ནད་པ ་བཞིན་དུ་བརྟད་པ་ཡིས། ། ཟླ་བ་རྣམ་པར་བཏོང་བར་བྱེད།། དེ་ནས་རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན། རིངས་པ་ལས་ཀྱང་རིངས་པར་ཟླ་བའི་དཀྱིལ ་འཁོར་གཏོང་བ་མཐོང་ངོ་། ། མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད།། ལུས་ཀྱང་རྡུལ་ཞིང་སྐྲག་གྱུར་ལ།། ནད་པ་བཞིན་དུ་བརྟད་པ་ཡིས།། རིངས ་པར་ཟླ་བ་བཏོང་བར་བྱེད། ། སྒྲ་གཅན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་འདི་བརྗོད་པས།། གལ་ཏེ་ཟླ་བ་མ་བཏང་ན།། བདག་གི་མགོ་བོ་ཚལ་མདུན་འགས།། གསོན་ཡང་བདེ་བར་མི ་འགྱུར་རོ། ། རྣམ་པར་སྣང་ཀྱི་བུ་ཆེན་པོས་སྨྲས་པ། ཀྱེ་མ་བདེན་པ་གཟིགས་པ་ཡི།། སངས་རྒྱས་རྣམས་ནི་འབྱུང་བ་རྨད།། དེ་དག་གིས་ནི་ཚིགས་སུ་བཅད།། བརྗོད་ན་སྒྲ་གཅན་ཟླ་བ་གཏོང་།། ་ཟླ་བའི་མདོ་རྫོགས་སོ།། ། འདི་དང་ཐར་པ་ལོ་ཙེས་བསྒྱུར་བ་དེ་མདོ་ག་ཅིག་ཏུ་སྣང་།། @#རྒྱ་གར་སྐད་དུ། ཨཱརྱ་བུདྡྷ་སུ་ཀུ་ཊནནཱ ་