CLOSE WINDOW

S621: tshogs kyi bdag po chen po'i rgyud ces bya ba
Wyliee-texts produced with BDRC’s OCR application

བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྫོགས་སོ།། རྒྱ་གར་སྐད་དུ ་མ་ཧཱ་ག་ཎ་པ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ལྡན་ཚོགས་པ་དག་ཆེ།། ཕྱག་འཚལ་དཔལ་ལྡན་ཚོགས་བདག ་དགྱེས། ། གཟུགས་བ་རཱན་མཎྜལ་གྲུ་བཞིར་གཞག། ཟླ་བ་དྲུག་ཏུ་མཆོད་པར་བྱ།། ལྷ་ཡི་འཁོར་ལོས་སྒྱུར་བ་དང་།། ཚེ་འདི་ཉིད་ལ་སྐལ་བ་མཉམ།། བསོད་ནམས་ཆེན་པོ་ཐོབ་པར་འགྱུར།། ལོངས་སྤྱོད་ལྷ་དང ་མཉམ་པ་དང་། ། ཚེ་ཡང་རིང་བའི་མཆོག་ཏུ་འགྱུར།། མི་ལ་སོགས་པ་དབང་དུ་འགྱུར།། ལྷ་ཡི་བུ་ཡང་བྲན་བཞིན་འགྱུར།། བདག་གིས་བསྒོ་བ་ཉན་པར་འགྱུར།། ཀླུ་ཡང་དེ་ཡིས་བསྒོ་བ་ཉན།། བྲན་བཞི་ནི་ལས་རྣམས། ་བྱེད་པར་འགྱུར།། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས།། འདོད་པའི་ལོངས་སྤྱོད་འབྱུང་བར་འགྱུར།། དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན།། གདུལ་བྱ་དབང་གིས་སྐུ་སྤྲུལ་པ།། ལྷ་ཆེན་ཚོགས་བདག་ཆེན་པོས་བྱ།། དངོས་གྲུབ ་དམ་པ་མཆོག་སྒྲུབ་ན། ། མཐུ་སྟོབས་ཕུན་སུམ་ཚོགས་ལྡན་ཞིང་།། ལོངས་སྤྱོད་ཡིད་བཞིན་འཕེལ་བར་བྱེད།། འཇིགས་རྟེན་ཕན་མཛད་ལྷ་ཡི་ལྷ།། གང་གིས་མཆོད་པ་དངོས་གྲུབ་ཡིན།། ལྷ་ཆེན་ཚོགས་ཀྱི་བདག་པོའི་རྒྱུད ་ལས། དངོས་གྲུབ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་དབེན་པའི་གནས་སུ་ནི།། དཀྱིལ་འཁོར་གྲུ་བཞི་དག་བྱ་སྟེ།། བ་ཡི་ལྕི་བས་ལེགས་པར་བྱུགས།། འཇམ་ཞིང་མཉེན་ལ་དབུས ་མཐོ་བའི། ། དབུས་སུ་ཚོགས་བདག་སྐུ་གཟུགས་བཞུགས།། མེ་ཏོག་དཀར་པོས་དེ་ལ་གཏོར།། བདག་ཉིད་གཅེར་བུར་བྱུང་བྱས་ཏེ།། ལོག་འདྲེན་གཟུགས་ཀྱིས་ཡང་དག་མཆོད།། བ་ར་ཏ་ཀ་ཟླ་བ་དྲུག། ཉིན་རེ་བཞིན་དུ ་དུས་གསུམ་དུ། ། གསང་སྔགས་བརྒྱ་ནི་རྩ་བརྒྱད་བཟླས།། ཡིད་ལ་རེ་བ་ཐམས་ཅད་རྫོགས།། བསམ་པ་ཐམས་ཅད་འགྲུབ་པར་འགྱུར།། ཨོཾ་ནི་བཀྲ་ཤིས་དཔལ་དང་ལྡན།། གསང་སྔགས་མགོ ་ལ་གཞག་པར་བྱ། ། ཡིད་བཞིན་ནོར་བུ་ལྟ་བུ་ཡི།། དངོས་གྲུབ་སྟེར་བྱེད་ཡི་གེ་ཡང་།། དེ་འོག་གྲལ་ལ་གཞག་པར་བྱ།། ཉི་མ་ལྟ་བུའི་ཡི་གེ་ཡང་།། དེ་ཡི་རྗེས་ལ་བཀླག་པར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། ་ཡི་གེའི་མཆོག་ནི་བླང་བར་བྱ།། གསལ་བྱེད་ཡི་གེ་དང་པོ་ཡང་།། དེ་ཡི་མཇུག་ཏུ་བརྗོད་པར་བྱ།། རིན་ཆེན་ཡི་གེ་སྭཱ་ཞེས་བྱ།། ལས་ཀྱི་ཡི་གེ་ཧཱ་ཞེས་བྱ།། དངོས་གྲུབ་འདོད་པས་གསང་སྔགས་བཟླས།། ལྷ་ཆེན་དངོས་གྲུབ ་སྒྲུབ་པའི་རྒྱུད་ལས། ལྷའི་དངོས་གྲུབ་ཀྱི་གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་ཚོགས་ཀྱི་བདག་པོ་བཤད།། ཚོགས་ཀྱི་བདག་པོ་སྐུ་མདོག་དཀར།། གླང་པོ་ཆེ་ཡི་མགོ ་བི་ཅན། ། མཆེ་བ་ཡ་གཅིག་ཆག་པ་དང་།། ཕྱག་གཡས་ལ་ཕུག་བསྣམས་པ་དང་།། བྱི་བའི་གདན་ལ་བཅིབས་པ་དང་།། རིན་པོ་ཆེ་ཡིས་སྐུ་བརྒྱན་པ།། ཟླ་བ་ཚེས་པས་དབུ་བརྒྱན་པ།། འོད་གསལ་བ། འོད་ཟེར་འཕྲོ ་བ། མདོག་བཟང་བ། ཁ་དོག་བཟང་བ། གསུས་པ་ཆེ་བ། རྒྱུན་གྱིས་སྤུད་པའོ།། དངོས་གྲུབ་སྒྲུབ་པའི་རྒྱུད་ལས། ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། དེ་ནས ་སྐར་མ་རྒྱལ་གྱི་ཉིན་པར་མེ་ཏོག་དཀར་པོ་བླངས་ཏེ་ཚོགས་ཀྱི་བདག་པོའི་སྐུ་གཟུགས་བྲིས་ཏེ། ཁ་དོག་དཀར་པོ་གླང་པོ་ཆེའི་དབུ་ཅན་ཕྱག་གཡས་ན་ལ་ཕུག་བསྣམས་པ། གཡོན་པ་ན་རིན་པོ་ཆེའི་ནོར་བུ་བསྣམས་པ། ་གསུས་པ་ཆེ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བ་དང་བྱི་བའི་ཁྲིལ་བཞུགས་པ་མཁས་པས་བྱའོ།། དེ་ལ་དཀྱིལ་འཁོར་གྱི་དབུས་སུ་བདག་ལ་ཞལ་ཕྱོགས་པར་བཞག་ལ། བདག་ཉིད་ལོག་འཛིན ་གྱི་གཟུགས་ཀྱིས་ཡང་དག་པར་མཆོད་དོ། ། ཚོགས་ཀྱི་བདག་པོ་ཞལ་གཅིག་ཕྱག་བཞི་པ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་དབང་ལྡན་གྱི་མཚམས་སུ་ཚོགས་ཀྱི་བདག་པོ་དཀར་པོ ་གླང་པོ་ཆེའི་མགོ་ཅན། བྱི་བ་ལ་ཞོན་པ། མིག་གསུམ་པ། ཟླ་བ་ཕྱེད་པ་འཛིན་པ། གཡས་ན་ལ་ཕུག་དང་དགྲ་སྟ་འཛིན་པ། གཡོན་པ་ཏྲི་ཤཱུ་ལ་དང་ཐོད་པ་འཛིན་པ། ལག་པ་གཡོན་པ་ཁུ་ཚུར་བཅངས་པའི ་མཛུབ་མོ་དང་གུང་མོ་བརྐྱང་ལ་མཛུབ་མོ་བཀུག་ལ་གུང་མོའི་ཚིགས་སུ་གཟུང་བར་བྱ་བ་ནི་ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ། ། ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་གསང ་སྔགས་བསྟན་པ་ནི། ། ཨོཾ་ནི་དཔལ་ལྡན་མགོ་ལ་གཞག། དེ་ནས་ཡིད་བཞིན་ནོར་བུ་ནི།། རིན་པོ་ཆེ་ཡི་ཡི་གེ་བྲི།། སྡེ་ཚན་གསལ་བྱེད་དང་པོ་ཡང་།། དེ་ཡི་རྗེས་སུ་བྲི་བར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། ་དབྱངས་ཡིག་བརྒྱད་པས་མཛེས་པར་བྱ།། གསལ་བྱེད་དང་པོ་ཡི་གེ་ཡང་།། བློ་ཡིས་བླངས་ཏེ་ཡིད་ཀྱིས་བྲི།། སྡེ་ཚན་གསུམ་པའི་གསུམ་པ་ལ།། དང་པོའི་བཞི་པ་སྦྱར་བར་བྱ།། སྡེ་ཚན་བདུན་པའི་གསུམ་པ ་ལ། ། གསུམ་པའི་དང་པོ་ས་འོག་ཏུ་སྦྱར།། ཡིད་བཞིན་ནོར་བུའི་ཡི་གེ་ལ།། བཞི་པའི་ལྔ་པ་ཟླ་བ་གཞག། དབྱངས་ཡིག་གསུམ་པས་བརྒྱན་པར་བྱ།། བཞི་པའི་གསུམ་པས་དེ་ནས་བརྗོད།། དངོས་གྲུབ་སྒྲུབ་པའི ་ཡི་གེ་ནི། ། དེ་ཡི་རྗེས་ལ་བྲི་བར་བྱ།། གསང་སྔགས་དྲག་པོའི་ཡི་གེ་ཡང་།། ཀུན་གྱི་མཐར་ནི་བརྗོད་པར་བྱ།། གསང་སྔགས་འདི་ཡི་དངོས་གྲུབ་ནི།། འཇིག་རྟེན་དབང་ཕྱུག་ཉིད་ཀྱིས་བྱིན། ་དགོས་པ་ཐམས་ཅད་འགྲུབ་པར་འགྱུར།། ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་གཞན་ཡང་གསུངས་པ་ནི།། དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡི། ་མཚན་གྱི་གསང་སྔགས་ཞེས་བྱ་བའི།། དངོས་གྲུབ་སྒྲུབ་པའི་སྙིང་པོ་ནི།། དཔལ་དང་ཡཾ་གི་ཡི་གེ་སྟེ།། ཨོཾ་ཞེས་བྱ་བ་མགོ་ལ་གཞག། ཡིད་བཞིན་ནོར་བུའི་ཡི་གེ་ལས།། ཉི་མའི་ཡི་གེ་འོག་ཏུ་སྤྲས།། དབྱངས་ཡིག་དྲུག ་པའི་འོག་ཏུ་སྦྱར། ། ཐིག་ལེ་ནཱ་དས་བརྒྱན་པར་བྱ།། མཚན་གྱི་དང་པོའི་ཡི་གེ་ནི།། དེ་ཡི་རྗེས་ལ་བརྗོད་པར་བྱ།། བཞི་པའི་ལྔ་པ་དེ་ནས་སྦྱར།། ལྔ་པའི་དང་པོ་བྲི་བར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ། ་འབྱུང་བ་རླུང་གི་ཡི་གེ་ཡང་།། དབྱངས་ཡིག་བརྒྱད་པས་བརྒྱན་པ་ནི།། དེ་ཡི་རྗེས་ལ་བྲི་བར་བྱ།། ཞི་བའི་ཡིག་འབྲུ་གཉིས་པ་ཡང་།། ཀུན་གྱི་མཐར་ནི་བརྗོད་པར་བྱ།། མཚན་གྱི་གསང་སྔགས་ཞེས་བྱ་བ།། འདོད་པ་ཐམས ་ཅད་གྲུབ་བྱེད་ཡིན། ། མཚན་གྱི་གསང་སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་གཞན་ཡང་བཤད་པར་བྱ།། སྐར་མ་རྒྱལ་གྱི་ཉིན་པར་ནི།། མེ་ཏོག་དཀར་པོའི་རྩ་བ་བླངས།། ཙན་དན ་དཀར་པོ་དག་ལས་ནི། ། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ནི།། མཐེ་བོང་གི་ནི་ཚད་ཙམ་བྱ།། གསུས་པ་ཆེ་ལ་ཕྱག་བཞི་པ།། མཁས་པས་བྱས་ཏེ་ལེགས་པར་བྱ།། རིན་པོ་ཆེ་ཡི་སྣོད་དུ་གཞུག། དཀར་ཆེན་མངོན་པར ་གསལ་བའི་ཚེ། ། ནང་གི་ཆ་རིས་སྐུ་ཁྲུས་གསོལ།། གསལ་ཞིང་དང་ལ་ཡིད་དུ་འོང་།། དྲི་དང་ལྡན་པའི་བུམ་པ་ཡིས།། མེ་ཏོག་དཀར་པོའི་དྲི་ཡིས་ནི།། བདག་ཚལ་ལྡན་པས་ཁྲུས་བྱའོ།། དེ་ནས་དེ་མ་ཐག་ཏུ་ནི།། ་དཀྱིལ་འཁོར་དབུས་སུ་སྤྱན་དྲངས་ལ།། མེ་ཏོག་དཀར་པོ་དབུལ་བར་བྱ།། ལ་ཕུག་ལ་དུར་བཅས་པ་ཡི།། གཏོར་མ་ཆེན་པོའང་དེ་ནས་དབུལ།། སྤོས་དང་དྲི་དང་མར་མེ་དང་།། ལྷ་བཤོས་དག་གིས་མཆོད་པར་བྱ།། ་གསང་སྔགས་འདིས་ལ་ཕུག་དང་། ལ་དུ་དང་། ཆུ་དང་། དཀར་གསུམ་གྱི་གཏོར་མས་ཚོགས་ཀྱི་བདག་པོ་ལ་ཕུལ་ཏེ། སྤོས་དང་མེ་ཏོག་རྣམས་ཀྱང་དབུལ། དེ་ལྟར་བྱས་ན་ཕྱིས་བགེགས་བྱེད་པར་མི་ནུས་སོ།། ཚོག ་ཀྱི་བདག་པོའི་མཆོད་པའི་ལེའུ་སྟེ་བརྒྱད་པའོ། ། ། དེ་ནས་ལ་ཕུག་ཅེས་བྱ་བ།། རོ་བརྒྱད་ལྡན་པའི་ཉུང་མ་སྟེ།། ཟས་རྣམས་ཀུན་གྱི་མཆོག་ཀྱང་ཡིན།། རོ་མཆོག་བརྒྱད་དང་ལྡན་པ་ཡི།། ཁ་དང ་སྦྱར་དང་བསྐ་བ་དང་། ། མངར་དང་ཚ་དང་ལན་ཚྭའི་རོ།། བཞུན་དང་བྲོ་མཆོག་ཆེ་བ་ཡང་།། ནད་སྣ་བརྒྱད་ཀྱི་གཉེན་པོ་ཡིན།། མཁྲིས་པ་བད་ཀན་འདུས་པ་དང་།། ཁྲག་དང་ཆུ་སེར་མ་ཞུ་བ།། རླུང་དང་རིམས་ནད་ཀུན ་ལ་ཕན། ། འདི་འདྲ་བྱུང་བའི་ཁ་ཟས་མེད།། ལྷ་རྣམས་ཀུན་གྱི་མཆུ་ཡང་འགུལ།། དངོས་གྲུབ་འགྲུབ་པའི་ཞལ་ཟས་ཡིན།། ཚོགས་ཀྱི་བདག་པོ་མཆོད་པར་བྱ།། ལ་རུ་ཞེས་བྱའི་ཞལ་ཟས་ནི།། མངར་གསུམ ་འབྲས་བུ་གསུམ་པ་ནི། ། དེ་བཞིན་ཞིམ་པའི་སྤོས་ཀྱིས་བྲན།། བག་ཟན་གྱི་ནི་རིལ་བུ་བྱ།། འོ་མ་མར་དུ་བཅོས་བྱས་ལ།། ཚོགས་པའི་གཏོར་མ་ཆེན་པོ་བྱ།། མར་དང་འཁུར་བ་མངར་གསུམ་དང་།། མཐུན་པའི་ནལ ་བས་སྣ་ཚོགས་ཀྱིས། ། ཚོགས་བདག་ཆེན་པོ་མཆོད་པར་བྱ།། དེ་ལྟར་ཚོགས་ཀྱི་བདག་པོ་ལའོ།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ལག་པགཡས་པའི་མཐིལ་དུ་བཞུགས་ལ། སེམས ་གཞན་དུ་མ་ཡེངས་པར་བཟླས་བརྗོད་འབུམ་བྱ་སྟེ། ལ་ཕུག་ལ་སྔགས་ཀྱིས་བཏབ་སྟེ་ཚོགས་ཀྱི་བདག་པོ་མཆོད་ན། ཚེ་འདི་ཉིད་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་བསོད་ནམས་མཉམ་པར་འགྱུར་རོ།། མེ་ཏོག ་དཀར་པོས་མཆོད་ན་རྒྱལ་པོ་ལ་སོགས་པ་ཕམ་པར་མི་འགྱུར་རོ། ། རྒྱལ་པོ་ལ་སོགས་པ་སྒྲུབ་པར་འགྱུར་རོ།། རྒྱལ་པོ་དང་བློན་པོ་ལ་སོགས་པ་བདག་གི་དབང་དུ་འདུས་པར་འགྱུར་རོ།། དངོས་གྲུབ་སྒྲུབ་པའི་ཞལ་ཟས ་བསྟན་པའི་ལེའུ་སྟེ་དགུ་པའོ། ། ། དེ་ནས་ཆོ་ག་བཤད་པར་བྱ།། དངུལ་ཞེས་བྱ་བའི་རིན་ཆེན་ལ།། ཚོགས་བདག་ཆེན་པོའི་གཟུགས་བྱས་ཏེ།། ཡིད་བཞིན་ནོར་བུ་ལག་ན་ཐོགས།། དཀྱིལ ་འཁོར་ཆེན་པོ་ཁྲུ་གང་ཚད། ། རིན་ཆེན་མེ་ཏོག་དཀར་པོ་བཀྲམ།། གསང་སྔགས་པ་བུམ་དུ་བཟླས་བྱས་པས།། ནད་དང་སྡུག་བསྔལ་ཞི་བར་འགྱུར།། ཤེལ་དང་དུང་ལྔ་ཚོགས་བདག་སྐུ།། མཁས་པས་ཇི་ལྟར་འབྱོར་པར་བྱ།། ་སྡུག་བསྔལ་ཐམས་ཅད་སེལ་བར་འགྱུར།། རིན་ཆེན་ཤེལ་ལས་ཚོགས་བདག་སྐུ།། མཐེ་བོང་གི་ནི་ཚད་ཙམ་བྱ།། སེ་ན་པྲ་ཞེས་བྱ་བའི་སྔགས།། རིག་པ་འབུམ་དུ་བཟླས་བྱས་ཏེ།། ཤེལ་གྱི་སྐུ་དེ་ཁྲུས་བྱས་ནས།། སྐར་མ་རྒྱལ ་གྱི་ཉིན་པར་ནི། ། བདག་ཉིད་ཤར་དུ་ཁ་བལྟས་ནས།། གོས་དཀར་གྱོན་ཏེ་ཁྲུས་བྱས་ལ།། ཐལ་སྦྱར་ཡིད་ཀྱིས་གསོལ་བ་གདབ།། བདག་ལ་གནོད་པའི་བགེགས་གང་ཡིན།། ཤེལ་གྱི་སྐུ་དེ་མེ་ལོང་སྟེ།། མི་གཡོ་མི་འགུལ་རབ་ཏུ ་བཞུགས། ། བདག་ཉིད་ཁྲུས་བྱས་ཤར་དུ་བལྟ།། ཛ་ར་བ་དང་རྐུན་མ་ནི།། གང་ཡིན་མེ་ལོང་ནང་དུ་འབྱུང་།། དེ་ཚེ་དེ་ཡི་ས་ངོས་ཟིན་འགྱུར།། ཚོགས་བདག་ཤེལ་གྱི་སྐུ་དེ་ནི།། མཆོད་པ་རབ་གསལ་ལེགས་བྱས་ལ། ་ནཱརྠ་ཀུ་རྱེཞེས་བྱུང་འི།། རིག་པ་འབུམ་དུ་བཟླས་བྱས་ན།། ནཱད་དང་སྡུག་བསྔལ་གྱིས་ཞེན་པ།། སྐུ་དེ་བསྟན་པ་ཙམ་གྱིས་ནི།། ནད་རྣམས་ཐམས་ཅད་སོས་པར་འགྱུར།། སྡུག་བསྔལ་ལས་ཀྱང་ཐར་པར་འགྱུར། ་ཞི་བ་ཆེན་པོའི་ཆོ་ག་ཡིན།། རིན་ཆེན་གསེར་ཞེས་བྱ་བ་ལ།། ཚོགས་བདག་ཆེན་པོའི་སྐུ་བྱས་ཏེ།། རྒྱལ་གྱི་ཉིན་པར་མིག་ཕྱེ་ནས།། མཆོད་དང་རབ་ཏུ་གནས་པ་བྱ།། བ་ར་ཞེས་བྱ་བའི་གསང་སྔགས་ནི།། འབུམ་ཕྲག ་གཅིག་ཏུ་བཟླས་པ་ཡིས། ། སྐུ་གཟུགས་བཞུགས་པའི་ཁྱིམ་དེར་ནི།། ནོར་རྣམས་ཐམས་ཅད་འཕེལ་བར་འགྱུར།། གསེར་གྱི་ཚོགས་བདག་མཐོང་བ་ཡིས།། བགེགས་རྣམས་ཐམས་ཅད་ནོར་འབུལ་འགྱུར།། ་བགེགས་ཀྱིས་གནོད་པ་མི་ནུས་ཏེ།། རྒྱལ་པོ་བཞིན་དུ་མཆོད་པར་འགྱུར།། གསེར་གྱི་ཚོགས་བདག་གནས་པ་ཡིས།། ས་ཕྱོགས་རིན་ཆེན་ཆར་པ་འབེབས།། གསེར་གྱི་ཚོགས་ཀྱི་བདག་པོ་ལ།། བགེགས་ཀྱི་རྒྱལ་པོ ་ཐམས་ཅད་ཀྱིས། ། ནོར་རྣམས་ཐམས་ཅད་འབུལ་བ་ཡིན།། བདག་ཉིད་ཕུན་སུམ་ཚོགས་པར་འགྱུར།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་མཆོག། བྱས་པའི་ཡོན་ཏན་རྣམས་ལ་ནི།། གནོད་སྦྱིན་རྣམས་ཀྱིས་གཏེར་ཁ ་འབྱེད། ། སྐྱེ་བ་འདི་དང་ཕྱི་མ་ལ།། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར།། ནོར་གྱི་བདག་པོ་རྣམ་ཐོས་བུས།། རྒྱལ་བུ་བཞིན་དུ་བསྙེན་བཀུར་བྱེད།། དེ་ནས་དཔལ་ལྡན་ཚོགས་བདག་གི། སྐུ་གཟུགས་དཀྱིལ་འཁོར་ཆུ ་བཞིར་གཞག། བྷ་ག་ཞེས་བྱའི་གསང་སྔགས་ནི།། བཟླས་པ་འབུམ་དུ་བྱས་པ་ཡིས།། ཚེ་དེ་ཉིད་ལ་དངོས་གྲུབ་ནི།། ཅི་འདོད་པ་ནི་སྦྱིན་པར་མཛད།། ལྷ་ཡི་རྒྱལ་པོའི་མངའ་ཐང་ནི།། སྒྲུབ ་པ་པོ་ལ་སྩོལ་བར་མཛད། ། ཤིན་ཏུ་ཐུགས་རྗེའི་བདག་ཉིད་པས།། དཔལ་ལྡན་ཚོགས་བདག་ཐུགས་རྗེ་ཅན།། ཐུགས་རྗེའི་ཕུང་པོས་དབུལ་བ་སྐྱོབ།། ནོར་ལྷ་ཆེན་པོའི་བདག་ཉིད་འདི།། དར་དམར་རས་ལ་ལེགས ་བྲིས་ཏེ། ། རྒྱལ་གྱི་ཉིན་པར་སྤྱན་ཕྱེ་ནས།། གང་གི་ཁྱིམ་དུ་བཞུགས་པ་དེའི།། ས་ཕྱོགས་དེ་ནི་བཀྲ་ཤིས་འགྱུར།། ཟངས་ལ་ཚོགས་བདག་ཆེན་པོའི་སྐུ།། མཁས་པས་ལེགས་པར་བཟོ་བྱས་ཏེ།། ཙན་དན་དམར ་པོས་བྱུགས་པའི་སར། ། མཎྜལ་སྟེང་དུ་ལེགས་པར་གཞག། བན་དུ་ཀ་ཡི་མེ་ཏོག་དང་།། པདྨ་རཱ་ག་རིན་ཆེན་དང་།། མེ་ཏོག་དམར་པོ་ཀུན་གྱིས་མཆོད།། བྲུཾ་ཞེས་བྱ་བའི་རིག་སྔགས་བཟླས།། རྒྱལ་པོའི་བུ་མོ ་དབང་དུ་འགྱུར། ། ལྷ་ཡི་བུ་མོ་ཀླུ་མོ་དང་།། མི་འམ་ཅི་ཡི་བུ་མོ་དང་།། བྲམ་ཟེའི་བུ་མོ་མཚན་ལྡན་མོ།། མཆོག་ཏུ་གཟུགས་བཟང་གུས་པར་འགྱུར།། བྲན་མོ་བཞིན་དུ་བསྒོ་བ་ཉན།། དེ་ལ་སོགས་པ་མཐའ་ཡས་མཆོག། ་སྐུ་གཟུགས་དག་ལ་བརྟེན་ནས་གྲུབ།། མཆོད་པ་ཙམ་གྱིས་འབྱུང་བ་ཡིན།། གཞན་ཡང་ཚོགས་བདག་ཆེན་པོའི་སྐུ།། རིན་པོ་ཆེ་ཡི་རྒྱུ་ལས་བྱས།། དཀྱིལ་འཁོར་སྟེང་དུ་བཞུགས་བྱས་ཏེ།། རཏྣ་སིདྡྷི་ཞེས་བྱ་བའི།། རིག ་པ་འབུམ་དུ་བཟླས་པ་བྱ། ། ས་འོག་གཏེར་རྣམས་སྟོན་པར་འགྱུར།། ཅི་དགའ་བར་ཡང་སྤྲོད་པར་འགྱུར།། ཚོགས་བདག་ཆེན་པོའི་རྒྱུད་ལས།། རྒྱལ་པོ་ལ་སོགས་པ་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། ་དེ་ནས་དཔལ་ལྡན་ཚོགས་བདག་ཆེ།། དྲག་པོ་ཆེན་པོ་དྲག་ཤུལ་ཅན།། སངས་རྒྱས་ཐུགས་ལ་བྱོལ་སོང་དབུ།། གླང་ཆེན་གཞོན་ནུས་ཞལ་བརྒྱན་པ།། སྤྱན་གསུམ་མཆེ་བ་བཞི་དང་ལྡན།། ཕྱག་བཞི་ཞབས་བཞི་ཀླུ་ཆེན་གདམ།། ་དབང་པོ་མཆེ་བ་དཀར་པོ་འཛིན།། དེ་འོག་ཞགས་པ་གཡོན་པ་ན།། དགྲ་སྟག་ཁ་ཊྭཱཾ་རྩེ་གསུམ་འཛིན།། མཐིང་ཁ་གསུས་པ་ཆེ་བའོ།། དེ་ལྟ་བུ་ཡི་ཚོགས་བདག་སྐུ།། འཁར་བ་ཁྲོ་ཆུ་དག་ལ་བྱ།། རྒྱལ་གྱི་ཉིན་པར་རབ་ཏུ་གནས།། ་དེས་ནི་སྒོམ་ཞིང་སྒྲུབ་པ་ནི།། དཀྱིལ་འཁོར་བྱ་བའི་ས་བརྟགས་པ།། ལེའུ་ཚེ་དགུ་པའི་དཀྱིལ་འཁོར་བྲི།། སྒོ་དང་སྒོ་ཁྱུད་ལྡན་པར་བྱ།། དབུས་སུ་པདྨ་འདབ་བརྒྱད་ལ།། ཚོགས་བདག་ཆེན་པོས་བསྒྲུབ་བྱ་མནན།། ཟླ་བའི་གདམལ ་ཡུམ་དང་ནི། ། གཉིས་སུ་མེད་པར་དགོད་པར་བྱ།། དེའི་མིང་ཨ་རྩི་ཀ་རེ་སྟེ།། རྡོ་རྗེ་ཕག་གདོང་མ་ཞེས་བྱ།། དགྲ་སྟ་བ་ན་ད་ལག་ན་ཐོགས།། ཁྲག་གིས་གང་བ་གཙོ་ལ་སྟོབ།། ཤར་ཕྱོགས་ཀྱི་ལེའུ་ཚེ་སེར་པོ་ལ་ཁམས་གསུམ་གྱི་བདག ་པོ་ལ་ཕུག་དང་གྲི་འཛིན་པའོ། ། ལྷོ་ཕྱོགས་ཀྱི་ལེའུ་ཚེ་སྔོན་པོ་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་མཆུ་མ་སཱ་དེ་བའི་གདེ་བ་ཅན་དབྱུག་ཏོ་ད་འཐོ་བ་འཛིན་པ་ནག་པོའོ།། ནུབ་ཕྱོགས་ཀྱི་ལེའུ་ཚེ་དམར་པོ་ལ་གནོད་སྦྱིན་གྱི་བདག་པོ་སྤྲིན་གྱི་བདག་ཅེས་བྱ་བ ་དམར་པོ་ཆུས་གང་བའི་སྤྲིན་ཕུང་དང་ཞགས་པ་འཛིན་པའོ། ། བྱང་ཕྱོགས་ཀྱི་ལེའུ་ཚེ་ལྗང་ཁུ་ལ་གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་ཁུ་དབྱུག་ཏོ་དང་རིན་པོ་ཆེའི་ཁ་ཊྭཱཾ་ག་ཐོགས་པའོ།། བྱང་ཤར་གྱི་ལེའུ་ཆེ་དཀར་པོ་ལ ་བགེགས་ཀྱི་རྒྱལ་པོ་བིན་ཡ་ཀ་གླང་པོ་ཆེའི་གདོང་མདུང་རྩེ་གསུམ་པ་དང་ལ་ཕུག་ཐོགས་པ་ནག་པོའོ། ། ཤར་ལྷོའི་ལེའུ་ཚེ་དམར་པོ་ལ་ཡི་དགས་ཀྱི་རྒྱལ་པོ་དྲག་པོ་ཞེས་བྱ་བ་དགྲ་སྟ་དང་ཐོད་པ་རིལ་པོ་ཐོགས་པ་ནས་པོའོ།། ་ལྷོ་ནུབ་ཀྱི་ལེའུ་ཆེ་ནག་པོ་ལ་སྤྲིན་ཕུང་གི་སྒྲོན་མ་ཞེས་བྱ་བ་སྤྲིན་ཕུར་དང་གློག་གི་འོད་དུ་བཅས་པ་ལག་པ་གཉིས་ཀྱིས་ཐོགས་པའོ།། བྱང་ཆུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན ་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྣ་ཅན་རྩེ་གསུམ་དང་ཐོད་པ་སྐམ་པོའི་ནང་དུ་ལ་ཕུག་དང་ཤས་བཀང་བ་ཐོགས་པའོ། ། ལྷ་རྣམས་ལ་ཀླུའི་རྒྱལ་པོ་བརྒྱད་བཀའ་ཉན་པ་ནི་ཀླུའི་རྒྱལ་པོ་ཨ་བ་ལ་དང་། བ་རུ་ཎ་དང་། དུང་སྐྱོང ་དང་། འཇོག་པོ་དང་། རིགས་ལྡན་དང་། མཐའ་ཡས་དང་། པདྨ་དང་། པདྨ་ཆེན་པོ་རྣམས་སོ།། ཤར་གྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། ལྷོ་སྒྲོར་འཕགས་སྐྱེས་པོ། ནུབ་སྒོར་སྤྱན་མི་བཟང་། ་བྱང་སྒོར་རྣམ་ཐོས་སྲས་རྣམས་སྐུ་མདོག་དཀར་བ་དང་། སྔོ་བ་དང་། དམར་བ་དང་། ལྗང་ཁུར་ཤེས་པར་བྱའོ།། ལག་ན་ནོར་བུ་རིན་པོ་ཆེ་རེ་རེ། རལ་གྲི་རེ་རེའོ།། འདི་རྣམས་ཀྱི་ཆུང་མ་ནི་མི་བྲིའོ།། འདི་ལྟར་བྲིས ་པའི་བྱང་ཤར་དུ་གསད་པའི་དཀྱིལ་འཁོར་གྲུ་གསུམ་ལ། དེའི་ནང་དུ་དགྲ་བོའི་གཟུགས་སྤྲ་ཚིལ་ལས་བྱས་པ་རིང་པ། གནག་པ། སྐྲ་ཟེད་པ། ཏིལ་མར་གྱིས་བྱུགས་ཏེ། སྙིང་ཁར་མིང་རུས་བྲིས་ལ་གཞུག་གོ། ་དེའི་སྐེར་རོ་སྒྲ་ལས་བྱས་པའི་ཐག་པ་གདགས་སོ།། དེ་ལྟར་བྱས་ནས་གནོད་སྦྱིན་ཆེན་པོ་བརྒྱད་ལ། ལ་དུ་དང་ལ་ཕུག་དང་བཅས་པའི་གཏོར་མ་དང་། གནོད་སྦྱིན་ཆེན་པོ་བརྒྱད་ལ་ཉ་ཤ་དང་སྒོག་བཙོང་དུ་སྦྱར་བའི ་དམར་གྱི་གཏོར་མ་རེ་རེ་བཤམ། ཀླུ་ཆེན་པོ་བརྒྱད་ལ་གཏོར་མ་ཆེ་བ་གཅིག་དང་། རྒྱལ་པོ་ཆེན་པོ་བཞི་ལ་རེ་རེ་བྱ། གལ་ཏེ་མ་འབྱོར་ན་ཆེ་བ་གཅིག་བྱ། ལྷ་བཤོས་རེ་རེ་དབུལ་བར་བྱའོ།། གཞན་ཡང་དྲག་པོའི་རྫས ་སྤྱང་ཀིའི་ཐོད་པ་དང་། ཟིར་ནག་པོ་དང་། སྐེ་ཚེ་དང་། ཆུངས་ཀར་དང་། ཉུངས་ནག་གཞུག་པར་བྱའོ།། ཚོགས་བདག་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུགཅིག་པའོ།། དེ་ནས་གཞན་ཡང་བཤད ་བཔར་བྱ། ། སྒོམ་པའི་རིམ་པ་འདི་ལྟ་བུ།། མ་བྱུང་འབྱུང་བར་མི་འགྱུར་བས།། ཤིན་ཏུ་གསང་སྟེ་བསྒྲུབ་པར་བྱ།། ཡི་ཡི་རང་བཞིན་སྟོང་པ་ལས།། སྣང་བའི་རང་བཞིན་ཧཱུཾ་དང་ནི།། ཡ་ཚོགས་བརྒྱད་པའི་ས་བོན་འབྱུང་།། མིང་གི ་སྔགས་ལས་རབ་ཏུ་བསྐྱེད། ། ཁྲོ་བོའི་སྤྲུལ་པས་སྟོང་གསུམ་བཀང་།། འོད་བསྡུས་ཐོག་མའི་ཧཱུཾ་ལ་འདུས།། ཚོགས་ཀྱི་བདག་པོ་ཆེན་པོ་དེ།། འགྲོ་བའི་དོན་དུ་བཞེངས་པ་ནི།། ཁྲོ་བོ་ཆེན་པོ་འཇིགས་པའི་གཟུགས།། ཡུམ་དང ་འཁོར་ཡང་རྫོགས་པར་བསྐྱེད། ། ཕུ་བརྒྱད་ཀླུ་བརྒྱ་དེ་སེམས་དཔའི་ཚུལ།། རྒྱལ་པོ་དེ་བཞིན་ཁྲོ་བོའི་ཚུལ།། ཡི་གེ་བྷེ་དང་མིང་ལས་བསྐྱེད།། འོད་ཟེར་ཚུལ་གྱིས་སྤྱན་དྲངས་ལ།། ཛ་དང་ཛ་ཡི་འཕྲོ་འདུ་དང་།། ཧཱུཾ་དང་ཧཱུཾ་གི་གསང ་སྔགས་དང་། ། ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ལ།། ནུས་པའི་མཐུ་དང་ལྡན་པར་བྱ།། མཆོད་དང་གཏོར་མ་བཏབ་པར་བྱ།། བ་ལིཾ་གྲྀཧྞ་ཁཱ་ཡི་སྔགས།། སྙིང་པོ་དག་དང་སྤེལ་བར་བྱ།། སྒོམ་པའི་རིམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། ་། དེ་ནས་གསང་སྔགས་རྒྱལ་པོ་ནི།། དབྱངས་ཡིག་གསལ་བྱེད་དག་ལས་བཏུ།། དང་པོ་བཞི་པ་དེ་རྗེས་བྲི།། བཞི་པའི་ལྔ་པ་གྲལ་ལ་གཞག། ཡིད་བཞིན་ནོར་བུའི་ཡི་གེ་དང་།། དེ་ཡི་རྗེས་སུ་བསམ་པར་བྱ།། དེ ་བཞིན་གཤེགས་པའི་མཚན་དང་པོ། ། དེ་ཡི་རྗེས་སུ་བརྗོད་པར་བྱ།། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན།། དགུ་པའི་ཡི་གེ་དག་དང་ནི།། འབྱུང་བ་རླུང་གི་ཡི་གེ་ལ།། དབྱངས་ཡིག་གཉིས་པ་སྦྱར་བ་ཡིས།། རྒྱལ་བའི་རྒྱལ་པོ་ཞེས་བྱའོ།། ། ་ཡིད་བཞིན་ནོར་བུའི་ཡི་གེ་ལ།། དབྱངས་ཡིག་གཉིས་པ་སྦྱར་བར་བྱ།། ཉི་མ་ཡི་ནི་ཡི་གེ་དང་།། བཞི་པའི་ལྔ་པ་དེ་ནས་བྲི།། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན།། ཉིས་པའི་བཞི་པའི་ཡི་གེ་ལ།། དབྱངས ་ཡིག་བཞི་པས་བརྒྱན་པར་བྱ། ། ལྔ་པའི་བཞི་པའི་ཡི་གེ་ལ།། གསུམ་པའི་ལྔ་པ་སྦྱར་བར་བྱ།། བཞི་པའི་དང་པོའི་ཡི་གེ་ལ།། དབྱངས་ཡི་ག་བཞི་པས་བརྒྱན་པར་བྱ།། འབྱུང་བ་རླུང་གི་ཡི་གེ་ལ།། དེ་ཡི་འོག་ཏུ་སྦྱར་བར་བྱ།། རིན་པོ་ཆེ་ཡི ་ཡི་གེ་དང་། ། ལས་ཀྱི་ཡི་གེ་མཐའ་མར་བརྗོད།། ཚོགས་བདག་ཆེན་པོའི་རྩ་བའི་སྔགས།། འདོད་པ་ཐམས་ཅད་སྒྲུབ་བྱེད་ཡིན།། གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ནི།། ཡ་ཞེས་བྱ་བ་ལ་སོགས་པ།། ཡ་ཡ་ཞེས་བྱ་ལ་སོགས་དང་།། ་བཾ་ཞེས་བྱ་བ་ལ་སོགས་དང་།། བི་ན་ཡ་ཀ་ཞེས་བྱ་བ་ལ་སོགས་པ་དང་། བྷཻ་ར་ཞེས་བྱ་བ་ལ་སོགས་པ་དང་། ཧཱུཾ་ཞེས་བྱ་བ་དང་། ཏྲི་ཞེས་བྱ་བ་སྟེ། བརྒྱད་པོ་ལ་ཧཱུཾ་དང་ཕཊ་ཀྱིས་མཐའ་རྟེན་པས་སྲོག་གི་སྙིང་པོའོ།། ཀླུ་ཡི་སྔགས ་ནི་མིང་ལས་བསྐྱེད། ། ཨོཾ་དང་ཧཱུཾ་ཕཊ་དང་ལྡན་པར་བྱ།། རྒྱལ་པོ་ཆེན་པོའི་གསང་སྔགས་ནི།། བྷེ་ཞེས་བྱ་བ་དང་། བྷི་ཞེས་བྱ་བ་དང་། བྷ་ཞེས་བྱ་བའི་སྔགས་སུ་འགྱུར་རོ།། གནོད་སྦྱིན་ཆེན་པོ་རྣམས་ཀྱི་གསང་སྔགས་འབྱུང ་བའི་ལེའུ་སྟེ་བཅུ་གསུམ་པའོ། ། ། བསྒྲུབ་བྱ་དགུག་པའི་སྔགས་ནི། ཡ་དང་ཀྵ་དང་ཀ་དང་ལ།། མ་དང་སཱ་དང་བྷེ་ར་བྷེ།། ཏྲི་དང་ར་དང་ཙ་དག་གིས།། ཤ་ཛྙཱ་ནཱི་ཛ་ནི་ཛ་ཞེས།། ལན་གྲངས་མང་དུ ་བཟླས་པར་བྱའོ། ། གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ཀྱིས།། དམ་པའི་བླ་རྡོ་བླང་བར་བྱ།། དེ་ནས་བླ་རྡོ་བསྲེག་པར་བྱ།། དེ་ནས་བླ་རྡོ་མནན་པར་བྱ།། རྦད་པའི་གསང་སྔགས་རྒྱལ་པོ་ནི།། ཡ་དང་ཀཱ་དང་ཀ་དང་ལ།། མ་དང་ཧཱ་ང ་བྷེ་ར་བེ། ། དེ་བ་ཡཀྵ་ཡ་མ་དང་།། ནཱ་ག་ནཱ་ག་ཐུམ་རིལ་ཡང་།། ཆེ་གེ་མོ་དགྲ་བོ་ཐུམ་རི་ལ་ཡ།། ཡ་ཡ་ཞེས་ཀྱང་བསྐུལ་བར་བྱ།། དེ་ནས་གསད་པའི་གསང་སྔགས་ནི།། མ་དང་ཧཱ་དང་བྷེ་ར་བེ།། ཡཀྵ་ལ་སོགས་གོང་དང་མཐུན། ་དེའི་རྗེས་འདི་སྐད་བརྗོད་པར་བྱ།། ནཱ་ཤ་ཡན་ལན་གཉིས་སོ།། ཤ་ཡ་ཙྪཎྜ་ཙཱུརྞ་ཐ་ལ་ཡ།། ནཱ་ག་ཡ་ཀ་ཏྲ་མཱ་ར་ཡ།། ཧན་ཙཀྲ་རིམ་པ་གཉིས།། བིནྡྲཱ་ཡ་ཀ་ཛི་བྷིན་དྷ།། ཏནྡ་ཀཱ་ར་དེ་ནས་བརྗོད།། ཆེ་གེ་མོ་མཱ་ར་ཡ་ནས་པ། ་ཧཱུཾ་ཧཱུཾ་ཕཊ་ཕཊ། དྲག་པོས་གསད་པ་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་ཡང་ནི་དྲག་པོའི་སྔགས།། ཨོཾ་བིགྷྣཱཾ་བྷི་བ་བྷི་སརྦ་བི་དྱཱ་བི་ནཱ་ཤ་ཡ་ཧྲིད་མི་ཏ་ཡ། ཧཱུཾ་ཙི་ཏུ་པ་ཏུ། པྲ་མ་རུ་ཏཱ་ཡ ་ཧན་ཧ་ན། གྲྀཧྞ་གྲྀཧྞ། པ་ཙ་པ་ཙ། བྲཧྨ་བྲཧྨ། བྲཧྨ་ཡ་བྲཧྨ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། འཁར་བའམ་ཡང་ན་ཟངས་དག་ལ།། ལོག་འདྲེན་ཆེནི་པོའི་གཟུགས་བྱས་ལ།། དེ་ལ་རབ་གནས་མཆོད་པ་བྱ།། དགྲ་བོའི་གཟུགས ་བརྙན་འོག་ཏུ་གཞུག། ཚོགས་ཀྱི་བདག་པོའི་སྟན་དུ་བྱེ།། དགྲ་དེ་འཆི་བར་ཐེ་ཚོམ་མེད།། ཡང་ནི་སྦྱོར་བའི་ལས་རྣམས་ནི།། དགོས་པ་ཆེན་པོ་འདི་གསུངས་སོ།། ཚོགས་ཀྱི་བདག་པོའི་སྐུ་ཙན་དན་ནམ་རིན་པོ་ཆེ་ལ་བྱས ་རབ་གནས་བྱས་ལ་མཆོད་པ་ཕུལ་ཏེ། སེར་བ་གཅོད་པར་འདོད་ན། སེར་བའི་བདག་པོ་རླང་ལྷ་དང་ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་གྱི་གཟུགས་དང་། འབྲག་གི་གཟུགས་བྱས་ལ་ཚོགས་ཀྱི་བདག་པོའི་གདན་དུ ་མནན་པར་བྱའོ། ། བདག་ཉིད་ཀྱིས་ཀྱང་མནན་པར་བསམས་ཏེ། ཧི་ཀ་ཙནྡྲ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་སེར་བ་ཆོད་པར་འགྱུར་རོ།། ཡུངས་ཀར་ཡང་ཕྱོགས་སུ་གཏོར་བར་བྱའོ།། སེར་བ་འབེབས་པར ་འདོད་ན། ཆུ་དང་སྤྲིན་གྱི་མཎྜལ་མངོན་པར་བྲིས་ཏེ། ཚོགས་བདག་ཆེན་པོ་འབྲུག་ལ་ཞོན་པར་བསྒོམས་ཏེ། བདག་གི་བཀའ་ཉན་པར་བསམ། གསང་བའི་རྫས་སུ་བྱ་བ་ལ།། ལྕགས་ཕྱེ་གསེར་ཕྱེ ་ཟངས་ཕྱེ་རྣམས། ། གནམ་ཆུ་འབྲས་ཀྱི་ཕྱེས་སྨྲས་ཏེ།། སེར་བ་ཇི་ཙམ་འདོད་པའི་དབྱིབས་ཆེ་ཆུང་བྱས་ལ་ཁྲག་གིས་བྱུགས་ལ་བདུན་དང་བདུན་ཕྲག་མང་དུ་བྱས་ཏེ། ཀ་ཀ་ཀི་ཀུའི་ཐོད་པའི་ནང་དུ་བླུགས་ཏེ། སྤྲིན་གྱིས ་དགབ་པར་བྱའོ། ། ཀ་ཀའི་ཐོད་པ་ལ་སྔགས་བྲི་བིར་བྱའོ།། རིམ་པ་གསུམ་མོ།། རྟེན་གྱི་རྫས་ཀྱང་གཞག་པར་བྱའོ།། བྲུཾ་བྲུཾ་བྷ་རི་ཤ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་འབུམ་ཕྲག་གཅིག་བཟླས་པ་དང་། ཀ་ཀའི་ཐོད་པའི ་ནང་དུ་སེར་བ་དངོས་སུ་གསུམ་མམ། བདུན་ནམ། བརྒྱད་བྱུང་བ་དང་། དགྲའི་ཡུལ་དུ་བསྐྱལ་ཏེ། སྔགས་ཟློག་ནས་བཟླས་པས་འབབ་བོ།། གལ་ཏེ་མ་བབ་ན་ཚོགས་ཀྱི་བདག་པོའི་སྐུ་དབུ་ཐུར་ལ་བསྟན། ཞབས་གྱེན་ལ ་བསྟན་པ་དགྲ་བོའི་ཡུལ་གྱི་དབུས་སུ་སྦའོ། ། མོད་ལ་སེར་པ་འབབ་སྟེ། བྱ་ཀ་ལན་ཏ་ཀའི་སྒོ་ང་ཙམ་དང་། དབྱིབས་དམར་པོ་ཤ་བའི་རླིག་འབྲས་ཙམ་པ་ཡུན་རིང་པོ་འབབ་བོ།། ལོ་ཏོག་འཇོམས་པའི་སྔགས་ནི་བྲུཾ་ཞེས་བྱ ་བའོ། ། དེ་གཅོད་པར་འདོད་ན་ནི་སྐུ་དང་ཀ་ཀི་མ་ཕྱུང་བའི་བར་ལ་ཉི་མ་རེ་རེར་འབབ་པས་དབྱུང་བར་བྱའོ།། ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་དབུལ་བར་བྱའོ།། གསང་སྔགས་ཀྱང་དབུ་ཞབས་མ་ནོར་བར་རིན་པོ་ཆེའི་འཕྲེང་བ་བརྒྱ ་རྩ་བརྒྱད་བཟླས་པར་བྱའོ། ། སྐུ་ཁྲུས་གསོལ་བ་བདག་གི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་ལོ།། དེ་ལ་སོགས་པ་མཐའ་ཡས་མཆོག། ཚོགས་ཀྱི་བདག་པོས་བྱེད་པ་ཡིན།། ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས།། ་ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཅེ།། ཕྱག་འཚལ་དཔལ་ལྡན་གི་ཁྲོམ།། དངོས་གྲུབ་འབྱུང་བའི་རྒྱུད་ལས། ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེཝཾ་སྟེ་བཅོ་ལྔ་པའོ།། ཚོགས་ཀྱི་བདས་པ་རྒྱ ་དངོས་གྲུབ་འབྱུང་བ་ཞེས་བྱ་བ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་དྲི་པཾ་ཀ་ར་ཤྲཱི་ཛྙཱ་ནས། འཇིག་རྟེན་དངོས་གྲུབ་ཆེད་དུ་ནི།། རྒྱ་གར་ཡུལ་ནས་བསྣམས་ནས་བྱོན།། རྒྱལ་བའི་འབྱུང་གནས་ལ་བཏང ་