CLOSE WINDOW

S59: 'phags pa thabs mkhas pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

པོའི་མདོ་རྫོགས་སོ། ། རྒྱ་གར་སྐད་དུ། ཨརྱ་ཨུ་པཱ་ཡ་ཀོའུ་ཤ་ལྱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཐབས་མཁས་པ་ཞེས ་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། ་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱད་ཁྲི་བཞི་སྟོང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས ་དཔའ་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཁྲི་དྲུག་སྟོང་དང་ཡང་ཐབས་གཅིག་སྟེ། ཡང་དེའི་ཚེ་ན། བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་པར་གྱུར ་ཏེ། འཁོར་བརྒྱ་སྟོང་དུ་མས་བསྐོར་ཞིང་མདུན་དུ་བདར་ནས་ཆོས་འཆད་དོ།། ཡང་དེའི་ཚེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ཞེས་བྱ་བ་ཞིག་འཁོར་དེར་འོངས་ཏེ་འདུག ་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན ་འདས་ག་ལ་བ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་འདི་སྐད་ཅེས་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་བདག་ལ་ཕྱོགས ་འགའ་ཞིག་ཞུའོ་ཞེས་དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ། རིག་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ ་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད་ཀྱིས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ་ཞེས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན ་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་མཁས་པ། ཐབས་མཁས་པ་ཞེས ་བགྱི་བའི་ཐབས་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀ ་སྐུསྩལ་ཏོ། ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཟས་ཁམ་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི། བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམས་གཅིག་སྦྱིན་པར་བྱེད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ།། ་ཡིན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོའོ།། དེ་ནི་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། གཉིས་པོ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས ་དང་བསྔོ་བའོ། ། རིག་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཕ་རོལ་གྱི་དགེ་བའི་རྩ་བ་ལ་ཡི་རང་བར་བྱེད་དོ།། ཡི་རང་བར་བྱས་ནས་སེམས་ཅན་ཐམས ་ཅད་ལ་བསྔོ་སྟེ། ཐམས་ཅད་མཁྱེན་པའི་སེམས་དེས་སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོ་དེ་དག་ཟིལ་གྱིས་གནོན་ཏོ།། གང་ལེན་པར་བྱེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཏོ།། རིགས་ཀྱི་བུ། ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ཕྱོགས་བཅུ་ན་ཤིང་ལས་བྱུང་བའི་མེ་ཏོག་གང་ཅི་ཡོད་པ་ཕྲ་མོ་ཡོངས་སུ་མ་བླངས་པ་རྣམས་དང་། ཕྱོགས་བཅུ་ན་གང་སྤོས་ཀྱི་ཤིང་ཡོད་པ་རླུང་ཀྱི ་ཁྱེར་བ་ཡོངསུ་ས་བླངས་པ། བདག་པོ་མེད་པ་དེ་དག་ཀྱང་། སངས་རྒྱས་ཐམས་ཅད་ལ་འབུལ་ཞིང་། དགེ་བའི་རྩ་བ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང ་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཕྱོགས་བཅུ་ན་སེམས་ཅན་གང་ཇི་སྙེད་བདེ་བའི་ཚོར་བ་མྱོང་བ་དེ་ཐམས་ཅད་ལ་བསམས་ཏེ། རྗེས་སུ་ཡི་རང་བར་བྱེད་དོ།། རྗེས་སུ་ཡི་རང་ནས་ཐམས་ཅད་མཁྱེན་པ། ་ཉིད་དུ་བསྔོ་བར་བྱེད་དོ།། གང་ཡང་ཕྱོགས་བཅུ་ན་སེམས་ཅན་སྡུག་བསྔལ་བའི་ཚོར་བ་མྱོང་བ་དེ་ཐམས་ཅད་ནི་འཆགས་སུ་འཇུག་སྟེ། གང་སེམས་ཅན་དེ་དག་གི་སྡུག་བསྔལ་ནི་བདག་ལ་ཤོག་རྩིག། དེ་དག ་ནི་བདེ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་གོ་ཆ་གྱོན་ཞིང་དགེ་བའི་རྩ་བ་དེ་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ནི་དེ་བཞིན་གཤེགས་པ་གཅིག་ལ་ཕྱག ་འཚལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་དེ་ལྟར་འཛིན་ཏེ། དེ་ནི་འདི་ལྟར་སློབ་པོ།། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གཅིག་གོ།། ཚུལ་ཁྲིམས་གཅིག་གོ། ་ཏིང་ངེ་འཛིན་གཅིག་གོ།། ཤེས་རབ་གཅིག་གོ།། དགོངས་པ་གཅིག་གོ། རྣམ་པར་གྲོལ་བ་གཅིག་གོ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་གཅིག་གོ། ཞེས་དེ་ལྟར ་སློབ་ཅིང་། དེ་ལྟར་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་འཛིན་ཏོ།། དེ་ཐབས་མཁས་པ་དེས་སངས་རྒྱས་གཅིག་ལ་བཀུར་སྟི ་བྱས་ནས། སངས་རྒྱས་ཐམས་ཅད་ལ་བཀུར་སྟི་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་དེ་དག་ལ་མཆོད་པར་འགྱུར་བ་དེ་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་ལེན་ཏོ།། རིགས་ཀྱི་བུ་གཞན་ཡང ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ནམ་ཞིག་ཤེས་རབ་རྨོངས་པ་ཅན་དུ་རེ་ད་ན་ཡང་། དེ་ནི་བདག་ལ་ཡི་མི་གསོད་ཀྱི་གཟང་བསྟོད་པར་བྱེད་དོ།། ཆུང་ངུ་ན་རྩ་བ་ཚིགས་བཞི་པའི་ཚོགས་སུ་ཅད ་པ་གཅིག་ཁ་དོན་དུ་འདོན་ན་ཡང་། རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གི་དོན་གང་ཡིན་པ་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཡང་དེ་ཡིན་ནོ་ཞེས་དེ་དེ་ལྟར་སློབ་ཅིང་། དེས་ཚིགས་སུ ་བཅད་པ་དེ་ཁ་དོན་དུ་བྱས་ནས། སེམས་ཅན་གང་ཇི་སྙེད་ཀྱིས་བདག་གིས་རྩ་བ་བཞི་པའི་ཚིགས་སུ་བཅད་པ་འདི་ཐོས་པ། དེ་ཐམས་ཅད་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་ཤོག་ཅིག། ཅེས་དེ་ལྟར ་མ་ཞུམ་པའི་སེམས་ཀྱིས་སྨོན་ལམ་འདེབས་ཏེ། དེ་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་ཐོས་པ་མཐའ་མེད་པ་དཔེ་མེད་པ་ཟིལ་གྱིས་གནོད་མི་སངས་རྒྱས་ཀྱི་སྤོབས་པ་ཡང་ལེན་པར་བྱེད་དོ།། ་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ནམ་ཞིག་གལ་ཏེ་བརྒྱལ་དབུལ་པོར་གྱུར་ན། དེའི་ཚེ་ན་དེ་ཆུང་ངུན་གཞན་གྱི་ལས་ཀྱང་བྱས་ནས། ཟས་གཟར་བུ་གང་ཐོགས་ཏེ་སེམས ་མ་ཞུམ་པས་དགེ་འདུན་ནམ་གང་ཟག་ལ་སྦྱིན་པར་བྱེད་དོ། ། བྱིན་ནས་ཀྱང་འདི་ལྟར་སློབ་སྟེ། བཅོམ་ལྡན་འདས་ཀྱིས་ས་ཆེ་བའི་ཕྱིར་སྦྱིན་པར་ཆེ་བར་འགྱུར་རོ་ཞེས་གསུངས་ཀྱིས། བདག་གི་སྦྱིན་པ ་ཆུང་ངུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ནི་དཔག་ཏུ་མེད་པའོ་སྙམ་ནས། དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཟས་གཟར་བུ་གང་པོ་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་འངས་སེམས་ཅན་ཐམ། ་ཅད་འདི་ལྟ་སྟེ་དཔེར་ནད་ལྟར་གྱི་དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་བཞིན་དུ་ཤོག་ཤིག་ཅེས། ཟས་གཟར་བུ་གང་པོ་དེ་ཉིད་ཀྱིས་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ ་པའི་རང་བཞིན་གྱིས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་བྱེད་དོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། ལྷན་ཅིག་ཏུ ་ཀ་ནས་ཀྱང་དེ་དག་ལ་འདོད་པར་མི་བྱེད་དོ། ། གལ་ཏེ་ཡང་ཉན་ཐོས་དང་། རང་སངས་རྒྱས་དག་ལ་བཀུར་སྟི་བྱས་པ་མཐོང་ན། དེ་རྒྱུ་གཉིས་ཀྱིས་བདག་ཉིད་ཁོང་དུ་ཆུད་པར་བྱེད་དོ།། དེ་རྒྱུ་གཉིས ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་། སངས་རྒྱས་ལས་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་འབྱུང་བས་དེ་དག་ལ་བཀུར་སྟི་བྱས་ནས ་བདག་ཉིད་ལ་ཐོག་མ་ཁོ་ནར་བཀུར་སྟི་བྱས་པ་ཡིན་གྱི། དེ་དག་ལ་ནི་མ་ཡིན་པ་དང་། དེ་དག་ནི་བདག་གི་པའི་ནོར་ལ་སྤྱོད་མོད་ཀྱི། དེ་ལ་བདག་གིས་འདོད་པར་མི་བྱ། ཕྲག ་དོག་ཏུ་མི་བྱ་སྙམ་དུ་སེམས་པའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་སྦྱིན་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། ཇི་ལྟར་ན་ཡོངས་སུ ་རྫོགས་པར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ཚེ། སློང་བ་མཐོང་ན། དེ་སེར་སྣའི་སེམས་ཚར་གཅོད་པར་བྱེད། གཏོང་བ་ཆེན་པོ་འཕེལ་བར་བྱེད་དེ། དེ་ནི་དེའི་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པའོ། ། གང་ཚུལ་ཁྲིམས་ཡང་བླར་བླངས་ནས། ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པར་བྱེད་པ་དང་། གང་ངང་ཚུལ་ངན་པ་ཅན་དེ་དག་ཚུལ་ཁྲིམས་ལ་འཇོག་པར་བྱེད་ཅིང་། སྦྱིན་པ་ཡང ་སྦྱིན་པར་བྱེད་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། གང་བྱམས་པར་སེམས་པ་དང་། སེམས་མ་འཁྲུགས་པ་དང་། ཕན་པར་སེམས་པ་དང་། སེམས་རྩེ་གཅིག་པར་གྱུར་ནས། ་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་བཟའ་བ་དང་བཅའ་བ་དང་མྱང་བར་བྱ་བ་དེ་དག་ལ་ལུས་དང་ངག་དང་སེམས་འཇོག་ཅིང་། འགྲོ་བ་དང་འོང་བར་བྱེད་པ་དེ་ནི་དེའི ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། སྦྱིན་པ་བྱིན་ནས་གང་རྩེ་གཅིག་པ་དང་། དབུགས་ཕྱིན་པར་མི་འཛིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གལ་ཏེ་སྦྱིན་པ་དེ་བྱིན་ནས་ཆོས་ཉིད ་ལ་བརྟེན་ཏེ། འདི་སུས་བྱིན། འདི་སུས་ཟོས། སུ་ལ་རྣམ་པར་སྨིན་པར་འགྱུར། ཞེས་དེས་དེ་ལྟར་བརྟགས་ན། གང་གིས་བྱིན་པ་དང་། གང་ལ་སྦྱིན་པ་དང་། གང་ལ་རྣམ ་པར་སྨིན་པར་མྱོང་བར་འགྱུར་བའི་ཆོས་གང་ཡང་མ་དམིགས་པ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་སྦྱིན་པ་སྦྱིན་པར་བྱེད་ན། ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་འདྲ་བར ་ཐབས་མཁས་ཏེ། སྦྱིན་པ་གང་གིས་སེམས་ཅན་གཞན་དག་འཁོར་བ་ཡོངས་སུ་ལེན་པར་བགྱིད་པའི་སྦྱིན་པ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། སངས་རྒྱས་ཀྱི་ཆོས ་རྣམས་ལེན་པར་བགྱིད་པ་ངོ་མཚར་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། རིགས་ཀྱི་བུ་ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་མཁས ་པ་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད། སྦྱིན་པ་མང་པོ་ཡང་དཔག་ཏུ་མེད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ལྟུང་བ་ལྕི་བ་ཡང་ཐབས་པར་སྲབ་མོར་བྱེད་དོ།། ཇི་ལྟར་སྲབ་མོར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང ་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ནམ་ཞིག་བརྒྱལ། ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ལྟུང་བ་བྱུང་ན། དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གིས་ཕུང་པོ ་འདི་དག་གིས་མྱ་ངན་ལས་འདའ་བར་བྱ་ན་ནི། དེ་ལྟར་བདག་གིས་སེམས་ཡོངས་སུ་གདུང་བ་དང་ལྡན་པར་ཡང་གྱུར་ན། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཕྱི་མའི་མཐར་ཐུག ་པར་འཁོར་བ་ན་གནས་པའི་གོ་ཆ་དེ་ལྟ་བུ་བགོས་པས། བདག་གིས་སེམས་གདུང་བར་ནི་མི་བྱའི། བྱང་ཆུབ་ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའོ།། ལྷུང ་བ་འདི་ཡང་ཆོས་བཞིན་དུ་བྱའོ། ། ལྟུང་བ་གཞན་ཡང་མ་བྱུང་བར་བྱའོ་སྙམ་དུ་སེམས་སོ།། རིགས་ཀྱི་བུ་ཡོངས་སུ་བརྟག་པ་བཟུང་ན། གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ ་བཞི་པོ་ཐམས་ཅད་འདས་པར་གྱུར་ཀྱང་། ཐབས་མཁས་པ་འདིས་སྐྱོང་བར་བྱེད་ན། བྱང་ཆུབ་སེམས་དཔའ་ལྟུང་བར་མི་འགྱུར་ངས་བཤད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྟུང་བ་དང་བཅས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་སློབ་པ་ན། བསྐལ་པ་བརྒྱ་སྟོང་དུ་ཡང་རྩ་བ་དང ་འབྲས་བུ་ཟ་བར་འགྱུར་ལ། སེམས་ཅན་ཐམས་ཅད་ཀྱིས་སྙན་པར་སྨྲས་པ་དང་། མི་སྙན་པར་སྨྲས་པ་ཡང་བཟོད་ཅིང་། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དང་ཡང་ལྡན་པར་གནས་པར་དེ་ནི།། ་བྱང་ཆུབ་སེམས་དཔའི་ལྟུང་བའི་རྩ་བ་ལྕི་བ་ཡིན་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ལྟུང་བའི་རྩ་བ་བྱུང་ན། ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི ་བསྐལ་བ་མེད་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་ལྟུང་བ་མ་མཐོལ་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་མ་བཏང་ན་སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདས ་བའི་སྐལ་བ་མེད་དོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་བསོད་སྙོམས་ཀྱི་ཕྱིར་མཐར་གྱིས་སྤྱོད་པ་ན། བྱང་ཆུབས ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཁང་པ་ཞིག་ན། བུད་མེད་དང་ཁྲི་གཅིག་ལ་ལྷན་ཅིག་མཆིས་པར་མཐོང་སྟེ། ལྟུང་བ་བྱུང་བ་མཐོང་ནམ་བཅབ་ཤིག། ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་ཟློས་ཤིག་ཅེས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཅུང་ཟད་ཀྱང་མི་མཁྱེན་པའམ། མ་གཟིགས་པ་འམ། ཐུགས ་སུ་མ་ཆུད་པ་མ་མཆིས་པས། དེའི་སླད་དུ་བདག་བཅོམ་ལྡན་འདས་ལ་གསོལ་ཞེས་ཚེ་དང་ལྡན་པ་དགའ་བོས་དེ་སྐད་ཀྱི་ཚོགས་སྨྲས་ནས། རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལ་ས་གཡོས་པར་གྱུར ་ཏོ་དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱ་བྲོ་ཤིང་རྟ་ལ་གང་ཙམ་དུ་སྟེང་གི་བར་སྣང་ལ་འདུག་ནས། ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས ་སོ། ཚེ་དང་ལྡན་པ་དགའ་བོ་དེ་ཇི་སྙམ་དུ་སེམས། ལྟུང་བ་བྱུང་བའི་ཆོས་ཅན་གྱིས་བར་སྣང་ལ་འདུག་པར་ནུས་སམ། ཡང་ཚེ་དང་ལྡན་པ་དགའ་བོ་བྱང་ཆུབ་སེམས་དཔའི་ལྟུང་བའི་ཆོས་ཇི་ལྟ་བུ་གྲགས ་ཞེས། དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་འདི་ལ་ཞུས་ཤིག། དེ་ནས་ཚེ་དང་ལྡན་པ་དགའ་བོ་ཡུལ་ཡུལ་པོར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། ལྟུང་བ་འཆགས་པ་གང་དག་བདག་གིས་སྐྱེས་བུ་བལ་གླང་ཆེན་པོ་ལྟ་བུ་ལ། ལྟུང་བ་བཙལ་བ། བཅོམ་ལྡན་འདས་ནོངས་ཏེ། ནོངས་པ་འཆགས་སོ་ཞེས་དེ་སྐད་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགའ་བོ་ཁྱོད་ཐེག་པ་ཆེན་པོ་ལ་གནས་པའི་སྐྱེས་བུ་དམ་པ་ལ་ཉེས་པར་འདུ་ཤེས་མ་སྐྱེད་ཅིག། ་དགའ་བོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་གཅིག་པུ་གཉིས་སུ་མེད་པ་ནི་ཟག་པ་ཟད་པར་བྱ་བ་ལ་བར་ཆད་མེད་པར་འདོད་པར་བྱའོ།། དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས ་མཁས་པ་ཡང་ཐམས་ཅད་མཁྱེན་པ་ལ་བར་ཆད་མེད་པར་འདོད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་དཀོན་མཆོག་གསུམ་ལ་གཞོལ་བར་རྨི ་འགྱུར་བའི་གཡོག་འཆང་བར་མི་བྱེད་དོ། ། དཀོན་མཆོག་གང་ཞེ་ན། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ།། དགའ་བོ་གང་གི་ཚེ་བྱང་ཆུབ ་སེམས་དཔའི་ཐེག་པ་ལ་གནས་པའི་རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་འདོད་པ་ལྔའི་ཡོན་ཏན་གྱིས་བརྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་མཐོང་ན། དགའ་བོ་དེའི་ཚེ། ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ། དེ་བཞིན་གཤེགས་པའི་དབང་པོ་ལྔ་དང་ལྡན་པར་ཤེས་པར་གྱིས་ཤིག། དགའ་བོ་ཁྱོད་ཡང་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་བུད་མེད་དང ་ལྡན་གཅིག་ཏུ་ཁྲི་གཅིག་ལ་འདུག་པ་དེ་ཉོན་ཅིག། དགའ་བོ་སྲིང་མོ་དེ་ནི། འདས་པའི་དུས་ན། ཚེ་རབས་ཉིས་བརྒྱར་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་ཆུང་མར་གྱུར་ཏེ། དེ་སྔོན་གྱི ་བག་ལ་ཉལ་དེ་ཉིད་ཀྱིས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་དེའི་དཔལ་དང་གཟི་བརྗིད་དང་། ཚུལ་ཁྲིམས་དང་། སྟོབས་བསྐྱེད་པ་མཐོང་ཡང་། བརྗེད་ནས ་གནས་ངན་ལེན་གྱི་ཚིག་སྨྲས་ཏེ། དེ་གཅིག་པུ་ལྐོག་ཏུ་སོང་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་བདག་དང་ལྷན་ཅིག་ཏུ་ཁྲི་གཅིག་ཏུ་འདུག་ན། བདག་གིས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་སྙམ་དུ་དེ་ལྟར་སེམས་པར་འགྱུར་རོ། ། དགའ་བོ་དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་སེམས་ཀྱིས་སྲིང་མོ་དེའི ་སེམས་ཀྱི་ཡོངས་སུ་རྟོག་པ་ཤེས་ནས། དེ་ཉིད་ཀྱི་ནུབ་མོ་འདས་པ་དང་། དེའི་ཁྱིམ་དུ་འོངས་ཏེ། གང་ནང་གི་སའི་ཁམས་དང་། གང་ཕྱིའི་སའི་ཁམས་སུ ་གཅིག་པའི་ཆོས་ཀྱི་སྒོ་ས་འདྲ་བའི་སེམས་དེས། སྲིང་མོ་དེ་ལག་པ་གཡས་པས་བཟུང་སྟེ། ཁྲི་གཅིག་ལ་འདུག་གོ།། འདུག་མ་ཐག་ཏུ་ཚིགས་སུ་བཅད་པ་འདི་སྨྲས་སོ།། སངས་རྒྱས ་འདོད་པ་བསྔགས་མི་མཛད། ། དེ་ནི་བྱིས་པའི་སྤྱོད་ཡུལ་ཏེ།། འདོད་པའི་སྲེད་པ་སྤངས་ན་ནི།། སངས་རྒྱས་མི་ཡི་མཆོག་ཏུ་འགྱུར།། དགའ་བོ་དེ་ནས་སྲིད་དེ་དགའ་ཞིང་རབ་ཏུ ་མགུ་བ་སྐྱེས་ནས། ཁྲི་དེ་ལ་ས་ལངས་ཏེ། བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་རྐང་པ་ལ་ཕྱག་འཚལ་ནས། དེའི་ཚེ་ཚོགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་ཀྱིས་ནི་གང ་སྨད་པ། འདོད་པ་སླན་ཆད་བདག་མི་འཚལ།། འདོད་པའི་སྲེད་པ་སྤངས་ན་ནི།། སངས་རྒྱས་མི་ཡི་མཆོག་ཏུ་འགྱུར།། བདག་གི་སེམས་ཀྱིས་གང་བསམས་པའི།། ནོངས་པ་དེ་ནི་ཁྱོད་ལ ་བཤགས། ། སྲོག་ཆགས་ཀུན་ལ་བདེ་བའི་ཕྱིར།། བྱང་ཆུབ་ཏུ་ནི་མོས་བསྐྱེད་དོ།། དགའ་བོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཐབས་མཁས་པ་དེས ་སྲིང་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྟབས་ནས། སྟན་ལས་ལངས་ཏེ་སོང་ངོ་།། དགའ་བོ་ལྷག་པའི་བསམ་པའི་ཁྱད་པར་ལྟོས། ངས་སྲིང་མོ་དེ་ལུང་བསྟན་ཏོ།། འདི་ནས ་ཤི་འཕོས་ནས་བུད་མེད་ཀྱི་ལུས་བརྗེས་ཏེ། བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ན། ཀུན་ནས་ལྡང་བ་དང་བྲལ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར། ་རྫོག་བཱི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དཀའ་བོ་ཁྱོད་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་ནི་གང་ལྟུང་བའི་ཆོས་ཅན་དུ་འགྱུར་བའི་གཡོག་མི་འཆང་བར་རིག་པར་བྱའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ནབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པར་བགྱིའོ།། བཅོམ་ལྡན་འདས་འདི་ལ་བདག་འདི་སྙམ་དུ་བགྱིད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས ་ཅན་གཅིག་གི་དགེ་བའི་རྩ་བ་སྐྱེ་བར་འགྱུར་ན། ལྟུང་བ་དེ་འདྲ་བར་འབྱུང་ཞིང་ཇི་ལྟ་བུའི་ལྟུང་བ་བྱུང་བས་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་གཙོ་བར་གྱུར་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་ལྟུང་བ་འབྱུང་བ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བ་ཉིད་དོ་བགྱིའོ།། སེམས་ཅན་གཅིག་པོའི་དགེ་བའི་རྩ་བ་ཡོངས་སུ་གཏོང་བ་དང་ཡོངས་སུ་འབྲི་བར་ནི་མི་བགྱིའོ།། ་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ།། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དག་ནི་སྙིང་རྗེ་ཆེན་པོ་འདྲི ་ལྟུང་བ་ཐམས་ཅད་སྤོང་སྟེ། རིགས་ཀྱི་བུ་ངས་མངོན་པར་ཤེས་པ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་གྱི་ཡང་ཤིན་ཏུ་ཕ་རོལ་ན། ཁྱེའུ་སྐར་མ་ཞེས་བྱ་བ་ཞིག་ཡོད་དེ།། ་ནགས་ཀྱི་འདབ་ན་ལོ་བཞི་ཁྲིཉིས་སྟོང་དུ་ཚུངས་པར་སྤྱོད་པ་སྤྱད་ནས། དེ་ལོ་བཞི་ཁྲི་ཉིས་སྟོང་འདས་པ་དང་། རྒྱལ་པོའི་ཕོ་བྲང་འབྱོར་པ་ཞེས་བྱ་བར་ཕྱིན་ནས། དེ་གྲོང་ཁྱེར་ཆེན་པོ་དེར་སོང་བ ་དང་ཆུ་ཆུན་མ་ཞིག་གིས་ཁྱེའུ་བཟང་པོ་དེ་མཐོང་ནས། འདོད་པའི་འདོད་ཆགས་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པས། ཁྱེའུ་དེའི་མདུན་དུ་བརྒྱུགས་ཏེ་ཕྱག་འཚལ་ཏོ།། ་དེ་ནས་རིགས་ཀྱི་བུ་ཁྱེའུ་སྐར་མས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཁྱོད་ཅི་འདོད། མོས་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེའུ་བདག་ཁྱོད་འཚལ་ལོ།། ཁོས་དེ་ལ་འདི་སྐད ་ཅེས་སྨྲས་སོ། ། སྲིང་མོ་ཁོ་བོ་ནི་འདོད་པ་དགོས་པ་མ་ཡིན་ནོ།། མོས་དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཁྱོད་དང་མཇལ་བར་མི་འགྱུར་ན་བདག་འགུམ་པར་འགྱུར་རོ།། དེ་ནས་ཁྱེའུ ་སྐར་མས་འདི་སྙམ་དུ་བསམ་སོ། ། གང་བདག་གིས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས། བརྟུལ་ཤུགས་གཞིག་པ་ནི་བདག་གིས་མི་ཆའོ་སྙམ་ནས། ནན་གྱིས་ཐེན་ཏེ་བུད ་མེད་དེས་བཏང་ནས། གོམ་པ་བདུན་འཕགས་པ་དང་། དེ་གོམ་པ་བདུན་ལགམས་ནས་སྙིང་རྗེ་སྐྱེས་ཏེ། བདག་གིས་བརྟུལ་ཤུགས་འདི་བཤིག་ནས། སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱི། བུད་མེད་འདི་ཤིར་འོང་གིས་བདེ་བར་གྱུར་ཅིག། རིག་ཀྱི་བུ་ཁྱེའུ་སྐར་མ་དེ་སླར་ལོག་སྟེ། བུད་མེད་དེ་ལ་ལག་པ་གཡས་པས་བཟུང་། ་ནསསྲིང་མོ་ཁྱེད་ཅི་འདོད་པ་ལོངས་ཤིག། ཅེས་སྨྲས་སོ།། དེ་ནས་ཁྱེའུ་སྐར་མ་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་ན་གནས་ནས་སླར་ཡང་མངོན་པར་བྱུང་སྟེ། ཚངས་པའི ་གནས་བཞི་བསྐྱེད་ནས། ཤི་འཕོས་པ་དང་། ཚངས་པའི་འཇིག་རྟེན་དུ་སྐྱེས་སོ།། རིགས་ཀྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན། ཁྱེའུ་སྐར་མ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་མ་ལྟ་ཞིག། དེ་ཅིའི ་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ནི་ཁྱེའུ་སྐར་མར་གྱུར་ཏོ།། གྲགས་འཛིན་མ་ནི་ཆུ་ཆུན་མར་གྱུར་ཏོ།། རིགས་ཀྱི་བུ་ང་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཀྱང་། བསྐལ ་པ་སྟོང་ཕྲག་བཅུའི་བར་དུ་འཁོར་བ་རྒྱབ་ཀྱིས་ལྟས་ཤིང་སྤངས་པར་གྱུར་ཏོ། ། རིགས་ཀྱི་བ་ལྟོས་གང་སེམས་ཅན་གཞན་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དེ། བྱང་ཆུབ་སེམས་དཔའ་ཐབས ་མཁས་པ་ནི། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་གལ་ཏེ་དགེ་སློང་མོའུ་འགལ་གྱི་བུ་དང་། ཤཱ་རིའི་བུ་ཐབས་མཁས་པ་དང་ལྡན་དུ་ཟིན་ན་ནི། དགེ་སློང་ཀོ་ཀ་ལི་ཀ་དེ་སེམས ་ཅན་དམྱལ་བར་འགྲོ་བར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ངས་མངོན་པར་ཤེས་པ་འདས་པའི་དུས་ན། དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱི་གསུང་རབ་ལ་དགེ་སློང་དྲི་མ་མེད་པ་ཞེས ་བྱ་བ་ཞིག་བྱུང་ཏེ། དེ་དཀོན་པའི་བྲག་ཕྲག་གཅིག་ན་གནས་པ་ནས། རྒྱུང་མི་རིང་བ་ཞིག་ན་དྲང་སྲོང་ལྔ་གནས་པ་ལས། དེའི་ཚེ་དུས་མ་ཡིན་པའི་སྤྲིན་ཆེན་པོ་བྱུང་། དུས་མ་ཡིན ་པའི་ཆར་པ་ཡང་ཆེར་བབ་པ་དང་། དེ་ནས་བུད་མེད་གཉིས་ཤིག་ཆར་པའི་སྐྱབས་ཀྱི་ཕྱིར་དགེ་སློང་དྲི་མ་མེད་པའི་བྲག་ཕུག་ཏུ་ཞུགས་ཏེ། སླར་བྱུང་བ་དང་དྲང་སྲོང་རྣམས་ཀྱིས་མཐོང་ནས། ཨེ་མའོ།། ་དགེ་སློང་དྲི་མ་མེད་པ་འདི་སྡིག་འདོད་པའོ།། ཚངས་པར་སྤྱོད་པ་མ་ཡིན་པའོ།། ཞེས་ཡིད་བྱུང་བར་གྱུར་ཏོ།། དེ་ནས་དགེ་སློང་དྲི་མ་མེད་པའི་སེམས་ཀྱིས། དྲང་སྲོང་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག། ་པ་ཤེས་ནས། དེའི་ཚེ་ནམ་མཁའ་ལ་ཤིང་རྟ་ལ་བདུན་ཙམ་དུ་འཕགས་སོ།། དེ་ནས་དྲང་སྲོང་དེ་དག་གིས་དགེ་སློང་དྲི་མ་མེད་པ་བར་སྣང་གི་ནམ་མཁའ་ལ་འདུག་པ་མཐོང་ནས། བདག་ཅག་གི ་གཙུག་ལག་ལས་འབྱུང་བ་ལྟར་ན། ཚངས་པར་སྤྱོད་པ་མ་ཡིན་པར་ནམ་མཁའ་ལ་འཕགས་མི་ནུས་སོ་སྙམ་དུ་སེམས་པར་གྱུར་ནས། དེའི་ཚེ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཉེས་པ་བཤགས་སོ།། ་རིགས་ཀྱི་བུ་གལ་ཏེ་དགེ་སློང་དྲི་མ་མེད་པ་ནམ་མཁའ་ལམ་འཕགས་སུ་ཟིན་ན། དེའི་ཚེ་དྲང་སྲོང་ལྔའི་ལུས་སེམས་ཅན་དམྱལ་བར་ཆེན་པོར་ལྟུང་བར་འགྱུར་རོ།། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས ་དེའི་ཚེ་དེའི་དུས་ན། དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་དེ་གཞན་དུ་གྱུར་པ་སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཞིག། བྱང་ཆུབ་སེམས་དཔའ་བྱམས་པ་དེའི་ཚེ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བར་གྱུར་ཏོ།། རིགས་ཀྱི ་བུ་གལ་ཏེ་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ནམ་མཁའ་ལ་འཕགས་སུ་ཟིན་ན་ནི། དགེ་སློང་ཀོ་ཀ་ལི་ཀ་སེམས་ཅན་དམྱལ་བར་འགྲོ་བར་མྱི་འགྱུར་རོ།། རིགས་ཀྱི་བུ་རྣམ་གྲངས་དེས་ན། ་བྱང་ཆུབ་སེམས་དཔའ་ཐབས་མཁས་པའི་ཡེ་ཤེས་གང་དུ་འཇུག་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། སྨད་འཚོང ་མ་ཐབས་དྲུག་ཅུ་རྩ་བཞི་དང་ལྡན་པའི་ཤིན་ཏུ་ལོབས་པ་ནོར་འདོད་པ་ནི། སྐྱེས་བུ་དེ་ལས་ནོར་མ་གྲུབ་ཀྱི་བར་དུ་སེམས་ཅན་དེ་དག་གི་དྲུང་ན། ཅི་ནས་ཀྱང་བདག་གིས་ལུས་གཏོང་བ་ཡང་སྟོན་པ་དང་། ་ཡོ་བྱད་ཐམས་ཅད་ཀྱང་མི་སྦེད་པར་དེ་ལྟ་དེ་ལྟར་གནས་སོ།། དེ་ནས་ཕྱིས་དེ་ལ་མི་ལྟ་མི་སེམས་པར་འདོར་ཏེ། དེའི་ཕྱིར་དེ་ལ་འགྱོད་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས ་མཁས་པ་ཡང་ཐབས་མཁས་པ་གང་གིས་སེམས་ཅན་འདི་དག་བདག་གིས་ཡོངས་སུ་སྨིན་པར་བྱ་བར་ཤེས་ན། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ལ་དགའ་བས་ཅུང་ཟད་ཀྱང་མི་སྦེད་ཅིང་བདག་གི་ལུས ་གཏོང་བར་བྱེད་པ་སྟོན་པའི་བར་དུ་སེམས་ཅན་དག་གི་དྲུང་ན་དེ་ལྟ་དེ་ལྟར་གནས་ཏེ། ནམ་ཞིག་ཨེ་མའོ་སེམས་ཅན་འདི་དག་དགེ་བའི་རྩ་བ་སྐྱེད་པ་ཡིན་ཏེ། ཕྱིན་ཆད་དེ་ལས་ལྷག་པར་གཞག་ཏུ་མི་ནུས་པར་ཤེས ་ནས་ནི། དེ་ལ་མི་ལྟ་ཞིང་དགའ་བ་དང་རྩེ་བ་ཐམས་ཅད་ཀྱང་བཏང་སྟེ་འགྲོའོ།། དེ་ལ་རག་ལུས་པའི་སེམས་ཀྱང་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། བྱོལ་སོང་དུ་གཏོགས་པའི་སྲོག་ཆགས་ཀྱི ་རྣམ་པ་བུང་བ་ཞེས་བྱ་བ་དེ་མེ་ཏོག་ཐམས་ཅད་ཀྱི་དྲི་ལ་སྣོམ་ཡང་གང་དུ་ཡང་རྟག་པར་སྲེད་པ་མི་སྒོམ་མོ། ། དྲི་དང་ལོ་མ་ཡང་མི་འཕྲོག་གོ།། དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེཾས་དཔའ ་ཡང་འདོད་པའི་དགའ་བ་དང་། རྩེ་བ་ཐམས་ཅད་ཀྱང་སྤྱོད་ཀྱང་གང་དུ་ཡང་རྟག་པར་སྲེད་པ་མི་སྐྱེ། བདག་དང་གཞན་ཉམས་པར་ཡང་མི་བྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ས་བོན་ཡོངས་སུ་གདུངས་པ་ནི་ཁ ་དོག་ཉམས་པ་མེད་ཀྱང་ལྡང་བུ་འབྱུང་བར་མི་ནུས་སོ། ། རིགས་ཀྱི་བུ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཤེས་རབ་ཡོངས་སུ་བསྒོམས་པའི་ཉོན་མོངས་པ་ནི་དགའ་བ་དང་། ་རྩེ་བ་ཐམས་ཅད་ལ་སྤོད་ཀྱང་དེ་ལྟུང་བར་འགྲོ་བ་ཡོངས་སུ་མི་ལེན། སངས་རྒྱས་ཀྱི་ཡོན་ཏན་ལས་ཀྱང་ཡོངས་སུ་མི་ཉམས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉ་པ་ཤིན་ཏུ་བསླབས་པ་ནི། སྐུད་པ ་གཅིག་ལ་གཟན་མ་བཏགས་པའི་མཆིལ་པ་སྦྱར་ནས་མཚོ་ཆེན་པོར་བཅུག་སྟེ། དེ་གང་དང་གང་གི་ཚེ་ན་འདོད་པ་དེ་དང་དེའི་ཚེ། སྐུད་པ་དེ་མཚོ་ཆེན་པོ་ནས་འདྲེན་ནོ།། རིགས་ཀྱི་བུ་དེ་བཞིན་དུ་ཐབས་མཁས ་པའི་བྱང་ཆུབ་སེམས་དཔའ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་བསྒོམས་པའི་སེམས། ཐམས་ཅད་མཁྱེན་པ་ཉིད་ལ་བརྟན་པོར་འབྲེལ་ནས། འདོམ་རྫབ་ཆེན ་པོར་ལྟུང་ཞིང་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་བསྲུངས་པས། གང་དང་གང་གི་ཚེ་འདོད་པ་དེ་དང་དེའི་ཚེ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྔགས ་ཀྱི་རིགས་འཛིན་གྱི་སྐྱེས་བུ་རྒྱལ་པོས་བཟུང་སྟེ། ཞགས་པ་ལྔ་ཡིས་བཅིང་བས་བཅིངས་སུ་ཟིན་ཀྱང་། དེ་གང་གི་ཚེ་འགྲོ་བར་འདོད་པ་དེ་སྔགས་ཀྱི་རིག་པའི་སྟོབས་བསྐྱེད་པ་གཅིག་གིས་བཅིངས་པ་ཐམས ་ཅད་གཏུགས་ཏེ་འགྲོའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡང་གང་གི་ཚེ། འདོད་པའི་ཡོན་ཏན་ལྔས་དགའ་བ་མྱོང་ཞིང་དེ་དག་གིས་རྒྱས་པར་གྱུར་ཀྱང་། གང་གི་ཚེ་འདོད་པར ་གྱུར་པ་དེའི་ཚེ། ཤེས་རབ་ཀྱི་རིག་པའི་སྟོབས་བསྐྱེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན་ཐམས་ཅད་རབ་ཏུ་བཅོམ་སྟེ། ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ ་སྐྱེའོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། མངའ་དང་། མཚོན་གྱི་སློབ་དཔོན་རལ་གྲི་རྣོན་པོ་གཅིག་མི་མངོན་པར་ཐོགས་ནས་འགྲོན་པོ་མང་པོའི་བསེལ་བྱེད་ན། དེ་ལ ་སེམས་ཅན་གང་མི་ཤེས་པ་དེ་དག་ནི་མངའ་དང་། མཚོན་གྱི་སློབ་དཔོན་དེ་ལ་མི་འདི་ནི་མདའ་གཞུ་ཡང་མེད། མཚོན་ཆ་གཞན་ཡང་མེད་གཡོག་ཀྱང་མེད་དེ། འདི་ནི་བདག་གི་སྐྱབས་ཀྱང་མི་ནུས་ན ་མགྲོན་པོའི་ལྟ་ཅི་སྨོས་མི་རྒོད་ལས་རྒྱལ་བར་ལྟག་ལ་ནུས་ཏེ། འདི་ནི་དེ་དག་ཏུ་མི་རིགས་པར་སྡུག་བསྔལ་བར་འགྱུར་རོ་ཞེས་སྙིང་རྗེ་བསྒོམ་མོ།། དེ་ནས་མདའ་དང་མཚོན་གྱི་སློབ ་དཔོན་དེ་འབྲོག་དགོན་པའི་དབུས་སུ་ཕྱིན་ཏེ། མེ་རྒོད་མང་པོ་བྱུང་བ་དང་། མཚོན་གྱི་ཕྱིར་གོ་ཆ་ལེགས་པར་བགོས་ནས། མཚོན་ཆ་དེ་ལ་ཡོངས་སུ་བརྟགས་ཏེ། མི་རྒོད་དེ་དག་ལ་འདེབས ་སོ། ། དེས་མི་རྒོད་དེ་དག་ཐམས་ཅད་སྲོག་དང་ཕྲལ་ཏེ་སླར་ཡང་མཚོན་ཆ་དེ་ལག་པར་འཇོག་གོ།། དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཤིན་ཏུ་ཐོགས་ནས། ཐབས་མཁས་པས་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་། ཡོངས་སུ་སྤྱོད་དེ། དེ་ལ་གང་དག་དེའི་ལུས་ཀྱི་དབང་པོ་མཐོང་ན། ་དེ་དག་མ་དད་པར་བྱེད་ཅིང་འདི་ནི་འདི་ལྟར་བག་མེད་པར་གནས་ཏེ། འདི་ནི་བདག་ཐར་པར་ཡང་མི་ནུས་ན་སེམས་ཅན་གཞན་ལྟ་ཅི་སྨོས། བདུད་ལས་རྒྱལ་བ་ལྟ་ག་ལ་འགྱུར་ཞེས་སྙིང་རྗེ་བསྐྱེད ་པར་བྱེད་མོད་ཀྱི། བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པ་ཤིན་ཏུ་ཡོངས་སུ་བླངས་པས་ནམ་འདོད་པ་དེའི་ཚེ། དེས་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དྲ་བ་དྲལ་ནས། སངས་རྒྱས་ཀྱི ་ཞིང་ཡོངས་སུ་དག་པ་བུད་མེད་མེད་པ་གཡེམ་པ་མེད་པ་གཞན་དུ་འགྲོའོ། ། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ཞེས་བྱ་བ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར ་སོ་། དེ་བསོད་སྙོམས་སྤྱོད་པ་ལས་ཁྱིམ་བདག་གཅིག་གི་ཁྱིམ་དུ་ཕྱིན་པ་དང་། དེ་ན་བུ་མོ་བསོད་ནམས་ལྡན་མཆོག་ཅེས་བྱ་བ་ཁང་ཐོག་ན་འདུག་པས། དགེ་སློང་གི་སྒྲ་ཐོས་ནས་ཟས་བླངས་ཏེ ་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ག་ལ་བ་དེར་སོང་ངོ་། ། དེ་ནས་བུ་མོ་བསོད་ནམས་ལྡན་མཆོག་གིས་མཐོང་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པའི་སྐད་དང་བལྟས་པ་ལས ་རྗེས་སུ་རྟོག་པའི་མཚན་མ་གཟུང་ནས། འདོད་ཆགས་ཀྱིས་ཡོངས་སུ་བཟུང་བའི་སེམས་ཀྱིས་འདོད་ཆགས་ཀྱིས་ཡོངས་སུ་གདུང་ཞིང་འགྲེང་བཞིན་དུ་ལུས་ཐམས་ཅད་ཀྱང་རྡུལ་ནས་འཆི་བའི་དུས་བྱས་ནས།། ་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པས། བུ་མོ་བསོད་ནམས་ལྡན་མཆོག་མཐོང་སྟེ། འདོད་ཆགས་ཀྱི་སེམས་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་བྱུང་བ་དང་། དེའི་ཚེ་དེ ་ལ་ཆགས་པ་ཞེས་བྱ་བའི་ཆོས་དེ་གང་ཡིན་ཞེས་དྲན་པ་སྐྱེས་ནས་ཅི་མིག་དེ་ཆགས་པ་འམ་ཞེ་ན། མིག་ཀྱང་ཚོར་བ་མེད་པ། བྱེད་པ་མེད་པ། འདུས་བྱས་པ། ཤའི་ཕུང་པོ་སྟེ། རང་བཞིན ་གྱིས་སྟོང་པའི་ཕྱིར་ཚོར་བ་མེད་དོ། ། འོ་ན་རྣ་བ་དང་སྣ་དང་ལྕེ་དང་ཡིད་ཆགས་པ་འམ་ཞེ་ན། དེས་ནང་ན་ཡང་རུང་ཕྱི་ཡང་རུང་། འདོད་ཆགས་པར་འགྱུར་བ་འམ། ཞེ་སྡང་བར་འགྱུར་བའི་ཆོས་དེ་གང ་ཡང་མ་དམིགས་སོ། ། དེས་མ་དམིགས་ནས་འདོད་ཆགས་ཀྱི་སེམས་དེ་བསལ་ཏེ། དེའི་ལུས་ལྤགས་པ་དང་། ཤས་གཡོགས་པའི་རྐང་པའི་མཐིལ་ཡན་ཆད་སྤྱི་བོའི་བར་དུ་བརྟགས་སོ།། དེས་ཡང ་དག་པ་ཇི་ལྟ་བར་བརྟགས་ནས། ། ཆོས་ཐམས་ཅད་མི་སྐྱེ་བར་རྟོགས་ཏེ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། དེ་དགའ་བ་དང་། རབ་ཏུ་མགུ་བ་དེ་ཉིད་ཀྱིས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་གང་ཙམ་དུ ་འཕགས་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ལན་བདུན་དུ་བསྐོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་བར་སྣང ་ལས་ངང་པའི་རྒྱལ་པོ་བཞིན་དུ་ཐོགས་པ་མེད་པར་འོང་བ་གཟིགས་སོ། ། གཟིགས་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་ཏོ།། དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དགའ་བར་བྱེད་པ་བར་སྣང་ལས་འོང་བ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་བྱང་ཆུབ་སེམས་དཔའ་དགའ་བར ་བྱེད་པ་དེས་ནི། འདོད་ཆགས་ཀྱི་སེམས་ལས་ཆོས་ཐམས་ཅད་ཡོངས་སུ་བརྟགས་ཡོངས་སུ་རྟོགས་སོ།། བདུད་ཀྱི་སྡེ་འདུལ་ལོ།། ཆོས་ཀྱི་འཁོར་ལོ་བསྐོར་རོ།། དེ་ནས་བུ་མོ་བསོ་ནམས་ལྡན ་མཆོག་ཤི་མ་ཐག་ཏུ་བུད་མེད་ཀྱི་ལུས་ལས་བསྒྱུར་ཏེ། ཤི་འཕོས་པ་དང་མཐོ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་བསྐལ་བ་མཉམ་པར་སྐྱེས་སོ།། དེ་སྐྱེས་མ ་ཐག་ཏུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དཔག་ཚད་བཅུ་གཉིས་པ་ཡང་བྱུང་། གཡོག་བྱ་བའི་ཕྱིར་ལྷའི་བུ་མོ་ཁྲི་བཞི་སྟོང་ཡང་བསྐྱེད་ནས། དེའི་ཚེ་དགེ་བའི་རྩ་བ་གང་གིས་འདིར ་སྐྱེས་པར་གྱུར་ཅེས་ཤེས་པ་སྐྱེས་ཏེ། དེས་བསམས་པ་དང་འདི་སྙམ་དུ་གྱུར་ཏེ། བདག་ནི་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ན། ཁྱིམ་བདག་གི་བུ་མོར་གྱུར་པ་ལས། དེ་ནས་བདག་གིས་འདོད ་ཆགས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་མཐོང་ནས། བདག་གིས་སེམས་འདོད་ཆགས་ཀྱིས་ཀུན་ཏུ་ཟིན་ཏེ། འཆི་བའི་དུས་བྱས་པ་དང་། བདག་བུད་མེད་ཀྱི་ལུས་ལས ་བྷྱར། བདག་གིས་སྐྱེས་པའི་ལུས་ཐོབ་ནས། བདག་གིས་རྫུ་འཕྲུལ་དཔག་ཏུ་མེད་པ་འདི་དག་ཐབ་ཟ་སྙམ་མོ།། དེ་ནྱ་མྱུ་བུ་དེའང་སྙམ་དུ་སེམས་ཏེ། འདོད་ཆགས་ཨུ0f7f། ་ཀྱི་རྣམ་པར་སྨིན་པ་ཡང་འདི་ཡིན་ན། གང་བདག་གིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ལ་ཕྱག་བྱ་བ་འམ། བསྙེན་བཀུར་བྱ་བ་ལྟ་ཅི་སྨོས་ཀྱིས། གང་བདག་རྩེ་བ་འམ། དགའ་བར་བྱེད་པ་དེ ་རིགས་པར་འགྱུར་བ་མ་ཡིན་གྱི། དེ་ལྟར་བདག་བཅོམ་ལྡན་འདས་ག་ལ་བ་དང་དགའ་བར་བྱེད་པ་ག་ལ་བ་དེར་འགྲོའོ་སྙམ་མོ།། དེ་ནས་ལྷའི་བུ་དེ་འཁོར་དང་བཅས་ཏེ། མེ་ཏོག་དང་དྲི་དང ་ཕྲེང་བ་དང་། བྱུགས་པ་རྣམས་ཐོགས་ནས། ཁ་དོག་ཚད་མེད་པས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། མེ་ཏོག་དང་ཕྲེང་བ་དང་། བྱུག་པ་དེ་དག་གིས། བཅོམ་ལྡན་འདས་ལ་མཆོད་ནས ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས ་རྒྱས་མི་མཆོག་རྣམས་ནི་བསམ་མི་ཁྱབ། ། བྱང་ཆུབ་རབ་མཆོག་གནས་རྣམས་བསམ་མི་ཁྱབ།། དེ་བཞིན་གཤེགས་པའི་ཆོས་རྣམས་བསམ་མི་ཁྱབ།། གྲགས་པ་རྣམས་ཀྱི་སྤྱོད་པ་བསམ་མི་ཁྱབ ་བདག་ནི་མཉན་དུ་ཡོད་པར་བུ་མོར་གྱུར། ། ཚོང་དཔོན་བུ་མོ་མིང་ནི་བསོད་ནམས་མཆོག། བཟང་མོ་ན་ཚོད་དང་མོ་དང་ཡང་ལྡན།། ཕ་དང་མ་ཡང་བྱམས་ཤིང་ཡིད་དུ་མཆི།། གང་ཡང་སངས ་རྒྱས་མ་སྨད་པ་ཡི་སྲས། ། དགའ་བར་བྱེད་ཅེས་བགྱི་བ་མཐུ་བོ་ཆེ།། མཉན་དུ་ཡོད་པར་བསོད་སྙོམས་ཕྱིར་མཆིས་པ།། བདག་གི་ཕ་ཡི་ཁང་པར་ཕྱིན་པ་དང་།། ཡིད་དུ་མཆི་ཞིང་།། ་སྙན་པའི་སྒྲ་ཐོས་ཏེ།། བདག་ནི་རབ་ཏུ་དགའ་བས་བཤོས་ཐོགས་ནས།། དེ་བཞིན་གཤེགས་པའི་སྲས་པོ་དགའ་བྱེད་པ།། མཐུ་བོ་ཆེ་དགག་ན་བར་མཆིས་ནས། མཐོང་མ་ཐག་ཏུ ་བདག་གིས་སེམས་སྐྱེས་པ། ། ཚུལ་བཞིན་མ་ལགས་འདོད་ཆགས་ལྡན་པར་གྱུར།། གལ་ཏེ་བསམ་པ་བཞིན་དུ་མ་གྲུབ་ན།། བདག་ནི་མི་འཚོ་འཆི་བའི་དུས་བགྱི་སྙམ།། ཚིག་ཀྱང་སྨྲ་བ་ཉིད་དུ་མ ་ནུས་ཏེ། བསོད་སྙོམས་དེ་ཡང་དབུལ་བར་མ་ནུས་ནས།། ཚུལ་བཞིན་མ་ལགས་འདོད་ཆགས་ཀྱིས་གདུངས་ཏེ།། དེ་ཉིད་དག་ཏུ་རྡུལ་ནས་གུམ་པར་གྱུར།། ལུས་ཀུན་རྡུལ་ཤིང་ཤི་བར་ཤེས་གྱུར ་ནས། བུ་མོའི་ཕ་དང་མ་ནི་ངུ་བར་བགྱིད།། རོ་ལགས་པར་ནི་རབ་ཏུ་གནས་པར་སེམས།། གང་ཕྱིར་དགེ་སྦྱོང་ལ་ཡང་ཚིག་གཅིག་དུ།། བཅོམ་ལྡན་བདག་ནི་འཆི་འཕོ་གྱུར་མ་ཐག། དེ་ཚེ་བདག་ནི་བུད ་མེད་ལུས་བོར་ཏེ། ། འོད་གསལ་སྐྱེས་པའི་ལུས་འདི་ཐོབ་པར་གྱུར།། གུམ་ནས་བདག་ཀྱང་མཐོ་རིས་འཇིག་རྟེན་སྐྱེས།། བདག་གི་གཞལ་མེད་ཁང་འདི་མཆོག་གྲུབ་པ།། རིན་ཆེན་རྒྱུ་སྟེ་དེ་འདྲ ་སུ་ལང་མེད། ། ལྷ་ཡི་བུ་མོ་སྟོང་ཕྲག་བཅུ་བཞི་འདི།། བདག་གི་གཡོག་ཏུ་ཐོབ་པོ་བཅོམ་ལྡན་འདས།། དེ་ཚེ་བདག་ཀྱང་དེ་འདྲའི་སེམས་སྐྱེས་ཏེ།། འདི་འདྲ་རྣམ་སྨིན་བཟང་པོ་ལས་དག་གིས།། ་དེ་ལྟར་བསམས་ནས་འདི་སྙམ་དུ་གྱུར་ཏེ།། འདི་ནི་འདོད་ཆགས་སེམས་ཀྱིས་རྣམ་སྨིན་ནོ།། དགའ་བྱེད་མགུ་བྱེད་མཁས་པ་འོད་བྱེད་ལ།། བདག་གི་ཆགས་པའི་སེམས་ཀྱིས་བརྟགས་པ་དང་། ་དེ་ཡི་ལས་ཀྱི་རྣམ་སྨིན་འདི་འདྲ་སྟེ།། དེ་ཚེ་བདག་ནི་འབར་བའི་མཐུ་ཅན་གྱུར།། བདེ་བར་གཤེགས་པའི་ཡེ་ཤེས་གར་འཇུག་པ།། དེར་ནི་ཉན་ཐོས་དག་དང་རང་སངས་རྒྱས།། དེར་དག་སར་ནི ་གཞར་ཡང་མི་འགྱུར་ཏེ། ། འདོད་ཆགས་སེམས་ཀྱིས་འབྲས་བུ་འདི་འདྲ་ན།། བདག་གིས་བཀུར་སྟི་བགྱི་བ་ཅི་སྨོས་ཏེ།། བདག་གིས་རྒྱལ་བ་འདི་ཡིས་སྤྱན་སྔར་ནི།། སངས་རྒྱས་ཡེ་ཤེས་བྱང་ཆུབ་མཆོག ་ཐོབ་སྨན། ། བསྐལ་པ་གངྒཱའི་བྱེ་མ་སྙེད་དུ་སྤྱད།། བདག་གི་ཡི་དམ་བཏང་བར་མི་བགྱི་ཞིང་།། དགེ་བའི་བཤེས་གཉེན་དགའ་བར་བྱེད་པ་ལ།། མཆོད་པ་ཡངས་ཤིང་རྒྱ་ཆེན་དག་ཀྱང་བགྱིད།། ་མངོན་པར་བྱང་ཆུབ་ཕྱིར་ཞུགས་མ་གཏོགས་པར།། གཞན་དུ་འདྲེན་པ་རྣམས་ལ་མཆོད་མི་འགྱུར།། བྱང་ཆུབ་སྤྱོད་པ་དམ་པ་ཀུན་སྤྱོད་བཅིང་།། འདོད་ཆགས་སེམས་ཀྱིས་བདག་ལ་གང་བལྟ་ག། ་དེ་དག་བུད་མེད་ལུས་ནི་སྤངས་གྱུར་ནས།། ཐམས་ཅད་མི་འཇིགས་སྐྱེས་བུར་འགྱུར་བར་ཤོག། སངས་རྒྱས་མཐུས་ནི་ལྷའི་ཡི་བུ་ཕོ་དེས།། ཕ་མའི་དྲུང་དུ་སོང་སྟེ་ཚིག་སྨྲས་པ།། དགེ ་སྐྱོང་ལ་ནི་ཞེ་སྡང་ཁྲོ་མ་བྱེད། ། ཡུན་རིངས་དུས་སུ་སྡུག་བསྔལ་གྱུར་ཏ་རེ།། གང་ཡང་བསོད་ནམས་ལྡན་མཆོག་ཤི་བ་དེ།། སུམ་ཅུ་རྩ་གསུམ་པ་དང་སྐལ་བ་མཉམ།། འདིར་ནི་བུད་མེད ་@#། ལུས་ཀྱང་བརྗེས་གྱུར་ནས།། འོད་གས་པ་ལྷ་ཡི་བུ་མོ་མཛེས་པར་གྱུར།། བདེ་བར་གཤེགས་པ་དེ་ཡི་གནས་སོང་སྟེ།། ཁྲོ་སེམས་ཉེས་པ་དེ་ནི་བཤགས་པར་གྱིས།། སས ་རྒྱས་དེ་བཞིན་གཤེགས་པ་མ་གཏོགས་པར། ། སེམས་ཅན་དག་གིས་མགོན་སྐྱབས་གཞན་མེད་དོ།། འཇིགས་པ་མེད་པ་དེས་ནི་བསྐུལ་བ་དང་།། པ་དང་མས་ཀྱང་སངས་རྒྱས་སྒྲ་ཐོས་ནས།། ་ཐམས་ཅད་ཚོགས་ཏེ་ལྷན་ཅིག་འགྲོགས་གྱུར་ནས།། ཤཱཀྱ་ཐུབ་པའི་དྲུང་དུ་སོང་བར་གྱུར།། སྐྱེས་བུ་དམ་པའི་ཞབས་ལ་ཕྱག་བཙལ་ཏེ།། ཁྲོ་སེམས་ཉེས་པ་དག་ཀྱང་བཤགས་བྱས་ནས།། དེ་བཞིན ་གཤེགས་པ་ལ་ཡང་སྐྱབས་སོང་སྟེ། ། བདེ་གཤེགས་རང་བྱུང་ལ་ཡང་ཞུ་བ་ཞུས།། ཅི་ཛམ་གྱིས་ན་འདྲེན་ལ་མཆོད་པར་འགྱུར།། ཆོས་དང་དགེ་འདུན་ལ་ཡང་ཇི་ལྟར་མཆོད།། ཞུས་པ་དེ་ཡང་སོ་སོར་ལུང ་བསྟན་གསོལ། ། ཐོས་ནས་དེ་བཞིན་ལགས་ཀྱིས་མཆི་བར་བགྱི།། རྒྱལ་བས་དེ་དག་གི་ནི་སེམས་མཁྱེན་ནས།། འཇིགས་རྟེན་མགོན་གྱིས་ཡང་དག་ཚིག་གསུངས་པ།། གང་ཞིག་སངས་རྒྱས་ཀུན་ལ ་མཆོད་འདོད་པ། ། བྱང་ཆུབ་ཕྱིར་ནི་བསྟན་པའི་སེམས་སྐྱེད་ཅིག། བུ་མོའི་ཕ་དང་མ་དང་གཉེན་པ་རྣམས།། ལྔ་བརྐྱར་མི་ཉུང་ཚང་པ་དེ་དག་ཀྱང་།། སྐྱེས་བུ་ཁྱུ་མཆོག་གི་ནི་ཚིག་ཐོས་ནས།། དེའི་ཚེ ་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་དོ། ། དེའི་ཚེ་དགའ་བོ་དག་ལ་བཀའ་སྩལ་པ།། ཇི་སྐད་སྨྲས་པ་བཞིན་དུ་དགའ་བོ་ཉོན།། བྱང་ཆུབ་སེམས་དཔའི་བསམ་སྤྱོད་བསམ་མི་ཁྱབ།། ཐབས་ལ་མཁས ་པའི་ཤེས་རབ་དེ་བཞིན་ནོ། ། དགའ་བྱེད་སྨོན་ལམ་ཕྱི་ཕྱིར་འདེབས་པ་ནི།། བུད་མེད་གང་དག་ཆགས་སེམས་ཀྱིས་བལྟ་བ།། དེ་ནི་བུད་མེད་ལུས་ཀྱང་ཡོངས་སྤངས་ཏེ།། སྐྱེས་བུ་ཡངས ་པའི་སེམས་ཅན་འགྱུར་བར་ཤོག། དགའ་བོ་འདི་ཡི་ཡོན་ཏན་ཅི་འདྲ་ལྟོས།། གང་གིས་སེམས་ཅན་གཞན་དག་དམྱལ་འགྲོ་བ།། དེ་ཉིད་དགའ་བོ་དག་ལ་ཆགས་བསྐྱེད་ནས།། མཐོ་རས ་སུ་ནི་སྐྱེས་བུར་འགྱུར་བར་ཤོག། ལྷ་ཡི་བུ་དེས་ངལ་བཀུར་སྟི་བྱས།། གུས་དང་བཅས་པས་བྱང་ཆུབ་མཆོག་གནས་སོ།། བསྐལ་པ་མང་པོར་སངས་རྒྱས་མཆོད་བྱས་ནས།། ཤིན་ཏུ ་གཟིགས་ཤེས་བྱ་བའི་རྒྱལ་བར་གྱུར། ། ལྔ་བརྒྱ་གང་དག་བྱང་ཆུབ་ལ་གནས་པ།། དེ་དག་རྣམས་ཀྱང་མི་ཡི་མཆོག་ཏུ་འགྱུར།། དེ་ལ་དང་ཕྱིར་བདེ་བས་མ་ཡས་ན།། མགོན་པོ་ལ་ནི་བཀུར ་སྟི་སུ་མི་བྱེད། ། གང་དག་དགའ་བར་བྱེད་ལ་ཆགས་སེམས་པ།། བུད་མེད་ལུས་སྤངས་སྐྱེས་པར་གྱུར་པ་ནི།། གཅིག་དང་གཉིས་དང་གསུམ་ནི་མ་ཡིན་གྱིས།། བྱེ་བ་ཁྲག་ཁྲིག་སྟོང་ཕྲག ་མང་པོ་སྟེ། ། རྩི་ཡི་རྒྱལ་པོ་གྲགས་པ་ཆེན་པོ་ཡི།། བྱང་ཆུབ་དེ་ལ་ཞེ་སྡང་སུ་ཞིག་བསྐྱེད།། ཉོན་མོངས་ལས་ཀྱང་བདེ་བ་སྦྱིན་བྱེད་ན།། དེ་ལ་བཀུར་སྟི་བྱེད་པ་སྨོས་ཅི་དགོས།། ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ལྷུན་པོའི་དྲུང་དུ། གང་སེམས་དང་ཀྱང ་རུང་སེམས་ཞེ་སྡང་ཡང་རུང་། སེམས་ཆགས་པ་ཡང་རུང་། ཆོས་ལ་བར་ཆད་བགྱིང་བའི་སེམས་ཀྱང་རུང་སྟེ། མཆིན་དེ་ཐམས་ཅད་ཁ་དོག་གཅིག་ཏུ་འགྱུར་བ་ནི་འོད ་ལྟ་སྟེ་གསེར་གྱི་ཁ་དོག་གོ། ། བཅོམ་ལྡན་འདས་དེ་བཞིན་དུ་གང་སུ་ཡང་རུང་། བྱང་ཆུབ་སེམས་དཔའི་དྲུང་དུ་སེམས་དང་ངམ། སེམས་ཞེ་སྡང་ངམ། སེམས་ཆགས་པ་འམ། ཆོས་ལ ་བར་ཆད་བགྱིད་པའི་སེམས་ཀྱང་རུང་སྟེ། མཆི་ན་དེ་དག་ཐམས་ཅད་ཁ་དོག་གཅིག་ཏུ་འགྱུར་བ་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཁ་དོག་གོ། བཅོམ་ལྡན་འདས་དྲུག་ནི ་དེ་རིང་ཕན་ཆད་བྱང་ཆུབ་སེམས་དཔའ་རྣམས་ལ་རི་རབ་ལྷུན་པོ་དང་འདྲ་བར་འཛིན་ཏོ། ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྨན་གྱི་རྣམ་པ་བལྟ་ན་བཟང་བ་ལ་སེམས་ཅན་སུ་ཡང་རུང་སྟེ། ་ནད་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པ་རྣམས་ཀྱིས་བལྟས་ན་ནད་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་སུ་ཡང་རུང་སྟེ་སེམས་དད་པ་འམ། སེམས། ་ཞེ་སྡང་བ་འམ། སེམས་ཆགས་པས་བྱང་ཆུབ་སེམས་དཔའ་ལ་བལྟས་ན། དེ་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་། གཏི་མུག་གི་ནད་རྣམས་རབ་ཏུ་ཞི་བར་འགྱུར་རོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། དགའ་བོ་དེ་བཞིན་ནོ།། དགའ་བོ་ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ངོ་མཚར་ཏོ།། བདེ་བར་གཤེགས་པ་རབ་ཏུ་ངོ་མཚར་ཏོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་ཞི་བའི་ཏིང་ངེ་འཛིན ་ལ་གནས་ཀྱང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་སླར་ཡང་འདོད་པའི་ཁམས་སུ་ཡང་གདའོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་ཤིང་། ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་མ་རེག་ལ་ཐམས་ཅད་མཁྱེན་པའི་སེམས་ལ་ཡང་འབབ་པར་བགྱིད་དོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་པའི་ཐབས ་མཁས་པ་ལ་གནས་ལ། དེ་ནི་འདི་ལྟ་སྟེ། ཆགས་པར་འགྱུར་བ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཐམས་ཅད་ལ་སྤྱོད་ཀྱང་དེ་དག་ལ་ཆགས་པར་མི་བགྱིད་དོ།། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ། དཔེ་ཅུང་ཟད་ཅིག་གཅིག་གསོལ་བར་བཅོམ་ལྡན་འདས་བདག་སྤོབས་སོ།། བདེ་བར་གཤེགས་པ་བདག་སྤོབས་སོ།། བཀའ་སྩལ་པ། འོད ་སྲུངས་ཁྱོད་སྤོབས་པར་གྱིས་ཤིག། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། འབྲོག་དགོན་པ་ཞིག་མཆིས་ལ། འབྲོག་དགོན་པ་དེ་ན་རྩིག་པ་འཁོར་བའི་རྩེ་མོའི་བར་དུ་ཕྱིན་པ་ཞིག་ཀྱང་མཆིས་པར ་གྱུར། དགོན་པ་དེ་ན་ཆང་སྒོ་ཡང་གཅིག་པུ་ཞིག་མཆིས་པར་གྱུར། འབྲོག་དགོན་པ་དེ་ནས་ཤིན་ཏུ་རྒྱང་མི་རིང་བ་ཞིག་ན། གྲོང་ཁྱེར་ཞིག་ཀྱང་མཆིས་ལ། འབྱོར་པ་དང་། བདེ་བ་དང་། ལོ ་ལེགས་པ་དང་། མིའི་སྐྱེ་བོས་གང་བར་གྱུར། གང་དག་གྲོང་ཁྱེར་དེར་མཆིས་པ། དེ་དག་ཀྱང་རྒ་བ་དང་། འཆི་བར་མི་འགྱུར། གྲོང་ཁྱེར་ཆེན་པོ་དེའི་ཤུལ་ནི་མཐོ་གང་ཙམ ་དུ་གྱུར་ལ། དེ་ན་གཡས་གཡོན་དུ་གཡང་ས་ཁྲུ་འབུམ་མཆིས་པར་གྱུར་ཅིང་། འབྲོག་དགོན་པ་དེའི་དབུས་ན་སེམས་ཅན་མཁས་པ་ཞིབ་པ་ཡིད་གཞུངས་པ། དོན་འཚལ་བ་ཕན་པར་འཚལ་བ ་འབྱོར་པ་དང་། བདེ་བར་འཚལ་བ་གཅིག་ཅིག་སྐྱེས་ལ་དེས་འབྲོག་དགོན་པ་དེར་སེམས་ཅན་དེ་དག་ལ་འབྲོག་དགོན་པ་འདི་ནས་ཤིན་ཏུ་རྒྱང་རིང་བ་ཞིག་ན་གྲོང་ཁྱེར་ཞིག་ཡོད་དེ། དེར་སུ་འགྲོ་བ་དེ ་ནི་རྒ་བ་དང་འཆི་བར་མི་འགྱུར་གྱིས། ཀྱེ་སེམས་ཅན་དག་ཚུར་ཤོག། གྲོང་ཁྱེར་ཆེན་པོ་དེར་འདོང་ངོ་།། ངས་ནི་ཁྱེད་ཡོངས་སུ་དྲང་ངོ་ཞེས་དེ་སྐད་སྒྲ་བསྒྲགས། དབྱངས་ཀྱིས་བསྙད་པ་དང་། ་དེ་ན་གང་དམན་པ་ལ་མོས་ཤིང་འབྱུང་བའི་བསམ་པ་མཆིས་པ་དེ་དག་ནི། བདག་ཅག་བསྟན་པ་དེ་དང་། ཡུལ་དེར་མཆི་ཡང་འཚལ་ན། འདི་ནས་ཀྱང་མི་འཕག་ལ། གང་གྲོང་ཁྱེར་དེ་ན་ཡོན་ཏན ་མཆིས་པ་དེ་དག་ཀྱང་འདི་ན། མཆིས་བཞིན་དུ་འབྱུང་བར་གྱུར་ཅིག་ཅེས་མཆིའོ།། གང་ཆེན་པོ་ལ་མོས་པ་དེ་དག་ནི་བདག་ཅག་ཀྱང་མཆིས་སྟེ། ཁྱོད་ཇི་ལྟ་བ་བདག་ཅག་ཀྱང་དེ་འདྲའོ་ཞེས་དེ ་སྐད་མཆིའོ། ། གང་བསོད་ནམས་ཆུང་བ་དེ་དག་ནི་སྒྲ་དེ་ཐོས་པ་དང་། ཐོས་ནས་ཡིད་ཆེས་པར་མི་བགྱིད་དོ།། དེ་ནས་སྐྱེས་བུ་མཁས་པ་དེ་འབྲོག་དགོན་པ་དེ་ནས་བྱུང་ནས་ལམ ་དེ་མཐོང་ངོ་། ། དེས་ཤུལ་མཐོ་གང་ཙམ་པ་དེ་མཐོང་ནས་སོང་བ་དང་། ལམ་གྱི་གཡས་ཕྱོགས་ན། གཡང་ས་ཁྲུ་འབུམ་དང་།། གཡོན་ཕྱོགས་ན་གཡང་ས་ཁྲུ་འབུམ་མཆིས་ན།། ལམ་དེའི ་གཡས་གཡོན་དུ་དེས་རྩིག་པའི་རྟེན་བཅས་ཏེ། གྲཝ་བཞིས་ཤུལ་དེ་རྒལ་བར་བགྱིད་ཅིང་། གཡས་སུ་ཡང་མི་ལྟ་གཡོན་དུ་ཡང་མི་ལྟ་དེའི་རྒྱབ་ནས་དགྲ་རྣམས་སྒྲ་བསྒྲོགས་ཅིང་འཇིགས་པར་སྟོན་ཀྱང ་དེ་ཁ་ཕྱིར་ཡང་མི་ལྟ་སྟེ། ལམ་དུ་ཞུགས་པ་དང་། ཇི་ལྟ་ཇི་ལྟར་མཆི་བ་དེ་ལྟར་དེ་ལྟར་གྲོང་ཁྱེར་ཆེན་པོ་མཐོང་ངོ་།། དེ་ལྟ་དེ་ལྟར་དེའི་འཇིགས་པ་ཐམས་ཅད་ཀྱང་མ་མཆིས་སོ།། གྲོང་ཁྱེར་ཆེན་པོ་དེར ་བྱིཕྱིན་ནས་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱིས་དོན་ཡང་བགྱིད་དོ། ། བཅོམ་ལྡན་འདས་འབྲོག་དགོན་པ་ཞེས་བགྱི་བ་ནི། དེ་ལྟར་འཁོར་བའི་འབྲོག་དགོན་པར་བལྟ་བར་བགྱིད་དོ།། རྩིག་པ ་འཁོར་བའི་རྩེ་མོའི་བར་དུ་ཕྱིན་པ་ཞེས་བགྱི་བ་ནི་དེ་ལྟར་མ་རིག་པ་དང་། སྲེད་པ་དང་། སྲིད་པར་ལྟ་བར་བགྱིའོ།། སྲོག་ཆགས་བརྒྱ་སྟོང་མང་པོ་འབྲོག་དགོན་པ་དེ་ན་མཆིས་ཤེས་བགྱི་བ་ནི་དེ་ལྟར ་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་དུ་བལྟ་བར་བགྱིའོ། ། ཆབ་སྒོ་གཅིག་ཅེས་བགྱི་བ་ནི་དེ་ལྟར་ཐེག་པ་གཅིག་གི་ལམ་དུ་བལྟ་བར་བགྱིའོ།། སྐྱེས་བུ་མཁས་པ་ཞེས་བགྱི་བ་ནི། དེ་ལྟར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོར་བལྟ་བར་བགྱིའོ། ། སེམས་ཅན་དམན་པ་ལ་དད་པ་འབྱུང་བའི་བསམ་པ་མཆིས་པ་གནས་དེ་ནས་ཀྱང་མི་འཕགས་ལ། གྲོང་ཁྱེར་གྱི་ཡོན་ཏན་ཀྱང་འཚལ་ཞེས ་བགྱི་བ་ནི་ཉན་ཐོས་དང་རང་སངས་རྒྱས་སུ་བལྟ་བར་བགྱིའོ། ། གཞན་དག་བདག་ཅག་ཀྱང་མཆི་སྟེ། ཁྱོད་ཅི་འདྲ་བ་བདག་ཅག་ཀྱང་དེ་འདྲ་བོ་ཞེས་མཆི་བ་ནི་དེ་ལྟར་བྱང་ཆུབ་སེམས ་དཔའ་དག་ཏུ་བལྟ་བར་བགྱིའོ། ། སྒྲ་ཐོས་ཀྱང་ཡིད་ཆེས་པར་མ་གྱུར་ཅེས་བགྱི་བ་ནི། དེ་ལྟར་མུ་སྟེགས་ཅན་གཞན་དག་ཏུ་བལྟ་པར་བགྱིའོ།། འབྲོག་དགོན་པ་ནས་འབྱུང་ཞེས་བགྱི་བ་དེ་ལྟར་ཐམས ་ཅད་མཁྱེན་པར་བསྔོས་པའི་བརྩོན་འགྲུས་སུ་བལྟ་བར་བགྱིའོ། ། ཤུལ་མཐོ་གང་ཙམ་ཞེས་བགྱི་བ་ནི་དེ་ལྟར་ཆོས་ཀྱི་དབྱིངས་སུ་བལྟ་བར་བགྱིའོ།། གཡས་གཡོན་ན་གཡང་ས་ཁྲུ་འབུམ་མཆིས ་ཤེས་བགྱི་བ་ནི། དེ་ལྟར་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་སར་བལྟ་བར་བགྱིའོ།། གཡས་གཡོན་གྱི་ཕྱོགས་སུ་རྩིག་པའི་རྟེན་བཅས་ཞེས་བགྱི་བ་ནི། དེ་ལྟར་ཐབས་མཁས་པ་དང་། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལྡན་པའི་བརྩོན་འགྲུས་སུ་བལྟ་བར་བགྱིའོ།། གྲཝ་བཞིས་མཆི་བར་བགྱིད་ཅེས་བགྱི་བ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྲངས་མ་མཆིས་དཔག ་ཏུ་མ་མཆིས་པ་རྣམས་སྡུད་པ་ལ་བགྱིའོ། ། རྒྱབ་ལོགས་ནས་དགྲའ་མི་ངག་འཇིགས་པ་སྟོན་ཞེས་བགྱི་བ་ནི་དེ་ལྟར་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་སུ་བལྟ་བར་བགྱིའོ།། དེ་བཞིན་དུ་གང ་སེམས་ཅན་མ་རུངས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བཅལ་བར་བགྱིད། བསྟིང་བར་བགྱིད་སྨོད་པར་བགྱིད་པ་གཞན་དག་ལ་ཡང་བལྟ་བར་བགྱིའོ།། ཁ་ཕྱིར་མི་ལྟ་ཞེས་བགྱི་བ་ནི་བཟོད ་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་པ་ལྷག་པའི་ཚིག་བླ་དགས་ལགས་སོ།། གཡས་གཡོན་དུ་མི་ལྟ་ཞེས་བགྱི་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་འཚལ་བས་ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཀྱི་ཚོགས་བླ་དགས་ལགས་སོ། ། ཇི་ལྟ་ཇི་ལྟར་གྲོང་ཁྱེར་མཐོང་བ་དེ་ལྟ་དེ་ལྟར་འཇིགས་པ་མ་མཆིས་པར་འགྱུར་ཞེས་བགྱི་བ་ནི། དེ་ལྟར་ཇི་ལྟར་སངས་རྒྱས་ཀྱི་ཡོན་ཏན་མཐོང་ཞིང་སངས་རྒྱས་ཀྱི ་སྤྱོད་པ་དང་། ཡེ་ཤེས་ལ་རྟོག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལ་བསླབས་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་མི་འཇིགས་ཤིང་ཐེ་ཙོམ་མ་མཆིས་པ་ལ་བགྱིའོ།། ་གྲོང་ཁྱེར་དུ་ཕྱིན་ནས་སེམས་ཅན་དཔག་ཏུ་མ་མཆིས་པའི་དོན་བགྱིད་ཅེས་བགྱི་བ་ནི། དེ་བཞིན་གཤེགས་པའི་ཚིགས་བླ་དགས་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་དང ་ལྡན་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་ལེགས་སོ་ཞེས་བྱ ་བ་བྱིན་ཏེ། འོད་སྲུངས་ལེགས་སོ་ལེགས་སོ།། འོད་སྲུངས་ཁྱོད་ཀྱིས་འདིར་དཔེ་བཤད་པས་ལྷ་དང་མིའི་སྐྱེ་དགུ་སྲོག་ཆགས་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད ་དོའོད་སྲུངས་བྱང་ཆུབ་སེམས་དང་འཐབས་མཁས་པ་ལ་གནས་པ་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་གང་བདག་ལ་གནོད་པར་འགྱུར་བ་དང་། གཞན ་ལ་གནོད་པར་འགྱུར་བའི་ལས་དེ་ལྟ་བུ་ནི་མི་བྱེད་དོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད ་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལས་མགོ་རེག་འདི་མཐོང་བས་ཆོག་གོ། ་དགེ་སྦྱོང་མགོ་རེག་འདི་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་ཚིག་སྨྲས་པར་གྱུར། བཅོམ་ལྡན་འདས་དེ་སྐད་སྨྲས་པའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཆོག་གོ།། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལ་དྲོད་མ་འཛིན ་ཅིག། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཏེ། སྐྱེས་བུ་དམ་པ་དེ་དག་ནི་ཇི་ལྟར་ཅི་ནས་ཀྱང་། སེམས་ཅན་འང ་འདུལ་བར་འགྱུར་བ་དེ་ལྟ་དེ་ལྟར་གནས་པ་ཡིན་ནོ། ། རིགས་ཀྱི་བུ་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཐབས་མཁས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཁྱོད་ལ་བཤད ་བྱང་ཆུབ་སེམས་དཔས་མར་མེ་མཛད་ཚུན་ཆད་བསམ་གྱིས་མི་ཁྱབ་པའི་ཐབས་བསྟན་པ་དེ་ལས་ཆུང་ཟད་ཙམ་ཞིག་བསྟན་ཏོ། ། རིགས་ཀྱི་བུ་གང་གི་ཚེ་ན། བྱང་ཆུབ ་སེམས་དཔས་མར་མེ་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཚུན་ཆད། བྱང་ཆུབ་སེམས་དཔའ་ལ་འཁྲུལ་པ་མེད། ཅ་ཅོ་མེད། དྲན་པ་ཉམས་པ་མེད་དེ། རིགས་ཀྱི་བུ་བྱང་ཆུབ ་སེམས་དཔའ་བཟོད་པ་ཐོབ་པ་ནི་འདོད་ན་ནུབ་བདུན་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། ། འདོད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསྐལ་པ་བརྒྱས་བྱང་ཆུབ་ཐོབ་པར་འགྱུར་རོ།། ་གལ་ཏེ་སླར་ཡང་སྲིད་པར་འོངས་ན་ཤེས་རབ་ཀྱི་སྟོབས་ཀྱི་མཐུ་སྐྱེད་པས་གང་གི་ཚེ་འདོད་པ་དེའི་ཚེ་འཚང་རྒྱའོ།། འདོད་ན་ཕྱི་མའི་མཐར་ཐུག་པར་གནས་ཀྱང་སྐྱོ་བར་མི་འགྱུར་ཏེ། དེ་ནི་བྱེད ་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། ། རིགས་ཀྱི་བུ་གཞན་ཡང་ཉན་ཐོས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའི་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་བཞིན ་དུ་ཏིང་ངེ་འཛིན་ཞི་བ་ཡིན་ཏེ། དེའི་ལུས་ཀྱང་མི་གཡོ།། དེའི་སེམས་ཀྱང་མི་གཡོ་ཞིང་བདག་ཡོངས་སུ་མྱ་ངན་ལས་འདས་པར་འཛིན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞི་བའི ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། སེམས་ཅན་སྨིན་པར་བྱེད་ཅིང་བསྡུ་བའི་དངོས་པོ་བཞིའི་བརྩོན་འགྲུས་ཀྱང་མི་གཏོང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བརྩོན་འགྲུས་ཀྱང་མི་གཏོང་སྟེ། ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་འདོད་ན། དགའ་ལྡན་གྱི་ཁང་པ་ན་འདུག་བཞིན་དུ། བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་ཞིང་། ཆོས་ཀྱི་འཁོར་ལོ་ཡང་བསྐོར་བར་འགྱུར་ན། གང་འཛམ་བུ་གླིང་གི་མོ་དེ་དག་ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་ནས། བྱང་ཆུབ་སེམས་དཔའ་འཇ ་སྙམ་དུ་སེམས་ཏེ། ལྷ་དག་ནི་ཆོས་ཉན་པའི་ཕྱིར་འཛམ་བུའི་གླིང་དུ་འབབ་ནུས་ཀྱིས། འཛམ་བུའི་གླིང་གི་མི་རྣམ་ནི་ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་སོ་སྙམ་ནས། དེའི་ཕྱིར་བྱང ་ཆུབ་སེམས་དཔའ་འཛམ་བུ་གླིང་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ།། བྱང་ཆུབ་སེམས་དཔའ་ནི་འདོད་ན་དགའ་ལྡན ་གྱི་གནས་ནས་ཤི་འཕོས་ཏེ། མའི་མངལ་གྱི་ཁྱིམ་དུ་མ་ཞུགས་པར་དེའི་མོད་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། དེ་ལ་སེམས་ཅན་ཁ་ཅིག་ཐེ་ཙོམ་སྐྱེ་བར་འགྱུར ་ཏེ། འདི་ལྷ་འམ་དྲི་ཟ་འམ། སྤྲུལ་པ་ཞིག་གམ་འདི་ག་ལས་འོངས་པ་ཞིག་ཅེས་དེ་དག་ཐེ་ཙོམ་དུ་གྱུར་ནས། ཆོས་ཉན་པར་མི་འགྱུར་བས་རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ ་མངལ་དུ་གནས་པར་སྟོན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་མཁས་པར་ཤེས་པར་བྱའོ།། རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་ནི་མངལ་གྱི་མེལ་དུ་ཞུགས་སོ་སྙམ་དུ་ཁྱོད་དེ་ལྟར ་མ་ལྟ་ཞིག། བྱང་ཆུབ་སེམས་དཔའ་ནི་མངལ་གྱི་མལ་དུ་ཞུགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་ནས་མ་སོང་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། དགའ་ལྡན་གནས་ཀྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཤི་འཕོས་སོ་སྙམ་དུ་འཛིན་ཅིང་དེ་ན་དེ་མི ་མཐོང་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་ནས་ཀྱང་མི་གཡོ་ལ། སྤྲུལ་པས་བྱ་བ་ཐམས་ཅད་དང་། མངལ་དུ་འཇུག་པ་དང་། སྐྱེ་བ་དང་། མངོན ་པར་འབྱུང་བ་དང་། དཀའ་བར་སྤྱོད་པ་ཐམས་ཅད་སྟོན་ཏེ། དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཙང་མར་སྤྱོད་པས ་སླར་ཡང་མངལ་གྱི་མལ་དུ་མི་འཇུག་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བ་གླང་གི་བུ་དཀར་པོར་བསྒྱུར་ཏེ། ་མའི་མངལ་དུ་འཇུག་པར་སྟོན་ཅེ་ན། དཀར་པོའི་ཕྱོགས་ཡིན་པའི་ཚིག་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཁྱད་ཞུགས་པས་དེའི་ཕྱིར། ཅི་ནས་ཀྱང་ལྷ་དང་ཡང་མི་འདྲ་མི་དང ་ཡང་མི་འདྲ་བར་དེ་ལྟར་འཇུག་པ་བསྟན་པར་བྱ་དགོས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་མའི་མངལ་ན་ཟླ་བ ་དགུར་མི་གནས་པར་ཟླ་བ་བཅུར་གནས་ཤེ་ན། སེམས་ཅན་ཁ་ཅིག་ཀྱེ་མའོ།། འདི་ནི་མངལ་ན་གནས་པའི་དུས་མ་ཚང་བས། དབང་པོ་ཉམསས་པ་ཞིག་བྱུང་ངོ་ཞེས་དེ་ལྟར་སེམས ་པའི་ཕྱིར། མངལ་ན་དབང་པོ་ཡོངས་སུ་རྫོགས་པར་སྟོན་པས་ཟླ་བ་བཅུར་གནས་ཀྱི་དགུར་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པར་ཤེས་པར་བྱའོ།། ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་གྲོ་དང་གྲོང་ཁྱེར་དུ་མ་སྐྱེས་ཀྱི་དགོན་པར་སྐྱེས་ཤེ་ན། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་དགོན་པ་ཤིན་ཏུ་དགོན་པའི་བསྔགས་པ་བརྗོད་པར་བྱེད་ལ། ་དབེན་པ་ན་གནས་ཤིང་གཙང་མར་སྤྱོད་པ་དང་། ཁྱིམ་གྱི་ནང་དུ་སོང་བར་གྱུར་པ་ན། ལྷ་དང་ཀླུ་དང་། གེ་ནོད་སྦྱིན་རྣམས་ཀྱིས་ལྷའི་དྲི་དང་ཕྱེ་མ་དང་། མེ་ཏོག་དག་གིས་རྒྱུན་མ་ཆད་པར་མཆོད ་པ་བྱེད་མི་ནུས་པ་དང་། གྲོང་ཁྱེར་སེར་སྐྱའི་སེམས་ཅན་དག་རབ་ཏུ་དགའ་བར་གྱུར་པས། རྒྱུ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་སྐྱེས་སོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས ་དཔའ་མའི་དཀུ་བརྟོལ་ཏེ། མའི་མངལ་གྱི་མལ་དུ་ཞུགས་ཤེ་ན། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་ནི་ཕ་མའི་མེར་མེར་པོ་ལས་གྱུར་པ་ཡིན་གྱི། བརྫུས་ཏེ་སྐྱེས་པ་མ་ཡིན་ནོ་སྙམ ་དུ་སེམས་པའི་སེམས་ཅན་དེ་དག་གི་ཐེ་ཙོམ་གཅོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མའི་ངཀུ་བརྟོལ་ཏེ་ཞུགས་སོ།། ཞུགས་ནས་ཀྱང་རྨ་དང་། བུ་གར་མ་གྱུར་ལ་ཡུམ་སྒྱུ་མ་ཡང་དེའི་ཚེ་བདེ ་བ་མྱོང་བ་ལྟ་བུ་སྔོན་མ་མྱོང་ངོ་། ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའི་མ་ཤིང་བླགས་ཤའི་ཡལ་ག་ལ་འཇུས་ཏེ། ཤ་འཆུས་སུ་ནས་བྱང་ཆུབ་སེམས་དཔའ་སྐྱེས་ཤེ་ན། སེམས་ཅན་གང་དག ་ལྷ་མོ་སྒྱུ་མ་ནི་བུད་མེད་གཞན་བཞིན་དུ་སྡུག་བསྔལ་བའི་ཚོར་བས་བྱང་ཆུབ་སེམས་དཔའ་བསྐྱེད་དོ་སྙམ་དུ། དེ་ལྟར་སེམས་དཔའ་སེམས་ཅན་དེ་དག་ལ་བདེ་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི ་མས་ཤིང་བླགས་ཤའི་ཡལ་ག་ལ་འཇུས་ནས་ཤ་འཆུས་སུ་བྱས་ཏེ། བྱང་ཆུབ་སེམས་དཔའ་བསྐྱེད་དོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སྐྱེ་གནས་དང་ལུས་ཀྱི་ཕྱོགས་གཞན་ནས་མི ་འབྱུང་བར། མའི་མངལ་བརྟོལ་ཏེ་དྲན་བཞིན་དུ་ཤེས་བཞིན་དུ་མལ་ནས་འབྱུང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཙང་མར་སྤྱོད་ལ། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་མཆོག་ཡིན་པས། དེ་སྐྱེ ་གནས་ལའང་མི་སྐྱེ་ཞིང་སྐྱེ་བ་བསྟན་དགོས་ལ། སེམས་ཅན་ཐ་མ་གཞན་དག་དང་ཡང་མི་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་མའི་ཀུ་བརྟོལ་ནས། མངལ་གྱི་མལ་ནས་འབྱུང་ཞིང་སྐྱེས་མ ་ཐག་ཏུ་དེའི་ཚེ་ན་གློ་ལ་རྨ་ཡང་མེད་དོ། ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་བརྒྱ་བྱིན་ལྷའི་དབང་པོས་བླངས་ཀྱིས། མིར་གྱུར་པ་གཞན་དག་གིས་མ་ཡིན་ཞེ་ན། བྱང་ཆུབ་སེམས ་དཔའི་དགེ་བའི་རྩ་བ་ཤིན་ཏུ་འབར་བ་དང་། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་དེ་ལྟར་བརྒྱ་བྱིན་ལྷའི་དབང་པོས་བླངས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ།། ཅིའི་ཕྱིར་ན། བྱང ་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་མ་བླངས་པར་གོམ་པ་བདུན་པོར་གྱི། དྲུག་དང་བརྒྱད་མ་ཡིན་ཞེ་ན། རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། སྐྱེས་བུ་དམ་པར་སྔོན་སུས་ཀྱང་མ་བསྟན་པ ་བསྟན་དགོས་ལ། སེམས་ཅན་གང་དག་གི་དོན་གོམ་པ་བདུན་བོར་ཏེ་བྱ་བ་དེ། གོམ་པ་དྲུག་གིས་ཀྱང་མི་ནུས་ལ་གོམ་པ་བརྒྱད་བོར་ན་ཡང་ལྷག་པར་གྱུར་པས། དེའི་ཕྱིར་བྱང ་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་མ་བླངས་པར་བདུན་པོར་གྱི། དྲུག་དང་བརྒྱད་མ་ཡིན་ནོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་གོམ་པ་བདུན་བོར་ནས་ང་ནི་འཇིག་རྟེན་ན་གཙོ་བོ་ཡིན་ཏེ། སྐྱེ་བ ་དང་རྒ་བ་དང་། འཆི་བ་མཐར་བྱའོ་ཞེས་ཚིག་ཏུ་སྨྲ་ཞེ་ན། འཁོར་དེ་ན་ཚངས་པ་དང་། ལྷ་མཐུ་ཆེ་བ་དག་ལྷགས་ཤིང་འཁོད་དེ། ང་རྒྱལ་ཅན་དུ་གྱུར་པ་དེ་དག་བདག་ཅག་གཙོ་བོ་ཡིན་གྱི། འདི ་ནི་མ་ཡིན་ནོ་སྙམ་དུ་སེམས་ཤིང་དེ་དག་བྱང་ཆུབ་སེམས་དཔའ་ལ་འདུད་པར་མི་བྱེད། ཡང་དག་པར་འདུད་པར་མི་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་སེམས་ཏེ། ་ཚངས་པ་དང་ལྷ་འདི་དག་ཡུན་རིང་པོར་ཕན་པར་མེད་པར་གྱུར་དུ་འོང་ངོ་ཞེས། དེའི་ཕྱིར་བྱང་ཆུབ་སེམས་དཔས་འཇིག་རྟེན་ནང་མཆོག་གོ།། སྐྱེ་བ་དང་། རྒ་བ་དང་། འཆི་བ་མཐར་འབྱིན་ཏོ་ཞེས ་སྨྲ་ཞིང་སྒྲ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྒོ་བ་དང་། གང་བྱང་ཆུབ་སེམས་དཔའ་མ་ལྷགས་པ་དེ་དག་ཀྱང་སྒྲ་དེས་ལྷགས་པར་གྱུར་ནས། དེའི་ཚེ་ཚངས་པ་དེ ་དག་དང་ལྷའི་བུ་དེ་དག་བྱང་ཆུབ་སེམས་དཔའ་ལ་ཐལ་མོ་སྦྱར་ནས་འདུད་པར་གྱུར་ཏོ། ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇིག་རྟེན་ང་མཆོག་གོ།། ང་མཆོག་གོ།། སྐྱེ་བ་དང ་རྒ་བ་དང་། ཤི་བ་མཐར་འབྱིན་ནོ།། ཞེས་དེ་སྐད་ཀྱི་ཚིག་སྨྲའོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་གད་མོ་ཆེར་དགོད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་གཡེམ་པའི་དགོད་པའམ་། ་ཆེར་དགོད་པ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་འདི་ཉིད་དུ་ང་དང་ལྷན་ཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ན། ངས་བྱང་ཆུབ་ཐོབ་ཀྱང་འདི ་དག་ལེ་ལོར་གྱུར་པས། ད་དུང་འཁོར་བ་སྟུག་པོར་ལས་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ནི་ཐམས་ཅད་མཁྱེན་པར་འགྱུར་བའི་ཐར་པའི་ལམ་ལ་བརྩོན་འགྲུས་ཀྱི་བརྩོམ་སྟེ། དེ་དག་ད་ལྟར ་བདག་ལ་ཕྱག་འཚལ་ན། དེ་དག་ཇི་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་འགྲུས་བརྩོམ་པར་འགྱུར་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་ནས་དམན་པ་དང་། བག་མེད་པའི་སེམས་ཅན་དང ་བདག་གི་བསམ་པ་ཡོངས་སུ་རྫོགས་པ་ཤེས་ནས། བྱང་ཆུབ་སེམས་དཔའ་གད་མོ་ཚོར་དགོད་དོ།། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དྲི་མ་མེད་བཞིན་དུ་ཁྲུས་བྱེད་ཅེ་ན། ་བརྒྱ་བྱིན་དང་ཚངས་པས་མཆོད་པའི་ལས་བྱས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔས་ནི་ངེས་པར་འཇིག་རྟེན་ཤེས་པའི་རྗེས་སུ་འཇུག་པར་བྱ་དགོས་ཏེ། སྐྱེ་བ་མཐོང་ནས་བྱང་ཆུབ་སེམས ་དངའདྲི་མ་མེད་ཀྱང་ངེས་པར་ཁྲུས་བྱའོ། ། འཕགས་པ་ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་གཉིས་པ་སྟེ་ཐ་མའོ།། ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་དགོན་པར་སྐྱེས་མ་ཐག་ཏུ། བྱང་ཆུབ་ཀྱི་སྙིང་པོར་མི་འགྲོ་བར་དེ་ནས་སླར་ཁྱིམ་དུ་འཇུག་ཅེ་ན། དབང་པོ་ཡོངས་སུ་རྫོགས་པར ་བྱ་བ་དང་། སྦས་པའི་ཕྱི་བསྟན་པའི་ཕྱིར། དགའ་བ་དང་རྩེ་བ་ཆེན་པོ་དེ་དག་བསྟན་ནས་ཁྱིམ་ནས་མངོན་པར་འབྱུང་བར་བྱེད་དོ།། གླིང་ཆེན་པོ་བཞི་སྤང་བར་བསྟན་པས་ན། ངའི་རྗེས་སུ་སློབ ་པ་གཞན་དག་ཀྱང་དགའ་བ་དང་། རྩེ་བ་ཆེན་པོ་སྤངས་ནས་རབ་ཏུ་འབྱུང་བའི་ཕྱིར་ཁྱིམ་ནས་མངོན་པར་འབྱུང་སྟེ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སླར་ཁྱིམ་དུ་ཞུགས་སོ།། ཅིའི་ཕྱིར་ན།། ་བྱང་ཆུབ་སེམས་དཔའི་མ་ཉི་མ་བདུན་ལོན་པ་དང་། འཆི་བའི་དུས་བྱེད་ཅེ་ན། ལྷ་མོ་སྒྱུ་མ་ཚེ་ཟད་ནས་འཆི་བའི་དུས་བྱས་ཀྱི་བྱང་ཆུབ་སེམས་དཔའི་ཉེས་པ་ནི་མ་ཡིན་ནོ།། འདི་ལ་བྱང་ཆུབ་སེམས ་དཔའ་དགའ་ལྡན་གྱི་གནས་ཉིད་ན་གནས་ཤིང་། ལྷའི་མིག་གིས་ལྷ་མོ་སྒྱུ་མའི་ཚེ་ལ་བརྟོགས་ནས། ནམ་ལྷ་མོ་སྒྱུ་མའི་ཚེ་ཟླ་བ་བཅུ་དང་། ཉི་མ་བདུན་ལུས་པར་ཤེས་པ་དང་། དེའི་འོག ་ཏུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ་མའི་མངལ་དུ་འཇུག་གོ། ། དེ་བས་ན་རྣམ་གྲངས་དེ་ཀྱང་ལྷ་མོ་སྒྱུ་མ་ནི་ཚེ་ཟད་ནས་འཆི་བའི་དུས་བྱས་ཀྱིས། བྱང་ཆུབ་སེམས ་དཔས་ཉེས་པ་མ་ཡིན་ནོ། ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་བཟོ་སློབ་ཅེ་ན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཕྱིར་དུ་ཟད་ཀྱིས། བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཙུག་ལག་གམ། གླུ་འམ་གར་རམ་སྔགས་སམ་རིག་སྔགས་སམ། ཐབས་སམ། དགོད་པ་འམ། ཚ་བ་འམ། རྩེ་བ་འམ་བལྟ་བ་གང་ཡང ་ཐོག་མར་མ་བསླབས་པ་མེད་དོ། ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཆུང་མ་ལེན་ཅེ་ན། བྱང་ཆུབ་སེམས་དཔའ་ནི་འདོད་པ་དགོས་པར་བྱེད་པ་མ་ཡིན་ནོ།། ཅིའི་ཕྱིར་ན། སྐྱེས ་བུ་དམ་པ་དེ་ནི་དེའི་ཚེ་འདོད་པ་དང་བྲལ་བ་ཡིན་མོད་ཀྱི་བྱང་ཆུབ་སེམས་དཔས་ནི་ངེས་པར་སྐྱེས་པར་བསྟན་དགོས་ཏེ། སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་ལ་སྐྱེས་པ་མ་ཡིན་གྱི་ང ་ལ་མ་ནིང་གི་རང་བཞིན་ཅན་ནོ་ཞེས་དེ་སྙམ་དུ་སེམས་པར་མི་འགྱུར་ཞིང་། དེ་དག་གི་ཐེ་ཙོམ་གཅོད་པ་དང་། འདི་ལྟ་སྟེ། སྲས་ནོར་སྦྱིན་ལེན་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔས་ཤཱཀྱའི ་གྲགས་འཛིན་ལ་སོགས་པ་བླངས་སོ། ། ནོར་སྦྱིན་འཛིན་མེར་མེར་པོ་ལས་གྱུར་པའོ་ཞེས་གང་དེ་འདི་སྙམ་དུ་འཛིན་ན། དེ་ལྟར་མི་ལྟའི་ནོར་སྦྱིན་འཛིན་ནི་ལྷ་ལས་ཤི་འཕོས་ཏེ། འདིར་སྐྱེས་པས ་པ་མའི་མེར་མེར་པོ་ལས་གྱུར་པ་མ་ཡིན་གྱི། རྫུས་ཏེ་སྐྱེས་པར་ཤེས་པར་བྱའོ།། ཡང་སྔོན་གྱི་སྨོན་ལམ་གྱིས་ཤཱཀྱའི་བུ་མོ་གྲགས་འཛིན་བླངས་པ་ཡིན་ཏེ། མར་མེ་མཛད་ཚུན་ཆད་སྐྱེ་བའི ་ཐ་མའི་བར་དུ་ཁྱོད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ་ཡང་བསླུ་བར་མི་འགྱུར་བས་ན། དེའི་ཕྱིར་ཤཱཀྱའི་བུ་མོ་གྲགས་འཛིན་བླངས ་སོ། ཡང་སེམས་ཅན་འདི་དག་ནི་འདོད་པའི་ཉེས་པ་ཅན་ཁྱིམ་གྱིས་བྱ་བ་ལ་ཞེན་པ་ཡིན་པས་དེ་དག་སྤངས་ཏེ། རབ་ཏུ་འབྱུང་བར་མི་ནུས་ནས། དེ་དག་གི་ཕྱིར་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་ལེན་ཏོ། ། ཡང་འདི་ནི་ཆུང་མ་བཟང་མོའི་གཡོག་འདི་ལྟ་བུ་སྤངས་ཏེ། རབ་ཏུ་འབྱུང་ནས་བདག་ལྟ་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་དེ་སྙམ་དུ ་སེམས་པར་འགྱུར་ཞིང་། ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ནང་ན་གང་བུད་མེད་གཞོན་ནུ་དག་ཡོངས་སུ་སྨིན་པར་བྱས་ནས་དེ་དག་ཀྱང་མཛབ་འདི་གཅུགས་པས ་སྲིད་པ་ཐ་མའི་བར་དུ་བདག་ཅག་ཁྱོད་ཀྱིས་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། དེ་དག་གི་ཆོས་དཀར་པོ་དེ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ ་གཡོག་ལེན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སླས་ཀྱི་ནང་ན་གནས་ནས་བུད་མེད་བཞི་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ།། ལྷག་མ་དག་ཀྱང ་མི་ལྟུང་བའི་ཆོས་དང་ལྡན་པར་བྱས་སོ། ། རྣམ་གྲངས་དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་གཡོག་ལེན་གྱི། གང་བུད་མེད་ཀྱི་འདོད་ཆགས་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དེ་ཡང་བྱང ་ཆུབ་སེམས་དཔའ་མཐོང་མ་ཐག་ཏུ་བདག་འདོད་ཆགས་དང་བྲལ་བར་ཤེས་སོ། ། ཡང་བྱང་ཆུབ་སེམས་དཔའ་ནི་བདག་གི་ཆུ་ཞེང་དང་འདྲ་བར་སྤྲུལ་པ་དག་སྤྲུལ་ནས། བུད་མེད་དེ་དག ་སྤྲུལ་པ་དེ་རྣམས་དང་རྩེ་དགའ་ཡོངས་སུ་སྤྱོད་ཅིང་། བདག་ཅག་ནི་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་ཡོངས་སུ་སྤྱོད་དོ་སྙམ་དུ་སེམས་མོད་ཀྱི། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་བསམ་གཏན་དང་ཏིང་ངེ་འཛིན་གྱི་དགའ་བ་དང་བདེ་བ་ལ་གནས་སོ། ། འདི་ལ་སྤྲུལ་པ་རྣམས་ཀྱང་འདོད་པ་ལ་དགའ་བ་དང་ཡོངས་སུ་སྤྱོད་པ་ཇི་ལྟ་བ། མར་མེ ་མཛད་ཚུན་ཆད་ཀྱི་བྱང་ཆུབ་སེམས་དཔའ་འདོད་པ་ལ་ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱང་དེ་བཞིན་བལྟའོ། ། བྲན་ཙྪན་ད་ཀ་དང་རྟ་ཀན་ཐ་ཀ་ཡང་སྔོན་གྱི་སྨོན་ལོམ་ལས་གྱུར་པར་བལྟའོ།། ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཤིང་འཛམ་བུའི་གྲིབ་མ་ནི་བསམ་གཏན་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེ་ན་གནས་པས་ལྷ་བྱེ་བ་ཕྲག་བདུན་ཅུ་བརྟུལ་ཞིང་དེ་ངེས་པར་མངོན་པར ་ཁྱིམ་ནས་འབྱུང་བར་ཕ་མ་ལ་བསྟན་པའི་ཕྱིར་རོ། ། ཅིའི་ཕྱིར་ན། བསྐྱེད་མོས་ཚལ་དུ་སོང་ཞེ་ན། རྒས་པ་དང་ནད་ཀྱིས་བཏབ་པ་དང་འཆི་བ་བསྟན་པའི་ཕྱིར་ཏེ། གཉེན་དག ་ནི་བྱང་ཆུབ་སེམས་དཔའ་རྒ་བ་དང་ན་བ་དང་འཆི་བས་འཇིགས་སྐྲག་ནས་ཁྱིམ་ནས་མངོན་པར་འབྱུང་གི། གཉེན་ལ་གནོད་པར་འདོད་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་འགྱུར་རོ།། ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ། ཁྱིམ་ནས་མངོན་པར་འབྱུང་གི་ཉིན་མོ་ནི་མི་འབྱུང་ཞེ་ན། དེ་ན་འདུག་ན་དགེ་བའི་རྩ་བ་མི་འཕེལ་ནས ་ཆོས་དཀར་པོ་འདོད་པས་ནམ་ཕྱེད་ནམ་དྲིས་པར་དེ་ནས་འགྲོ་བར་བྱ་བ་དང་། བདེ་བའི་ཡོ་བྱད་ཀྱང་སྤང་བར་བྱའི། ཆོས་དཀར་པོའི་ཕྱོགས་ནི་ཡོངས་སུ་གཏོང་བར ་མི་བྱའོ་ཞེས་སེམས་ཅན་རྣམས་ལ་བསྟན་པའི་ཕྱིར་རོ། ། ཅིའི་ཕྱིར་ན། སྐྱེ་བོ་དག་གཉིད་ཀྱིས་ལོག་པར་བྱས་ཤེ་ན། ལྷ་རྣམས་ཀྱིས་ཉེས་པར་བསྟན་པའི་ཕྱིར་ཏེ། སྐྱེ་བོ་དག ་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཐ་བ་སྐྱེ་བར་མི་འགྱུར་བ་དང་། དེ་དག་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་། ལྟུང་བར་མི་འགྱུར་བར་བྱ་བའི་ཕྱིར། ལྷ་རྣམས་ཀྱིས་གཉིད་ལོག་པར ་བྱས་ཏེ། ལྷ་རྣམས་ཀྱིས་སྒོ་ཕྱེ་ནས། ལྷ་རྣམས་ཀྱིས་བར་སྣང་ལས་ཁྲིད་པས་ལྷ་རྣམས་ཀྱིས་ཉེས་ཀྱིས། བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་མཉེས་སོ་ཞེས་དད་པ་མ་རྙེད་པར་མཐོང་ནས། གཉིད་ལོག་པར་བྱས་སོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་རང་གིས་རལ་གྲིས་སྒྲ་བཅད་ཅེ་ན། དེ་ལྟར་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་འམ་ཀླུ་འམ། གནོད་སྦྱིན་ནམ། མི་འམ་ཅི་གང་ཡང་བྱང་ཆུབ་སེམས་དཔས་དཔལ་དང་གཟི་བརྗིད་ཟིལ་གྱིས་མནན་ཏེ། སྒྲ་གཅོད་ནུས་པ་སུ ་ཡང་མེད་ཅེས་རྒྱལ་པོ་ཟས་གཙང་མ་དེས་ཐོས་ན་ཡང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་སྒྲ་གཅད་པར་མཐོང་ནས། ཁྲོ་བར་མི་འགྱུར་ཞིང་སུས་ངའི་བུའི་སྒྲ་གཅད་ཅེས་དེ་ལ་བསད ་པའམ་ཆད་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། ། ཅིའི་ཕྱིར་ན། རྟ་དང་རྒྱན་རྣམས་བྲན་ཙྪན་ད་ཀའི་ལག་ཏུ་བྱིན་ཅེ་ན། ཆོག་ཤེས་པ་དང་། བྱང་ཆུབ་སེམས་དཔའ་གསེར་དངུལ་མི་འདོད། ་ཅིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་རབ་ཏུ་འབྱུང་བར་བསྟན་པའི་ཕྱིར་རོ།། ཡང་བྱང་ཆུབ་སེམས་དཔས་སྐྱེ་བོ་ཕ་མ་དག་བསླབས་དགོས་ཏེ། བསྟན་པ་འདི་ལ་གང་རབ་ཏུ་འབྱུང་བ་དེ་དག་ངའི་རྗེས ་སུ་བསློབ་ཅིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་འཕགས་པའི་རིགས་བཞི་ལ་གནས་ནས། རབ་ཏུ་འབྱུང་བར་འགྱུར་གྱི། ཐོག་མ་ཉིད་ནས་རབ་ཏུ་འབྱུང་བའི་ཚེའི་ཕྱིར་རབ་ཏུ་འབྱུང་བར་མི་འགྱུར ་བར་བྱ་བའི་ཕྱིར་རོ། ། ཡང་རིགས་ཀྱི་བུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྲང་པོ་ཉོན་ཅིག། བྱང་ཆུབ་སེམས་དཔའི་ནི་ལས་ཀྱིས་བསྒྲིབས་པའི་ཉེས་པས་བཀའ་བ་སྤྱོད ་པ་སྤྱད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ནི་ངེས་པར་སེམས་ཅན་རྣམསོ་ལ་ལས་ཀྱི་བྱ་བ་བསྟན་དགོས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་གི་གསུང་རབས་ལ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པར་བལྟའོ། ། ་དགོངས་པའི་ཚིག་ཏུ་བལྟའོ།། བྱང་ཆུབ་སེམས་དཔས་ཇི་ལྟར་དགོངས་ཏེ་ཚིག་དེ་སྐད་སྨྲས་ཤེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དེའི་ཚེ་དེའི་དུས་ན། ཁྱེའུ་སྐར་མ་སྐྱོང་གི་ནེའུ་ལྡང་བྲམ་ཟེའི ་བུ་ཤིང་སྦྲུལ་ཆེན་པོ་ལྟ་བུ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ལྔ་ཡོད་དེ། དེ་དག་སྡིག་པའི་གྲོགས་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་གྱུར ་ནས་རིགས་ཀྱི་བུ་ལྔ་པོ་དེ་དག་སངས་རྒྱས་ཀྱི་བརྟུལ་ཞུགས་ཅན་མ་ཡིན་གྱི། མུ་སྟེགས་ཀྱི་བརྟུལ་ཞུགས་ལྡན་པ། མུ་སྟེགས་ཀྱི་གསང་སྔགས་ལ་བརྩོན་པར་བྱས ་བདག་ཅག་གི་ཡང་བྱང་ཆུབ་ཡོད་དོ། ། བདག་ཅག་ཀྱང་སངས་རྒྱས་སོ་ཞེས་བདག་ཉིད་སྟོན་པར་འཛིན་ཏོ།། དེ་ནས་ཁྱེའུ་སྐར་མ་སྐྱོང་གིས། རིགས་ཀྱི་བུ་ལྔ་པོ་དེ་དག་སྣོང་དུ ་གྱུར་པར་རྟོགས་ནས། མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་ན། དེ་མཐོང་སྟེ་ཅི་རུང་ཞེས་མུ་སྟེགས་ཅན་དེ་དག་གི་དྲུང་དུ་ཚིག་དེ་སྐད་སྨྲས་སོ།། ཁྱེའུ ་སྐར་མ་སྐྱོང་གིས་མུ་སྟེགས་ཅན་དེ་དག་གི་དྲུང་དུ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་ཚིག་དེ་སྐད་སྨྲས་པས་རིགས་ཀྱི་བུ་ལྔ་པོ་དེ་དག་རིམས་ཀྱིས་ཡོངས་སུ་སྨིན ་པར་བྱས་པར་གྱུར་ཏོ། ། འདི་ལྟ་སྟེ། རིགས་ཀྱི་བུ་ཁྱེའུ་སྐར་མ་སྐྱོང་ནེའུ་ལྡིང་ལྔ་པོ་དེ་དག་དང་། སའི་ཕྱོགས་གཞན་ཞིག་ན་འདུག་པར་གྱུར་པའི་དུས་ཀྱི་ཚེ་ཡོད་དེ། ་དེ་ནས་རྫ་མཁན་རྫེའུ་བྱེད་པ་ཞིག་སའི་ཕྱོགས་དེ་གལ་བ་དེར་སོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང ་ཁྱེའུ་སྐར་མ་སྐྱོང་ལ་ཚུར་ཤོག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འདོང་ངོ་ཞེས་དེ་སྐད་ཅེས་སྨྲས་པ་དང་དེ་ནས ་ཁྱེའུ་སྐར་མ་སྐྱོང་འདི་སྙམ་དུ་གྱུར་ཏོ། ། ཀྱེ་མའོ་སེམས་ཅན་འདི་དག་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་ན། གང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ལ། མུ་སྟེགས་ཅན་གྱི་ནི་མི་བསྔགས་པ་བརྗོད་དང་རིགས་ཀྱི་བུ་དེ་དག་དོགས་ཤིང་འོང་དུ་མི་བཏུབ་པར་འགྱུར་རོ་སྙམ་ནས་ཁྱེའུ་སྐར་མ་སྐྱོང་གིས་ཐོག་མའི་ཡི ་ངཔ་དེ་ཉིད་སྲུང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་རྒྱུ་མཐུན་པའི་ཐམས་མཁས་པས་མགོ་རེག་ལ་བྱང་ཆུབ་ཀ་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་དེ་སྐད་ཀྱི་ཚོག་སྦས ་སོ་འཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་རྒྱུ་མཐུན་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་ཏུ་འདུ་ཤེས་པར་མི་འགྱུར། ་སངས་རྒྱས་སུ་འདུ་ཤེས་པ་མེད། སངས་རྒྱས་ཀྱི་ཡེ་ཤེས་སུ་འདུ་ཤེས་པ་མེད། བྱང་ཆུབ་སེམས་དཔར་ཡང་མི་མཐོང་། བྱང་ཆུབ་ནང་དུ་ཡང་མི་མཐོང་། བྱང་ཆུབ་ཕྱི་ལོགས་སུ་ཡང ་མི་མཐོང་། བྱང་ཆུབ་ནང་དང་ཕྱི་ལོགས་སུ་ཡང་མི་མཐོང་སྟེ། བྱང་ཆུབ་ནི་ཤིན་ཏུ་སྟོང་ངོ་སྙམ་དུ་སེམས་ཤིང་། ཁྱེའུ་སྐར་མ་སྐྱོང་དེས་ཆོས་ཐམས་ཅད་མ་དམིགས་ནས་ཐབས་མཁས་པས་མགོ།། ་#། རེག་ལ་བྱང་ཆུབ་ཀ་ལ་ཡོད།། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ།། དེ་ནས་ཁྱེའུ་ཀར་ས་དང་ནེའུ་ལྗང་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་ཆུ་འགྲམ་ཞིག་ནཀཿ། ་པ་དང་དེ་ནས་སངས་རྒྱས་ཀྱི་མཐུས་རིགས་ཀྱི་བུ་ལྔ་པོ་དེ་དག་ཀུན་འདུལ་བའི་དབང་དུ་བྱ་བའི་ཕྱིར་རྫ་མཁན་རྗེའུ་བྱེད་པས། སྐར་མ་སྐྱོང་མི་འགྲོ་བ་དང་སྒྲ་ནས་བཟུང་སྟེ། ཡང་དག་པར ་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ། གཞོན་ནུ་ལྔ་པོ་དེ་དག་གིས་ཀྱང་རྫ་མཁན་རྫེའུ་བྱེད་པ་དེ་ལ་ཕྲུགས་མ་བྱེད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ ་དེར་ཕྱིར་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་མ་ཐག་ཏུ་སྔོན་གྱི་དེ་བཞིན་གཤེགས་པའི་རྩ་བའི་རྒྱུན་གྱིས་དད་པ་རྙེད་དོ།། ་དེ་དག་དད་པ་རྙེད་ནས་ཁྱེའུ་སྐར་མ་སྐྱོང་ལ་འདི་འདྲ་བའི་སྟོན་པ་བཞུགས་ན། ཐོག་མར་མི་སྦྲན་པར་ཞེས་གཤེ་བར་གྱུར་ཏོ།། དེ་ནས་བྲམ་ཟེའི་བུ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལྔ་པོ ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔལ་དང་གཟི་བརྗིད་དང་། སྤོབས་པ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་དོ། ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཅི་ནས་ཀྱང་རིགས་ཀྱི་བུ་ལྔ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད ་བ་ཐོབ་པར་འགྱུར་བའི་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི་རྣམ་གྲངས་བཤད་དོ། ། རིགས་ཀྱི་བུ་དེ་འདི་ལྟ་སྟེ། ང་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ལུང ་བསྟན་ཏོ། ། རིགས་ཀྱི་བུ་གལ་ཏེ་ཁྱེའུ་སྐར་མ་སྐྱོང་གིས་དེ་བཞིན་གཤེགས་པ་འོད་སྲུང་གི་བསྔགས་པ་བརྗོད་དུ་ཟིན་ན། རིགས་ཀྱི་བུ་ལྔ་པོ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འགྲོ་བའི་གནས་དང་སྐབས་མེད་དེ། རིགས་ཀྱི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་དང་བྱང་ཆུབ་ལ་ཐེ་ཙོམ་མེད་མོད་ཀྱི ་བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུ་མཐུན་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་ནོ་ཞེས་དེ ་སྐད་ཀྱི་ཚིག་སྨྲས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཀྱང་སྨིན་པར་བྱ་དགོས་ལ། ལས་ཀྱི་རྣམ་པར་སྨིན ་པའང་བསྟན་དགོས་པས། ལས་དེའི་ཕྱིར་ངས་དཀའ་བ་སྤྱོད་པ་སྤྱད་དེ། སེམས་ཅན་གཞན་དག་མི་ཤེས་པར་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་དག་མཐོང་ནས ་ཚིག་ཏུ་སྨྲ་བ་མི་འགྱུར་བ་དང་། ཤེས་སམ་མི་ཤེས་ཀྱང་རུང་སྟེ། སྨྲས་ན་དེའི་ཕྱིར་དེ་དག་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་མི་བདེ་བ་དང་། སྡུག་བསྔལ་བ་དང་། ལྟུང་བར་འགྱུར ་རོ་ཞེས་སེམས་ཅན་དེ་དག་གི་ལས་ཀྱི་བྱ་བ་ཡང་བསྟན་པའི་ཕྱིར་རོ། ། དེ་བཞིན་གཤེགས་པ་དེ་ལས་སྟོན་མོད་ཀྱིས། བྱང་ཆུབ་སེམས་དཔའི་ལས་ཀྱི་སྒྲིབ་པ་ནི་གང་ཡང ་མེད་དོ། ། ཡང་ཚུལ་ཁྲིམས་དང་ལྡན་པ་ལ་གང་དག་གིས་ཚིག་རྩུབ་པོ་སྨྲས་ནས། བདག་ཅག་ནི་རྣམ་པར་གྲོལ་བའི་སྐལ་བ་མེད་དོ་སྙམ་སྟེ་འགྱོད་པ་ལ་གནས་ཤིང་། ཕྱིན་ཆད་མི་བརྩོན་པའི ་སེམས་ཅན་དེ་དག་གི་ཐེ་ཙོམ་གསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པས་དེ་སྐད་ཀྱིས་ཚིག་སྨྲས་ན། དེ་ཡང་རྣམ་པར་གྲོལ་བའི་ཕྱིར་སྐལ་བ་ཡོད་ན། ་བདག་ཅག་མི་ཤེས་པ་ལྟ་ཅི་སྨོས་ཞེས་དེ་དག་ཉེས་པ་དེ་འཆགས་ཤིང་གཞན་དག་ཀྱང་མི་བྱེད་པའི་ཕྱིར་དེ་སྐད་ཀྱིས་ཚིག་སྨྲས་སོ།། ཡང་རིགས་ཀྱི་བུ་མུ་སྟེགས་ཅན་རྣམས་གདུལ་བའི་ཕྱིར་ངས་ལོ ་དྲུག་ཏུ་དཀའ་བ་སྤྱད་ཀྱིས་སྒྲིབ་པའི་ཕྱིར་ནི་མ་ཡིན་ནོ། ། དགེ་སྦྱོང་དང་བྲམ་ཟེ་དག་ཏིལ་དང་རྒྱ་ཤུག་དང་འབྲས་ཀྱི་འབྲུམ་བུ་རེ་རེ་ཟ་བས། ལོ་དྲུག་འདས་པར་བྱས་ཏེ་དེ་ཡང་འཕགས་པའི་ལམ་མ ་ཐོབ་ནས། ཟས་ངན་པས་རྣམ་པར་དག་པར་མི་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན ་ཏུ་དཀོན་ནོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ། ལས་ཀྱི་བྱ་བ་དེ་ལ་དམིགས་ཤིང་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་སྤྱད་དེ། བྱང་ཆུབ་སེམས་དཔས་ལོ་དྲུག་གིས་དམན་པ་ལ་དད་པའི་ལྷ་དང་ཕྱི་རོལ ་དྲང་སྲོང་འབུམ་ཕྲག་ལྔ་བཅུ་རྩ་གཉིས་ཀྱིས་ཡེ་ཤེས་རྟོགས་པའི་དོན་བྱས་པར་གྱུར་ཏོ། ། དེ་དག་ཀྱང་དམན་པ་ལ་སྤྱོད་པས་ཡོངས་སུ་སྨིན་པར་བྱས་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས ་དཔའི་ཐབས་མཁས་པར་ཤེས་པར་བྱའོ། ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ལུས་རིང་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མི་འགྲོ་བར་ཟས་ཟོས་ལ་སྟོབས་དང་མཐུ་བསྐྱེད་དེ་འགྲོའོ་ཞེ་ན། ་བྱང་ཆུབ་སེམས་དཔའ་ནི་ཟས་མེད་པར་ལུས་རིད་པར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་མོད་ཀྱི། བྱང་ཆུབ་སེམས་དཔས་ཕྱི་མའི་སྐྱེ་བོ་དག་ལ་སྙིང་བརྩེ་བའི་ཕྱིར། ཟས་ཟོས་ཏེ། ་སེམས་ཅན་མི་མཁས་པ་ཟས་མེད་པར་ཡེ་ཤེས་ཚོལ་བར་མི་འགྱུར་བར་བྱེད་དེ། དེ་དག་བཀྲེས་པས་ཉེན་ན་ཡེ་ཤེས་སྒྲུབ་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བདེ་བར་གྱུར་པ་རྣམས་ནི་ཆོས་མངོན ་པར་སྨྲའི་སྡུག་བསྔལ་བ་རྣམས་མ་ཡིན་ཏེ། ཅི་ནས་ཀྱང་ངའི་རྗེས་སུ་སློབ་ཅིང་སེམས་ཅན་དེ་དག་བདེ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཟས་ཟོས་སོ།། གྲོང་གི། ་བུ་མོ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱང་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་དེའི་ཟས་ཟོས་ཏེ་བྱང་ཆུབ་ཐོབ་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་གཅིག་གིས་བསྐལ་པ་སྟོང་དུ ་འདུག་ནུས་སོ། ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྩཝ་དག་ཚོལ་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། རྩཝའི་གདིང་བ་ལ ་དགྱེས་ཀྱི་སྟན་ལ་དགྱེས་པར་མི་མཛད་པས། ཆོག་ཤེས་པར་བྱ་བ་དང་། རྩ་བུན་བཀྲ་ཤིས་ལྡན་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་བྱང ་ཆུབ་སེམས་དཔའ་ལ་རྩཝ་ཕུལ་བས་རིགས་ཀྱི་བུ་དེ་ནི་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འགྱུར་བར་ངས ་དེ་ལ་ལུང་བསྟན་ཏོ། ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འདུད ་ལ་སྡོད་ཅེ་ན། རིགས་ཀྱི་བུ་བདུད་སྡིག་ཅན་ནི་བྱང་ཆུབ་སེམས་དཔས་སྐབས་མ་ཕྱེ་མ་བསྐུལ་བར་འོང་བའི་གནས་དང་སྐབས་མེད་དེ། དེ་ལྟ་བུའི་གནས་མེད་ཀྱང་རིགས་ཀྱི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དབང་དང་ལྡན་པ་གང་ཡིན། སེམས་ཅན་འདི་དག་བདུད་སྡིག་ཅན་དེའི ་དྲུང་དུ་འགྲོ་བར་མཐོང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་གྱུར་ཏོ།། གང་བདག་ནི་དེ་ཉིད་དང་འཐབ་པར་བྱའོ།། དེ་བཏུལ་ན་འདོད་པའི་ཁམས་ཐམས་ཅད་བཏུལ་བར་འགྱུར་རོ།། ལྷའི ་འཁོར་ཆེན་པོ་འདུལ་བར་འགྱུར་རོ། ། བདུད་ཀྱི་འཁོར་དང་གནོད་སྦྱིན་གྱི་འཁོར་དང་། སྲིན་པོའི་འཁོར་དང་། ཀླུའི་འཁོར་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམ་པར་རོལ་པ་འདི་མཐོང་ནས།། བྱང ་ཆུབ་ཏུ་སེམས་བསྐྱེད་པར་འགྱུར། དད་པ་རྙེད་པར་འགྱུར་རོ།། གང་ཆུང་ངུ་ན་ཐོས་པ་འམ། མཐོང་ན་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་རོ།། རིགས་ཀྱི་བུ་དེ་ནས་བྱང་ཆུབ། ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ནས་སོང་བས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་སྲུང་། འོད་དེས་བདུད་ཀྱི་ཁང་པ་ཐམས་ཅད་ཀྱང་མོག་མོགོ་བོར་བྱས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་ཀྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། འོད་ཟེར་དེ་ལས་ཤཱཀྱའི་བུ་འདི་ནི་ཤཱཀྱའི་རིགས་ལས་ཁྱིམ་ནས་མངོན་པར་བྱུང་སྟེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱའོ། ། ཁྱོད་ཀྱི་ཡུལ་ལས་འདའ་བར་བྱེད་དོ།། སེམས་ཅན་དཔག་ཏུ་མེད་པ་གཞན་ཡང་འབྱིན་པར་བྱེད་དོ།། བདུད་ཀྱི་གཡོག་མེད་པར་འགྱུར་གྱིས་སོང་ལ་དེ་དང་འཐབ་མོ་ཁྱེ་ཤིག་ཅེས ་དེ་སྐད་ཟེར་བའི་སྒྲ་བྱུང་བ་དང་། རིགས་ཀྱི་བུ་དེ་ལྟར་བདུད་བསྐུལ་མ་ཐག་ཏུ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་བཏབ་པར་གྱུར་ནས། དེ་དེའི་ཚེ་དཔུང་གི་ཚོགས་ཡན་ལག་བཞི་པ་བཤམས་ནས། དཔག ་ཚད་སུམ་ཅུར་བདུད་ཀྱི་སྡེས་གང་བར་བྱས་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བ་དང་། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་ལ་གནས་ཤིང ་རིན་པོ་ཆེའི་བསོད་ནམས་ལས་སྐྱེས་པའི་ཕྱག་གིས་བདུད་ཀྱི་སྡེ་ཕམ་པར་བྱས་ནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་བརྒྱད ་ཅུ་རྩ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ།། ཅིའི་ཕྱིར་ན ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས། ཉི་མ་བདུན་དུ་སྐྱིལ་མོ་ཀྲུང་མ་ཤིག་ཅིང་། ཤིང་གི་རྒྱལ་པོ་ལ་མིག་མི་འཛུམས་པར་ལྟ་ཞེ་ན། ་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་སྤྱོད་ལམ་ཞི་བ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་སྐྱིལ་མོ་དཀྲུང་བཅས་ཤིང་བཞུགས་པ་མཐོང་ནས་ཆེར་དགའ་བར་གྱུར་ཏོ།། དེ་དགའ ་ཞིང་རབ་ཏུ་མགུ་བ་སྐྱེས་ནས། གང་བདག་ཅག་གིས་དགེ་སྦྱོང་གོའུ་ཏ་མའི་སེམས་གང་ལ་གནས་པ་བཙལ་ལོ་སྙམ་དུ་གྱུར་ནས། དེ་དག་གིས་ཉིན་ཞག་བདུན་དུ་བརྟགས་ཀྱང་སེམས ་ཀྱི་གནས་གཅིག་ཀྱང་མ་རྙེད་དོ། ། དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་ཤིན་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། བདག་ཅག་ཀྱང ་མ་འོངས་པའི་དུས་ན་འདི་འདྲ་བར་རབ་ཏུ་ཞི་བའི་སྤྱོད་ལམ་དང་མ་བྲལ་བར་གནས་ཤིང་དེ་ལྟར་བྱང་ཆུབ་ཀྱི་ཤིང་ལ་ལྟ་བར་བྱའོ་སྙམ་མོ། ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་ཐོབ་ནས། ཉི་མ་བདུན་དུ་དཀྱིལ་མོ་ཀྲུང་མ་བཤིག་ཅིང་མིག་མ་བཙུམས་པར་ཤིང་གི་རྒྱལ་པོ་ལ་བལྟའོ།། ཅིའི་ཕྱིར་དེ་བཞིན་ག ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས། སེམས་ཅན་གྲངས་མེ་དཔག་ཏུ་མེད་པ་དབུགས་ཕྱུང་ཞིང་གཉེར་བར་བྱས་ནས། ཚངས་པས་མ་གསོལ་བར་ཆོས་མི་འཆད་ཅེ་ན ་འདི་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ལྷ་དང་མི་དག་ཕལ་ཆེར་ཚངས་པ་ལ་བརྟེན་ཏེ། བདག་ཅག་ནི་ཚངས་པས་སྐྱེད་པའོ།། འཇིག་རྟེན་ན་ཚངས་པ་མ་གཏོགས་པར་སྟོན་གཞན་མེད ་དོ་སྙམ་དུ་འཛིན་པས་དེ་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། གང་ངས་ཚངས་པ་དགུག་གོ།། ཚངས་པས་ང་ལ་བསྟོད་དོ།། ཚངས་པས་ཕྱག་འཚལ་བ་དང་། ལྷ་དང་མི་ཚངས་པ་ལ་རྟེན་པ་ཐམ ་ཅད་ཕྱག་འཚལ་བར་འགྱུར་རོ། ། ཆོས་ལེན་པར་སེམས་པར་འགྱུར་རོ།། དེ་བས་ན་གསོལ་ནས་དེ་བཞིན་གཤེགས་པ་འཆད་ཀྱི་མ་གསོལ་བར་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པའི་མཐུ་ཉིད་ཀྱིས་ཚངས ་པའི་ཆོས་གསོལ་བའི་ཕྱིར། དེ་བཞིན་གཤེགས་པའི་དྲུང་དུ་སོང་གི་ཚངས་པ་ཉིད་ཀྱི་བདག་གིས་དེ་བཞིན་གཤེགས་པ་ལ་ཆོས་གསོལ་ལོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་ཡང་མེད་དེ། ཚངས ་པ་ལ་རྟེན་པའི་སེམས་ཅན་རྣམས་ཚངས་པ་ལ་བརྟེན་པ་དང་བྲལ་བའི་ཕྱིར། དེ་བཞིན་གཤེགས་པས་ཚངས་པ་བཀུག་སྟེ། གང་གི་ཚེ་ན་ཚངས་པ་ཆེན་པོས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར ་བར་གསོལ་པ། དེའི་ཚེ་ན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་དེ་ཉིད་འཚོའོ།། དེ་ཉིད་མཆོག་གོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། རིགས་ཀྱི་བུ་དེ་བཞིན ་གཤེགས་པས་ལས་ཀྱི་རྒྱུད་བཅུ་བསྟན་པ་དེ་ལ་ཡང་ཐབས་མཁས་པར་བལྟའོ། ། དགོངས་པའི་ཚིག་ཏུ་ཡང་ཤེས་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་དཔེར་ན་མི་དགེ ་བའི་རྩ་བ་སྐྲའི་རྩེ་མོའི་ཆ་ཤས་ཙམ་དང་ཡང་ལྡན་ཞིང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བའི་སྐབས་མེད། དེ་ལྟ་བུའི་གནས་མེད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་དཀར་པོ་ཐམས་ཅད་དང ་ལྡན་ཞིང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་པས། དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱར་བ་སྤངས་པ་ཡང་མེད། ལས་ཀྱི་སྒྲིབས་པས་ཉེས་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད ་མོད་ཀྱི། སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་སྟོར་བ་ལྔས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པས། སེམས་ཅན་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ལས ་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་རྗེ་ང་ཉིད་ལ་ཡང་ལས་ཀྱི་རྣམ་པར་སྨིན་པ་འབྱུང་ན། ཁྱེད་ལྟ་ལ་ཅིའི་ཕྱིར་སྨིན་པར་མི་འགྱུར་ཞེས་དེ་དག་ལ་སྟོན་མོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད ་ཀྱང་མེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། སློབ་དཔོན་ཡི་གེ་དང་ཕྱག་རྒྱ་བསླབས་པས་བྱིས་པ་ལ་བསྟན་པའི་ཕྱིར་བྱིས་པ་བཟློས་སུ་བཞུག་པའི་ཚུལ་གྱིས་ཡི་གེའི་ཕྱི་མོ་ཀློག་མོད་ཀྱི་དེ་ལ་མི་ཤེས་པ་ཡང ་མེད་ལས་ཀྱི་སྒྲིབ་པ་ཡང་མེད་དེ། ཅི་ནས་ཀྱང་བྱིས་པ་དག་བདག་ལས་ཐོས་ནས་བསླབ་པར་འགྱུར་བར་ཡི་གེ་ཕྱི་མོ་ཀློག་གོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ། ་ལས་ཀྱི་སྒྲིབ་པ་ཡོངས་སུ་དག་མོད་ཀྱི། ཅི་ནས་ཀྱང་སེམས་ཅན་གཞན་དག་ལས་ཡོངས་སུ་དག་པར་འགྱུར་བར་དེ་ལྟར་འཆད་དོ།། དེ་ལྟར་ཆོས་སྟོན་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ། ནད་ཐམས་ཅད་ཤིན་ཏུ་ནི། ་བར་བྱ་བའི་བསླབས་པའི་སྨན་པ་ནི་ནད་མེད་ཅིང་། སེམས་ཅན་ནད་པ་རྣམས་ཀྱི་མདུན་དུ་སྨན་ཚ་བ་དེ་དག་བཞག་ནས། དེ་དག་ནད་ལས་ཡོངས་སུ་ཐར་བར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས ་པ་ཡང་སྨན་པའི་རྒྱལ་པོ་སྟེ། ནད་ཐམས་ཅད་ཡོངས་སུ་ཐར་ཅིང་སྒྲིབ་པ་མེད་པ་ཐོབ་ནས། ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་འདི་ནི་ཡིན་ནོ་ཞེས་ལས་སྟོན་ཅིང་། ཇི་ལྟར་ན་སེམས་ཅན་ལས་ཀྱིས ་འཇིགས་ཤིང་སྐྲག་པ་རྣམས་དང་ཡིད་ཡོངས་སུ་དག་པར་འགྱུར་ཞེས་ཆེད་དུ་ནད་སྟོན་ཏོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་བྱུང་ནས། རིང་པོར་མ་ལོན་པ་དེ་ལ་ཕ་དང་མས་བྱིན་པའི་མ་མ ་ཡོད་དེ། དེ་ནི་མ་མ་དེ་ཁྱེའུ་དེའི་འོ་མ་དག་པར་བྱ་བའི་ཕྱིར་ནད་མེད་བཞིན་དུ་ཚ་བ་དང་ཁ་བའི་སྨན་དེ་དག་ཏུ་འཐུང་ངོ་།། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕ་དེ་བཞིན་གཤེགས་པ་ཡང་ལས་ཀྱི ་བྱ་བ་རབ་ཏུ་སྟོན་པའི་སེམས་ཅན་རྣམས་གཟིགས་ནས་ནད་མེད་པར་གྱུར་བཞིན་དུ། ང་ལས་ཆེ་གེ་མོ་ཞིག་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་འདི་ཡིན་ནོ་ཞེས་ནང་སྟོན་ཅིང་དེ་དག་སེམས་ཅན་རྣམས ་ཀྱིས་ཐོས་ནས་སྐྱོ་བ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་ཐབས་མཁས་པར་ཤེས་པར་བྱའོ།། རིགས་ཀྱི་བུ་སྔོན་འདས་པའི་དུས་ན། ཚོང་པ་ནོར་འདོད་པའི་ཕྱིར་རྒྱ་མཚོ་འཆིང་རྣམ་ཆེན་པོ། ་ཞུགས་པ་ལྔ་བརྒྱ་ཙམ་ཡོད་དེ། ཡང་དེའི་ཚེ་ན་ལམ་གྲོགས་དེ་དག་གི་ནང་ན། མི་ལས་ངན་པ་ཅན་སྡིག་པའི་ལས་ཅན། མདའ་དང་མཚོན་ལ་བསླབ་པ། རྐུབ་ཕ་རོལ་གྱི ་ནོར་འཕྲོག་པ་ཚོང་པའི་ཚུལ་དུ་འདུག་པ་ཞིག་ཡོད་དེ། ཤིན་ཏུ་བརྟུལ་བའི་ཕྱིར་གྲུ་དེ་ཞུགས་པར་གྱུར་ཏོ།། དེ་ནས་མི་གཡོ་ཅན་དེ་ནི་བདག་གིས་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས ་ཅང་ཁྱེར་ཏེ། འཛམ་བུ་གླིང་དུ་འགྲོའོ་སྙམ་དུ་སེམས་པར་གྱུར་ཏོ།། ཡང་དེའི་ཚེ་ན་ལམ་གྲོགས་ཀྱི་གྲུ་ན་འདུག་པ་དེ་དག་གི་ནང་ན། དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བ་ཞིག་ཡོད་དོ།། ་དེ་ནས་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེ་གཉིད་ལོག་པའི་རྨི་ལམ་དུ་གང་རྒྱ་མཚོ་འཚང་རྣམ་ཆེན་པོ་དེ་ན། ལྷ་འདུག་པ་དག་གིས་ལམ་གྲོགས་ཀྱི་གྲུ་འདི་ན། མི་མིང་འདི་ཞེས་བྱ་བ་འདི་ལྟ་བུ་བསླུ་བར ་བྱེད་པ་གཞན་གྱི་ནོར་འཕྲོག་པ་ཞིག་ཡོད་དེ། དེ་ནི་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ། ནོར་ཐམས་ཅད་ཁྱེར་ཏེ་འཛམ་བུ་གླིང་དུ་འགྲོའོ་སྙམ་དུ་སེམས་ཀྱིས། དེ་བས་ན་མི་འདིས་ནི་ཚོང་པ་འདིས ་དག་གསོད་པར་འགྱུར་རོ། ། སྡིག་པའི་ལས་མི་བཟད་པར་བྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཚོང་པ་ལྔ་བརྒྱ་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་བྱང་ཆུབ ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིན་ཏེ། གལ་ཏེ་མི་དེས་བྱང་ཆུབ་སེམས་དཔའ་དེ་དག་གསད་དུ་ཟིན་ན། དེ་ལས་ཀྱི་སྒྲིབ་པའི་ཉེས་པ་འདིས་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཡང་བྱང་ཆུབ་སེམས ་དཔའ་རེ་རེའི་ཕྱིར་ཞིང་ཇི་སྲིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་པར་འགྱུར་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོར་ཚོ་བར་འགྱུར་ཏེ། དེ་ལ་དེད་དཔོན་ཁྱོད་ཀྱིས། ་ཅི་ནས་ཀྱང་མི་འདི་ཡང་དེ་ལྟར་སེམས་ཅན་དམྱལ་བར་མ་སོང་བ་དང་། དེ་དག་ཀྱང་གསོད་པར་མི་འགྱུར་བ་དེ་འདྲ་བའི་ཐབས་སོམས་ཤིག་ཅེས་རྨི་ལམ་དུ་བསྟན་ཏོ།། རིགས་ཀྱི་བུ་དེ་ནས ་དེད་དཔོན་དེ་འདི་སྙམ་དུ་གྱུར་ཏེ། ཚོང་པ་འདི་དག་ཀྱང་མི་གསོད་ལ། མི་འདི་ཡང་སེམས་ཅན་དམྱལ་བར་མི་སོང་བར་བདག་གིས་བྱ་བའི་ཐབས་གང་ཡོད་ཅེས་སེམས་པར་གྱུར་ཅིང་། གཞན ་ལ་ཡང་ཅུང་ཟད་ཀྱང་མི་སྨྲ་བ་ལས་ཞག་བདུན་རླུང་མ་བླངས་ནས། ཞག་བདུན་འདས་པ་དང་། དེ་འདི་སྙམ་དུ་གྱུར་ཏེ། མི་འདི་སྲོག་དང་བྲལ་བ་ལས་ཐབས་གཞན་མེད་དོ་སྙམ་ནས་དེ་འདི་སྙམ་དུ ་སེམས་ཏེ། གལ་ཏེ་ཚོང་པ་ཐམས་ཅད་ལ་སྤུན་དང་། དེ་དག་ནི་མི་དགེ་བའི་སེམས་ཀྱིས་མི་བསད་ཅིང་དེ་དག་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་གྱུར་དུ་འོང་ངོ་སྙམ་ནས། གལ་ཏེ་བདག་གི ་མི་འདི་སྲོག་དང་ཕྲལ་ཏེ། དེའི་ཕྱིར་བདག་སེམས་ཅན་དམྱལ་བར་སྐྱེས་ཀྱང་བསྐལ་པ་བརྒྱ་སྟོང་དུ་ཕྱི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་བཟོད་ཀྱི། མི་འདིས་ཚོང་པ་འདི་དག་བསད་ནས་སྡིག་པ ་འཕེལ་བར་མ་གྱུར་པར་བྱའོ་སྙམ་དུ་སེམས་སོ། ། རིགས་ཀྱི་བུ་དེ་འདི་ལྟ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེས་བྱང་ཆུབ་སེམས་དཔའ་དེ་དག་བསྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་དེས་དང་ཐབས ་མཁས་པ་དེས་ཆེད་དུ་བསམས་ཏེ། མི་དེ་མཚོན་ཤ་ག་ཏིས་བསད་དོ།། ང་ནི་དེའི་ཚེ་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བར་གྱུར་ཏེ། རིགས་ཀྱི་བུ་ངས་ནི་ཐབས་མཁས ་པ་དེ་དང་སྙིང་རྗེ་ཆེན་པོ་དེས་བསྐལ་པ་བརྒྱ་ཕྲག་སྟོང་དུ་འཁོར་བ་ལ་རྒྱད་ཀྱིས་ཕྱོགས་པར་བྱས་སོ། ། མི་དེ་ཡང་ཤི་འཕོས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ།། གང་ཚོང་པ་ལྔ་བརྒྱ་པོ་གྲུར་ཞུགས་པ་དེ་དག ་ནི་ཕྱིས་བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བའོ། ། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། གང་གིས་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཐབས་མཁས་པའི་ཡེ་ཤེས་ཀྱིས་འཁོར་བ་ལ་རྒྱབ་ཀྱིས ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་ཡོད་དམ། རིགས་ཀྱི་བུ་ཁྱོད་དེ་ལྟར་མ་ལྟ་ཞིག། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་ལས ་ཀྱི་བྱ་བ་སྟོན་ཏོ། ། གང་གི་ཚེ་ན་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་བུ་ཟུག་པ་དེ་ཡང་སངས་རྒྱས་ཀྱི་མཐུ་ཡིན་པར་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེའི་སྐུ་ཡིན་མོད་ཀྱི། རིགས་ཀྱི་བུ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན། སྐྱེས་བུ་སྲིད་པ་ཐ་མར་གྱུར་པ་ཉི་ཤུ་དང་། སྐྱེས་བུ་ཉི་ཤུ་པོ་དེ་དག་གི ་དགྲ་བོ་སྐྱེས་བུ་ཉི་ཤུ་ཡོད་དེ། དེ་ནས་སྐྱེས་བུ་དགྲ་བོ་ཉི་ཤུ་པོ་དེ་དག་བདག་བདག་གི་གཡོས་དགྲ་བྱེད་པ་བདག་ཅག་ནི་མཛའ་བོ་ལྟར་བྱས་ལ་ཁྱིམ་དུ་སོང་ནས། སྲོག་དང་དཔྲལ་ལོ་སྙམ་དུ་དེ་ལྟར་རྟོག་ཅིང ་གཅིག་ལ་གཅིག་ཀྱང་མི་སྨྲའོ། ། རིགས་ཀྱི་བུ་དེ་ནས་སྲིད་པའི་ཐ་མར་གྱུར་པའི་སྐྱེས་བུ་ཉི་ཤུ་པོ་དང་། གང་སྐྱེས་བུ་དེ་དག་གསོད་པར་བྱེད་པའི་དེ་རྣམས་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དེ ་ག་ལ་བ་དེར་དོང་ངོ་། ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སྐྱེས་བུ་བཞི་བཅུ་པོ་དེ་དག་གདུལ་བའི་དབང་དུ་བྱ་བ་དང་། དེའི་ཚེ ་འགྲོ་བ་མང་པོ་ཡང་འདུལ་བའི་དབང་དུ་བྱ་བའི་ཕྱིར། མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་འདི་ནས་ས་ཆེན་པོ་ལས་སེང་ལྡེང་གི་ཚལ་པ་འབྱུང་སྟེ། དེ་ནི་དེ་བཞིན ་གཤེགས་པའི་ཞབས་གཡས་པ་ལ་ཟུག་པར་འགྱུར་རོ། ། དེ་བཞིན་གཤེགས་པས་དེ་སྐད་ཀྱི་ཚོགས་གསུངས་ནས། རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལ་ས་ཆེན་པོ་ལ་སེང་ལྡེང་གི་ཚལ་པ་མཐོ ་གང་ཙམ་བྱུང་ངོ་། ། དེ་ནས་དེ་བཞིན་གཤེགས་པ་ལ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་བདག་གིས་སེང་ལྡེང་གི་ཚལ་པ་འདི་འཇིག་རྟེན་གྱི་ཁམས་གཞན་དུ ་དོར་རོ་ཞེས་དེ་སྐད་གསོལ་པ་དང་། ངས་དེ་ལ་མོའུ་འགལ་གྱི་བུ་ཁྱེད་ཀྱིས་མི་ནུས་སོ་ཞེས་དེ་སྐད་སྨྲས་སོ།། རིགས་ཀྱི་བུ་དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས་ཅི་ནས་ཀྱང་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་འགྱུར་བ་དང་། གྱེན་དུ་འཕགས་པར་འགྱུར་བ་དེ་འདྲ་བའི་ཤུགས་སེང་ལྡེང་གི་ཚལ་པ་ནི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་འཕགས ་། སོ་དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་པ་དང་། སེང་ཕྲེང་གི་ཚུལ་པ་ཡང་ཚངས་པའི་འཛག་རྟེན་དུ་མངོན་པར་འས ་སོ། ། དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་སྔ་མཁོ་བཞིན་དུ་འདུག་གོ།། དེ་བཞིན་དུ་རྒྱ་མཚོ་འཚང་རྣམ་ཀྱི་དབུས་སུ་བཞུགས ་པ་དང་། སེང་ལྡེང་གི་ཚལ་པ་ཡང་དེ་ན་འདུག་གོ།། ཡང་དེ་བཞིན་གཤེགས་པ་རིའི་བྲག་ཏུ་གཤེགས་པ་དང་། དེ་ནའང་སེང་ལྡེང་གི་ཚལ་བ་འདུག་གོ།། དེ་ནས་དེ་བཞིན ་གཤེགས་པ་གདན་ལ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་སྔ་མ་ཁོ་བཞིན་དུ་འདུག་ནས། དེ་བཞིན་གཤེགས་པས་ཕྱག་གཡས་པས་ཞབས་གཡས་པ་བཟུང་སྟེ། སེང་ལྡེང་གི་ཚལ ་པའི་སྟེང་དུ་བཞག་གོ། ། དེ་ནས་ངལ་ཚེ་དང་ལྡན་པ་དགའ་བོས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་འཕྲིན་ལས་གང་བགྱིས་ན་དེའི་རྣམ་པར ་སྨིན་པ་འདི་ལགས། ངས་དེ་ལ་དགའ་བོ་སྔོན་ང་རྒྱ་མཚོ་འཆིང་རྣམ་ཆེན་པོར་སོང་བ་དང་། མཚོན་ཤག་ཏིས་ཚོང་པ་བསད་པ་དེའི་ལས་ཀྱི་རྣམ་པར་སྨིན་པའི་ལྷག་མ་འདི་ཡིན་ནོ་ཞེས་དེ་སྐད་སྨྲས་སོ།། ་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ།། གང་དུ་གནས་ཀྱང་ལས་རྣམས་མི་འབྱུང་བ།། དེ་ལྟ་བུ་ཡིས་ཕྱོགས་ཡོངས་མེད་དེ།། བར་སྣང་མ་ཡིན་རྒྱ་མཚོའི་དབུས་མ ་ཡིན། ང་རི་ཡི་བྲག་ཏུ་ཞུགས་ཀྱང་མ་ཡིན་ནོ།། རིགས་ཀྱི་བུ་དེ་ནས་མི་ཉི་ཤུ་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ལའང་རྣམ་པར་སྨིན་པར་འགྱུར་ན། དབདག་ཅག་ལྟ ་ཅིའི་ཕྱིར་རྣམ་པར་སྨིན་པར་མི་འགྱུར་སྙམ་ནས། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར། བཅོམ་ལྡན་འདས་བདག་ཅག་གིས་གདོན་མི་འཚལ་བར་སྲོག་བཅད་པར་བགྱིས་སྟེ། དེ་བཞིན ་གཤེགས་པའི་སྤྱན་སྔར་ནོངས་པ་བཤགས་སོ་ཞེས་ཉེས་པ་བཤགས་པ་དང་། ཅི་ནས་ཀྱང་སྐྱེས་བུ་བཞི་བཅུ་པོ་དེ་དག་ཡེ་ཤེས་རྟོགས་པར་འགྱུར་བ་དང་། སྲོག་ཆགས་སུམ་ཁྲི་ཉིས་སྟོང་རྡུལ་མེད་ཅིང ་དྲི་མ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མི་རྣམ་པར་དག་པར་འགྱུར་བ་དང་། ལས་ཟད་པར་བྱ་བའི་ཕྱིར་ལས་ལས་བརྩམས་ནས། དེ་ལྟར་དེ་བཞིན་གཤེགས་པས་ཆོས་བཤད་དེ། རྒྱུ་དེ་དང་རྐྱེན་དེའི་ཕྱིར ་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་སྟེ། དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་མ་ཡིན་ནོ།། ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་ནད་དང ་བྲལ་བ་སྨན་པ་འཚོ་བྱེད་ཀྱི་དྲུང་དུ་མེ་ཏོག་ཨུཏྤ་ལའི་བཀྲུ་སྨན་ལ་སྣོམ་པར་མཛད་ཅེ་ན། དེའི་ཚེ་ན་སོ་སོར་ཐར་པ་དང་བཅས་ནས་རིང་པོ་མ་ལོན་པར་དགེ་སློང་སོ་སོའི་སྐྱེ་བོ་སྲིད་པ་ཐ་མར་གྱུར་པ་ལྔ་བརྒྱ ་ནགས་སྟུག་པོ་ཞིག་ན་འཁོད་པ་ལས་དེ་དག་སྨན་ཁུ་བ་ཕྱུང་བས་ཞི་བར་བྱ་མི་ནུས་པ་དེ་འདྲ་བའི་ནད་ཀྱིས་བཏབ་པར་གྱུར་ནས། དེ་དག་དེ་བཞིན་གཤེགས་པ་ལ་གུས་པས་སྨན་གཞན་ཡང་མི་ཚོལ ་ལོ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་པར་འགྱུར་ཏེ། ངས་ཀྱང་མ་གནང་ལ་དགེ་སློང་དེ་དག་ཀྱང་སྨན་ཚོལ་བར་འགྱུར་བ་དེ་ལྟ་བུའི་ཐབས་ཅི ་ཡོད་སྙམ་མོ། ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པས་གནང་དུ་ཟིན་ན་ནི། དེའི་ཕྱིར་དུས་ཕྱི་མ་ལ་འཕགས་པའི་རིགས་ཉམས་པར་འགྱུར་རོ།། དེ་བས་ན་དེ་བཞིན་གཤེགས ་པ་ཐབས་མཁས་པས་སྨན་པ་འཚོ་བྱེད་ཀྱི་དྲུང་དུ་མེ་ཏོག་ཨུཏྤ་ལའི་བཀྲུ་སྨན་ལ་བསྣམས་པ་དང་། དེ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དགེ་སློང་དག་ལ་སྦྲན་ཏེ། ཚེ་དང་ལྡན་པ ་དག་འཆི་བའི་དུས་མ་བྱེད་པར་སྨྲན་གཞན་ཚོལ་ཅིག་ཅེས་བྱས་པ་དང་། དགེ་སློང་དེ་དག་གིས་བདག་ཅག་གི་ནི། དེ་བཞིན་གཤེགས་པའི་བསླབས་པ་ལས་འདའ་བར་མི་ནུས་ཀྱིས ་གུམ་པར་གྱུར་ཀྱང་རུང་གི་དེ་བཞིན་གཤེགས་པའི་བསླབས་པ་ལས་འདའ་བར་མི་ནུས་སོ་ཞེས་སྨྲས་སོ། ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་དགེ་སློང་དེ་དག་ལ། དེ་བཞིན ་གཤེགས་པ་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་ཀྱང་སྨན་ཁུ་བ་ཕྱུང་བ་མ་གཏོགས་པར་སྨན་གཞན་བཙལ་ན། དེ་ཁྱེད་ཅིའི་ཕྱིར་ཚོལ་བར་མི་སེམས་ཚེ་དང་ལྡན་པ་དག་སྨན་གཞན་ཚོལ་ཅིག་ཅེས་དེ ་སྐད་ཅེས་སྨྲས་སོ། ། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འགྱོད་པ་མེད་པར་གྱུར་ཏེ། སྨན་གཞན་བཙལ་བ་དང་དེ་དག་ནད་དེ་ལས་ཡོངས་སུ་ཐར་བར་གྱུར་ཏོ།། རིགས ་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པས་སྨན་གཞན་བཏང་དུ་ཟིན་ན། གང་དགེ་སློང་དེ་དག་སྨན་གཞན་ཚོལ་བར་གྱུར་པའི་གནས་མེད་སྐབས་མེད་དོ།། ནད་དེ་ལས་ཡོངས་སུ་ཐར་པར་འགྱུར་བ་འམ། ་དགྲ་བཅོམ་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་དོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་བསོད་ནམས་ཐམས་ཅད་ཡང་དག་པར་འཕགས་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་ཞུགས་པ ་ལས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་སླར་བྱུང་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ནི་མེད་མོད་ཀྱི། དེ་བཞིན་གཤེགས་པས་ཕྱི་མའི་འགྲོ་བ་དག་བསྲུང་བའི་ཕྱིར་ཏེ། དགེ ་སློང་གང་ལ་ལ་ཞིག་གྲོང་དང་གྲོང་རྡལ་དང་། ཕོ་བྲང་དང་གང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་བ་ལས། བདག་གི་བསོད་ནམས་ཆུང་བས། བསོད་སྙོམས་མ་རྙེད་ན་དེའི་ཚེ་དེ་དག་དེ་བཞིན ་གཤེགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ཉིད་ཀྱང་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ན། བདག་ཅག་དགེ་བའི་རྩ་བ་ཆུང་ངུ་ལྡན་པ་ལྟ་ཅི་སྨོས་ཏེ། བསོད་སྙོམས་མ་རྙེད་པའི ་ཕྱིར་ཡོངས་སུ་གདུང་བར་མི་བྱའོ་ཞེས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པར་འགྱུར་བས། དོན་དེ་གཟིགས་ནས་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་པ་ནས། ལྷུང་བཟེད་ཇི་ལྟར ་བཀྲུས་པ་བཞིན་དུ་བྱུང་ངོ་། ། ཡང་བདུད་སྡིག་ཅན་གྱིས་བྲམ་ཟེ་དང་ཁྱིམ་བདག་ཅི་ནས་ཀྱང་བསོད་སྙོམས་མི་སྟེར་བར་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ཡང་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ་བདུད་ནི་དེ་བཞིན་གཤེགས་པ་ལ་བསོད་སྙོམས་ཀྱི་བར་ཆད་བྱེད་མི་ནུས་མོད་ཀྱི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་བདུད་ཀྱིས་བྲམ་ཟེ་དང་ཁྱིམ་བདག་ཕྱོགས་སུ་བྱིན། ་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་མེད་དེ་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་རུང་བའི་ཕྱིར་ཐབས་མཁས་པ་སྟོན་ཏོ།། དེ་ལ་དེ་བཞིན་གཤེགས་པ ་ཆོས་བཤད་པ་དང་། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། ལྷ་གཞན་དག་དགེ་སྦྱོང་གོའུ་ཏ་མ་འམ། དེའི་ཉན་ཐོས་དག་ཡིད་མི་བདེ་བར་མི་གནས་གྲང་ཞེས་དེ་བཞིན་གཤེགས་པ་ཉན ་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་ཏོག་སྟེ། དེ་དག་ཉིན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་བརྟགས་ཀྱང་། སེམས་ཀྱི་གནས་གཅིག་ཀྱང ་ཡིད་མི་བདེ་བར་མ་མཐོང་སྟེ། མ་ཁེངས་མ་དུད་ཅིང་སྔོན་ཇི་ལྟ་བ་ཕྱིར་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བ་སྔོན་ཀྱང་དེ་བཞིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་བདུན་ཁྲི་སེམས་དད་ནས། ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པ་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་ཆོས་བཤད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས ་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་པར་ཤེས་པར་བྱའོ།། ཅིའི་ཕྱིར་ན་བུ་མོ་ཙན་ཙས་ཤིང་གི་གཞོང་ལྟོ་བ་ལ་བཅིངས་ནས་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི་ཉེས་པ་གང་ཡང ་མེད་ལ་དེ་བཞིན་གཤེགས་པས་བུ་མོ་ཙན་ཙ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཕང་ནུས་མོད་ཀྱི། དེ་བཞིན་གཤེགས་པས་ཐབས་མཁས་པས་ལས་ཀྱི་བྱེད་པ་སྟོན་ཏོ།། ་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ལ་བསྐུར་བ་བཏབ་པ་དག་འབྱུང་། དེ་དག་མོ་བདེན་པར་སྐུར་བར་འགྱུར་རོ།། དེ་དག་འགྱོད་པ་ཙམ་དུ་འགྱུར་ཏེ། སྐུར་པ་བཏབ་དང་། དེ་བཞིན་གཤེགས་པ ་ཆོས་དཀར་པོ་ཐམས་ཅད་དང་ལྡན་པ་དེ་ལ་ཡང་མངོན་སུམ་དུ་སྐུར་པ་འབྱུང་ན། བདག་ཅག་ལྟ་ལ་ཅིའི་ཕྱིར་མི་འབྱུང་ཞེས་སྨྲ་ཞིང་། དེ་དག་དེའི་ཚེ་སྐུར་པ་ཟིལ་གྱིས་མནན་ནས་ཡོངས་སུ་དག་པ ་ཡོངས་སུ་དཀར་བའི་ཚངས་པར་སྨོད་པ་སྤྱད་པར་འགྱུར་གྱི། འབྲི་བར་ནི་མི་འགྱུར་རོ།། བུ་མོ་ཙན་ཙ་ནི་སྡིག་པའི་ལས་ཀྱིས་གཡོག་ན། རྨི་ལམ་ནའང་དེ་བཞིན་གཤེགས་པ་ལ ་སྐུར་པ་འདེབས་པ་སྟེ། དེ་ཤི་འཕོས་མ་ཐག་ཏུ་ཡང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ།། དེ་སྟེ་དེ་བཞིན་གཤེགས་པ་དེ་སྲུང་ནུས་པར་མཁྱེན་ན་ནི་དེ་བསྲུངས་པར་འགྱུར་རོ།། ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་སེམས་ཅན་གང་ཡང་ཡོངས་སུ་བཏང་བ་མེད་པའི་ཕྱིར་རོ།། ཅིའི་ཕྱིར་ན། མཛེས་མ་ཀུན་ཏུ་རྒྱུ་བ་སྲོག་དང་བྲལ་བས།། འཛེ། ་ཏའི་ཚལ་ཏུ་སྦས་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པས་ཀྱང་གཡེལ་བར་བོར་ཞེ་ན། དེ་བཞིན་གཤེགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པས་དེ་འདྲ་བར་འགྱུར ་བར་ཡང་མཁྱེན་ལ། དེ་བཞིན་གཤེགས་པས་ཅི་ནས་ཀྱང་མཛེས་མ་ཀུན་ཏུ་རྒྱུ་བ་མཚོན་གྱིས་མི་ཟུག་པ་དང་། གཞན་དུ་འཕང་པར་བྱ་བ་དེ་ལྟ་བུའི་རྫུ་འཕྲུལ་བྱིན་གྱིས།། ་བརླབས་ཀྱང་ནུས་མོད་ཀྱི། དེ་བཞིན་གཤེགས་པ་མཛེས་མ་ཀུན་ཏུ་རྒྱུ་ཚེ་ཟད་པས་དེ་ངེས་པར་འཆི་དགོས་ལ། རྣམ་གྲངས་དེས་ཀྱང་མུ་སྟེགས་ཅན་གཞན་དག་རང་གི་ཉེས་པས་ཤིན ་ཏུ་ཚར་གཅད་པར་འགྱུར་བར་མཁྱེན་ཏེ། ཆོས་དཀར་པོ་རྣམས་འཕེལ་བར་བྱ་བའི་ཕྱིར། གང་དེ་བཞིན་གཤེགས་པ་བྱིན་གྱིས་བརླབས་པ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ།། ་དེ་བས་ན་དེ་བཞིན་གཤེགས་པ་ཞག་བདུན་དུ་གྲོང་དུ་མ་གཤེགས་ཏེ། ལྷ་བྱེ་བ་ཕྲག་དྲུག་ཅུའང་བཏུལ་ལོ།། ཞག་བདུན་པོ་དེ་འདས་ནས་འཁོར་བཞི་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས ་ནས། དེ་བཞིན་གཤེགས་པས་ཅི་ནས་ཀྱང་སྲོག་བརྒྱད་ཁྲི་སྟོང་གིས་ཡེ་ཤེས་རྟོགས་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་ལ་ཆོས་བཤད་དོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ཟླ་བ ་གསུམ་རྟའི་ཆས་ཀྱི་ནས་གསོལ་ཞེ་ན། དེ་བཞིན་གཤེགས་པས་བྲམ་ཟེ་དང་། ཁྱིམ་བདག་འདི་དག་ང་སྤྱན་དྲངས་ནས་མི་སེམས་པར་འགྱུར་རོ།། སྙམ་དུ་མཁྱེན་མོད་ཀྱི། དེ་བཞིན་གཤེགས ་པས་མཁྱེན་བཞིན་དུ་དེར་ཚུལ་དུ་ཞུགས་སོ། ། ཅིའི་ཕྱིར་ཞེ་ན། གང་རྟ་ལྔ་བརྒྱ་པོ་དེ་དག་གི་ཆས་ལ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་ཟླ་བ་གསུམ་དུ་གསོལ་ཏོ།། རྟ་དེ་དག ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་ཡིན་ན། དེ་དག་སྡིག་པའི་གྲོགས་པོའི་དབང་དུ་སོང་བས་སྡིག་པའི་ལས་བྱས་ཏེ། དེའི་ཕྱིར་བྱོལ ་སོང་གི་སྐྱེ་གནས་སུ་སྐྱེས་སོ། ། རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན། རྟ་ཅང་ཤེས་དེ་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་ཡིན་ཏེ། སྨོན་ལམ་གྱི་དབང་གིས་ཆེད་དུ་དེར་སྐྱེས་ནས། བྱང་ཆུབ ་སེམས་དཔའ་ཉི་མའི་སྙིང་པོ་དེས་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་ལ་བཀོད་དེ། དེ་དག་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེར་སྐྱེས་སོ།། རྟ་ཅང་ཤེས་དེའི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་སྔོན་གྱི་ཚེ་རབས་དྲན ་ཏེདེའི་ཕྱིར་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། རིགས་ཀྱི་བུ་དེ་ལྟ་བས་ན་རྟ་ལྔ་བརྒྱ་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་དེར་ཚུལ་དུ་ཞུགས་ཏེ། དེ་ལ་རྟ་ཅང་ཤེས་ཀྱི་ཆས་དེ ་ལས་ཕྱེད་ནི་དེ་བཞིན་གཤེགས་པ་ལ་འབུལ་ལོ། ། གང་རྟ་ལྔ་བརྒྱ་པོའི་ཆས་དེ་ལས་ཕྱེད་དགེ་སློང་ལྔ་བརྒྱ་པོ་ལ་འབུལ་ཏེ། རྟ་ཅང་ཤེས་ཡང་རྟ་ལྔ་བརྒྱ་པོ་དེ་དག་ལ་རྟའི་སྐད་ཀྱིས་ཉེས་པ་འཆགས་སུ་འཇུག་ཅིང ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་དུ་འཇུག་སྟེ། དེ་ལྟར་ཟླ་བ་གསུམ་འདས་ནས་རྟ་ལྔ་བརྒྱ་པོ་དེ་དག་འཆི་བའི་དུས་བྱས་ཤིང་། ཤི་འཕོས་སུ་གྱུར་མ་ཐག་ཏུ་དགའ་ལྡན་གྱི་ལྷ་རྣམས ་དང་སྐལ་བ་མཉམ་པར་སྐྱེས་སོ། ། ཡང་དེ་དག་ལྷར་གྱུར་པས་དེ་བཞིན་གཤེགས་པ་ལ་མཆོད་ནས། དེ་བཞིན་གཤེགས་པས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འགྲུར ་པ་དེ་ལྟར་དེ་ལྟར་ཆོས་བཤད་དོ། ། གང་རྟ་ལྔ་བརྒྱ་པོ་དེ་དག་འདུལ་ཞིང་འཚོ་བར་གྱུར་པ་དེ་བཞིན་གཤེགས་པས་སེམས་ཤིན་ཏུ་དུལ་བ་ཞེས་བྱ་བའི་རང་སངས་རྒྱས་སུ ་ལུང་བསྟན་ཏོ། ། ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཞལ་ཟས་ནི་མཆོག་ཏུ་མི་འགྱུར་བ་ཅུང་ཟད་ཀྱང་མེད་དེ། རིགས་ཀྱི་བུ་གལ་ཏེ་བོང་བ་དང་། གསེག་མ་དང་། གྱོ་མོ་ལ་གསོལ་ཀྱང་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་འདྲ་བའི་རོ་བྲོ་བ་མེད་དོ། ། གང་བོང་བ་དང་གསེག་མ་དང་གྱོ་མ་ལས་གྱུར་པ་དེ་འདྲ་བའི་རོའི་མཆོག་ཏུ་གྱུར་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་ནི། ་རོའི་རོ་མཆོག་ཅེས་བྱ་བའི་སྐྱེས་བུ་ཆེན་པོའི་མཚན་ཐོབ་པའི་ཕྱིར་རོ།། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པའི་ཞལ་ཟས་ཐམས་ཅད་མཆོག་ཡིན་པར་ཤེས་པར་བྱའོ།། རིགས་ཀྱི་བུ་གནས། ་བརྟན་དགའ་བོས་དེ་བཞིན་གཤེགས་པ་ནི་འཁོར་ལོས་བསྒྱུར་བའི་མིང་བོར་ཏེ་ནས་གསོལ་བར་གྱུར་ཏོ་ཞེས་སྙིང་རྗེ་བར་གྱུར་པ་དང་། དེ་བཞིན་གཤེགས་པས་དེའི་སེམས་ལ་བརྟགས་ནས། ནས་ཀྱི ་འབྲུམ་བུ་གཅིག་བྱིན་ཏེ། དགའ་བོ་འདི་ཅིའི་རོ་ཤེས་སམ་ཞེས་བྱས་པ་དང་། དེས་ཟོས་ནས། ངོ་མཚར་ཐོབ་པར་གྱུར་ཏེ་ང་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཕོ་བྲང་དུ ་སྐྱེས། རྒྱལ་པོའི་ཕོ་བྲང་དུ་སྐྱེད་ན། འདི་ལྟ་བུའི་རོ་མཆོག་སྔོན་འཚལ་མ་མྱོང་ངོ་ཞེས། ཚེ་དང་ལྡན་པ་དགའ་བོས་དེའི་མཐུས་དགའ་ཞིང་བདེ་སྟེ། ཟས་མེད་པར་ཉི་མ་བདུན་འདས་སོ།། རིགས་ཀྱི་བུ་ཁྱོད ་ཀྱིས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་ལ་ནི་གང་ན་ཡང་ལས་ཀྱི་སྒྲིབ་པ་མེད་པར་ཤེས་པར་བྱ་སྟེ། ཡང་སེམས་ཅན་གང་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དག་མགྲོན་དུ་གཉེར་གནས་སྦྱིན ་བར་མི་བྱེད་པའི་སེམས་ཅན་དག་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་བསྟན་པའི་ཕྱིར་ལས་ཀྱི་རྒྱུད་འདི་དག་བསྟན་ཏོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཁྱད་པར་ལ་ལྟོས། གང་གིས་དེ་བཞིན ་གཤེགས་པ་སྤྱན་དྲངས་ཏེ་མ་ཕུལ་བ། དེ་ཡང་ལྟུང་བའི་ཆོས་མེད་པར་ལུང་བསྟན་ཏོ།། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ཚུལ་དུ་ཞུགས་པའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ལས ་དགེ་སློང་བཞི་བཅུ་འདོད་ཆགས་སྤྱོད་ཅིང་སྡུག་གུའི་མཚན་མ་ལ་སྤྱོད་པར་གྱུར་ཏེ། གལ་ཏེ་དེ་དག་ཟས་མཆོག་ཟོས་པར་གྱུར་ན། དེ་དག་ཤིན་ཏུ་འདོད་ཆགས་དང་ལྡན་པའི་རྟོག་པ་སྐྱེ་བར་འགྱུར་བ་ལས ་དེ་དག་ཟས་ངན་པའི་རྟོགས་པ་དེ་སྲབ་མོར་གྱུར་ཏེ། དེ་དག་གིས་ཞག་བདུན་གྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་ང་རྒྱབ་ན་ནས། འོད་སྲུང་བྱང་ཆུབ་ཀྱི་ཡན་ལག ་ཤོད་ཅིག་ཅེས་གསུངས་ཞེ་ན། རིགས་ཀྱི་བུ་དེ་ལྟར་ལྷའི་བུ་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་བརྒྱད་སྟོང་ལྷགས་པར་གྱུར་ལ། དེ་དག་ཀྱང་སྔོན་འོད་སྲུང་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ་བག་བྱེད་པ་ལ་བཀོད་པར་གྱུར་ཅིང་། ལྷའི་བུ་དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཕྱི་ཕྱིར་ཞིང་ཐོས་པས། གལ་ཏེ་འོད་སྲུང་མ་གཏོགས་པར་ལྷའི་བུ་དེ་དག་ལས་སངས་རྒྱས་སྟོང་གིས་ཆོས་བཤད ་ཀྱང་ཤེས་པར་འགྱུར་བ་འམ། ཤེས་པ་འཛིན་པ་མེད་ནས། འོད་སྲུང་གིས་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་དབྱེ་བ་རྒྱས་པར་བཤད་པ་དང་། ལྷའི་བུ་བརྒྱད་སྟོང་པོ་དེ་དག་གིས་ཀྱང ་ཡེ་ཤེས་རྟོགས་པར་གྱུར། སེམས་ཅན་གང་ན་སྟེ་ཆོས་ཉན་པར་མི་འགྲོ་བའི་སེམས་ཅན་དེ་དག་ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ཡང་བྱང་ཆུབ་ཀྱི་ཡན་ལག་བརྗོད་པ་གསན་ནས། ནང་ལས་ཡོངས ་སུ་ཐར་ན་བདག་ཅག་གིས་ལྟ་ཅིའི་ཕྱིར་ཆོས་མཉན་པར་མི་བྱ་སྙམ་དུ་སེམས་པར་གྱུར་ཏེ། རིགས་ཀྱི་བུ་འདི་ལྟ་བས་ན་ལྷའི་བུ་དེ་དག་གདུལ་བའི་དོན་དུ་བྱ་བ་དང་། སེམས་ཅན་ནད་པ་དག་ཆོས་ཉིད ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་ང་རྒྱབ་ན་ནས། འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག། ཅེས་དེ་སྐད་ཀྱི་ཚིག་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི།། ་ལས་ཀྱི་སྒྲིབས་པ་ནི་མ་ཡིན་ནོ།། ཅིའི་ཕྱིར་ན་ཤཱཀྱ་རྣམས་ཁ་བཏགས་པས་དེ་བཞིན་གཤེགས་པ་བཀླད་པ་ན་སྟེ་མི་བཟོད་དོ།། ཞེས་གསུང་ཞེ་ན། རིགས་ཀྱི་བུ་འདི་ལ་སེམས་ཅམ་ཁ་ཅིག་དེ ་བཞིན་གཤེགས་པ་ནི་གཉེན་རྣམས་ཀྱི་དོན་མི་བཞེད། ཕན་པར་མི་བཞེད། བདེ་བར་མི་བཞེད། ཕན་པ་དང་བདེ་བར་མི་བཞེད་པས། དེའི་ཕྱིར་རྒྱལ་པོའི་རིགས་ཐམས་ཅད་ཁ་གདག ་གོ། སྙམ་དུ་སེམས་ཀྱི། དེ་བཞིན་གཤེགས་པས་གཉེན་རྣམས་ཀྱིས་ཐོག་མ་མེད་པའི་སྡུག་བསྔལ་གྱི་ཕུང་པོ་མཐར་ཕྱུང་བར་ནི་མི་ཤེས་པའི་སེམས་ཅན་དེ་དག་གིས་སེམས་བསྲུངས་པའི ་། ཕྱིར་གནས་བརྟན་དགའ་བོ་ལ། ང་ནི་ཀླད་པ་ན་སྟེ། མེ་བཟོད་དོ་ཞེས་དེ་སྐད་ཀྱི་ཚིག་གསུང་སྟེ། རིགས་ཀྱི་བུ་གང་གི་ཚེ་ན་དེ་བཞིན་གཤེགས་པ་གནས་བརྟན་དགའ་བོ་ང་ནི་ཀླད་པ་ན་སྟེ ་མི་བཟོད་དོ་ཞེས་དེ་སྐད་ཀྱི་ཚིག་གསུངས་པ་དེའི་ཚེ། ལྷའི་བུ་ཆད་པར་སྨྲ་བ་སུམ་སྟོང་དང་། སེམས་ཅན་སྲོག་གཅོད་པར་བྱེད་མང་པོ་ལྷགས་ནས་ལྷའི་བུ་དེ་དག་དང་སེམས་ཅན་དེ་དག་ལས་ཀྱི ་བྱ་བ་ལ་གཞུག་པའི་ཕྱིར། དེ་བཞིན་གཤེགས་པའི་སྲོག་གཅོད་པའི་ལྷག་མ་ལུས་པར་དེ་བཞིན་གཤེགས་པའི་དབུ་སྦྱང་བར་གྱུར་ཏོ་ཞེས་ལས་ཀྱི་རྒྱུད་དེ་བསྟན་ཏེ། དེ་བསྟན་པའི་ཚེ་དེ་བཞིན ་གཤེགས་པས་ལྷ་དང་མིའི་སྐྱེ་དགུ་སྟོང་ཕྲག་བཅུ་བཏུལ་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ།། ཅིའི་ཕྱིར་བྲམ་ཟེ་བ་ར་དཱ་ཛས ་དེ་བཞིན་གཤེགས་པ་ལ་མི་སྙན་པ་ལྔ་བརྒྱ་སྨྲས་ན། དེ་བཞིན་གཤེགས་པ་ཡང་བཟོད་པར་མཛད་ཅེ་ན། དེ་བཞིན་གཤེགས་པ་ནི་བྲམ་ཟེ་བ་ར་དྭ་ཛས། མི་སྙན་པར་སྨྲ་བ། ཕྱོགས ་གཞན་དུ་འཕང་བ་འམ། ངག་གི་ལས་གཅིག་མི་འབྱུང་བར་ཡང་ནུས་མོད་ཀྱི། འཁོར་དེའི་ནང་ན་ལྷ་དང་མི་མང་པོ་ཚོགས་པར་གྱུར་པས། དེ་དག་གིས་དེ་བཞིན་གཤེགས་པའི་བཟོད ་པའི་སྟོབས་བསྐྱེད་པར་མཐོང་སྟེ། དེ་བཞིན་གཤེགས་པ་མ་ཁེངས་མ་དུད་ཅིང་སེམས་མཉམ་པ་བདེ་བའི་དངོས་པོ་དང་ལྡན་པ་སེམས་བརྟན་པ། སེམས་མཉེན་པ་ངེས་པར་མཐོང་ནས། ་སྲོག་ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དོན་དེ་གཟིགས་ནས། དེ་བཞིན་གཤེགས་པས་བྲམ་ཟེ་བ་ར་དྭ། ་ཛས་མི་སྙན་པར་སྨྲ་བ་བཏང་སྙོམས་སུ་བཞག་གིས། དེ་བཞིན་གཤེགས་པ་ལ་གང་ན་ཡང་ལས་ཀྱི་སྒྲིབ་པ་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ ་ནི་མ་ཡིན་གྱི། གང་ཡང་ལྷ་སྦྱིན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་གྱུར་པ་དེ་ཡང་། བྱང་ཆུབ་སེམས་པའི་ཐབས་མཁས་པ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེ་ན། ངས་ནི་ལྷ་སྦྱིན་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིང་། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། རྣམ་གྲངས་གང་གིས་ཞེ་ན། རིགས་ཀྱི་བུ་འདི་ལ ་གང་གི་ཚེ། སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ། སྦྱིན་པར་ས་མི་ཤེས། ལེན་པར་ཡང་མི་ཤེས་ནས། ལྷ་སྦྱིན་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། བུ་སློང་ཆུང་མ་སློང ་རྒྱལ་སྲིད་སློང་། ལག་པ་དང་རྐང་པ་དང་མིག་དང་མགོ་དང་དེ་ལ་སོགས་པ་གཞན་དག་ཀྱང་གང་དཀའ་བར་སྤྱོད་པ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱེད་པ་དགེ་སློང་ནས། བྱང་ཆུབ་སེམས ་དཔའ་མ་ཞུམ་པར་གྱུར་ཅིང་སྦྱིན་པར་བྱེད་དེ། དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་དགའ་ཞིང་སྦྱིན་པ་ལ་མོས་པར་གྱུར་ཏེ། བདག་ཅག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སྨོན ་ལམ་འདེབས་ཤིང་ཚུལ་ཁྲིམས་འཛིན་པར་བྱེད་དེ། གང་ཚུལ་ཁྲིམས་འདྲལ་བར་འདོད་པ་དག་ཀྱང་། དེ་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མི་འདྲལ་བས་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ ་མེད་པ་དག་ཚུལ་ཁྲིམས་ལེན་པར་བྱེད་དེ། བརྒྱད་དམ་བརྟགས་སམ། སྤྱོས་ཀྱང་མི་ཁྲོ་ཞིང་དེ་དག་བཟོད་པ་རྫོགས་པར་འགྱུར་བས། རྣམ་གྲངས་དེའི་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས ་སོ། ངགང་ཡང་ལྷ་སྦྱིན་གྱིས་དེ་བཞིན་གཤེགས་པ་བསད་པར་བཤམས་པ་དང་། བ་གླང་ནོར་སྐྱོང་བཏང་བ་དང་། རྡོའི་སྒྱོགས་འཆར་བཅུག་པ་དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས ་པར་ཤེས་པར་བྱ་སྟེ། ལས་ཀྱི་སྒྲིབ་པའི་ཉོན་མོངས་པ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་འདི་ལ་གནས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། རིགས་ཀྱི་བུ་མདོར ་ན་ལྷ་སྦྱིན་གྲགས་པར་འདོད་པ་དེ་ནི་ངའི་སྟོན་པ་ཡིན་ནོ། ། ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱ་སྟེ། ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས་ཅན་ལས ་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་མོ་ཞིག་གིས་ལས་ཀྱི་རྣམ་པར་སྨིན་པ་ནི་འདིའོ། ། ཆེ་གེ་མོ་ཞོག་གི་ལས་ཀྱི་རྣམ་པར་སྨིན་པ་འདིའོ་ཞེས་དེ་བཞིན་གཤེགས ་པ་ཐབས་མཁས་པས་ལས་ཀྱི་རྒྱུད་བསྟན་ཏེ། དེ་ཐོས་ནས་ཕན་པར་བྱེད་པར་འགྱུར་རོ།། དེ་ལྟ་བས་ན་རིགས་ཀྱི་བུ་ཐབས་མཁས་པ་བསྟན་པ་འདི་གསང་བར་གྱིས་ཤིག ་སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱིས་མདུན་དུ་མ་འཆད་ཅིག། དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཡང་མ་ཡིན་ན། ་སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་བསླབས་པ་མ་ཡིན་པས། འདི་ནི་དེ་དག་ལ་མི་དགོས་སོ།། བྱང་ཆུབ་སེམས ་དཔའ་གང་དག་བསྟན་པ་འདི་ལ་སློབ་པར་འགྱུར་བ་མ་གཏོགས་པར་གཞན་ཐབས་མཁས་པ་བསྟན་པ་འདི་སྣོད་དུ་གྱུར་པ་གང་ཡང་མེད་དོ། ། འདི་ལྟ་སྟེ། རིགས་ཀྱི་མཚན་མོ་ས་སྲོས་པའི ་མུན་པར་མར་མེ་བུས་ན་ཁྱིམ་ན་སྣོད་དུ་ཐམས་ཅད་སྣང་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཐབས་མཁས་པ་བསྟན་པ་འདི་ཐོས་ཏེ། མོས་པར་གྱུར་ནཱས། སངས ་རྒྱས་ཀྱི་སྤྱོད་པ་ཐམས་ཅད་མཐོང་བར་འགྱུར་ཞིང་སེམས་ཅན་དག་ལ་ཡང་སློབ་པར་འགྱུར་རོ། ། རིགས་ཀྱི་བུ་ཁྱོད་ལ་བསྒོའོ།། ཁོང་དུ་ཆུད་པར་བྱའོ།། བྱང་ཆུབ་འདོད་པའི་རིགས་ཀྱི་། ་བུའམ་རིགས་ཀྱི་བུ་མོས་ཐབས་མཁས་པས་འདི་གང་ན་རྣར་གྲགས་པར་འགྱུར་ན། དཔག་ཚད་འབུམ་དུ་ཡང་འགྲོ་བར་བྱའོ།། ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་འདི་ཐོས་ན་སྣང་བ་ཐོབ ་པར་འགྱུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འགྱོད་པ་མེད་པར་འགྱུར། ཐེ་ཙོམ་དང་བྲལ་བར་འགྱུར་རོ།། དེ་ནས་ལྷ་དང་འཇིག་རྟེན་དུ་བཅས་པའི་འཁོར་བཞི་ལས ་སེམས་ཅན་གང་དག་སྣོད་དུ་གྱུར་པ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། ། གང་སྣོད་དུ་མ་གྱུར་པ་དེ་དག་གིས་ནི་རྣ་ལམ་དུ་ཡང་མི་གྲགས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད ་བའི་ཚེ། སྲོག་ཆགས་བདུན་ཁྲི་ཉིས་སྦྱོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི། ཐབས་མཁས་པའི་ཕ ་རོལ་ཏུ་ཕྱིན་པར་བསྟན་པར་ཟུང་ཤིག། སངས་རྒྱས་ཐམས་ཅད་ཀྱི་ཐབས་མཁས་པར་གསུངས་པའི་ལེའུར་ཟུང་ཤིག། བཅོམ་ལྡན་འདས་དགྱེས་ཤིང་། དེ་སྐད་ཅེས་བཀའ་སྩལ་པ ་དང་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་མངོན་པར་དཀའ་བོ། ། ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། @#རྒྱ་གར་སྐད་དུ། ཨཱརྱ་ཏྲི་སྐན ་