| Wylie | e-texts produced with BDRC’s OCR application |
བྱའོ། ། སྙིང་རྗེའི་མཆོག་ཅེས་བྱ་བའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། ཀྲོ་དྦྷ་བི་ཛ་ཡ་ཀཥྚ་གུ ་ཏཱནྟྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། དེ་ནས་འཇམ་པའི་དབྱངས་ཀྱི་ནི།། ཁྲོ་བོ་འདི ་མིང་གཤིན་རྗེ་གཤེད། ། མཚོན་ཆ་མེ་ལྕེ་འབར་བས་འཁྲུགས།། དྲག་ལ་མཐུ་རྩལ་དྲག་ལྡན་པ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀྱི་ནི་ལག་ཆ་ཤོར།། དེ་བཞིན ་དུ་ནི་འཇིག་རྟེན་པའི། ། ལྷ་རྣམས་ལུས་ཀྱིས་འདུད་པར་བྱེད།། གཞན་ཡང་ཐལ་མོ་སྦྱར་བྱས་ཏེ།། སྐྲག་ནས་བསྟོད་པ་མང་པོ་བྱེད།། ལྷ་རྣམས་མང་པོ་ཇི་སྙེད་ཀུན།། འཇམ་དཔལ་ཁྲོ ་བོའི་གཟིང་བརྗིད་ཀྱིས། ། གཟིར་བཞིན་དུ་ནི་རངབ་སྨྲས་པ།། བཅོམ་ལྡན་བདག་ཅག་སངས་རྒྱས་དང་།། ཆོས་དང་དགེ་འདུན་སྐྱབས་མཆིས་ཀྱི།། རབ་ཏུ་མི་བཟད་འཇིགས་པའི་གཟུགས ་གཟི་བརྗིད་འབར་བས་ཕྱོགས་ཁྱབ་པ། ། ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་།། གང་ཚེ་ལྷ་དང་ལྷ་མིན་རྣམས།། སྐྲག་ནས་སྐྱབས་སུ་དོང་བ་ན།། དེ་ཚེ་འཇམ་པའི་དབྱངས ་ཀྱི་ནི། ། ཁྲོ་ངོ་སླར་ཡང་ནི་རབ་འགྱུར།། གཤིན་རྗེ་གཤེད་ཅེས་བྱ་བ་ཡི།། ཁྲོ་བོ་ཆེན་པོ་ཞི་བ་ལ།། དེ་ནས་སྐྱབས་སུ་དོང་བ་ཡི།། ལྷ་རྣམས་ཀུན་གྱིས་ཞུས་པ་ནི།། ཁྱོད་ཀྱི ་བརྩོན་འགྲུས་མཆོག་འཚལ་བས། ། ཇི་ལྟ་བུར་ན་མཉེས་པར་བགྱི།། ཇི་ལྟར་ཡང་ནི་དྲང་བར་འགྱུར།། བདག་ཅག་ཐེ་ཙོམ་ཆེན་པོ་མཆིས།། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས།། ་གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ།། ལྷ་རྣམས་ཐམས་ཅད་ཁྱེད་ཉོན་ཅིག། ང་ནི་དུས་གསུམ་སྔོན་དུ་འབྱུང་།། སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་།། ང་ནི་དུས་གསུམ་ཕྱིས་ཀྱང ་འབྱུང་། ། ང་ནི་དུས་གསུམ་ད་ལྟར་འབྱུང་།། ང་ནི་ལྔ་བརྒྱ་མཐའ་མའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།། ་ལས་ངན་མཚམས་མེད་བྱེད་པའི་ཚེ།། དེ་ཚོ་ང་ཡི་བསྟན་པ་འབྱུང་།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། གོས་ངན་དུག་ཐུལ་གྱོན་པའི་ཚེ།། དྲི་ཚེ་ང་ཡི་བསྟན ་པ་འབྱུང་། ། ང་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཇི་ལྟ་བུར་ནི་ཞིར་འགྱུར་ཡང་།། ང་ནི་ཐམས་ཅད་ཞི་བའི་སྐུ།། ཇི ་ལྟ་བུར་ནི་ཁྲོས་འགྱུར་ཡང་། ། ཐམས་ཅད་ཁྲོས་པ་ང་ཡི་སྐུ།། གཟི་བརྗིད་ཆེན་པོ་ཁྱེད་རྣམས་ཀུན།། གང་ཚེ་གསུམ་ལ་སྐྱབས་སོང་བ།། དེ་ཚེ་ང་ཡི་མི་བཟད་པ།། ཁྲོ་བོའི་ཡིད་ལ་གནས ་པར་གྱིས། ། དཀོན་མཆོག་གསུམ་ནི་གནས་པ་དང་།། དེ་ཡི་བཀའ་ཡང་བསྐྱང་བ་དང་།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། ང་ཡི་ཡིད་ནི་ཞི་འགྱུར་གྱིས།། ཁྱེད་རྣམས་སྐྱབས་སུ ་དོང་བ་ཡི། ། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཐམས་ཅད་དོན་ནི་སྒྲུ་པའི་མཆོག། ཡི་གེ་འདྲུ་ནི་བཅུ་བདུན་ནོ།། ང་མི་སྐྱིང་པོ་ཡིད་ལས་བྱུང་། ་རྣམས་ཀུན་གྱིས་གཟུང་བར་གྱིས།། གཤིན་རྗེ་གཤེད་པོ་བདག་ཉིད་ཀྱིས།། སྙིང་པོ་རབ་ཏུ་གསུངས་པ་ན།། དེ་ནས་ས་ནི་གཡོས་པར་གྱུར།། རྒྱ་མཚོ་ཡང་ནི་རབ་ཏུ་འཁྲུགས།། ་གནོད་སྦྱིན་དང་ནི་སྲིན་པོ་དང་།། ཤ་ཟ་ལ་སོགས་ཕུང་བར་འགྱུར།། ལྷ་རྣམས་ཀུན་ནི་ཕྱག་འཚལ་ཞིང་།། ཡན་ལག་ཀུན་ནས་སྤུ་ལངས་ནས།། གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི།། ་ཁྲོ་བོའི་སྙིང་པོ་དེ་གཟུང་ངོ་།། དེ་ནས་དམ་ཆོས་སྲུང་བའི་ཕྱིར།། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་འདི་ནི་དེ་དག་ལ།། གཤིན་རྗེ་གཤེད་ཀྱིས་རྒྱས་པར་གསུངས།། དེ་ནུས་ཁྲོ ་བོ་རྣམ་རྒྱལ་གྱི། ། རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས།། སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི།། ལྷ་རྣམས་ཀྱིས་ཐོས་དགའ་གྱུར་ནས།། དཀོན་མཆོག་གསུམ་ནི་སྲུང་བའི་ཕྱིར།། སོ་སོ་། ་ཡིནི་རྟོག་པ་བཤད།། དེ་དག་གི་ནི་རྩ་བའི་རྒྱུད།། ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ།། ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི།། འཇིག་རྟེན་འདས་དང་འཇིག་རྟེན་པས།། སྔོན་ནས་ཕྱག ་བྱས་ཁྲོ་བོ་ཡི། ། ཞལ་ནས་ཇི་བཞིན་ཐོས་ནས་ཀྱང་།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། རྒྱུད་འདི་བྱང་ཆུབ་སེམས་རྣམས་ཀྱིས།། སྙིང་རྗེས་དེ་བཞིན་རྒྱས་པ་དང་།། རྣམ་པ་མང ་པོར་བྱིན་གྱིས་བརླབས། ། འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་ཏེ་དྲང་པོའོ།། ། དེ་ནས་ཁྲོ་བོ་རྣམ་པར ་རྒྱལ། ། འཇམ་དཔལ་ཁྲོ་བོས་བཤད་པ་ཡི།། བརྟག་པ་རྨད་དུ་བྱུང་བའི་མཆོག། མདོར་ནི་རབ་ཏུ་བཤད་པར་བྱ།། དེ་ལ་འདི་ཡི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད ་སྦྱིན་མཛད་པའི། ། འཇིག་རྟེན་གསུམ་པོ་འཁྲུགས་པར་མཛད།། ཡི་དགས་མང་པོ་ཞེས་བྱའོ།། ཐམས་ཅད་དུ་ནི་དཀྱིལ་འཁོར་འདི།། གནས་ནི་གང་དུ་འགྲུབ་པར་འགྱུར།། ་སྔོགས་པས་ཐོག་མ་ཉིད་དུ་ནི།། དེ་ཡི་གནས་ནི་བརྟག་པར་བྱ།། ཤིང་གཅིག་པའམ་དུར་ཁྲོད་དང་།། ཁྱིམ་སྟོང་དང་ནི་བཞི་མདོ་དང་།། མཆོད་རྟེན་དང་ནི་མི་གཉིས་དང་།། ཐིབས ་པོ་སྟོང་པ་ལམ་སྲང་རྙིང་། ། སྐྱེད་མོས་ཚལ་དང་རི་ཡི་རྩེ།། ཆུ་ཡི་འགྲམ་དང་ནགས་ཚལ་དང་།། ཡང་ན་མཚེ་ཡི་འགྲམ་དང་ནི།། ལྷ་ཆེན་གྱི་ནཱི་གནས་ཀྱང་རུང་།། བ་ལང་ལྷས་སམ ་གཡུལ་གྱིས། ། ཁྱད་པར་དུ་ནི་ཡུལ་གཙང་བར།། གང་དུ་ཡིད་ནི་དགའ་བར་ཡང་།། དེར་ནི་དཀྱིལ་འཁོར་རབ་ཏུ་བྱ།། དེ་ནས་རིག་འཛིན་ནན་ཏན་གྱིས།། ས་ནི་ཡང་དག ་སྦྱང་བྱ་སྟེ། ། བ་ནི་མེད་ཅིང་མགས་པ།། མཉམ་ཞིང་ཟུག་རྔུ་མེད་པ་ལ།། ཤར་དང་བྱང་ནི་མཐོ་བ་དང་།། ཁ་དོག་སྣུམ་པ་ལྷག་པར་བཟང་།། བ་ལས་བྱུང་བ་རྣམ་ལྔ་དང་། ་ལྡན་པ་ཡི་ནི་ལྕི་བས་བྱུག། ཙི་རིགས་པར་ནི་བྱུགས་ནས་ཀྱང་།། སློབ་དཔོན་གྱིས་ནི་ཁྲུས་བྱས་ནས།། སྨྱུང་བ་བྱས་ཏེ་མཉམ་བཞག་ནས།། ཁྲོ་བའི་སྲུང ་བས་བྱིན་གྱིས་བརླབ། ། ཡི་དགས་པལ་ཆེནཱ་ཞེས་བྱ་བའི།། དཀྱིལ་འཁོར་གསང་མཆོག་ནུབ་མོ་བྲི།། ཟར་མའི་རས་སམ་ར་སུ་བལ་ལས།། ཐིག་སྐུད་གསུམ་སྒྲིལ་མཛེས་པ་ཡིས།། ་ཕྲཟ་བ་ནི་དང་ནི་སྒོ་བཞི་པར།། མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ།། ཐོག་མར་ཤར་དང་བྱང་ནས་ནི།། ལྷོ་དང་ནུབ་ཀྱི་བར་དུའོ།། ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས།། དེ ་ནས་ཀྱང་ནི་དྲང་བར་བྱ། ། ཤ་ར་དང་ལྷོ་ཡི་མཚམས་དང་ནི།། ནུབ་དང་བྱང་གི་མཚམས་དག་ཏུ།། ཐིག་གིས་རབ་ཏུ་ཚད་བྱས་ཏེ།། གྲུ་བཞི་པར་ནི་ཐིག་གདབ་བོ།། རིམ་པ ་གཅིག་པ་མཛེས་པ་ལ། ། སྒོ་བཞི་དག་གིས་མཛེས་པར་བྱ།། ལྷོ་ཕྱོགས་ཀྱི་ན་སྒོ་ཕྱེ་ལ།། ལྕུག་མ་རྣམས་ནི་གཅད་པར་བྱ།། དཀྱིལ་འཁོར་དང་ནི་འཚམ་པ་ཡི།། དབུས་སུ་བདྨ ་བྲི་བར་བྱ། ། པདྨོ་དང་ནི་ཕྱོགས་བཞི་སྒོ།། ཐེ་ཙོམ་མེད་པར་མཉམ་པར་བྱ།། མཛེས་བྱེད་སྒོ་ཡི་ཕྱེད་དུ་བྱ།། འགྲམ་པ་འདབ་མའི་ཚད་དང་མཉམ།། ཉེ་བ་ཡི་ནི་མཛེས་བྱེད་ཀྱང་།། ་མཛེས་བྱེད་དང་ནི་འདྲ་བར་བྱ།། ཆོ་ག་བཞིན་དུ་དཀྱིལ་འཁོར་ཏེ།། ཀུན་ཏུ་ཐིག་ནི་བཏབ་ནས་ཀྱང་།། ཕྱི་ནས་ཚུལ་བཞིན་རིག་འཛིན་གྱིས།། དུར་ཁྲོད་ཐལ་བས་བྲི་བ་ནི།། རྟག་ཏུ ་བྱང་ཤར་ལ་སོགས་པའི། ། ཟླ་ཡི་ནང་ནི་དེ་དག་ཏུ།། མཁས་པས་བེ་ཅོན་ཕྱག་རྒྱ་བྲི།། ཕྱོགས་ཀྱི་སྒོར་ནི་ཡི་དགས་གཞག། གཞན་ཡང་ཡི་དགས་ལྔ་པ་ནི།། པདྨའི་སྟེང་དུ་བསམ ་པར་བྱ། ། དེ་བཞིན་ཕྱི་སྒོའི་ནང་དག་དང་།། ཕྱོགས་རྣམས་དེ་དགྲ་ཐམས་ཅད་དུ།། མི་རོ་མགོ་མེད་ཡི་དགས་རྣམས།། དུར་ཁྲོད་ཐལ་བས་དང་ར་ཏེ་བྲི།། དེ་ཕྱིར་ཡི་དགས་ཕལ་ཆེན ་ཡིན། ། ཁྲུ་གང་ལ་སོགས་རིམ་པ་ནུས།། ཁྲུ་བརྒྱད་པ་ཡི་བར་དུ་སྟེ།། དེ་ལས་ལྷག་པར་ཡོང་མི་བྲི།། རྟག་ཏུ་བདག་ཉིད་མཆོད་པ་ནི།། ཁྲུ་གང་བ་ནི་བྲི་བར་བྱ།། ཞི་བ་དང་ནི ་རྒྱས་པ་དང་། ། མི་རྒྱལ་སྒྲུབ་པ་ཁྲུ་དོར་བསྟན།། སེམས་ཅན་ཀུན་ནི་བསྐྲད་པ་དང་།། དེ་བཞིན་གཞིག་ལ་ཁྲུ་གསུམ་པ།། ཁྲུ་བཞི་དབང་དང་དགུག་པ་ཡི།། ལས་རྣམས་ཀྱི་ནི་མཆོག ་ཏུ་གསུངས། ། ཁྲུ་ལྔ་ནད་དང་མི་ནད་དང་།། དགྲ་རྣམས་མེད་པར་བརྩལ་བའི་མཆོག། ཁྲུ་དྲུག་བགེགས་རྣམས་ཐམས་ཅད་དང་།། གདོན་རྣམས་ངེས་པར་ཟློག་པར་བྱེད།། ཁྲུ་བདུན ་པ་ནི་ལྷ་ཡི་རྣམས། ། དབང་དང་དགུག་པའི་ལས་རྣམས་བྱེད།། ཁྲུ་བརྒྱད་པ་ནི་དངོས་གྲུབ་ཀུན།། སྦྱིན་སྲེག་མཆོག་ཏུ་ཤེས་པར་བྱ།། དེ་ལྟར་ཅི་རིགས་བྲིས་ནས་ནི།། དེ་ནས ་གཙང་མས་ཉེ་རེག་བྱ། ། ཆུ་ཡི་ཕྱིར་ནི་ཆུ་ཡི་སྣོད།། ཆུས་ནི་རབ་ཏུ་དགང་བར་བྱ།། དེ་བཞིན་མེ་ཏོག་དོན་དུ་ཡང་།། མེ་ཏོག་སྡུག་གུ་དྲི་ཞིམ་དང་།། མེ་ཏོག་འཕྲེང་བས་སྣོད་མཆོག ་གཞན། ། ལོགས་པར་དག་ཤིང་མཛེས་པརཿ། ཁྲི་ཞོན་དུ་བྷྱ་ནྟུ།། ཅན་དན་དཀར་པོ་མྱུར་པོ་བྱུང་།། ས་ཀ་རུ་དང་སྐུ་བ་ཡི།། གུ་ཕུལ་བདུག་པ་བ ་ཞིན་ནོ། ། མར་མེ་མར་གྱི་མར་མེ་དང་།། མཁས་པས་སྙིང་པོ་འཇམ་པའོ།། དྲག་པོ་ཡིན་ལས་དག་ལ།། མི་ཡི་ཚིལ་གྱིས་བྱ་བར་བཤད།། གཏོར་མན་དང་ཤལ་སོགས། ་སྦྱར་དུག་ལ་སོགས་ལྷག་པར་དངུལ།། དེ་ལྟར་དེར་ནི་ཚོགས་བསགས་ནས།། དེ་ནས་རིག་སྔགས་འཆང་བ་ཡིས།། སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ།། བྱང་ཆུབ་སེམས་ལ ་དམིགས་ནས་ནི། ། རི་མོ་ཡི་ནི་ལས་རྣམས་དག། གལ་ཏེ་འདྲི་བར་མི་ནུས་ན།། ཡི་དགས་ཕལ་ཆེན་དབུས་དག་ཏུ།། པདྨ་སྔར་བྲིས་གང་ཡིན་པ།། དེ་ཡི་སྟེང་དུ་ཡི་དགས་ནི། ་མཁས་པས་ཡིད་ཀྱིས་བསམ་པར་བྱ།། ཡི་དགས་ཀྱི་ནི་སྔགས་མཆོག་གིས།། བསམ་པ་དག་ནི་བྱས་ནས་ཀྱང་།། གླ་ཡི་བེ་ཅོན་བཞི་པོ་ཡང་།། སྔགས་ཉིད་ཀྱིས་ནི་བསམ་པར་བྱ།། ་གལ་ཏེ་འདྲི་བར་ནུས་ན་ནི།། སྔགས་ཉིད་སྟེང་དུ་གཞག་པར་བྱ།། སྒྲོ་ཡི་ཡི་དགས་བཞི་པོ་ཡང་།། གལ་ཏེ་བྲི་བར་མ་ནུས་ན།། དེ་བཞིན་ཡི་དགས་འཛིན་སྔགས་ཀྱིས།། བྱིན ་ཀྱིས་རློབ་པར་གསུངས་པ་ཡིན། ། དེ་ཡི་ནང་དུ་རང་སྔགས་ཀྱིས།། བྱིན་གྱིས་རློབ་པར་བྱ་བའི་ཕྱིར།། རྐང་ལག་མགོ་བོ་དཔུང་པ་དང་།། དེ་བཞིན་གཞན་ཡང་དཔུང་པ་དང་།། ་གཞན་ཡང་དེ་བཞིན་ལག་པའི་འཕྲེང་།། ཟོད་པ་ཀེང་རུས་མི་ལགས་རློན།། རོ་ཡི་འཕྲེང་བ་བསམ་པར་བྱ།། དེ་ཡི་ནང་དུ་རང་ཐུགས་ཀྱིས།། བྱིན་གྱིས་རློབ་ཏུ་གཞུག་པར་བྱ།། དེ ་ལྟར་ཆོ་ག་བཞིན་བསམས་ནས། ། མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད།། སྔགས་བརྗོད་པས་ནི་སྤྱན་དྲངས་ནས།། རང་གི་སྙིང་པོས་བཞུགས་སུ་གསོལ།། ཁྲོ་བོ་འཁྲུགས་པ ་འཇིགས་མཛད་པ། ། སྐུ་ནི་མ་ལྕེ་འ་བར་བ་འདྲ།། གཟི་བརྗིད་འཕགས་པ་བསམ་པ་ནི།། སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ།། ཞལ་དྲུག་སྒྲ་ཡང་ཁམ་པར་འདུག། སྨིན་མཁམ ་པ་མིག་ཀྱང་སེར། ། སྤྱན་གསུམ་མིག་ནི་ཟླུམ་པ་སྟེ།། ཕྱག་ནི་བཅུ་གཉིས་པ་ཡི་གཟུགས།། དེ་བཞིན་ཡི་དགས་སྟེང་ན་བཞུགས།། ཞབས་དྲུག་གིས་ནི་མཛེས་པར་བྱས།། ་ཏྲི་ཤཱུ་ལ་རལ་གྲི་དབྱུག་དགྲ་སྟ། སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ།། ལྕགས་ཀྱུ་ཡི་ནི་མཚོན་ཆ་དག། གཡས་པའི་ཕྱག་ན་དེ་བཞིན་བསྣམས།། དེ་བཞིན་གཡོན་པའི་དྲུག་པོ་ཡང་། ་ཐོད་པ་མདུང་ཟུང་མདའ་བོ་ཆེ།། མཛུབ་མོས་བསྡིགས་དང་ཞགས་པ་བསྣམས།། ཕྱག་ན་དབྱུག་ཏོ་བསམ་པར་བྱ།། མི་མགོ་རློན་དང་སྐམ་པོ་དང་།། ཡི་དགས་འཕྲེང་བས ་རྣམ་པར་བརྒྱན། ། སྟག་གི་པགས་པའི་ན་བཟའ་གསོལ།། སྐུ་ཡང་ཆེ་ལ་གསུམ་ཁྱིམ་ཆེ།། ཞལ་གྱི་དབྱིབས་ནི་དུ་མ་སྟེ།། སྨ་ནི་རྒྱ་མཚོ་འཁྲུགས་པའང་།། ཞལ་གཅིག ་བཞད་ཅིང་ཞལ་གཅིག་ནི། ། ཞལ་གཅིག་འཇིགས་པར་བཟད་པའི་ཞལ།། ཞལ་གཅིག་ཞལ་ནི་གདངས་པ་སྟེ།། སྔགས་ཀྱང་བསྐྱོད་པར་མཛད་པ་དང་། ་ཞལ་གཅིག་ཀྱང་ནི་མཆེ་བ་གཙིགས།། དེ་ལྟར་སྙིང་པོས་ལེགས་པར་ནི།། སྤྱན་དྲངས་མཆོད་ཡོན་དབུལ་བར་བྱ།། དེ་ནས་དྲི་དང་སྦྱར་བའི་ཆུས།། མཆོད་ཡོན་ཆོ་ག་བཞིན་ཕུལ ་ནས། ། ཡི་དྭགས་ཀྱི་ནི་སྤྱི་བོར་ཡང་།། མེ་ཏོག་དམར་པོ་གཞག་པར་བྱ།། བློ་ཚོན་གྱིས་ནི་ཁྲོ་བོ་ལ།། དེ་ནས་ཙན་དན་དམར་པོ་དབུལ།། དྲི་ཡི་འོག་ཏུ་མེ་ཏོག་རྣམས།། ་ཙན་དན་གྱི་ནི་གཏོར་མ་དབུལ།། མེ་ཏོག་མེ་ཏོག་གཏོར་མ་དབུལ།། མེ་ཏོག་མེ་ཏོག་འཕྲེང་བ་རྣམས།། མེ་ཏོག་སྔགས་ཀྱིས་དབུལ་བར་བྱ།། མེ་ཏོག་སྔགས་ཀྱིས་རིམ་བཞིན་དུ། ་མེ་ཏོག་ཆོ་ག་བཞིན་ཕུལ་ནས།། རང་གི་སྙིང་པོ་སྔགས་ཀྱིས་ཀྱང་།། ཁྲོ་བོ་ཡི་ནི་སྤྱི་བོ་དང་།། ཁྲོ་བོ་གཙོ་བོའི་སྙིང་ཁ་ར་ནི།། སྙིང་པོ་རྣམ་པར་དགོད་པར་བྱ།། འཚོགས་མར ་དེ་ཡི་འཚོགས་མ་དང་། ། དེ་ཡི་གཙུག་ཏུ་སྤྱི་གཙུག་གཞག། དེ་ཡི་ལུས་ལ་གོ་ཆ་དང་།། མཚོན་ཆའི་ཚོགས་ལ་མཚོན་བཞག་སྟེ།། འདི་སྐད་བསྟན་པ་འདི་དག་ནི།། མེ་ཏོག ་དག་གིས་དགོད་པར་བྱ། ། དེ་ལྟར་ཅི་རིགས་མཆོད་ནས་ཀྱང་།། བདུག་པ་རང་གི་སྔགས་ཀྱིས་དབུལ།། དེ་ནས་མར་མེ་རབ་འབར་བ།། ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ།། འབྱུང ་ངོཔོའི་གཏོར་མ་ཁྲོ་བོ་ལ། ། ཕུལ་ནས་ཡི་དགས་ཕལ་ཆེན་གྱི།། ཕྱི་རོལ་ཏུ་ནི་མཁས་པ་ཡིས།། སྒེག་ཏོར་རྣམས་ནི་སྦྱིན་པར་བྱ།། ཁྲོ་བོ་གཅོལ་དེ་ཕྱོགས་ཏེ།། དེ་ནས་ཡང་ནི་བདུག ་པ་དངུལ། ། དེ་ཡི་ཕྱི་རོལ་ཆུ་བཅས་སྣོད།། མེ་ཏོག་གིས་ནི་བཀང་སྟེ་བཞག། ཆོ་གས་ཁྲུས་ཀྱི་བསྙུང་བ་ཡི།། སློབ་མ་དག་ནི་བོས་ནས་ཀྱང་།། སྔགས་ཀུན་གྱིས་ནི་གཟི་བསྐྱེད ་ལ། ། ཁྲོ་བོ་ཡི་ནི་སྙིང་པོ་ཡིས།། ལག་གཉིས་མེ་ཏོག་བྱིན་ནས་ནི།། གོས་ཀྱིས་གདོང་ནི་གཡོགས་པར་བྱ།། དཀོན་མཆོག་གསུམ་ནི་དྲན་བྱས་ལ།། སློབ་དཔོན་གྱིས་ན ་གཞུག་པར་བྱ། ། རང་གི་སྙིང་པོས་མེ་ཏོག་ཉིད།། དཀྱིལ་འཁོར་ལ་ནི་གཏོར་དུ་གཞུག། དེ་ནས་བེ་ཅོན་ཞེས་པ་ཡིས།། ཕྱག་རྒྱ་སྔགས་པས་དེ་ལ་བསྟན།། དཀོན་མཆོག་གསུམ ་ནི་གསང་བ་ཡི། ། དམ་ཚིག་དེ་ལ་སྦྱིན་པར་བྱ།། དེ་ནས་གྲུབ་པར་བྱ་བའི་ཕྱིར།། སྔགས་པས་ཆུ་དང་མེ་ཏོག་གིས།། ཁྲོ་བོའི་གཙོ་བོའི་གསང་སྔགས་དག། དབང་བསྐུར་ནས ་ནིནི་ལ་སྦྱིན། ། དེ་ནས་ཁྲོ་བོ་སྙིང་པོ་མི།། ཆོ་ག་བཞིན་དུ་དབང་བསྐུར་ནུས།། མེ་ཏོག་བདུག་པའི་འཕྲེང་བ་ཡིས།། སྙིང་པོ་དེ་ལ་སྦྱིན་པར་བྱ།། ཁྲོ་བོ་ཡི་ནི་སྙིང་པོ་མཆོག ་དེས་ཀྱང་དེ་ལྟར་མནོས་ནས་ནི། ། དེ་ནས་བླ་མར་ཕྱག་བྱས་ནས།། ཅི་ནུས་སྦྱིན་པས་མཆོད་པར་བྱ།། སྔགས་པས་བླ་མ་མཆོད་བྱས་ནས།། དངོས་གྲུབ་ཐོབ་འགྱུར་གཞན་ཏུ ་མན། ། སློབ་མ་སྙིང་པོ་བྱིན་ནས་ཀྱང་།། འཕྲེང་བ་ཙན་དན་ལ་སོགས་པས།། མཆོད་ནས་དེ་ཡི་འོག་ཏུ་ནི།། ཕྱི་རོལ་ཏུ་ནི་སྔུར་བཞགྲ་པའི།། དྲི་ནུ་ལ་སོགས་དཀང ་པབཔའི་སྣོད། ། དེ་བླངས་མཆོད་ཡོན་ཕུལ་ནས་ནི།། འཇམ་དབྱངས་ཁྲོ་བོ་མི་བཟད་པའི།། མཐུ་རྣལ་དྲག་པོ་གཤེགས་སུ་གསོལ།། བཞུད་ནས་ཀྱང་ནི་ཡོན་ཆུ་དེ།། དཀྱིལ་འཁོར་ལ་ཡང ་དབུལ་བར་བྱ། ། རྒྱ་ཆེན་ས་ཡི་དཀྱིལ་འཁོར་ན།། དངོས་གྲུབ་མཚུངས་མེད་འདོད་པ་ཡི།། རིག་སྔགས་འཆང་གིས་དེ་ལྟར་ནི།། མཆོད་པ་རྟག་ཏུ་ལེགས་པར་བྱ།། དེ་ནས་དངོས་གྲུབ ་ཐོབ་པར་འགྱུར། ། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས། ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། ། ་། དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱཿཔྲེ་ཏ་མུ་ཁ་ཁ་ད་ཀྲ་སྭཱཧཱ། དབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཱ་ཀྲོ་དྷ་བི ་ཛྙཱ་ཡ། ཨགྣི་ར་ཛཱ་ལི་ཏི་ཛི་ཧེ་པྲེ་ཏ་ཤཱ་རི་ཧཱུ~ཾ་ཕཊ། འདི་ནི་ཀཱ་ཡི་བེ་ཅོན་བཞིའི་སྔགས་སོ།། ཨོཾ་ན་མཿསརྦ་ཏཐཱ་གཱ་ཏེ་བྷྱཿོཾ་པྲེ་ཏ་ཐོད་ལཀྵ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོའི་ཡི་དགུས་ཀྱིའོ།། ་ཨོཾ་པྲེ་ཏ་བི་མརྠ་ཀ་ཧཱུཾ་ཕཊ། ལྷོ་སྒོའི་ཡི་དགས་ཀྱིའོ།། ཨོཾ་པྲེ་ཏ་ཛྭཱ་ལ་ཧཱུཾ་ཕཊ། ནུབ་ཀྱི་སྒོའི་ཡི་དགས་སོ།། ཨོཾ་ཀཱི་མ་མོ་ཏོ་ཏ་ཀེ་ཊ་ཧཱུཾ་ཕཊ། བྱང་སྒོའི་ཡི་དགས་སོ།། ཨོཾ་ན་མཿསརྦཏ ་བྷགྷ་ཏེ་རྒྱ་མྱེ་ཏ་མཱ་ལེ་བི་གྲཱི་། མྲེ་ཏྟ་མཱ་ལེ་བི་བི་ཏེ། མེ་ཏམཱ་ལེ་བི་བ~ཾཏྟེ། ག་ཀྱཻ་སུ་ཡིས་ར་རྫོབ་ཧཱུ~ཾ། ཡི་དགས་འཕྲེང་བའིའོ།། འདི་ནི་ཡི་དགས་ཀྱི་དཀྱིལ་འཁོར་གྱི་སྔགས ་ཀྱི་ཚོགས་སོ། ། དེ་ནི་ཁྲོ་བོ་གཤིན་རྗེ་གཤེད་སྤྱན་དྲངས་པ་ལ་སོགས་པའི་སྔགས་ལ་སོགས་པ་འབྱུང་ངོ་།། ཨོཾ་ན་མ་བུདྡྷ་དྷརྨྨ་སཾ་གྷེ་བྷྱཿཀྲོ་དྷ་བི་ར་བི་ར་སརྦ་མ་ཡེ་ན། ཨཱ་གཙྪ་ཨཱ་གཙྪ ་ཨོཾ་ཨཱཿཧཱུཾ། ཨི་དི་པྲ་ཏ། ཨཱ་ས་ན་ཎ། པྲེ་ཏོད་ག་ཏ་ན་རཀྵཱ་རཀྵ་སྭཱཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྤྱན་དྲང་བའི་སྔགས་སོ། ཨོཾ་ཛྙཱ་བཛཱ་ལི་ཏ་བི་གྲ་ཧ་ཧཱུཾ་ཕཊ། གོ་ཆའིའོ།། ་ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མནྟ་ཀ་ཧ་ནཱ་མ་ཐཱ་བྷཉྩ་ཧཱུཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་གང་གི་རྟོག་པ་འདི་ཡིན་པ་དེའི་སྔགས་ཡི་གོ་འབྲུ་བཅུ་བདུན་པའོ།། ཨོཾ་ཨཱཿཧཱུཾ། དེ་ཉིད་ཀྱི་སྙིང་པོའོ།། ཨོཾ་ཀཱ ་ལ་ཧཱུཾ་ཕཊ། འཚོགས་མའིའོ།། ཨོཾ་ཡ་མནྟ་ཀ་ཨེ་ཀཱ་པཱི་ར་ཧཱུཾ་ཕཊ། སྤྱི་གཙུག་གིའོ།། ཨོཾ་བཻ་བས་སཱ་ཏཱ་ན་ཏ་ཀ་ཧཱུཾ། མཚོནཱ་ཆའི་འོ།། འདི་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད ་ཀྱི་ཡན་ལག་ལྔ་པའོ། ། ཨོཾ་ཨེ་ཀ་བཱི་ར་ཡ་མནྟ་ཀཱ་བི་ར་ར་སྭཱཧཱ། མཆོད་ཡོན་དབུལ་བའི་སྔགས་སོ།། མོ་དྷིམྦན་ཏ་ཀ་ཏེ་ཛོ་བ་ཡིན་ནི་སྱཱཧྣ། ལྦུ་བཤོས་ཀྱི་སྔགས་སོ།། ཨོཾ་བཱ་ཀ ་ཤོ་ནི་ཏྲ་ར་ཏྲ། སཾ་གན་དྷ་བི་གྲ་ཧ་སྭཱཏྨ། དྲིའི་སྔགས་སོ།། ཨོཾ་དི་བྱ་སྲེག་མ་ལྱ་དྷ་རི་ཎེ་སཱཿ། མེ་ཏོག་གི་སྔགས་སོ།། ཨོཾ་ཙི་ཏིདྦྷ་པ་པྲེ་ཡཱ་ཡ་སྭཱཧཱ། བདུག་པའི་སྔགས་སོ།། ་། ཨོཾ་དཱི་བྱཱ་ཛཱ་ཏིཥྚིཀྵེ་སྭཱཿ། མར་མེའི་སྔགས་སོ།། ཨོཾ་སརྦྦ་སུ་མི་ཤེ་སྱ་བ་ཧཱ་རི་ཎི་ས+འུཿ། རྦེ་ག་ཏོར་ཐམས་ཅད་ཀྱི་སྔགས་སོ།། སྣོ་དི་ནཱན་མྱོ་ཛ་ནི། སྔར ་ཧ་རི་དྲི་དྲི་ཁཱ་ཧི་སྭཱ་ཧཱ། གཏོར་མ་ཐམས་ཅད་དབུལ་བའི་སྔགས་སོ།། ཨོཾ་ལུ་ཨུ་ནཱི་པྲེ་ཏོཏྟ་ཀ་ཏེ། པྲེ་ཏ་མཱ་ལི་ལི་ནི། ནུརྦྦ་ཀླེ་དྷ་པྲེ་པྲེ་ཏི་ཤི་ཕྲེཾ་དྲྀ་ཏྲི་རྡི་ཏྲ་ཁྭ་ནི་གྲི་ཧ་པཱ་ལི་སྭཱཧཱ། ་དགས་མང་བའི་དཀྱིལ་འཁོར་གྱི་གཏོར་མའི་སྔགས་སོ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་གྱི་སྔགས་རིམ་པར ་ཕྱེ་བ་སྟེ་གསུམ་པའོ། ། །། དེ་ནས་གཞན་ཡང་འཇམ་དབྱངས་ཀྱི།། ཁྲོ་བོ་དཔའ་བོ་གཅིག་པུ་ནི།། ཚད་མེད་གཟི་བརྗིད་བདག་ཉིད་ཆེ།། དེ་ཡི་ཕྱག་རྒྱ་བཤད ་པར་བྱ། ། ཐོག་མར་དཀོན་མཆོག་གསུམ་པོ་ཡི།། དམ་ཚིག་མངོན་པར་བསྟན་བྱས་ནས།། ལག་པ་གཡས་པ་ཆོ་ག་བཞིན།། ལེགས་པར་རབ་ཏུ་བཅིང་བར་བྱ།། རིག་འཛིན ་དག་གིས་རྟག་པར་ནི། ། ལག་པའི་སོར་མོ་ཐམས་ཅད་ཀྱིས།། མཐེ་བོང་ལེགས་པར་སྦས་པ་ནི།། རབ་ཏུ་བསྡམས་པ་བཟང་པོ་བཅིང་།། ཆོ་ག་ཤེས་པའི་བེ་ཅོན་རྒྱ།། སྙིང་པོ ་སྔགས་སམ་ལོགས་ཤིག་ཏུ། ། སྔགས་པ་ཕྱག་རྒྱ་སྔགས་ཀྱིས་བཅིངས།། གཞན་དུ་ནམ་ཡང་མི་བཅིང་ངོ་།། ཨོཾན་མོ་བུདྡྷ་དྷརྨྨ་སཾ་གྷེ། ཨ་སརྦྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛཱ་ཡ། ཨགྣི ་ཛྭ་ལ་ཏི་ཛཧཱ། ཨ་སཱིར་ཛཱ་ལི་ཏ་ཛིཿ། པྲེ་ཏ་ཤཾར་སྥུ་ཕཊ། བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ།། ཕྱག་རྒྱ་གཅིག་པུར་གྱུར་པ་འདི།། ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད།། མཚོན་ཆམ ་ལུས་པ་ཡི་གཙོ། ། བདུ་རྣམས་ཐམས་ཅད་ཞི་བར་བྱེད།། ཇི་ལྟར་དཀྱིལ་འཁོར་དུ་བྲིབ།། དེ་ཡི་ཆོ་ག་བཤད་པར་བྱ།། བེ་ཅོན་དབྱིག་པ་ལྟ་བུའི་ཚུལ།། འདི་ནི་བེ་ཅོན་ཞེས་པར་གྲགས།། ་ཁྱད་པར་དུ་ནི་དེ་ཡི་རྩེར།། ཡི་དགས་མགོ་བོ་མཁས་པས་བྲི།། ཡི་དགས་མང་པོ་རྟག་ཏུ་བྲི།། དེ་ལས་གཞན་དུ་རྣམས་ཀྱང་མིན།། རིག་འཛིན་གྱིས་ནི་ཆོ་ག་བཞིན།། རྒྱ་འདི་དུར་ཁྲོད ་ཐལ་བས་བྲི། ། ཡང་ན་འདི་ཉིད་ལོགས་ཤིག་ཏུ།། གང་གི་ཚེ་ན་སྒྲུབ་འདོད་པ།། སྒྲུབ་པ་དངོས་གྲུབ་འདོད་པ་ཡི།། རང་གི་དཀྱིལ་འཁོར་དག་ཏུ་བྲི།། དེ་ནས་ཕྱག་རྒྱ་སྒྲུབ་པ་ཡི།། ་དཀྱིལ་འཁོར་འདིར་ནི་བཤད་པར་བྱ།། སྔ་མ་བཞིན་དུ་གྲུ་བཞི་པ།། ཡི་དགས་ངལ་ཚན་འདིར་ཡང་བྲི།། དེ་ཡི་དབུས་སུ་བེ་ཅོན་བཞག། ཕྱོགས་བརྒྱད་རྣམས་སུ་དེ་བཞིན་ནོ།། ཕྱག ་རྒྱ་དགུ་དང་ལྡན་པ་ཡི། ། ཕྱག་རྒྱའི་དཀྱིལ་འཁོར་ཞེས་ཀྱང་བྱ།། དེ་བཞིན་དུ་ནི་ལྷོ་ཡི་སྒོ།། ཕྱེ་སྟེ་དེ་ནས་མཆོད་པ་བྱ།། ཕྱག་རྒྱ་སྔགས་ནི་མ་ལུས་པ།། ཁྲོ་རྒྱལ་རང་གི་སྤེལ་མ་བྱ།། ་དེ་ཡིས་འདིར་ནི་མཆོད་གྱུར་ལ།། རིམ་གྱིས་གསང་བའི་མཆོད་བྱས་འགྱུར།། ཨོཾ་ན་མོ་བུདྡྷ་དྷརྨཱ་སཾ་གྷེ་དྷྱཿ། ཨོཾ་ཨཱ་སརྦྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ།། ཨགྣིར་ཛཱ་ལི་ཧཱ་པྲེ་ཏ་ཤི་ར་ཧཱུཾ་ཕཊ། ་འདི་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་གོང་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ།། འདིས་ལས་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ནས་དངོས་གྲུབ་ཀུན་གྱི་མཆོག། ་ཁྲོ་བོའི་གཙོ་བོ་དེ་ཁོན།། གསང་བའི་མཆོད་དང་ལྡན་པ་ཡི།། བེ་ཅོན་སྒྲུབ་པ་བཤད་པར་བྱ།། སྙིང་པོ་ཟེ་བ་མཛེས་པ་ཡི།། པདྨ་འདབ་མ་བརྒྱད་བྱས་ལ།། འདབ་མ་རྩེ་མོའི་ཕྱོགས ་བརྒྱད་དུ། ། བེ་ཅོན་ཁྲོ་བོའི་བར་བཅུག་བྲི།། དབུས་སུ་དགུ་པ་བཞག་ནས་ནི།། གཞན་རྣམས་ཤར་ཕྱོགས་ནས་བརྩམས་ཏེ།། བསྐོར་བའི་ཚུལ་དུ་གོ་རིམས་བཞིན།། མེ་ཏོག ་དག་གིས་གཞག་པར་བྱ། ། བེ་ཅོན་ཀུན་གྱི་ས་བོན་ཧཱུཾ།། ཡི་དགས་སྤྱི་བོར་གཞག་པར་བྱ།། ཐོག་མར་ཨོ་དང་ལྡན་བྱས་ཏེ།། ཨོཾ་དང་ན་མ་མཆོད་པར་འགྱུར།། ཨ་འདི་ཁྲོ་བོ་རྣམ ་རྒྱལ་གྱི། ། ས་བོན་དམ་ཚིག་ཡིན་པར་བཤད།། ཨོཾ་སྭཱཿཧཱུཾ། ཨོཾ་ན་མོ་བུདྡྷ་དྷརྨཱ་སཾ་བྷཻ་ཎྱཿ། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། བེ་ཅོན་རྣམས་ནི་ཐམས་ཅད་ཀྱང་།། ་རང་གི་དམ་ཚིག་བསྐུལ་བར་ལྡན།། ཐམས་ཅད་རང་གི་དམ་ཚིག་ལྡན།། དེ་བཞིན་གཤེགས་པའི་རིགས་ལས་ཀྱང་།། བསྐུལ་བའི་ཚིག་ནི་རབ་ལྡན་ཞིང་།། ཇོ་བོའི་ལྟབས་བརྟགས ་པ་དང་། ། རང་རིང་རྟགས་ཀྱིས་བསྐུར་ན་ནི།། དེ་མ་ཐག་ཏུ་ལས་བྱེད་འགྱུར།། ཨཿའདི་ཁྲོ་བོ་རྣམ་རྒྱལ་གྱིས།། ཁྲོ་བོའི་ལྟ་བས་བལྟས་པའོ།། རང་གི་དམ་ཚིག་དང་ལྡན་པ།། སྐུ ་དང་ལྡན་པ་བསྐུལ་བ་བཞིན། ། ཞི་བརྒྱས་པ་དབང་དང་དགུག། དབྱེ་བ་དང་ནི་བསྡད་པ་རྣམས།། གསང་བའི་མཆོད་པའི་སྦྱོར་བ་ཡིས།། བདག་གིས་མདོར་ནི་བཤད་པར་བྱ།། དེ་མི་ཐོག ་མར་ཡི་གེ་ཨོཾ། ། དེ་ལས་གཞན་པ་སྔགས་འཕེལ་བྱེད།། དེ་བཞིན་གཤེགས་པའི་དམ་ཚིག་ཉིད།། གསུམ་པ་ཡིན་པར་ཡོངས་སུ་བསྒྲགས།། བཞི་པ་དངོས་གྲུབ་སྟེར་བྱའི་ཕྱིར།། ་འདིར་ནི་སྔགས་ལ་བསྐུལ་བའི་ཚིག། ཨོཾ་ཨཱཿཧཱུཾ། སརྦ་ཏ་ཐཱ་ག་ད་ཧཱུཾ་སྭཱ་གྷཱ། ཞེས་བརྗོད་པ་སྔགས་ཀྱི་བདག་ཉིད་དོ།། མཇུག་གི་ཧཱུཾ་ནི་ཁྲོ་བོ་ཡི།། སྔགས་ནི་འཕེལ་བར་བྱེད ་པར་བཤད། ། དེ་ལས་གཞན་ནི་ཁྱད་པར་དུ།། རང་གིས་བསྐུལ་བའི་ཚིག་གིས་བྱེད།། དབང་དུ་བྱ་བར་འདོད་པས་ནི།། རང་གི་ངོ་བོ་སྨོས་པར་བྱ།། ལྷ་དབང་དབང་དུ་བྱོས་ཤིག ་ཅེས། ། བརྗོད་ནས་ཐ་མར་སྭཱ་ཧཱ་སྦྱར།། ཞི་བའི་ཕྱིར་ནི་བསྐུལ་བ་ཉིད།། མཇུག་ཏུ་བཽ་ཥཊ་བརྟག་པར་བྱ།། དེ་བཞིན་གཤེགས་རིགས་ལས་བྱུང་བའི།། དཔལ་ནི་མཚུངས ་མེད་འདོད་པ་ཡི། ། བསྐུལ་བའི་ཚིག་གི་མཇུག་ཏུ་ཡང་།། ནཱ་མ་སྭཱ་ཧཱ་རྟག་ཏུ་སྦྱར།། ཅེས་པའི་ཕྱིར་ནི་སྔོན་བཞིན་དུ།། བསྐུལ་དུས་པོ་ཥཊསྦྱར་བར་བྱ།། རྒྱས་ཕྱིར་བསྐུལ ་བའི་ཐོག་མ་དང་། ། ཐ་མར་ཁྲོ་བོའི་ཧཱུཾ་ཡང་སྦྱར།། གསད་པ་ལ་ནི་ཕཊ་ཅེས་པ། འབར་བ་འདི་ལ་ལྷག་པ་ཡིན།། རིགས་རྣམས་བརླག་པར་བྱ་བ་ལ།། ཧཱུཾ་དབུས་ཁྲོ་དང་ལྡན་པའི་ཕཊ། ་དེ་བཞིན་བསྐྲད་དང་བསྐུལ་བ་ཡི།། མགོ་དང་མཇུག་ཏུ་ཧཱུཾ་གཞུག་གོ།། ཡང་དགའ་བར་བའི་ཕཊ་ཀྱང་གཞག། གསང་བའི་མཆོད་པའི་ཆོ་གར་གྲགས།། དེ་ལྟར ་མཆོད་པའི་རིམ་པ་དེར། ། བེ་ཅོན་དགུ་ནི་བྱས་པར་འགྱུར།། གསང་བའི་མཆོད་པའི་སྦྱོར་བ་ཡིས།། འདུག་པ་མེ་ཏོག་དེ་བཞིན་དྲི།། དེ་བཞིན་གཏོར་མ་མར་མེ་དང་།། བཟླས་པ་མེད་ཀྱང ་འགྲུབ་པར་འགྱུར། ། དབང་དུ་བྱ་དང་དབྱེ་བ་དང་།། བསྐྲད་དང་གསད་ལ་སོགས་པ་ནི།། ཇི་སྐད་གསུངས་པའི་ཚུལ་དག་དང་།། དེ་ལྟར་སྦྱོར་བ་དྲི་འདྲ་ལས།། ཚེས་གྲངས་དག་དང་སྐར་མ་དང་།། ་སྨྱུང་བ་དག་ཀྱང་བྱ་མི་དགོས།། གསང་བའི་མཆོད་པའི་ཆོ་ག་ཤེས།། ཕྱག་རྒྱའི་དཀྱིལ་འཁོར་ལེགས་བྱས་ལ།། ཁྲུས་བྱས་ཁྲུས་ནི་མ་བྱས་རུང་།། ཇི་ལྟར་འདོད་པ་རང་དགར་སྤྱོད།། ཅི ་ཡང་རུང་བའི་གཏོར་མ་དང་། ། ལོ་མ་མེ་ཏོག་འབྲས་བུས་ཀྱང་།། གང་དག་གཤིན་རྗེ་གཤེད་པོ་ཡི།། སྙིང་པོ་ཕྱག་རྒྱ་མཆོད་བྱེད་ལ།། བྱང་ཆུབ་སེམས་དང་ལྡན་འགྱུར་ཞིང་།། རབ་ཏུ་གུས ་ནརྒྱུ་དྲུག་གིས། ། དེ་ནི་ཅི་འདོད་དགོས་པ་རྙེད།། ཇི་ལྟར་འདོད་པའི་ལས་ཀྱང་བྱེད།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས།། བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར་གསང ་བའི་མཆོད་པ་རིམ་པར་ཕྱེ་བ་སྟེ་བཞི་པའོ། ། །། དེ་ནས་བེ་ཅོན་ཕྱག་རྒྱ་ཡི།། ཇི་སྐད་གསུངས་པ་དེ་དག་སྒྲུབ།། དེ་ཡིད་དཀྱིལ་འཁོར་གཉིས་པའང་གཞན།། དཀྱིལ་ན་མི ་དགས་ཞེས་བྱ་བ། ། སྒྲུབ་པས་མཚན་མོ་དུར་ཁྲོད་དུ།། དུར་ཁྲོད་དག་གི་ཐལ་པ་ཡིས།། གྲུ་བཞི་པ་ལ་སྔོ་བཞི་བྲི།། མི་རོའི་རོ་སྨད་དག་དང་ལྡན།། རྦ་རེ་རྔ་ཡབ་མེ་ལོང་དྲིལ།། མེ་ཏོག་འཕྲེང ་བས་མཛེས་པར་བྱ། ། ལྷ་རྫས་ཡི་དགས་མང་པོ་དངར།། ཐོད་པ་བརྒྱད་ཀྱིས་རྣམ་པར་སྨྲས།། ཕྱིས་ནི་བེ་ཅོན་ཕྱག་རྒྱ་ཡང་།། མགོ་མེད་རོ་ཡི་སྟེང་དུ་བྲི།། དཀྱིལ་ན་ཡི་དགས་ཞེས་བྱ་བའི།། ་ཐམས་ཅད་གྲུབ་བྱེད་དཀྱིལ་འཁོར་འདི།། ཁྲོ་བོའི་གཙོ་བོའི་ཕྱག་རྒྱ་ཡིས།། མཆོད་པ་ཇི་སྐད་གསུངས་པ་བྱ།། སྨེ་གཏོར་ཐམས་ཅད་བྱིན་ནས་ནི།། གཙང་མགོ་ཆ་བགོས་ནས་ཀྱང་།། འབུམ ་ཕྲག་གཅིག་ནི་སྔར་བསྟེན་པ། ། བྱས་ནས་འདི་ནི་བརྩམ་པར་བྱ།། ཕྱུགས་ཆེན་དག་གི་ཁྲག་གིས་ཀྱང་།། ཤིས་པའི་ཐོད་པ་བཀང་ནས་ཀྱང་།། དེ་བཞིན་མི་ལས་བྱུང་བའི་ཤ།། ཕྱག་རྒྱལ ་ནི་དབུལ་བར་བྱ། ། ཕྱུགས་ཆེན་གྱི་ནི་ཚིལ་བུ་ལས།། མར་མེ་འབར་བ་བྱས་པ་དག། དེ་ཡི་ཕྱི་རོལ་ཕྱོགས་བརྒྱད་དུ།། སྔགས་བསྲུང་དེ་ལ་དངུལ་བར་བྱ།། ཆོ་ག་ཤེས་པས་དེ་ལྟ་བུར།། ་བྱས་ནས་མཇུག་ལ་བསྒྲུབ་པར་བྱ།། དཔལ་ལྡན་གོས་ནི་དམར་པོ་གྱོན།། ཙནཱ་དན་དམར་པོས་བསྐུས་ནས་ནི།། ཅུང་ཟད་དག་ཀྱང་མི་བྱེད་པར།། མར་གྱི་བརྒྱད་ལ་གཅིག་པུས ་བྱས། ། དཔའ་ལ་སེམས་དྲག་མཐུ་ལྡན་པའི།། གྲོགས་ནི་གསུམ་དང་ལྷན་ཅིག་ཏུ།། སྒྲུབ་པ་བློ་ལྡན་སེམས་སྟོབས་ཅན།། དབང་པོ་ལེགས་པར་བསྡམས་པ་ཡི།། ཡི་དག ་ཀྱི་ནི་དཀྱིལ་འཁོར་དུ། ། སྒྲུབ་པ་ལ་ནི་འཇུག་པར་འགྱུར།། དེ་ནས་མཚན་མོ་རྒྱ་བཅིངས་ཏེ།། བརྟན་པར་འདུག་ལ་ལེགས་པར་བཟླས།། བགེགས ་རྣམས་སྣ་ཚོགས་མཚན་གཅིག་ཏུ། ། འབྱུང་སྟེ་དེ་ལས་རྒྱལ་བར་བྱ།། དེ་ལྟར་སྲིན་པོའི་ཚོགས་ཆེན་ལས།། རྒྱལ་ནས་ཕྱག་རྒྱ་འགྲུབ་པར་འགྱུར།། མི་འགྲུབ་པ་ཡི་ལས་རྣམས་ཀྱང་།། ་དེ་ནས་ཐོགས་པ་མེད་པར་བྱེད།། འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡིས།། བསྐུལ་ནས་འདིར་ནི་དོགས་པ་མེད།། ཧ་ནི་བི་སྥོཊ་བཉྫ་བཉྫ་ཞེས།། བསྐུལ་བའི་ཐ་མར་ཧཱུཾ་བརྗོད་ཅིང་།། གཡོན ་བརྐྱང་བ་ཡི་ཚུལ་གནས་ནས། ། ཁྲོས་པས་རི་རྩེ་བཟོད་དཀའ་དང་།། ར་བ་ཡང་ཐོག་སྒོ་ཁང་དང་།། པུ་ཤུ་ཁང་པ་དང་ར་བ་དག། སྐད་ཅིག་གིས་ནི་སྙིལ་བར་བྱེད།། ད་ར་བི་སྥོ་ཊ་བྷ་ཛ་ཞེས། ་བསྐུལ་བའི་མཇུག་ཏུ་ཧཱུཾ་བརྗོད་ན།། རི་བོ་དག་ནི་མང་པོ་དང་།། དེ་བཞིན་ལྷ་མིན་སྒོ་དག་དང་།། དེ་བཞིན་ས་དང་གཞན་དགུ་དང་།། ཇི་ལྟར་འདོད་པ་འགས་པར་བྱེད།། པ་ཙདྲི་དྷ་ན་སང་ཤེ ་ཞེས། ། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། ཕྱག་རྒྱ་འདི་ཡིས་ཆུ་རྣམས་ནི།། ཐོགས་པ་མེད་པར་སེམས་པར་བྱེད།། མཚོ་ཆེན་དང་ནི་ཆུ་བོ་དང་།། རྒྱ་མཚོ་དག་ཀྱང་སྐམས་པར་བྱེད།། ་དྷ་ཡ་ཞེས་ལན་གཉིས་བརྗོད།། ཐ་མར་ཆུ་དང་དེ་བཞིན་མུ།། དེ་ནས་དེ་ཡི་མཇུག་ཏུ་ཧཱུཾ།། སེན་སྟཾ་བྷ་ཞེས་སྦྱར་ན།། པ་ཙ་བི་དྷན་ས་ཡ་ཤོ་ལམ་ཤོ་ཥ་ཡང་ཧཱུ~ཾ་ཕཊ།། རི་མོ་ལ་ནི་གནས་པ་བཞིན ་ངེས་པར་མྱུར་དུ་གནོན་པར་འགྱུར། ། ཐ་མར་ཧཱུཾ་བཞག་དེ་ནས་དྲིང་།། ཀྵོ་བ་ཡ་ཞེས་ལན་གཉིས་བརྗོད།། དེ་ཡི་ཐ་མར་ཡི་གེ་མ།། མཁས་པ་དག་གིས་སྦྱོར་བ་ནི།། དཔུང་རྣམས་འཁྲུག ་པར་འགྱུར་བ་ལ། ། ཁྲོས་ན་ངོ་མཚར་ཅི་ཞིག་ཆེ།། ཐ་མར་ཧཱུཾ་དང་ག་བཞག་ལ།། དེ་ནས་ཏིཥྛ་ཏིཥྛ་གཞག། སྔགས་པས་གལ་ཏེ་སྦྱར་ན་ནི།། ཆོ་ག་འདི་ནི་གླང་པོ་གནོན།། ཧ་ན་བི་དྷཱ་ན་ས ་མཱ་ར་ཡ། ། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ཅིང་།། དེ་བཞིན་ཐ་མར་ཕཊ་བརྗོད་ན།། དཔུང་དག་རབ་ཏུ་འཆི་བར་འགྱུར།། ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། དཔུང་རྣམས ་ཕན་ཚུན་འཁྲུག་པར་ནི། ། ཐོགས་པ་མེད་པར་རབ་ཏུ་འགྱུར།། ཐ་མར་ཧཱུཾ་དང་དེ་བཞིན་ཕཊ།། དྲྀ་དྲི་ཛ་ཛ་དྲི་དྲི་དག། ངེས་པ་དག་ཏུ་སྦྱར་ན་ནི།། སྔགས་པ་ཁྲོ་དང་ལྡན་པ་ཡིས།། ཁྲག་གི་ཆར ་འབབ་བྱེད་པར་གསུངས། ། ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧཱ་ཧཱ་བཻ་ཏཱ་ལེ་ཧུཾ་ཕཊ། ཅེས་བདག་གིས་བྱ། སྔགས་པ་དཔའ་དང་ལྡན་པ་ཡིས།། བསྐུལ་ནས་མྱུར་དུ་རྨོངས་པར་འགྱུར།། ཐ་མར་ཧཱུཾ་བརྗོད ་ཧ་ཧ་ཧ། ། དེ་བཞིན་ཨནྟ་ཡ་དང་ཕཊ།། བསྐུལ་བ་འདི་དག་དང་ལྡན་ན།། འགྲོ་བ་དག་ནི་མདོངས་པར་བྱེད།། ཐ་མར་ཧཱུཾ་བརྗོད་དེ་ནས་ཧཱུཾ།། དེ་བཞིན་དྲྀ་དྲི་ཛ་ཛ་བཞག། ཐ་མ་ར་དྲི་དང་ཕཊ་ལྡན ་ན། ། འགྲོ་བ་དེ་མ་ཐག་ཏུ་འབེབས།། ཁྲོ་བོ་ཆེན་པོ་འདི་ཡི་ནི།། ཕྱག་རྒྱ་དེ་ལྟར་གྲུབ་གྱུར་ན།། དེ་ཚེ་ལས་རྣམས་ཐམས་ཅད་ནི།། ཡིད་ཀྱིས་བསྐུལ་བ་ཙམ་གྱིས་བྱེད།། བྱང་ཆུབ་སེམས་དཔའ ་ཐམས་ཅད་ཀྱི། ། དམ་ཚིག་རབ་ཏུ་སྐོང་བ་ཡིན།། སྒྲུབ་པ་གང་དང་གང་འདོད་པ།། དེ་ནི་ཐོགས་པ་མེད་པར་བྱེད།། གལ་ཏེ་དེར་ནི་མ་གྲུབ་ན།། འདི་ཡི་སྔོན་དུ་བསྙེན ་པ་ནི། ། ཆོ་ག་བཞིན་དུ་འབུམ་བྱས་ལ།། དེ་ནས་བློ་ལྡན་སྒྲུབ་ལ་འཇུག། དེ་ཚེ་དེ་བཞིན་གཤེགས་པ་ཡི།། སྔ་མའི་དམ་ཚིག་བསྐུལ་བ་བཞིན།། དེ་ནས་སླར་ཡང་སྔགས་རྣམས་ལ།། ་ཐོགས་པ་མེད་པར་དེ་བཞིན་སྦྱར།། ཕྱག་འཚལ་བ་དང་ཀུན་ཏུ་ལྡན།། དེ་ཡི་ཐོག་མར་ཨོཾ་བཞག་ལ།། ཨོཾ་ཞེས་བྱ་བ་གཞན་ཡང་གཞག། ཨ་ཞེས་བྱ་བ་གཉིས་པའོ།། དེ་ཡི་ཚིག་གི་མཇུག ་ཏུ་ཧཱུཾ། བཞག་སྟེ་དེ་ནས་ཚིག་རྣམས་ཀུན།། དེ་ལྟར་ཀྲོ་དྷ་བི་ཛ་ཡ།། ཨག་ནིར་ཛྭ་ལི་ཛིཉྫ་ཏྲ་ཤྲཱི།། ཚིག་རྣམས་གཞན་ནི་བརྗོད་པར་བྱ།། དེ་ནས་དེ་ཡི་ཐ་མར་ཧཱུཾ།། དེ་བཞིན་ཚིག་གི་ཐ་མར ་ཨོཾ། ། མཐའ་མར་ཨཱ་བཞག་དེ་ཡི་མཐར།། ཧཱུཾ་དང་སི་ཊི་ལག་གཉིས་བསྒོམ།། མཱ་བུ་ཏ་ཞེས་ལག་གཉིས་བསྒོམ།། དེ་ནས་དེ་བཞིན་གཤེགས་པ་ཡི།། བཀའ་ལུང་གིས་ནི་ཕྱག་རྒྱ་དེ། ་གཟིར་ནས་རང་གིས་བཟླས་བརྗོད་བྱ།། དེ་ལྟར་བཟླས་བརྗོད་འབུམ་བྱས་ནས།། ཁྲོ་བོ་ཆེན་པོ་དེ་ཡིས་ནི།། ཀུན་ལ་ཅི་རིགས་བསྐུལ་ནས་སུ།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ།། ་ཁྲོ་བོ་གཙོ་བོ་དེ་ཡི་ནི།། བཀའ་བཞིན་བྱེད་དེ་གཞན་དུ་མིན།། གང་གིས་སྔོན་དུ་བསྙེན་བྱས་པ།། དེ་ཡིས་བསྐུལ་བའི་ཆོ་ག་ནི།། ཇི་སྐད་གསུངས་པའི་ལས་རྣམས་ལ།། མ་གྲུབ་ན་ནི་ངེས ་པར་སྦྱར། ། གཞན་དུ་སྔགས་ནི་གཟིར་བྱས་ན།། བདག་ཉིད་ངེས་པར་འཆི་བར་འགྱུར།། ཁྱད་པར་དུ་ནི་དཔའ་བོ་ཡིས།། ཁྲོ་བོའི་གཙོ་བོའི་སྙིང་པོ་ནི།། ཕྱག་རྒྱ་འདིས་ནི་གཟིར་བྱས་ན། ་འགྲོ་བ་མ་ལུས་འཁྲུག་པར་འགྱུར།། སྔགས་འདི་གང་དུ་བཟླས་པ་དང་།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། དེ་དག་ཀུན་གྱི་ལུས་རྣམས་ནི།། དོགས་པ་མེད་པར་འཇིག་པར་འགྱུར།། ་ཕྱག་རྒྱ་འདི་ཡིས་གཟིར་གྱུར་ན།། དཔག་ཚད་བདུན་གྱི་དཀྱིལ་འཁོར་ན།། གཞན་གྱི་སྔགས་རྣམས་གང་ཡོད་དག། དགྲ་རྣམས་དྲེགས་པ་མེད་པར་བྱེད།། འབྱུང་པོ་སྐྲག་པར་བྱེད་པ ་དང་། ། དེ་བཞིན་ལྷ་རྣམས་འགུགས་པར་བྱེད།། ཁྲོ་བོ་རབ་ཏུ་དགའ་བར་བྱེད།། གཤིན་རྗེ་གཤེད་པོའི་མཐུ་ཡང་སྐྱེད།། ཡི་དགས་རོ་ལངས་རི་དགས་ནི།། དེ་བཞིན་རབ་ཏུ་འཇིགས ་པར་གསུངས། ། བྱད་དང་གནོད་པ་སྐྲག་པ་ཡང་།། རབ་ཏུ་བསྐུལ་ན་འཇིགས་པར་བྱེད།། བགེགས་རྣམས་ཐམས་ཅད་འཇིགས་པར་བྱེད།། འཆི་བ་ཐམས་ཅད་མེད་པར་བྱེད།། ་འཕོངས་པ་ཐམས་ཅད་མེད་བྱེད་ལ།། བེ་ཅོན་ཕྱག་རྒྱ་དྲག་པོར་བསྒྲགས།། དགྲ་དང་དེ་བཞིན་གཞན་དག་ཀྱང་།། སྐྱེ་བོ་དག་ལ་འདི་བཅིངས་བསྟན།། གཤིན་རྗེ་གཤེད་པོ་སྦྱར་ན་ནི།། ་དེ་ཡི་མོད་ལ་སྲོག་ཀྱང་འཕྲོག། མདོར་ན་སྙིང་པོ་ཕྱག་རྒྱ་ཡི།། ཆོ་ག་རང་གི་དམ་ཚིག་ཅན།། ཁྲོ་བོའི་ཞལ་ནས་གསུངས་པ་འདི།། གསང་བར་རབ་ཏུ་བསྟན་པ་ཡིན།། སྔགས་པས་ཁྲོ་བོའི ་གཙོ་བོ་ནི། ། གཤིན་རྗེ་གཤེད་པོ་གཅིག་དཔའ་བའི།། སྙིང་པོ་ཕྱག་རྒྱ་བེ་ཅོན་དང་།། སྙིང་པོ་དག་གིས་སྦྱར་བར་བྱ།། འཇམ་དཔལ་གྱི་ཙཱ་བའི་ཆོ་ག་ཞེ་བ ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། བེ་ཅོན་གྱི་ཕྱག་རྒྱའི་ཆོ་ག་ཞིབ་མོ་རྣམ་པར་ཕྱེ་བ་སྟེ་ལྔ་པའོ།། །། དེ་ནས་ཡི་གེ་བཅུ་བདུན་པའི།། རྩ་བའི་སྔགས་ནི་གང་ཡིན་པ།། དེ་ཡི་ཕྱག ་རྒྱ་གཞན་དག་ཀྱང་། ། རོ་ལངས་ཞེས་ནི་བྱ་བ་ཡོད།། གཤིན་རྗེ་གཤེད་པོ་དྲག་བརྩོན་པའི།། སྙིང་ནི་དགའ་བྱེད་གསང་བའོ།། སྔགས་པ་དག་གིས་གང་དག་ཏུ།། བཅིངས་པ་དེར་ནི་བྱིན ་རློབ་པ། ། རོ་ལངས་ཞེས་བྱའི་ཕྱག་རྒྱ་འདི།། ཁྲོ་བོས་གསུངས་པ་བཤད་པར་བྱ།། དུར་ཁྲོད་དག་གི་ཐམས་ཅད་ནི།། གང་ལ་རྟག་ཏུ་རག་ལུས་པའོ།། དེ་ནས་ལག་པ་གཉིས་ཀ་ཡི།། སོར ་མོ་ཕན་ཚུན་བསྣོལ་བྱས་ཏེ། ། སོར་མོ་གུང་མོ་གཤིབས་ཏེ་བསྒྲེང་།། མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས།། མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས།། ལེགས་པར་བཟུང་ནས ་དགུག་པར་བྱ། ། མཐེའུ་ཆུང་གཉིས་ཀྱང་ནང་དུ་དགུག། དེ་བཞིན་དུ་ནི་མཐེ་བོང་གཉིས།། ཕན་ཚུན་བསྣོལ་ཏེ་བརྐྱང་བར་བྱ།། ཤེས་རབ་ཅན་གྱིས་རོ་ལངས་འདི།། རྟག་ཏུ་ཚུལ་བཞིན ་ཁྲོ་བོས་བསྟན། ། ཁྲོ་བོ་གཙོ་བོའི་གསང་སྔགས་གང་།། ཡི་གེ་བཅུ་བདུན་ལེགས་གསུངས་པ།། དེ་ཉིད་འདི་དང་སྦྱར་བར་བྱ།། རོ་ལངས་ཕྱག་རྒྱ་ལྡན་པ་སྟེ།། བདག་ཉིད་འདོད་པ་ཐམས ་ཅད་དེ། ། ཧཱ་ཧར་གྱུར་པའི་དཀྱིལ་འཁོར་དུ།། ཆོ་ག་བཞིན་དུ་སྦྱར་བར་བྱ།། ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི།། ཁྲོ་བོ་འབར་བྱེད་བཤད་པར་བྱ།། ཚིག་བཞིན་དུ་ནི་སྐྱུར་བར་བྱ།། ཡི ་དགས་ཕལ་ཆེན་བཤད་པ་བཞིན། ། འདི་ཡང་གྲུ་བཞི་ལྷམ་པར་བྱ།། ཁྱད་པར་དག་ཏུ་ཕྱོགས་ཀུན་ཏུ།། མཁས་པས་མེ་ནི་སྦར་བར་བྱ།། ཁྲུ་བརྒྱད་ལྷག་ཆད་མེད་པར་ནི།། ཆོ་ག་བཞིན ་དུ་བྲི་བར་བྱ། ། སྒོ་སྒོ་དག་ཏུ་གསལ་ཤིང་གིས།། ཕུག་པའི་ཡི་དགུས་ཁྲག་ཅན་གཞག། དབུས་སུ་མགོ་དང་བྲལ་བ་ཡི།། མི་རེ་རོ་སྨད་གསལ་བར་གཞག། ཡི་དགས་ཕལ་ཆེན་དཀྱིལ ་འཁོར་བཞིན། ། ཐ་མར་ཡི་དགས་འཕྲེང་བ་དགོད།། ཁྲོ་བོ་ཡི་ནི་གཙོ་བོའི་སྔགས།། འཚོགས་མ་སྤྱི་གཙུག་ལ་སོགས་མེད།། ཡི་གེ་བཅུ་བདུན་བློ་ལྡན་གྱིས།། མགོ་མེད་རོ་ཡི་སྟེང་དུ ་གཞག། ཞལ་དྲུག་པ་ལ་ཞམས་ཀྱང་དྲུག། དེ་བཞིན་ཕྱག་ནི་བཅུ་གཉིས་པ།། རབ་ཏུ་འབར་བ་དྲག་པོའི་གཟུགས།། སྔ་མ་བཞིན་དུ་གཞག་པར་བྱ།། ཡི་དྭགས་མང་པོ་སྦྱར་བ་ནི།། ་སྔ་མ་བཞིན་དུ་བཞག་ནས་ཀྱང་།། མེ་ཏོག་བདུག་པ་འཕྲེང་ལ་སོགས།། སྔགས་དེས་དེ་ལ་མཆོད་པར་བྱ།། འདིར་ནི་གཏོར་མ་ཤ་ཆེན་དུ།། གསུངས་པས་གཞན་གྱིས་མི་བྱའོ།། ཁྲག་གི ་གཏོར་མའི་ཆོ་ག་དང་། ། དེ་བཞིན་བདུག་པ་ཀུན་སྨེ་བའི།། དེ་ནས་དཔལ་ལྡན་རིག་འཛིན་གྱིས།། རོ་ལངས་ཕྱག་རྒྱ་བཅིངས་ནས་ནི།། གཏོར་མ་མེ་ཏོག་དབུལ་ལ་སོགས།། རྣམ་པ་ཀུན་ཏུ ་ཁྲོ་བོས་བྱ། ། དཀྱིལ་འཁོར་གྱི་ནི་ཁོར་ཡུག་གི། ཕྱོགས་བརྒྱད་དག་ཏུ་མར་མེ་དགོད།། དུར་ཁྲོད་དག་གི་མགལ་དུམ་མམ།། ཡང་ན་གསལ་ཤིང་དག་གིས་བུད།། ་སེང་ལྡེང་དག་གི་གཟར་བུ་ཡིས།། ཚིལ་ཆེནུ་དག་ལ་ལྡན་བདུན་དུ།། ལྷོ་ཕྱོགས་མེ་ལ་བསྲེགས་ནས་ནི།། དེ་ནས་ཁྲོ་བོ་བསྒྲུབ་པར་བྱ།། དེ་ལ་སྔོན་དུ་བསྙེན་པ་དང་།། བཟླས་པ་དང་ནི ་བསྡམས་པའང་མེད། ། རིག་འཛིན་ཉིད་ཀྱི་སེམས་སྟོབས་ཉིད།། འདི་ཡི་རྒྱུ་ནི་ཤེས་པར་བྱ།། ལྷོ་ཕྱོགས་སྐོར་ནི་ནན་ཏན་དུ།། རྨ་མེད་པ་ཡི་རོ་བཞག་སྟེ།། སྙིང་བཔར་རོ་ལངས ་རྒྱ་བཞག་ལ། ། དེ་ལ་རབ་ཏུ་བསྐོར་བར་བྱ།། དེ་ནས་ཁྲོ་བོ་ཆེན་པོ་ཡིས།། ཤིན་ཏུ་བཀྲུས་ཤིང་ལེགས་པར་བརྒྱན།། དྲི་དང་མེ་ཏོག་དམར་སྔོན་གྱིས།། ལེགས་པདག་ཏུ་མཆོད ་ནས་ཀྱང་། ། མཁས་པས་རོ་ལངས་ཕྱག་རྒྱ་ཡིས།། ཐོག་མར་བདག་ཉིད་བསྲུང་བར་བྱ།། ག་ཤིན་རྗེ་གཤེད་བྱེད་ཡན་ལག་ལྔ།། དེ་བཞིན་ལུས་ལ་སྦྱར་བར་བྱ།། དཔའ་བོ་མཐུ་ཆེན ་བདག་ཉིད་ཀྱིས། ། རལ་གྲི་ལག་པར་བླངས་ནས་ནི།། དཔའ་བོའི་རྐང་པ་གཡོན་པ་ཡིས།། དེ་ཡི་སྙིང་ཁར་མནན་ནས་ནི།། ཁྲོ་བོ་ཡི་ནི་གཙོ་བོ་ཡི།། ཡི་གེ་བཅུ་བདུན་སྔགས་བཟླས་སོ།། ། ་ཨོཾ་མ་ཀྲོ་དྷ་ཀ་ཡ་མནྟ་ཀ། ཧ་ན་མ་ཐཱ་བྷཉྩ་ཧཱུཾ་ཕཊ། འདི་ནི་རྩ་བའི་སྔགས་ཡི་གེ་འབྲུ་བཅུ་བདུན་པའོ།། དེ་སྔགས་དྲག་པོས་བསྐུལ་བ་དང་།། ཡི་དགས་དེ་ནི་གཡོ་བར་འགྱུར།། ་ཧར་གྱུར་པ་འཁྲུགས་པ་དང་།། དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན།། དེ་ནས་བདག་གིས་ལངས་པ་ལས།། མཚོན་ཆ་རྣོན་པོ་འབར་བ་ཡིས།། བཅད་པའི་ཤ་དང་ཁྲག་བཅས་པའི།། མཆོད ་ཡོན་དེ་ལ་དབུལ་བར་བྱ། ། རིག་པ་འཛིན་པ་དེ་ཡི་ནི།། སེམས་ཀྱི་དྲོད་ནི་དེས་ཤེས་ནས།། མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི།། ཧ་ཧར་གྱུར་པ་འཇིགས་པར་བྱེད།། དེ་ནས་བདག ་ཉིད་ཆེན་པོ་དེའི། ། འཇིགས་སུ་རུང་བའི་གཟུགས་མཐོང་ནས།། གཤིན་རྗེ་གཤེད་པོ་དཔའ་བོ་ཡི།། རོ་ལངས་ཕྱག་རྒྱ་བསྟན་པར་བྱ།། དེ་ནས་གཤིན་རྗེ་གཤེད་པོ་ནི།། ཡི་དགས ་ལུས་ལ་གནས་པ་དེས། ། རོ་ལངས་ཉིད་ཀྱི་རྒྱ་མཐོང་ནས།། རིག་པ་འཛིན་པ་དེ་ཡི་ནི།། སེམས་དྲོད་རིག་ནས་འདོད་པའི་མཆོག། སྦྱིན་པར་བྱེད་པ་གདོན་མི་ཟ།། ཁྲོ་བོ་རྒྱལ་པོ་སླར ་གཤེགས་ནས། ། མི་རོས་ལ་འགྱེལ་བར་འགྱུར།། དེ་ཡི་ལུས་ནི་དེ་ཉིད་ཀྱང་།། གསེར་དུ་འགྱུར་བ་གདོན་མི་ཟ།། དེ་ཚེ་གྲོགས་པོ་རྣམས་དང་ཡང་།། སེམས་ཅན་རྣམས་ལ་ཅི་བདེར་སྦྱིན།། ་བདག་ཉིད་ཆེན་པོ་དཔའ་བོ་ཡི།། སྒྲུབ་པ་བཤད་པ་འདི་ཡིན་ཏེ།། སེམས་ནི་རབ་ཏུ་དཔའ་བས་བྱའི།། ངན་སོང་གཞན་གྱིས་ཡོང་མི་བྱ།། སེམས་ཞན་པ་ཡི་སྒྲུབ་པ་པོས།། ཁྲོ་བོའི་རྒྱལ་པོ་དེ ་བསྒྲུབས་ན། ། དེ་ནི་ལངས་ནས་མྱུར་བར་ནི།། གྲོགས་དང་བཅས་པ་གསོད་པར་འགྱུར།། རོ་ལངས་ཕྱག་རྒྱ་མི་ཤེས་ན།། དེས་ནི་ཇི་ལྟར་དྲག་གྱུར་ཀྱང་། ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི།། ་སྒྲུབ་པ་པོ་ནི་གུསད་པར་འགྱུར།། རིག་འཛིན་མཆོག་གིས་གང་དག་ཏུ།། དེ་བཞིན་གཤེགས་པའི་དམ་ཚིག་གིས།། བཅན་ཅིང་ཁྲོ་བོ་བསྐུལ་བ་ཡིས། ་ལངས་ཕྱག་རྒྱ་བཅིངས་པ་དེར།། གདོན་མི་ཟ་བར་ཁྲོ་བོ་ན།། ལེགས་པར་བྱིན་གྱིས་རློབ་པར་འགྱུར།། མྱུར་དུ་མཆོག་ཀྱང་སྩོལ་བར་མཛད།། འགོ་བར་གྱུར་པ་གདོན་མི་ཟ།། ཡིན ་ནུདུདྡྷ་དྷརྨ་སཾ་གྷེ་བྷྱཿ་གོ་དྷཱ་ཀཱ་ཡ་མཱནྟ་ཀ་ཧ་ན་མ་ཐཱ་བྷཉྫ་གུཾ་བེ་ཐ་པི་རཀྵ་རཀྵ་མནྟ་ཏ་ཐཱ་ག་ཏོ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་བཞིན་གཤེགས་པའི་དམ་ཚིག་བཀས་བརྒྱན་པ། རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགས ་སོ། ། ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ།། རོ་ལངས་ཕྱག་རྒྱ་རང་སྔགས་དང་།། ལྡན་ན་མྱུར་དུ་ཁྲོ་བོ་ནི།། ངེས་པར་བྱིན་གྱིས་རློབ་པར་མཛད།། དཔའ་བོ་དག་གིས་སྦྱོར་བར་ནི།། སྔར ་བསྐྱེན་ལ་སོགས་བྱེད་ན་ཡང་། ། སྒྲུབ་པ་པོ་ནི་འདོད་པ་བཞིན།། ཁྲོ་བོ་ངེས་པར་མྱུར་དུ་འགྲུབ།། ཡང་ན་རོ་ལངས་ཕྱག་རྒྱ་འདི།། སྐྱེས་བུ་སེམས་ནི་མི་དཔའ་བས།། བ་ཧར་གྱུར་པའི་དཀྱི ་འཁོར་དུ། ། བདག་ཉིད་ཀྱིས་ནི་དུམ་ཚིག་གིས།། མཁས་པས་བཟུང་ནས་བཟླས་པར་བྱ།། འདི་ཉིད་ཀྱིས་ཀྱང་དབང་བསྐུར་ནས།། ཇི་ལྟར་ནུས་པས་གང་དུའང་རུང་།། ཁྲོ་བོ་མཆོག ་གི་རི་མོའམ། ། དཀྱིལ་འཁོར་ཆོ་ག་བཞིན་བྱས་པའམ།། དེ་བཞིན་མུ་གཟུགས་གཞན་ཡང་རུང་།། ཡིད་དང་དབང་པོ་བསྡམས་བྱས་ཏེ།། ཐོག་མར་ཚིག་འབུམ་བཟླས་པར་བྱ། ་དེ་ལྟར་སྔོན་དུ་བསྙེན་པ་ན།། ཇི་ལྟར་འདོད་པར་བྱས་ནས་གདོད།། ཕྱི་ནས་སྦྱང་བ་བྱས་ནས་དེ།། རོ་ལངས་ཕྱག་རྒྱ་སྒྲུབ་ལ་འཇུག། ཧཱ་ཧཱར་གྱུར་པའི་དཀྱིལ་འཁོར་ནི།། ཆོ་ག་བཞིན ་དུ་དུར་ཁྲོད་བྲི། ། ཡང་ན་སེམས་ནི་མི་དཔའ་བས།། དུར་ཁྲོད་ཐལ་བས་ཁྱིམ་དུ་བྲི།། ཁྱིམ་དེ་སྟོང་པ་ཡིན་ཡང་རུང་།། གལ་ཏེ་ཁྱིམ་དེ་མི་སྟོང་ན།། ཧ་ཧར་གྱུར་པ་མཐོང་བ་དང་།། ་ཞག་བདུན་ལོན་མ་ཐག་ཏུ་འཇིག། དེ་ནས་ཡི་དགས་མང་པོ་ལས།། གསུངས་པའི་མཆོད་པ་ཅི་རིགས་བྱས།། དེ་ནས་ལྷོ་ཕྱོགས་སྒོར་འདུག་སྟེ།། བྱང་གི་ཕྱོགས་སུ་ཁ་བལྟས་ལ།། ་རང་གི་དམ་ཚིག་ལས་གསུངས་པའི།། རོ་ལངས་ཕྱག་རྒྱ་བཅིངས་ཏེ་བཟླས།། ཟླ་བ་མར་གྱི་ཚེས་བརྒྱད་ལ།། བློ་ལྡན་ཆོ་ག་ཤེས་པ་ཡིས།། མཚན་མ་བསྟན་ཅིང་འདུག་ནས་ནི།། ཉི ་མཱམ་ཤར་གྱི་བར་དུ་བཟླས། ། དེ་ནས་ཁྲོ་བོས་དགོངས་པ་ཡིས།། རོ་ལངས་ལྷ་མོ་འགྲུབ་པར་འགྱུར།། ཁྲོ་བོ་ལྷ་ཡི་སྔགས་དག་དང་།། བསྐུལ་བའི་ཚིག་ནི་མཆོག་རྣམས་ཀྱིས། ་ཇི་སྐད་གསུངས་པའི་ལས་རྣམས་ནི།། ཐམས་ཅད་དེ་ནས་བྱེད་པར་འགྱུར།། བེ་ཅོན་ཞེས་བྱ་ཕྱག་རྒྱ་ལའང་།། དེ་དག་ཉིད་ལ་མྱུར་དུ་སྦྱར།། སྦྱར་ན་དོགས་པ་མེད་པར་ཡང་།། འདི་ནི ་དག་བྱེད་པར་འགྱུར། ། རོ་ལངས་ཕྱག་རྒྱ་སྒྲུབ་པ་བྲི།། སྔགས་པ་རྣམས་ལ་འདིར་གསུངས་སོ།། དེ་ནི་ཞན་པའི་སེམས་རྣམས་ཀྱིས།། སྒྲུབ་པ་དག་ནི་གསུམ་པ་འབྱུང་།། ཆོ་ག་བཞིན ་དུ་སྔར་བཤད་པའི། ། ཡི་དགས་མང་པོ་དེ་ཚེ་བྲི།། གང་ཡང་རུང་བར་ནི་རིགས་པར།། སྔགས་དེ་རྣམས་ཀྱིས་སྦྱར་བར་བྱ།། དེ་ནས་ཡི་དགས་མང་པོ་ཡིས། ་དཀྱིལ་འཁོར་བལྟ་ན་སྡུག་པ་འདི།། ཁྱིམ་མམ་ཡང་ན་གཞན་ཡང་རུང་།། དེར་ནི་དཀྱིལ་འཁོར་བྲིས་ནས་ནི།། དེ་དབུས་ཡི་དགས་སྤྱི་བོལ།། རོ་ལངས་མ་ནི་འདིར་གཞག་གོ།། ཁྲོ ་ཡི་གེ་གཟི་བསྐྱེད་པ། ། ཞི་ཞིང་ཀུན་ཏུ་དགའ་བྱེད་པ།། རོ་ལངས་སྙིང་པོའི་ཕྱག་རྒྱ་ནི།། བཅིངས་ནས་དེ་རུ་སྦྱར་བར་བྱ།། དེ་ནས་རོ་ལངས་ཕྱག་རྒྱ་ཡིས།། གསང་བའི་ཡི་གེ་བཅུ ་གསུམ་པའོ། ། ཞི་བ་གཞན་ཡང་ཤེས་བྱས་ནས།། ཇི་ལྟར་འདོད་པར་བཟླས་ནས་ནི།། ཨོཾ་ཨཱཿཧཱུཾ་བཻ་ཏཱ་ལཽ་རཀྵ་རཀྵ་མཾ་སྭཱ་གྷ། རོ་སྤངས་ཕྱག་རྒྱའི་སྙིང་པོ་འདྲི།། གང་ཡང་རུང་བ ་ཅི་འདོད་པར། ། བཅུར་བསྒྱུར་བ་ཡི་གྲངས་རྣམས་སུ།། ཆོ་ག་ཇི་བཞིན་བཟླས་ནས་ནི།། རྨད་དུ་བྱུང་བའི་ལུས་རྣམས་ཀྱང་།། ཡི་དགྲས་བསམས་པས་བྱེད་པར་འགྱུར།། གསང ་བའི་རིག་སྔགས་དམ་པ་འདི། ། ལས་རྣམས་ཐམས་ཅད་བྱེད་པའོ།། དེ་ནས་ད་ནི་འདི་ཡི་ལས།། ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ཀྱང་།། ཆོ་གཞི་བ་ལས་གང་གསུངས་པ།། དེ་དག་མདོར་ནི ་བཤད་པར་བྱ། ། ཐུགས་དང་གནད་དང་རྨོངས་པ་དང་།། དེ་བཞིན་དབབ་པའི་ཆོ་ག་དང་།། དབང་དུ་བྱ་དང་བྱེད་པ་དང་།། གསད་པ་དང་ནི་བསྐྲད་པ་དང་།། ཕན་ཚུན་འཐབ་ཅིང་གསོད ་པ་དང་། ། དེ་བཞིན་གཞན་ཡང་མིག་འཕྲུལ་དང་།། ཞི་དང་རྒྱས་པར་སྦྱོར་བ་དང་།། དེ་བཞིན་དགའ་བར་བྱེད་པ་དང་།། དགུག་པར་བྱེད་པའི་ཆོ་ག་ཡང་།། མདོར་བསྡུས་ནས་ནི་བཤད ་པར་བྱ། ། རོ་ལངས་ཕྱག་རྒྱ་ལས་སྒྲུབ་ཕྱིར།། ཆོ་ག་བཞིན་དུ་སྔར་བསྙེན་བྱས།། སོ་སོའི་དོན་རྣམས་སྒྲུབ་པའི་ཕྱིར།། ཆོ་ག་འདི་ནི་རྣམ་པར་བརྩམ།། རྨ་བྱའི་མཇུག་མའི་སྒོ་དག ་གི། མདོངས་བརྒྱ་བམ་པོར་སྦམས་ནས་ཀྱང་།། སེང་ལྡེང་ཡུ་བ་འཕན་མེད་པ།། བཟང་པོ་ཁྲུ་གང་ཚད་ལ་ནི།། བུ་མོས་བཀལ་བའི་སྐུད་པ་ཡིས།། མཁས་པ་དག་གིས་བཅིང་བར་བྱ།། ་ཡུ་བ་དེ་ཡི་རྩ་བ་ལྔའང་།། མཆོད་རྟེན་བཟང་པོ་ལེགས་པར་བྱ།། གྲོ་ག་ལ་ནི་གིའུ་ལང་གིས།། དྲོ་བོས་མཐར་བྱས་རོ་ལངས་བྲི།། མཁས་པས་མཆོད་རྟེན་འོག་ཏུ་གཞག། དེ་ནས་ཟླ་བ ་གཟས་ཟིན་པའི། ། ནུབ་མོ་ཡི་དགས་དྲལ་ཆེན་གྱི།། དཀྱིལ་འཁོར་མཚོ་འགྲམ་བྲིས་ནས་བཟླས།། དེ་ནས་གྲུབ་ཕྱིར་སྔགས་པ་ཡིས།། མཇུག་མ་དེ་ལ་ཡིད་གཏད་ནས།། ལག་པ་གཡོན ་པས་བཟུང་ནས་ནི། ། ཟླ་བ་དེ་ལ་བལྟ་ཞིང་བཟླས།། སེམས་ནི་བདུད་ཀྱིས་མི་འཁྲུགས་པའི།། སེམས་དཔའ་ཆེན་པོ་ཁ་ཅིག་ལ།། དྲོད་དང་དུད་འཐུལ་འབར་བ་དག། མཇུག་མ་དེ་ལས ་འབྱུང་བར་འགྱུར། ། དྲོ་བར་གྱུར་པ་མཐོང་ན་ནི།། བྱང་ཆུབ་སེམས་དཔའ་འདྲ་བ་ཡིས།། སེམས་ཅན་རྣམས་ནི་ཐམས་ཅད་ལ།། དེས་ནི་ཕན་འདོགས་གནོད་པ་ནུས།། མཇུག་མ ་བཟང་པོ་དེ་ལས་ནི། ། དུ་བ་འབྱུང་བ་མཐོང་ན་ཡང་།། མྱུར་དུ་མི་སྣང་བར་ཡང་འགྱུར།། འདོད་པའི་གཟུགས་ཅན་ཡིད་མགྱོགས་བཞིན།། རྒ་བ་དང་ནི་འཆི ་མེད། ། གནོད་སྦྱིན་རྣམས་ནི་ཡོངས་སུ་བསྐོར།། སེམས་ཅན་ཆེན་པོ་དེ་ཡི་གཟིས།། གལ་ཏེ་དེ་ནི་འབར་འགྱུར་ན།། རིག་འཛིན་དཔལ་དང་ལྡན་པར་འགྱུར།། ནམ་མཁའ་ལ་ནི་མྱུར ་དུ་འགྲོ། ། བདེ་བོ་ཀུན་དང་ལྡན་པ་ཡིས།། རིག་འཛིན་རྣམས་ཀྱི་མཆོག་ཏུ་འགྱུར།། གལ་ཏེ་ཟླ་བ་གཟས་བཏང་ལ།། དེ་ཚེ་གྲུབ་པར་མ་གྱུར་ནའང་།། མཇུག་མ་ལན་ཅིག་བསྐོར ་བ་ཡིས། ། དཔུང་རྣམས་གནོན་པའི་དངོས་གྲུབ་དང་།། གང་ཡང་རུང་བ་ཞིག་ཀྱང་གནོན།། མྱོས་པས་དྲེགས་པའི་གླང་པོ་དང་།། སྟག་དང་སེང་གེ་ཝ་རྣམས་དང་།། རྟ་དང་ཤིང་རྟ། ་བྱ་རྣམས་དང་།། གྲུ་དང་གྲུ་ཆེན་བཞོན་པ་རྣམས།། བསྐོར་ན་ཐམས་ཅད་གནོན་པར་བྱེད།། མནན་པ་དག་ལས་ཐར་པར་ཡང་།། མཇུག་མ་འདིས་ནི་གདོན་མི་ཟ།། དེ་ནས་གཞན་ཡང ་རོ་ལངས་ཀྱིས། ། རྨུགས་པར་བྱ་བ་གསང་བར་བཤད།། དེ་ནས་ཚིལ་ཆེན་བླངས་ནས་ནི།། དེ་ཡང་ཐོད་པའི་ནང་དུ་གཞག། ཨ་ཤཱ་མ་ར་དམར་པོ་ཡིས།། ཤིང་བལ་འཇམ་པོའི་སྙིང ་པོ་བྱ། ། གདོལ་པའི་མེ་ཡིས་འབར་བྱས་ནས།། ཉི་མ་རྦ་བ་གཟས་ཟིན་ཚེ།། ཐོད་པའི་དུད་པ་བླངས་ནས་ནི།། ཟླ་བའམ་ཡང་ནི་ཉི་མ་དག། བཏང་བའི་བར་དུ་བཟླས་པར་བྱ།། ཡང་ན ་ཨནའི་ཤིང་ངལ་ལ། ། དེ་ཡི་འོག་ཏུ་ལྕགས་ཐུར་གྱིས།། མིག་གཉིས་དག་ནི་བསྐུ་བར་བྱ།། དེ་ལྟར་མིག་གཉིས་བསླུས་པ་ཡིས།། གང་དག་བལྟས་པ་དེ་དག་ནི།། རྨུགས་པར་འགྱུར་བར ་གདོན་མི་ཟ། ། དེ་ནས་གདོང་བཀྲུས་བལྟས་ན་ནི།། སླར་ཡང་དེ་ལས་ཐར་པར་འགྱུར།། དེ་ནས་གཞན་ཡང་རྨོངས་པ་ནི།། རྨོངས་པར་བྱེད་པ་མཆོག་བཤད་དོ།། ཨརྒ་གཅིག་གི་རྩ ་བ་དང་། ། གན་ཀ་ཡི་རྩ་བ་དང་།། ཨ་ཤཱ་མ་ར་རུ་རྞྞ་དང་།། མོ་ཧ་ར་ཡི་རྩ་བ་དང་།། མ་ཧཱ་ན་ལའི་རྩ་བ་དང་།། ཤ་ར་པུ་ཀར་ལྡན་བྱས་ཤིང་།། ཡི་དགས་མེ་ཏོག་རྙིང་པར་ལྡན།། མདུན ་སོ་དག་དང་ལྡན་བྱས་ཏེ། ། སྐྱེས་པ་དག་གམ་བུད་མེད་ཀྱི།། གསང་བའི་པགས་པ་དང་ལྡན་པ།། བུ་མོ་འདོད་པ་མ་སྤྱད་པས།། མར་གྱི་བརྒྱད་ལ་ལེགས་པར་བཏག། ཕྱིས་ནི་བུད་མེར་ཁྲག ་དག་དང་། ། བོང་བུའི་ཁུ་བས་སླུ་བར་བྱ།། དུར་ཁྲོད་ཐལ་བ་དང་སྦྱར་ཏེ།། དེ་ནས་མར་གྱི་ཚེས་བརྒྱད་ལ།། ཐོག་མར་ཡི་དགས་མང་བྲིས་ནས།། རིག་པ་འཛིན་པས་མཚན་མོ་བཟླས།། སྟོང ་རྫ་བརྒྱད་ནི་ལེགས་བཟླས་ན། ། དེ་ནས་རྫས་ནི་གྲུབ་པར་འགྱུར།། རྨོངས་པར་བྱེད་པའི་ཕྱེ་མ་འདྲི།། སེམས་ཅན་ཀུན་ལ་སྦྱར་ན་ནི།། དེ་ནས་རྨོངས་པར་བྱེད་པར་འགྱུར།། འདི་ལ་ཐེ་ཙོམ་མ ་བྱའོ། ། འཐབ་མོ་དང་ནི་རྩོད་པ་དང་།། རྒྱལ་པོ་གཡུལ་ངོ་ཆེན་པོ་ལ།། བདག་གི་ཕྱོགས་ནི་སྲུང་བའི་ཕྱིར།། སྦྱོར་བ་ཤེས་པས་འདི་བསྐུལ་བའི།། བ་དན་དག་ཀྱང་བསྒྲེངས་ན་ནི།། ་དགྲ་རྣམས་ཀུན་ནི་རྨོངས་པར་འགྱུར།། ཕྱེ་མ་འདི་ཡིས་རེ་གན་ནི།། དེ་མ་ཐག་ཏུ་མི་རྣམས་རྨོངས།། ཆུར་ཞུགས་ན་ནི་ཟེར་བར་འགྱུར།། ངེས་པར་གཞན་དུ་མ་ཡིན་ནོ།། ་ནས་གཞན་ཡང་དབབ་པ་ཡི།། ཆོ་གའི་མཆོག་ནི་བཤད་པར་བྱ།། ཅི་ནས་འབྱུང་པོ་ཐམས་ཅད་ནི།། མོད་ལ་འབབ་པར་འགྱུར་བའོ།། སྟག་གི་པགས་པ་དང་ལྡན་པར།། སྦྲུལ་གྱི་ཤུན་པ་བཏགས་ན་ནི། ་དུག་དང་ཡུང་བའི་རྩ་བ་དང་།། མོ་ཕན་དང་མ་ལ་ཏི།། ར་ཡི་གཅིན་ལས་བཏགས་ནས་ནི།། དེ་ནས་དེ་དག་རིལ་བུར་བྱ།། ཙ་ན་ཀ་ཡི་འབྲུ་ཚད་ལ།། བདུན་ནམ་བརྒྱད་དམ་དགུ་འམ་ཡང་།། གཞན་ཡང་རི ་བོང་ཁྲག་དག་དང་། ། གུར་ཀུམ་ལས་སུ་བཏགས་ནས་སུ།། བདུན་ནམ་བརྒྱད་དམ་དགུ་དག་ཏུ།། རིལ་བུ་སྔ་མ་བཞིན་དུ་བྱ།། དེ་ནས་སྔ་མའི་རིལ་བུལ།། སྔགས་པས་ཐོད་པའི་སྣོད་དུ་གཞག། ་མར་གྱི་ཚེས་བརྐྱང་མཚན་མོ་ནི།། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ།། གུར་ཀུམ་ཅན་ནི་ཨ་རི་སྟའི།། སྣོད་ནི་གཙང་མར་གཞག་པར་བྱ།། དེ་བཞིན་སྟོང་རྩ་བརྒྱད་བཟླས་ཏེ།། རྩེ་མོར་རབ་ཏུ་སྦྱར ་བར་བྱ། ། སྔར་ནི་ལེགས་པ་སྦྱར་བྱས་པའི།། རིལ་དུ་ཐ་མལ་བདུག་པ་ལ།། བཏབ་ན་མྱུར་དུ་འབབ་པ་ནི།། རིང་པོར་མི་ཐོགས་གཞན་དུ་མིན།། བསམས་ནས་མྱུར་དུ་བཏང་བ་ནི།། དེ་ནས་གུར ་ཀུ་མ་རིལ་བུར་བྱ། ། དེ་ནས་གཞན་ཡང་གྲུབ་པ་ལ།། དབང་དུ་བྱེད་པ་གང་གི་མཆོག། རིག་པ་འཛིན་པའི་ཡིད་ལས་འབྱུང་།། ལས་ཀྱིས་ངེས་འགྱུར་བཤད་པར་བྱ།། རཀྟ་ཞེས་ནི་འདིར་གྲགས་པ།། ་རྩ་བ་རཀྵ་མུ་ལི་ཀ། དེར་བླངས་ཤ་ར་པུ་ཀ་ནང་།། མི་ལས་བྱུང་བའི་མདུན་སོ་དང་།། ཚུབ་མས་བཙུགས་པའི་ཤིང་ལོ་ནི།། ལྡིང་ཞིང་ལྷག་དང་བཅས་པ་དག། གཞོན་ནུ་མས་ནི་མཚན་མོ་བཏག ་ཕྱེ་མ་མཆོག་དེ་ལན་བདུན་དུ། ། བདག་གི་ཁུ་བས་སླུ་བར་བྱ།། དེ་ནས་བདག་གིས་སྦྱར་བ་དེ།། པདྨོ་སྙིང་པོ་ལ་བཞག་པ།། གཙང་མས་མར་གྱི་ཚེས་བརྒྱད་ལ།། བློ་ལྡན་ལག་པས་བཟུང་ནས ་ནི། ། སྔགས་ཀྱིས་སྟོང་དུ་གདབ་པར་བྱ།། ཕྱེ་མའི་རྒྱལ་པོ་དབང་བྱེད་པ།། དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། བཟའ་བའམ་བཏུང་བ་དག་ལ་སྦྱིན།། ཡང་ན་ཕྱེ་མ་གདབ་པར་བྱ།། ་ཡང་ན་རླུང་གི་ཕྱོགས་སུ་བཏང་།། ཡང་ན་གོས་ལ་ལན་ཅིག་གདབ།། ཡང་ན་བྱུག་པའམ་སོ་ཡི་རྩི།། གང་ཡང་རུང་བར་སྦྱར་ན་ནི།། དེ་ལ་འདིས་ནི་ལན་ཅིག་གིས།། མྱོས་ཤིང་དྲེགས་པའི ་དྲཟ་དག་ནི། ། རྒྱང་ནས་ཀྱང་ནི་དབང་དུ་འགྱུར།། དྲན་བཞིན་དུ་ནི་ལེགས་པར་བྱེད།། ཕྱེ་མ་འདི་ཡིས་རེག་པ་ནི།། ཤི་ནཱའང་རྗེས་སུ་འབྲང་བར་འགྱུར།། གལ་ཏེ་ཀྱང་ནི་རིང་པོ་ནས།། ་བྱེ་མས་རེག་པར་མི་འགྱུར་ན།། དེ་ཡི་གཟུགས་བརྙན་བྱས་ནས་ནི།། ཕྱེ་མ་འདི་ཡིས་གདབ་པར་བྱ།། ཞག་བདུན་གྱིས་ནི་རིག་འཛིན་གྱི།། མིང་ནི་དེ་ཡིས་ཐོས་ནས་ཀྱང་།། བདག ་རང་དང་ནི་ནོར་བཅས་པ། ། གདོན་མི་ཟ་བར་དབང་དུ་འགྱུར།། དེ་ནས་སྦྱོར་བ་འབའ་ཞིག་གིས།། འོན་པའི་ལས་ངག་བཤད་པར་བྱ།། རྨ་བྱའི་མདོངས་ནི་བཟང་པོ་དང་།། དེ་བཞིན ་སྦྲུལ་གྱི་ཤུན་པ་དང་། ། རྟ་དང་མ་ཧེའི་སྤུ་དག་དང་།། ཀ་ཀན་ཀའི་ས་བོན་དང་།། ཨ་ཤཱ་མ་རའི་མེ་ཏོགཱ་དང་།། དེ་བཞིན་གླང་པོའི་བྱི་ཕྱི་ལིང་།། འདི་རྣམས་ཐམས ་ཅད་མཉམ་བྱས་ཏེ། ། བྱི་བ་བྱི་ལའི་ཁྲག་ལས་བཏགས།། བདག་གིས་རིལ་བུ་མཉམ་པར་བྱ།། བྱས་ནས་ཆོག་ཤེས་པ་ཡིས།། མཚན་མོ་སྦྱོང་རྩ་བརྒྱད་དུ་བཟླས།། བྱི་བ་དང་ནི་བྱིལ ་ཡི། ། སྤུ་ཡི་བདུག་པས་བདུག་པར་བྱ།། དེ་ནས་སྦྱོར་བ་ཤེས་པ་ཡིས།། དེ་ལ་རིལ་སུ་གཅིག་བླངས་ནས།། གང་དག་དབྱེ་བར་བྱ་བ་ནི།། དེ་དག་གཅིག་གི་སྤྱི་བོ་ལ།། རིལ་བུའམ་ཡང ་ན་ཕྱེ་མ་དག། དབྱེ་བར་བྱ་བའི་ཕྱིར་གདབ་བོ།། དབྱེ་བར་བྱེད་པའི་མཆོག་འདི་ནི།། ཁྲོ་བོ་ཉིད་ཀྱིས་གསུངས་པའོ།། དེ་ནས་འདི་ནི་གསད་བྱ་བ།། སྦྱོར་བའི་ཚུལ་བཞིན་ལེགས་སྦྱར་ན།། ་དོགོགས་པ་མེད་པར་འགྲུབ་འགྱུར་བ།། གསོད་བྱེད་མཆོག་ནི་བཤད་པར་བྱ།། མི་དབང་རྣམ་པནུ་མ་ཡིས།། དཀོན་མཆོག་གསུམ་ལ་གནོད་བྱེད་པ།། དེ་ལ་སྦྱོར་བ་འདི་སྦྱར་གྱི།། ངན་སོང་གཞན ་ལམ་ཡིན་ནོ། ། འདི་ནི་བྱང་ཆུབ་སེམས་ལྡན་ས།། གྲུབ་པར་འགྱུར་གྱི་གཞན་དུ་མིན།། དེ་བཞིན་གཤེགས་པའི་དམ་ཚིག་འདི།། དངོས་གྲུབ་ཐམས་ཅད་སྟེར་བསྟན།། ཆོ་ག་གཞན་དུ་ལེགས ་པར་བསྲུང་། ། གཞན་དུ་བྱས་ན་འགྲུབ་མི་འགྱུར།། དེ་བཞིན་གཤེགས་པ་དངོས་གྲུབ་ཀུན།། འདོད་ན་སྲོག་ཆགས་པན་འདོད་པས།། འོག་དང་འཕུར་བའི་དངོས་གྲུབ་ཀྱང་།། བཤོམ ་བ་མེད་པར་བསྒྲུབ་པར་བྱ། ། ཁྲོ་དང་གཏུམ་པའི་སྤྱོད་པ་ཅན།། འདོད་ཕྱིར་གསོད་པར་འདོད་དེ་ལ།། དེ་བཞིན་གཤེགས་པའི་དངོས་གྲུབ་དག། རྨི་ལམ་དུ་ཡང་ག་ལ་འབྱུང་།། སྙིང་བརྩེ་བཟོད ་དང་དེ་བཞིན་བྱམས། ། རང་བཞིན་གྱིས་ནི་སྙིང་རྗེ་ཅན།། ཇི་སྐད་བསྟན་པའི་སྔགས་པ་ནི།། བྱང་ཆུབ་སེམས་ཉིད་སེམས་བྱེད་ལ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན།། གདོན ་མི་ཟ་བར་དེ་ལ་འགྲུབ། ། གདུག་པ་རྣམས་ནི་འདུལ་བའི་ཕྱིར།། སྦྱོར་བ་འདི་ནི་ཀུན་ཏུ་གསུངས།། དཀོན་མཆོག་གསུམ་ལ་ཆེར་གནོད་ལ།། བྱ་བར་བཤད་ཀྱིས་གཞན་དུ་མིན།། སེམས ་གདུག་བསྒྲུབ་པར་བྱ་བ་ཡི། ། རྐང་པའི་རྗེས་ཀྱིས་བླངས་ལ།། དེ་ནས་གཙང་མའི་མ་ཧེ་ཡི།། གཅིན་གྱིས་དེ་ནི་སྦྲུས་ནས་ཀྱང་།། དེ་ཡི་གཟུགས་བརྙན་བྱས་ནས་ནི།། དུར་ཁྲོད་ཐལ་བས་བསྐུ ་བར་བྱ། ། སོལ་བ་ཚེར་མ་རྣོན་པོ་དང་།། དེ་བཞིན་རུས་པ་ཕུབ་མ་དག། དེ་ཡི་སྙིང་ཁར་གདབ་པར་བྱ།། དེ་བཞིན་གཞན་ཡང་ལྟོ་བ་དང་།། རྣ་བ་སྣ་དང་མིག་དང་ཁ།། རབ་ཏུ་བཀང་ནས་གཡང ་སར་གཞག། རྐང་པ་གཡོན་པས་མནན་པར་བྱ།། དེ་ནས་རོ་ལངས་ཞི་བའི་སྔགས།། ཕྱིན་ཅི་ལོག་ཏུ་བཟློག་སྟེ་བཟླས།། བསྒྲུབ་པར་བྱ་བའི་མིང་སྨོས་ནས།། སྒྲུབ་པ་སྟོང་རྩ་བརྒྱད་བཟླས ་ལ། ། བཟློག་པའི་རིམ་པ་འདི་ཉིད་ཀྱིས།། ཕཊ་གཉིས་དག་གི་བར་དུ་གཞུག། ལས་འདི་བྱས་པས་ངེས་པར་ནི།། བསྒྲུབ་པར་བྱ་བ་སྤོས་གྱུར་ནས།། ངེས་པར་འཆི་བདག་དབང་དུ་འགྱུར།། ་བློ་དང་ལྡན་པས་བསྒྲུབ་བྱ་ཡི།། དྲེགས་པས་དེ་ལྟར་བསལ་བྱས་ན།། ནབ་ཀུན་གྱིས་བཏབ་པ་དེ།། དེ་ནས་སླར་ཡང་ཐར་པར་བྱ།། གཞན་དུ་བྱས་ན་མོད་ལ་ནི།། ངེས ་པར་འཆིང་དག་མདུན་དུ་འགྲོ། ། དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར།། གནོད་པར་བྱེད་པ་ཐམས་ཅད་ལ།། ནད་ལ་སོགས་པ་སྦྱར་ན་ཡང་།། འཆི་བར་འགྱུར་བ་འདི་བཤར་དོ།། དམ་ཚིག ་ཤེས་ལ་མི་བྱ་སྟེ། ། གལ་ཏེ་བྱས་ན་བདག་ཉིད་འཆི།། བསྐྲད་པར་བྱ་བའི་ཆོ་ག་ཡང་།། འཇམ་དབྱངས་རབ་ཏུ་དཔའ་བོ་ཡང་།། ཁྲོ་བོ་ཉིད་ཀྱིས་ཇི་སྐད་དུ།། གསུངས་པ་ད་ནི་བཤད་པར་བྱ།། ་སེང་ལྡེང་ལས་བྱས་ཕུར་བུ་ནི།། སོར་བརྒྱད་ཙམ་དུ་བྱས་པ་ལ།། ཡུངས་མར་ཚ་བས་བྱུགས་ནས་ནི།། དུར་ཁྲོད་ཐལ་བས་གདབ་པར་བྱ།། དེ་ནས་ཁཱ་ནི་རང་ཤི་བའི།། དེ་ཡི་པགས ་པས་དཀྲི་བར་བྱ། ། སྒྲུབ་པས་ནུབ་མོ་ཕུར་བུ་དེ།། སྐུད་པ་དམར་པོས་བཅིངས་ནས་ནི།། དེ་ནས་རོ་ལངས་ཕྱག་རྒྱ་ནི།། སྐྲོད་ཅིག་པ་ཡི་ཚིག་ལྡན་པས།། བསྒྲུབ་པར་བྱ་ཡི་མིང་སྨོས་ཏེ།། ་མཁས་པས་སྟོང་རྩ་བརྒྱད་བཟླས་པ།། དེ་ནས་སྐྲོད་པར་འདོད་པ་ཡིས།། བསྒྲུབ་པར་བྱ་བའི་སྒོ་བར་ནི།། ཕུར་བུ་དེ་ནི་གདབ་པར་བྱ།། འདི་ནི་སྐྲོད་པའི་མཆོག་ཏུ་གསུངས།། འོན་ཏྲང ་བརྒྱ་བྱིན་སྟོབས་ལྡན་པའི། ། བསྒྲུབ་པར་བྱ་བའང་བསྐྲད་པར་འགྱུར།། དེ་ནས་གཞན་ཡང་གཅིག་ལ་གཅིག། འཐབ་དང་རྩོད་པ་བཤད་པར་བྱ།། དཀོན་མཆོག་གསུམ་ལ་གནོད ་བྱེད་པར། ། རིག་ནས་ཇི་ལྟར་འདོད་པ་ནི།། དེ་དག་རང་གི་ཕྱོགས་འཁྲུགས་པར།། སྔགས་པས་ཇི་སྐད་གསུངས་བཞིན་བྱ།། བར་ཧྲི་དང་ནི་རུ་ཙིར།། པ་ཏྲ་དང་ནི་ཀེ་ཤི་ནི།། དྭེ། ་བཞིན་ཐ་མ་སུ་ཀ་རི།། རྫོགས་པའི་བྱང་ཆུབ་བཞུགས་བཞུགས་པ།། མཐུ་ཆེན་སྨན་ནི་འདི་རྣམས་ལས།། གང་ཡང་རུང་བ་ཞིག་བླངས་ཏེ།། ལོ་མ་རླུང་གིས་བཏབ་པར་སྦྱར།། དེ ་བཞིན་བ་ལ་ཀ་ཏ་དང་། ། གོ་སྣོད་ནག་པོ་ལྡོང་རོས་དག། འདི་དག་བཏགས་ཏེ་ཕྱེ་མར་བྱ།། མི་ཡི་ཚིལ་གྱིས་སྦྲུས་ནས་སུ།། རོ་ལངས་སྟོང་རྩ་བརྒྱད་དུ་བཟླས།། ནམ་ལངས་པ་རུ་གྱུར་པ ་དང་། ། གདུག་པ་འཁྲུག་པར་བྱེད་ཅེས་བྱ།། གང་གིས་བསྣམས་ཏེ་དེ་དག་ནི།། རང་གི་ཕྱོགས་རྣམས་ཕན་ཚུན་འཁྲུག། གཅིག་ལ་གཅིག་ཀྱང་འཐུབ་པར་འགྱུར།། ཡུལ་འཁོར ་དང་ནི་གྲོང་ཁྱེར་དང་། ། དཔུང་ལ་གནོད་པ་བྱ་བའི་ཕྱིར།། ཕན་ཚུན་གསོད་པར་བྱ་བ་ལ།། བདུག་པ་འདི་ནི་སྐུར་བར་བྱ།། ཕན་ཚུན་འཐབ་ཅིང་གསོད་པ་དག། ཅི་རིགས་བསྟན་པ ་འདི་ཡིན་ནོ། ། དེ་ནས་གཞན་ཡང་མིག་འཕྲུལ་གྱི།། ཆོ་ག་ཚུལ་བཞིན་བཤད་པར་བྱ།། དུར་ཁྲོད་དག་གི་ཐལ་བ་ཡིས།། མིག་འཕྲུལ་དངོས་པོ་འགྲུབ་པར་འགྱུར།། མི་ཐོད་བཟང་པོར ་ཐལ་བ་དང་། ། རི་བོང་དག་གི་ཁྲག་ཐུགས་ཏེ།། ཡི་དགས་ཕལ་ཆེན་དཀྱིལ་འཁོར་གྱི།། ཇི་སྐད་གསུངས་པ་བྲིས་པ་གཞག། དེ་ཡི་ནང་དུ་རོ་ལངས་ལ།། མཆོད་པ་ཆེན་པོ་བྱས་ནས་ནི།། ་དེར་ཡང་ལྷོ་ཕྱོགས་སྒོ་དག་ཏུ།། ཞུགས་ཐབ་ཏུ་ནི་མེ་བུས་ཏེ།། དེ་ནས་ཐལ་བ་དེ་ལ་ནི།། མར་གྱིས་བདུགས་ཏེ་སྦྱིན་སྲེག་བྱ།། དེ་ནས་ཐལ་བ་དེ་ལ་ཡང་།། སྟོང་རྩ ་བརྒྱད་དུ་བཟླས་བྱས་ཏེ། ། སྟོང་རྩ་བརྒྱད་པོ་དེ་ཉིད་ཀྱིས།། ནམ་ལངས་པར་ནི་ངེས་པར་ཡང་།། མཁས་པས་མིག་འཕྲུལ་རྩེད་མོ་རྣམས།། ཐལ་བ་དེས་ནི་བྱེད་པར་འགྱུར།། མེ་ཏོག་དཀར ་ལ་ཐལ་བ་དེས། ། ལན་རེ་དག་ཏུ་བསྐུས་ནས་ནི།། ནམ་མཔར་གཏོར་ནུ་ངེས་པར་ཡང་།། རྫོགས་པའི་སངས་རྒྱས་སྟོན་པར་འགྱུར།། ཐལ་བ་དེ་ཡིས་སྔ་མ་བཞིན།། མེ་ཏོག་སེར་པོ་ལ ་བསྐུས་ཏེ། ། དེ་བཞིན་ནམ་མཁའ་ལ་གཏོར་ན།། འདོད་ཆགས་བྲལ་བ་སྟོང་དག་དང་།། ཉིད་ཀྱིས་གནས་བཅས་སངས་རྒྱས་ཀུན།། སྟོན་པར་བྱེད་དེ་གཞན་དུ་མིན།། མེ་ཏོག་དཀར་པོས ་འཇིག་རྟེན་པའི། ། ལྷ་རྣམས་ཀུན་ཀྱང་སྔ་མ་བཞིན།། གང་དང་གང་གི་འདོད་པ་དག། ཡིད་ཀྱིས་བསམས་པས་སྟོན་པར་བྱེད།། མེ་ཏོག་སྔོན་པོས་དེ་བཞིན་དུ།། གནོད་སྦྱིན་སྲིན་པོ་སྔ་མ་བཞིན།། ་ཡི་དགས་མཁའ་འགྲོ་རྡུལ་བུམ་དང་།། ཡང་ན་གང་དང་གང་འདོད་པའོ།། ཆུ་ལས་ལན་བདུན་བཟླས་པ་ནི།། གྱེན་དུ་གཏོར་ནས་ངེས་པར་ཡང་།། མིག་འཕྲུལ་སླར་ཡང་བསྡུ་བར་བྱ།། ཡང ་ནམུ་ཚུར་བཅངས་པས་སོ། ། ཁྭ་ཡི་སྒོ་བདུན་མི་རུས་ཀྱི།། ཡུབ་དག་ལ་བཅིངས་ནས་སུ།། དེ་ལ་ཐལ་བ་དེ་བསྐུས་ཏེ།། མིག་འཕྲུལ་བསམས་ལ་ཅི་འདོད་པར།། ཚོགས་ཀྱི་ནང་དུ་བསྐོར་ནས་ནི།། ་མཚོ་དང་རྒྱ་མཚོ་རྒལ་བ་དང་།། དེ་བཞིན་ཁང་པ་ལི་བ་དང་།། གཡུལ་དང་འཁྲུག་ཅིང་འཆི་བ་དང་།། ལྟད་མོ་ཆེན་པོ་མཆོག་རྣམས་ནི།། རབ་ཏུ་སྦྱར་བ་སྟོན་པར་འགྱུར།། ཁུ་ཚུར་བཅངས་པས་དེ་བཞིན ་སྡུད། ། ས་ཡི་འོག་ཀྱང་སྟོན་པ་དང་།། འགྲོ་བ་མང་པོ་འདུས་པ་དང་།། གྱེན་དུ་འགྲོ་དང་དེ་བཞིན་འཁྲུག། རང་གི་དཔུང་དང་རྒྱ་མཚོའང་འཁྲུག། མཇུག་མ་དེ་དང་ཐལ་བ་ཡིས།། གཞན་ཡང་གང་དང ་གང་འདོད་པ། ། དེ་དག་ངེས་པར་བྱེད་པར་འགྱུར།། ཁུ་ཚུར་བཅངས་པས་དེ་བཞིན་སྡུད།། དེ་ལྟར་མིག་འཕྲུལ་མདོར་བསྡུས་པ།། ཇི་སྐད་བཤད་པ་བཞིན་དུ་བྱ།། རོ་ལངས་དེ་ཡི་ངོ་བོ་ཉིད།། ་ཞི་ངའི་ཕྱིར་ནི་ཚུལ་བཞིན་བཟླས།། བདག་གམ་འོན་ཏེ་གཞན་ཡང་རུང་།། བསྒྲུབ་བྱ་ཞི་བའི་ཚིག་སྒོ་ཏེ།། སྟོང་རྩ་བརྒྱད་དུ་བཟླས་བྱས་ནས།། མེ་ཏོག་དཀར་པོ་བཟང་པོ་ནི།། བསུང་ཞིམ ་ཡིད་དུ་འོང་བ་དག། ཙན་དྲན་དཀར་པོའི་ཆུས་བཏབ་ནས།། རྒྱ་མཚོར་འགྲོ་བའི་ཆུ་ནང་དུ།། ཞུགས་ནས་རེ་རེ་ལ་བཟླས་ཤིང་།། བརྒྱ་རྩ་བརྒྱ་ནི་དོར་བར་བྱ།། འོན་ཏང་བདག་གམ་གཞན ་ཡང་རུང་། ། མཚུངས་པ་མེད་པ་ཞི་བར་འགྱུར།། རྒྱལ་པོའི་ཡུལ་ལམ་ལྡོངས་དག་གམ།། གྲོང་ངམ་ཡང་ན་གྲོང་ཁྱེར་དག། ཞི་བའི་ལས་དེ་བྱས་པ་ཡིས།། ཞི་བར་འགྱུར་བ་གདོན ་མི་ཟ། ། དེ་ནས་རྒྱས་པའི་ལས་རྣམས་ཀྱང་།། ཚུལ་བཞིན་དུ་ནི་བཤད་པར་བྱ།། མཆོད་རྟེན་ལ་མཆོད་སྣ་ཚོགས་པ།། བྱས་ནས་དེ་ཡི་མདུན་འདུག་སྟེ།། རོ་ལངས་ཕྱག་རྒྱ་ཆེན་པོ་ནི།། ་རྫོགས་སངས་རྒྱས་ཀྱིས་མཆོད་པ་བཟླས།། གལ་ཏེ་མཆོད་རྟེན་རིང་བསྲེལ་ཅན།། ཡིན་ན་དེ་མ་ཐག་ཏུ་འགྱུར།། བསྒྲུབ་བྱའི་མིང་སྨོས་བཟླས་ན་ནི།། སྐྱེས་པ་བུད་མེད ་རྒྱས་པར་འགྱུར། ། དམ་ཆོས་མཆོད་རྟེན་མདུན་དུ་ནི།། ཆོ་ག་བཞིན་དུ་ཁྲི་བཟླས་ན།། ཇི་སྲིད་རྒྱས་པར་གྱུར་གྱི་བར།། དེ་སྲིད་རྒྱས་ཕྱིར་རིམ་གྱིས་བཟླས།། དེ་བཞིན་གཤེགས་པའི་མཆོད ་པ་དག། མཁས་པས་མཆོད་རྟེན་ཀུན་ལ་བྱ།། རིང་བསྲེལ་ཅན་ལ་ཆོ་ག་བཞིན།། ཁྱད་པར་དུ་ནི་བཤད་པར་བྱ།། ཐོག་མར་མཆོད་རྟེན་དྲུང་དུ་ནི།། མཁས་པ་དག་གིས་དཀྱིལ་འཁོར་བྱ།། ་དེ་ནས་དེར་ནི་མེ་ཏོག་དང་།། ཤིན་ཏུ་ཡིད་འོང་དགྲམ་པར་བྱ།། མེ་མར་རབ་ཏུ་འབར་བ་བརྒྱད།། མ་ངས་པས་དེ་ལ་དབུལ་བར་བྱ།། ཤིན་ཏུ་ཡིད་འོང་ཆུ་དང་བཅས།། སྣ་ཚོགས་པ་ཡི་བཤོས ་ཕུལ་ནས། ། གུ་གུལ་བདུག་པ་ཕུལ་ནས་ནི།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཞེ་སར་བཅས་པས་ཕྱག་བྱས་ནས།། མཆོད་རྟེན་ལ་ནི་མངོན ་ཕྱོགས་ཏེ། ། ཞི་དང་རྒྱས་ཕྱིར་བཟླས་པར་བྱ།། དམ་པའི་ཆོས་ཀྱང་བཀླག་པ་དང་།། དུས་དུས་སུ་ཡང་མཆོད་རྟེན་བྱ།། དེ་ལྟར་ཉིན་མཚན་ཕྱེད་བྱས་ན།། ཞི་བ་དག་དང་རྒྱས་པར་འགྱུར།། ་རྒྱས་པའི་ལས་ནི་བཤད་ཟིན་ཏོ།། གཞན་ཡང་སྒྲུབ་པ་པོ་ལ་ནི།། འཇིག་རྟེན་ཐམས་ཅད་ངེས་པར་ཡང་།། དགའ་བར་འགྱུར་བ་བཤད་པར་བྱ།། ཇི་ལྟར་མ་ལ་དུ་སྡུག་པ།། དེ་འདི་རངདེ་བཞིན ་གཞན་དུ་མིན། ། མཁས་པ་ཡིས་ནི་གིའུ་ཝང་དག། ངེས་པར་བདག་གི་ཁྲག་དང་སྦྱར།། ལན་གྲངས་མང་དུ་སྦྱར་ནས་ཀྱང་།། མཁས་པས་དེ་ནི་ཐོད་པར་གཞག། དེ་ནས་ཟླ་བ་གཟ་ཟིན་ཚེ།། ་ཟླ་བ་ལ་ནི་མིག་བལྟས་ཤིང་།། བཏང་གི་བར་དུ་ལེགས་པར་བཟླས།། ནང་པར་བདག་གི་དཔྲལ་བ་ལ།། ཐིག་ལེ་གཅིག་ནི་བྱས་ནས་ཀྱང་།། དེ་ནས་རྒྱལ་པོའི་འཁོར་དུ་འགྲོ།། འགྲོ་བ་དབང ་བྱེད་སྦྱོར་བ་འདྲི། ། མདོར་བསྡུས་ནས་ནི་བཤད་པ་སྟེ།། རྒྱུ་དང་མི་རྒྱུ་འཇིག་རྟེན་དག། མཐོང་བ་ཡིས་ནི་དགའ་བར་འགྱུར།། འདི་ནི་འཇིག་རྟེན་པ་རྣམས་ཀུན།། དགའ་བར་བྱེད་པ་བསྣུན ་པ་ཡིན། ། དེ་ནས་དགུག་པའི་ཆོ་ག་ཡང་།། འཇམ་དབྱངས་མགོན་པོ་གཅིག་པུ་ཡི།། དྲོ་བོའི་ཞལ་ནས་གསུངས་པ་དག། མདོར་བསྡུས་ནས་ནི་བཤད་པར་བྱ།། བུད་མེད་བུ་མོ་ཤི ་སྐྲ་ལས། ། མར་གྱི་བརྒྱད་ལ་ནན་ཏན་དུ།། ཞགས་པ་ལེགས་པར་བཀལ་བྱས་ཏེ།། དེ་ནས་ཐོད་པའི་ནང་དུ་གཞུག། དེ་ནས་ཟླ་བ་གཟས་ཟིན་པར།། འགྱུར་བའི་བར་དུ་ཉིན་རེ་བཟླས།། ་ཟླ་བ་གཟས་ཟིན་གྱུར་པ་དང་།། ཆུ་འགྲམ་གཙང་མ་དག་ཏུ་ཡང་།། དེར་ནི་ཡི་དགས་ཕལ་ཆེན་གྱི།། དཀྱིལ་འཁོར་དེ་བྲིས་མཆོད་པ་བྱ།། ཁྲོ་བོའི་གཙོ་བོས་གསུངས་པ་ཡི།། རོ་ལངས་ཁྲོ་བོ ་ལྡན་པ་ལ། ། གཏོར་མ་རྒྱ་ཆེན་བྱས་ནས་ནི།། དེ་ནས་ཕྱི་རོལ་འབྱུང་པོ་ལའོ།། དེ་ནས་དེ་ལ་ལག་གིས་མནན།། མི་ཐོང་ནང་དུ་འདུག་པ་ཡི།། ཞགས་པ་ཇི་སྲིད་གཡོ་ཡི་བར།། ཟླ་བ་ལ་བལྟས ་བཟླས་བརྗོད་བྱ། ། དེ་ནས་གྱེན་དུ་འཕར་ན་ནི།། བསྒྲུབ་པ་ལ་ནི་འགྲུབ་ཅེས་བྱ།། དེ་ཚེ་ཞགས་པ་བླངས་ནས་ནི།། འཇིག་རྟེན་ལྔ་རྣམས་སྐད་ཅིག་གིས།། བསམས ་པ་དེ་ཡིས་དྲངས་ནས་ནི། ། དེ་ནས་རིག་པ་འཛིན་པ་ནི།། ཡིད་ཀྱིས་བསམས་སམ་ཚིག་གིས་ཀྱང་།། གང་དང་གང་འདོད་ལེགས་པར་བྱེད།། བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱང་།། དེ་ཡི་བཀའ ་བཞིན་ངེས་པར་བྱེད། ། སྐད་ཅིག་གིས་ནི་ནམ་མཁའ་ལས།། རྫུ་འཕྲུལ་ཆེ་དང་ལྡན་པ་དང་།། ཞགས་པ་དེས་ནི་དྲངས་ནས་སུ།། འདོད་པའི་མཆོག་ནི་རབ་ཏུ་དབུལ།། གནོད་སྦྱིན་བུ་མོའམ་དྲི་ཟ ་མོ། ། ཡང་ན་ལྷ་ཡི་བུ་མོ་དག། བདག་གི་དྲུང་དུ་སྐད་ཅིག་གིས།། ཞགས་པ་དེས་ནི་དྲངས་ནས་སུ།། དེ་ནས་རིག་པ་འཛིན་མཆོག་གིས།། ཡིད་དུ་འོང་བའི་ལས་རྣམས་བྱེད།། གལ་ཏེ་བསྒྲུབས ་ན་དམན་པ་དག། འདོད་པའི་གདུངས་པར་གྱུར་པ་ནི།། དེ་ཚེ་ཞགས་པ་དེ་ཉིད་ཀྱིས།། སྤུ་ཡི་ངོ་བོ་བཀུག་ནས་ནི།། དོགས་པ་མེད་པར་བསྟེན་པར་བྱ།། འདོད་པས་གདུངས་ཀྱང་བུད་མེད་མིན།། ་དགའ་དང་མྱ་ངན་གྱིས་གདུངས་ན།། ནད་དང་གཙོ་བོས་སྔན་ཕབ་པ།། གཅིན་དང་རྡུལ་དང་དྲི་མ་ཅན།། མི་ཡི་བུད་མེད་རྟག་ཏུ་སྤངས།། གལ་ཏེ་འདོད་པས་གདུངས་གྱུར་ན།། ལྷ་ཡི་བུད་མེད ་བསྟེན་པར་བྱ། ། འོན་ཏེ་སེམས་དཔའ་ཆེན་པོ་དེ།། དེ་ཚེ་བརྩེ་ལྡན་མ་ཡིན་ན།། ལྷ་ཡི་དབང་ཕྱུག་དགེ་བ་དང་།། གནོད་སྦྱིན་གདུག་པ་དག་གིས་བསྐོར།། རང་གི་གཞལ་ཡས་ཁང ་བཟངས་ན། ། འདུག་ཅིང་གང་དུ་འདོད་པར་འགྲོ།། གཞལ་མེད་ཁང་ནི་བཟང་པོ་དག། ལྷ་རྣམས་དེ་ལ་རབ་ཏུ་དབུལ།། བཅུད་ཀྱིས་ལེན་ནི་དུ་མ་དང་།། དཔག་བསམ་ཤིང་གི་འབྲས་བུ ་ཡང་། ། ལྷ་ཡི་དབང་ཕྱུག་མཉམ་ལྡན་པ།། དོགས་པ་མེད་པར་ཐོབ་པར་འགྱུར།། བཀྲེས་སྐོམ་ནད་ལས་ངེས་པར་ཐར།། རིག་པ་འཛིན་པ་ཀུན་གྱིས་མཆོད།། ཞུགས་པ་འགུལ་ལམ་གཡོན་ནི།། ་དངོས་གྲུབ་འདི་འདྲ་ཐོབ་པར་འགྱུར།། འགུལ་ལམ་གཡོས་སམ་གཞན་པ་དག། གལ་ཏེ་གྲུབ་པར་མ་གྱུར་ན།། མ་གྲུབ་པ་ཡི་ཞགས་པས་ཀྱང་།། འཇིག་རྟེན་པ་ཡི་ལས་རྣམས་བྱ།། སྐྱེས ་པའམ་ཡང་ན་བུད་མེད་དག། ཡིད་ལ་འདོད་པ་བསམས་ནས་ནི།། མཚན་མོ་ཞགས་པ་དེ་བརྐྱང་སྟེ།། དེ་ནི་དེ་ན་ཕྱོགས་སུ་བཟླས།། བསྒྲུབ་བྱ་མིང་ནི་ཚིག་དང་བཅས།། དེ་ནི་ཚིག་གི་མཇུག་ཏུ ་སྦྱར། ། ཞགས་པ་གང་ན་འདུག་པ་དེར།། ནམ་མཁའ་ལས་ནི་བྱ་བཞིན་དུ།། བདག་གི་དྲུང་དུ་སྐད་ཅིག་གིས།། ཐེ་ཙོམ་མེད་པར་འོང་བར་འགྱུར།། མི་དབང་སྦས་དང་བཅས་པའམ།། ཡང ་ན་སྐྱེ་བོ་ཕལ་པ་འམ། ། བ་ལང་རྟ་དང་ཤིང་རྟ་འམ།། འབྲས་བུ་མེ་ཏོག་གང་ཡང་རུང་།། དེ་བཞིན་འདོད་པའི་རྫས་དག་ནི།། མཐོང་བའམ་ཡང་ན་ཐོས་པའང་རུང་།། དེ་ཡི་མིང་ཚིག་བསྐུལ་བ་དག། ་དེ་ཚེ་དེས་ནི་འགུགས་པར་འགྱུར།། ཡུལ་གཞན་དག་ན་གནས་པ་ནི།། དཔག་ཚད་བརྒྱན་འདུག་པ་ཡིན།། དམ་ཚིག་དག་གིས་བསྐུལ་ན་ནི།། ཞགས་པ་འདིས་ནི་ངེས་པར་ཁུགས།། ཁྲོ་བོ ་འཁྲུག་པ་རོ་ལངས་སམ། ། ཁྲོ་བོ་རྣམ་རྒྱལ་ཆོག་འདིར།། ཞགས་པས་གྲུབ་པའི་ལས་རྣམས་དང་།། མ་གྲུབ་གྲུབ་པ་གང་ཡིན་དེའི།། ལྷ་དང་ལྷ་མིན་གཉིས་ཀ་དག། ་དགུག་པའི་ཆོ་གར་གསུངས་པ་སྟེ།། རོ་ལངས་མ་ཡི་ཆོ་ག་འདི།། ཚུལ་བཞིན་རིམ་པ་བཞིན་དུ་བཤད།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས།། རོ་ལངས་མའི་ཆོ་ག ་ཞིབ་མོ་རྣམ་པར་ཕྱེ་བ་སྟེ་དྲུག་པའོ། ། །། འདི་ནི་རོ་ལངས་ཆོ་ག་མཆོག། རིག་པ་འཛིན་པ་རྣམས་ལ་ནི།། དངོས་གྲུབ་ཆེན་པོ་མཆོག་སྟེར་བ།། ཚུལ་བཞིན་མདོར་བསྡུས་བཤད ་པ་ཡིན། ། དེ་ནས་ཁྲོ་བོའི་ཆོ་ག་ནི།། ཞིབ་མོ་རྨད་དུ་བྱུང་བའི་མཆོག། ཁྲོ་བོའི་པདྨའི་ཞལ་ནས་བྱུང་།། ཡང་དག་རྒྱས་པར་བཤད་པར་བྱ།། སྔགས་ཀྱི་གྲངས་ནི་བཅུ་བདུན་པོ།། ཁྲོ་བོ ་ཉིད་ཀྱིས་གསུངས་པ་གང་། ། ཐོས་པ་ཙམ་གྱི་མོད་ལ་ཡང་།། ལྷ་དག་ཀུན་ཏུ་རྨོངས་འགྱུར་བ།། འཇམ་པའི་དབྱངས་ཀྱིས་རབ་བསྐུལ་བ།། ཁྲོ་བོ་དེ་ཉིད་འབར་བ་ཡི།། བཟླས་པའི་གྲངས ་ནི་ངེས་པ་དག། ཆོ་ག་ཞིབ་མོ་འདིར་བཤད་བྱ།། ཐོག་མར་དྲུག་འདུམ་བཟླས་པས་ནི།། སྔོན་དུ་བསྙེན་པ་བྱས་པར་འགྱུར།། དེ་ནས་བུ་དོན་ཆོ་ག་ཡིས།། ཕྱིས་ཀྱང་དྲུག་འབུམ་བཟླས་པར ་བྱ། ། དེ་བཞིན་རི་རྩེར་འབུམ་བཟླས་ན།། གྲུབ་པར་འགྱུར་ཏེ་གཞན་དུ་མིན།། ཕྱིས་ནི་མཁས་པས་ཅི་འདོད་པར།། སྒྲུབ་པ་ལ་ནི་འཇུག་པར་བྱ།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི།། སྔོན་དུ ་བསྙེན་ལ་སོགས་པའི་རིམ། ། སྒྲུབ་པ་པོ་ལ་ངན་པའི་ཕྱིར།། ཆོ་ག་འདིར་ནི་བཤད་པར་བྱ།། གཅིག་ཏུ་དཔའ་བའི་ཁྲོ་བོ་ཉིད།། བདུད་རྣམས་ཐམས་ཅད་ཚར་གཅོད་པ།། དངོས་གྲུབ ་ཐམས་ཅད་རབ་སྩོལ་ཅིང་། ། འཚེ་བ་ཐམས་ཅད་འཇིག་མཛད་པ།། ཐོག་མར་ཁྲོ་བོའི་རྒྱལ་པོ་ཡིས།། ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ།། དེ་ནས་ཁྲོ་བོས་བསྐུལ་བ་ཡིས།། བསྲུང་བ་རང་གི་ལུས ་ལ་བྱ། ། བྲུཾ་གྱི་ས་བོན་ལས་བྱུང་བའི།། ཡིད་ཀྱིས་པདྨའི་སྟན་ལ་འདུག། བདག་ཉིད་དེ་ཡི་སྟེང་དུ་ཡང་།། ས་བོན་ཧཱུཾ་ལས་གྱུར་པའི་སྐུ།། བསྒོམ་པར་བྱས་ཏེ་བསྒོམས་ནས་ཀྱང་།། བདག ་གི་སྤྱི་བོར་ཡི་གེ་མོ། ། མིག་གཉིས་སུ་ནི་ཡི་གེ་ཨཱཿ།། བསྲུང་བར་བྱ་སྟེ་དེ་ནས་ཡང་།། སྔགས་ནི་ཡི་གེ་བཅུ་བདུན་པོ།། ཟློས་ཤིང་དེ་བཞིན་གཤེགས་དྲན་ནས།། རང་གི་ལུས་ལ་སྔར་བཀོད ་པའི། ། སྙིང་པོ་སྙིང་ཁར་གཞག་པར་བྱ།། དེ་ནས་ཁྲོ་བོའི་འཚོགས་མ་ཡི།། བདག་གི་འཚོགས་མར་རེག་པར་བྱ།། ཁྲོ་བོའི་གཙོ་བོའི་སྤྱི་གཙུག་ཀྱང་།། ཕྱིས་ནི་གཙུག་ཏུ་གཞག་པར ་བྱ། ། དེ་ནས་ལུས་ལ་གོ་ཆ་ཡང་།། ལག་པས་ཆོ་ག་བཞིན་དུ་བྱ།། དེ་ནས་བདག་གི་ལག་གཉིས་ལ།། བློ་དང་ལྡན་པས་མཚོན་ཆ་དགོད།། རང་གི་དམ་ཚིག་ལྡན་པའི་རྒྱ།། མཁས་པས་ཆོ་ག ་བཞིན་བཅིངས་ནས། ། ཁྲོ་བོའི་གཙོ་ཡི་རོ་ལངས་མ།། བདག་གི་སྙིང་ཁར་གཞག་པར་བྱ།། དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་།། ཤིན་ཏུ་དྲག་པོའི་མཚོན་ཆའི་གནས།། ལག་པ་གཡས་པས ་བཅིངས་ནས་ནི། ། ཁྲོ་བའི་མཆོད་ལ་འཇུག་པར་བྱ།། ཟོ་མཆོད་པ་ཤད་པ་བཞིན་བྱས་པས། འདོད་མཐམས་ཅད་སྩོལ་པར་མཛད།། ཡི་དགས་ངལ་ཆེན་དཀྱིས ་འཁོར་དང་། ། གཞན་ཡང་རྟག་པར་སྐུ་གཟུགས་དང་།། ཇི་སྲིད་བསྟན་པའི་རི་མོ་ལ།། ཡིད་ཀྱིས་མཆོད་པ་བྱ་བར་བསྒྲགས།། ལྷ་ཡི་མེ་ཏོག་དྲི་ཞིམ་དང་།། བིལ་བའི་ལོ་མ་བཟང་པོ་དང་། ་སྤོས་ཆུ་དག་གི་ས་ལའམ།། ཡང་ན་སྐུ་གཟུགས་དག་ལ་མཆོད།། དགོས་པ་ཀུན་གྱི་དོན་སྒྲུབ་པ།། སྐུ་གཟུགས་མཚན་ཉིད་བཤད་པར་བྱ།། སྔར་བསྙེན་ཆོ་ག་བཞིན་བྱས་ནས།། དེ་ནས ་སྐུ་གཟུགས་བྱེད་དུ་གཞུག། གསེར་རམ་ཡང་ན་དངུལ་ཡང་རུང་།། དེ་བཞིན་འཁར་བའམ་ཟངས་ལ་བྱ།། ར་གན་ཨིནྡྲ་ནི་ལ་དང་།། མཆིང་བུ་ཤེལ་དང་རིན་ཆེན་ཏེ།། རྒྱལ་སྲིད་འདོད ་པས་གསེར་ལ་བྱ། ། ལོངས་སྤྱོད་འདོད་པས་དངུལ་ལ་བྱ།། ནད་རྣམས་འཇིག་ཕྱིར་འཁར་བས་བྱ།། ཟངས་ནི་འདོད་པ་རབ་ཏུ་སྟེར།། དགྲ་རྣམས་བཤིག་ཕྱིར་ར་གན་ཏེ།། རང་གི ་ལོངས་སྤྱོད་འཕེལ་བའི་ཕྱིར། ། ཨིནྡྲ་ནི་ལ་དག་ལས་བྱ།། མཆོག་དང་འདོད་པ་ཐམས་ཅད་སྟེར།། མཆིང་བུ་རྣམ་པ་སྣ་ཚོགས་པས།། ནོར་སྟེར་བར་ན་ཡོངས་སུ་བསྒྲགས།། དྲི་མེད ་ཤེལ་ལས་བྱས་ན་ནི། ། ཞི་ནང་རྒྱས་པའི་མཆོག་རྣམས་ཏེ།། རིན་ཆེན་ལས་བྱས་རལ་གྲི་དང་།། ས་འོག་རྒྱ་ཡི་དངོས་གྲུབ་སྟེར།། ཐམས་ཅད་གྲུབ་པར་བྱ་བའི་གྲོར།། ངན་ཚེད་རྣམས ་བཤད་པར་བྱ། ། གསེར་ལས་སོར་བརྒྱད་ཙམ་བྱས་ཏེ།། མཆོད་ན་རྒྱལ་སྲིད་དཔལ་ཡང་འཐོབ།། ལོངས་སྤྱོད་རྟག་པར་འདོད་པ་ཡིས།། དངུལ་ལས་སོར་བཅུའི་ཚད་དུ་བྱ།། འཁར་བ་དེ ་བཞིན་ནད་སེལ་བ། ། སོར་གྲངས་བཅུ་དྲུག་ཚད་དུ་བྱ།། སོར་ནི་ཉི་ཤུ་ཚད་དག་ཏུ།། ཟངས་ལས་བྱས་ཏེ་མཆོད་པར་བྱ།། ར་གུན་གྱི་ཡང་ཟངས་བཞིན་དུ།། སོར་གྲངས་ཉི་ཤུ་གཉིས ་ཀྱི་ཚད། ། ཨིནྡྲ་ནི་ལས་བྱས་པ་ཡང་།། སོར་ཟངས་བཅུ་དྲུག་ཚད་དུ་བྱ།། མཆིང་བུ་ལ་ནི་སོར་བརྒྱད་ཤིས།། ཤེལ་ལས་སོར་ཟངས་བཅུ་གཉིས་སོ།། རིན་ཆེན་སོར་ནི་བརྒྱད ་པར་བྱ། ། དེ་ལྟར་ཇི་སྐད་གསུངས་པ་ཡི།། སྐུ་གཟུགས་འདོད་པ་ཀུན་སྟོན་པའི།། དངོས་གྲུབ་འདོད་པས་ལེགས་པར་མཆོད།། ཡན་ལག་མ་ཉམས་གསལ་ལ་བཟང་།། རྟག་པར ་བཟོ་བོ་མཁས་པས་བྱ། ། མཚན་ཉིད་སྔ་མ་རྣམས་དང་འདྲ།། མཚོན་ཆ་བཟང་པོས་རྒྱས་པར་བྱས།། ཡི་དགས་ལ་བཅིབས་ཞལ་ཡང་དྲུག། སྤྱན་གསུམ་འཇིགས་པར་གཟིགས ་པའི་ཚུལ། ། གཟི་ཅན་ཕྱག་བཟང་བཅུ་གཉིས་པ།། ཞབས་ནི་གསལ་བར་དྲུག་དང་ལྡན།། མི་མགོ་ཡི་དགས་འཕྲེང་བ་རྣམས།། སེ་རལ་ཁ་ཡི་ཐབས་སུ་ཐོགས།། གཡོན་བརྐྱང་བ་ཡི་ཚུལ ་དུ་བཞུགས། ། ན་བཟར་སྟག་ལྤགས་གསོལ་བར་དགྱེས།། དེ་ལྟ་བུ་ཡི་སྐུ་གཟུགས་དག། སྔ་མ་བཞིན་དུ་ཡོངས་རྫོགས་པར།། ཇི་སྐད་གསུངས་པའི་ཁྲོ་བོ་འདི།། སྔགས་པས་བཟོ་བོ ་བྱེད་དུ་གཞུག། ཡང་ན་ཤིང་གི་སྙིང་པོ་ལས།། ཁྲོ་བོ་གཙོ་བོའི་སྐུ་གཟུགས་དག། ཇི་སྐད་གསུངས་པའི་མཚན་ཉིད་བཞིན།། བྱས་ནས་རྟག་ཏུ་མཆོད་པར་བྱ།། དེ་ནས ་ཤིང་ལས་བྱས་པ་ཡི། ། སྐུ་གཟུགས་ཚུལ་བཞིན་བཤད་པར་བྱ།། གཙང་མ་འདོད་པ་ཀུན་སྟེར་བ།། དེ་ཡང་དེ་བཞིན་ཟླར་བར་བྱ།། རེག་འཛིན་ཀུན་གྱི་མཆོག་འདོད་ན།། ཙན་དན་ཤིང་ལས ་བྱས་པ་ཡི། ། སྐུ་གཟུགས་སོར་གྲངས་ཉི་ཤུའི་ཚད།། སྔགས་པ་དག་གིས་བྱེད་དུ་གཞུག། ཙན་དན་དམར་པོའི་ཤིང་དག་ལས།། སོར་ནི་བཅུ་དྲུག་ཚད་དག་ཏུ།། འདོད་པ་ཐམས་ཅད ་ཀུན་སྟེར་བའི། ། སྐུ་གཟུགས་ལེགས་པར་བྱེད་དུ་གཞུག། ར་ཙ་ཨརྒའི་རྩ་བ་ལས།། བྱས་པ་འདོད་པའི་དོན་རྣམས་ཏེ།། སོར་གྲངས་བཅུ་བཞིའི་ཚད་དུ་ཤིས།། བདེ་དང་ཕུན་སུམ་ཚོགས ་ཀུན་འབྱུང་། ། ཨ་ཤོ་ཀ་ཡི་སྙིང་པོ་ལས།། བཟོ་བོ་མཁས་པས་ལེགས་པར་བྱས།། གསར་པ་སོར་ལྔའི་ཚད་དུ་གསུངས།། འདི་ནི་དབང་དུ་བྱེད་པར་བཤད།། དེ་བཞིན་ཏ་ལའི་ཤིང་དག ་ལས། ། སོར་དྲུག་པར་ནི་བྱས་ན་ཡང་།། ལྷ་དང་ལྷ་མི་ནུ་བདག་པོ་དང་།། དེ་བཞིན་ཀླུ་རྣམས་འགུགས་པར་བྱ།། ནུག་གེ་སར་ཤིང་དག་ལས།། དེ་བཞིན་སོར་བདུན་ཚད་དུ་བྱ།། ནད ་རྣམས་འཇིག་པར་བྱ་བ་དང་། ། དགྲ་རྣམས་རྨོངས་པའི་ཕྱིར་བཤད་པའོ།། མི་ཐོད་དག་ལས་བྱས་པ་ནི།། རྟག་ཏུ་སོར་གྲངས་བཅུ་གཉིས་ཤིས།། རིང་པོར་མི་ཐོགས་མཆོག་སྟེར་ཅིང་།། ། ་འདོད་པའི་དངོས་གྲུབ་རབ་ཏུ་སྟེར།། མི་ཐོད་ལས་ནི་བྱས་པ་དག། སྔར་བསྙེན་ལ་སོགས་མ་བྱས་པར།། མཆོད་པ་འབའ་ཞིག་བྱས་པས་ཀྱང་།། དགོས་པའིདོན་རྣམ་སྒྲུབ་པར་བྱེད།། སྐུ ་གཟུགས་བཟང་པོའི་མཚན་ཉིད་དག། རྒྱས་པར་བཤད་པ་འདི་ཡིན་ནོ།། ཁྲོ་བོས་ཇི་སྐད་གསུངས་པ་བཞིན།། རི་མོའི་མཚན་ཉིད་བཤད་པར་བྱ།། མི་རོའི་གོས་བཟང་བཀྲུས་པ་ནི། ་མཁས་པས་ཁྲུ་ཚད་གང་དག་ལ།། མི་རོ་ཉིད་ཀྱི་སྒྲ་དག་གི། པིར་གྱིས་ལེགས་པར་བྲི་བར་བྱ།། ཚོན་གྱི་ཁ་དོག་ཀུན་མེད་པར།། རི་བོར་ཁྲག་གིས་བྲི་བར་བྱ།། ཡང་ན་དེ་ཡི་སྐུ་གཟུགས ་ནི། ། སྔ་མ་བཞིན་དུ་བཙག་གིས་དྲི།། ཁྲོས་ཤིང་འབར་བས་འཇིགས་འཇིགས་ལྟར།། གཡོན་བརྐྱང་བསྐུམ་པའི་ཚུལ་དུ་གནས།། ཞལ་དྲུག་དབུ་ཡང་གྱེན་དུ་བརྫེས།། སྨིན་མ་སེར ་ཞིང་སྤྱན་ཡང་སེར། ། སྤྱན་ནི་ཟླུམ་པོ་གསུམ་དང་ལྡན།། བཅུ་གཉིས་ཕྱག་དང་ལྡན་པའི་སྐུ།། དེ་བཞིན་ཡི་དགས་སྟེང་ན་བཞུགས།། ཞབས་ནི་དྲུག་གིས་མཛེས་པར་བྱས།། གཡས ་ཀྱི་ཕྱག་ན་མཆོག་སྦྱིན་ཅིང་། ། རྩེ་གསུམ་རལ་གྲི་དགྲ་སྟ་དང་།། བེ་ཅོན་དང་ནི་ལྕགས་ཀྱུ་བསྣམས།། ཁྲོས་པའི་ཕྱག་གཡོན་སྡིགས་པར་བྱེད།། ཕྱག་ན་ཤ་ཀ་ཏི་ཐོ་མར།། གཡོན་པའི ་ཕྱག་ན་དབྱུག་ཏོ་བསྣམས། ། ཕྱག་ན་ཐོད་པ་ཞགས་པ་བསྣམས།། གཤིན་རྗེ་གཤེད་པོ་བྲི་བར་བྱ།། ན་བཟར་སྟག་གི་པགས་པ་གསོལ།། འཇིགས་པས་ཕ་རོལ་གནོན་པའི་ཞལ།། ་དེ་ཡི་མཆེ་བ་གཙིགས་པར་ནི།། མཁས་པས་རི་མོ་བྲི་བར་བྱ།། དེ་ནས་བློ་གཉིས་དག་ཏུ་ཡང་།། ཕྱག་རྒྱའི་གཟུགས་དག་བྲི་བ་ནི།། གཡས་སུ་སྐྱེས་པ་ཁྲོ་བོའི་གཟུགས།། ་ཁ་གདངས་པ་ནི་འཇིགས་འཇིགས་ལྟ།། གྱེན་དུ་སྨྲ་བརྫེས་རབ་ཏུ་སེར།། བེ་ཅོན་ཕྱག་རྒྱ་མཚོན་ཆར་ཐོགས།། གཡས་བརྐྱང་བསྐུམ་པའི་ཚུལ་དུ་གནས།། བསྡིགས་ཤིང་ཞལ་ནི་ཁྲོ་གཉེར ་ཅན། ། ཞལ་དང་སྤྱན་ཡང་ཁྲོས་པའི་ཚུལ།། གཡོན་དུ་རོ་ལངས་མོ་བྲི་བ།། འབར་བའི་ཁ་ལག་གཟི་ཡང་ཆེ།། མིག་གསུམ་གདོང་གི་ཁྲོ་གཉེར་ཅན།། རབ་ཏུ་འཇིགས་པའི་ཁ་ཡང་གདངས།། ་གྱེན་དུ་སྨྲ་བརྫེས་གསུས་པོ་ཆེ།། གཏུམ་པོ་དུག་ཕྲུལ་གོས་གྱོན་པ།། དེ་བཞིན་ལག་ནཱ་ཏྲི་ཤཱུ་ལ་ཐོགས།། གཟི་ཆེན་རབ་ཏུ་སྡིགས་པར་བྱེད།། ལུས་ནི་མཻ་ལྕེ་འབར་བ་ལ།། གདོང་དང་མིག་ནི ་ཐོས་པའི་ཚུལ། ། བདེ་གཤེགས་སྲས་ཀྱི་བཀའ་ནོད་པ།། གསང་བའི་ཕྱག་རྒྱ་རི་མོ་འདི།། དབེན་པའི་གནས་སུ་གཞག་པར་བྱ།། ཆོ་ག་ཤེས་པས་བེ་ཅོན་རྒྱ།། སྐུ་གཟུགས་འདི་ལ་བཟླས ་པར་བྱ། ། ཡང་ན་རོ་ལངས་ཕྱག་རྒྱ་ནི།། བཟླས་ན་ཕྱག་རྒྱའི་དངོས་གྲུབ་འཐོབ།། དབེན་ཞིང་འདུ་འཛི་མེད་པར་ནི།། བཞག་ནས་ཉིན་རེ་མཆོད་པར་བྱ།། ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ།། ་རྟག་ཏུ་རི་མོ་འདི་བཀྲམ་སྟེ།། མཉམ་བཞག་དངོས་གྲུབ་འདོད་པ་ཡིས།། མཆོད་པ་དང་ནི་བཟླས་པ་བྱ།། བདག་གི་ཕྱག་རྒྱ་སྒྲུབ་པ་ལ།། རི་མོ་ཚུལ་བཞིན་བཤད་པའོ།། དེ་ནས་གཤིན་རྗེ ་གཤེད་པོ་ཡི། ། རི་མོ་གཞན་ཡང་བཤད་པར་བྱ།། སྔར་བསྙེན་བྱས་པའི་འོག་ཏུ་ནི།། མི་རོའི་གོས་བཟང་བཀྲུས་པ་ནི།། ཁྲུ་གྲང་ཆེད་དུ་བྱས་པ་ལ།། ཚོན་གྱི་སྦྱིན་མེད་བཟང་པོ་ཡིས།། ་སྤྲིན་ནི་ནག་པོ་འདྲ་བ་ཡི།། ཁྲོ་བོ་དཔའ་རོ་གཅིག་པུ་ནི།། སྔ་མ་བཞིན་དུ་བྲི་བར་བྱ།། སྔར་བསྙེན་བྱས་པའི་འོག་ཏུ་ནི།། ཇི་ལྟར་རིགས་པར་བྲིས་ནས་ཀྱང་།། རབ་ཏུ་དབེན་པར་བཞག ་ནུས་སུ། ། དེ་ནས་མཆོད་པའི་ཆོ་ག་བཞིན།། ཉིན་རེ་རྟག་ཏུ་མཆོན་ནས་ནི།། རབ་ཏུ་དབེན་པར་བཞག་ནས་ཀྱང་།། དེ་ཡི་འོག་ཏུ་བཟླས་པ་བརྩམ།། དེ་ནས་གཞན་ཡང་བཟླས་པ་ཡི།། ་ཆོ་ག་ཇི་སྐད་གསུངས་པ་བཤད།། རི་མོ་བཀྲམ་ནུས་མཆོད་བྱས་ཏེ།། དེ་བཞིན་གཤེགས་པ་ཀུན་མཆོད་ནས།། ཀུ་ཤའི་སྟན་ལ་འདུག་ནས་ནི།། མཉམ་པར་བཞག་སྟེ་མི་སྨྲ་བར།། ་རི་མོ་གཅིག་པུ་ལ་བལྟས་ཤིང་།། མགོ་ནི་རྨ་བྱ་བཞིན་བཀུག་སྟེ།། རུ་རག་ཤ་ཡི་འཕྲེང་བ་ཡིས།། ཇི་སྲིད་ཡིད་ནི་མི་སྐྱོ་བར།། རྩེ་གཅིག་སེམས་ཀྱིས་བཟླས་བྱ་སྟེ།། སྐྱོན་བཟླས་པ ་གཏང་བར་བྱ། ། དེ་ལྟར་འབུམ་ཕྲག་གསུམ་བཟླས་ནས།། བསྙེན་པ་བྱས་པའི་འོག་ཏུ་ནི།། དེ་ནས་རི་བར་གནས་བཅས་ཏེ།། རླུང་ཟ་ཞིང་ནི་བཟླས་བརྗོད་བྱ།། དངོས་གྲུབ་མཆོག ་དག་འདོད་པ་ཡིས། ། དེ་ནས་དེ་ཡི་བརྟུལ་ཞུགས་སྤྱད།། ཆོ་ག་ལས་གསུམ་མི་འདོད་ན།། སྔར་གསུངས་པ་ཡི་བཟླས་པ་ཡིས།། འབྲིང་དང་ཐ་མའི་དངོས་གྲུབ་དང་།། བརྟུལ་ཞུགས ་མེད་པར་ལེགས་པར་ནི། ། བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར།། བརྟུལ་ཞུགས་དེས་ནི་མཆོག་ཀྱང་འགྲུབ།། དེ་ནས་གཞན་ཡང་འདི་རུ་ནི།། དཔའ་བོ ་ཞེས་བྱ་བརྟུལ་ཞུགས་འབྱུང་། ། ལམ་མི་གཟུར་དང་མི་སྨྲ་བ།། སློང་མོ་ཟ་ཞིང་དབང་པོ་བསྡམས།། སེང་ལྡེང་དབྱུག་པ་འདོམ་གང་བ།། སྲ་བ་བཟང་པོ་ཐོགས་ནས་སུ།། གཤིན ་རྗེ་མཐར་བྱེད་བཟོ་བྱེད་ཅིང་། ། བགྲོད་དཀའ་བ་ཡི་ལམ་ནས་འགྲོ།། ཁྲོ་བོ་དཔའ་བོ་བརྟུལ་ཞུགས་དག། དཔའ་བོ་གཟུགས་ནི་ཟླ་དྲུག་ཏུ།། སྒྲུབ་པ་གང་གིས་ཡང་དག་སྤྱོད།། དེ་ནས་དངོས ་གྲུབ་མཆོག་ཀྱང་འཐོབ། ། དཔལ་ལྡན་བརྟུལ་ཞུགས་སྤྱད་ནས་ནི།། དེ་ནས་སྒྲུབ་པ་ལ་ཞུགས་ནས།། གདོན་མི་ཟ་བར་དམ་པ་ཉིད།། དེ་ལྟར་དེ་ཉིད་མྱུར་དུ་འགྲུབ།། མི་བཟད་བརྟུལ ་ཞུགས་བཟུང་བའོ། ། སྒྲུབ་པ་ལ་ནི་བདུད་ཀྱི་རིགས།། ལྷ་མོ་འདོད་པའི་གཟུགས་དག་དང་།། དེ་བཞིན་གཞན་གྱི་ལུས་སུ་ནི།། རྣམ་པ་སྣ་ཚོགས་གཟུགས་དག་གིས།། དབང་པོ་བསྡམས ་ལ་འཚོ་བར་བྱེད། ། དེ་དང་ལྷན་ཅིག་སྨྲ་མི་བྱ།། ཅུང་ཟད་ཀྱང་ནི་ཆགས་མི་བྱ།། བྱང་ཆུབ་སེམས་དང་མཉམ་ལྡན་པ།། ཁྲོ་བོ་ལ་གཞོལ་ཟློས་བྱེད་པ།། གལ་ཏེ་དེ་ལྟར་འགྲོ་ངན།། མིང་ཟད ་པ་ཡི་གཟུགས་དག་གམ། ། གཞན་ཡང་ཤིན་ཏུ་ངོ་མཚར་བ།། བདེ་གཤེགས་བསམས་པས་མཐོང་ན་ནི།། དེ་དག་གིས་ནི་འཇིགས་མི་བྱ།། གནོན་དང་སྡང་བར་བྱེད་ན་ནི།། བདེ ་གཤེགས་ཀྱི་ནི་བཀའ་གཅོག་པ། ། ཟོ་བདག་ཉིད་ནི་རྣམ་པར་འཇིགས།། བདེ་གཤེགས་བསམས་པ་བསྒོམས་པ་ཡི།། རྟུལ་ཕོད་པ་ཡི་དཔའ་བོ་ཡིས།། བརྟུལ་ཞུགས་འདི་ནི་བསྟེན ་བྱ་བ། ། དཔའ་བོས་བྱ་ཡི་གཞན་དུ་མིན།། སྒྲུབ་པ་མཆོག་རྣམས་འདོད་པ་ཡིས།། ལྷ་ཡིས་བརྟུལ་ཞུགས་གསུངས་པ་འདི།། ཇི་སྐད་གསུངས་པའི་ཚུལ་བཞིན་དུ།། ནན་ཏན་གྱིས་ནི ་བསྟན་པར་བྱ། ། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། ཁྲོ་བོའི་བརྟུལ་ཞུགས་རིམ་པར་ཕྱེ་བ་བདུན་པའོ།། ། ཇི་སྐད་གསུངས་པའི ་གཟུགས་རྣམས་ལ། ། མེ་ཏོག་ཇི་སྐད་བཤད་པ་བཞིན།། རྟག་ཏུ་གང་ཞིག་མཆོད་བྱེད་ནི།། དགེ་བའི་བརྟུལ་ཞུགས་འདི་དག་དང་།། དེ་བཞིན་སྔོན་དུ་བསྙེན་པ་ཡང་།། དྲན་པ་ཙམ་ནི་འབའ ་ཞིག་གིས། ། ངེས་པར་འདོད་དེ་དེ་དག་ཉིད།། མཆོད་པས་མྱུར་དུ་འགྲུབ་པར་འགྱུར།། རྒྱལ་སྲིད་སྦྱིན་པའི་གཟུགས་ལ་ནི།། ཅན་དན་གུར་ཀུ་མ་ཨ་ཀ་རུ།། ཅི་རིགས་པར་ནི་བྱུགས ་ནས་ཀྱང་། ། ཨུཏྤལ་པུཎྜ་རི་ཀ་མཛེས།། ཙམ་པ་ཀ་དང་མ་ལི་ཀ། ཀེ་ས་ར་ནི་དྲི་ཞིམ་པས།། མཆོད་ནས་བདུག་པ་མར་བཅས་པའི།། གུ་གུལ་མཁས་པས་དབུལ་བར་བྱ།། དེ་ལྟར་བྱས ་ན་ཁྱིམ་པས་ཀྱང་། ། དེ་ལ་བསམ་ཞིང་བརྒྱད་བརྗོད་དེ།། ཅི་འབྱོར་པ་ཡི་མཆོད་པའི་བཤོས།། དེ་ཡི་སྤྱན་སྔར་དབུལ་བར་བྱ།། སྔར་བསྙེན་ལ་སོགས་མེད་ཀྱང་བླ།། དེ་ལྟར ་སྦྱོར་བས་ཟླ་དྲུག་གིས། ། རྐུན་མོ་དང་ནི་དགྲ་མེད་ཅིང་།། ཐེ་ཙོམ་མེད་པར་རྒྱལ་སྲིད་འཐོབ།། མ་བསྒྲུབས་ན་ཡང་ཉིན་གཅིག་བཞིན།། མཆོད་པ་བྱས་པས་ཡུལ་རྙེད ་འགྱུར། ། ལས་འདི་གདོན་མི་ཟ་བར་ནི།། དེ་ན་འབུམ་ནི་རྙེད་པར་འགྱུར།། ལོངས་སྤྱོད་སྦྱིན་པའི་གཟུགས་ལ་ནི།། ཙ་ན་དན་གུར་ཀུམ་ཨ་ཀ་རུས།། བདག་གིས་ལེགས་པར་བསྐུས་ནས ་ནི། ། མེ་ཏོག་འཕྲེང་བས་རབ་ཏུ་མཆོད།། མེ་ཏོག་དཀར་པོའི་འཕྲེང་བ་ཡིས།། ཉིན་གཅིག་བཞིན་དུ་མཆོད་བྱས་ནས།། མར་དང་ལྡན་པའི་གུ་གུལ་ལམ།། ཀུན་ཏུ་རུ་ཡི་བདུག་པའང ་དབུལ། ། མེ་ཏོག་ཨ་ཏི་མུཀྟ་ཀ། རེ་རེ་ཆོ་ག་བཞིན་བཟླས་ནས།། མཇུག་ཏུ་འབུམ་ནི་དབུལ་བར་བྱ།། དེས་ན་ལོངས་སྤྱོད་ཆེན་པོ་རྣམས།། དེ་ཡི་མཇུག་ཏུ་འབྱུང་འགྱུར་ཏེ།། འདི ་ལ་སྤྱད་པ་དོགས་པ་མེད། ། ནད་སེལ་བ་ཡི་གཟུགས་ལ་ནི།། ཙན་དན་དམར་པོས་བསྐུས་ནས་ཀྱང་།། ཤ་ཏ་ཤིང་གི་བདག་པོ་དག། ཕུལ་ནས་མེ་ཏོག་གཙང་མ་ཡིས།། མཆོད་པའི ་བཤོས་ནི་དབུལ་བར་བྱ། ། མཇུག་ཏུ་ནད་སུལ་དང་བཅས་པ།། ཁྲོ་བོའི་སྔགས་ནི་དེ་བཟླས་ནས།། བདག་གམ་ཕ་རོལ་པོ་དག་གམ།། སུ་ཡང་རུང་བའི་གཅོང་ཅན་ཡང་།། དེ་ནི་ཟམ ་གཅིག་གིས་འཇོམས། ། སྔར་བསྙེན་ལ་སོགས་མེད་ཀྱང་བླ།། འདོད་དགུར་སྦྱིན་པའི་གཟུགས་ལ་ནི།། དེ་ལྟར་ཡང་ནི་མཆོད་བྱས་ན།། ཞི་བརྒྱས་པ་དབང་དང་དགུག། དབྱེ་དང ་བསླད་དང་གསད་པ་དང་། ། འདོད་པས་མཇུག་ཏུ་ཁྱད་པར་དུ།། བསྐུལ་བའི་ཚིག་བཅུག་བསྒྲུབ་པར་བྱ།། གཞན་ཡང་གང་དག་འདོད་པ་ཡིས།། ཡིད་དང་འཐུན་པའི་འདོད་པའི་དོན།། དེ ་ཡང་དེ་ལྟར་ཡང་དག་སྒྲུབ། ། སྐུ་གཟུགས་རབ་ཏུ་མཆོད་བྱས་ནས།། གང་དུ་ཅི་འདྲ་དེ་ལྟ་བུར།། གུས་པས་ཟླ་བ་དྲུག་བཟླས་ཏེ།། སྐུ་གཟུགས་ཉིན་གཅིག་བཞིན་དུ་ནི།། དེ་ལྟར་ཀུན ་ཏུ་རབ་མཆོད་ནས། ། རྟག་ཏུ་དེ་ཡི་བཟླས་པས་ནི།། བློ་དང་ལྡན་པས་ཀུན་བྱས་ནས།། གྲུབ་པ་ཉིད་ནི་མ་ཐོབ་ཀྱང་།། དངོས་གྲུབ་ཕྲ་མོ་ཐོབ་པར་འགྱུར།། ཡང་ན་ཁྲོ་བོའམ་ཕྱག་རྒྱའང་རུང་།། ་དེ་ཚེ་སྒྲུབ་པར་ནུས་ན་ནི།། དེ་ཡི་རོ་མོ་གསུངས་པ་དང་།། ལྷ་ཡི་བརྟུལ་ཞུགས་དེས་ཀྱང་འགྲུབ།། དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱི།། མཆོག་གི་དངོས་གྲུབ་གང་ཡིན་པ།། ཆོ་ག ་བཞིན་དུ་མདོར་བསྡུས་ཏེ། ། རྒྱས་པར་བདག་གིས་བཤད་པར་བྱ།། དེ་ནས་ཁྲོ་བོ་གཙོ་བོ་ཡིས།། རྩེ་གསུམ་ཤིན་ཏུ་གསལ་བསྒྲུབས་ན།། ཨུར་མོའི་ལྕགས་ལས་བྱས་པ་ཡི།། རྗེ་གསུམ ་སོར་ནི་སུམ་ཅུ་པ། ། རྣོལ་བཟང་ཞིང་རབ་ལེགས་པ།། ཐོག་མཆོག་བཞིན་བྱས་ནས།། རི་ཡཱི་རྩེ་མོར་འདུག་ནས་སུ།། རི་མོ་བཟང་པོར་བྲིས་ནས།། ཡི་དགས་མང་པོ་ཞེས་པ་ཡི།། ་དཀྱིལ་འཁོར་ཐལ་བས་ཚུལ་བཞིན་བྲི།། དེ་ནས་མཆོད་པ་རྒྱ་ཆེན་དང་།། ཉ་དང་ཤ་རྣམས་སྣ་ཚོགས་ཀྱིས།། ཕྱོགས་ཀྱི་གཏོར་མ་ཀུན་ཏུ་བྱ།། ཆོས་གྲངས་ཉི་ཤུ་གསུམ་གྱི་ནགོངས ་རྩེ་གསུམ་དཀྱིལ་འཁོར་མེ་ཏོག་ལ། ། བཞག་ནས་མེ་ཏོག་དག་གིས་མཆོད།། ཙན་དན་དམར་པོས་ཀུན་བཀྲུས་ཤིང་།། མེ་ཏོག་དག་གིས་ཐམས་ཅད་བརྒྱན།། ་ཆོ་ག་བཞིན་དུ་ལག་གིས་བཟུང་།། རི་མོ་ལ་ནི་མངོན་ཕྱོགས་འདུག། ཁྲོ་བོ་མཆོག་གི་སྔགས་དག་གིས།། རྩེ་གསུམ་པ་ལ་མཁས་པས་བཟླས།། དེ་ཡི་ཉེས་པ་སྦྱང་བའི་ཕྱིར།། ་བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ།། ཁྲོ་བོ་མཆོག་གི་སྔགས་དག་གིས།། དེར་ནི་མི་ཡང་རབ་སྦར་ནས།། ཆོ་ག་བཞིན་དུ་རྩེ་གསུམ་ལ།། བདུག་པའི་སྦྱིན་སྲེག་སྟོང་བྱས་ནས། ་ལག་པས་བསྒྲེང་སྟེ་བཟུང་ནས་སུ།། དཔའ་ཞིང་བརྟན་པའི་ཚུལ་དུ་གནས།། ཇི་སྲིད་མེ་ལྟར་འབར་གྱུར་པ།། དེ་སྲིད་བློ་དང་ལྡན་པས་བཟླས།། རྩེ་གསུམ་འབར་བ་ཉིད་ཀྱིས་ན།། ་དེ་ནས་ཆེན་དུ་འཕར་བར་འགྱུར།། སྔགས་ཀྱི་མཐུ་ཡིས་མིག་གསུམ་ལས།། འོན་ཀྱང་ཉི་མ་བཞིན་དུ་འབྱུང་།། རིག་འཛིན་གཞན་རྣམས་ཐམས་ཅད་ཀྱང་།། དེ་ལ་མཆོད ་ཅིང་དགའ་བར་བྱེད། ། དབང་ཕྱུག་ཀུན་དང་རབ་ཏུ་ལྡན།། འདོད་པའི་གཟུགས་ཅན་ཡིད་བཞིན་འགྱུར།། དེ་སྟེ་རྩེ་གསུམ་དུ་འབྱུང་བ།། དེ་ན་ལུས་ནི་མི་སྣང་འགྱུར།། འོན་ཏེ་དེ་ནི ་ཚེ་གྱུར་ན། ། དཔུང་དང་ལྷ་མ་ཡིན་གྱི་གནས།། གཡུལ་ངོ་ཆེན་པོ་ལ་སོགས་པར།། འཇིགས་ཤིང་སྐྲག་པ་སྐྱེད་པར་བྱེད།། དེ་ལྟར་དང་པོ་སྒྲུབ་པའི་མཆོག། འདི་ནི་རབ་ཏུ ་བཤད་པ་ཡིན། ། ད་ནི་རལ་གྲི་བཟང་པོ་ཡང་།། འདིར་ནི་སྒྲུབ་པར་རབ་ཏུ་བཤད།། ཨུར་མོའི་ལྗགས་ལས་བྱས་པ་ཡི།། རལ་གྲི་སོར་ནི་སུམ་ཅུ་གཉིས།། ལེགས་པར་བྱས ་ཤིང་ཕན་བྱེད་ལ། ། གླང་བའི་སོལ་དང་བྱས་ལ།། རི་ཡཱི་ཙེ་མོར་འདུག་ནས་སུ།། མཆོད་པ་ལ་སོགས་སྔོན་བཞིན་བྱ།། འདུག་པའི་སྦྱིན་སྲེག་བྱས་ནས་སུ།། རལ་གྲི་ལག་པར ་བཟུང་སྟེ་བཐས། ། སྔགས་པའི་ཆང་བས་བཟུང་ནས་ནི།། རབ་ཏུ་སྣང་བ་འབ་རབ་འབྱིན།། འབར་བ་དེ་ནི་མཐོང་ནས་སུ།། རིག་འཛིན་མཆོག་ཏུ་དེ་འགྱུར་རོ།། དེ་སྟེ་དེ་ལས ་དུབ་འབྱུང་། ། དེ་ནས་དེ་ནི་མི་སྣང་འགྱུར།། ཚ་བར་གྱུར་ན་དེ་བཞིན་དུ།། སྟོབས་ཆེན་རྐང་པ་མགྱོགས་པར་འགྱུར།། ལོ་བརྒྱ་རབ་ཏུ་ཚང་བར་འཚོ།། འདི་ལ་རྣམ་པར་སྤྱར་མྱི ་གློས། ། གལ་ཏེ་འདིས་མ་བརྟེན་ནས།། གྲུབ་པ་ཐོབ་པར་མ་གྱུར་ན།། རམ་གྲི་བརྗོན་འགྲུས་མཆོག་ལྡན་པས།། གསུལ་ངོར་ཕྱིན་ནས་ཐམས་ཅན་ནུ།། མྱུར་ཞིང་སྙིང་མོ་ཚོན ་མི་སྤོངས། ། ཕམ་པ་མེད་པར་སྟོང་ཡང་ཐུག། རལ་གྲི་སྒྲུབ་པ་བཤུད་ཟིན་ཏོ།། དནི་བ་ཅོན་སྒྲུབ་བྱ་བཤད།། ཀོ་བི་དྭེ་རའི་བ་ཙོན་ནམ།། ཡང་ན་སོང་ལྡེང་དག་ལས་ནི།། @ ་རྗེའི་བཻ་ཅོན་ལྟ་བུ་བཟང་། ། སོར་ནི་བཞི་བཅུ་གཉིས་པ་བྱ།། དེ་ནས་ཐོ་ལྡན་དུར་ཁྲོད་དུ།། གཏོར་མཆོག་རྒྱ་ཆེན་བྱ།། བེ་ཅོན་མཆོག་ལ་ཇི་བཞིན་དུ།། བདུག་པའི་སྦྱིན་སྲེག་བྱས་ནས་སུ། ་གོས་དམར་བགོས་ཤིང་ཐལ་བ་དང་།། མེ་ཏོག་དམར་པོས་བརྒྱན་ནས་སུ།། སྲེག་གཞི་དེར་འདུག་བེ་ཅོན་ལས།། ཇི་སྲིད་ཧ་ཧ་ཞེས་པ་དང་།། ལག་ན་བེ་ཅོན་འགུལ ་བའི་བར་དེ་སྲིད་ཆོ་ག་བཞིན་དུ་བཟླས། ། དེ་ནས་དང་པོ་ཁྲོ་བོའི་བདག། དབང་ཕྱུག་ཀུན་དང་རབ་ལྡན་པ།། དེ་ཡི་བཅིབས་པ་མ་ཧེ་ལ།། ཞོན་ན་མཁའ་ལ་འགྲོ་བར་འགྱུར།། སྨ་ནི་ལྗང་ལོ ་འཁྱིལ་བསྡུག། སྣུམ་ཞིང་མཐིང་ཁ་ལྟ་མུར་འགྱུར།། དུས་མཐའི་སྤྲིན་གྱི་ཁ་དོག་འདྲ།། དེ་ཡི་ལུས་མཆོག་སྟོབས་ཀྱང་ཆེ།། གལ་ཏེ་ཁྲོ་བོ་དེ་འདོད་ན།། བེ་ཅོན་གྱིས་ནི་ལྷ་རྣམས་གསོད།། ་བེ་ཅོན་སྒྲུབ་པ་བཤད་པ་ཡིན།། དེ་བཞིན་ལེགས་པར་མདོར་བསྡུས་ནས།། དགྲ་སྟ་བཟང་པོ་སྒྲུབ་པ་དག། དེ་བཞིན་བདག་གིས་བཤད་པར་བྱ།། སྔ་མ་བཞིན་དུ་མུར་མོ་ལས།། དགྲ ་སྟ་བཟང་པོ་བྱས་པ་ཡང་། ཡུ་བ་སོར་ནི་བཅུ་དྲུག་པ།། དགྲ་སྟ་ད་ནི་སོར་དྲུག་པ།། ཆོ་ག་སྔ་མ་བཞིན་སྒྲུབ་ན།། དངོས་གྲུབ་དེ་དག་དེ་ཡིས་འཐོབ།། དེ་ནས་གཞན་ཡང་ལྕགས་ཀྱུའི་མཆོག། ་སྒྲུབ་པ་བདག་གིས་བཤད་པར་བྱ།། ཨུར་མོ་ལྕགས་ལས་བྱས་པ་ཡི།། ལྕགས་ཀྱུ་སོར་ནི་བཞི་པར་བྱ།། དེ་ཡི་ཡུ་བ་མཉམ་པ་ལ།། སོར་ནི་བཅོ་བརྒྱད་ཡོད་པར་བྱ།། ཉི་ཤུ་དགུ་ཡི་ཚེས་གྲངས་ལ།། ་ནུབ་མོ་མཆོད་པ་གཏོར་མ་བྱས།། རི་ཡི་རྩེ་ལ་འདུག་ནས་སུ།། ལྕགས་ཀྱུ་ཆོ་ག་བསྒྲུབ་པར་བྱ།། སེར་སྐྱ་ལས་བྱུང་མར་དག་གིས།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། ཇི་སྲིད་སྨོན ་མ་བཞིན་འབར་བ། ། དེ་སྲིད་ལག་པས་བཟུང་སྟེ་བཟླས།། དེ་ནས་དེ་ནི་ཐོགས་པ་ཡིས།། ཐེ་ཚོམ་མེད་པར་ནམ་ལངས་ན།། འོད་ནི་མེ་བཞིན་ཀུན་ཏུ་སྣང་།། གྱེན་དུ་འབར་ཞིང་འགྲོ་བར ་འགྱུར། ། འཇིག་རྟེན་པ་ཡི་ལྷ་རྣམས་ནི།། བྲན་གཡོག་བཞིན་དུ་དབང་དུ་འགྱུར།། དེ་བཞིན་གཤེགས་པའི་བཀའ་མཆོག་བཞིན།། བཀའ་ཡང་རབ་ཏུ་ཉན་པར་འགྱུར།། འོན་ཏེ་དེ་ཡི ་ལྕགས་ཀྱུའི་མཆོག། དུ་བ་འབྱུང་བར་གྱུར་ན་ནི།། དེ་ཚེ་དུ་བ་བྱུང་བ་ཡིས།། སྟོབས་ཆེན་གྲིབ་མའང་མི་སྣང་འགྱུར།། སྔགས་པ་བྱེ་བ་གསུམ་དུ་གསོན།། གནོད་སྦྱིན་རིག་འཛིན ་རྣམས་ཀྱིས་མཆོད། ། བདེ་བ་ཀུན་དང་རབ་ཏུ་ལྡན།། འདོད་པས་འབྱོར་ཞིང་སྟོབས་ཀྱང་ཆེ།། ཁྲོ་བོ་སྔགས་ཀྱིས་མཐུ་སྟངས་ནས།། གལ་ཏེ་དེ་ནི་ཆ་གྱུར་ན།། ནང་དུ་བཀྲ་ཤིས་བྱས་ནས ་སུ། ། ལྕགས་ཀྱུ་བཟང་པོ་དེ་ཐོགས་ནས།། བཟླས་ན་བརྒྱ་བྱིན་ལ་སོགས་པའི།། ལྷ་རྣམས་འགུགས་པར་གདོན་མི་ཟ།། གནོད་སྦྱིན་རིག་འཛིན་རྣམས་དག་དང་།། དེ་བཞིན་ལྟོ་འཕྱེ་མི་འམ ་ཅི། ། ལཱ་མ་ཡིན་གྱི་བུ་མོ་དང་།། དེ་བཞིན་དྲི་ཟའི་བུ་མོ་དང་།། ཡི་དགས་རོ་ལངས་རྣམས་དག་དང་།། དེ་བཞིན་གཞན་ཡང་མྱོས་དྲེགས་རྣམས།། བཀུག་ནས་བདག་གིས་ལས་རྣམས་ནི།། ་ཇི་ལྟར་འདོད་པ་བྱེད་དུ་གཞུག། གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། གྲུབ་པ་ཡི་ནི་རྫས་རྣམས་དང་།། གཞན་ཡང་ཡིད་ལ་གང་འདོད་པ།། དེ་དག་ཐམས་ཅད་དེ་ལ་ནི།། ལྷ་དང ་གནོད་སྦྱིན་ཚོགས་ལ་སོགས། ། ཇི་སྙེད་པ་དག་འབུལ་བར་བྱེད།། དེ་ཡི་བཀའ་ནི་ཐམས་ཅད་ཀྱང་།། འཇིགས་པས་ངེས་པར་ཉན་པར་འགྱུར།། ངོ་མཚར ་ཀུན་གྱིས་བརྒྱན་པ་ཡི། ། རང་གི་བཞོན་པས་ཡོངས་བསྐོར་ཅིང་།། གནས་དང་སྐྱེད་མོས་ཚལ་མང་པོ།། ངོ་མཚུར་ཀུན་དང་རབ་ལྡན་པ།། ཁྱིམ་དང་ཟད་ཀྱི་གནས་རྣམས་དང་།། འཇིག་རྟེན ་མ་ལུས་སྟོན་པར་བྱེད། ། རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས།། སྒྲུབ་པ་པོ་ནི་དགའ་བར་བྱེད།། ཇི་སྲིད་ལྕགས་ཀྱུ་འཆང་བའི་མི།། དེ་ཡི་བཀའ་ཡིས་ངེས་པ་རུ།། གནོད་སྦྱིན ་མོ་དག་རང་རང་གི། འདོད་པའི་ལོངས་སྤྱོད་ཉེ་བར་སྦྱོར།། དེ་སྟེ་ལས་ཀྱི་སྐྱོན་དག་གིས།། ཚ་བ་ཙམ་དུ་མ་གྱུར་ན།། ལྕགས་ཀྱུ་དེ་ཉིད་འདིར་བཟུང་སྟེ།། ནང་པར་དབེན་པར་འདུག་ནས ་སུ། ། བུ་མོ་གང་གི་མིང་བཅུག་སྟེ།། ཇི་སྲིད་འདོད་པ་བཟླས་ནས་ནི།། དཔག་ཚད་བརྒྱ་བརྒྱན་གནས་པ།། དེ་ནས་མྱུར་དུ་འོང་བར་འགྱུར།། བུ་མོའམ་ཡང་ན་ཁྱེའུ་ཡང་རུང་།། ཇི་ལྟར ་འདུག་པ་མྱུར་དུ་འགྲུབ། ། མེ་ཏོག་འབྲས་བུ་དེ་བཞིན་གྲུབ།། ཤིང་རྟ་དང་ནི་ལྗོན་ཤིང་དག། མ་གྲུབ་ན་ཡང་རྟག་པ་རུ།། དེ་ནི་ངེས་པར་ཁུགས་པར་འགྱུར།། དེ་ལྟར་ལྕགས་ཀྱུ་དམ་པ ་འདི། ། སྒྲུབ་པ་རབ་ཏུ་བཤད་པ་ཡིན།། ཐོད་པའི་དངོས་གྲུབ་གང་ཡིན་པ།། དེ་ཡང་འདིར་ནི་བཤད་པར་བྱ།། རྩེ་གསུམ་རལ་གྲི་བེ་ཅོན་དང་།། དེ་བཞིན་དགྲ་སྟ་ལྕགས་ཀྱུ་ཡི།། སྒྲུབ་པ ་གང་དག་བཤད་པ་ཡི། ། ལག་པ་གཡས་པས་བརྡུང་བར་བྱ།། ཐོད་པ་ལ་སོགས་གཞན་རྣམས་ནི།། ལག་པ་གཡོན་པས་བཟུང་བསྒྲུབས་ན།། དེ་ནས་དེ་དག་བཤད་པ་བཞིན།། དངོས ་གྲུབ་ངེས་པར་ཐོབ་པར་འགྱུར། ། ཤིང་ལས་ལེགས་པར་བྱས་པ་ཡི།། ཐོད་པ་སོར་ནི་ཉི་ཤུ་པ།། མཉམ་པར་རབ་ཏུ་ལེགས་བྱས་ལ།། ཉེས་པ་ཐམས་ཅད་རྣམ་སྤངས་པ།། རི་ཡི་རྩེ ་མོར་འདུག་ནས་སུ། ། མཆོད་དང་གཏོར་མའི་རིམ་པས་བྱས།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། སྔགས་ཀྱང་སྲུང་བ་མཐུ་བསྐྱེད་དེ།། ཐོད་པ་ལག་པ་གཡོན་པས་བཟང་།། ལག་པ ་གཡས་པས་བསྟེན་ནས་ནི། ། དེ་ཡི་བ་ཡང་དགབ་པར་བྱ།། ཇི་སྲིད་དེ་ལ་འབར་བ་དང་།། དུ་བའམ་ཚབ་བྱུང་གི་བར།། དེ་སྲིད་སྔགས་ནི་བཟླས་པར་བྱ།། འབར་ནས་ནམ་མཁར་འགྲོ་བར ་འགྱུར། ། འཇིག་རྟེན་གསུམ་གྱི་བདག་པོར་བཤད།། དུབ་འབྱུང་བར་གྱུར་ན་ཡང་།། དེ་བཞིན་ངེས་པར་མི་སྣང་འགྱུར།། འོན་ཏེ་ཚ་བར་དེ་གྱུར་ན།། དེ་ཡི་ཚེ་ན་གང་བསམས་པ། ་ཐོད་པ་དེ་ལས་འབྱུང་བར་འགྱུར།། དེ་ལ་རྣམ་པར་དཔྱད་མི་དགོས།། འོན་ཏེ་དེ་ནི་མ་གྲུབ་ན།། དེ་ནས་ས་ལ་མི་གཞག་པར།། དེ་ཡི་ཐོད་པ་བླངས་ནས་སུ།། ཤིང་གི་ཁྲི་ལ་གཞག་པར ་བྱ། ། རས་ཀྱིས་གཡོགས་ཏེ་བཞག་ནས་སུ།། ཡིད་ལ་ཅི་འདོད་བསམ་པ་ཡིས།། ཟན་དང་བཟའ་དང་རྒྱན་རྣམས།། གང་ཡང་རུང་བ་དེ་དག་ཉིད།། རས་གཡོགས་ལག་གིས་བཟུང་ནས་སུ།། ་སྟོང་རྩ་བརྒྱད་དུ་བཟླས་བྱས་ན།། གྲུབ་པ་ལ་ནི་ཉིན་རེ་ཞིང་།། དེ་ནས་གང་ཡང་རུང་བའི་ཟས།། བྱན་བཅས་པས་ངེས་པ་རུ།། ཐོད་པ་དེ་ནང་གང་བར་འགྱུར། ་སེམས་ཅན་རྣམས་ནི་གང་ལ་ཡང་།། བདུད་རྩི་ཟས་ནི་སྦྱིན་པར་བྱ།། ཚུལ་བཞིན་པ་ཡི་འོག་ཏུ་ནི།། གཙང་སྦྲ་བྱས་ཏེ་ཚུལ་བཞིན་བཟའ།། ཐོད་བསྒྲུབ་པ་བཤད་པ་འདི།། ལག་པ་གཡོན ་པས་གཟུང་བར་བྱ། ། མདུང་ཟུང་རྣོན་པོ་ལེགས་བྱས་པ།། བཤོལ་བ་མེད་པར་བསྒྲུབ་པར་བྱ།། ཨུར་མོ་ལྕགས་ལས་བྱས་པ་མཆོག། བཀྲ་ཤིས་སོར་ནི་སུམ་ཅུ་གཉིས།། དེ་ནས་རྣོ ་ག་སྔ་མ་བཞིན། ། ཆུ་འགྲམ་གཙང་མ་དག་ཏུ་ནི།། སྔོན་བཞིན་མཚན་མོ་བསྒྲུབ་པར་བྱ།། དངོས་གྲུབ་འབྲས་བུ་གསུམ་དུ་བཤད།། མདའ་བོ་ཆེ་ཡང་མཁས་པས་བསྒྲུབ།། ཨུར་མོ་ལྷགས ་ལས་བྱས་པའི་མཆོག། རབ་ཏུ་རྣོ་བསྔམ་བཞིན།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། ཙན་དན་དམར་པོས་གདབ་པར་བྱ།། སྒྲུབ་པ་པོས་ནི་ཆོ་ག་བཞིན།། རིའི་རྩེ་མོར་འདུ་གནས་ནི།། ་མ་བཞིན་དུ་མཚན་མོ་བསྒྲུབ།། གྲུབ་ན་འབྲས་བུ་སྔ་མ་བཞིན།། ལོག་པ་གཡོན་པའི་མཛུབ་མོ་ནི།། ལག་པ་གཡས་པས་གཡོགས་ནས་སུ།། ཆོ་ག་སྔ་མ་བཞིན་བྱས་ནས།། ཟླ་བ་གཟའ་ཡིས ་ཟིན་པའི་ཚེ། ། སྟན་གཅིག་པ་ལ་ལེགས་འདུག་ནས།། བློ་དང་ལྡན་པས་སྔགས་བཟླས་ནས།། དེ་ནས་མཛུབ་མོ་དེ་ལས་ནི།། གདོན་མི་ཟ་བར་འབར་བར་འགྱུར།། སངན་དུ་བ་རང་འབྱུང ་པའམ། ། དེ་ནི་ཚེ་བར་འགྱུར་ཡང་སྲིད།། དེ་ནི་ངེས་པར་འབར་གྱུར་ན།། རིག་འཛིན་གོ་འཕང་ཐོབ་པར་འགྱུར།། དུ་བབྱུང་བར་གྱུར་པ་ལས།། དེ་བཞིན་མི་སྣང་འགྱུར་བར་བཤད།། ་ཚེ་རབ་ཏུ་ཆེར་གྱུར་ན།། རྐང་པ་མགྱོགས་པ་རབ་ཏུ་འཐོབ།། དེ་སྟེ་ལག་པ་གཡོད་པ་ཡི།། མཛུབ་མོ་གྲུབ་པར་མ་གྱུར་ཏེ།། དངོས་གྲུབ་ཉམས་ཀྱང་ངེས་པར་ནི།། ལས་རྣམས་སྣ་ཚོགས་བྱེད ་པར་འགྱུར། ། ཁྲོས་ནས་དེ་ཡིས་བསྡིགས་ན་ནི།། མི་དེ་ཇི་ལྟར་འདོད་པ་རུ།། དེ་མ་ཐག་ཏུ་འགྱེལ་བར་འགྱུར།། སྔགས་མཁན་དག་གིས་བསད་ནས་ཀྱང་།། དེ་ནས་ཤི་བར་གྱུར་པ་དེ།། དེ་ནས ་ལག་པ་གཡས་པ་ཡིས། ། ཇི་སྲིད་འདོད་པར་སློང་བར་བྱེད།། རབ་ཏུ་འཁྲུགས་པའི་དཔུང་ཆེན་ཡང་།། དེ་ནས་དེ་ཡིས་བསྡིགས་པར་ནུས།། གླང་པོ་དང་ནི་རྟ་རྣམས་དང་།། ལྗོན་ཤིང་དང་ནི་ནགས། ་ཚལ་རྣམས།། རིང་པོ་རིམ་ཐོགས་འཇིག་པར་བྱེད།། རི་རྣམས་ཀུན་གྱི་རྩེ་མོ་དག། རབ་ཏུ་བཟང་ཞིང་མཐོ་བ་ཡང་།། དེ་ནས་དེ་ཡི་མཛུབ་མོ་དེས།། རིང་པོར་མི་ཐོགས་སྙིལ་བར་བྱེད།། ་མཛུབ་མོ་དངོས་གྲུབ་ཀུན་སྦྱིན་པའི།། གྲུབ་པའི་མཆོག་ནི་བཤད་པ་ཡིན།། དེ་ནས་གཞན་ཡང་ཞགས་པ་ཡི།། སྒྲུབ་པའང་འདིར་ནི་བཤད་པར་བྱ།། ཤི་བའི་སྦལ་ཞགས་པ་ནི།། སྡོམ་ཞིང ་ཡིད་དུ་འོང་བ་བྱ། ། ཆོ་ག་སྔ་མ་བཞིན་བསྒྲུབས་ན།། དེ་ཡིས་དངོས་གྲུབ་དེ་ཉིད་འཐོབ།། ཤིང་ནི་རབ་ཏུ་བཟང་པོ་ལས།། དབྱུག་ཏོ་སོར་ནི་བཅུ་དྲུག་བྱ།། ལེགས་པར་བཞོགས་དང ་ལེགས་བྲིས་པ། ། བཟང་པོ་ཡིད་དུ་འོང་བྱས་ན།། དེ་ཡི་མགོ་བོ་ནག་ལ་ཡང་།། རབ་ཏུ་བཟང་པོའི་གསེར་གྱིས་དགེ།། དེ་ཡི་ཅེ་ལ་ནོར་བུ་ནི།། པདྨ་རཱ་གས་སྦས་པར ་བྱ། ། དེ་ནས་ཚུལ་བཞིན་རི་རྩེ་ལ།། ཆོ་ག་སྔོན་དུ་བཤུད་པ་བཞིན།། སྔོན་དུ་བདུག་པའི་སྦྱིན་སྲེག་བྱ།། སྒྲུབ་པ་པོ་ཡིས་ནུབ་མོ་སྒྲུབ།། འབར་བ་དེ་ནི་གྲངས་ནས་སྱ།། ནམ་མཁར་འཕགས་པ ་གདོན་མི་ཟ། ། སྔ་མ་བཞིན་དུ་གྲུབ་རྣམས་ཀྱི།། གཙོ་བོར་གྱུར་ཅིང་འདོད་གཟུགས་ཅན།། དུ་བ་ཚ་ལ་སོགས་པས་ཀྱང་།། དེ་ཡི་འབྲས་བུ་ཇི་བཞིན་འཐོབ།། མཚོན་ཆ་མཆོག་རྣམས་སྒྲུབ ་པ་ནི། ། དེ་ལྟར་མདོར་བསྡུས་བཤད་པ་ཡིན།། དེ་ནས་ཆོ་ག་ལས་བྱུང་བའི།། དངོས་གྲུབ་གཞན་ཡང་བཤད་བྱ་སྟེ།། ཇི་ལྟར་ཁྲོ་བོ་མཆོག་གིས་ནི།། ཉིད་ཀྱིས་མདོར་བསྡུས་བཤད་པའོ།། ་ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་ཐོག་མར་བྲིས་ནས་སུ།། རྨ་མེད་པ་ཡི་རོ་བླངས་ན།། མཁས་པས་ཁྲུས་བྱས་ལེགས་པར་བརྒྱན།། མེ་ཏོག་སྤོས་ཀྱིས་མཆོད་ནས་སུ།། ཤ་དང ་བཅས་པའི་གཏོར་མ་སྦྱིན། ། ལས་ནི་དུར་ཁྲོད་དག་ཏུ་བྱ།། འདི་ནི་གཞན་དུ་ཡོང་མི་བྱ།། མེ་ཏོག་བཀྲམ་པའི་གནས་མལ་དུ།། ནུབ་ཕྱོགས་སྒོ་ཕྱོགས་མགོ་བསྟན་གཞག། ཐོད་པ་བཟང་པོ ་ཟས་མཆོག་གིས། ། རབ་ཏུ་བཀང་བ་བླངས་ནས་སུ།། ཟས་མཆོག་དག་གི་ནང་དུ་ཡང་།། ཚལ་ཆེན་དག་གིས་བླུགས་པར་བྱ།། མཁས་པ་དེ་དག་དེ་ཡི་ཚེ།། ཁྲོ་བོ་སྔགས་ཀྱིས་བཏབ་པ་ཡི།། ་སྦྱིན་ཐུགས་བརྡ་ནི་ཚང་ཚང་དུ།། གམར་བུས་མི་ཡི་ལུར་ཐུགས་ན།། དེ་ཡི་ལྕེ་ཡང་འབྱུང་བར་འགྱུར།། དེ་ནས་མཚོན་གྱིས་གཅད་པར་བྱ།། ལྕེ་ནི་རྩ་བར་བཅད་པ་ལས།། ཁྲོ་བོ་མཐུ་ཡིས་མྱུར་བ ་རུ། ། དེ་ནས་དེ་ཉིད་རལ་གྲིའི་གཟུགས།། བཟང་པོ་སུམ་ཅུ་རྩ་གཉིས་འགྱུར།། དེ་ནས་རལ་གྲི་བླངས་ནས་སུ།། གྲོགས་རྣམས་ལ་ནི་རེ་རེ་སྦྱིན།། སྒྲུབ་པ་པོ་ཡིས་བླངས་ནས་ནི།། དེ་མ་ཐག ་ཏུ་འགྲུབ་པར་འགྱུར། ། རིག་འཛིན་དེ་དག་ཐམས་ཅད་ཀྱིས།། ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར།། གྲོགས་པོ་དེ་རྣམས་དང་བཅས་པར།། བསྐལ་པ་བདུན་དུ་གནས་པར་འགྱུར།། ་ཡང་ན་མཁས་པས་དུར་ཁྲོད་དུ།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་དེ་ནི་བྲིས་ནས་སུ།། མཆོད་པ་ཇི་སྐད་གསུངས་པ་བྱ།། སྐྱེས་པ་བུད་མེད་ཤི་བ་ཡི།། རྨ་མེད་པ་ཡི་རོ ་བླངས་ནས། ། ལེགས་པར་ཁྲུས་བྱས་རྒྱན་གྱིས་བཅན།། དཀྱིལ་འཁོར་དེ་ཡི་སྒོར་བཞུག་སྟེ།། དེ་ཡི་སྙིང་བར་དེ་འདུག་ནས།། སྟོང་རྩ་བརྒྱད་དུ་བཟླས་པར་བྱ།། ཁྲོ་བོ་མཆོག་ཏུ་གྱུར ་པའི་སྔགས། ། ཡི་གེ་བཅུ་བདུན་སྟོང་རྫ་བརྒྱད།། རེ་བཟླས་ནས་ནི་དངོས་གྲུབ་ཐོབ།། མི་རོ་དེ་ནི་ལྡང་བར་འགྱུར།། མཆོད་ཡོན་ལེགས་པར་དབུལ་བར་བྱ།། དེ་ཡི་མགོ་ལ་ལག་གཡོན་གྱིས།། ་དེ་མ་ཐག་ཏུ་རེག་བྱས་ན།། སྡོང་རོས་མ་ཡི་མདོག་འདྲ་བ།། དེ་བས་བདག་ཉིད་ཅན་དེ་ཡི།། ཁ་ནས་མྱུར་དུ་འབྱུང་བར་འགྱུར།། སྒྲུབ་པ་པོ་ཡིས་དེ་ཟངས་ཏེ།། ཡན་ལག་ཐམས་ཅད ་བསྐུས་ནས་ནི། ། བཅོ་མའི་གསེར་གྱི་མདོག་ཏུ་འགྱུར།། གྲོགས་རྣམས་ལ་ཡང་དེ་བཞིན་སྦྱིན།། དེ་མ་ཐག་ཏུ་དེ་དག་ཀུན།། བཅོམ་གསེར་གྱི་མདོག་ཏུ ་འགྱུར། ། ཇི་ལྟར་འདོད་པའི་གཟུགས་ཅན་འགྱུར།། རིག་འཛིན་རྣམས་ནི་ཐམས་ཅད་ཀྱི།། ཐོག་མར་འགྲོ་བ་དེ་དག་འགྱུར།། རྫས་རྣམས་ཐམས་ཅད་གྲུབ་པར་ནི།། གྲུབ་ན ་དེ་ལ་དེ་ནས་ཡང་། ། དཀོན་མཆོག་གསུམ་ལ་ཆ་གཅིག་དབུལ།། དེ་ནས་མཁས་པས་བདག་ཉིད་བཀུར།། གྲོགས་པོ་རྣམས་ནི་ཐམས་ཅད་ལའང་།། བྱིན་ནས་འདི་ནས་ནམ་མཁར་འཕུལ།། ་རྫས་གཅིག་གྲུབ་པར་གྱུར་པ་ལ།། ཆོ་ག་གཞིན་ཡང་སྤྱད་བྱ་སྟེ།། རྫས་གཅིག་གྲུབ་པར་གྱུར་ན་ནི།། ཐོག་མར་ཕྱག་ཀྱང་བྱས་ནས་སུ།། དཀོན་མཆོག་གསུམ་ལ་ཆོ་ག་བཞིན།། ་བདག་ཉིད་རབ་ཏུ་དངུལ་བར་བྱ།། དེ་ཡི་འོག་ཏུ་རྫས་དེ་བླང་།། གྲོགས་པོ་རྣམས་ལ་རིམ་བཞིན་དུ།། རྫས་དེ་བྱིན་ནས་འཕུར་བར་འགྱུར།། ཕྱི་ནས་ཆོ་ག་འདི་རྣམས་སྤྱད།། དེ་ལྟར་མ་བྱས ་གྲུབ་ན་ཡང་། ། དེ་ཡི་རྫས་ནི་འཕྲོག་པར་འགྱུར།། དེ་བས་དངོས་གྲུབ་མཆོག་རྣམས་ལ།། ཀུན་ཏུ་ཇི་སྲིད་བཤད་བཞིན་བྱ།། དེ་ནས་གཞན་ཡང་མཉྫན།། བཟའ་བསྒྲུབ་པ་ཇི་བཞིན ་པ། ། དགོས་པ་ཐམས་ཅད་འགྲུབ་པའི་ཕྱིར།། དམ་པ་འདི་ནི་བཤད་པར་བྱ།། ཞག་གསུམ་སྦྱང་བར་འདུག་ནས་སུ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། དེ་ནས་ཆོ་ག་སྔ་མ་བཞིན།། ་དེར་ནི་གཏོར་མའི་ལས་བྱའོ།། དེ་ནས་མི་རོ་བསྲེགས་པ་ཡི།། ཐལ་བས་བདག་ཉིད་བསྲུང་བར་བྱ།། དེ་ཡིས་བདག་ཉིད་བྱུགས་ནས་སུ།། གྲོགས་པོའི་མཆོག་ལྡན་དགའ་བ་དེས།། དེ་ཡི ་བདག་ཉིད་བྱུགས་ནས་སུ། ། ཨཉྫ་ན་ཡི་སྙིང་པོ་དེ།། གསལ་ཤིང་གིས་བསད་མགོ་ལ་གཞག། ཤི་བའི་གོས་ཀྱིས་གཡོགས་ནས་སུ།། ལག་པས་བཟུང་སྟེ་བཟླས་བྱས་ཏེ།། ་དངོས་གྲུབ་རྣམ་གསུམ་འབྱུང་བའི་བར།། བློ་ཅན་གྱིས་ནི་དེ་སྲིད་བཟླས།། ཚ་བའམ་ཡང་ན་དུ་བ་འབྱུང་།། ཡང་ན་མེ་བཞིན་འབར་བར་འགྱུར།། དེ་ཡིས་མིག་དག་བསྐུས་ན་ནི།། འབར ་བས་ནམ་མཁར་འགྲོ་བར་འགྱུར། ། དུ་བས་ལུས་ནི་མི་སྣང་བར།། གདོན་མི་ཟ་བར་འགྱུར་བར་བཤད།། ཚ་བར་གྱུར་ན་བལྟས་པ་ཡིས།། འགྲོ་བ་དག་ནི་གསོད་པར་འགྱུར།། སླར་ཡང ་ལེགས་པར་གསོ་ནི། ། རིང་པོར་མི་ཐོགས་གདོན་མི་ཟ།། འདི་ལ་སྒྲུབ་པར་མ་གྱུར་ནའང་།། མིག་དག་ལེགས་པར་བསྐུས་ན་ནི།། བལྟས་པས་འགྲོ་བ་དབང་དུ་འགྱུར།། པུས་མོ་བཙུགས ་ཤིང་མགོ་བོས་འདུད། ། ཨཉྫ་ན་ཡི་ཆོ་ག་བཞིན།། མཁས་པས་གིའུ་ཝང་བསྒྲུབ་པར་བྱ།། དངོས་གྲུབ་དག་ཀྱང་དེ་བཞིན་བསྟུན།། མ་གྲུབ་འགྲོ་བ་དབང་དུ་འགྱུར།། ལི་ཁྲི་དང་ནི་བ་ཟླ་དང་། ་སྡོང་རོས་དག་ཀྱང་དེ་བཞིན་ཏེ།། ཨཉྫ་ན་ཡི་དཔྱད་བཞིན་དུ།། མཁས་པ་དག་གིས་བསྒྲུབ་པར་བྱ།། ཤི་བའི་གོས་ཀྱང་ཆོ་ག་བཞིན།། སྒྲུབ་པ་གཞན་དག་དེ་བཞིན་དུ།། ཁྲོ་བོ་ཉིད་ཀྱིས ་། གསུངས་པའི་སྔགས།། མདོར་བསྡུས་རབ་ཏུ་བཤད་པར་བྱ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ་དང་ནི་གཏོར་མ་བྱ།། ཤི་བའི་བོས་དེ་བགོས་ནས ་ནི། ། ཆོ་ག་ཤེས་པས་མཚན་མོ་བཟླས།། དེ་ནས་གོས་དེ་དང་བཅས་པར།། མཚན་མོ་རབ་ཏུ་འབར་འགྱུར་ན།། འབར་ཞིང་འབར་བས་ཡོངས་བསྐོར་ནས།། ནམ་མཁའ་དག་ལ་ལེགས་པར ་འཕར། ། གད་མོ་རབ་ཏུ་དགོད་པའི་སྒྲ།། འཇིག་རྟེན་སྐྲག་པར་བྱེད་པར་འབྱིན།། རྟག་ཏུ་འདོད་པའི་གཟུགས་དང་ལྡན།། ཁྲོ་བོ་བཞིན་དུ་དེ་སྤྱོན་འགྱུར།། དེ་བཞིན་དུ་བབྱུང་ན་ཡང་།། གདོན་མི་ཟ ་བར་མི་སྣང་བའི། ། མཆོག་ཏུ་འགྱུར་བར་རབ་ཏུ་བཤད།། སྒྲུབ་པ་དེ་ཡི་གོས་དེ་ནི།། དེ་བཞིན་ཚ་བར་གྱུར་ན་ཡང་།། རྐང་པ་མགྱོགས་ཤིང་སྟོབས་ཆེར་འགྱུར།། ས་སྟངས་རྣམས་སུ་ཁྱབ ་པར་འགྲོ། ། ན་དུ་མེད་ལོ་བརྒྱ་འཚོ་བར་འགྱུར།། དེ་སྟེ་གྲུབ་པར་མ་གྱུར་ནའང་།། འགྲོ་བ་མ་ལུས་དབང་དུ་འགྱུར།། གང་རྣམས་མཐོང་ཞིང་དེ་བཞིན་ཏེ།། མཐོང་བ་དེ་དག་བྲན་བཞིན་འགྱུར།། ་གལ་ཏེ་འདི་དག་གནོད་སྦྱིན་མོ།། མི་ཡིས་སྒྲུབ་པར་འདོད་ན་ནི།། བ་ཏི་ཤིང་དྲུང་ཉམས་དགའ་བར།། དེ་ཚེ་དཀྱིལ་འཁོར་བྲིས་ནས་སུ།། སྐྲབ་ཤིག་གོས་ཀྱང་མེད་བྱས་ལ།། ཟས་མཆོག ་ལེགས་པར་བཅོས་པ་ཡིས། ། ལྷུང་བཟེད་བཟང་པོ་ཡོངས་བཀང་ནས།། མར་གྱི་ངོ་ཡི་མཚན་མོ་སྒྲུབ།། དེ་ནས་ཆང་བུ་བདུན་ཕྱུང་སྟེ།། སྔགས་ཀྱིས་ལན་བདུན་བཏབ་ནས་སུ།། ་ཡི་བཟང་པོ་འདིར་ཞེས་ཞེས།། བྱས་ནས་དེ་ཡི་རྒྱབ་ཏུ་དོར།། དེ་ནས་གཞན་ཡང་ཆང་བུ་བདུན།། སྔགས་ཀྱིས་བཏབ་སྟེ་བཟའ་བར་བྱ།། ལྷ་ཡི་བཟང་མོ་ཞེས་བྱ་བ།། གྲུབ་པ་གནོད་སྦྱིན་ཀུན ་གྱི་རྗེ། ། འཁོར་རྣམས་མང་པོས་ཀུན་བསྐོར་ནས།། དེ་ནས་དེ་ཡི་འོད་འབར་འགྱུར།། དེ་ནས་ཁ་བཀྲུས་དེ་ལ་ནི།། སྨོས་དང་མེ་ཏོག་མཆོག་ལྡན་པའི།། མཆོད་ཡོན་ཆུ་ནི་དབུལ་བར་བྱ།། ་ལེགས་འོངས་མེ་ཏོག་དག་ཀྱང་དབུལ།། དེ་ནས་སྟན་བཟང་ཉམས་དགའ་བར།། མེ་ཏོག་ལྡན་པ་ཕུལ་ན་ནི།། ད་ནི་ཁྱོད་ཀྱིས་བདག་གྲུབ་སྟེ།། བཀའ་བཞིན་བྱེད་ཅིང་དེ་བཞིན་དུ།། གཞན ་དུ་མི་འགྱུར་བཀའ་ཉན་གྱིས། ། བཀའ་སྩོལ་ཅིག་ཅེས་དེ་ལ་སྨྲ།། མའམ་ཡང་ན་སྲིང་མོ་འམ།། མཛའ་མོའམ་ཡང་ན་ཆུང་མར་འགྱུར།། མར་བརྗོད་པས་ནི་ངེས་པར་ཡང་།། དེ་ཡིས་ལྡོང ་རོས་ལ་སོགས་པ། ། གྲུབ་པའི་རྫས་ནི་མང་པོ་དག། གནོན་མི་ཟ་བར་དེ་ལ་སྟེར།། སྲིང་མོས་མེ་ཏོག་འབྲས་བུ་དང་།། བདུད་རྩི་མཆོག་དང་གསེར་འགྱུར་རྩི།། རྟག་ཏུ་སྒྲུབ་པ་པོ་དེ་ལ།། ་གདོན་མི་ཟ་བར་སྟེར་བར་འགྱུར།། མཛའ་མོར་གྱུར་ཅིག་ཅེས་སྤྲས་ནས།། མཚན་མོ་ལྡིང་ཡང་མཆོག་རྣམས་དང་།། ཡིད་དུ་འོང་བ་གཞན་རྣམས་ཀྱང་།། བདག་ཉིད་དགའ་བར་སྟོན ་པར་བྱེད། ། མྱུར་དུ་ཆུང་མ་སྡུག་པ་དག། དཔག་ཚད་བརྒྱ་ནས་ཁྲིད་དེ་འོང་།། གཞན་ཡང་སྒྲུབ་པ་པོ་དོལ།། དེས་ཤིང་འདོད་དང་དགའ་བསྟེར།། དེ་སྟེ་དེ་ལ་ཆུང་མར་སྤྲས།། འདོད་པའི ་གཟུགས་ཐུན་ནུམ་པར་མས། ། དང་ཟླུག་ཡོངས་ན་རྣམས་ན་།། གྲུབ་ནི་གྲུའ་པར་བྱེད། ས་ཤྲཱི་སྤྱོད་པ་དཔ་།། འདུམ ་ཞུ་འཇོམ་དང་། ། དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ནི།། སྒྲུབ་པ་ཇི་སྲིད་འདོད་པ་སྤྱོད།། གལ་ཏེ་མངལ་ནས་སྐྱེས་པ་ཡིས།། ཤ་ཟ་མོ་དག་སྒྲུབ་འདོད་ན།། སྒྲུབ་པ་པོ་ལ་དེ་ཡི་ལས།། ་དག་འདྲིར་ནི་བཤད་པར་བྱ།། ཤྲེ་ཤྨ་ཀཱ་ཏའི་ཤིང་དྲུང་ནི།། གཙང་མར་དཀྱིལ་འཁོར་བྲི་བར་བྱ།། མཆོད་རྟེན་ཆེན་པོ་བྱས་ནས་སུ།། གཏོར་མའི་ལས་ཀྱང་སྔོན་བཞིན་བྱ།། དེར་ནི་དུར ་ཁྲོད་ཤིང་དག་གིས། ། སྔགས་པས་མི་ནི་རབ་སྦར་ནས།། གོས་མེད་སྐྲ་ཡང་ཧག་བྱས་ཏེ།། དེ་ནས་མེ་ཡང་འབར་བ་ལ།། དེར་ནི་གཟེགས་མའི་སྦྱིན་སྲེག་རྣམས།། སྔགས་ཀྱིས་སྟོང་རྩ ་བརྒྱད་བསྲེགས་ན། ། དེ་ཚེ་གདོན་མི་ཟ་བར་ཡང་།། ཤ་ཟ་མོ་ནི་འབར་བའི་གདོང་།། འོང་བར་འགྱུར་ཏེ་དེ་ཡི་ཚེ།། སེམས་ནི་དཔྲའ་བར་བྱས་ནས་སུ།། མི་འཇིགས་མདུན་དུ་མཆོད་ཡོན ་དབུལ། ། དེ་ཡི་འོག་ཏུ་དེ་ལ་ནི།། བདག་ཉིད་གཟུགས་ནི་བཟང་པོར་སྟོན།། དེ་ཡི་མིང་ནི་ཀང་རང་གི། རང་མིང་སྔགས་ཀྱིས་སྦྱིན་སྲེག་བྱ།། གང་བསམས་པ་ཡི་ནོར་དེ་རྣམས།། འོངས ་ནས་རིང་པོར་མི་ཐོགས་པར། ། གདོན་མི་ཟ་བར་རབ་ཏུ་དབུལ།། ཀང་རང་གི་ནི་ཞེས་བྱ་བ།། ཤ་ཟ་མོ་ནི་ཀུན་གྱི་མཆོག། སྒྲུབ་པ་པོ་ནི་སེམས་དཔའ་ཞིང་།། གཟི་ཡང་རབ་ཏུ་ཆེ་བ་ལ།། ་དོན་རྣམས་ཐམས་ཅད་རབ་ཏུ་སྒྲུབ།། དེ་ལྟར་མིན་ན་མྱུར་བར་ནི།། སྒྲུབ་མོ་ཡང་ནི་གསོད་པར་བྱེད།། དེ་སྟེ་ཀླུ་ཡི་བུ་མོ་དག། དེ་ལ་རིག་འཛིན་དཔལ་ལྡན་པས།། སྒྲུབ་པ་དག་ཏུ་འདོད་པ ་ལ། ། དེ་ཡི་ཆོ་གར་འདི་བཤད་དོ།། པདྨོ་དཀར་པོའི་མཚོ་འགྲམ་དུ།། སོང་ནས་ཆོ་ག་སྔ་མ་བཞིན།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་དེར་ནི་བྲི་བར་བྱ།། དེ་ནས ་དེར་ནི་མཁས་པ་ཡིས། ། གཏོར་མའི་ཆོ་ག་སྔ་མ་བཞིན།། ཨུ་དུམཱ་བ་རའི་ཡཱམ་ཤིང་གིས།། ཐོག་མར་མེ་ནི་རབ་སྤ་ར་ནས།། ནཱ་ག་གེ་སར་ཕྱེ་མ་དག། མཁས་པས་སྟོང་རྩ་བརྒྱད་དུ ་སྲེག། སྦྱིན་སྲེག་བྱེད་ཚེ་མྱུར་བར་ནི།། དེ་ནས་ཀླུ་ཡི་བུ་མོ་དག། འཇིགས་ཤིང་སྐྲག་ནས་འོང་བར་འགྱུར།། གལ་ཏེ་མཚན་མོ་དེ་སྡིག་ན།། སྒྲུབ་པ་པོ་ནི་གང་འདོད་པ།། གདོན་མི་ཟ ་བར་རབ་ཏུ་སྟེར། ། དེ་སྟེ་སྔགས་པ་ལྷ་མིན་གྱི།། ཕུག་སྒོར་སོང་ནས་ཅི་དགའ་བར།། ལྷ་མ་ཡིན་མོ་ཐམས་ཅད་ནི།། ལས་འདི་དག་ནི་ཐམས་ཅད་སྒྲུབ།། དཀྱིལ་འཁོར་སྔ་མ་བཞིན་བྲིས ་ནས། ། གཏོར་མ་ཆོ་ག་རྒྱ་ཆེར་བྱ།། པྲི་ཡང་ཀུ་ཡི་ཤིང་དག་གིས།། ཞུགས་ཐབ་ཏུ་ནི་མུ་སྭ་ར་ནས།། ཆོ་ག་བཞིན་དུ་སྔགས་ཟློས་ཤིང་།། ཡུངས་ཀར་དཀར་པོ་གུར་ཀུམ་ལ། ་བསྟེགས་ནས་སྟོང་རྩ་བརྒྱད་བཟླས་ལ།། དེ་ནས་ངེས་པར་བསྲེག་པར་བྱ།། དེ་ནས་སྦྱིན་སྲེག་བྱེད་པའི་ཚེ།། ལྷ་མིན་ན་ཆུང་འབྱུང་བར་བྱེད།། སྒྲུབ་པ་པོ་ནི་གང་འདོད་པ།། གདོན་མི ་ཟ་བར་རབ་ཏུ་སྟེར། ། ལྷ་མ་ཡིན་གྱི་གནས་དག་ཏུ།། བདེ་བའི་ལམ་ནས་འཇུག་པར་བྱེད།། དབང་ཕྱུག་ཀུན་དང་ལྡན་པར་ནི།། དེ་ན་དེ་ནི་འགྲུབ་པར་བྱེད།། ་གལ་ཏེ་འདིར་ནི་སྔགས་པ་དག། ཤ་ཆེན་དག་ནི་འཚོང་འདོད་ན།། དང་པོར་དུར་ཁྲོད་འདུག་ནས་སུ།། དཔའ་བའི་སེམས་ཀྱིས་ཤ་ཆན་བླང་།། བླངས་ནས་བསྲུང་བར་བྱས་ནས་སུ།། ལག ་པ་གཡོན་པས་ཆུ་གྲི་ཐོགས། ། གཡས་པར་ཤ་ཆེན་སྐྱོ་མེད་བཟུང་།། མཚན་མོ་དུར་ཁྲོད་དུ་ཞུགས་ནས།། སེམས་པ་དཔའ་བས་གཤིན་རྗེ་གཤེད།། ཁྲོ་བོ་ཡིད་ལ་ཟློས་བྱེད་ཅིང་།། ་ཤ་འཚོང་བ་ཡི་སྒྲ་བསྒྲགས་སོ།། བདག་ཉིད་ཆེན་པོ་དེ་ཡི་ཚིག། སྲིན་པོ་དམ་ཚིག་མེད་པ་དང་།། སེམས་ཅན་ཕྲ་མོ་ཁ་ཅིག་གིས།། ཐོས་ན་རབ་ཏུ་འཇིགས་པར་འགྱུར།། གང་གཞན་ལྷག ་པའི་སེམས་ཡོད་ཅིང་། ། དྲག་པོའི་ནུར་ཁྲོད་གནས་སྐྱོང་བ།། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ།། དེ་དག་ལུས་ནི་སྟོན་པར་བྱེད།། གྲུབ་པ་འཇིགས་པར་མི་བྱ་བར།། དེ་ནས་སེམས། ་ནི་དྲག་པོ་དེས།། ལེགས་པར་འོངས་ཞེས་སྨྲ་བར་བྱ།། དེ་ནས་གནས་མྱོང་སྒྲུབ་པར་ཕྱིར།། དེ་ནས་ཨནྡན་དག་དང་།། རྫས་ནི་གང་རྣམས་འདོད་པ་དེ།། ཤ་ཡིས་རབ་ཏུ་སྦྱིན་བྱེས་ཞེས།། ་སྒྲུབ་པ་པོས་ཀྱང་སྨྲ་བར་བྱ།། སྒྲུབ་པ་པོས་ཀྱང་གཞན་མི་བྱ།། སེམས་ནི་དཔའ་བར་ཤེས་ནས་སུ།། སྦྱིན་པ་བྱེད་ཀྱིས་གཞན་ལ་མིན།། དེ་ནས་གཞན་ཡང་འདི་ཡི་ལས།། དཔུང ་རྣམས་གནན་པར་བྱ་བ་གང་། ། ཁྲོ་བོ་མཆོག་གིས་གདུང་བ་ནི།། དེ་དག་འདིར་ནི་བཤད་པར་བྱ།། མི་རོའི་གོས་ལས་བྱས་པ་ཡི།། བཱ་རྒན་ཤིན་ཏུ་བཟང་པོ་བྱ།། དེ་ནི་མངོན་ཀ་ལས་ཀྱུའོ།། ་སོར་བཅུ་དྲུག་གི་ཚད་དུ་བྱ།། སྨྱུག་མའི་ཡུབ་སྡུག་གུ་དག། ཁྲུ་གང་ཚད་དུ་བྱས་པ་ལ།། བཏགས་ཏེ་དེ་ནས་བསྒྲེངས་ནས་སུ།། དུར་ཁྲོད་དུ་ནི་མཚན་མོ་བསྒྲུབ།། དཀྱིལ་འཁོར་རྒྱ་ཆེན་བྲིས ་ནས་ཀྱང་། ། དེར་ནི་ཙོག་པུར་གནས་ནས་སུ།། བ་དན་ལག་ན་ཐོགས་ནས་ནི།། མཚན་མོ་ཐོག་ཐག་བཟླས་པར་བྱ།། དེ་ནས་ནཱམ་ནི་ནངས་པ་ན།། དེ་ཡི་ལག་ན་ཐོགས་པ་ཡིས།། དེ་ཚེ ་དགྲ་ཡི་དཔུང་འཁྲུགས་པ། ། ཐེ་ཙོམ་མེད་པར་གནས་པར་འགྱུར།། ལག་ན་ཐོགས་པ་གཞན་དག་ཀྱང་།། སྒྲུབ་པ་པོས་ནི་མཐོང་བ་ཡིས།། དེ་དག་ཐམས་ཅད་མཐོང་མ་ཐག། མནན་ཏེ་རི་། ་བཞིན་མི་གཡོར་འགྱུར།། གླང་པོ་རྒྱལ་པོ་མྱོས་པ་དང་།། ཤིང་རྟ་རྟ་དང་གླང་པོར་བཅས།། རྐང་ཟང་འཁྲུགས་པ་མང་བཅས་པའི།། དགྲ་ཡི་དཔུང་རྣམས་ངེས་པར་ནི།། མཐོང་བ་ཙམ ་ནི་ཉིད་ཀྱིས་སུ། ། མནན་པ་བཞིན་དུ་སྣང་བར་འགྱུར།། དེ་ནས་གཞན་ཡང་དུར་ཁྲོད་ཀྱི།། སྦྱོར་བ་བཀྲ་ཤིས་དགེ་བ་དང་།། ཁྲོ་བོ་མཆོག་གིས་གསུངས་པ་དེ།། དེ་ནི་ངེས་པར་བཤད ་པར་བྱ། ། དེས་ནི་མི་རོ་བསྲེགས་པ་ཡི།། མཚན་མོ་མེ་འབར་བལྟས་ནས་སུ།། སྦ་བ་ཤིག་གོས་ཀྱང་མེད་བྱས་ལ།། བཟླས་པ་དག་ཀྱང་བསྐོར་ཞིང་བྱ།། དེ་ནས་དེར་ནི་སྔགས་པ་ཡིས ་ལན་ཅིག་ཐལ་བ་སྤར་བ་གང་། ། ལག་པ་གཡོན་པས་བླངས་ནས་སུ།། མཁས་པས་ཁྱིམ་དུ་འགྲོ་བར་འགྱུར།། ཡང་ན་ལྷ་ཁང་སྟོང་པར་འགྲོ།། ཕྱིར་ཡང་སྦྱོང ་པར་ཡོང་མི་བྱ། ། དེ་ནས་དེར་ཡང་ཐལ་བདེ།། ནམ་ནངས་བར་དུ་བཟླས་པར་བྱ།། ནམ་ནི་ནངས་པར་གྱུར་པ་ན།། ཐལ་བ་དེ་ནི་བསྲུངས་ནས་སུ།། གསར་པའི་སྣོད་དུ་གཞག་བྱ་ཞིང་།། ་སལ་གཞག་པར་ཡོང་མི་བྱ།། དགྲ་ཡི་དཔུང་དག་མནན་པའི་ཕྱིར།། ཐལ་བ་དེ་ནི་གཏོར་བྱས་ན།། ཤིང་རྟ་དང་ནི་གླང་པོ་དང་།། མཚོན་ཆུ་ཐམས་ཅད་འཁྲུག་པ་དང་།། སྐྱེ་བོ་མང་པོར ་ལྡན་པའི་ཡུལ། ། ཐལ་བ་དེ་ཡིས་ཐམས་ཅད་དུ།། ལན་ཅིག་གཏོར་བ་ཙམ་གྱིས་ཀྱང་།། ལུས་རྣམས་མི་འགུལ་གདོན་མི་ཟ།། འདི་ནི་མཚོན་རྣམས་གནོན་པ་དང་།། དཔུང་ཡང་གནོན། ་བྱེད་དགེ་བའོ།། དེ་བཞིན་གཉིད་ཀྱིས་ལོག་བྱ་དང་།། མྱོས་པར་བྱེད་པར་སྦྱོར་བ་ཡང་།། རླུང་ཕྱོགས་དག་ཏུ་སོང་བ་འམ།། ཡང་ན་བསྙེན་ཏེ་བྱས་ནའང་རུང་།། བགྲོད་དཀའི་དགྲ་ནི་མཚེམ ་འཁྲུགས་ལ། ། བྱས་ནས་འཐོ་བ་མི་འགུལ་འགྱུར།། དུར་ཁྲོད་དག་གི་སྦྱོར་བ་ཡིས།། དཔུང་མནན་དེ་ལྟར་བཤད་ཟིན་ཏོ།། འགྲོ་བ་དབང་བྱེད་སྦྱོར་བ་ནི།། རྣམ་པ་གཞན་དག་བཤད ་པར་བྱ། ། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ་སྔ་མ་བཞིན་དུ་བྱ།། གཏོར་མ་རྒྱ་ཆེན་བྱས་ནས་ནི།། མི་ཡི་ཚིལ་གྱི་སྣུམ་དག་ལསོ།། མར་མེ་འབར་བ་བྱས་ནས་སུ།། ་དེ་ནས་ཐོད་པ་བཟང་པོ་ལ།། མཁས་པ་དག་གིས་སྣག་ཚ་སྦྱར།། དུ་བའི་སྣག་ཚ་སྦྱར་ནས་ཀྱང་།། ནམ་ནངས་བར་དུ་བསླབ་པར་བྱ།། དེ་ནས་ནང་པར་ནམ་ནངས་ཏེ།། དུ་མའི་སྣག ་ཆོས་མིག་བསྐུས་ན། ། གང་མཐོང་དེ་ཡི་དབང་དུ་འགྱུར།། དེ་ལྟར་འགྲོ་བ་དབང་བྱེད་པའི།། སྦྱོར་བ་དེ་ནི་བསྒྲགས་པ་ཡིན།། བཙག་གི་སྦྱོར་བའི་དངོས་གྲུབ་ཀྱང་།། དགེ་བ་དག ་ནི་ད་བཤད་དེ། ། ཡུག་སྣམ་བཙག་ནི་དགེ་བ་དང་།། མི་རོ་ཁར་ནི་བཅུ་གནས་སུ།། དེ་ནས་དེ་ཕྱེད་ཚིག་ནས་ནི།། གྲོགས་མེད་པར་ནི་མཚན་མོ་བླང་།། བླངས་ནས་ལྷ་ཡི་ཁང་སྟོང་དུ།། ་མཁས་པ་དག་གིས་བཟླས་པ་བྱ།། བགེགས་ཀྱང་རྣམ་པ་སྣ་ཚོགས་འབྱུང་།། ཇི་སྲིད་ནམ་ནངས་བར་དུ་ནི།། དེ་ན་འདུག་ཅིང་དེ་ལ་བཟླས།། དེ་ནས་ནམ་ནངས་གྱུར་པ་དང་།། རས ་ནཱིནི་དམར་པོས་དཀྲིས་ནས་ནི། ། མཆོད་ཅིང་བསྲུངས་ནས་གཞག་པར་བྱ།། དེ་ནས་གང་ཡང་རུང་བའི་མིང་།། བཙག་གི་ཡུག་སྣམ་དེ་ཡིས་སུ།། ཅི་འདོད་པར་ནི་བྲི་བར་བྱ།། སྒྲུབ་པ་པོ ་ཡི་མིང་ནས་ཀྱང་། ། བསྐུལ་ནས་དོགས་པ་མེད་པར་ཡང་།། བསྒྲུབ་པར་བྱ་བ་མྱུར་དུ་འོང་།། བཙག་བསྒྲུབས་ཁ་རུ་གསུངས་པ་དག། མདོར་བསྡུས་བཤད་པ་དེ་ཡིན་ནོ།། ད་ནི་ཇི་ལྟར ་རིག་པ་རུ། ། སོར་གདུབ་བསྒྲུབ་པ་སྦྱོར་བར་བཅས།། ཆོ་ག་བཞིན་དུ་གསུངས་པ་དག། མདོར་ནི་རབ་ཏུ་བཤད་པར་བྱ།། མི་ཡི་རོ་ཁྱེར་འགྲོ་བ་ན།། དེར་སོང་ནས་ནི་དེ་ཡི་ཁར།། ་གསེར་གྱི་སོར་གདུབ་གཞག་པར་བྱ།། མཁས་པས་ཁྲོ་བོ་གཅིག་པུའི་སྔགས།། ཟློས་པ་བྱེད་དེ་འདུག་པ་ན།། མེ་ཡིས་ཚིག་པར་གྱུར་པ་ནི།། རེ་ཡི་ཁ་ན་འདུག ་པ་ཡི། ། སོར་གདུབ་ལག་པ་གཡོན་པས་བླང་།། ནམ་ལངས་བར་དུ་བཟླས་པར་བྱ།། དེ་ནས་སོར་གདུབ་བཟང་པོ་དེ།། ལག་པ་གཡོན་པའི་མཛུབ་མོ་ལ།། མཁས་པ་དག་གིས་གཞག ་པར་བྱ། ། དེ་ཡི་ལག་པ་གཡོན་པ་ཡིས།། གང་དང་གང་དག་རེག་འགྱུར་བ།། དེ་ཀུན་དེ་ཡིས་ལས་བྱེད་འགྱུར།། ཕྱི་བཞིན་དུ་ཡང་འབྲང་བར་འགྱུར།། འདི་ལ་དཔྱོད་པར་ཡོང་མི ་བྱ། ། དེ་ནས་གཞན་ཡང་ཡུངས་ཀར་དག། ཤིང་ཏུ་ངོ་མཚར་དང་ལྡན་པ།། ཁྲོ་བོ་ཉིད་ཀྱིས་ཇི་ལྟ་བར།། སྒྲུབ་པའི་སྦྱོར་བ་གསུངས་པ་བཤད།། སི་ཏཱའི་ཤིང་ལས་ག་པ་རྩེ་ཡང་།། ་བཟང་པོ་སོར་ནི་བརྒྱད་པར་བྱ།། དེ་ཡི་ནང་དུ་ཡུངས་ཀར་དགང་།། དངོས་གྲུབ་མཆོག་ནི་དེར་བླུགས་ལ།། ཟླ་བ་གཟས་ནི་ཟིན་བར་དུ།། ཉིན་མ་རེ་རེ་བཟླས་བརྗོད་བྱ།། དཀྱིལ་འཁོར ་ཆོ་ག་བཞིན་བྲིས་ནས། ། གཏོར་མ་རྒྱ་ཆེན་དག་ཀྱང་བྱ།། གབ་རྩེ་ནང་གི་ཡུངས་ཀར་ཀུན།། སྒྲ་འབྱུང་བའམགས་ཀྱི་བར།། དེ་སྲིད་ཡུངས་ཀར་བཟླས་པར་བྱ།། དེ་ནས་ཡུངས ་ཀར་གྲུབ་འགྱུར་བ། ། བླངས་ནས་གང་ཡང་རུང་བར་ནི།། ཆོ་ག་བཞིན་དུ་སྦྱར་བྱས་ནས།། དེ་ཡིས་མི་ནུས་ཅི་ཡང་མེད།། དེས་ནི་ས་ཡང་འགས་པར་བྱེད།། ཆུ་ཀླུང་དག་ཀྱང་སྐམས ་པར་བྱེད། ། རིམ་ཐོ་རྣམ་པ་མང་པོ་དག། ཕྲུ་མ་དག་ཏུ་རློག་པར་བྱེད།། དེ་བཞིན་རི་ཡི་རྫི་མོ་ཡང་། ཐུར་ན་རབ་ཏུ་སྐྱིལ་བར་བྱེད།། ཁྲག་དང་སོལ་བའི་ཆར་དག་ཀྱང་།། འབེབས་པར ་བྱེད་དེ་ཐེ་ཙོམ་མེད། ། གནམ་ལྕགས་དང་ནི་སེ་ར་བ་དག། གློ་བུ་ར་དག་ཏུ་འབབ་པར་བྱེད།། ས་གཡོ་བ་དང་སྤྲིན་བསྡུ་ལ།། རིག་པ་འཛིན་པས་སྦྱར་བྱས་ན།། གློ་བུར་དུ་ཡང ་ཐོགས་མེད་འགྱུར། ། མཚེ་དང་རྒྱ་མཚོ་གཡོ་བ་དང་།། ཤིང་རྣམས་རབ་ཏུ་ལྡེགས་པ་དང་།། ས་ཡི་འོག་ཀྱང་གཡོ་བྱེད་ཀྱང་།། དེ་བཞིན་ཀླུ་རྣམས་བསྡིགས་པ་དང་།། མ ་ཆེན་དང་ནི་སྐྱེང་ཀ་དང་། ། ཀླུ་རྣམས་ཚར་ག་ཅད་བྱ་བ་དང་།། གཞན་ཡང་གང་འདོད་བྱ་བ་ཡི།། ལས་ནི་རྣམ་པ་སྣ་ཚོགས་པ།། གསུངས་པ་དང་ནི་མ་གསུངས་པ།། མཁས་པས ་རང་བཞིན་བྲོས་བརྟགས་ལ། ། ཡུངས་ཀར་གྲུབ་པས་གཏོར་ཙམ་གྱིས།། ཐོགས་པ་མེད་པར་བྱེད་པར་འགྱུར།། ཡུངས་ཀར་དངོས་གྲུབ་ཀུན་སྦྱིན་པའི།། སྒྲུབ་པ་དག་ནི་བསྒྲུབ། ་ཟིན་ཏེ།། དཔའ་བོའི་བརྟུལ་ཞུགས་སྤྱོད་པ་ཡིས།། དེ་དག་ལ་སོགས་སྣ་ཚོགས་དང་།། སྔ་མ་བཞིན་དུ་སྣ་ཚོགས་དང་།། འབྲིང་རྣམས་ལ་སོགས་བསྒྲུབ་པར་བྱ།། ཁྲོ་བོ་མཆོག ་གི་ཆོ་ག་འདི། ། ལས་ནི་གང་དག་བཤད་པ་རྣམས།། དེ་དག་ཀུན་ལ་བརྟུལ་ཞུགས་ནི།། མེད་པར་བྱས་ནི་འབྲས་བུ་མེད།། ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི།། གང་དག་འདིར ་ནི་བཤད་པ་རྣམས། ། བརྟུལ་ཞུགས་བྱེད་ནི་མ་ནུས་ན།། དེ་ལྟར་ཁྲོ་བོ་མཆོག་འདི་ལ།། སྔོན་བཞིན་མཆོད་པ་བྱེད་པ་དང་།། ཇི་སྐད་བཤད་ཟིན་བཟླས་བྱས ་པས། ། ལས་རྣམས་ཇི་སྐ་དུ་བསྟན་པ་དང་།། དངོས་གྲུབ་ཇི་སྐད་བསྟན་པ་འཐོབ།། རྟག་ཏུ་བདེ་གཤེགས་སེམས་དཔའ་དེས།། བརྟུལ་ཞུགས་རྟག་ཏུ་མི་རུང་ནའང་།། ཉིན ་གཅིག་བཞིན་དུ་བཟླས་བརྗོད་ལ། ། སྦྱོར་བས་འནོད་པའི་དོན་རྣམས་འཐོབ།། དེ་ལྟར་བརྟུལ་བཞུགས་ཀྱིས་བསྒྲུབས་དང་།། བསྒྲུབ་པ་སྣ་ཚོགས་ཆོ་ག་འདིར།། ཁྲོ་བོ་མཆོག་གིས ་ཅི་གསུངས་པ། ། མ་ལུས་པར་ནི་བཤད་པ་ཡིན།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྩ་བའི་མོ་གཞིར་མོ་རིམ་པར་ཕྱེ་བ ་སྡེ་བརྒྱད་པའོ། ། །། དེ་ནས་ཆོ་ག་ཕྱི་མར་ནི།། ཇི་ལྟར་བརྟུལ་ཞུགས་མེད་ཀྱང་རུང་།། དེ་ཕྱིར་ཁྲོ་བོ་བདག་ཉིད་ཀྱིས།། གསུངས་པ་དེ་ཡི་ཆོ་ག་བརྗོད།། སྔགས་ནི ་ཡི་གེ་བཅུ་བདུན་པོ། ། ཁྲོ་བོ་ཞེས་ནི་གང་བརྗོད་པ།། དེ་ལ་ཐོག་མར་སྟོན་བཞིན་དུ།། རི་མོ་བྲིས་ལ་དེ་མདུན་དུ།། ཚུལ་བཞིན་དུ་ནི་མཆོད་པར་བྱ།། མཁས་པས་ཡང་ན་སྐུ་གཟུགས ་ཀྱང་། བྱེད་དུ་བཅུག་སྟེ་དེ་འོག་ཏུ།། མཁས་པས་བརྒྱད་འབུམ་བཟླས་པར་བྱ། དེ་ཡི་མཐའ་མར་དཀོན་མཆོག་ནི།། གསུམ་པོ་དག་ལ་མཆོད་ཆེན་བྱ།། དེ་ཡི་འོག་ཏུ་ཁྲོ་མཆོག ་ནི། ། ཇི་སྐད་གསུངས་བཞིན་མཆོད་པ་བྱ།། འོན་ཀྱང་གྲུབ་སྟེ་དེ་ཡི་ཚེ།། འབྱུང་པོའི་གདོན་དང་དུག་རྣམས་དང་།། ཡིད་ལ་གང་དང་གང་འདོད་པ།། དེ་ཡིས་བསམ་པའི་ལས་ཀྱང ་ནུས། ། ནམ་ཡང་དངོས་གྲུབ་ཕྲན་ཚེགས་ལ།། དེ་ནི་སྦྱར་བར་མི་བྱའོ།། དུག་ལ་སོགས་ཏེ་གང་བརྗོད་པ།། ལས་ཀྱི་རྣམས་ནི་ཚིག་གིས་བྱ།། གཞན་དུ་ཡེངས་པའི་ཚིག་གིས་ཀྱང་།། ། ་བདག་ཉིད་ཇི་ལྟར་འདོད་བཞིན་ནོ།། དེ་བཞིན་སེམས་ཅན་སྡང་རྣམས་ལ།། ཚར་གཅད་པ་དང་ཕན་འདོགས་ནུས།། གང་ཞིང་ནག་པོས་ཟིན་པ་ཡིས།། ལས་རྣམས་ཀྱང་ནི་བྱེད་འགྱུར ་ཏེ། ། ཆུ་ཡིས་ངེས་པར་གཏོར་བ་དང་།། ལྷག་གམ་ཡང་ན་རྐང་པ་ཡིས།། ཁྲོ་བོས་ཇི་སྐད་གསུངས་པ་བཞིན།། ཐེ་ཙོམ་མེད་པར་སོས་པར་འགྱུར།། དེ་ལྟར་ཀུན་ཏུ་ཡིད་ཀྱིས ་སམ། ། ཡང་ན་ཚིག་གིས་བསྐུལ་བར་བྱ།། ཇི་ལྟར་ཁྲོས་པ་མེད་པར་ཡང་།། ཕྲན་ཚེགས་ལས་ནི་གྲུབ་འགྱུར་ཏེ།། དྲན་པ་ཙམ་ནི་འབའ་ཞིག་གིས།། བྱེད་པ་པོ་ཡི་ལས་དེ་འགྲུབ།། ་དེ་ནས་སྣོད་ལ་དབབ་པ་ཡི།། ལས་གཞན་འདི་ནི་རབ་ཏུ་བྱ།། གཞོན་ནུ་མཚན་དང་ལྡན་འགྱུར་ཞིང་།། ཉེས་པའི་སྐྱོན་མེད་ཡན་ལག་ཚང་།། ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན།། བ་ལས ་བྱུང་བའི་ལྔ་ཡང་བྲུད། ། དེ་ཡི་འོག་ཏུ་སྦྱང་བྱས་ཏེ།། ནམ་ནངས་པ་དང་བཀྲུས་བྱས་ལ།། དྲི་ཞིམ་པ་ཡི་དྲིས་བྱུགས་ཤིང་།། གོས་རྣམས་དང་ནི་རྒྱན་གྱིས་བརྒྱན།། དེ་ལྟར་མཆོད་པ་བྱས ་ནས་ནི། ། ཤར་གྱི་ཕྱོགས་སུ་ལ་བསྟན་ཏེ།། ཆོ་ག་བཞིན་དུ་ཀུ་ཤ་ཡི།། སྟན་ལ་བཞག་སྟེ་དེ་ནས་ནི།། དེ་ཡི་ལག་པ་གཉིས་ཀར་ཡང་།། ཙན་དན་གཏོར ་མཱམྲའི་མེ་ཏོག་སྦྱིན། ། ཨཱ་ཀར་ནག་པོའི་བདུག་པ་སྦྱིན།། དེས་ནི་མྱུར་དུ་སྔགས་བརྗོད་དེ།། སྒྲུབ་པ་ཆོ་ག་འདི་ཡིས་ནི།། སྣོད་ལ་དབབ་པའི་ལས་བྱའོ།། སྣོད་ལ་དབབ་འགྱུར་དེ་ཡིས ་ནི། ། དགེ་དང་མི་དགེ་བྲི་བར་བྱ།། དེ་ནས་བྱུང་དང་འབྱུང་བ་དང་།། བྱུང་བ་གང་ཡིན་བདེན་པར་སྨྲ།། སེམས་ཅན་ཆེན་པོ་འདི་གྱིས་ལ།། འདི་ནི་མིན་ཞེས་ཟློག་པར་བྱེད།། རིག ་སྔགས་ཆད་དམ་ལྷག་པ་དག། སྔགས་ཀྱང་འདིར་ནི་ཚང་བར་བྱེད།། དེ་ནས་ཁྲོ་བོ་མཆོག་དེ་ལ།། མེ་ཏོག་ལྡན་པའི་མཆོད་ཡོན་དབུལ།། དེ་ནས་བདེ་གཤེགས་བསྟན་པ་ཡི།། དམ ་ཚིག་དག་ཀྱང་བསྟན་པར་བྱ། ། སྣོད་ཀྱིས་ཐོས་ནས་དེ་ནས་སུ།། བཏང་ནས་དེ་ནི་ས་ལ་འགྱེལ།། རིག་པ་ཁྲོ་བོ་གཤིན་རྗེ་གཤེད།། གྲུབ་པར་དེ་ནས་བཞུད་པར་འགྱུར།། དེ་ནས་སྣོད་ནི་བླངས ་ནས་སུ། ། ཕྱིས་ཀྱང་རབ་ཏུ་ཁྲུས་བྱས་ཏེ།། ཟན་ཟར་བཅུག་ལ་ཟོས་ནས་ཀྱང་།། མཆོད་པ་བྱས་ཏེ་སླར་གཏང་ངོ་།། ཇི་སྐད་གསུངས་པའི་ལས་རྣམས་ཀྱིས།། སྣོད་ལ་དབབ་པར་བྱས་ནས ་ནི། ། དེ་ནས་ཆོ་ག་ཕྱི་མ་ཡི།། ཆོ་ག་ལས་གསུངས་ལས་རྣམས་བྱ།། དེ་ནས་གལ་ཏེ་སྔགས་པ་ནི།། རྒྱལ་པོ་དབང་དུ་བྱེད་འདོད་ན།། དེ་ཚེ་རི་མོའི་སྤྱན་སྔ་རུ།། དུར་ཁྲོད་ཐལ་བས་གཟུགས ་བྲིས་ཏེ། ། དེ་ཡི་སྙིང་ཁར་འདུག་ནས་སུ།། རྩེ་གཅིག་ཡིད་ཀྱིས་ཁྲི་བརྫས་ཏེ།། ཆེ་གེ་མོ་ཞིག་དབང་གྱུར་ནས།། དེ་ཡི་མིང་ནི་སྔ་མ་བཞིན།། ཁྲོ་སྔགས་ཇི་སྐད་གསུངས་པའི་མཐར།། སྦྱར ་ཏེ་མཇུག་ཏུ་སྭཱ་ཕྲ་བརྗོད། ། ཁྲོ་བོས་དབང་དུ་བྱ་བའི་ཕྱིར།། སྦྱོར་བ་རྟག་ཏུ་བཤད་པ་ཡིན།། དེ་ནས་རྒྱལ་དེ་དབང་གྱུར་ནས།། མཛའ་སྡུག་སྐྱེ་བོས་བཏང་ནས་སུ།། བདག་ཉིད་དང་ནི་ནོར་དག ་གིས། ། ངེས་པར་བྲན་བཞིན་ལེགས་པར་བྱེད།། དེ་བཞིན་བཟླས་པ་ཁྲི་བྱས་ན།། བྲམ་ཟེ་དག་ཀྱང་དབང་དུ་འགྱུར།། རྗེའུ་རིགས་དམངས་རིགས་མ་ལུས་པར།། དྲུག་སྟོང་དག་གིས ་ངེས་པར་འགྱུར། ། བུད་མེད་རྣམས་དང་བུ་མོ་ལ།། ཁྲི་དག་ཏུ་ནི་བཟླས་པར་བྱ།། དེ་ནས་ཕན་ཚུན་མཛའ་པོ་གཉིས།། དབྱེ་བར་བྱ་བར་འདོད་ན་ནི།། དེ་ནས་གཅིག་གི་གཟུགས་བརྙན་ནི།། ་དེ་བཞིན་བྲིས་ནས་སྙིང་ཁ་རུ།། རྐང་པ་གཅིག་བཞག་ཅོག་པུར་འདུག། དེ་ཡི་མིང་ནི་མཐར་སྦྱར་ནས།། ཁྲོ་བོ་གཤིན་རྗེ་གཤེད་བཟླས་པ།། ཆེ་གེ་མོ་ཞིག་མྱུར་བ་རུ།། འདི་དང་དབྱེ ་འགྱུར་ཕཊ་ཅེས་བྱ། ། དེ་ལྟར་དབྱེ་བ་བྱ་འདི་ལ།། སྟོང་ཕྲག་བཅུར་ནི་བཟླས་པ་བྱ།། དེ་ནས་སེམས་ཅན་རབ་གདུག་པར།། ཤེས་ནས་ལེགས་པར་གདུལ་བྱ་ན།། དཀོན་མཆོག་གསུམ ་ལ་གནོད་བྱེད་ལ། ། ཁྲོ་བོས་སུ་ཡི་གཞན་དུ་མིན།། དགྲ་བོའི་གཟུགས་བརྙན་མིང་སྨོས་ནས།། དུར་ཁྲོདན་ཐལ་བས་བྲིས་ནས་སུ།། དེ་ནས་སེང་ལྡེང་ཕུར་བུལ།། བརྒྱ་རྩ་བརྒྱད་དུ་བཟླས ་བྱས་ཏེ། ། དེ་ཡི་སྙིང་ཁུར་བཏབ་ནས་སུ།། དེ་ཡི་འོག་ཏུ་ཁྲི་བཟླས་སོ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། སྔགས་ཀྱི་མཐའ་མར་མིང་བཅུག་སྡེ།། ཆེ་གེ་མོ་ཞིག ་སོད་ཅིག་ཅེས། ། ཧཱུཾ་དང་ཕཊ་ཀྱིས་མཐའ་བརྟེན་ཏེ།། ཁྲི་དག་ཡོངས་སུ་ཚང་བར་ནི།། གལ་ཏེ་དེ་ལྟར་བཟླས་བྱས་ན།། ལས་དེ་ཡིས་ནི་འཆི་འགྱུར་ཏེ།། འདི་ལ་རྣམ་པར་དཔྱོད་མི་དགོས།། ་རྟག་ཏུ་བདེ་གཤེགས་བསམ་པར་བྱ།། ངན་པའི་སེམས་ཀྱིས་ཡོང་མི་བྱ།། དེ་ཡི་སྙིང་ལས་སྡུག་བསྔལ་དག། བསྐྱེད་ནས་འདག་པ་མ་གཏོགས་སོ།། ཞི་བ་དག་གི་ཆོ་ག་ཡིས།། དེ་ནས ་ཞི་བ་དགེ་བར་བྱ། ། ཇི་ལྟར་ཇི་སྐད་གསུངས་པ་འདི།། མངོན་པར་སྤྱོད་པ་ཡོང་མི་བྱ།། སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར།། བདེ་གཤེགས་བསམ་པས་བྱ་བར་བསྟན།། དེ་བཞིན ་གཤེགས་པ་ཅི་གསུངས་པའི། ། དེ་བཞིན་དངོས་གྲུབ་ཐོགས་མེད་པའི།། དངོས་གྲུབ་འདོད་པས་ཐོབ་འདོད་ན།། དེ་ལྟར་ཁྲོ་བོ་སེམས་མི་བྱ།། བདེ་གཤེགས་བསམ་པ་གང་མེད་པ།། ་ནི་དངོས་གྲུབ་ཉམས་པར་འགྱུར།། མདོར་ན་བྱང་ཆུབ་སེམས་མེད་པ།། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས།། བརྟུལ་ཞུགས་བཟླས་པ་དང་བཅས་པ།། རྟོག་ལས་ཆོ་ག་བཞིན་གསུངས་པའི།། ་དངོས་གྲུབ་མཆོག་ནི་ཉམས་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ནས།། བརྟུལ་ཞུགས་བཟང་པོ་མེད་པ་དང་།། དེ་བཞིན་གཟུགས་ལ་སོགས་མེད་ཀྱང་།། དངོས་གྲུབ་མཆོག ་རྣམས་དེས་ཐོབ་ཅིང་། ། ཉོན་མོངས་མེད་པར་ཅི་འདོད་པར།། འདོད་པ་ཐམས་ཅད་རྙེད་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་།། བློ་ནི་མ་རྨོངས་བརྟན་པ་ཡིས།། སྲིད་པ་ཉོན་མོངས ་བགྲོད་དཀའ་རྒོལ། ། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཕྱག་བྱས་ནས་ནི་དངོས་གྲུབ་མཆོག། བདེ་གཤེགས་བསམ་པ་ལྡན་པས་འཐོབ།། དེ་ལྟར་ཤེས་ནས་དེ་ཡི་ཚེ།། བདེ་གཤེགས ་ལམ་མཆོག་བསྟེན་པར་བྱ། ། ཉོན་མོངས་སྡུག་བསྔལ་འཇིགས་འགྱུར་བ།། འཇིག་རྟེན་ལྷ་ནི་ཡོང་མི་བསྙེན།། དེ་ལྟར་སེམས་ཅན་གདུག་འདུལ་བའི།། ལས་རྣམས་ཇི་སྐད་གསུངས་པ་ཡང་།། ་དཀོན་མཆོག་གསུམ་ནི་སྲུང་ཕྱིར་གྱི།། གཞན་དུ་ཡང་ནི་ཡོང་མི་སྦྱར།། དེ་ནས་གཞན་ཡང་བསྐྲད་པའི་ལས།། འདི་དག་གར་ཡང་རུང་བར་ནི།། དེ་བཞིན་བྱེད་པར་འདོད་པ་ལ།། དེ་བཞིན་པར་ནི་བཤད ་པར་བྱ། ། དེ་ནས་དུར་ཁྲོད་ཐལ་བ་ཡིས།། མཁས་པས་གྲ་ཡི་གཟུགས་བརྙན་བྲི།། དེ་སྟེང་རྐང་གཉིས་འདུག་ནས་སུ།། འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི།། ཆེ་གེ་མོ་ཞིག་སྐྲོད་ཅིག་ཅེས།། དེ་ཡི ་མིང་ནི་མཐར་སྦྱར་ནས། ། དེ་བཞིན་ཧཱུཾ་དང་ཕཊ་དག་དང་།། ཧཱུཾ་ཡང་བརྗོད་དེ་ཁྲི་བཟླས་ན།། གདོན་མི་ཟ་བར་བསྐྲད་པར་འགྱུར།། ཡང་ན་ཐལ་བ་དེ་ཉིད་ཀྱིས།། དགྲ་ཡི་གཟུགས་བརྙན་བྲིས་ནས ་སུ། ། དེ་ཡི་སྙིང་ཁར་རྐང་གཡོན་གྱིས།། གདོན་མི་ཟ་བར་བརྫིས་ནས་སུ།། ཉི་མ་ལ་ནི་ཁ་བལྟས་ནས།། གཤིན་རྗེ་གཤེད་པོ་བཟླས་ནས་ནི།། སྐད་ཅིག་གིས་ནི་དགྲ་བེ་དོ།། རབ་ཏུ་ཚ ་བའི་ནད་ཀྱིས་འདེབས། ། དེ་ནས་ཞི་བའི་ཆོ་ག་ཡིས།། བདག་ཉིད་ཀྱིས་ནི་ཞི་བར་བྱ།། དེ་ལྟར་མ་བྱས་ཞག་བདུན་གྱིས།། གདོན་མི་ཟ་བར་འཆི་བར་འགྱུར།། དེ་ལ་སོགས ་པའི་ལས་རྣམས་ནི། ། བདེ་གཤེགས་སེམས་དཔས་ཡོང་མི་བྱ།། སེམས་ཅན་རྣམས་ནི་ཐམས་ཅད་ལ།། ཞི་བ་དང་ནི་རྒྱས་པ་བྱ།། བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན།། རིང་པོར་མི་ཐོགས ་འགྲུབ་པར་འགྱུར། ། དེ་ནས་སེམས་ཅན་ཐམས་ཅད་ནི།། བདེ་ཕྱིར་ཞི་བའི་ལས་རྣམས་དང་།། དེ་བཞིན་དུ་ནི་རྒྱས་པའི་ལས།། ཇི་སྐད་གསུངས་པ་བཤད་པར་བྱ།། མཆོད་རྟེན་དག་གམ ་དཀྱིལ་འཁོར་དུ། ། དེ་བཞིན་གཤེགས་པའི་མཆོད་པ་བྱ།། དཀོན་མཆོག་གསུམ་པོ་དག་ལ་ནི།། ཡང་དང་ཡང་དུ་ཕྱག་ཀྱང་བྱ།། ཉིན་པར་དང་ནི་མཚན་མོ་ཡང་།། དགེ་བ་གང་དག་ཅི་བསགས ་པ། ། དཀོན་མཆོག་གསུམ་ལ་དེ་བརྟེན་ནས།། བདེ་བར་གཤེགས་པའི་བསམ་པས་བྱ།། འདི་ཡིས་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་སྡུག་བསྔལ་བདེར་གྱུར་ཅིག། དེ་ཡིས་དངོས་གྲུབ་ཅུང ་ཟད་གང་། ། ཕྲ་མོ་དག་ཀྱང་འཐོབ་འགྱུར་བ།། རྟག་ཏུ་སེམས་ཅན་རྣམས་ལ་ནི།། མཁས་པ་དག་གིས་ཕན་པར་བྱ།། མཁས་པས་མཆོད་རྟེན་ལས་བྱ་ཞིང་།། དེ་བཞིན་རྣམ་པའི་ཆོས་ཀྱང་བཀླགས ་དགེ་བ་ཅུང་ཟད་གཞན་དག་ཀྱང་། ། ཆུང་ངུ་ཟིན་ཀྱང་འདི་ཉིད་ལ།། དངོས་གྲུབ་མཆོག་ནི་ཐོབ་འདོད་པས།། རྟག་ཏུ་སེམས་ཅན་རྣམས་ལ་བསྔོ།། དེ་ལྟར་འདི་ནི་བྱང་ཆུབ་སེམས།། ཆོས་ཀྱི་དོན ་དུ་ཡུལ་དུ་འགྱུར། ། བྱང་ཆུབ་སེམས་དཔའ་ཉེར་བསྙེན་པའི།། མཚན་ཉིད་རྣམས་ཀྱང་རབ་ཏུ་བསྟན།། དེ་ལྟར་བློ་གྲོས་བརྟན་བྱས་ནས།། དགེ་བ་དག་ནི་སྤེལ་བར་བྱ།། དགེ་བ་དག་ཀྱང་སྤེས ་ནས་སུ། ། སེམས་ཅན་རྣམས་ལ་ཡོངས་སུ་བསྔོ།། སྔགས་པ་བདེར་གཤེགས་སེམས་ལྡན་གང་།། དེ་ལྟ་བུར་ནི་རྟག་པ་རུ།། སེམས་ཅན་ཀུན་ལ་ཕན་བྱས་ནས།། ཞི་བ་དག་དང་རྒྱས ་པ་འཕེལ། ། ཐོག་མར་དཀོན་མཆོག་གསུམ་པོ་ལ།། མཆོད་པ་སྣ་ཚོགས་བྱས་ནས་སུ།། དེ་ཡི་འོག་ཏུ་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ལ་མེ་ཏོག་ནི།། དཀར་པོ་མཆོག་གིས་མཆོད་པ ་རྒྱུ། ། མཆོད་པ་བྱས་ནས་འདི་དག་ཏུ།། ཆོ་ག་བཞིན་དུ་བཟླས་པ་བྱ།། བདེ་ཞིང་སྟན་ལ་བདེར་འདུག་ལ།། རབ་ཏུ་དང་ཞིང་བདེ་གཤེགས་སེམས།། དེ་ཡི་མིང་སྨོས་ཞི་འགྱུར་ཞེས།། ཁྲོ་བོའི ་ཚིག་གིས་མཐར་སྦྱར་ཏེ། ། གོ་ཥ་ཊ་དག་ཀྱང་ཐ་མར་སྦྱར།། གང་ཡང་རུང་བ་ཞིག་ལ་ནི།། དེ་ལྟར་སྟོང་དུ་བཟླས་པ་བྱ།། ཡུལ་དང་ཡུལ་གྱི་ཕྱོགས་རྣམས་དང་།། རྒྱལ་པོ་དག་ལ་ཉིས་འགྱུར་བྱ།། ་རྟ་རྣམས་དང་ནི་གླང་པོ་དང་།། བ་ལང་དག་ལ་སྟོང་དུ་བཟླས།། ར་ལུག་དང་ནི་མ་ཧེ་ལ།། རྟག་པར་སྟོང་དུ་བཟླས་པར་གསུངས།། ཡང་ན་ལུས་ཅན་ཐམས་ཅད་ལ།། བཟླས་པ་དག་ནི་བྱས་ནས ་ཀྱང་། ། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཞི་བའི་མཆོག་ཏུ་ངེས་པར་འགྱུར།། དེ་བཞིན་དུ་ཡང་རྒྱས་འགྱུར་བ།། ཁྱད་པར་དུ་ནི་མེ་ཏོག་མཆོག། དཀར་པོ་ཅན་དན་གྱིས་བསྐུས་པ། ་བཟླས་ཤིང་བཟླས་པས་ཆོ་ག་བཞིན།། འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི།། འོ་མས་གང་བའི་སྣོད་དུ་དབུལ།། སྟོང་གིས་རབ་ཏུ་རྒྱས་པར་འགྱུར།། སྙིང་ལ་རབ ་ཏུ་དགའ་འགྱུར་བའི། ། རྒྱས་པ་དེ་དག་བྱ་འདོད་ན།། གང་ཡང་རུང་བ་དེ་ཡི་མིང་།། ཆོ་ག་བཞིན་དུ་ཐ་མར་སྦྱར།། མཁས་པས་རྒྱས་པར་གྱུར་ཅིག་ཅེས།། དེ་མཐར་བཤད་པ་སྦྱར་ནས ་སྭ། ། མེ་ཏོག་ཡིད་དུ་འོང་བ་རྣམས།། འོ་མར་བླུགས་པས་རྒྱས་པར་བྱ།། དེ་ནས་གཞན་ཡང་དཔལ་འདོད་པ།། དེར་ཡང་སྔ་མ་བཞིན་དུ་ནི།། ཙན་དན་དཀར་པོས་བསྐུས་པ་ཡི།། མེ་ཏོག ་ཡིད་དུ་འོང་བས་མཆོད། ། ཨ་ཀར་ནག་པོ་བཟང་པོ་ཡི།། བདུག་པ་དག་ཀྱང་སྔགས་ཀྱིས་དབུལ།། ཉིན་རེ་དེ་ལྟར་བྱས་ནས་སུ།། ཆོ་ག་བཞིན་དུ་བཟླས་པ་བྱ།། དཔལ་ནི་བདག་ལ་སྩོལ་ཅིག ་ཅེས། ། མཐའ་མ་དག་ཏུ་སྦྱར་ནས་སུ།། དེ་ནས་ན་མཿསྭཱ་བཱར་ལྡན།། ཆོ་ག་སྔོན་བཞིན་ཁྲི་བཟླས་ཏེ།། དེ་ནས་རྒྱ་མཚོར་རབ་འགྲོ་བའི།། ཀླུང་གི་འགྲམ་དུ་སོང་ནས་ནི།། ལྟེ་བ་ནུབ་པར་ཆུར ་འདུག་ནས། ། མེ་ཏོག་པུཎྜ་རི་ཀ་ནི།། ཙན་དན་དཀར་པོས་བསྐུས་ནས་ནི།། བཟླས་ཤིང་བཟླས་ཤིང་ཆུར་འབུལ་བ།། བློ་དང་ལྡན་པས་འབུལ་བྱས་ན།། དེ་ཡི་མཇུག་ཏུ་དཔལ་ཆེན ་འཐོབ། ། ཡང་ན་པདྨོ་དམར་པོ་ནི།། ཙན་དན་དམར་པོས་བསླུས་ནས་ནི།། གལ་ཏེ་དེ་རུ་ཕུལ་ན་ནི།། དེ་ནས་དེ་ཡི་མཐའ་མ་རུ།། ལས་འདི་དག་གིས་ངེས་པར་ནི།། མི་ཟད་པ་ཡི་གཏེར ་འཐོབ་འགྱུར། ། ཨ་ཏི་མུག་ཏའི་མེ་ཏོག་རྣམས།། བཟླས་ཤིང་བཟླས་ཤིང་སྔ་མ་བཞིན།། གལ་ཏེ་ཚིག་འབུམ་ཕུལ་ན་ནི།། ཚོ་གས་གསུངས་པ་བཞིན་གནས་པའི།། སྔགས་པས་ངེས ་པར་དེ་མཐར་ནི། ། འདི་ནོར་འབུམ་ནི་ཐོབ་པར་འགྱུར།། འདི་ལ་རྣམ་པར་དཔྱད་མི་བྱ།། དེ་སྟེ་དེ་ཡི་སྔ་མ་བཞིན།། སུམ་འབུམ་དངུལ་བར་བྱས་ན་ནི།། གདོན་མི་ཟ་བར་གནོད་སྦྱིན་མ།། དེ་ཡི ་དབང་དུ་འདི་འགྱུར་རོ། ། ཆོ་ག་འདི་ཡིས་སྒྲུབ་པ་པོ།། རིན་ཆེན་དག་ཀྱང་ཐོབ་པར་འགྱུར།། དེ་སྟེ་སྔགས་པས་སྔ་མ་བཞིན།། མེ་ཏོག་སྣ་ཚོགས་མང་པོ་ནི།། ཙན་དན་དག་གིས་བསྐུས་པ ་རྣམས། ། དེ་ནས་སྔགས་པས་ཚིག་འབུམ་དུ།། ཆུ་ཡི་ནང་དུ་ཕུལ་ན་ནི།། ས་ཡི་སྟེང་ན་འདོད་པ་འཐོབ།། ཡང་ནཱ་པདྨོ་དཀར་པོ་ནི།། མངར་གསུམ་དག་གིས་བསྐུས་པ་རྣམས།། མེ་འབར ་ནང་དུ་ལེགས་བསྲེགས་ན། ། དེ་ཡིས་དཔའ་བོ་མངོན་སུམ་མཐོང་།། དེ་ཡིས་དེ་ལ་འདོད་མཆོག་དང་།། ནོར་དག་ཀྱང་ནི་རྙེད་པར་འགྱུར།། བློ་དང་ལྡན་པ་ཟས་ཀྱི་མཆོག། མར་དང་སྦྲང་རྩིར་སྦྱར ་བ་དང་། ། ཞག་བདུན་དུ་ནི་གཟར་བུ་ཡིས།། འབར་བའི་མེ་ལ་བསྲེགས་ནས་སུ།། ཡུལ་གྲུ་བདུན་རྣམས་རབ་ཏུ་འཐོབ།། འདི་ལ་རྣམ་པར་དཔྱད་མི་དགོས།། ཡང་ན་འབྲུ་རྣམས་ཐམས་ཅད ་སྦྱིན་སྲེག་དོན་རྣམས་ཐམས་ཅད་སྒྲུབ། ། སྦྱིན་སྲེག་གཅིག་འབུམ་བྱས་པ་ཡི།། དེ་དག་ཉིད་ནི་མི་ཟད་འགྱུར།། རིལ་བ་མར་གྱིས་བསྐུས་པ་འབུམ།། མེ་ནི་རབ་ཏུ་འབར་བ་ལ།། ་། བསྲེགས་ནས་ས་ཡི་བདག་པོ་ལ།། ནོར་བཅས་དག་ནི་ཐོབ་པར་འགྱུར།། དུར་བའི་འཇག་མ་མ་གྲུགས་པ།། ན་མ་སྭཱ་ཧཱ་མཐར་ལྡན་པས།། འོ་མ་ལས་བསྙུགས་བསྲེགས ་ན་ནི། ། མི་ཡི་ཚེ་ནི་རིང་བར་འགྱུར།། དེ་བཞིན་མར་དང་སྦྲང་རྩི་དག། འབར་བའི་མེ་ལ་རྟག་ཏུ་སྲེག། གདོན་མི་ཟ་བར་མྱུར་བ་རུ།། ཡིད་གཞུངས་པར་ཡང་ཐོབ་པར་འགྱུར།། རྒྱ་སྐྱེགས་ཤིང་གི་མེ ་དགལ། ། དེ་བཞིན་ཉིན་རེ་མར་གྱི་ཧོམ།། བྱས་ན་ཚེ་དང་ཡིད་གཞུངས་གྲགས།། རྒྱས་དང་སྟོབས་དང་གཟི་བརྗིད་དང་།། དྲན་དང་དགའ་དང་མདངས་བཟང་དང་།། དཔལ་དང་སེམས་པའི་དངོས་གྲུབ ་དག། འཐོབ་པར་འགྱུར་བ་གདོན་མི་ཟ།། དེ་བཞིན་ཟས་རྣམས་ཀུན་བསྲེགས་པས།། གཟི་དང་རྒྱས་དང་སྟོབས་དང་གྲགས།། འདོད་པ་ཐམས་ཅད་ཕུན་སུམ་ཚོགས།། འཐོབ་པར་འགྱུར་བ་གདོན་མི ་། ། ཇི་ལྟར་ཆོ་ག་ཕྱི་མ་ལས།། ཕལ་ཆེར་འཇམ་དབྱངས་ཁྲོ་བོ་ཡི།། པདྨའི་ཞལ་ནས་ངེས་འབྱུང་བ།། དེ་དག་མདོར་བསྡུས་བཤད་པ་ཡིན།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་གཤིན ་རྗེགཤེད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཀུན་གྱི་ཕྱི་མ་ལས། འཕགས་པ་འཇམ་དཔལ་གྱི་ཁྲོ་བོའི་ཆོ་ག་ཞི་པ་མོ་ཕྱི་མ་རིམ་པར་བྱེ་བ་སྟེ་དགུ་པ་རྫོགས་སོ།། ། དེ་ནས་ཆོ་ག་ཐམས་ཅད་ཀྱི། ་ཕྱི་མའི་ཕྱི་མ་ཞེས་བྱ་བ།། སྦྱོར་བར་བཅས་ཤིང་རྒྱས་པ་ཡི།། ཆོ་ག་ད་ནི་བཤད་པར་བྱ།། ཡི་གེ་བཅུ་བདུན་སྔགས་ཀྱི་ནི།། དཔའ་བོ་བརྟུལ་ཞུགས་བཟང་པོ་དང་།། དེ་མཞིན་སྔོན་དུ་བསྟེན ་ལ་སོགས། ། ཆོ་ག་དྲུག་ནི་འདིར་བཤད་ཟིན།། ད་ནི་ཡི་གེ་འབྲུ་གཅིག་པ།། སྔགས་མཆོག་དག་ནི་གང་གསུངས་པ།། དེ་ཡི་ལས་ཀྱི་ཆོ་ག་བཤད།། དཔའ་བོ་བརྟུལ་ཞུགས་མེད་པར་ཡང་། ་འཇམ་པའི་དབྱངས་ཀྱི་ཁྲོ་བོ་གང་།། མིང་ནི་གཤིན་རྗེ་གཤེད་ཅེས་བྱ།། དེ་ཡི་སྙིང་པོ་མཆོག་དེ་ནི།། ཧཱུཾ་ཞེས་བྱ་བའི་ཡི་གེ་གཅིག། ཐོག་མར་ཨོཾ་བཞག་ཆོ་ག་བཞིན།། རི་མོའི་སྤྱན་སྔར་འདུག ་ནས་སུ། ། འདི་ནི་འབུམ་ཕྲག་བཅུར་བཟླས་ན།། དེ་ཡི་འོག་ཏུ་སྒྲུབ་ལ་འཇུག། དེ་ནས་དེ་ཡི་རི་མོ་མཆོག། དོན་རྣམས་ཐམས་ཅད་སྒྲུབ་པ་གཞན།། གང་གིས་དངོས་གྲུབ་རབ་ཐོབ་པ།། ཚུལ ་བཞིན་དུ་ནི་རབ་ཏུ་བཤད། ། རས་ནི་གསར་པ་ཁྲུ་གང་ཙམ།། ལེགས་པར་བཀྲུས་ཤིང་དྲིས་བསྐུས་ལ།། ཚོན་རྩི་བཟང་པོ་སྦྱིན་མེད་པས།། ཁྲོ་བོ་གཤིན་རྗེ་གཤེད་དྲི་བྱ།། ཞལ་ནི་བགྲད་ཅིང ་འཇིགས་པའི་གཟུགས། ། སྨིན་མ་སེར་ཞིང་སྤུ་ཡང་སེར།། ཆར་སྤྲིན་ནག་པོའི་ཁ་དོག་འདྲ།། ཐོད་བདག་གིས་རྒྱན་དུ་བྱས།། སྤྱན་གསུམ་དབུ་ཡང་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མདངས ་ཀྱང་གསལ། ། ཕྱག་གཉིས་པ་ལ་བེ་ཅོན་བསྣམས།། ཕྱག་གཡོན་པས་ནི་བསྡིགས་པར་མཛད།། ཞབས་ཀྱང་རབ་ཏུ་བཟང་པོ་གཉིས།། མ་ཧེ་ལ་ནི་བཅིབས་པར་བྱ།། སྟག་ལྤགས་ན་བཟའ ་མནབས་པར་དགྱེས། ། འཁྲུག་ཅིང་འཇིགས་པའི་གསུང་ཡང་འབྱིན།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། འོད་ཟེར་འབར་བ་བཅས་པའི་སྐུ།། དེ་ནས་དེ་ལ་མཁས་པ་ཡིས།། ་མཆོད་པ་ཡན་ལག་མཆོག་གིས་མཆོད།། སྔགས་པ་བརྟུལ་ཞུགས་བརྟན་པ་ནི།། དེ་ཡི་འོག་ཏུ་བྲག་ཕུག་ཞུགས།། རི་མོའི་སྤྱན་སྔར་འདུག་ནས་སུ།། ཁ་ཟས་ཟབ ་དག་སྤངས་ནས། ། རི་དབང་དེ་ནི་ཇི་ཙམ་དུ།། གཡོ་བར་འགྱུར་གྱི་བར་དུ་བཟླས།། ཡང་ན་ཁྲོ་བོ་གཤིན་རྗེ་གཤེད།། བཞད་དམ་གཡོས་ཀྱི་བར་དུ་བཟླས།། ཡང་ན་རབ་ཏུ་འབར་གྱི་བར།། བཟླས ་ན་དེ་ཚེ་དངོས་གྲུབ་འཐོབ། ། དེ་ལྟར་ལྷ་འདི་བཟླས་པ་ཡི།། དངོས་གྲུབ་ཡ་མཚན་དེ་ཡིན་ནོ།། དེ་ནས་རིག་འཛིན་དཔལ་དང་ལྡན།། གྲུབ་པར་འདོད་རྣམས་ཀུན་བསྒྲུབས་པ།། ཅི་བསམས་པ ་ནི་དེ་དག་ཀུན། ། རིང་པོར་མི་ཐོགས་འབྱོར་པར་འགྱུར།། ཁྲོས་ནས་ཡང་འགས་པར་འགྱུར།། ཆུ་དག་ཀྱང་ནི་སྐམས་པར་འགྱུར།། རི་རྣམས་ཐམས་ཅད་སྙིལ་བར་ནུས།། རྒྱ་མཚོ་དག་ཀྱང ་སྐམས་པར་བྱེད། ། དེ་ལ་སོགས་པའི་ལས་རྣམས་ནི།། ཡ་མཚན་ཆེན་པོ་ཐམས་ཅད་དང་།། སེམས་ཅན་རྣམས་ནི་ཐམས་ཅད་ལ།། ཕན་པ་རྣམ་པ་སྣ་ཚོགས་བྱེད།། ཆོ་ག་སྔ་མ་གསུང ་པ་ཀུན། ། ཆོ་ག་སྔ་མ་བཞིན་དུ་བསྒྲུབ།། བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ།། འབྲས་བུ་མཆོག་རྣམས་སྦྱིན་པར་བྱ།། གྲུབ་པའི་མཐུ་ནི་གང་ཡོད་པ།། བདེར་གཤེགས་བསམས ་ན་དེ་དག་ཀུན། ། འཇུངས་པ་མེད་པའི་བསམ་པ་ཡིས།། སྐྱེ་བོ་འཕོངས་པ་རྣམས་ལ་སྦྱིན།། སྙིང་རྗེ་ཅན་གྱིས་བདག་གི་ལུས།། འའོངས་པ་དག་ལ་རྟག་ཏུ་སྦྱིན།། དེ་ལྟར་སྦྱིན་པའི ་རོལ་ཕྱིན། ། དྲི་མ་མེད་པར་བསྒྲུབས་ནས་སུ།། དགེ་བ་འདི་ཡིས་སེམས་ཅན་ཀུན།། བདེ་བར་གཤེགས་ལྡན་དགེ་བར་འགྱུར།། བདེ་བ་ཐམས་ཅད་ཡོངས་རྫོགས་ཤིང་།། དགེ་བ་ཀུན་གྱི ་སྣོད་གྱུར་ཅེས། ། ཡིད་ཀྱིས་ཡོངས་སུ་བསྔོ་བར་བྱ།། གང་ཞིག་དེ་ལྟར་སྔགས་བསྒྲུབས་ཀྱང་།། དྲི་མ་མེད་པའི་བྱང་ཆུབ་སེམས།། བདེ་བ་རྟག་ཏུ་སྤྱོད་པ་དེ།། དངོས་གྲུབ་རྟོག་ལས ་གང་གསུངས་པ། ། དེ་བཞིན་གཤེགས་པའི་ཞལ་ནས་བྱུང་།། ཐམས་ཅད་དེ་ལ་ཉེ་བར་གནས།། སྒྲུབ་པ་པོ་དེ་རྫུ་འཕྲུལ་གྱི།། ཡོན་ཏན་ཀུན་དང་ལྡན་པར་འགྱུར།། དེ་ལྟར་འཇམ་དཔལ ་ཁྲོ་བོ་ཡི། ། ཞལ་ནས་གསུངས་པའི་ཆོ་ག་ནི།། ཁྲོ་བོ་རྣམ་རྒྱལ་རྒྱ་ཆེར་བསྟན།། ཆོ་ག་ཐམས་ཅད་བསྡུས་པའོ།། འཇམ་དཔལ་གྱི་ཆོ་ག་ཞིབ་མོ་ཁྲོ་བོ་ཐམས་ཅད་རྣམ་པར་རྒྱལ་བའི་ཆོ་ག ་ཞིབ་མོ་བསྡུས་པ་ལས། ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཆོ་ག་ཞིང་མོ་ཕྱི་མའི་ཡང་ཕྱི་མ་རིམ་པར་ཕྱེ་བ་སྟེ་བཅུ་པ་རྫོགས་སོ།། ། འཇམ་པའི་དབྱངས ་ཀྱི་ཁྲོ་བོ་ཡི། ། ཡི་གེ་གཅིག་པ་བཤད་ཟིན་ཏེ།། དེ་ནས་གཞན་ཡང་དེ་ཡི་ནི།། ཆོ་ག་ཞིབ་ཏུ་རྒྱ་ཆེར་བཤད།། གཤིན་རྗེ་རབ་ཏུ་འཇོམས་པ་ཡི།། ཞལ་ནི་ཧཱུཾ་ཞེས་བྱ་བར་བཤད།། དེ་ནས ་འཇམ་དཔལ་ཁྲོ་བོ་ནི། ། ཧཱུཾ་ཞེས་བྱ་བ་མཆོག་རིག་བྱ།། དེ་ཡི་དཀྱིལ་འཁོར་གཞན་ཡིན་ཏེ།། འདོད་པ་ཀུན་སྦྱིན་ཤེས་པར་བྱ།། དུར་ཁྲོད་གནས་སུ་བྱ་བ་སྟེ།། དུར་ཁྲོད་གནས་པ་གང་ཡིན ་པའོ། ། ཁྲུ་བརྒྱད་ལས་ནི་སྒོ་བཞི་པ།། ཡང་ན་ཁྲུ་བཞི་པ་ཡང་རུང་།། དུར་ཁྲོད་གནས་པ་བཟང་པོ་སྟེ།། དུར་ཁྲོད་ཐལ་བས་བྲི་བར་བྱ།། དེ་ཡི་བུས་སུ་ཡི་དགས་ནི།། འཕྲེང ་བདག་གིས་བརྒྱན་པ་བྲི། ། སྒོར་ནི་ཡིད་གས་རོ་སྤྲད་གཞག། མཐའ་མདག་ཏུ་མགོ་བོ་གཞག། གྲཝ་བཞིར་ཤུལ་བཞི་རྣམས་དང་།། ཐོད་པ་དག་ཀྱང་བྲི་བར་བྱ།། གལ་ཏེ་བྲི་བར་ནུས་ན་ནི། ་མཁས་པས་དེ་དག་ཐལ་བས་བྲི།། དེ་སྟེ་དེ་དག་རི་མོ་ནི།། བྲི་བ་དག་ཏུ་མི་ནུས་ན།། དེ་ཚེ་ས་གཞི་བཟང་པོ་ལ།། ཙན་དན་དམར་པོས་བསྐུས་ནས་སུ།། དུར་ཁྲོད་གནས་སུ་དང་པོར་ནི།། སྔགས ་པས་ཡི་གེ་དགོད་པར་བྱ། ། དེ་ནས་གཤིན་རྗེ་རབ་འཇོམས་པ།། དེ་རུ་སྤྱན་དྲངས་མཆོད་པར་བྱ།། འཇིགས་པའི་ཞལ་ནི་འབར་བ་དྲུག། དེ་བཞིན་ཞབས་ཀྱང་དྲུག་དང་ལྡན།། སྤྱན་གསུམ ་ཆར་སྤྲིན་སྔོན་པོའི་མདོག། ཕྱག་ཀྱང་བཅོ་བརྒྱད་དག་གིས་བརྒྱན།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ།། གཟིག་ལྤགས་ན་བཟླར་གསོལ་བར་དགྱེས།། མཚོན་ཆ་བཟང་པོ་དུམ་བསྣམས།། ་ཡི་དགས་སྟེང་དུ་མཆོད་པ་བྱ།། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད།། ཆོ་ག་བཞིན་དུ་མཆོད་ནས་ཀྱང་།། མར་དང་སྦྲང་རྩི་སྦྱར་བ་ཡི།། འོ་མ་འབྲས་ཐུག་གཏོར་མར་དབུལ།། ཨ་ཀ་རུ་ཡི ་བདུག་པ་དངུལ། ། མར་མེ་དག་ནི་མར་ལས་བྱ།། དེ་ནས་གཤིན་རྗེ་རབ་འཇོམས་པའི།། ས་བོན་ཡི་གེ་གཅིག་པ་འདི།། ཁྲོ་བོའི་རྒྱན་སྔར་འདུག་ནས་སུ།། སྟོང་རྩ་བརྒྱད་དུ་བཟླས་པར་བྱ ་དེ་ཡི་འོག་ཏུ་མཁས་པ་ཡིས། ། དུར་ཁྲོད་གནས་སུ་སློབ་མ་གཟུང་།། ཁྲོ་བོ་གཤིན་རྗེ་གཤེད་བྱེད་པ།། ཧཱུཾ་གི་ཞལ་ནི་ཟློས་ཤིང་གཟུང་།། བཙུན་ནས་དེ་ཡི་སྙིང་བར་ནི།། ཧཱུཾ་ཞེས་བྱ་བ་གཞག ་པར་བྱ། ། དེ་ནས་ཤུ་ལའི་ཕྱག་རྒྱ་ནི།། རས་ཀྱིས་གཡོགས་ཏེ་བཅིང་བར་བྱ།། སློབ་མ་དག་ལ་ལེགས་བསྟན་ནས།། དེ་ཡང་མཆོད་པ་བྱེད་དུ་གཞུག། དེ་ནས་གཤིན་རྗེ་རབ་འཇོམས་པའི།། ་ཁྲོ་བོ་མངོན་པར་དབང་བསྐུར་ནས།། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད།། དེ་ཡི་ཡི་གེ་འབྲུ་གཅིག་སྦྱིན།། དེ་ནས་མཆོད་པ་ཡང་བྱས་ནས།། ཁྲོ་བོ་དེ་ནི་གཤེགས་སུ་གསོལ།། ཤུལ་ཕྱག ་རྒྱ་བཅིངས་ནས་སུ། ། དེ་བཞིན་རྟག་པར་གཤེགས་སུ་གསོལ།། ཁྲོ་བོ་སྤྱན་ནི་དྲང་བ་དག། ཤུ་ལའི་ཕྱག་རྒྱ་ལྡན་པར་བྱ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས།། ཤུལ་རབ་ཏུ་བསྟན ་པར་བྱ། ། མཁས་པས་ལག་པ་གཉིས་དག་གིས།། སོར་མོ་ཕན་ཚུན་བསྣོལ་ནས་སུ།། གུང་མོའི་སོར་མོ་མཆོག་གཉིས་ནི།། དབུས་ནས་གྱེན་དུ་བསྒྲེང་ནས་གཞག། སྲིན་ལག་གཉིས་ནི་ནང་དུ ་བཅུག། མཛུབ་མོ་གཉིས་ཀྱི་ནང་དུ་གཞག། དེ་ལྟར་དེ་གཉིས་བསྒྲེང་ནས་ནི།། ལྷག་མ་རྣམས་ནི་ལེགས་པར་བྱ།། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་འདི། ཤུ་ལའི་ཕྱག་རྒྱ་ཞེས་གྲགས་པའོ།། ་འདི་ཡི་ལས་རྣམས་ཐམས་ཅད་ནི།། རྣམ་པར་དཔྱད་པ་མེད་པར་བྱ།། དེ་ནས་གཞན་ཡང་རིམ་པ་བཞིན།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། སྔགས་རྣམས་ཐམས་ཅད་མ་ལུས་པ།། དཀྱིས ་འཁོར་འདིར་ནི་སྨྲ་བར་བྱ། ། མོ་ཧཱུ~ཾཿ། དབུས་ཀྱི་ཡི་དགས་ཀྱིའོ།། མོ་ཧཱུ~ཾ་ལཾ་ལཱ་ཧཱ། ཡི་དགས་འཕྲེང་བའོ།། མོ་ཧཱུ་ཛི་ཏྲ།། ཡི་དགས་རོ་སྨད་དེ་སྒོ་བཞི་ཆར་དུའོ།། ཨོཾ་ཧཱུ~ཾཿ ་འོག་སྟེ་ཐ་མར་རོ། ། ཨོཾ་ཧཱུཾ་གྣིཥྚི། ཁ་ཤཱུལ་བཞི་ཅར་གྱིའོ།། མོཾ་ཧཱུ~ཾ་ཧྲི་ཧཿ། ཐོད་པ་རྣམས་ཀྱིའོ།། ལྷོ་ཕྱོགས་ཀྱི་ནི་སྒོ་དྲི་ནས།། ལྷག་མ་གཞན་ནི་གཅད་པར་བྱ།། དུར་ཁྲོད་གནས་སུ་རྟག་པ་རུ། ་གཤིན་རྗེར་ཏུ་འཇོམས་པར་ནི།། སྔགས་རྣམས་ཀྱིས་ནི་རབ་བརྒྱན་ན།། དུར་ཁྲོད་ཀྱི་ནི་གནས་སུ་འགྱུར།། ཙན་དན་དམར་པོས་བསྐུས་པ་ཡི།། ས་གཞི་ཁྲུ་གང་ཙམ་ལ་ནི།། ཇི་ལྟ་བུར་ཡང་གང་ཡང ་རུང་། ། དཀྱིལ་འཁོར་དག་ནི་བྲིས་ནས་སུ།། དཀྱིལ་ནས་ཆོ་ག་ཤེས་པ་ཡིས།། སྔགས་ཀྱིས་མཆོད་པ་རིམ་བཞིན་བྱ།། ཨོཾ་ཧཱུཾ་ཧྲིཿཥྚྲཱིཿཱ་གཙྪ་ཡ་ཡཾ་པྲ་ཐ་ན་སྭཱ་ཧཱ། སྤྱན་དྲངས་པའོ།། ཨོཾ་ཧཱུཾ་ཧྲཱི་ཀཱ་ལཾ་ཐཱ་ན་ཧ ་མཆོད་ཡོན་གྱི་སྔགས་སོ། ། ཨོཾ་ཧཱུཾ་ཧྲཱིཿཥྚྲཱིཿཁུ་ཁ། དྲིའི་སྔགས་སོ།། ཙེ་རྨུནྡུརྦྷུ་རྨྨཱ་རྨྨ་ཧཱུཾ། ཀ་ར་ལ་རན་ཧྱ་ཧང་། མེ་ཏོག་གི་སྔགས་སོ།། མོ་ཧཱུ~ཾ་ཧྲི། རྩུབ་ཤི་ཥ་གྷྲ། བདུག་པའི་སྔགས་སོ།། ་། ཛྭཛྲཛཱི་ཧྣ། མར་མེའི་སྔགས་སོ།། མོ་ཧཱུཾ་ཧཱུཾ་ཧཱུཾ་བྷཱུ་ཧཱུཾ་ཧཱུཾ་ཧཱུཾ། ཁད་ཀ་ཁ། གཏོར་མའི་སྔགས་སོ།། ཨོཾ་ཧཱུཾ་སྭཱ་ཧཱ། ཁྲོ་བོའི་སྙིང་པོའོ།། ཨོཾ་ཧཱུཾ་ཧྲིཿདྷཱིཿགཙྪ་ཧཱུཾ་པུ་ནཱ་རཱ་ག་མ་ནཱ་ཡ་སྭཱ་ཧཱ། སླར་གཤེགས ་སུ་གསོལ་བའི་སྔགས་སོ། ། འཇམ་དཔལ་གྱི་ཆོ་ག་རྩ་བཞི་བ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་རྒྱལ་པོའི་དཀྱིལ་འཁོར་བཀོད ་པའི་རིམ་པར་ཕྱེ་སྟེ་བཅུ་གཅིག་པའོ། ། དེ་ནས་དེ་ཡི་རི་མོ་མཆོག། སྒྲུབ་པ་པོ་ཡིས་བྲི་བར་བྱ།། ཇི་སྐད་གསུངས་པའི་ལས་རྣམས་བྱའི།། བཟླས་པའི་ལས་ནི་རབ་ཏུ་བྱ། ་རས་ཕྲན་ཁྲུ་གང་ཙམ་པོ་ནི།། བཟང་པོ་གསར་པ་བཀྲུས་པ་ལ།། ཚོན་རྩི་དཀར་པོ་སྦྱིན་མེད་པས།། གཤིན་རྗེ་རབ་ཏུ་འཇོམས་པ་བྲི།། ཞལ་དྲུག་དབུ་ཡང་གྱེན་དུ་བརྗེས།། དེ་ཡང་སྤྱན་གསུམ ་འཇིགས་འཇིགས་ལྟར། ། ཁྲོས་པའི་ཕྱག་ཀྱང་བཅོ་བརྒྱད་པ།། ཞབས་རྣམས་རབ་ཏུ་གསལ་བ་དྲུག། གཟིག་གི་པགས་པ་ན་བཟར་གསོལ།། ཚུལ་བཞིན་ཡི་དགས་སྟེང་ན་བཞུགས།། ཤུ ་ལ་རལ་གྲི་འཁོར་ལོ་དང་། ། དགྲ་སྟ་མཆོག་ཀྱང་སྦྱིན་པའི་ཕྱག། ལྕགས་མདའ་བེ་ཅོན་རྡོ་རྗེ་དང་།། མདའ་བོ་ཆེ་ཡང་བསྣམས་པ་ནི།། གཡས་པའི་ཕྱག་སྟེ་གཡོན་པ་ན།། དབྱུག་ཏོ་ཞགས་པ་གཤོལ ་དང་གཞུ། ། ཐོད་པ་ལྕགས་ཀྱུ་མདུང་ཐུང་དང་།། རྩེ་གསུམ་གདེངས་དང་དེ་བཞིན་བསྡིགས།། དེ་ལྟར་ཇི་སྐད་གསུངས་པའི་གཟུགས།། བུང་བ་དང་ནི་སྤྲིན་འདྲ་བ།། བྲིས་ནས་དེ་ཡང་ལེགས་པར ་སྦ། ཡིད་དུ་འོང་བའི་གནས་དག་ཏུ།། བཞག་ནས་བཟླས་པ་དག་ཀྱང་བྱ།། བཟླས་པའི་ཆོ་ག་འདིར་བཤད་དོ།། རིག་པ་འཛིན་པས་རྟག་པ་རུ།། འབར་བའི་སྔགས་ཀྱིས་ཁྲུས་བྱའོ།། ་བདུད་རྩི་འབྱུང་བའི་སྔགས་ཀྱིས་ནི།། ཐོག་མར་ཚུལ་བཞིན་ཁ་བཀྲུས་ནས།། བདག་གི་ལུས་ལ་སྔགས་ཤེས་པས།། དེ་ནས་བསྲུང་བ་ལེགས་པར་བྱ།། དེ་ཡི་འོག་ཏུ་ཆོ་ག་བཞིན།། མཁས ་པས་ཁྲོ་བོའི་ཁའ་པར་འཇུག། ཞུགས་ནས་ཀུ་ཤ་ལས་བྱས་པའི།། སྟན་བཟང་དེ་ལ་འདུག་ནས་སུ།། དེ་ནས་ཆོ་ག་སྔོན་གསུངས་པས།། ཁྲོ་བོ་ལ་ནི་མཆོད ་པར་བྱ། ། ལག་པ་གཉིས་ནི་དྲིས་བསྐུས་པས།། སྔགས་ཀྱི་ནོར་བུ་བླངས་ནས་སུ།། ཉེས་པའི་སྐྱོན་དག་སྦྱང་བའི་ཕྱིར།། ཁྲོ་བོ་བདུད་རྩི་ལན་བདུན་བཟླས།། དེ་ནས་སྔགས་པས་ཁྲོ་བོ་ལ།། ་མངོན་པར་ཕྱོགས་འདུག་བཟླས་པར་བྱ།། རབ་ཏུ་དང་ཞིང་རྩེ་གཅིག་ཡིད།། ཡིད་ནི་མི་སྐྱོ་བར་དུ་བྱ།། དེ་ནས་མཁས་པས་བཟླས་པའི་མཐར།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ།། ཤཱུ་ལའི ་ཕྱག་རྒྱ་བཅིངས་གཤེགས་གསོལ། ། དེ་ལྟར་ལེགས་པར་ཉིན་རེ་བཞིན།། ཡི་གེ་གཅིག་པའི་སྔགས་འདི་ནི།། རྣམ་པ་ཀུན་ཏུ་ཆོ་ག་བཞིན།། གང་ཞིག་བྱེ་བ་གཅིག་ཟློས་པ།། དེ་ཡི་དངོས ་གྲུབ་དམ་པ་འཐོབ། ། དེ་ནས་གཞན་ཡང་ཅི་བསྟན་པའི།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། ཆོ་ག་དག་གི་སྔགས་རྣམས་ནི།། སྒྲུབ་པ་རྣམས་ལ་ཕན་ཕྱིར་བཤད།། ཨོཾ་ཧཱུཾ་དཱིཔྟ་ཏེ་ཛ་སྭཱ་ཧཱ། ཁྲུས ་ཀྱི་སྔགས་སོ། ། ཨོཾ་ཧཱུཾ་ས་མྲྀ་ཏ་པྲ་བ་དཾ་བ། ཁ་བཀྲུ་བའི་སྔགས་སོ།། ཨོཾ་ཧཱུཾ་ས་སརྦ་ཧོ་རཀྵ་མནྟ་ཏ་ཐཱ་ག་ཏོ་ཛྙཱན་པ་ཡ་ཏི་སྭཱཧཱ། བསྲུང་བའི་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཧཱུཾ་མནྟྲ་བྷེ ་ཛྙཱ་ན་ཡ་སརྦ་དུཥྚ~ཾ་བན་དྷ་བན་དྷ་སྭཱཧཱ། གདུག་པ་རྣམས་བཅིང་བའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཧཱུཾ་དྷྲི་ཀ་པྲ་ཀཱ་ར~ཾ་ཕཊ། ར་ངའི་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿདྷཱུ་དྷཱུ་ཏྲཱུཾ་ནྡུ་རྦྷུ་ཧཱུ~ཾ། ཡིམ ་བྲམ་ཧཱན་རཀྵ་རཀྵ། ན་མཿསརྦ་བྷུ་ཏཿཡེ་བྷྱཿཏ་ཐཱ་ག་ཏོཛྙཱན་པ་ཡ་ཏི་སྭཱཿ། འདི་ནི་ཡན་ལག་ཐམས་ཅད་སྲུང་བའོ།། མོ་ཧཱུཾ་ཀཱ་ལ་མཐུན་ཕཊ། ཁྲོ་བོའི་ཁང་པར་འཇུག་པའི་སྔགས་སོ།། ཨོཾ་དྷ་ར ་རཀྵ་མ་སྭཱ་ཧཱ། གདན་གྱི་སྔགས་སོ།། ཨོཾ་ཧཱུཾ་སི་ཏིདཙྪ་ཛཱ་ཛྫ། སྔགས་ཀྱི་ནོར་བུ་བླང་བའི་སྔགས་སོ།། ཨོཾ་ཧཱུཾ་ཀྲོ་དྷ་ཨ་མྲྀ་ཏ་ཛ་གད་པྲ་བ་སྭཱཧཱ། སྔགས་ཀྱི་ནོར་བུ་ལ་གདབ་པའི་སྔགས་སོ།། ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་གཅིག་པའི་རི་མོ་དང་། མཆོད་པ་དང་། བཟླས་པའི་ཆོ་ག་རིམ་པར ་བྱེ་བ་སྟེ་བཅུ་གཉིས་པའོ། ། །། དེ་ཡི་སྔོན་དུ་བསྙེན་པ་ནི།། བྱེ་བ་གཅིག་ཏུ་ངེས་པར་བཤད།། ཁྲོ་བོ་བརྟུལ་ཞུགས་ཕྱིས་སྤྱད་ན།། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར།། ་ཤིང་ལས་བྱས་པའི་ཐོད་པ་ནི།། ཉི་ཤུ་རྩ་དྲུག་སོར་ཚད་བྱས།། མཁས་པས་རྩེ་གསུམ་རྣོན་པོ་ནི།། ལག་པ་གཡས་དང་གཡོན་དུ་བཟུང་།། གཟིག་ལྗགས་ཀྱི་ནི་གོས་བགོས་ནས།། ་ལུས་ནི་ཐལ་བ་དག་གིས་བསྐུ།། རུས་པ་དག་གི་འཕྲེང་བ་ཡིས།། རྒྱན་དུ་བྱས་ནས་བརྟུལ་ཞུགས་སྤྱད།། འཇིག་རྟེན་འཇིགས་པར་བྱེད་པ་ཡི།། གད་མོ་སྒྲ་ཆེན་དག་ཀྱང་འབྱིན།། དུར་ཁྲོད ་དམ་ནི་ཤིང་གཅིག་གམ། ། རི་འམ་ཡང་ན་ཚལ་ཡང་རུང་།། མཁས་པས་ཟླ་བ་དྲུག་ཏུ་ནི།། ལྕི་བ་བཟའ་ཞིང་བརྟུལ་ཞུགས་སྤྱད།། བློ་ལྡན་གྲོང་དུ་ཡོང་མི་འཇུག། མཉམ་པར་བཞག་ཅིང ་ཚིག་མི་སྒྲ། ། གཙང་ཞིང་ཚངས་པར་སྤྱད་བདུལ།། རྟག་ཏུ་བདེ་གཤེགས་སེམས་དང་ལྡན།། བྱང་ཆུབ་སེམས་དང་ཀུན་ལྡན་ཞིང་།། ཁྲོ་བོ་བརྟུལ་ཞུགས་པང ་སྤྱོད་ཅིང་། ། རྟག་ཏུ་བཟླས་ལ་བརྩོན་བྱེད་པ།། དེ་ནི་དངོས་གྲུབ་མཆོག་ཐོབ་འགྱུར།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། དངོས་གྲུབ་གཞན་དུ་ཡོང་མི་འགྱུར།། གང་ཚེ་འདི་ཡི་རྟུལ ་ཞུགས་ནི། ། བསྙེན་པར་བྱ་བར་མི་ནུས་ན།། དེ་ཚེ་ལྕི་བ་བཞིང་ནི།། ཚུལ་བཞིན་བྱེ་བ་གསུམ་དུ་བཟླས།། བཟླས་པ་བྱས་པའི་ཐ་མར་ཡང་།། མཁས་པས་མཆོད་པ་རྒྱ་ཆེར་བྱ།། ་དེ་ནས་སྣ་མའི་མེ་ཏོག་སྟོང་།། རི་མོ་དག་ལ་ཕོག་པར་དབུལ།། རིག་པ་འཛིན་པས་ལེགས་པ་རུ།། དེ་ཡིས་ཕོག་པར་ཕུལ་ནུས་ནི།། གང་ཚེ་རབ་ཏུ་འ་བར་གྱུར་པ།། དེ་ཚེར་མོ ་ཡིས་ནི། ། ནམ་མཁར་འཕྲར་བར་གདོན་མིཟླ།། དེ་ནས་རིག་འཛིན་ཐམས་ཅད་ཀྱི།། མཆོག་ཏུ་འགྱུར་ཏེ་ཐོག་མར་འགྲོ།། འོན་ཏེ་ཕོག་པར་ཕུལ་ན་ནི།། རབ་ཏུ་གཡོ་བར་གྱུར་ན་ནི། ་ཆོག་ཞི་བ་ལས་བཤད་པ་བཞིན།། དེ་ལ་དངོས་གྲུབ་འབྲིང་དུ་འགྱུར།། དེ་སྟེ་རབ་ཏུ་མི་གཡོ་བར།། རི་མོ་རང་བཞིན་དུ་འདུག་ལ།། དངོས་གྲུབ་ཐ་མ་ཐོབ་པར་འགྱུར།། ཇི་ལྟར་འབྲས ་བུ་རྣམ་གསུམ་བཤད། ། ལུས་ནི་ཉོན་མོངས་སྤྱད་པ་ལས།། དངོས་གྲུབ་རྣམ་གསུམ་འཐོབ་པར་འགྱུར།། བརྟུལ་ཞུགས་སྤུང་ལ་རབ་ཏུ་འབད།། ཡང་ན་ཆུ་ཡི་ཀྲུང་དག་བཟའ།། ཅིས ་མ་ཆགས་ཕྱུགས་གཅིན་བཏུང་། ། བྱང་ཆུབ་སེམས་དང་ཀུན་ལྡན་ན།། དེ་ཚེ་དངོས་གྲུབ་དམ་པ་འཐོབ།། རིག་པའི་མཆོག་ཀུན་བསྒྲུབས་པ་ལ།། དངོས་གྲུབ་མཆོག་དང་འབྲིང་རྣམས་དང་།། ཐ ་མདག་ནི་སྒྲུབ་པའི་ཕྱིར། ། འདི་དག་སྤྱིར་ནི་སྒྲུབ་བསྟན་ཡིན།། གང་ཚེ་དངོས་གྲུབ་མཆོག་རྣམས་དང་།། འབྲིང་ཡང་གལ་ཏེ་མི་འདོད་ལ།། ལོངས་སྤྱོད་རྟག་ཏུ་འདོད་ན་ནི།། དེ་ཚེ་རྟག་པར་བཟླས་པར ་བྱ། ། འདི་ཡི་ཆོ་ག་གཞན་དག་ཀྱང་།། དེ་ནས་མདོར་ནི་བཤད་པར་བྱ།། ས་གཞི་རབ་ཏུ་མདངས་དགའ་བ།། ལྕིང་བཟང་པོས་བསྐུས་པ་ལ།། དེར་ནི་ཙན་དན་དམར་པོ་ཡི།། དཀྱིལ་འཁོར་དག་ནི ་མཁས་པས་བྱ། ། དེ་ཡང་བཟང་པོ་ཁྲུ་གང་ཙམ།། རབ་ཏུ་མཉམ་ཞིང་ཡིད་དུ་འོང་།། གཤིན་རྗེ་རབ་ཏུ་འཇོམས་པའི་གང་།། དཀྱིལ་འཁོར་དུར་ཁྲོད་གནས་གསུངས་པ།། དེ་ནས་དེར་ནི་སྔགས ་དག་གིས། ། དཀྱིལ་འཁོར་མཆོག་དེ་བྱས་ནས་ནི།། དེ་ཡི་འོག་ཏུ་སྔགས་རིག་པས།། ཇི་སྐད་གསུངས་པའི་ལས་དག་གིས།། ཅི་འབྱོར་པ་དང་ཅི་ནུས་ཀྱིས།། ཁྲོ་བོ་ལ་ནི་མཆོད་པར་བྱ།། ་ཉི་མ་རེ་རེ་ཆོ་ག་བཞིན།། བཟླས་པ་དག་ཀྱང་སོང་དུ་བྱ།། དེ་ལྟར་རྟག་ཏུ་བྱས་པ་ཡིས།། འདོད་པའི་འབྲས་བུ་ཐོབ་པར་འགྱུར།། འཇིག་རྟེན་ཐམས་ཅ་དགའ་བར་ཡང་།། གདོན་མི་ཟ་བར་འགྲུབ་པར ་འགྱུར། ། དེ་ཡིད་དགྲ་ཡང་མེད་པར་འགྱུར།། ནད་མེད་པར་ནི་གདོན་མི་ཟ།། དེ་ཡི་ལོངས་སྤྱོད་འཕེལ་བར་འགྱུར།། རྒྱལ་པོའང་དེ་ཡི་དབང་དུ་འགྱུར།། གང་ཞིག་རྟག་པར་ཆོ་ག་འདིས།། ་གཤིན་རྗེ་གཤེད་ནི་བློས་བྱེད་ན།། དེ་ལས་དེ་ཡི་དབང་པོ་དང་།། གཡོ་དང་མི་གཡོ་འཇིག་རྟེན་རྣམས།། བྱང་ཆུབ་སེམས་ལྡན་དེ་ཡི་ནི།། དབང་དུ་འགྱུར་བ་གདོན་མི་ཟ། ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་བརྟུལ་ཞུགས་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། ་། དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས།། སྒྲུབ་པའི་ལས་རྣམས་བཤད་པར་བྱ།། དངོས་གྲུབ་མཆོག་རྣམས་ཐམས་ཅད་ནི།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། བརྟུལ ་ཞུགས་དག་ནི་འདི་ཉིད་ཀྱིས། ། རྣམ་པ་ཀུན་ཏུ་བསྒྲུབ་པར་བྱ།། ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི།། བརྟུལ་ཞུགས་མེད་པས་མི་འགྲུབ་སྟེ།། དེ་བས་གཤིན་རྗེ་འཇོམས་པ་ཡི།། བརྟུལ ་ཞུགས་སྤྱད་པ་བྱས་ནས་སུ། ། དངོས་གྲུབ་མཆོག་རྣམས་ལེགས་པར་བསྒྲུབ།། མཁས་པས་གཞན་ལམ་ཡིན་ནོ།། ཇི་སྐད་བསྟན་པའི་མཚོན་ཆ་རྣམས།། རྩ་བའི་རྟོག་པའི་ཆོ་ག་བཞིན། ་སྔགས་རིག་སྦྱོར་བ་སྔ་མ་བཞིན།། དེ་དག་རྟག་ཏུ་ལེགས་པར་བསྒྲུབ།། དེ་ལ་འདིར་ནི་རྟོག་པ་རུ།། དུར་ཁྲོད་གནས་པའི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་རབ་སྦྱིན་པ།། བྱེ་བྲག ་ཏུ་ནི་ལོགས་ཤིག་གསུངས། ། རལ་གྲིས་འོག་རོ་ལངས་དང་།། མིག་འཕྲུལ་ཨནྡ་གི་ལུ་ཐང་དང་།། ཡུང་ཀར་བ་བླ་བཙག་རྣམས་དང་།། གཞན་ཡང་ལས་དག་ཅི་འདོད་དང་།། མི་སྣང་བ་དང ་། རྐང་མགྱོགས་དང་།། གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། གནོད་སྦྱིན་མོ་རྣམས་བསྒྲུབ་པ་དང་།། ཀླུ་ཡི་བུ་མོ་ལ་སོགས་བསྒྲུབ།། དགུག་པའི་ཆོ་ག་དམ་པ་ཡིས།། བུད་མེད་དམ་པ་སྤྱད ་བསྒྲུབ་པ། ། རྩ་བའི་རྟོག་པའི་ཆོ་ག་ཡིས།། ཚུལ་བཞིན་གནས་ནས་བསྒྲུབ་པར་བྱ།། དེ་ལས་འདི་ནི་ཁྲོ་བོ་འདི།། ཡི་གེ་འབྲུ་གཅིག་ཁྱད་པར་བཤད།། དེ་ནས་ཇི་སྐད་གསུངས་བསྟན་ཀུན། ་མ་སྨོས་པ་ཡང་བསྒྲུབ་པར་བྱ།། འཇམ་དཔལ་ཁྲོ་བོའི་སྙིང་པོ་འདི།། ཧཱུ~ཾ་ཞེས་བྱ་བ་རྒྱས་པ་སྟེ།། འདི་ནི་རྩ་བའི་ཆོ་ག་ཡིན།། བསྡུ་བ་ཡོངས་སུ་བསྒྲུབས་པའོ།། འཇམ་དཔལ་གྱི་རྩ་བའི་ཆོ ་གཞི་བ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྩ་བའི་ཆོ་ག་ཞིང་མོ་བསྡུས་པ་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། ། རྟོག་པ་མདོ་རུ ་བསྡུས་པ་དང་། ། རྒྱས་པ་དག་ཏུ་བཤད་པ་དང་།། བརྟུལ་ཞུགས་དང་ནི་ངེས་པ་ཡིས།། དེ་ནས་ཁྲོ་བོ་གཟི་ཅན་གྱི།། ཞལ་དྲུག་ཧཱུ~ཾ་ཞེས་བྱ་བའི་སྔགས།། བཟླས་པ་ཙམ་གྱིས་གྲུབ ་པ་ནི། ། གསང་བ་མདོ་རུ་བཤད་པར་བྱ།། བརྟུལ་ཞུགས་སྤྱད་དང་བརྟུལ་ཞུགས་དཀའ།། དེ་དག་འདི་ལ་ཡོད་མེད་དེ།། ལན་ཅིག་བཟླས་པ་ཙམ་གྱིས་ཀྱང་།། ལས་རྣམས་ཐམས་ཅད ་བྱེད་པར་འགྱུར། ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཡ་མ་པྲ་མ་ཐཱ་རཀྵ་མཱཾ་སརྦ་བྷུཏ་བྷ་ཡེ་བྷྱཿ། ཏ་ཐཱ་ག་ཏོ་ཛྙཱ་ན་པ་ཡ་ཏི་སྭཱ་ཧཱ། ཡི་གེ་བཞི་བཅུ་རྩ་གསུམ་འདི།། ཁྲོ་བོ་བསྒྲགས་པ ་ཙམ་གྱིས་འགྲུབ། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར།། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། དེ་ནི་རྟག་པར་བཟླས་ན་ནི།། དངོས་གྲུབ་ཐམས་ཅད་སྟེར་བར་བཤད། ་དུར་ཁྲོད་གནས་སུ་རྟག་པར་ནི།། རྟག་ཏུ་ཟློས་པ་ཆོ་ག་འདིས།། ལྷ་དང་ལྷ་མིན་དྲི་ཟ་དང་།། གནོད་སྦྱིན་སྲིན་པོ་ཀླུ་ཡི་རིགས།། དཔག་ཚད་བདུན་ནི་ཁོར་ཡུག་ཏུ།། དེ་ཡི་གཟིས་ནི་འབྱེར་བར ་འགྱུར། ། ཁྲོ་བོ་གཤིན་རྗེ་གཤེད་མཛད་པ།། ཞལ་དྲུག་ཧཱུཾ་གི་སྔགས་འདི་ནི།། གང་ཞིག་སྨོས་པ་བྱེད་པ་ནི།། འགྲོ་དང་མི་འགྲོ་འཇིག་རྟེན་ན།། དེ་ལ་དཀའ་བ་ཅུང་ཟད་མེད།། ཞལ་དྲུག་ཧཱུཾ ་ཞེས་བྱ་བའི་སྔགས། ། ཤཱུ་ལ་ཕྱག་རྒྱ་ལྡན་པ་ནི།། ཁྲོ་བོ་རྣམ་རྒྱལ་རྒྱུད་འདི་ལ།། དེ་ནི་གྲུབ་པར་རབ་ཏུ་བསྒྲགས།། དུར་ཁྲོད་གནས་སུ་ཆོ་ག་བཞིན།། དེ་ཡི་སྔོན་དུ་བསྙེན་པ་ནི།། ཐོག་མ་ཉིད ་དུ་ཚིག་འབུམ་བྱ། ། དེ་ནས་རྟག་པའི་ཆོ་གར་སྤྱད།། རྟག་པར་སྤྱོད་པའི་ཆོ་ག་ཡིས།། དེ་ནས་ཚིག་འབུམ་བཟླས་ནས་ཀྱང་།། དེ་འོག་ཇི་སྐད་གསུངས་པ་ཡི།། ལས་རྣམས་ཀྱིས་ནི་སྒྲུབ་ལ་འཇུག ་རྫ་བའི་རྟོག་པའི་ཆོ་ག་ཡིས། ། དེ་ནས་ཐམས་ཅད་ལས་གྲུབ་པར།། ཞལ་དྲུག་ཧཱུཾ་ཞེས་བྱ་བ་ཡི།། ཆོ་ག་འདིར་ནི་མདོར་བཤད་པ།། འཇམ་དཔལ་ལས་བྱུང་ཁྲོ་བོ་ནི།། ཧཱུཾ་ཞེས་བྱ་བའི་ཞལ་ཉིད ་ཡིན། ། གཤིན་རྗེ་གཤེད་ཅེས་བྱ་བར་གྲགས།། འདི་ལ་དཀའ་བའང་ཅི་ཡང་མེད།། ཁྲོ་བོ་ཞལ་ནས་མདོ་རུ་ནི།། ཆོ་ག་བཟང་པོ་ཅི་གསུངས་པའི།། ཆོ་ག་དེ་བཞིན་བདག་གིས་བཤད།། ་ཨལ་དྲུག་ཧཱུཾ་ཞེས་བྱ་བ་འདིས།། ཧཱུཾ་ཞེས་བྱ་བ་དྲུག་ཏུ་བསྒྲགས།། དེ་བཞིན་གཞན་ཡང་རྟོག་པ་རུ།། ཧཱུཾ་གི་མཐའ་ནི་བསྐུལ་བར་བྱ།། ཧཱུཾ་ཏྲཾ་ཤཱུ་ལའི་ཕྱག་རྒྱར་ལྡན།། རི་རྣམས་ཀུན་ཀྱང་འགས ་པར་བྱེད། ། པུཾ་ཏྲི་རབ་ཏུ་སྦྱར་ན་ནི།། མྱུར་དུ་རས་ཀྱང་གས་པར་འགྱུར།། ཧཱུ~ཾ་ཚིག་རིག་སྔགས་ཐམས་ཅད་དང་།། མཚོན་ཆ་རྣམས་ནི་གཅོད་པར་བཤད།། ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར།། ་ཧཱུཾ་ཁ་རྟག་པར་རབ་སྦྱར་ནས།། སྡང་བ་རྣམས་ནི་ཟ་བ་དང་།། དགྲ་ཡི་དཔུང་དག་རབ་ཏུ་འཇིག། ཧཱུཾ་ག་རབ་ཏུ་སྦྱར་ན་ནི།། གླང་པོ་གནོན་པ་རབ་ཏུ་བསྒྲགས།། ཧཱུཾ་ཐ་མཚོན་ཆ་ཀུན་འཕེལ ་ཆེ། ། ལྷ་དང་ལྷ་མིན་འཇིགས་པར་བྱེད།། ཧཱུཾ་ཧ་དཔུང་རྣམས་འཇིགས་པ་དང་།། རྨོངས་པར་བྱེད་པ་ཡོངས་སུ་བསྒྲགས།། ཧཱུཾ་དགྲ་རབ་ཏུ་སྦྱར་ན་ནི།། ཕན་ཚུན་མཚོན་ཆ་འཁྲུག་པར་བྱེད།། ་ཧཱུཾ་ཨ་རབ་ཏུ་སྦྱར་ན་ནི།། སླར་ཡང་ཐར་པ་བྱེད་པ་ཡིན།། ཧཱུཾ་ག་གླང་པོ་སེང་གེ་དང་།། རྟ་དང་མི་དང་བྱ་རྣམས་དང་།། གྲུ་དང་ཤིང་རྟའི་བཞོན་པ་དང་།། འབབ་ཆུ་དག་ཀྱང་མྱུར་བར་འདིར། ་ལ་ཕྱག་རྒྱ་ལྡན་བྱས་ན།། གནོད་པར་བྱེད་པའི་མཆོག་ཡིན་ནོ།། ཧཱུཾ་བ་རབ་ཏུ་སྦྱར་ན་ནི།། མནན་པ་རྟག་ཏུ་ཐར་པར་བྱེད།། ཧཱུཾ་དྷ་རབ་ཏུ་སྦྱར་ན་ནི།། ལྷ་དང་ལྷ་མིན་གཞན་ཡང་རུང་།། དངོས ་གྲུབ་ཕྲ་མ་ཐམས་ཅད་ལ། ། བསྐུལ་ན་དེ་ཡི་འབྲས་བུར་འགྱུར།། ཧཱུཾ་བཾ་ཀུན་ཏུ་དབང་བྱེད་པ།། ཐ་མར་ར་བཞག་དབྱེ་བར་བྱེད།། རྟ་དང་སྦྱར་ན་སྡང་བར་བྱེད།། མ་དང་སྦྱར་བ་གསོད ་པར་བྱེད། ། ཡ་དང་སྦྱར་ན་དེ་བཞིན་གསོད།། ལ་དང་སྦྱར་ན་མིག་འཕྲུལ་བྱེད།། ཞི་དང་རྒྱས་ལ་འབའ་ཞིག་གོ།། དེ་ལ་སོགས་པ་གཞན་རྣམས་ཀྱང་།། རྩ་བའི་ཚོ་གས ་སྦྱར་བར་བྱ། ། དེ་ནས་ཇི་སྐད་གསུངས་པ་ཡི།། ལས་རྣམས་ཀྱིས་ནི་སྒྲུབ་པར་བྱེད།། དེ་ལྟར་གཤིན་རྗེ་གཤེད་འདི་ཡི།། དངོས་གྲུབ་ངེས་པར་འཐོབ་པར་འགྱུར།། འདི་ནི་ཁྲོ་བོ་རྣམ་རྒྱལ་གྱི།། ་རྟོག་པའི་ཡི་གེ་གཅིག་པ་གང་།། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡི།། གསང་བ་གཞན་དག་བཤད་པ་ཡིན།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཞལ་དྲུག་ཧཱུཾ་ཞེས་བྱ་བ་ལས་བྱུང་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བཅོ་ལྔ་པའོ། ། །། དེ་ནས་ཆོ་ག་ཞི་བརྒྱས་པ།། གཤིན་རྗེ་གཤེད་པོ ་གཅིག་པུ་ཡི། ། ཆོ་ག་ཀུན་གྱི་མཆོག་དང་རབ།། དོན་གྲུབ་ཅེས་པ་བཤད་པར་བྱ།། དེ་ལ་རིག་འཛིན་དཔལ་ལྡན་པས།། ལས་རྣམས་ཐམས་ཅད་སྒྲུབ་པའི་ཕྱིར།། མཉམ་བཞག་བྱང ་ཆུབ་སེམས་ལྡན་པས། ། ཐོག་མར་དཀྱིལ་འཁོར་བྲི་བར་བྱ།། མཚོའམ་རྒྱ་མཚོའི་འགྲམ་དག་གམ།། གཅོང་རོང་དུར་ཁྲོད་དུ་ཡང་རུང་།། དེ་དང་ཏེར་ནིས་བརྟགས་ནས།། མེ་ཏོག་སིལ་མ་དག ་གིས་བརྒྱན། ། དཔའ་བོ་གཅིག་པུའི་སྔགས་འབར་བས།། མེ་ལྕེ་འབར་བས་འཁྲུག་བྱས་ཏེ།། ས་དང་སྐྱུ་རུ་ར་ལ་སོགས།། བསངས་ནས་ཁྲུས་ལ་བརྩམ་པར་བྱ།། རིག་འཛིན་ཁྲུས ་བྱས་གཙང་མ་ཡི། ། དེ་ནས་སྔགས་དེས་ཐམས་ཅད་ནི།། བདག་གི་ལུས་ལ་དགོད་པར་བྱ།། ཁྲོ་མིག་དམར་པོར་གྱུར་པ་ཡིས།། དེ་ནས་ས་ཕྱོགས་གཙང་མ་ཡི།། ཕྲག་དར་ཟང་ཟིང་ཡོངས ་སྤངས་པ། ། བགེགས་རྣམས་ཞི་བར་བྱ་བའི་ཕྱིར།། གསང་སྔགས་ཟློས་ཤིང་བལྟ་བར་བྱ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། དཔའ་བོ་གཅིག་པུའི་སྔགས་ཐོས་ཤིང་།། དཀྱིལ་འཁོར ་བཟང་པོ་གྲུ་བཞི་པར། ། དུར་ཁྲོད་ཐལ་བས་བྲི་བར་བྱ།། ནུབ་ཕྱོགས་སྒོ་གདོང་སྒོ་བཞི་པར།། དེ་ཡི་དབུས་སུ་པདྨ་བྲི།། བེ་ཅོན་ཕྱག་རྒྱ་རྩེ་འབར་བ།། གྲཝ་བཞི་དག་ཏུ་བྲི་བར་བྱ།། འདི་ནི་བཻ ་ཅོན་མང་པོ་ཡིན། ། ཤཱུ་ལན་ཅན་གྱི་ཤཱུ་ལ་མང་།། མདུང་ཐུང་རྣམས་ཀྱིས་ཡོངས་བསྐོར་བ།། དེ་བཞིན་མདུང་ཐུང་མང་ཞེས་བྱ།། དེ་བཞིན་ཐོད་པ་མང་པོ་ཡིན།། མི་རོ་དང་ལྡན་མི་རོ་མང་།། ་མི་རོ་མི་སྡུག་མགོ་མེད་པ།། ཡི་དགསའབར་དང་སྲིན་པོར་ལྡན།། ཕྱོགས་བཅུ་ཀུན་ནས་འཇིགས་པ་ཅན།། དེ་ནི་དུར་ཁྲོད་མང་ཞེས་བྱ།། གཤིན་རྗེ་གཤེད་པོ་དཔའ་བོ་ཡི།། དཀྱིལ་འཁོར ་རྣམ་པ་དྲུག་ཏུ་བཤད། ། དེ་ལ་བེ་ཅོན་མང་པོ་ནི།། ལོངས་སྤྱོད་ཐམས་ཅད་འཕེལ་བར་བཤད།། ཤཱུལ་མང་པོ་སྲིན་རྣམས་ནི།། འཇོམས་པ་རབ་ཏུ་བསྒྲགས་པ་ཡིན།། དེ་བཞིན་མདུང་ཐུང ་མང་པོ་ནི། ། བགེགས་རྣམས་ཐམས་ཅད་ཚར་གཅོད་པའོ།། ཐོད་པ་མང་ཞེས་བྱ་བ་རྣམས།། འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིགས།། མི་རོ་མང་པོ་ཞེས་བྱ་བ།། རོ་ལངས་ཐམས་ཅད ་སྒྲུབ་པའོ། ། དུར་ཁྲོད་མང་པོ་རབ་གྲགས་པ།། དངོས་གྲུབ་ཐམས་ཅད་རབ་སྦྱིན་དའོ།། དེ་ལ་པདྨོའི་དབུས་སུ་ནི།། འཇམ་པའི་དཔལ་གྱི་ཁྲོ་བོའི་མཆོག། གཤིན་རྗེ ་གཤེད་ཅེས་བྱ་བ་དེ། ། ཆོ་ག་བཞིན་དུ་བཞུགས་པར་བསམ།། ཨིནྡྲ་ནཱི་ལའི་བཅག་འཕྲོ་མདོག། ཞལ་དྲུག་སྤྱན་ཡང་འཇིགས་པར་གཟིགས།། ཁྲོས་ཤིང་ཞལ་ཡང་བགྲད་པ་སྟེ།། འཇིགས ་འཇིགས་ལྷ་ལ་འཇིགས་པར་གནོན། ། སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྫེས།། ཚེམས་ཀྱིས་སྤྲོས་མནན་འཇིགས་འཇིགས་ལྟ།། བཅོ་བརྒྱད་ཕྱག་ནི་དྲན་པར་བྱ།། ཞབས་ཀྱང་རབ་ཏུ་འབར་བ ་དྲུག། མི་རོ་མགོ་མེད་འཕྲེང་བ་ཡིས།། སེ་རལ་ཁ་ཡིས་རྒྱན་དུ་བྱས།། མདུང་ཐུང་ཐོ་བཞགས་པ་ཡི།། རལ་གྲི་ལྕགས་ཀྱུ་མཚོན་ཆ་ཐོགས།། ཤཱུ་ལ་རྡོ་རྗེ་དབྱུག་ཏོ་དང་།། བེ་ཅོན་མཚོན་ཆ ་རྣམས་དང་ནི། ། དེ་ལྟར་གཡས་པའི་ཕྱག་ན་བསྣམས།། གཡོན་པས་བསྡིགས་ཤིང་དྲིལ་བུ་དང་།། ཐོད་པ་བཟང་པོ་ཁ་ཊྭཱཾ་ག། མི་མགོ་རློན་དང་ཀེང་རུས་དང་།། འཇིགས་པའི་མི་རོ་དབྱུག་ཏོ། ་འབར།། དེ་དག་ཕྱག་ན་རྟག་ཏུ་ཐོགས།། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། ཤི་བའི་རོ་ཡི་སྟེང་ན་བཞུགས།། འཇིགས་པ་མཚོན་གདེངས་འཇིགས་འཇིགས་ལྟ།། དུར་ཁྲོད་ན་ནི་རྟག་ཏུ ་བཞུགས། ། སྦྲུལ་དང་སྲིན་པོ་ཐམས་ཅད་འཇོམས།། ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང་། ཁྲོ་བོ་ཐམས་ཅད་ལེགས་པར་འདུད།། སུ་ནི་རབ་ཏུ་འབར་བ་ཅན།། འཁྲུག་ཅིང་རབ་ཏུ་ཐ ་བ་རྣམས། ། སྟག་ལྤགས་ན་བཟར་མནབས་པར་དགྱེས།། འཇིག་རྟེན་ལྷ་ནི་ཁྲོ་བོ་རྣམས།། མཚོན་ཆ་དང་ནི་མཐུ་སྤངས་ནས།། རྗེས་སུ་འབྲང་ཞིང་ཕྱག་བྱས་པའི། ཁྲོ་བོ་གཤིན་རྗེ་གཤེད ་དྲན་བྱ། ། དེ་ལྟར་འཇིགས་མེད་བྱས་ནས་སུ།། བདག་གི་སྔགས་ཀྱིས་དྲན་བྱས་ནས།། སྤྱན་དྲངས་ཙན་དན་གྱིས་བསྐུས་ནས།། མེ་ཏོག་སྤོས་ཀྱིས་མཆོད་པར་བྱ།། རྟག་ཏུ་རིག་པ་འཛིན་པ ་ཡིས། ། ཙན་དན་དམར་པོ་དངུལ་བར་ཀྲ།། བདུག་པ་དང་ནི་གཏོར་མ་ཡིས།། རིམ་པ་བཞིན་དུ་མཆོད་ནས་ནི།། སློབ་མ་ཁྲོ་བོའི་སྔགས་དག་དང་།། སངས་རྒྱས་སྤྱན་གྱི་སྔགས་དག་གིས།། ་བཙུད་ནས་མེ་ཏོག་འདོར་དུ་གཞུག། དེ་ནས་རིག་འཛིན་དཔལ་དང་ལྡན།། བདུད་རྩི་ཐབ་སྦྱོར་བཟླས་ནས་སུ།། འཕྲེང་བ་ཙན་དན་དཀར་ལ་སོགས།། མཆོད་པ་བྱས་ནས་སློབ་མ་ལ།། དེ་ནས ་སངས་རྒྱས་སྤུན་ཡང་བཟླས། ། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། འཇིགས་པ་ཕ་རོལ་གནོན་པ་སྦྱིན།། ལྷ་ཁྱོད་བདག་གིས་མནོས་སོ་ཞེས།། དེ་སྐད་སློབ་མས་ལན་གསུམ་སྨྲས།། དེ་ནས ་སྔགས་རིག་ཆོ་ག་བཞིན། ། བླ་མ་དག་ལ་ཕྱག་བྱས་ནས།། ཆོ་ག་བཞིན་དུ་དབང་བསྐུར་བས།། ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར ་རྒྱལ་བ་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ་ལས། ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། ། དེ་ནས་གཞན་ཡང་གཤིན་རྗེ་ཡི།། གཤེད་པོའི་སྔགས ་འདི་མནོས་ནས་སུ། ། མི་རོ་དག་གི་གོས་བླངས་ནས།། དེ་ལ་དེ་ཡི་གཟུགས་ཀྱང་བྲི།། དེ་ནས་ཚོན་ཅི་སྦྱིན་མེད་པས།། བཟང་པོ་སྔ་མ་བཞིན་དུ་བྱ།། བཟང་པོ་ཁྲུ ་གང་ཚད་དུ་བྱ། ། ཡང་ན་ཁྲུ་བཞིའི་ཚད་དུ་བྱ།། གང་ཚེ་སྔགས་པ་བདག་ཉིད་ཀྱིས།། བྲི་བར་མི་ནུས་དེ་ཡི་ཚེ།། བཟོ་བོ་སྨྱུང་བ་བྱས་པ་ནི།། ཁྲིམས་མནོས་པ་དག་འདྲི་རུ་གཞུག། ཤི ་བའི་རོ་ཡི་སྟེང་དུ་བཞུགས། ། ཕྱག་ནི་བཅོ་བརྒྱད་རྣམས་ཀྱིས་བརྒྱན།། ཞལ་དྲུག་ཞབས་ཀྱང་དྲུག་ཏུ་བསྟན།། འཇིགས་པ་གནོན་པ་འཇིགས་འཇིགས་ལྟ།། ཁ་ཅིག་བཞད་ཅིང་ཁ ་ཅིག་ནི། ། ལྗགས་འདྲིལ་ཁ་ཅིག་མཆེ་བ་གཙིགས།། ཁ་ཅིག་ཞལ་གདངས་ཁ་ཅིག་ཁྲོས། ཁ་ཅིག་འཇིགས་པ་ཕ་རོལ་གནོན།། ཁྲོ་བོ་དེ་འདྲའི་ཞལ་འདྲ་བ།། སྨིན་མཚམས་སེ་ར་ལ་སྤྱན ་ཡང་སེར། ། ཇི་སྐད་གསུངས་པའི་མཚོན་ཆ་རྣམས།། ཕྱག་ན་བསྣམས་པ་བྲི་བར་བྱ།། དབེན་ཞིང་འདུ་འཛི་མེད་པ་རུ།། སྔགས་པས་དེ་ལྟར་འདིར་གཞུག་གོ།། དེ་ལྟར་བྲིས་ནས་སྔགས ་མཁན་དེ། ། རི་མོ་ལ་ནི་བལྟས་ནས་འདུག། ཆོ་ག་ཤེས་པས་འབུམ་པཟླས་ཏེ།། རི་མོ་བྲིས་པས་དེ་ཉིད་ཀྱིས།། དེ་ནས་བསྒྲུབ་ལ་འཇུག་པར་བྱ།། གཤིན་རྗེ་གཤེད་པོ་དེ་ཡི་སྔགས།། ་དྲག་པོ་གང་ཡིན་དེ་བཤད་དོ།། ཡོན་དེ་ཡི་དང་པོ་ཡིན།། ཨ་ཞེས་བྱ་བ་གཉིས་པ་ཡིན།། པོ་ཞེས་བྱ་བ་གསུམ་པ་སྟེ།། ཎི་ཞེས་བྱ་བ་བཞི་པ་ཡིན།། ཀ་ཞེས་བྱ་བ་ལྔ་པ་ཡིན།། ཡེ་ཞེས ་བ་གསང་བ་དྲུག། མཱན་ཞེས་བྱ་བ་བདུན་པ་ཕྱེ།། ཏ་ནི་བཅད་པར་ཤེས་པར་བྱ།། ཀ་ནི་དགུ་སྟེ་ཧཱུཾ་དང་བཅུ།། དེ་བཞིན་ཕཊ་བྱ་ལྷག་པ་སྟེ།། མི་མཉམ་སྔགས་ནི་བཅུ་གཅིག་པའོ།། འཇམ་དཔལ ་ཀྱིགྱི་ནི་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ཅེས་བྱ་བ་དེ།། ཆོ་ག་ཕྱི་མའི་ཕྱི་མ་སྟེ།། སངས་རྒྱས་ཀུན་གྱིས་མངོན་བསྟོད་པའི།། སྔགས་དེ་དལྟར་མནོས་ནས་སུ།། ཆོ་གས་མནོས་ནས་བཟླས ་བྱས་ན། ། རིག་འཛིན་གོ་འཕང་ཐོབ་པར་འགྱུར།། ཨོཾ་ས་ཀྲེ་དྷེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། གཤིན་རྗེ་གཤེད་པོ་ལྷའི་ལྷའོ།། ཨོཾ་ཨ་མྲི་ཏ་ཀུཎྜ་ལི། སརྦ་བིགྷྣཱ་ན། ཀྲིཏྟ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བདུད ་རྩི་ཐབ་སྦྱོར་གྱིའོ། ། ཨོཾ་བུདྡྷ་ལོ་ཙ་ནེ་སྭཱ་ཧཱ། སངས་རྒྱས་སྤྱན་གྱིའོ།། དེ་ནས་གཞན་ཡང་བཟླས་པ་ཡི།། གནས་དག་ཇི་ལྟར་ཡིན་པར་བཤད།། དུར་ཁྲོད་ཡང་ན་རི་ཡང་རུང་།། ཚང་ཚིང ་པདྨའི་མཚེ་འགྲམ་དུ། ། ཁྲོ་ཞིང་གཤིན་རྗེ་གཤེད་པོ་ནི།། བཟླས་ན་དངོས་གྲུབ་ཐོབ་པར་འགྱུར།། ཀུ་ཤའི་རྩ་ཡི་སྟན་ལ་འདུག། རི་མོ་ལ་ནི་ཕྱོགས་འདུག་སྟེ།། ལག་པ་གཉིས་ཀ་དྲིས ་བསྐུས་ནས། ། རུ་རཀྵ་ཡི་འཕྲེང་ཐོགས་ལ།། སྔགས་པས་རྟག་ཏུ་བཟླས་པར་བྱ།། དེ་བཞིན་བདུག་པ་ཨརྒར་དབུལ།། མྱུར་བ་དང་ནི་བུལ་བ་དང་།། དེ་བཞིན་ཡི་གེ་འདྲེས་པར་ནི།། ་ནམ་ཡང་སྨྲ་བར་ཡོང་མི་བྱ།། རྟག་ཏུ་རབ་ཏུ་གསལ་བར་སྨྲས།། ཆོ་ག་བཞིན་དུ་ཡིད་བསམས་ནས།། བུ་དོན་ལ་ནི་སེམས་བཞག་སྟེ།། སྐྱེ་བ་མེད་པའི་སེམས་ཀྱིས་ནི།། ཡི་གེ་གོ་རིམས ་བཞིན་དུ་བཟླས། ། འབུམ་གཅིག་པཟླས་པའི་ཐ་མ་ནི།། བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན།། མཚོ་ཡི་འགྲམ་དུ་དཀྱིལ་འཁོར་ནི།། དུར་ཁྲོད་མང་པོ་བྲི་བར་བྱ།། དེ་ཡི ་ནང་དུ་རི་མོ་བཀྲམ། ། སེམས་དཔའ་མཚན་མོ་ཞུགས་ནས་ནི།། གྲོགས་བཟང་སེམས་ཀྱང་མཆོངས་པ།། གུ་གུལ་བདུག་པ་དེ་བཞིན་སྲེག། སྤོས་ཤིང་སྣ་མའི་མེ་ཏོག་སྟོང་།། སྙིང་ཁར་ཕོག་པར ་བྱ་ཞིང་དབུལ། ། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། རི་མོ་ལ་བཞུགས་ཁྲོ་བོའི་སྤྱན།། རི་མོ་དེ་ནི་ངེས་པ་རུ།། གཡོ་འམ་ཡང་ན་འགུལ་བར་འགྱུར།། དེ་ནས་ལྷ་དེ་གྲུང་གྱུར་ནས།། གང་འདོད ་པ་ཡིངས་རྣམས་བྱེད། ། དེ་སྟེ་གྲུབ་པར་མ་གྱུར་ན།། གཞན་ཡང་ཚིག་འབུམ་བཟླས་པར་བྱ།། དེ་ནས་དེ་ཡི་མཐའ་མར་བསྒྲུབ།། དེས་ཀྱང་མ་གྲུབ་གསུམ་པོ་ལ།། མཚམས་མེད་ལྔ་རྣམས་བྱེད ་པ་ཡང་། ། གདོན་མི་ཟ་བར་འགྲུབ་པར་བྱེད།། གྲུབ་པའི་ལས་རྣམས་གང་དག་འདིར།། བྱེད་པར་འགྱུར་བ་བཤད་པར་བྱ།། སྒྲུབ་པར་དཀའ་བའི་ལས་རྣམས་ཀྱང་།། ཡིད་ལ་གང་དང་གང ་འདོད་པ། ། དེ་དག་མཐར་ཕྱིན་མྱུར་བར་ནི།། རིག་སྔགས་འཆང་བ་བྱེད་པར་འགྱུར།། རི་རྣམས་ཀྱི་ནི་རྩེ་མོ་དང་།། གཅོང་རོང་རྣམས་ནི་སྙིལ་བར་བྱེད།། ས་ཡང་རབ་ཏུ་འགས་པར་བྱེད།། ་ཆུ་དག་ཀྱང་ནི་སྐམས་པར་ནུས།། དཔུང་རྣམས་མི་གཡོ་གནོན་པར་བྱེད།། ཁྲག་གི་ཆར་ནི་འབེབས་པར་བྱེད།། སྟོང་ངམ་ཡང་ན་འབུམ་ཡང་རུང་།། དེ་མ་ཐག་ཏུ་གསོད་པར་ནུས།། གནོད ་པ་དང་ནི་རྨོངས་པ་དང་། ། དེ་མ་ཐག་ཏུ་འབབ་པར་བྱེད།། ཤིང་རྟའམ་ཡང་ན་གྲུ་དག་དང་།། གྲང་པོ་མྱོས་པ་གནོན་པར་ནུས།། ཕ་རོལ་དཔུང་དག་འབྲུག་པར་བྱེད།། ཡུལ་ཕྱོགས་མྱུར་དུ་རྨོངས ་པར་ནུས། ། ཁྲོས་ནས་ས་ཡང་གཡོ་བར་བྱེད།། གླིང་དང་ནགས་ཚལ་སྲེག་པར་ནུས།། དེ་ནི་གང་བའི་མཚོ་ཡང་སྐེམས།། བསྐམས་པ་དག་ཀྱང་འགེངས་པར་ནུས།། སྤྲིན་ཡང་ལེགས་པར ་གནོན་པར་ནུས། ། ཆར་པ་དག་ཀྱང་འབེབས་པར་བྱེད།། དུས་མིན་ཆར་ཡང་འབེབས་པར་ནུས།། ཀླུ་ཡི་བདག་པོ་དག་ཀྱང་འགུགས།། དེ་ནི་ནག་པོས་ཟིན་པ་ཡང་།། མཐོང་བའམ་ཡང ་ན་སྤྲིན་ཙམ་གྱིས། ། འགུགས་པར་བྱེད་དེ་ཐེ་ཚོམ་མེད།། སེར་བ་དང་ནི་སོལ་བའི་ཆར།། དེ་མ་ཐག་ཏུ་འབེབས་པར་ནུས།། འབྲས་བུ་མེ་ཏོག་མཆོག་རྣམས་དང་།། ཡལ་ག་དག་གིས་བརྒྱན ་པའི་ཤིང་། ། བལྟས་པའམ་ཡང་ན་རྡོ་འཕངས་པས།། གློ་བུར་དུ་ཡང་འགྱེལ་བར་བྱེད།། དེ་ནི་སྦྱར་བ་ཙམ་གྱིས་སུ།། ས་ཡི་འོག་ཀྱང་འཁྲུག་པར་བྱེད།། དེ་བཞིན་ལྷ་དང་མི་རྣམས་ལ།། ་གནོད་པ་ཆེན་པོ་འབྱུང་བར་བྱེད།། ཁྲོ་བོའི་རྒྱལ་པོ་འདི་ཡི་ནི།། ངེས་པར་དབང་དུ་མི་འགྱུར་བའི།། དངོས་པོ་འདས་དང་ད་ལྟར་དང་།། ཕྱིས་འབྱུང་བ་དག་གང་ཡང་མེད།། མྱ་དེ་གྲུབ་པར་མ་གྱུར ་ཀྱང་། ། མཐོང་བ་ཙམ་མམ་ཚིག་གིས་ཀྱང་།། དུག་དང་རིམས་དང་གནོན་རྣམས་སོགས།། ཞི་བར་བྱེད་པའི་མཆོག་ཏུ་འགྱུར།། དབང་དུ་བྱེད་དང་དབྱེ་བ་དང་།། གསད་དང་བསྐྲད་པར་བྱ་བ་དང་། ་མིག་འཕྲུལ་མཛ་བསྐུ་བ་རྣམས།། བདུག་དང་དྲིས་བྱུགས་སྦྱོར་བ་ཡིས།། ལས་རྣམས་འདི་ནག་ཐམས་ཅད་ནི།། བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད།། སྔགས ་པ་གཏེར་ཆེན་ཡོད་པར་ནི། ། སོང་སྟེ་བསྒྲུབ་པར་བྱས་ནས་སུ།། བགེགས་རྣམས་ཀྱི་ནི་མི་འཇིགས་པར།། ནོར་ང་བཟླས་པ་སྟོང་བྱས་པས།། བདག་གི་ཁྱིམ་ནས་ལེན་པ་བཞིན།། ཕྲ་མོ་རྣམས་ནི ་བརྒྱ་ཡིས་འཐོབ། ། བཟླས་དང་སྦྱིན་སྲེག་མ་བྱས་ཀྱང་།། གཤིན་རྗེ་གཤེད་ཀྱི་མིང་ཙམ་གྱིས།། ལྷ་རྣམས་སྐྲག་པར་འགྱུར་བ་ནི།། རིང་པོར་མི་ཐོགས་གདོན་མི་ཟ།། མ་རུངས་པར་ནི་བྱ་བ ་དང་། ། བྱན་དང་སྟེམས་དག་བྱ་བ་དང་།། རྨོངས་དང་མནན་པའི་དངོས་གྲུབ་རྣམས།། བལྟས་པས་རྣམ་པ་དུ་མ་ཡི།། ཆོ་ག་གཞན་གྱི་ཆོ་ག་ཡང་།། རིང་པོར་མི་ཐོགས་འགྲུབ་པར་ནུས།། ཡུལ་དང ་ཡུལ་ཕྱོགས་དག་ཏུ་ཡང་། ། གནོད་པ་དང་ནི་ནན་ཀྱང་འབྱིན།། རྨུགས་པ་དང་ནི་གནོད་པ་དང་།། རྨོངས་དང་མི་མཐོང་བྱེད་པ་དང་།། འཁྲུག་པ་དང་ནི་སྐྲག་པ་དང་།། སྐྱོ་ཞིང་སླར་ཡང་གཡོ་བ་དང་། ་ནོར་བགུགས་པ་དང་གནོན་པ་དང་།། སྐྱེ་བོ་དག་ཀྱང་འགུགས་པ་དང་།། ཡུལ་དུ་འཚེ་ཞིང་འཇིགས་པ་དང་།། འཁྲུག་པ་འཐབ་མོ་སེར་བ་དང་།། བྲུ་བ་ཉིད་ཀྱིས་མྱོས་པ་དང་།། གང་ཡང་གཞན་དག ་དེ་འདོད་པ། ། སྔགས་པས་གཤིན་རྗེ་གཤེད་དྲན་པས།། དེ་དག་ཐམས་ཅད་བྱེད་པར་འགྱུར།། དེ་ནས་ཆོ་ག་ཕྱི་མ་འདི།། ཇི་ལྟར་ཡིན་པ་དེ་བཤད་དོ།། ལྷ་མ་ཡིན་གྱི་འུག་སྐོར་སོང་།། མཁས་པས ་རི་མོ་བཀྲམ་ནས་སུ། ། ཁ་ཟས་མི་ཟ་སྟན་གཅིག་འདུག། ཁྲི་ཡི་གྲངས་ཚད་བཟླས་བྱས་ནས།། དེ་ནས་བུད་མེད་གཟུགས་མཆོག་ལྡན།། བཟང་པོ་རྣམས་ནི་སྒོར་ཕྱུང་ནས།། སྒྲུབ་པ་དེ་ཡི་མདུན ་དུ་ནི། ། ནང་དུ་གཤེགས་ཤེས་དགའ་བར་བྱེད།། དེ་ནས་གྲོགས་པོ་ཡིད་གཅུགས་དང་།། སྒྲུབ་པ་པོ་ནི་ལྷན་ཅིག་ཏུ།། ངེས་པར་དམ་ཚིག་དག་གིས་ནི།། དེ་ཡི་གནས་སུ་འཇུག་པར་བྱ།། དེ ་བཞིན་ཇི་ལྟར་འདོད་པ་རུ། ། གནོད་སྦྱིན་མ་ཡི་མིང་རྣམས་དང་།། ཤ་ཟ་མོ་འམ་དྲི་ཟ་མོ།། ཡང་ན་གང་འདོད་པ་ཡི་ལྷའི།། མིང་བྲིས་དེ་ཡི་མདུན་བཞག་ནས།། རི་མོ་ལ་ནི་ཉིན་རེ་ཞིང་།། དེ་ཡི ་ཚིག་ནི་མཐར་སྦྱར་ནས། ། མི་སྐྱོ་བར་ནི་འབུམ་བཟླས་ན།། སྒྲུབ་པ་པོ་དེས་འཇིགས་འགྱུར་ནས།། དེ་དག་ཐམས་ཅད་འོང་བར་འགྱུར།། སྒྲུབ་པོ་ཇི་སྲིད་འདོད་པར་ནི།། འདི་རུ་ཁས་རྣམས ་བྱེད་པར་འགྱུར། ། ལྷ་རྣམས་དག་ནི་ཐམས་ཅད་ཀྱང་།། གནོད་སྦྱིན་ལ་སོགས་བསྒྲུབ་བཤད་ཟིན།། འདི་ཡི་ཆོ་ག་ཕྱི་མ་ཡི།། ཕྱི་མ་དག་ཀྱང་བཤད་པར་བྱ།། རི་མཆོག་དག་གི་རྩེ་མོ་ལ།། ་ཡིདགས་མང་བའི་དཀྱིལ་འཁོར་བྲི།། ཡི་དགས་དཀྱིལ་འཁོར་བྲིས་ནས་ཀྱང་།། ཀུན་ལ་ཤ་ཡི་གཏོར་མ་བྱ།། གྲོགས་པོ་སེམས་ནི་དཔའ་བ་དང་།། ཡོན་ཏན་ལྡན་ཞིང་བཟོ་བ་དང་།། མི་རོའི་གོས ་ལ་བྲིས་པ་ཡི། ། རི་མོ་བཞག་ལ་དེ་ནས་སུ།། བདག་གི་ཡན་ལག་ཐམས་ཅད་ལས།། རུས་པ་དག་གིས་ཁྲག་ཕྱུང་སྟེ།། མི་ཡི་ཐོད་པའི་ནང་དུ་གཞག། ལུས་ལ་ཁྲག་ནི་ཅི་ཕྱིན་པ།། མི་རོའི ་སྒྲ་ཡི་པིར་དག་གིས། ། དེ་ནས་དེ་ཡི་ལུས་དག་དང་།། མིག་ཀྱང་རབ་ཏུ་བསལ་བར་བྱ།། དེ་ལ་བགེགས་ཀྱང་མང་དུ་འགྱུར།། དེ་ནི་དཔའ་བོས་བཤད་པར་གསུངས།། ་དཔའ་བོ་དག་གི་ལས་ཀྱང་བྱ།། དེ་ཡི་འོག་ཏུ་བཟོ་བོ་ལ།། དཔའ་བོ་དག་གིས་ཡོན་ཡང་དབུལ།། དེ་ཉིད་ཡོངས་སུ་རྫོགས་པར་ནི།། གྱུར་ཀྱི་བར་ཏུ་ཚུལ་བཞིན་གྱིས།། ཐ་མར་དཔའ་བོ་གཅིག ་པུ་དེ། ། རི་མོ་མཚན་མོར་རབ་འབར་རམ།། ཡང་ན་དགོད་དམ་གཡོ་ཡང་རུང་།། དེ་ནས་དངོས་གྲུབ་ཐོབ་པར་བཤད།། རི་མོ་དེ་ནི་བླངས་པ་ཡིས།། ནམ་མཁར་འ་ཕར་བ་གདོན་མི་ཟ།། དཔལ ་ལྡན་ཐོགས་པ་མེད་པར་གྲོ། ། མཚན་མོ་ཉི་མ་བཞིན་དུ་འབར།། དཔའ་བོ་དག་གིས་སྒྲུབ་པ་འདི།། རིག་འཛིན་ཀུན་གྱི་ཐོག་མར་འགྲོ།། གྲུབ་པ་དེ་ལ་ལྔ་རྣམས་ཀྱང་།། གདོན་མི་ཟ་བར་ཕྱག ་འཚལ་འགྱུར། ། རིག་འཛིན་རྣམས་ནི་ཐམས་ཅད་ཀུན།། ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར།། ཡང་ན་ཆོག་ཤེས་པའི་རྒྱལ།། རི་མོ་ཞི་བ་སྔོན་བཞིན་དུ།། བླངས་ཏེ་བསྲེགས་པའི་སྟེང ་དུ་གཞག། དེ་ནས་བསྲེགས་པ་དེ་འདུག་ནས།། གཅིག་པུ་རལ་གྲི་བླངས་ནས་སུ།། མཚན་མོ་གཤིན་རྗེ་གཤེད་བཟླས་པ།། འབར་བར་འགྱུར་གྱི་བར་དུའམ།། དུ་བའམ་ཚ་བའི་བར་དུ ་བཟླས། ། འབར་བར་གྱུར་པ་དཔལ་དང་ལྡན།། རིག་འཛིན་དུ་ནི་དེ་འགྱུར་རོ།། དུ་བབྱུང་བས་མི་སྣང་བ།། ནམ་མཁར་འགྲོ་བའི་མཆོག་ཏུ་འགྱུར།། དེ་ཚེ་ཚ་བར་གྱུར་ན་ནི།། ས་ཡི་རྒྱལ ་པོར་ངེས་པར་འགྱུར། ། རལ་གྲི་མཆོག་དེ་བྱ་བ་ཡང་།། སོར་ནི་སུམ་ཅུ་རྩ་གཉིས་ཤིང་།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། བསྒྲུབ་པར་བྱ་བ་སོ་ཡི་རྡོ།། དེ་ལྟར་ཆོ་ག་ཕྱི་མ་ཡང་།། ་མདོར་ནི་ལེགས་པར་བཤད་པ་ཡིན།། ལག་པ་གཡས་པའི་སོར་མོ་ཡིས།། མཐེ་བོང་སྦས་ནས་གྱེན་དུ་ནི།། བསྒྲེང་བར་བྱས་པའི་ཕྱག་རྒྱ་ཡི།། བེ་ཅོན་ཞེས་ནི་བསྒྲགས་པ་ཡིན།། ཧ་ཉིད ་ཀྱིས་ནི་སྔགས་ལྡན་པར། ། ལས་རྣམས་ཀུན་ལ་བཅིང་བར་བྱ།། སྤྱན་དྲང་བ་དང་མཆོད་པ་དང་།། གཤེགས་སུ་གསོལ་དང་བཞུགས་པ་དང་།། ལས་རྣམས་བྱ་བའི་ཚེ་དག་དང་།། གཞན ་ཡང་དགོས་པ་འབྱུང་བའི་ཚེ། ། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན་རྗེ་གཤེད་ཀྱི་ལྷ་བཟླས་སོ།། སྔགས་པ་རྒྱལ་པོའི་དྲུང་སོང་ནས།། མགོ་བཏུད་པུས་མོ་བཙུགས་ནས་སུ།། ་བདག་ཉིད་དང་ནི་ནོར་བཅས་པར།། གདོན་མི་ཟ་བར་མྱུར་དུ་འགྲུབ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ལས། བཅོམ་ལྡན ་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གསལ་ཤིང་ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་ཕྱི་མ་གསང་བ་བཅུ་བདུན་པ་གསལ་ཤིང་གི་རྒྱུད་རྫོགས་སོ། ། ། ཨོཾ་ཨ ་ཀྲོ་དྷེ་ཀ་ཡ་མནྟ་ཀ་ཧཱུཾ་པཱུ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། འདིའང་བཅོམ་ལྡན་འདས་ཀྱི་སྔགས་གཞན་ནོ།། ཨོཾ་ཨཱཿཧཱུཾ། འདིབང་གཞན་ནོ།། ཡི་གེ་བཅུ་གཅིག་རྒྱལ་པོ་ཡི།། དེ་ཉིད་བཟླས་པས་གྲུབ ་པར་འགྱུར། ། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྩ་བ་དང་ནི་ཕྱི་མ་དང་།། དེ་བཞིན་ཕྱི་མའི་ཕྱི་མ་འདི།། རྟོག་པ་མ་ལུས་རྒྱས་པ་དག། ལྷ་དེ་རྣམས་ཀྱིས་ལེགས་ཐོས་ནས།། ་འཇིག་རྟེན་འཇིག་རྟེན་འདས་པ་ཀུན།། ཐལ་མོ་རབ་ཏུ་སྦྱར་ནས་ཀྱང་།། ཁྲོ་བོ་རྣམ་པར་རྒྱལ་བ་ནི།། གཤིན་རྗེ་གཤེད་ལ་འདི་སྐད་སྨྲས།། བཅོམ་ལྡན་ཁྱོད་ཀྱི་རྟོག་པ་འདི།། སྒྲུབ་པ་རྣམས ་ལ་ཕན་པའི་ཕྱིར། ། རབ་ཏུ་ངོ་མཚར་བཤད་ལགས་ཏེ།། བཟླས་དང་སྐོམ་དང་མཆོད་ལ་སོགས།། ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་དང་།། དེ་བཞིན་དཀའ་ཐུབ་དྲག་པོ་དང་།། ཇི་སྐད་གསུངས ་པའི་སྨྱུང་བ་ཡིས། ། ཁྲོ་བོ་ཀཱི་ལི་ཀཱི་ལ་ལ།། སོགས་པའང་དུས་ལ་བབ་པ་ནི།། སྔགས་ཟློས་པ་ལ་དངོས་གྲུབ་སྟེར།། བཅོམ་ལྡན་འདས་ཀྱི་རྟོག་པ་དང་།། ཁྱད་པར་གྱུར་པ་ཅི་ཞིག་མཆིས།། ་དེ་བས་བཟླས་དང་སྦྱིན་སྲེག་དང་།། སྨྱུང་དང་བརྟུལ་ཞུགས་དཀའ་ཐུབ་དང་།། མེད་པར་རང་དབང་ཉིད་དུ་ནི།། དངོས་གྲུབ་དམ་པ་ཁྱོད་ཀྱིས་གསུངས།། ལྷ་མཆོག་དེ་དག་ཐམས་ཅད་ཀྱིས།། ་ཕྱག་འཚལ་དེ་སྐད་སྨྲས་པ་དང་།། ཁྲོ་བོ་དྲག་ཏུ་བཞད་པ་ཡིས།། རབ་ཏུ་དྲག་པའི་ཚིག་འདི་གསུངས།། དྲག་ཏུ་བཞད་པའི་ཞལ་འཛུམ་པས།། ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་ལ།། ་མ་འཇིགས་མ་འཇིགས་ཞེས་གསུངས་པའི།། ཕན་པའི་ཚིག་གིས་དབུགས་ཕྱུང་ནས།། ཁྱེད་རྣམས་ཀྱིས་ནི་གང་སྤྲས་པ།། སྒྲུབ་པ་དག་ནི་མེད་པར་ཡང་།། སྦྱོར་བ་ཤེས་པས་འགྲུབ ་འགྱུར་བ། ། ལྷ་རྣམས་ཀུན་གྱིས་མཉན་པར་གྱིས།། བདེ་གཤེགས་དངོས་གྲུབ་གཅིག་པུ་ལས།། གྱེས་པ་རྣམ་པ་ཐ་དད་འགྱུར།། དེ་ནས་ཏིང་འཛིན་ཚུལ་ལས་ནི།། མཚན་མ་དང་ནི་དངོས་གྲུབ ་དེ། ། ཐོག་མར་བྱང་ཆུབ་རྩ་ལ་བརྟེན།། ཤེས་རབ་དེ་ལྟ་བུ་ཡང་བསྒོམ།། སེམས་ཀྱང་རྣམ་པར་མི་རྟོག་པས།། བདེ་གཤེགས་དངོས་གྲུབ་དེ་དག་ཐོབ།། དེ་ངའི་གཟུགས་སུ་གྱུར་པར་བྱོས།། ས ་བོན་མཚོན་ཆ་མང་པོར་ལྡན། ། ཁྲོ་བོ་དེ་ཡི་ཞ་ལ་དྲུག་བསྒྱུར།། དྲིལ་བུ་གསིལ་བའི་སྒྲ་ཡང་འབྱིན།། ཁྲོ་བོའི་ཞལ་ནི་བཅས་པར་ལྡན།། དེ་ཡི་གཟི་དང་མཐུ་ལྡན་བྱས།། ཀུན་ཏུ་དགའ་བའི་སྙིང ་པོར་ལྡན། ། གང་གི་ཡིད་ལ་གང་བསྒོམས་པ།། དེ་ལ་ང་ཡི་ཐུགས་གཡོས་པས།། ཇི་ལྟ་བ་འམ་གང་ཡང་རུང་།། མདུན་ནམ་ཡང་ན་རྒྱབ་ནས་ཀྱང་།། ལས་ཀུན་བྱེད་ནུས་གྲུབ་པར་འགྱུར།། ་གང་དུ་ག་ང་ནི་ཕྱག་ལྔ་བཅུ།། བེ་ཅོན་གདེངས་པས་བསྡིགས་པར་མཛད།། ཏྲི་ཤཱུ་ལ་རལ་གྲི་དགྲ་སྟ་ཀྱུ།། ཐོད་པ་ཤ་ཀ་ཏི་ཐོད་དམར་དབྱུག། དེ་དག་ལས་ནི་ཕྱག་གསུམ་དྲུག། གཡས ་པ་བེ་ཅོན་མདབྱ་རལ་གྲི། ། གཡོན་ན་འཁོར་ལོ་རྡོ་རྗེ་འཛིན།། རྡོ་རྗེ་རྗེ་གཅིགུ་མིག་དྲུག་པ།། དཔྲལ་བའི་གཉེར་མ་བསྟེར་བ་དང་།། ཁྲོ་གཉེར་བསྟེར་བའི་ལྟ་བ་ཅན།། འཇིགས་པའི ་རྡུལ་གྱིས་རོ་སྟོད་དཀྲིས། ། ཐོད་པ་དག་གིས་རྒྱན་དུ་བྱས།། ཆར་སྤྲིན་སྔོན་པོའི་ཁ་དོག་འདྲ།། ཞལ་གཅིག་སྤུན་ཡང་མི་མཉམ་པ།། འབྲུག་གི་སྒྲ་དབྱངས་སྒྲ་སྒྲོགས་པ།། སྟག་ལྤགས ་ན་བ་པར་གསོལ་བར་དགྱེས། ། མཚོན་ཆ་མཚོན་རྣམས་འབར་ཞིང་འཁྲུག། སྤྱན་དང་གཙུག་བུད་རྩ་དམར་སེར།། ཞབས་གཉིས་གདེངས་པའི་ཚམ་ཇམ་མཛད།། ས་ཡི་སྟེང ་ན་ཟ་ཟ་ལྟ། ། མཆེ་བ་དག་ཀྱང་གཙིགས་པའི་ཞལ།། བཅིབས་པ་མ་ཧེ་བཅིབས་པ་སྟེ།། སེམས་པའམ་རི་མོ་ལ་བྲིས་པ།། སྒྲུབ་པོ་མྱུར་དུ་མཆོད་བྱེད་ན།། དེ་ལང་ནི་མྱུར་བ་རུ།། དགྱེས་ནས ་མངོན་དུ་ཕྱོགས་པར་འགྱུར། ། ཇི་ལྟར་འདོད་པའི་དོན་རྣམས་ནི།། གདོན་མི་ཟ་བར་གྲུབ་པར་བྱེད།། རྣམ་པར་གནོན་པའི་གཟུགས་འདི་ནི།། བདུད་ལས་རྒྱལ་བ་ཡིན་པར་བསྒྲགས།། ཐོག་མར ་བདག་གིས་དམ་ཚིག་སྦྱིན། ། བསྲུང་མཆོག་ཚུལ་བཞིན་བྱས་ནས་སུ།། རས་འདི་སུམ་ཅུ་སོར་ཚད་ལ།། སྔགས་པ་བཟོ་བོ་ཡོན་ཏན་ཅན།། ཡིད་ནི་བརྟན་པར་བྱ་བའི་ཕྱིར།། དབེན་པའི་གནས་སུ ་མི་མངོན་པར། ། ཚོན་རྩི་དགེ་བ་བཟང་པོ་ཡིས།། རི་མོ་ཐོག་མར་བྲི་བར་བྱ།། ཟིན་ནས་ཀྱང་ནི་དབེན་པར་གཞག། སུལ་བང་བསྟན་པར་ལོང་མི་བྱ།། ང་ཡི་གཟུགས་སུ་གྱུར་པར་བྱས།། ་ས་བོན་མཚོན་ཆ་བཟང་པོར་ལྡན།། ང་ཡི་ཞལ་ནི་ཁྲོ་བོར་འགྱུར།། དྲིལ་བུ་གསིལ་བའི་སྒྲ་དང་ལྡན།། ཁྲོ་བོའི་ཞལ་ནི་བསམ་པར་བྱ།། ང་ཡི་གཟི་བརྗིད་མཐུར་ལྡན་བྱས།། ཀུན་དགའ་ཡི་ནི ་སྙིང་པོར་ལྡན། ། གལ་ཏེ་དམ་ཚིག་མི་ལྡན་པའི།། སྐྱེ་བོས་རི་མོ་དེ་མཐོང་ན།། མྱུར་དུ་རྣམ་པར་མྱོས་པར་འགྱུར།། དེ་བས་རྣམ་པ་ཐམས་ཅད་དུ།། བསྲུང་བ་དྲག་པོ་སྲོག་ཏུ་བྱ།། གྲོང་ངམ་ཡང ་ན་གྲོང་ཁྱེར་དུ། ། རྣམ་པ་གཞན་དུ་བཞག་གྱུར་ཏམ།། གོང་དུ་མཆོད་པ་མ་བྱས་ན།། མྱུར་དུ་འཇིགས་པ་སྐྱེ་བར་འགྱུར།། མི་རོ་ལ་ནི་གནས་པའི་གཟུགས།། དེ་ལྟར་རྟག་ཏུ་གོམས་བྱས་ཤིང་།། ་དེར་བསྒྱུར་དེ་ཡི་ཡིད་དུ་འགྱུར།། ཇི་སྲིད་གང་དག་གོམས་གྱུར་ཅིང་།། ཀུན་ཏུ་མདུན་ན་གནས་པ་རུ།། གང་ཚེ་མཐོང་བར་གྱུར་པ་ན།། དེ་ཚེ་རི་མོ་མེད་པར་ཡང་།། ཇི་ལྟ་བུ་ཡི་ཚུལ་ཉིད་ཀྱིས།། ་རྟག་ཏུ་སྦྱོར་བ་བྱས་ནས་ནི།། སྦྱོར་བ་ཉིད་ཀྱིས་རྟག་པ་རུ།། ཁྲོ་བོ་ཀུན་ཏུ་སྦྱོར་བ་ནི།། དེ་ལས་ལས་རྣམས་ཐམས་ཅད་བྱེད།། འདི་ནི་གསང་བ་བསྟན་པ་ཡིན།། ཡང་ན་བདག་ཉིད་དེ་བདྲ ་བར། ། ཇི་སྲིད་གཅིག་ཏུ་གྲུབ་པའི་བར།། ཡིད་ལ་ལེགས་པར་བསྒོམས་ན་ནི།། དེ་ནས་དེ་ཡི་དངོས་གནས་པར།། ཡིད་ལ་ཅུང་ཟད་གང་བསམས་པ།། དངོས་པོར་གོམས་པར་བྱས་ན་ནི།། ་དེ་ཉིད་འབྲས་བུ་ཡོད་པར་འགྱུར།། གང་ཕྱིར་ཁྲོ་བོ་བསྒོམས་པ་ཡིས།། ཁྲོ་བོ་ཡོང་ཡེ་བསྒོམས་ན་ནི།། བཟླས་པ་ལ་སོགས་མེད་པར་ཡང་།། དངོས་གྲུབ་དམ་པ་ཐོབ་པར་འགྱུར།། སྒྲུབ་པ ་རྣམས་ལ་དམ་ཚིག་ནི། ། གལ་ཏེ་སྦྱིན་པར་བྱ་ན་ཡང་།། དེ་ཚེས་ནི་རབ་སྦྱངས་ན།། ཐོག་མར་སྤོས་ཆུས་གདབ་པར་བྱ།། ཀུན་ཏུ་ཟླུམ་པོ་ཞེས་བྱ་བའི།། དཀྱིལ་འཁོར་འདི་ནི་ལོགས་ཤིག་ཏུ།། ་ཀུན་ཏུ་ཟླུམ་པོར་བྲི་བར་བྱ།། ཚོན་ཅི་ནག་པོར་ལེགས་བྲིས་ཏེ།། ནུབ་ཕྱོགས་སོ་བཏང་ཁྲུ་དོ་ཙམ།། དེ་ཡི་དབུས་སུ་མཆོག་བྲི་བ།། འཆིང་ཤིང་ལྡེམ་བག་ཅན་གྱི་ལུས།། མར་སྤྲིན་དང་ནི་བུང ་བའི་མདོག། འཇམ་ཞིང་མཉེན་པ་དཔལ་དང་ལྡན།། གསེར་གྱི་དྲིལ་བུའི་སྒྲ་དང་ལྡན།། གཡག་རྔའི་བསིལ་ཡབ་གཡོབ་པ་ཅན།། ཨ་ཛ་ན་ཡི་རི་ལྟ་བུའི།། མ་ཧེ་ཆེན ་པོ་དམ་པ་ནི། ། དཀྱིལ་འཁོར་དམ་པ་དེ་བྲིས་ཏེ།། བསྲུང་བ་ཆོ་ག་བཞིན་བྱས་ནས།། སྔགས་ཤེས་པས་ནི་མཆོད་བྱས་པ།། ཆོ་ག་བཞིན་དུ་འདིར་བཤད་དོ།། སྤྱན་དྲངས་གདན་དུ་བསྟབ ་པ་དང་། ། ཨརྒ་གཏོར་མས་མཆོད་པ་དང་།། མར་མེ་བདུག་པ་བསྟན་པ་དང་།། ཐ་མར་སླར་ཡང་གཤེགས་བསྟན་པའོ།། གཟུགས་དགོད་པ་དག་ཐོག་མ་རུ།། ལྷ་དགོད་པ་དག་ཡིག ་འབྲུས་བསྐྱེད། ། ས་བོན་གྱིས་ནི་ཚུལ་བཞིན་བཤད།། དེ་ལས་དང་པོར་ཐམས་ཅད་ནི།། ས་བོན་ཁྲོ་བོའི་གཟུགས་ཡིན་ཏེ།། དེ་ཉིད་ཕལ་ཆེར་རབ་ཏུ་གྲགས།། གཅིག་པུ་མཚོན་ཆ་དུ ་མའི་མདོག། དེ་ཉིད་དེར་ནི་བརྟན་བྱ་བའི།། རྟག་ཏུ་མཚོན་ཆའ་བར་བྱེད་པ།། དེ་ཡི་གཟུགས་འདིར་གཅིག་པུ་ལ།། ས་བོན་གྱིས་ནི་བསྐུལ་བའི་ཞལ།། དྲིལ་བུའི་ས་བོན་དྲུག་རྣམས ་ཀྱིས། ། སྒྲ་དེ་རྣམས་བཞིན་སྤོགས་པར་བརྟག། འདི་ནི་ཁྲོ་བོའི་ཞལ་ཡིན་གསུངས།། འདི་ནི་ཐོག་མ་ཉིད་ཀྱི་གཟུགས།། དེ་ཡི་མཐུ་ཡང་ཅི་འདྲ་བ།། ཚུལ་བཞིན་དུ་ཡང་འདིར་བཤད་དོ།། ་གང་གིས་དྲན་པ་ཙམ་གྱིས་ནི།། བདུད་དཔུང་གདུག་པའི་གདོན་ལ་སོགས།། མཐུ་རྩལ་གནོད་པས་ཉམས་ནས་སུ།། འཇིགས་ཤིང་སྤ་བཀོང་བྱེད་པར་འགྱུར།། ཟུང་ཞིག་པ་ཡི ་ཚིག་གཉིས་ལྡན། ། ཞལ་ཡང་གདངས་ཤིང་འབར་བ་ཅན།། སྙིང་པོ་དག་པར་རབ་ཏུ་གཞག། མཚོན་ཆ་འདེབས་པའི་མཐུ་རྟུལ་ཅན།། དེ་ལྟར་ཁྲོ་བོ་རྒྱལ་བའི་གཟུགས།། ས་བོན་ཞེས ་སུ་བྱ་བ་ཡི། ། སྔགས་ཀྱི་དངོས་པོ་ཤེས་ནས་ནི།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། མཚོན་ཆ་བ་ཕངས་པ་ཙམ་གྱིས་ནི།། དེ་ཡིས་ཀུན་ཏུ་བསྲུང་བར་བྱ།། ས་བོན་བཀོད་པའི ་ཚུལ་བཞིན་དུ། ། བདག་གི་ལུས་ལ་སྦྱར་བར་བྱ།། གཟུགས་ནི་གཟུགས་ལ་བཞག་ནས་སུ།། མཚོན་ཆ་དེ་ཉིད་ལག་ན་ཐོགས།། ས་བོན་རྣམས་ཀྱང་ཁར་བཞག་སྟེ།། རྐང་པ་གཉིས་ཀྱང ་ཚམ་རྔམ་བྱ། ། དེ་ནས་ཀུན་ཏུ་ཁྲོས་ནས་སུ།། རང་གི་ས་བོན་ད་གོད་པར་བྱ།། ཐོག་མ་བདག་ལ་མ་ཡེངས་པར།། བསྲུང་བ་དེ་ལྟར་བྱས་ནས་སུ།། དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ།། དེ་ནས ་མདུན་དུ་མཆོད་པ་བྱ། ། སྔགས་ཀྱི་སྙིང་པོ་ཐ་མ་ལ།། ཚུལ་གཤེགས་པ་ཡི་ཚིག་གཉིས་དང་།། རྟག་ཏུ་ལྡན་པར་བྱས་ནས་སུ།། སྤྱན་དྲང་བ་དག་བྱ་བར་བཤད།། མེ་ཏོག་དག་གི་གདན ་འདི་ལ། ། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ།། དེ་ལྟ་བུ་ནི་སྤྱན་དྲངས་ནས།། མེ་ཏོག་དག་གིས་སྔ་མ་བཞིན།། བཞུགས་ཤིག་པ་ཡི་ཚིག་གཉིས་ཀྱིས།། ཆོ་ག་བཞིན་དུ་བཞུགས ་སུ་གསོལ། ། ཁྲོ་བོའི་རྒྱལ་པོ་དེ་ལ་ནི།། བཞུགས་པར་བྱ་བ་བསྟན་པ་ཡིན།། མེ་ཏོག་སྔགས་ཀྱིས་བཏབ་པ་ཡིས།། དེ་ལྟར་བཞུགས་པར་བྱས་ནས་སུ།། ཨརྒ་འདི་ནི་བ་ཞེས་ཤིག ་ཅེས། ། རིག་གི་མཇུག་ཏུ་བརྗོད་ནས་སུ།། ཐོས་ནུ་མེ་ཏོག་བྱར་བ་ཡི།། ཨས་དེ་ལ་སྩལ་པར་བྱ།། མེ་ཏོག་བདག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཀྱིས ་བརྗོད་ནས་སུ། ། ཐོས་ཆུབབང་པོ་བཏབ་པ་ཡི།། མེ་ཏོག་དག་ནི་སྔོན་བཞིན་དངུལ།། སྔགས་པས་རྟག་ཏུ་ཚིག་མཇུག་ལ།། གཏོར་མ་བདག་གིས་ཕུལ་བ་འདི།། བཤེས་སུ་གསོལ ་ཞེས་བརྗོད་ནས་སུ། ། གཏོར་མ་སྣ་ཚོགས་དབུལ་བར་བྱ།། མར་མེ་བདག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད།། མར་གྱིས་ལེགས་པར་གང་བ་ཡི།། མར་མེ ་དག་ནི་དབུལ་བར་བྱའོ། ། བདུག་པ་བདག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད།། བདུག་བཟང་ཆུ་རྣམ་པ་ལྔ།། སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱ།། དེར ་ནིམཆོད་པ་བྱས་ནས་ཀྱང་། ། དཀྱིལ་འཁོར་དག་གམ་རི་མོ་ལ།། རང་གི་ཡན་ལག་བཀོད་པ་དག། དམ་ཚིག་ཅན་ལ་བསྟན་ནས་ནི།། མཐོང་བ་ཙམ་ནི་ཉིད་ཀྱིས་སུ།། རིག་འཛིན་དཿ ་ཚིག་ཅན་དུ་འགྱུར། ། དེ་ནས་རྟོག་པ་ལས་གསུངས་པའི།། ལས་རྣམས་མྱུར་དུ་བྱེད་པར་འགྱུར།། དེ་ལྟར་ཁྲོ་བོའི་རྒྱལ་པོ་ཡི།། མཆོད་པ་ལེགས་པར་བྱས་ནས་སུ།། སྒྲུབ་པ་པོས ་ནིམིམ་ཡེངས་པར། ། སྔགས་བརྗོད་སླར་ཡང་གཤེགས་སུ་གསོལ།། སླར་ཡང་གཤེགས་པར་མཛད་ནས་སུ།། སླར་ཡང་གཤེགས་པའི་ཚིག་གཉིས་བརྗོད།། མེ་ཏོག་སྙིམ་པ ་བཀང་ནས་སུ། ། ཕྱག་འཚལ་ཐར་ཡང་གཤེགས་སུ་གསོལ།། དཀྱིལ་འཁོར་དག་གམ་གསང་སྔགས་བརྫུས།། དེ་ནས་གཞན་ཡང་ཕྲག་རྒྱ་ནི།། རབ་ཏུ་འ་བར་བ་གཅིག་པུ་བཤད། ་གཤིན་རྗེ་གཤེད་ཅེས་བྱ་བའི་ལྔ།། གང་གིས་གྲུབ་པར་གྱུར་པའོ།། ལག་པ་གཡས་པའི་སོར་མོ་ཡིས།། མཐེ་བོང་སྦས་ཏེ་གྱེན་དུ་ནི།། བསྒྲེང་བར་བྱ་བའི་ཕྱག་རྒྱ་འདི།། བེ་ཅོན་ཞེས་ནི ་གྲགས་པ་ཡི། ། ལྷ་ཉིད་ཀྱི་ནི་སྔགས་ལྡན་པས།། ལས་རྣམས་ཀུན་ལ་བཅིང་བར་བྱ།། སྤྱན་དྲངས་པ་དང་མཆོད་པ་དང་།། གཤེགས་སུ་གསོལ་དང་བཞུགས་པ་དང་།། ལས ་རྣམས་བྱ་བའི་ཚེ་དག་དང་། ། གཞན་ཡང་རྒོལ་བ་བྱུང་བའི་ཚེ།། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན་རྗེ་གཤེད་ཀྱང་ལྷ་བཟླས་སོ།། སྔགས་པའི་རྒྱལ་པོའི་དྲུང་འགྲོ་ན།། ་མགོ་བཏུད་པུས་མོ་གཙུག་ནས་སུ།། གདོན་མི་ཟ་བར་དབང་འགྱུར་བ།། བདག་ཉིད་དང་ནི་ནོར་གྱིས་སོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཐམས ་ཅད་ཀྱི་ཕྱི་མའི་ཕྱི་མ་ལས། ། ཁྲོ་བོ་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྒྱལ་པོ་རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བའི་ལེའུ་བཅུ་བདུན་པ་རྫོགས་སོ།། ། ་མ་མེ་མཱ་མི་མུ་མུ་མུ།། མུ་མི་མཱ་མ་མ་ཡི་གེ་ཟུང་།། ཐོག་མ་ཐ་མ་ཟུང་གཅིག་ཏུ།། ཟུང་དང་བསྣོལ་བའི་བྱེ་བྲག་གིས།། སྦྱར་བར་བྱ་བ་འདིར་བཤད་དོ།། ས་བོན་ཞེས་བྱ་དཀྱིལ་དུ ་གཞག། ཁྲོ་བོ་དག་ནི་སོ་སོ་རུ།། ཟུང་མའི་ཟུང་མིན་ཚིག་འདི་ལ།། ཟ་མའི་ཟུང་ནི་མ་ཡིན་ནོ།། ཟུང་མའི་ཟུང་མཆིག་འདི་ལ།། ཧེ་ཧེ་ཧ་ཧ་ཎི་ཀྱི་ཎི་ཧི་པ་པ་6 ་ཞེས་གཉིས་སྦྱར་བ། ། ཁྲེ་ཚོན་ཚིག་གི་ཐོག་མར་བཅས།། ཨོཾ། ཨོཾ་དང་སྭཱ་ཧཱ་ཕྱག་འཚལ་བཞག། རྒྱས་པར་འདོད་པས་དགའ་བཞིན་དུ།། མེལ་ཚེ་ཐུན་གཅིག་རྟག་ཏུ་བཟླས།། རི་མོ་ལ། ་ཆོ་ག་བཞིན་དུ་སྒྲུབ་པ་ཡིས།། རྟག་པར་མཆོད་པའི་ཆོ་ག་འདི།། མནོ་རུ་བསྡུས་ནས་བཤད་པ་ཡིན།། བཟླས་པ་དང་ནི་ཧོམ་དག་དང་།། བརྟུལ་ཞུགས་དཀའ་ཐུབ་མ་བྱས་ཀྱང་།། སྔགས ་ཀྱི་དངོས་འདི་ཤེས་ནས་ནི། ། མཆོད་པ་འབའ་ཞིག་དབུལ་བར་བྱ།། འདི་ལ་མཆོད་པ་བྱ་བ་ཉིད།། ཁྲོ་བོའི་རྒྱལ་པོ་རྟག་པ་རུ།། མཉེས་བྱས་ཡིན་པར་གང་ཤེས་པ།། སྔགས་པས ་དངོས་གྲུབ་ཐོབ་པར་འགྱུར། ། རྟག་ཏུ་སྔགས་པས་སེམས་པ་དང་།། རྟག་ཏུ་སྔགས་ཀྱི་བདག་ཉིད་འགྱུར།། རྟག་ཏུ་ཡིད་ལ་ཞེན་པ་དང་།། རྟག་ཏུ་མཆོད་ལ་བརྩོན་པ་དང་།། རྟག ་ཏུཁྲོ་བོར་འདུ་ཤེས་པ། ། ལས་རྣམས་ཐམས་ཅད་གྲུབ་པའི་ཕྱིར།། ཆོ་ག་མདོར་བསྡུས་འདི་བཤད་པའོ།། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། གསང ་བའི་རྟོག་པར་གཏོགས་པ་སྟེ་དང་པོའོ། ། ། མ་མེ་མཱ་མི་མཱུ་མུ།། མཱུ་ནུ་ལེ་ནཱ་མེ་མ་ནི།། ཡི་གེ་ཟུང་དང་ཡ་བྲལ་བྱེ་བྲག་གིས།། ཐོག་མ་ཐ་མ་ཟུང་གཅིག་ཏུ།། འཁོར་ལོ ་འདི་ནི་ཅི་རིགས་པར། ། སྦྱར་བར་བྱ་བ་འདི་བཤད་དོ།། ས་བོན་ཞེས་བྱ་དཀྱིལ་འཁོར་གཞག། ཁྲོ་བོ་དག་ནི་སོ་སོ་རུ།། དབང་དང་ཁོན་དང་གསད་པ་དང་།། དེ་བཞིན་བསྐྲད་དང་ཞི་བ ་དང་། ། ཡང་ན་རྒྱས་པར་བྱ་བའི་ཕྱིར།། ཟུང་དང་བསྣོལ་བས་མྱུར་དུ་འགྲུབ།། ཁྲོ་བོ་ཞེས་བྱའི་དཀྱིལ་འཁོར་ནི།། དཀྱིལ་དུ་བཞག་སྟེ་སོ་སོ་རུ།། ཟུང་ཞིག་ཚིག་གཉིས་ཐ་མར་གཞག། ་ཆེ་གེ་མོ་ཞིག་དབང་དུ་བྱོས།། མཚོན་ཆ་མེད་པའི་ས་བོན་གཞག། སྭཱ་ཧཱའི་ཚིག་ནི་བར་བར་གཞུག། བསྒྲུབ་པར་བྱ་བའི་གཟུགས་བྱས་ནས།། དེ་ལ་རྐང་པས་བརྫི་ནི།། སྔགས ་པས་འགྲེང་སྟེ་འདུག་པ་ནི། ། རྐང་སྐྱོ་བ་ཡི་བར་དུ་བྱ།། རྒྱལ་པོ་དབང་དུ་མ་གྱུར་པ།། དེ་ཡི་དབང་དུ་མྱུར་དུ་འགྱུར།། གཅིག་པུ་དེ་ལ་སྤོས་ནས་སུ།། མྱུར་དུ་གོ་རིམས་བཞིན་གཞག་པའོ།། ་ས་བོན་གཉིས་པའི་གནས་ལ་ནི།། གནས་ནས་གདོང་ཡང་བསྒྱུར་ནས་སུ།། ཟུང་ཞིག་ཚིག་གཉིས་མཐའ་མར་གཞག། ཆེ་གེ་མོ་ཡི་མཛའ་བོ་དེ།། སྡང་བར་གྱུར་ཅེས་མཐའ་མར་བྱ།། ་སྐྲག་པར་བྱ་བ་ཅུང་ཟད་མེད།། བསྒྲུབ་པར་བྱ་བ་གཉིས་ཀ་ཡི།། གཟུགས་ནི་འཇིགས་པའི་ལས་བྱེད་དེ།། གཅིག་ཏུ་དཔའ་བར་མཉམ་ལྡན་པར།། གཉིས་ཀ་ལ་ཡང་རྐང་པས་མནན།། ་སྔགས་མཁན་དེ་ལ་གནས་པ་ཡིས།། མེལ་ཚེ་ཐུན་ནི་ཕྱེད་ཙམ་གྱིས།། དེ་ནས་སྒྲུབ་པ་འདོད་པ་བཞིན།། དེ་གཉིས་ཕན་ཚུན་དགྲར་གྱུར་པས།། ཁྲོ་བོ་རིམ་བཞིན་བསྒོམས་པས་ནི།། ་ལན་ཅིག་བྱས་པ་ཙམ་གྱིས་འགྱུར།། ས་བོན་གཉིས་པ་དེ་ལས་ཀྱང་།། དྲག་པོ་རྩལ་གྱིས་སྤོས་ནས་དེ།། ཁྲོ་བོ་ཆེན་པོ་མིག་རྩ་དམར།། གནས་ནི་གསུམ་པ་ལ་གནས ་ཏེ། ། གཡོན་པའི་གནོན་པས་མནན་པས་ནི།། དྲག་པོ་ཤུགས་ཅན་མ་ལུས་མནན།། ཁ་དང་བརླ་དང་རྒྱབ་ཀྱང་བསྒྱུར།། དྲིལ་བུ་དཀྲོལ་བའི་སྒྲ་མྱུར་འགྱུར།། ཕྱིས་ཀྱང་རིམ་གྱིས་འདི་ལ ་གནས། ། ལོགས་ཤིག་ཁྲོ་བོའི་འཁོར་ལོའི་བཀས།། རྐང་པའི་ཚམ་རྔ་མ་དེ་བཞིན་བྱས།། གདོང་ཡང་དལ་བུས་བསྒྱུར་ནས་སུ།། དང་པོའི་ས་བོན་གང་ཡིན་པའི།། དབང་དུ་བྱེད་ལ་རྒྱས་པར ་འགྱུར། ། དེ་ཡི་མཐའ་ཡང་ལྷན་ཅིག་ཏུ།། མེ་དང་འདྲ་བ་འབར་བ་སྟེ།། ཀུན་གྱིས་ལས་ནི་གྲུབ་འདོད་ན།། ཤིན་ཏུ་ལེགས་པར་སྦྱར་བར་བྱེད།། དེ་ཡི་ཟུང་མས་བསྐུལ་བ་ཡང་།། སོ་སོའམ ་གཅིག་ཏུའང་རུང་བར་བཤད། ། ཁྲོ་བོ་ཡི་ནི་འཁོར་ལོའི་མཐུ།། བརྒྱད་པ་དག་ལས་མྱུར་བར་གནས།། རིམ་པ་སྔ་མའི་ཚུལ་གྱིས་ནི།། ཁོན་པའི་ས་བོན་དག་གིས་བསྐུལ།། ས་བོན ་ཟུང་མས་བསྐུལ་བ་ཡང་། ། བརྒྱད་པ་འབྱེད་པར་སྒྲུབ་པ་ལ།། མཛའ་བམྱུར་དུ་བཟློག་པའི་ཕྱིར།། ཆོ་ག་བཞིན་དུ་རིམ་པར་སྦྱར།། རིམ་པ་སྔ་མའི་ཚུལ་བཞིན་དུ།། མྱུར་དུ་གསད་པར ་འདོད་པ་ཡིས། ཁྲོ་བོ་ཡི་ནི་འཁོར་ལོ་གནས།། དགུག་པ་ཨཱ་བི་ཙ་ར་ཡི།། ཆོ་ག་འདི་ཡིས་དགྲ་བོ་དག། མྱོས་པར་བྱས་ནས་འཇིག་པར་འགྱུར།། ལྷ་རྣམས་ཀྱིས་ནི་སྦས་པ་ཡང་།། གཤེད ་པོའི་དྲུང་དུ་ཁྲིད་པར་འགྱུར། ། རིམ་པ་སྔ་མའི་ཚུལ་གྱིས་སུ།། ཁྲོ་བོ་ཡི་ནི་འཁོར་ལོའི་གནས།། བཅུ་པ་དག་ལ་རིམ་གྱིས་གནས།། དྲག་ཤུལ་ཅན་གྱིས་དྲག་ཏུ་མནན།། དེ་ཡི་ས་བོན་གྱིས ་ཀྱང་ཕྱེ། ། སྔོན་གྱི་ས་བོན་རབ་འབར་བ།། སྔ་མ་བཞིན་དུ་རིམ་གྱིས་བཟླས།། སྔར་བཤད་པ་ཡི་ལས་སྒྲུབ་བོ།། འཁོར་ལོ་རིམ་པ་བཅུ་གཅིག་པོ།། གང་ཡིན་པ་ནི་དེ་བཟུང་ནས།། དེ་ནས ་ཞི་བར་བྱེད་པ་ཡི། ། ས་བོན་དེ་ཡིས་བསྐུལ་བར་བྱ།། སྔ་མ་བཞིན་དུ་བསྐུལ་བ་དང་།། སྔ་མའི་ལས་ནི་བྱེད་པར་འགྱུར།། ཞི་བ་དག་ལ་གང་གསུངས་པ།། རྒྱས་པ་དག་ལ་སྦྱར་བར་བྱ།། ་འཁོར་ལོ་ཡི་ནི་གནས་ཀྱི་མཆོག། བཅུ་གཉིས་པ་ལ་གནས་ནས་སུ།། དེ་ཡི་ས་བོན་བསྐུལ་བར་བྱས།། བདག་གི་མཐུ་རྩལ་གནོད་བརྟགས་པས།། ས་བོན་ཟུང་མ་སྦྱོར་བ་ཡིས།། ས་བོན ་མཐུ་ནི་འབར་བ་ཅན། ། འཁོར་ལོ་བཀོད་པའི་ལས་རྣམས་ནི།། སྔོན་གསུངས་པ་དག་གྲུབ་པར་བྱ།། དེ་ལྟར་ཁྲོ་བོའི་འཁོར་ལོ་ནི།། ཆོ་གར་བཅས་པ་རྒྱས་པ་དག། གསང་བ་བསྐུལ་མར ་བཅས་པ་ཡི། ། སྦྱོར་བ་མ་ལུས་བཤད་པ་ཡིན།། ས་བོན་ཟུང་མས་བསྐུལ་བ་གང་།། གཉིས་པ་རབ་ཏུ་གྲགས་པ་ཡིན།། དེ་འདིར་ས་བོན་གཉིས་པ་ཡིན།། མྱུར་དུ་གྲུབ་པར་འགྱུར་བར ་བཤད། ། ཐ་མའི་ས་བོན་ཐམས་ཅད་ལ།། ཕུལ་བའི་ཚིག་གཉིས་རྟག་ཏུ་སྦྱར།། ཟུང་མའི་ཟུང་མའི་ཚིག་འདི་ལ།། ཡ་ཐ་དག་དང་ཐ་མ་རུའོ།། འཁོར་ལོ་བཀོད་པ་བསྟན་པ་འདི།། ་ལྟར་རིམ་པར་ཤེས་ན་ནི།། སྦྱིན་སྲེག་བཟླས་བརྗོད་མ་བྱས་ཀྱང་།། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ཐོབ།། ཁྲོ་བོའི་འཁོར་ལོ་གསང་བ་ནི།། འདི་མི་ཤེས་པར ་གང་སྦྱོར་བ། ། དེ་འདི་དངོས་གྲུབ་མི་འཐོབ་ཀྱི།། མྱུར་དུ་སྐྱོ་བ་ཐོབ་པར་འགྱུར།། མ་མཻ་མ་མཱི་མུ་མཱུ་དྲུག་རྣམས་ཀྱིས།། དབང་དང་ཁོ་ན་དང་གསད་པ་དང་།། བསླད་དང་ནི་རང་རྒྱས་པའི་མཐར།། ་མཁས་པ་དག་གིས་བསྒྲུབ་པར་བྱ།། དེ་དག་ཉིད་ལ་བཟློག་པ་ཡིས།། དེ་བཞིན་དུ་ནི་བསྐུལ་བར་བྱ།། ཇི་སྐད་གསུངས་པ་འདི་རྣམས་ནི།། མ་གྲུབ་ན་སྟེ་གཞན་དུ་མེད།། དེ་ལ་མུ་མུ་མི་མ་མེ་ནི།། ་མནི་རྒྱས་མཐར་དེ་བཞིན་དུ།། འཁོར་ལོའི་རྩིབས་ཀྱི་གནས་རྣམས་ནི།། དེ་དང་དེ་དག་གཉིས་སུ་སྦྱར།། དེ་བཞིན་འཁོར་ལོའི་ནང་དུ་ཡང་།། ཁྲོ་བོ་སྐུ་མཆོག་ས་བོན་ཡང་།། བཞག ་ནས་ཚིག་གི་མཐའ་མར་ཡང་། ། ཁྲོ་བོའི་དྲིལ་བུ་དཀྲོལ་བ་དགོད།། འཁོར་ལོའི་མུར་ན་ནང་དག་ཏུ།། ཟུང་ཞིག་པ་ཡི་ཚིག་གཉིས་བརྗོད།། མཁས་པས་འཁོར་ལོའི་མིག་གི་ནང་།། ས ་བོན་བཀོད་པ་རྣམས་ལ་གན། ། ཁྲོ་བོའི་འཁོར་ལོ་བསྒྲགས་པ་ནི།། ཤེས་ན་ཇི་སྐད་བཤད་པ་ཡི།། དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར།། དངོས་གྲུབ་ཚུལ་བཞིན་ཐོབ་འགྱུར་བ། ་དེ་ཡི་སྦྱོར་བ་བཤད་པར་བྱ།། ཐོག་མར་ཕྱག་རྒྱ་བཅིངས་ནས་སུ།། སྐུ་ནས་སྐུ་ནི་སྐུར་བསྒྱུར་ཏེ།། ལས་རྣམས་ཚུལ་བཞིན་མཐོང་བ་ཡིས།། སྦྱོར་བ་དག་ནི་ལེགས་པར་བྱ།། གདོང་དང ་ཁ་མིག་རྐང་པ་མཉམ། ། རབ་ཏུ་ཞིང་ཞི་བའི་སེམས།། སྙིང་ཡང་དེ་བཞིན་རབ་ཏུ་དགའ།། དབང་དུ་བྱ་བའི་སྔགས་གསུངས་པ།། ཤིན་ཏུ་མཉམ་པར་བཞག་པས་སྒྲུབ།། རྐང་པ་ལ་གཅིས ་ཐུང་ངུ་གཞག། གདོང་དང་ནུ་མཇིང་བཅུས་ཏེ་མནན།། ཁ་དང་མིག་ནི་ཡ་གཅིག་འཛུམས།། ཚམ་རྔ་མ་གནོན་པ་ཆེན་པོ་བྱས།། བེ་ཅོན་ལ་ནི་མིག་གིས་བལྟ།། བསྒྲུབ་པར་བྱ་བ་བསྒྲུབ ་ལ་འབད། ། གང་དག་དབྱེ་བར་འདོད་པ་ཡིས།། དེ་དག་དབྱེ་བ་བརྩམ་པར་བྱ།། རྐང་པ་གཉིས་པ་བཏེག་པ་ཡིས།། ཚམ་རྔ་མ་བྱ་བ་སླར་ལ་བཞག། བཞིན་བསྙེར་ཕྱག་རྒྱ་བཅིངས་ནས ་སུ། ། ཁྲོ་བར་ལྟ་ཞིང་ཡིད་ཀྱང་ཁྲོས།། རབ་ཏུ་དཔའ་བ་སན་དང་བཅས།། རྩལ་གྱིས་གནོན་པར་རབ་ཏུ་འདུད།། སྔགས་པ་སྔོན་བཞིན་སྔགས་ཚུལ་གནས།། གང་འདོད་པ་ནི་གཞོམ་པར ་བྱ། ། དེ་ལ་རྐང་པ་ཡ་གཅིག་ཀྱང་།། དྲག་ཤུལ་ཅན་དུ་བརྐྱང་སྟེ་གཞག། གཟུར་ཏེ་འདུག་པའི་ཚུལ་དུ་གནས།། གདོང་ཡང་ཡོན་པོར་བསྙེར་བར་བྱ།། མཛུབ་མོ་བསྒྲེང་སྟེ་གདེངས ་པ་དང་། ། བེ་ཅོན་ཕྱག་རྒྱ་དག་གིས་བསྡིགས།། དགྲ་དག་བསྤྱད་པར་འདོད་ན་ནི།། མྱུར་དུ་བསྐྲད་པར་བྱ་བར་འགྱུར།། དེ་ནས་རྐང་པ་མཉམ་པར་གཞག། ལག་པ་གཡས་པ་མཐོ ་བར་བྱ། ། དཔའ་དང་ལྡན་པས་གཡོན་པ་སྨད།། ཞི་བར་འདོད་ན་ཞི་བར་འགྱུར།། ཕྱེད་ནི་དམའ་བར་བཀུག་སྟེ་གནས།། རྐང་པ་གཡས་པས་ཚམ་རྔམ་བྱེད།། སྔགས་ཚུལ་གནས ་པས་བསྒྲིམས་ན་ནི། ། རྒྱས་པར་འདོད་ན་ཐོབ་པར་འགྱུར།། སླར་ཡང་དེ་བཞིན་ཤེས་བྱ་བ།། བཟློག་སྟེ་བྱ་བ་གཞན་དུ་མེད།། གྲུབ་པ་བདག་ཉིད་ཆེན་པོ་ཡི།། ཚམ ་རྔམ་རིམ་པ་དྲུག་གསུངས་པ། ། དང་པོའི་མིང་ནི་ལོག་པར་ཕྱོགས།། དེ་ཡི་འོག་མ་རྒྱབ་ཀྱིས་ཕྱོགས།། དེ་བཞིན་ཚ་མཇམ་གསུམ་པ་ནི།། ཁྲོ་བོ་ཆེ་ཞེས་བསྒྲགས་པ་ཡིན།། བཞི་པ་མཛུབ ་མོ་བསྒྲེང་བ་ཡིས། ། ལྔ་པ་ལ་ནི་སྟོབས་ཞེས་བྱ།། དྲུག་པ་སྟོབས་པོ་ཆེ་ཞེས་བྱ།། འདི་རྣམས་ཚམ་རྔམ་དྲུག་ཏུ་བསྒྲགས།། ཚམ་རྔ་མ་དངས་པ་བྱས་པ་ཡིས།། དགྲ་ཡི་འཁོར་རྣམས་གཡེན ་སྤྱོ་བ། ། འཁོར་ལོའི་མཆོག་ལ་གོམས་བྱེད་པས།། གྲགས་པ་ཆེན་པོ་ཐོབ་པར་འགྱུར།། ཁྲོ་བོ་ཆེན་པོས་གསུངས་པ་ཡིས།། རབ་གསུངས་པ་ཡི་རྒྱུད་འདི་དཀོན།། ཁྲོ་བོ་རྣམ་པར་རྒྱལ་བ ་འདི། ། དེ་བས་ཡང་ནི་ཤིན་ཏུ་དཀོན།། གསང་བའི་རྟོག་པ་བཟང་པོ་འདི།། ཀུན་ཏུ་དངོས་གྲུབ་ཀུན་སྦྱིན་པར།། གསང་བའི་རྟོག་པ་དེ་བས་ཀྱང་།། འཁོར་ལོ་འདི་ནི་ཤིན་ཏུ་དཀོན།། ་ཧོམ་དང་ལྡན་པ་ཡོང་མི་དགོས།། སྔོན་དུ་བསྟེན་པ་བྱ་མི་དགོས།། ཁྲོ་བོའི་རྒྱལ་པོའི་བརྟུལ་ཞུགས་དང་།། དཀའ་ཐུབ་དྲག་པོའང་བྱ་མི་དགོས།། བསམ་གཏན་སྦྱོར་བའང་མི་དགོས་ཏེ། ་གང་ལ་འཁོར་ལོ་འབའ་ཞིག་ཡོད།། གང་གསུངས་པ་ཡི་དངོས་གྲུབ་ནས།། དེ་མ་ཐག་ཏུ་དངོས་གྲུབ་ཐོབ།། དེ་བསང་ནི་ནི་གསང་བྱས་ནས།། ཐམས་ཅད་སྒྲུབ་པའི་སྒྲུབ་པ་པོས།། ་བདག་གི་དོན་མཆོག་གང་འདོད་པ།། ཤིན་ཏུ་ལེགས་པར་བསྒྲུབ་པར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། གསང་བའི་རྟོག་པ་གཉིས་པའོ།། ཁྲོ་བོའི ་རྒྱལ་པོའི་དངོས་གྲུབ་ནི། ། སྣ་ཚོགས་ཐོགས་མེད་ཐ་དད་པ།། སྔགས་པ་འདོད་ན་ཆོ་ག་མཆོག། དང་པོར་བྱས་ན་དངོས་གྲུབ་ཐོབ།། རབ་ཏུ་གསང་བའི་སྔགས་འདི་ནི།། རེ་ཞིག་འདི ་ཡི་མཚན་ཉིད་ནི། ། གཞན་དག་འདིར་ནི་བཤད་པར་བྱ།། དེ་ཡི་ལས་ནི་གང་གསུངས་པ།། གང་དག་ཕྱིས་ཀྱང་གྲུབ་འགྱུར་བ།། དཔའ་བོ་གཅིག་པུ་འབའ་ཞིག་གིས།། ཐམས ་ཅད་ཉིད་དེ་གང་གསུངས་པ། ། ཐམས་ཅད་དེ་ནི་བཤད་པར་བྱའོ།། སྔགས་དེ་ས་ལས་རྣམས་ཀུན་བྱས་པས།། རྒྱུད་ལ་དངོས་གྲུབ་གང་གསུངས་པ།། དཔའ་བོ་གཅིག་པུའི་མཐུས ་ཀྱང་འགྲུབ། ། ཨོཾ་ནི་དེ་ཡི་ཐོག་མ་སྟེ།། བདེ་བར་གཤེགས་པའི་དམ་ཚིག་ཡིན།། ཐོག་མ་དང་ནི་གཉིས་པ་ཡང་།། དྲག་པོའི་རྩེག་གི་ཕུལ་བའི་ལུགས།། ཀླད་ཀྱི་འཁོར་གྱིས ་མནན་པའི་རིགས། ། སྔགས་ཀྱི་ཡི་གེ་འཕྲེང་བཀོད་ལ།། སྔགས་རྣམས་ཐམས་ཅད་གསལ་བྱེད་པ།། ཁྲོ་བོའི་རྒྱལ་པོའི་སྙིང་ངོ་ནི།། གསུམ་པོ་དེ་ནས་སྦྱར་བར་བྱ།། དེ་ནས་ཁྲོ་བོའི་རྒྱལ་པོ ་ཡི། ། སུ་ནི་དེ་ཡི་འོག་ཏུ་བསྟན།། སྔགས་པས་སྔགས་རྣམས་ཀུན་གྱི་མཚན།། དེ་དག་རྟག་ཏུ་རིག་པར་བྱ།། ཐོགས་པ་མེད་པའི་སྔགས་རྣམས་ནི།། བདག་ཉིད་ཆེན་པོ་ཐམས་ཅད ་ཀྱིས། ། བསྲུང་ལ་སོགས་པའི་ལས་རྣམས་སུན།། གོ་རིམས་བཤད་པ་བཞིན་དུ་བྱ།། ཐམས་ཅད་བདག་ཉིན་ཆེན་པོ་འདིས།། བསྲུང་བ་དག་ནི་བྱས་ནས་སུ།། རྔོན ་ཀྱི་ཚུལ་བཞིན་རབ་དབེན་པ། ། སྐུ་གཟུགས་དོན་མཆོག་གཞན་ནས་ནི།། ཆོ་ག་ཇི་སྐད་སྔར་གསུངས་པ།། ཆོ་ག་བཞིན་དུ་མཆོད་པ་བྱ།། ཉིན་རེ་མེ་ཏོག་འཕྲེང་བ་ལ། ལན་བདུན་བཟླས་པ ་རྣམས་ཀྱིས་མཆོད། ། མཆོད་ནས་ཀ་ར་ལླཱི་ར་ཡི།། མེ་ཏོག་དམར་པོ་ཁ་བུས་པའི།། བརྒྱ་ནི་རྩ་བརྒྱད་གྲངས་རྣམས་ཀྱིས།། བུ་དྲོན་ལ་ནི་ཕོག་པར་དབུལ།། ཆོ་ག་འདི་ནི་དུས་གསུམ་དུ།། ་ཟླ་བ་གཅིག་ཏུ་བྱས་ནས་ནི།། ཁྲོ་བོ་མངོན་སུམ་ཉེ་གྱུར་ནས།། རྨི་ལམ་དུ་ནི་དངོས་གྲུབ་སྟེར།། ཆོ་གང་དི་ལྟར་སྔར་བྱས་ན།། གང་འདོད་པ་ཡི་དགོས་པ་དག། དེ་ཚེ་གདོན་མི་ཟ་བར་འགྲུབ།། ་དེ་ཡི་ཆོ་ག་མཆོག་བཤད་པ།། དེ་ལྟར་ཟླ་གཅིག་བསྙེན་བྱས་ན།། མི་ཡི་ལས་རྣམས་གང་བྱ་བ།། དེ་ཡི་ཆོ་ག་མདོར་བསྡུས་ནས།། ད་ནི་ལེགས་པར་བཤད་པར་བྱ།། དེ་ནས་དང་འགྲོ་དང ་སྦྱོར་བའི། ། དུག་ནི་རྣམ་པ་གསུམ་དག་དང་།། གདོན་དང་འབྱུང་པོའི་གདོན་རྣམས་དང་། ལྟོ་འཕྱེ་སྲིན་པོར་བཅས་པ་འཇིག། བདག་གིས་བྱིས་པའི་ཕྱག་རྒྱའི་སྔགས།། སྦྱོར་བ་ལན ་ཅིག་བདག་གིས་གསུང་། ། ཡིད་ལ་བསམས་པ་ཙམ་གྱིས་ཀྱང་།། གཞན་དག་གིས་ཀྱང་མཆོད་པར་བྱེད།། བཞི་པའི་རིམས་ལ་སོགས་དེ་ཡང་།། ཐོས་པས་མྱུར་དུ་མེད་པར་བྱེད།། ་མ་དང་བྱིས་པའི་གདོན་རྣམས་དང་།། ཐལ་བབམ་ཡང་ན་སས་ཀྱང་རུང་།། བདག་ཉིད་དག་པར་བསམས་ནས་ནི།། བདག་དགར་ཕབ་ནས་དགོས་པའི་དོན།། གང་དང་གང་དག་འདོད་པར་ནི།། ་བསྒོམས་པས་དེ་དང་དེ་དག་བྱེད།། ཡིད་ལ་བསམས་པས་དེ་དག་ཐར།། རྡོ་ལ་ལན་གསུམ་བཟླས་པ་ཡིས།། ཆུ་སྲིན་ཀུམ་བི་ར་ལ་སོགས།། མཆེ་བ་ཅན་དག་ཕྱོགས་མེད་པར།། ཆུ་བསལ ་བ་ཡི་མཆོག་ཏུ་འབྱུང་། ། འགྲོ་ཚེ་ཡིད་ལ་བཟླས་ན་ནི།། ལམ་ན་རྐུན་པོའི་འཇིགས་པ་མེད།། སེང་གེ་སྟག་དང་དགྲ་རྣམས་དང་།། ནད་ཀྱིས་འཇིགས་པ་མེད་པར་འགྱུར།། རྒྱལ་པོའི་དྲུང ་དུའགྲོ་ན་ཡང་། ། སྔགས་ཀྱིས་སྤྱི་གཙུག་བཅིངས་ན་ནི།། རྒྱལ་པོ་ཁྲོས་པ་མྱུར་རབ་ཏུ།། བརྐྱང་དུས་ཐལ་མོ་སྦྱོར་བར་བྱེད།། གཤེགས་འགྱེད་པ་དང་རྒྱན་པོ་དང་།། མཚོན་དང་མེ་ཡིས ་འཇིགས་པ་ལ། ། ཡིད་ལ་དྲན་ཞིང་བཟླས་བྱས་ནས།། མི་བདེ་ཀུན་ལས་ཐར་པར་འགྱུར།། འཚེ་བ་ཐམས་ཅད་ཞི་བྱའི་ཕྱིར།། མི་བདེ་ཉམ་ཐག་གྱུར་པ་ལ།། སྔགས་འདི་མྱུར་དྲན ་བརྗོད་བྱས་ནས། ། སྤྲིན་དག་མནན་པར་བྱ་བ་དང་།། འདོད་བཞིན་མྱུར་དུ་སླར་ཡང་བཟློག། གནམ་ལྕགས་སེར་བ་འབབ་པ་ཡང་།། དབྱུག་པའི་ཕྱག་རྒྱས་ཞི་བར་བྱེད།། ཕྱག་རྒྱས ་བཅིངས་པ་དེ་ཉིད་ཀྱིས། ། ཡིད་ཀྱིས་སྤྲིན་རྣམས་དབབ་པར་བྱ།། དེ་ལྟར་ཕྱག་རྒྱས་བསྡིགས་ནས་ནི།། སྨིན་མཚམས་དག་ཀྱང་བསྒྱུར་བར་བྱ།། རྣམ་པ་དེ་དག་ཉིད་ཀྱིས་ནི།། གནམ ་ལྕགས་སེར་བ་གཅད་པར་བྱ། ། སྦྱོར་བ་མཁས་པས་ཅི་འདོད་པ།། ཆར་པ་དག་ཀྱང་གཅད་པར་བྱ།། གོས་ནི་སྔོན་པོ་བགོས་ན་ནི།། ཁོ་ར་ཁོར་ཡུག་བསྲུང་བྱས ་ནས། ། མིད་པ་ནུབ་པར་ཆུར་ཞུགས་ཏེ།། ཉིན་གསུམ་ལེགས་པར་བཟླས་བྱས་ནས།། བརྒྱ་བྱིན་གྱིས་ནི་སྤྲིན་བསྡུས་ནས།། འདོད་པ་བཞིན་དུ་ཆར་པ་འབེབས།། དེ་ནས་སྤྲིན་ཆེན ་ལས་བྱུང་བ། ། ཆར་པས་ས་སྟེངས་ཁྱབ་པར་འགྱུར།། ཉི་མ་ལ་ནི་མངོན་ཕྱོགས་ནས།། ཉིན་རེ་རྟག་ཏུ་བཟླས་བྱས་ན།། བདག་དང་དེ་བཞིན་གཞན་རྣམས་ཀྱི།། ནད་རྣམས་དེ་ནས་མེད་པར ་འགྱུར། ། རྒྱལ་པོ་དབང་དུ་བྱ་ཡང་རུང་།། ཡུངས་ཀར་དཀར་པོ་བཟང་པོ་ལས།། གཟུགས་བརྙན་ལེགས་པར་བྱས་ནས་སུ།། དེ་ཡི་གཟུགས་ཀྱི་སྟེང་འདུག་ལ།། གང་གི་མིང་སྨོས ་ཉིན་བདུན་དུ། ། བཟླས་བརྗོད་ལེགས་པར་བྱས་ན་ནི།། དེ་ནི་མྱུར་དུ་ཆོ་ག་འདིས།། བྲན་བཞིན་དུ་ནི་དབང་དུ་འགྱུར།། ཞག་གཅིག་སྨྱུང་བ་བྱས་པ་ཡིས།། དམངས་རིགས་དག་ནི་དབང ་དུ་འགྱུར། ། ཞག་གཉིས་སྦྱང་བ་དེ་བཞིན་དུ། བཟླས་ན་རྗེའུ་རིགས་འདོད་པ་བཞིན།། ཞག་གསུམ་བྱས་པས་རྒྱལ་རིགས་ཏེ།། ཞག་པ་ཞི་དག་གིས་བྲམ་ཟེ་དག། བཟླས་པའི་ཆོ་ག ་བཞིན་བྱས་ན། ། འདོད་པ་བཞིན་དུ་དབང་དུ་འགྱུར།། འབྲུ་དང་ཕུབ་མ་ཐམས་ཅད་ལས།། བུ་དང་བུ་མོ་གང་ཡང་རུང་།། དེ་བཞིན་གཟུགས་བརྙན་བྱས་ན་ནི།། དམངས་རིགས་ལ་ནི་མཚན ་གཅིག་གིས། ། རབ་ཏུ་སྡང་བ་བྱ་བར་འགྱུར།། རྔེའུ་རིགས་ལ་ནི་ཞག་གཉིས་ཀྱིས།། དེ་སྟེང་ཙོག་པུར་འདུག་ནས་ནི།། དེ་བཞིན་མཛའ་དང་བྲལ་བར་བྱེད།། ཉིན་ཞག་གསུམ་དང ་བཞི་དག་གིས། ། རྒྱལ་རིགས་དང་ནི་བྲམ་ཟེའོ།། ཇི་ལྟར་ཇི་སྐད་གསུངས་པ་ཡི།། ལས་ཀྱིས་བྱ་ཡི་གཞན་གྱིས་མིན།། གང་ཡང་རུང་བའི་གཟུགས་བརྙན་ནི།། དུར་ཁྲོད་སོལ་བས ་ལེགས་པ་རུ། ། སྔ་མ་བཞིན་དུ་ལེགས་པར་བྲི།། དེ་ནས་སེང་ལྡེང་ཕུར་བུ་ལ།། སྔགས་ཀྱིས་སྟོང་དུ་བཟླས་བྱས་ནས།། དེ་ཡི་འོག་ཏུ་ལུས་ལ་གད་།། དགྲ་བོ་དེ་ཡི་མིང་སྨོས་ནས།། ་དེ་ལ་ཁྲོས་པར་བྱས་ནས་སུ།། དེ་ནས་དེ་ཡི་སྙིང་ཁར་འདུག། ཕུར་བུ་བཏབ་སྟེ་བཟླས་བྱ་བ།། དེ་ཉིད་ལག་པས་བཟུང་ནས་སུ།། དུས་གསུམ་ཉི་མ་གསུམ་བྱས་ན།། དགྲ་བོ་གང་དུ ་བཏབ་པ་དེར། ། གཟེར་ཐབས་དྲག་པོས་བཏབ་ནས་སུ།། འགུལ་མི་ཕོན་པ་ར་ས་ལ་ལྟུང་།། ཞག་བདུན་ལོན་ནས་འཆི་བར་འགྱུར།། མ་མོའི་གནས་སུ་སོང་ནས་སུ།། ལག་པས ་བེ་ཅོམ་ཕྱག་རྒྱ་བཅིང་། ། ལག་པ་གཡོན་པའི་མཛུབ་མོ་ཡིས།། བསྡིགས་ཤིང་ཉི་མ་ནུབ་ནས་སུ།། ཁྲོས་ཤིང་དགྲ་ཡི་མིང་སྨོས་བཟླས།། དེ་ནས་དགྲ་བོ་མོ་གདོན་གྱིས།། ཟིན་ནས་སྤྱོད ་པ་སྣ་ཚོགས་པས། ། འཆི་བར་འགྱུར་བ་དག་ནི་བྱེད།། དེ་ནས་སྒྲུབ་པོས་ཞི་བ་ཡི།། ཆོ་གས་དེ་ལ་ཞི་བར་བྱ།། མ་མོ་རྣམས་ཀྱི་མདུན་འདུག་ནས།། ཞི་བའི་ཆོ་ག་མཁས་པ་ཡིས།། ་དབང་པོ་བསྡམས་ཤིང་ཡིད་བདེ་བས།། ཉིན་ཞག་གསུམ་དུ་བཟླས་བྱས་ནས།། དེ་ནས་དེ་ལ་ལས་དེ་ཡི།། ཞི་བར་འགྱུར་བ་གདོན་མི་ཟ།། ཉི་མ་ལ་ནི་མངོན་ཕྱོགས ་ནས། ། ལག་པས་དགྲ་བོའི་མགོ་བྱུག་ཅིང་།། དགྲ་ཡི་མིང་སྨོས་མནན་ནས་སུ།། ཉི་མ་ནུབ་ཏུ་བཟླས་བྱས་ན།། དེ་ཡི་ཀླད་པ་ན་འགྱུར་བ།། ཚབས་ཆེན་ཤི་ལ་ཐུག་པར་འགྱུར།། དེ་ནས ་ཐལ་མོ་སྦྱར་ནས་སུ། ། ཉིན་པར་ཟློས་ཤིང་ཞི་བར་བྱ།། ས་སྟེངས་རྐང་པ་གཅིག་གིས་འདུག། ཉིན་པར་ལག་པ་གྱེན་དུ་བརྐྱང་།། ཅི་དགའ་ཁྲོས་ཤིང་བབྲས་བྱས་པ།། དགྲ་ཡི་མིང ་སྨོས་ཅི་འདོད་པར། ། ཉི་མ་ནུབ་ཀར་དེ་ནས་དགྲ།། མི་དགའ་བ་དང་མྱོས་འགྱུར་ཏེ།། གཉེན་དང་མཛའ་བོ་རྣམས་བོར་ཏེ།། དེ་ནས་གཞན་གྱི་གནས་སུ་འགྲོ།། དེ་ལ་འདིར་ནི་ཞི་བའམ།། ་འོན་ཏེ་རྒྱས་པར་བྱ་འདོད་ན།། གཙང་སྦྲ་བྱས་ཏེ་གོས་དཀར་བགོས།། བདེ་ཞིང་བརྟན་པར་མ་གཡོས་པར།། མཆོད་པ་བཟང་པོ་བྱས་ནས་སུ།། དེ་བཞིན་གཤེགས་ལ་ཕྱག་འཚལ ་ནས། ། འོ་མ་བཏུང་ཞིང་བཟླས་བྱས་པ།། ཞི་བར་འགྱུར་གྱི་བར་དུའོ།། དེ་ལྟར་འདི་ནི་སྣ་ཚོགས་པ།། སྦྱོར་བཅས་རྒྱས་པར་བཤད་པ་ཡིན།། རྟོག་པའི་ཆོ་ག་བཞིན་དུ་ནི།། མ་གསུངས ་པ་ཡང་ལེགས་པར་སྒྲུབ། ། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་གསང་བའི་རྟོག་པར་གཏོགས་པ་གསུམ་པའོ།། ། དེ་ནས་གཞན་ཡང ་བཟང་པོ་འདི། ། ཧེ་ལའི་དཀྱིལ་འཁོར་རྒྱས་པ་ནི།། དེ་བས་བཟང་པོ་གཞན་མེད་པ།། ཇི་ལྟར་རིགས་པ་བཤད་པར་བྱ།། དང་པོར་ཧེ་ཞེས་གང་གསུངས་པ།། བསྐུལ་བའི་ས་བོན་ཐམས ་ཅད་པའོ། ། དེ་ནི་ལེན་དང་འཛིན་པ་སྟེ།། ལས་ལ་མྱུར་དུ་བསྐུལ་བའོ།། དེ་བས་ཐོག་མར་བསྐུལ་བ་དང་།། དོན་བཞིན་དུ་ནི་བཟུང་བ་ལ།། ཁྲོ་བོ་ཡི་ནི་རྒྱལ་པོ་ཡི།། ཧེ་ལའི་དཀྱིལ ་འཁོར་རིམ་བཞིན་བསྟན། ། ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ་གཉིས་སྦྱར་བ།། ཁྲོ་ཆེན་ཚིག་གི་ཐོ་ག་མར་སྦྱར།། ཟུང་ཞིག་པ་ཡི་ཚིག་གཉིས་པའོ།། ཟུང་དྲུག་འཁོར་ལོའི་མཐའ་མར ་དགོད། ། མུ་རན་རྩིབས་ཀྱི་མིག་རྣམས་སུ།། སྔགས་ལས་འབྱུང་བའི་རེ་རེའོ།། དོན་རྣམས་ཐམས་ཅོད་སྒྲུབ་པར་འགྱུར།། བཅུ་གཉིས་དག་ཏུ་གསུངས་པའི་སྔགས།། གནས་སུ ་ཇི་ལྟར་བཀོད་པ་དང་། ། ཇི་ལྟར་སྨོས་ཤིང་གང་གནས་པ།། སོ་སོའི་ལས་ལ་སྦྱར་བར་བྱ།། དེ་ནས་འདི་དག་བཀོད་པ་དེ།། སྔགས་རྣམས་བསྡུ་བ་ཚུལ་བཞིན་བཤད།། དེའི་ནང་མུ་རན ་གསུམ་པོ་དང་། ། དབུས་ཀྱི་མུ་རན་བཟང་པོར་ལྡན།། མཐའ་ཡི་མུ་རན་དྲུག་པོ་དང་།། རྩིབས་ཀྱི་ཟུར་དྲུག་རབ་བཟང་ག། རབ་དབེན་འདུ་འཛི་མེད་པའི་སར།། ཆོ་ག་བཞིན་དུ་ལེགས ་བྲིས་ནས། ། དེ་ཡི་གནས་སུ་སྦྱར་བ་དང་།། དེ་ཡི་གོ་རིམས་བཞིན་དུ་སྦྱར།། དེ་ཡི་ཚེམ་རྔམ་གསལ་བ་ཡི།། སྔགས་རྣམས་འདི་ནི་བསྡུ་བར་བྱ།། དབུས་སུ་དེ་བཞིན་གཤེགས་པ་ཡི།། ་སྙིང་པོ་མཚན་ནི་བརྗོད་པའི་མཆོག། བཞག་ནས་དེ་ཡི་གནས་དག་ལ།། སྔགས་ནི་གྲུབ་པར་བྱེད་པ་གཞག། མུ་རན་གཉིས་ལ་གནས་ནས་སུ།། ཁྲོ་བོའི་སྙིང་པོ་བཞ ་པབར་བྱ། ། དེ་ནི་ཁྲོ་བོའི་ཞབས་ཀྱིས་མནན།། དྲིལ་བུ་དཀྲོལ་བའི་སྒྲ་ཡང་བསྒྲགས།། ཁྲོ་བོ་ཞབས་ཀྱིས་བཅགས་བྱས་པ།། རྩིབས་རྣམས་ཁྲོ་བོ་མཐུ་དང་ལྡན།། དབུས་སུ་སྙིང་པོ་དག་པར ་རབ་ཏུ་འབར་ཞིང་ངེས་བྱས་པ། ། མུ་རན་གསུམ་གྱི་བར་དུ་སྟེ།། ཐམས་ཅད་དོན་རྣམས་ཀུན་འགྲུབ་པའོ།། ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ་གཉིས་སུ་སྦྱར།། ཁྲོ་བོ་ཆེན་པོ་ས ་ས་བོན་བཟུང་བའི་ཕྱི་རོལ་གཞག། ཐོག་མར་བསྐུལ་བའི་ཚིག་རྣམས་དགོད།། ཁྲོ་བོ་དུ་མས་བསྐུལ་བ་སྟེ།། ཐམས་ཅད་ཀུན་ཏུ་དོན་རྣམས་ཀུན།། གྲུབ་པའི་ལྟར ་འཁོར་ལོ་བྱས་པ་ཡི། ། ཕྱི་ནས་བདུད་རྩི་འཁྱིལ་པ་གཞག། བསྐུལ་བའི་ཚིག་རྣམས་བཀོད་པའི་མཐའ།། ཁྲོ་བོ་གཞན་རྣམས་བཀོད་པར་བྱ།། དེ་ན་@3་དུ།། ཁྲོ་བོ ་ཆེན་པོ་དགོད་པའི་ཕྱིར། ། སྐུལ་བར་བྱེད་པ་བཅུ་གཉིས་པོ།། འདི་དག་ཚུལ་བཞིན་བཤད་པར་བྱ།། དང་པོར་ཁྲོ་བོ་རྒྱལ་པོས་གསུངས་ཕྲེང་བ་ཆེ་ཞེས་བྱ།། རྡོ་རྗེ་མེ་ཡིས ་རྒྱལ་པོར་གཞག། རབ་ཏུ་དགའ་བའི་ཤུགས་གཞག་གོ།། རབ་ཏུ་དྲག་ཤུལ་སྟོབས་པོ་ཆེ།། རྒྱ་ཆེ་ཁྲོ་བོ་ལྔ་པ་ཡིས།། དྲུག་པ་གཞར་གྱིས་མི་ཐུབ་པ། འཇིགས་པར་བྱེད་པ་ཞེས་བྱ་བ། ་ཁྲོ་བོ་བདུན་པར་བྱེད་པ་ཡིན།། ཟུར་དུ་ཁྲོ་བོ་བརྒྱད་པོ་གྲགས།། འཕོངས་པ་སྒྲོལ་བ་དེ་བཞིན་དགུ།། རབ་ཏུ་འཇོམས་པ་བཅུ་པ་ཡིན།། དེ་བཞིན་ཀཱི་ལི་ཀཱི་ལི་གཞག། ཀཱི་ལི་ཀཱི་ལི་ཆེན་པོ་དང་། ་བཅུ་གཉིས་སུ་ནི་གསུངས་པ་ཡིན།། ཁྲོ་བོ་རབ་ཏུ་སྣང་བྱེད་པ།། བཅུ་གཉིས་བགྲངས་པ་འདི་དག་ནི།། ཁྲོ་བོའི་རྒྱལ་པོས་ཀུན་ཏུ་མནན།། ཐམས་ཅད་རིམ་པ་བཞིན་དུ་གསུངས།། འཁོར་ལོའི ་ཕྱི་རོལ་གནས་པ་འཁོད། ། འབར་ཞིང་དྲག་པོའི་མཐུ་དང་ལྡན།། ཐམས་ཅད་བསྟན་ནས་འཁོད་པ་ནི།། ཁྲོ་བོ་ཆེན་པོ་སྣང་བྱེད་པ།། མཐུ་རྩལ་ཆེན་པོ་སྟོབས་སུ་ལྡན།། ཀུན་ཀྱང་བདུད་རྩི ་འཁྱིལ་པའོ། ། ས་བོན་སྔ་མ་མཐའ་ཡས་རྣམས།། གུག་ཀྱང་དྲུག་དང་ལྡན་པར་བྱ།། སྟེང་དུ་རྨད་ཀྱི་འཁོར་གྱིས་མཚན།། ས་བོན་བདུད་རྩི་འཁྱིལ་པའོ།། དང་པོ་དཀྱིལ་འཁོར་ན་གནས ་གཅིག། ཚིག་དང་བཅས་པའི་དོན་ཀུན་སྒྲུབ།། རབ་ཏུ་འབར་བའི་སྔགས་ཀྱི་མཐར།། འབར་བའི་འཕྲེང་བ་ཅན་གྱིས་བསྒྲགས།། ས་བོན་གཉིས་པ་གང་ཡིན་པ།། ཚིག་དང་བཅས ་པར་དེ་བཞིན་གནས། ། རྡོ་རྗེ་མེ་རྒྱལ་ཞེས་བྱ་བ།། ཁྲོ་བོ་དོན་ཀུན་གྲུབ་བྱེད་པའོ།། དང་པོའི་ས་བོན་གསུངས་པ་ཡང་།། སྔ་མ་བཞིན་དུ་ཆོག་དང་བཅས།། རབ་ཏུ་ཤུགས་དྲག་ཆེར་གྲགས ་པ། ། ཁྲོ་བོའི་རྒྱལ་པོ་ཁྲོ་བོར་བླང་།། སྣང་ཁྱེན་ཁྲོ་བོའི་རིམ་པ་ལས།། ཚིག་དྲག་དེ་བཞིན་ཁྲོ་བོ་ཚེ།། དེ་ན་སྟོབས་པོ་ཆེ་ཤེས་གསུངས།། གཉིས་པའི་འཁོར་ལོ་ཚིག་མཐའ་ཅན།། གང ་གསུངས་ཁྲོ་བོ་རྒྱ་ཆེན་ནི། ། དེ་ནི་སྙིང་པོར་གྲགས་པ་ཡང་།། མི་ཐུབ་གཙོ་བོའི་ཆོ་ག་དང་བཅས།། དེ་ཡི་གསུམ་པོ་ཚིག་བཅས་པ།། དེ་ཡང་དེ་བཞིན་བསྒྲགས་པ་ཡིན།། ་འཇིགས་པ་ཞེས་བྱ་རབ་ཏུ་ཆེ།། ཁྲོ་འདི་ཁྲོ་བོ་སྣང་བྱེད་པ།། རྒྱ་ཆེན་གྱི་ནི་རིམ་བཞིན་དུ།། བཞི་པ་ཡོངས་སུ་བསྒྲགས་པ་ཡིན།། ཆོག་བཅས་རབ་ཏུ་དྲག་པོ་ཉིད།། སུ་རུ་ཁྲོ་བོ་དེ་བཞིན་གཞག ་དེ་ཡི་ས་བོན་ལྔ་པ་ཡིན། ། འབར་བའི་འཕྲེང་ཆེན་ཞེས་བྱ་གང་།། ཚིག་དང་བཅས་པ་དེ་བཞིན་དུ།། ཁྲོ་བོ་འཕོངས་པ་གྲོལ་ཞེས་བྱའོ།། ལྔ་པོ་རྒྱ་ཆེན་ཉིད་ཡིན་ཏེ།། ཚིག་དང་བཅས་པར ་བསྒྲགས་པའོ། ། རབ་ཏུ་འཇོམས་པ་ཞེས་བསྒྲགས་པ།། ཁྲོ་བོ་ཁྲོ་བོ་སྣང་བྱེད་པའོ།། ས་བོན་སྔ་མ་མཐའ་མེད་ལས།། སྔ་མ་ཆོག་བཅས་དེ་བཞིན་གཞག། ཀཱི་ལི་ཀཱི་ལི་བྱ་བ་ཡི།། དངོས ་གྲུབ་ཐམས་ཅད་རབ་ཏུ་སྟེར། ། དེ་བཞིན་དེ་ཡི་ས་བོན་ཉིད་།། ཚེག་བཅས་དེ་བཞིན་འདིར་བཤད་དོ།། ཀཱི་ལི་ཀཱི་ལི་ཆེན་པོ་དེ།། ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ།། ཁྲོ་བོའི་རྒྱལ་པོ་དེ་དག་ནི།། ས ་བོན་འདི་དག་རྣམས་ཀྱིས་བསྒྲགས། ། ཁྲོ་བོའི་རྒྱལ་པོ་སྦྱོར་བ་ཡིས།། རབ་ཏུ་སྣང་བར་བྱེད་ཅེས་བསྒྲགས།། ཁྲོ་བོའི་རྒྱལ་པོའི་འཁོར་ལོས་གནས།། གཤིན་རྗེ་གཤེད་པོ་ཡིན་པར ་གསུངས། ། དང་པོར་དེ་ནི་འཁོར་ལོ་བསྟན།། ཁྲོ་བོ་བདུད་རྩི་འཁྱིལ་པ་དང་།། ཁྲོ་བོའི་རྒྱལ་པོ་དེ་ལས་གཞན།། ཁྲོ་བོའི་བདག་པོ་སྣང་བྱེད་པའོ།། དེ་ལྟར་ཁྲོ་བོ་གསུམ་པོ་དེ།། ་གང་དང་གང་དུ་རབ་སྦྱར་བ།། དེ་དང་དེ་རུ་སྔགས་རྣམས་ནི།། སྐུལ་བར་བྱེད་པས་དེ་བཞིན་བསྐུལ།། ཆོ་ག་ཤེས་པས་ནན་ཏན་དུ།། གང་དང་གླང་འདོད་བསྒྲུབ་པར་བྱ།། ཁྲོ་བོ་བསྒོམ་དུང ་ལྡན་པ་ཡིས། ། ཧེ་ལའི་འཁོར་ལོ་ཡོངས་བསྒོམས་ནས།། དཀའ་ཞིང་སྒྲུབ་ཏུའང་མི་རུང་བ།། བརྟུལ་ཞུགས་ཧོམ་དང་བཅས་ལ་སོགས།། དེ་ཡིས་དགོད་པ་མ་བྱས་ཀྱང་།། སྔགས་བཀོད ་ཤེས་ན་སྒྲུབ་པའོ། ། ཧེ་ལའི་འཁོར་ལོ་ཚུལ་ཤེས་པ།། དེ་ཡིས་དཀའ་བ་མ་བྱས་ཀྱང་།། གདོན་མི་ཟ་བར་མྱུར་དུ་འགྲུབ།། བརྟུལ་ཞུགས་ཧོམ་དང་བསམ་གཏན་དང་།། ཇི་ལྟར་གསུངས ་པའི་དཀའ་ཐུབ་དང་། ། མངོན་པར་བརྩོན་ཞིང་དད་པའི་བདག། ལན་གྲངས་བཅུ་གཉིས་གང་བསྙེན་པ།། རྟོག་ལས་གསུངས་པའི་ལས་རྣམས་བྱེད།། རབ་ཏུ་ཡ་མཚན་སྟོན་པའོ།། ཧེ ་ལའི་འཁོར་ལོ་ཚུལ་ཤེས་པས། ། རིང་པོར་མི་ཐོགས་བདེ་བ་ནི།། ཁྲོ་བོར་བསྒོམ་པ་དང་ལྡན་ཞིང་།། ཧེ་ལའི་འཁོར་ལོ་གནས་འདུག་ན།། ཁམས་གསུམ་དག་ཀྱང་ལན་ཅིག་གིས།། ་ཐོགས་མེད་མྱུར་དུ་གཡོས་པར་བྱེད།། དེ་བས་རབ་ཏུ་བསྒྲིམས་ནས་སུ། ཁྲོ་བོ་བསྒོམ་པ་གོམས་བྱས་ཏེ།། ཧེ་ལའི་འཁོར་ལོ་ལས་འབྱུང་སྔགས།། སྦྱོར་བ་དག་གིས་གོམས་པར་བྱ། ་ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་དང་པོར་གང་བསྒྲགས་པ།། དེ་ཡི་རྟོག་པ་གསང་བཤད་པ།། ཆོ་ག་འདི་ནི་གསང་བའི་མཆོག། ཁྲོ་བོའི་འཁོར་ལོ་བསྒྲགས་པ་འདི།། ཆོ་ག་དེ་བས ་ཤིན་ཏུ་གསང་། ། ཁྲོ་བོའི་འཁོར་ལོ་གསང་བཤད་པ།། རབ་ཏུ་སྣང་བྱེད་དེ་བས་ཀྱང་།། ཧེ་ལའི་འཁོར་ལོ་བསྔགས་པ་འདི།། རབ་ཏུ་གསང་བའི་མཆོག་ཡིན་ཏེ།། ་རྟོག་པ་འདི་དག་ཐམས་ཅད་ཀྱི།། རབ་ཏུ་གསང་བ་བཤད་པ་ཡིན།། རྟོག་པ་རབ་ཏུ་གསང་བ་ནི།། འདི་དག་རྣམ་པ་ཀུན་ལ་ཡང་།། ཧེ་ལའི་འཁོར་ལོ་འདྲ་བ་ཡི།། འཁོར་ལོས་བྱུང་ཕྱིས་མི་འབྱུང་།། ་གང་ཞིག་འདི་ཡི་དོན་ཐོས་ནས།། ཁྲོ་བོའི་གྲུབ་པ་སྒོམ་བྱེད་ན།། དེ་ཡིས་འབད་པ་མ་བྱས་ཀྱང་།། འཇིག་རྟེན་ན་ནི་སྒྲུབ་དཀའ་མེད།། ཧེ་ལའི་འཁོར་ལོའི་གནས་ལ་ནི།། ཇི་ལྟར་འདོད ་པར་གནས་ནས་སུ། ། ཁྲོ་བོ་བསྒོམ་དང་རབ་ལྡན་པས།། ཁྲོ་བོའི་གཟུགས་སུ་གནས་ནས་སུ།། རྩེ་གཅིག་ཏུ་ཡང་ཚིག་གི་མཆོག། སྒྲུབ་པ་མཆོག་ནི་སྦྱིན་པར་བྱེད།། ཐོགས་པ ་མེད་པར་འཇམ་དཔལ་མཐོང་། ། ཇི་ལྟར་རིག་པའི་དོན་བཞིན་དུའོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་སྟེ་བཞི་པའོ།། །། ཁྲོ་བོ་ཆེན ་པོའི་ཚིག་གི་མཐར། ། སྐུལ་ཅིག་ཅེས་བྱའི་ཚིག་གཉིས་གཞག། སྐུལ་ཅིག་ཅེས་པའི་ཚིག་གཉིས་མཐར།། ཁྲོ་བོ་བདུད་རྩི་འཁྱིལ་པའོ།། ཁྲོ་བོ་ཆེན་པོ་འཕྲེང་བ་དང་།། བདུད་རྩི ་འཁྱིལ་པ་འདི་ཡི་མཐར། ། ཀུན་ཏུ་དང་པོ་གཡོ་བ་དང་།། སྔགས་ཤེས་ཚམ་རྔམ་མཛེས་པ་ཡི།། ཧེ་ལའི་འཁོར་ལོ་ལ་གནས་ཏེ།། དང་པོ་གནས་སུ་འདུག་ནས་སུ།། བེཅོན་ཕྱག་རྒྱ ་ལན་ཅིག་བཅིང་། ། དེ་ནས་ཁྲོ་བོའི་སྔགས་བཟླས་པ།། སྔགས་པ་འགྲེང་སྟེ་འདུག་པ་ནི།། རྐང་པ་གཉིས་ནི་བསྒྱུར་བ་དང་།། ཁྲོ་བོ་བསྒོམ་པ་འདི་ལ་ནི།། སེམས་ནི་རབ་ཏུ་ཤེས་བྱས ་ནུས། ། ས་འདི་རབ་ཏུ་གཡོས་པའམ།། རི་དག་གཡོ་བའི་བར་དུའོ།། དེ་ནས་འཁོར་ལོ་སྒྲུབ་པ་ཡིས།། གཉིས་པའི་གནས་ལ་སོང་ནས་སུ།། ཁྲོ་བོ་ཆེན་པོའི་ཚིག་མཐར་གནས། ་སྒོམས་ཤིག་ཅེས་པར་དབང་བསྐུར་རོ།། དེ་ཚིག་ཐོག་མར་བཀོད་ནས་ནི།། དེ་ཡི་ཐ་མར་བདུད་རྩི་འཁྱིལ།། དེ་བཞིན་བདུད་རྩི་འཁྱིལ་བའི་མཐར།། རྡོ་རྗེ་མེ་ཡི་རྒྱལ་པོའི་སྔགས།། རབ ་ཏུ་གཡོ་བ་མཛེས་པ་དང་། ། ཚམ་རྔམ་གསལ་བ་དག་ལ་གནས།། བེ་ཅོན་ཕྱག་རྒྱ་བཅིངས་ནས་ནི།། ཁྲོ་བོ་བསྒོམས་པས་སྔགས་བཟླས་སོ།། རབ་ཏུ་སྦྱོར་བའི་ཐབས་འདི་ནི།། མཚོ་དང ་རྫིང་ཆེན་ཀྲུང་ཆེན་རྣམས། ། ཁྲོས་པས་མྱུར་དུ་སྐེམས་པར་བྱེད།། འབབ་ཆུ་དག་ཀྱང་གྱེན་དུ་འབེབས།། ཁྲོ་བོ་མཐུ་ཆེན་གནོན་ལྡན་པ།། སྔགས་ཀྱི་ཡི་གེ་དགོད་པར་བྱ།། རྩིམས ་རྣམས་རིམ་པྲས་ཀུནཱ་མནན་པ། ། གཉིས་པོ་དེ་ལས་འཕོས་ནས་སུ།། དེ་ནས་གསུམ་པའི་གནས་ལ་འདུག། མཐུ་རྣལ་ལྡན་པས་རིམ་པར་མནན།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར། ་ཀླད་པར་མྱོས་ཞེས་ཚིག་གཉིས་བསྐུལ།། དེ་ནི་སྔ་མ་བཞིན་བཀོད་ནས།། དེ་ཡི་ཐ་མར་བདུད་རྩི་འཁྱིལ།། ཁྲོ་བོ་བདུད་རྩིང་ཁྱིལ་པའི་མཐར།། རབ་ཏུ་དྲག་པོའི་ཤུགས་གཞག་གོ ་རྣམ་པར་སྐྲག་བྱེད་གསལ་བ་ཡིས། ། ཁྲོ་བོ་ཚིམ་རྔམ་བསྙེན་པར་གནས།། གླང་པོ་མྱོས་པའི་ཤུགས་ཅན་དག། མངོན་དུ་འོང་བར་གྱུར་ན་ཡང་།། དེ་མ་ཐག་ཏུ་སྐྲག ་པར་བྱེད། ། མྱོས་པའི་ཤུགས་ཀྱང་རབ་ཏུ་དོར།། སླད་དུ་ལོག་པར་ཕན་ཚུན་དུ།། བསྐོར་ཞིང་མི་དགའ་བཞིན་དུ་འགྲོ།། གླང་པོའི་རྒྱལ་པོ་དེ་མྱོས་ཤིང་།། བདེ་བ་མ་ཐོབ་བབས་པར་འགྱུར།། ་སྒྲུབ་པ་ཁྲོ་བོ་སྒོམ་པ་ཡི།། ཆོ་གའི་ཚུལ་ནི་དེ་བཞིན་ནོ།། ཧེ་ལའི་འཁོར་ལོ་ཞེས་བྱ་བའི།། བཞི་པའི་གནས་ལ་འདུག་ནས་ཀྱང་།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ནོན་ཅིག་ཅེས་པའི་ཚིག ་གཉིས་བསྐུལ། ། དེ་ནས་ཆོ་ག་སྔར་བཤད་པས།། བདུད་རྩི་འཁྱིལ་པ་གཞག་པར་བྱ།། བདུད་རྩི་འཁྱིལ་པ་དེ་ཡི་མཐར།། ཁྲོ་བོ་ཆེན་པོ་སྟོབས་ཆེན་གཞག། ཀུན་ཏུ་སྡོམ་པ་མཛེས་པ་ཡི།། ་ཚམ་རྔམ་གྱིས་ནི་མི་གཡོར་མནན།། དཔུང་ངམ་ཡང་ན་གླང་པོའམ།། གྲུའམ་ཡང་ན་ཤིང་རྟའམ།། རྟ་དང་རྔ་མོ་ལུག་ལ་སོགས།། ཁྲོ་བོ་བསྒོམས་པའི་ཚུལ་བཞིན་བྱས།། སྦྱོར་བ་དེ་ལ་གནས ་ནས་ནི། ། རབ་ཏུ་མནན་པ་བྱས་པར་འགྱུར།། དེ་ནས་ཧེ་ལ་ཞེས་བྱ་བའི།། འཁོར་ལོ་ལྔ་པ་ལ་གནས་ནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། དཀྲུགས་ཤིག་དཀྲུགས་ཤིག་ཚིག་གཉིས ་གཞག། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་།། མཐའ་ཡི་ཚིག་གི་གནས་སུ་གཞག། ཁྲོ་བོ་རྒྱ་ཆེན་ཞེས་བྱ་བ།། རབ་ཏུ་འབར་བར་གྱུར་པར་བྱ། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་། ་རབ་ཏུ་འཁྲུག་པ་ཞེས་བྱ་བའི།། ཚམ་རྔམ་མཆོག་གིས་མྱུར་དུ་ནི།། དགྲ་ཡི་དཔུང་རྣམས་ཕན་ཚུན་དུ།། རབ་ཏུ་རྣམ་པར་དཀྲུག་སར་བྱ།། དེ་ནས་ཧེལ་བ་འཁོར་ལོ་ཡི།། རིམ་པ་དྲུག་ལ་གནས ་ནས་ནི། ། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། རྨོངས་པར་གྱུར་ཅེས་ཚིག་གཉིས་བསྐུལ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་།། ཚིག་གི་ཐ་མར་ཀུན་ཏུ་གཞུག། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ་ཆོ་ག་སྔ་མ་བཞིན་དུ་བསྐུལ།། རྨོངས་པར་བྱེད་པའི་ཚམ་རྔམ་གྱིས།། ཆོ་ག་བཞིན་དུ་རབ་བསྐུལ་ནས།། རི་མོ་དག་ལ་གནས་པ་བཞིན།། འགྲོ་བ་མྱུར་དུ་རྨོངས་པར་འགྱུར།། དེ་ནས་ཧེ ་ལའི་འཁོར་ལོ་འདི། ། རིམ་བདུན་པ་ལ་གནས་ནས་སུ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། སྒྲོགས་ཤིག་སྒྲོགས་ཤིག་ཚིག་གཉིས་གཞག། ཁྲོ་བོ་འཛིན་པར་བྱེད་པ་ཡིས།། བདུད་རྩི ་འཁྱིལ་པ་སྐུལ་བར་བྱེད། ། འཇིགས་པར་གྱུར་པའི་སྒྲ་སྒྲོག་པ།། ཁྲོ་བོའི་ཚམ་རྔ་མ་མྱུར་བར་ནི།། དུས་མིན་པར་ཡང་སྤྲིན་གྱིས་ཁེབས།། དེ་ནས་འདོད་བཞིན་ཆར་པ་འབེབས།། ་དེནས་ཧེ་ལའི་འཁོར་ལོ་ཡི།། རྩིབས་ཀྱི་རིམ་པ་བརྒྱན་པ་ལ།། གནས་ནས་འདིར་ནི་སྔ་མ་བཞིན།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཧི་ཧི་ས་དོན་གཉིས་པརྡ་གནས།། དེ་ཡི་འོག ་ཏུ་བདུད་རྩི་འཁྱིལ། ། ཁྲོ་བོ་ཟུར་དུ་དེ་བཞིན་དུ།། བདུད་རྩི་འཁྱིལ་པའི་ཐ་མར་གཞག། ཁྲོ་བོ་ཚམ་རྔམ་ཁ་གདངས་པ།། མཆོག་ཅེས་བྱ་བ་མྱུར་བར་ནི།། རྐང་པ་ཡ་གཅིག་གདངས ་བའི་སྟབས། ། སད་དང་སེར་བ་རླུང་ལ་སོགས།། དུས་སམ་ཡང་ན་དུས་མིན་པར།། སྒྲུབ་པོ་ཁྲོ་བོ་བསྒོམས་པ་ཡིས།། ཁྲོ་བོའི་སྔགས་ཀྱི་ཚུལ་བཞིན་དུ།། ས ་ཡི་སྟེང་དུ་འབེབས་པར་བྱེད། ། ཧེ་ལའི་འཁོར་ལོ་གནས་བརྒྱད་པོ།། སྒྲུབ་པ་ཡི་ནི་སར་བོར་ནས།། ཁྲོ་བོའི་ས་བོན་ཚིག་གསལ་བ།། དགུ་པ་བཟང་པོ་ལ་གནས་ཏེ།། ཁྲོ་བོ་ཆེན་པོ་ཚིག་གི ་མཐར། ། སློངས་ཤིག་པ་ཡི་ཚིག་གཉིས་བསྐུལ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི།། ཐ་མར་འཕོངས་པ་སྒྲོལ་བ་གཞག། ཁྲོ་བོ་བསྒོམས་པས་མཛེས་པ་ཡི།། ཚམ་རྔམ་གསལ་བ་བྱས་ནས ་ནི། ། ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས།། ཁྲོ་བོ་ཉིད་ཀྱི་ཚིག་གིས་གསལ།། ཧཱུཾ་ཞེས་བྱ་བ་བཟང་པོ་ཡིས།། ཁྲོ་བོ་དངོས་པོར་བསྒོམས་ནས་ནི།། ཤིང་གི་རྩ་དང་ཡལ་ག་དབུག། ཡང ་ན་ཤིང་ཆེན་རྩ་ནས་འབྱིན། ། མེ་ཏོག་འབྲས་བུ་ཀློག་པའམ།། ཡང་ན་འདོད་བཞིན་གཡོ་བར་བྱེད།། ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི།། ཇི་ལྟར་འདོད་པར་མི་གཡོར་འགྱུར།། ཧེ་ལའི ་ཞེས་བྱའི་འཁོར་ལོ་ཡི། ། རྩིབས་ནི་བཅུ་པ་ལ་གནས་ནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཆོམས་ཤིག་ཅེས་པའི་ཚིག་གཉིས་བསྐུལ།། ཁྲོ་བོ་ཆེན་པོ་རབ་འཇོམས་པ།། ་ཁྲོ་བོ་བདུན་རྩི་འཁྱིལ་པའི་མཐར།། སྔ་མ་བཞིན་དུ་གཞག་པར་བྱ། འཇིགས་པར་བྱེད་པའི་ཚེམ་ཇམ་བྱེད།། རི་ཆེན་དག་གི་རྩེ་མོ་དང་། ཨོཾ་དང་ལྕགས་སྒྲོག་རྣམས་ཀྱི་ནི། ཁྲོ ་བོའི་རྒྱལ་པོར་སྔོན་བཞིན་དུ། ། བསྒོམས་ན་རབ་མཆོག་གྲུབ་བྱེད་པ།། ཧེ་ལ་ཡི་ནི་འཁོར་ལོ་ཡི།། རྩིབས་ནི་བཅུ་གཅིག་ལ་གནས་ཏེ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། སྐྱིལ་ཅིག། ་ཅེས་པའི་ཚིག་གིས་བསྐུལ།། ཁྲོ་བོ་ཀཱི་ལི་ཀཱི་ལ་ཡང་།། བདུད་རྩི་འཁྱིལ་པ་བསྐུལ་བྱེ་བ།། ཚིག་གི་ཐ་མར་གནས་པ་སྟེ།། ཆོ་ག་བཞིན་དུ་བཤུད་པ་བཞིན།། ཀཱི་ལི་ཀཱི་ལ་ཞེས་བྱ་བ། ་ཚམ་རྔམ་མཆོག་ལ་དེ་བཞིན་གནས།། བེ་ཅོན་གྱི་ནི་ཕྱག་རྒྱ་བཅིངས།། གཤིན་རྗེ་གཤེད་པོ་བསྒོམས་པ་ནི།། རིན་ཆེན་རྩ་བ་བརྟན་པ་ཡང་།། རྩེ་མོ་ནས་ཀྱང་སྙིལ་བར་བྱེད།། ཡང་ན་རི་ཀར ་སྐྱེ་བ་ཡི། ། བརྟན་པའི་ཤིང་རྣམས་འགྱེལ་བར་བྱེད།། དེ་ནས་ཧེ་ལའི་འཁོར་ལོ་ཡི།། བཅུ་གཉིས་པ་ཡི་རྩིབས་ལ་གནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཞུགས་ཤིག་ཅེས ་པའི་ཚིག་གིས་བསྐུལ། ། བསྐུལ་ནུས་དེ་ཡི་ཐ་མར་ནི།། བདུད་རྩི་འཁྱིལ་པ་གཞག་པར་བྱ།། ཁྲོ་ཆེ་ནཱ་ཀཱི་ལི་ཀཱི་ལ་ཡང་།། དེ་ཡི་ཐ་མར་གཞག་པར་བྱ།། ཀཱི་ལི་ཀཱི་ལ་ཆེན་པོ་ཞེས ་བྱ་བའི་ཚུམ་རྔམ་དེ་བཞིན་བྱ། ། བེ་ཅོན་ཕྱག་རྒྱ་བཅིངས་ནས་སུ།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། ཡིད་ལ་རབ་ཏུ་གོམས་བྱས་ན།། རྩིག་པ་ཤིང་སྐམ་རྡོ་ལ་སོགས།། བབས ་ན་ཕྱུང་སྟེ་ནམ་མཁར་གནས། ། ནམ་མཁའ་ལ་ནི་བྱུང་ནས་ཀྱང་།། འདོད་པ་བཞིན་དུ་ལྟུང་བར་བྱེད།། འདི་ནི་རང་བྱུང་ངོ་མཚར་ལ།། འདི་ནི་དུས་གསུམ་སྔོན་དུ་བྱུང་།། སྤྱོད་པ ་གཞན་ཡང་སྔ་མ་བཞིན། ། ཁྲོ་བོ་བསྒོམས་པས་བྱེད་པར་གསུངས།། ཧེ་བའི་འཁོར་ལོ་དགོད་པ་ནི།། རབ་ཏུ་གསང་བ་ཡིན་པར་བཤད།། གསང་དང ་བཅས་ཤིང་སྦྱོར་བཅས་པ། ། ཤེས་ན་དངོས་གྲུ་ཐོབ་པར་འགྱུར།། དེ་ནས་གཞན་ཡང་ཅི་རིགས་པར།། ཚམ་རྔམ་བཅུ་གཉིས་སྦྱོར་བ་དག། མདོ་དང་རྒྱས་པའི་ཚུལ་དག ་གིས། ། ད་ནི་རབ་ཏུ་བཤད་པར་བྱ།། ཀུན་ཏུ་གཡོ་བ་དང་པོ་ཡིན།། དེ་བཞིན་རབ་ཏུ་གཡོ་བར་བཤད།། སྐྲག་པར་བྱེད་པ་གསུམ་པ་སྟེ།། བཞི་པ་ཀུན་ཏུ་སྡོམ་པར་བྱེད།། རང ་ཏུའཁྲུག་ཅེས་བྱ་བ་ལྔ། ། རྨོངས་པར་བྱེད་པ་དེ་བཞིན་དྲུག། མྱུར་བ་ཆུམ་རྔམ་དེ་ལ་གནས།། ཁ་གདངས་པ་ནི་བརྒྱད་པར་བཤད།། མཛེས་ཞེས་བྱ་བ་དགུ་པ་སྟེ།། འཇིགས ་པར་བྱེད་པ་བཅུ་པ་ཡིན། ། ཀཱི་ལི་ཀཱི་ལ་ཞེས་བྱ་དང་།། ཀཱི་ལི་ཀཱི་ལ་ཆེན་པོ་ཡི།། ཁྲོ་བོ་ཆེམ་རྔམ་བཅུ་གཉིས་སོ།། འདི་དག་རིམ་བཞིན་བཤད་པ་ཡིན།། ཐོག་མར་བསྡིགས ་པའི་རིམ་པ་ཡིས། ། བེ་ཅོན་ཕྱག་རྒྱ་ལྡན་པར་བྱ།། ཕྱི་ནས་རང་གཟུགས་ཇི་བཞིན་དུ།། སྔགས་པ་དག་གིས་ཤེས་པར་བྱ།། རང་གི་གཟུགས་ཀྱང་རང་གནས་པ།། བསྡིགས ་ཤིང་ཚམ་རྔམ་བྱེད་ལ་སོགས། ། སྐྲག་པར་བྱེད་པའི་ཁ་ནི་ཟབ།། ཁྲོ་བོའི་ལྟ་བ་གདོང་འགྱུར་བ།། རྐང་པ་འགྱེད་པར་བཞག་པ་དག། ཚམ་རྔ་མ་མཚན་ཉིད་བཤད་པ་ཡིན།། ་རྐང་པ་ཡ་གཅིག་མྱུར་དུ་གཞག། གདོང་དང་ནུ་མཇིད་ཡོན་པོ་བྱས།། ཁྲོ་གཉེར་འཇིགས་པར་བྱེད་པར་བསྒྲེར།། གཡོན་པ་མཛུབ་མོ་གཅིག་གིས་བསྡིགས།། ཆེམ་རྔམ་བྱེད ་ཅིང་བེ་ཅོན་གདེངས། ། གདོང་དང་བརླ་དང་རྐང་པ་གཡོན།། ཀུན་ཏུ་གཡོ་ཞེས་བྱ་བ་སྟེ། ཁྲོ་བོ་ཚོམ་རྔམ་བསྙེམས་དང་བཅས།། ཀུན་ཏུ་གཡོ་བའི་རིམ་གསུངས་ལ།། རབ་ཏུ་གཡོ ་ཞེས་བྱ་བ་ནི། ། ཅུང་ཟད་དུ་ནི་དབུས་དམན་པའོ།། རབ་ཏུ་གཡོ་བ་བརྟག་པར་བྱ།། དེ་བཞིན་དཔུང་པ་བརྐྱང་བ་དང་།། རྐང་པ་གཡོན་པ་གདངས་པ་དང་།། ལག་གཉིས་དྲག་ཏུ ་རྡོབ་པ་ནི། ། དེ་བཞིན་སྐྲག་པར་བྱེད་པར་བཤད།། བེཅོན་ལ་ནི་ལྟ་བར་གཏད།། རྐང་པ་གཡོས་པ་གསལ་བར་ཕྱར།། དེ་ནི་ཀུན་ཏུ་སྡོམ་པར་བཤད།། གཡོན་པའི་མཛུབ ་མོས་བསྡིགས་པར་བྱ། ། དཔུང་པ་གདེངས་པ་གཡོན་བཞིན་དུ།། མིག་ནི་མཛུབ་མོ་གཅིག་ལ་གཏད།། རྐང་པ་གཡས་པ་ཕྱར་བ་ནི།། ཀུན་ཏུ་འཁྲུག་པ་ཞེས་བྱའོ།། རྐང་པ ་གཡོན་པ་གདངས་བྱས་ཏེ། ། གཡོན་ཕྱོགས་སུ་ནི་ཕྱར་ཞིང་བསྐོར།། དཔུང་པ་བརྐྱང་བའི་བེ་ཅོན་གདེངས།། བསྡིགས་པ་གཅིག་ཏུ་རྨོངས་པར་བྱེད།། མྱུར་དུ་ཚམ་རྔམ་ཞེས་བྱ ་བ། ། དེ་ཉིད་དཔུང་བརྡོབས་བསྡིགས་པའོ།། དེ་ཉིད་ལས་ནི་ཁ་གདངས་པ།། ཁ་གདངས་པ་ཞེས་བསྒྲགས་པ་ཡིན།། སྲན་དང་བཅས་པ་བཞི་ནི་བསྐོར།། མཐུ་རྩལ་ཆེ་བའི་སྟབས ་སུ་སྩོལ། ། མཆུ་ཡི་མཐའ་མ་སོ་ཡིས་མནན།། ལག་པ་ཕྱར་ཏེ་སྡིགས་པར་བྱེད།། བསྙེམས་དང་བཅས་ཤིང་སྒྲ་ཡང་འབྱིན།། འཇིགས་པར་བྱེད་པའི་ཧཱུཾ་བསྒྲགས ་པའི། ། ཚམ་རྔ་མ་ལེགས་པར་བཤད་པ་ནི།། མཛེས་པའི་ཁྲོ་བོས་གནོན་པའོ།། བཙན་ཐབས་སུ་ནི་བསྐོར་བར་བྱ།། རྐང་པ་གཡས་པ་བཙུགས་ཏེ་མནན།། ལག་པ་གཉིས་ཀ་དྲག ་རྡོབ་པ། ། བྱས་ནས་འཇིགས་པར་བྱ་བ་ནི།། དེ་བཞིན་བསྙེམས་དང་བཅས་བཤད་པ།། ཚམ་རྔམ་བདག་ཉིད་ཆེན་པོ་འདི།། འཇིགས་པར་བྱེད་པ་ཞེས་བྱ་སྟེ།། རྟག་ཏུ་ཁྲེ་དེ་སྒོམ་པའོ།། ་རྐང་པ་མཉམ་པར་བཞག་སྟེ་འདུག། གཡས་པ་ཅུང་ཟད་མཐོ་བར་བྱ།། དཔལ་དང་ལྡན་པས་གཡོན་པ་སྨད།། གཡོན་པ་སོར་མོ་གཅིག་ནི་བསྡིགས།། དཔུང་པ་བཏེག་སྟེ་བེ་ཅོན་འཕྱར།། ་རྐང་པ་དང་ནི་གདོང་བསྒྱུར་བ།། རྟག་ཏུ་ཁྲོ་བོ་སྒོམ་པ་ནི།། ཀཱི་ལི་ཀཱི་ལ་ཞེས་བྱའོ།། ཀཱི་ལི་ཀཱི་ལ་ཆེན་པོ་ནི།། དེ་ཉིད་ལས་ནི་རྒྱབ་ཏུ་བལྟ།། ཁྲོ་བོ་མིག་ནི་ཡ་གཅིག་བཙུམས།། མྱུར་དུ ་མཆོད་སྟབས་བྱེད་པའོ། ། འདི་ནི་ཚིམ་རྔམ་སྦྱོར་བ་སྟེ།། ཧེ་ལའི་འཁོར་ལོ་རྩིབས་རིམ་ལས།། མདོར་ནི་ཇི་ལྟར་དགོད་པ་དག། ལེགས་པར་བཤད་པ་འདི་ཡིན་ནོ།། ཧེ་ལའི་འཁོར ་ལོའི་མཐུ་སྔགས་དང་། ། ཚམ་རྔམ་གཡས་ཀྱི་མཐུ་དཀའ་ཡིས།། ལས་རྣམས་རབ་ཏུ་ངོ་མཚར་བ།། ཇི་སྐད་གསུངས་པའི་ལས་རྣམས་བྱའོ།། བསྒྲུབས་པ་དེ་དག་གསང་རྒྱུད་དང་། ་ཏེ་ལའི་འཁོར་ལོ་འདི་ཤེས་ན།། ཁྲོ་བོ་དངོས་དང་གཅིག་འགྱུར་པས།། ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར།། རྟོག་པ་འདི་ནི་གསང་བར་བཅས།། གསང་བའི་སྙིང་པོའི་མཆོག་ཏུ་བཤད། ་ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས།། མཆོག་ཏུ་གྱུར་པ་གཞན་མེད་དོ།། ཁྲོ་བོ་རྣམ་པར་རྒྱལ་བ་ལས།། རྟོག་པ་ཕྱི་མའི་ཕྱི་མ་འདི།། རབ་ཏུ་གསང་བ་ཞེས་བྱ་བ།། ཐོས་ནས་གསང ་བའི་དོན་བསྒོམས་པས། ། ལྷ་དེ་ཐམས་ཅད་ཡི་རང་ནས།། ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ།། རབ་ཏུ་དགའ་བའི་མཆོག་ཏུ་གྱུར།། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ ་རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། །། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་གསང་བའི་རྒྱུད་རྫོགས་སོ།། ། ་