CLOSE WINDOW

S605:
Wyliee-texts produced with BDRC’s OCR application

བཏུང་བ་རྣམས་ཀྱིས་ཚིམ་པར་བྱས་པར་འགྱུར་རོ། ། བྲམ་ཟེའི་དྲང་སྲོང་དེ་དག་ཀྱང་དབང་པོ་ཚིམ་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཨོཾ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱིན་པར་བྱེད ་ལ། སེམས་ཅན་དེ་དག་ཀྱང་བསམ་པ་ཡོངས་སུ་དག་པར་འགྱུར་ཏེ། བྲམ་ཟེའི་གཟི་བརྗིད་དང་ལྡན་པར་འགྱུར་རོ།། རྟག་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་ཏེ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་འབུམ་གྱི ་བྱེམ་སྙེད་དག་གི་དགེ་བའི་རྩ་བ་དང་ལྡན་པར་ཡང་འགྱུར་རོ། ། རྟག་ཏུ་དགྲ་ཐམས་ཅད་ཤིགས་པར་འགྱུར་རོ།། མེ་ཏོག་གམ། བདུག་པའམ། སྤྲོས་སམ། ཟས་སམ། སྐོམ་གྱི་ཡོ་བྱད་ལ་ལན་ཉི་ཤུ་རྩ་གཅིག་བཟླས ་བརྗོད་བྱས་ལ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དབུལ་བར་བྱའོ།། དེ་ལྟར་བྱས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་དེས་ཕྱོག ་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ལྷའི་མཆོད་པ་དང་། དེ་བཞིན་གཤེགས་པའི་མཆོད་པའི་མཆོག་གིས་མཆོད་པ་བྱས་པར་འགྱུར་རོ།། བླ་མར ་བྱས། རིམ་གྲོར་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་ལུང་བསྟན་པ་དང་། ལྷ་ཐམས་ཅད་ཀྱིས་ཀུན་ཏུ་སྲུང་བར་ཡང་འགྱུར་རོ།། ཀུན་དགའ་བོ་སོང་ལ་ངོ་ལོན་ཡང་གྱིས་ཤིག། སེམས་ཅན ་ཐམས་ཅད་ལ་ཡང་དག་པར་སྟོན་ཅིག། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱང་གྱིས་ཤིག་ཅེས་ང་སྨྲའོ།། ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྫོགས་སོ།། ་ཨོཾ་ནཱནྡྲ་བ་ལོ་ཀི་ཏེ་ས་མནྟ། སྥ་ར་ཎ་རཱ་ཤྲཱིབྷཱ་བསམ་ཡ། མ་ཧཱ་མ་ཎི་དྷ་རུ་དུ་རུ། ཧྲྀད་མ་ཛ་ལ་ནི་དྷུ། འབབ་ཆུའམ་མཚོའི་འགྲམ་དུ་འདུག་སྦྲེ་ལག་པ་གཡས་པའི་ཁྱོར་བར་ཆུ་ཐུགས་ལ། ཡེ་ཤེས་སྐར་མངའི ་སྙིང་པོ་འདི་ལན་བདུན་བཟླས་ཏེ། ཆུ་ཁྱོར་བ་བདུན་འབབ་ཆུ་འམ་ཆུར་གཏོར་ན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྷའི་ཁ་ཟས་ཀྱི་རོ་དང་བཏུང་བའི་རོ་མཆོག་དང་ལྡན་པ་འཐོབ་ཅིང ་ཡིདགས་རེ་རེའང་ཁ་ཟས་དང་བཏུང་བ་ཡུལ་མ་ག་དྷའི་ལྔ་བྲེ་བདུན་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུངས་པ་ཙམ་གྱིས་དེ་དག་ཐམས་ཅད་ཡི་དགས་ཀྱི་སྐྱེ་གནས་ལས་ཐར་ཅིང་། བདེ་འགྲོ་མཐོ་རིས་ཀྱི་གནས་སུ ་སྐྱེ་བར་འགྱུར་རོ། ། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་འམ། གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་ཡི་དགས་སམ། བྱའམ། ཆུལ་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས་པ་དེ་དག ་ཐམས་ཅད་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ། ། ཡེ་ཤེས་སྐར་མདོའི་སྙིང་པོའོ།། ། རྒྱ་གར་སྐད་དུ། པྲཛྙཱ་བརྡྷ་ནིཿ ་མདྷཱ་ར་ཎི། བོད་སྐད་དུ། ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་ལྡན་ནས ་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི་བུ་ཐམས་ཅད་ཀྱིས་བསྐོར་ནས་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུ་གཟུགས་ཅན་གྱིས་ཐལ་། ་