| Wylie | e-texts produced with BDRC’s OCR application |
། ནྱ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏོཥྞཱི་ཤ་བི་ཛ་ཡ་ནཱ་མ་དྷཱ་ར་ཎི་ཀལྤ་ས་ཧི་ཏ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཚེ་དཔག་ཏུ ་མེད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཕུག་ཁང་བཟང་མཆོག་ན་ཉེ་བར་བཞུགས་སོ། ། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྡུག་བསྔལ་བ་ནད་ཀྱིས་ཡོངས་སུ་གཟིར་བའི་སེམས་ཅན་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་ཕྱིར་འཁོར་གྱི ་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་ཏུ་གཟིགས་པའི་དཔལ་གྱི་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཅང་བ་དང་། ཀློག་པ་དང་། གཞན་ལ་རྒྱ་ཆེར ་ཡང་དག་པར་སྟོན་པ་ནི་ཚེ་རིང་བ་སླབ་པར་བྱེད་པའི་ཆེད་དུའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བསྟན་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བདེ་བར་གཤེགས་པས་བསྟན་དུ་གསོལ། དེ་ནས ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་ཏུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་ནས། དེ་བཞིན་གཤེགས་པ་ཐམས ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་པ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོཀྱ་པྲ་ཏི་བི་ཤིནྡྲཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ། ཏདྱ་ཐཱ། ཨོཾ་བྷཱུ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷཱ་ཡ། བི་ཤོ་དྷ ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་བ་རི་ཤུདྡྷེ། ཨ་བྷི་ཥིཉྩ་རྦུ་མཾ། སརྦྦེ་ཏ་ཐཱ་ག་ཏཱཿ། སུ་ག་ཏ་པ་ར་བ་ཙ་ན་ཙི། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ ་མུ་དྲ་མནྟྲ་པ་དེཿ། ཨཱ་ཧ་ར་ཨཱ་ཧ་ར། མ་མེ་ཨཱ་ཡུ། སན་དྷ་ར་ཎི། ཤོ་དྷ་ཡ་ཤོ་དྷཱ་ཡེ། བི་ཤོ་དྷ་ཡ་ཐི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བི་ཤུདྡྷེ། སུཥྞཱིཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་ཏེ། སརྦྦ ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ནི། ཥངྒ་ར་མི་ཏ་པ་རི་པཱུ་ར་ཎི། སརྦྦ་ཏ་ཐཱ་ཏ་མཱ་ཏེ་ད་ཤ་བྷཱུ་མི་པྲ་ཏིཥྛ་ཏེ། སརྦ་ཏ་པཱ་ག་ཏཱ་ཧྲི་ད་ཡ་ཨ་དཱིཥྛཱ་ནཱ་ཨ་དྷཱིཥྞཱིཏ། མུ་དྲེ་མུ་དྲྀ། མ་ཧཱ་མུ་རྦེ། བཛྲ་ཀཱ་ཡ་ས་ཧ་ཏ་ནཱ། པ་རི་ཤུདྡྷ ་སརྦྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུདྡྷེ། སརྦྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་བྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མཿ ་མ་ཧཱ་མ་ཏཱི། མནཱ་ཏཱི། སུ་མ་ཏི། ཏབཱ་ཏཱ། བྷཱུཏ་ཀོཿ། པ་རི་ཤྲིདྷྭེ། བིསྔུཿ། ཨུ0f7fཧེ། ཛ་ཡང་ཡ། བི་ཛ་ཡ་བི་ཛ་ཡ། སྭ་རསྨ་ར། སྭར་སྭར། སྐཱ་ར་ཡ་སཱུར་ཡ། ་བུདྡྷ་ཨ་དྷིཏྟ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། མ་ཧཱ་བཛྲ། སུ་བཛྲ། བཛྲེ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་གརྦྷེ། བཛྲ་ཛྭ་ལཱ་གརྦྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་བེ། བཛྲ་བཛྲེ་ཎི ་བཛྲམྦྷ་བ་ཏུ། མ་མ་ཤ་རཱི་ར། སརྦྦ་སཏྭ་ནཱཉྩ་ཀཱ་ཡ་པ་རི་ཤུརྞྞ་བ་ཏུ། ས་དཱ་མེ་སརྦྦ་ག་ཏི་པ་རི་ཤུདྡྷིཥྛ། སརྦྦ་ཏ་ཐཱ་ག་ཏཱ་ཤྩ་མཱཾ་ས་མ་ཤཱ་ས་ཡནྟུ། བུདྡྷ་བུདྡྷ། སིདྷྱ་སིདྡྷ། བོ་དྷ་ཡ་བོ་དྷ་ཡ ་བི་བོ་དྷ་ཡ་བི་བོ་དྷཱ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མཱ་ནཱ་ན་མོ་ཙེ་ཡ་མཻ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ ་ཨདྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་ནུ་དྲེ་མ་ཧཱ་ནུ་དྲཱ་མནྟྲ་པ་དཾ་སྭཱཧཱ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་འདི་ནི་ཆེ་བདག་ཆེན་པོའི་དབྱུག ་འཛིན་པ་སྟེ། དག་བྱེད་སྡིག་པ་འཇོམས་པར་བྱེད་པ་འདི་གྲོ་ག་འམ་གཞན་ཞིག་ལ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཞག་ལ། རབ་ཏུ་རྒྱ་ཆེ་བའི་མཆོད་པ་ཇི་ལྟར་འབྱོར་པས་མཆོད་དེ་བསྐོར་བ་སྟོང་ཕྲག་བརྒྱ་བྱས་ན ་མཆོག་གི་ཚེ་དང་བློ་རྣོ་བ་སྦྱིན་པར་བྱེད་པར་འགྱུར་རོ། ། དེ་ལྟར་བྱས་པས་ཞག་བདུན་པའི་ཆེན་ལོ་བདུན་ཐུབ་བོ།། ལོ་བདུན་པའི་ཚེ་ནི་ལོ་བདུན་ཅུ་ཐུབ་བོ།། དེ་ལྟར་མཆོག་གི་ཚེ་འཐོབ་ཅིང་དྲན་པ་དང་ལྡན་པ་དང ་ནད་མེད་པ་དང་། སྐྱེ་བ་དྲན་པར་འགྱུར་རོ།། མཆོད་རྟེན་ལ་བཞུགས་སུ་གསོལ་ནས་མགོ་ལ་བཅངས་ན་ནད་ཆེན་པོ་ལས་གྲོལ་བར་འགྱུར་རོ།། གོས་སམ་ཤིང་ཤུན་ལ་གིའུ་ཝང་གིས་རང་གི་མིང་དང་བཅས ་པའི་གཟུངས་བྲིས་ཏེ། ཙན་དན་གྱི་རང་བཞིན་གྱི་མཆོད་རྟེན་ལ་བཞུགས་སུ་གསོལ་ཏེ། རང་གི་ཁྱིམ་དུ་བཞག་ལ་རྒྱ་ཆེ་བ་སྟོང་གི་མཆོད་པས་མཆོད་ཅིང་ཟླ་བ་རེ་རེ་ཞིང་བརྒྱ་ཕྲག་བརྒྱད་ཀྱིས་བཟླས་པའི ་མཆོད་པའི་ཆོག་བྱས་ན་ནང་ལས་གྲོལ་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། ། མེད་ན་འདས་པའི་རང་བཞིན་ལའང་བྱའོ།། ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མཆོད་རྟེན ་བྲིས་ལ་རྡོ་རྗེ་འཕྲེང་བས་བསྐོར་བས་བརྒྱན་པ་དེའི་ནང་དུ་རང་གི་མིང་དང་གཟུངས་ཀྱི་ཚིག་འདི་གི་འུ་ཝང་གིས་བྲིས་ལ་ཁམ་པོ་རབ་སྦྱར་གྱི་ནང་དུ་བཞུགས་སུ་གསོལ་ལ། རང་གི་ཁྱིམ་དུ་བཞག་སྟེ་མཆོད་པ་རྒྱ་ཆེན ་བོཔོས་མཆོད་པ་བྱས་ན་རྟག་ཏུ་སྲུང་བར་འགྱུར་རོ། ། གཞན་ཡང་ཆོ་ག་ནི་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་གྲུ་བཞིར་བྱས་ལ་མེ་ཏོག་དཀར་པོ་བཀྲ་མ་སྟེ་མཚམས་བཞིར་ཞུན་མར་གྱི་མར་མེ་བཞི་པ་ཞིག་ལ། ཨ་ཀ ་རུ་དང་དུ་རུ་ཀའི་བདུག་པ་བྱས་ལ། དེ་བཞིན་དུ་དྲིའི་ཆུས་གང་བའི་སྣོད་མེ་ཏོག་དཀར་པོས་བརྒྱན་ཏེ། གཟུངས་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་ན་མ་སྐུ་གཟུགས་དབུས་སུ་བཞུགས་སུ་གསོལ་ལ། དེ་ལ་གཡོན ་པའི་ལག་པས་རེག་སྟེ། གཡས་པའི་ལག་པས་འཕྲེང་བ་འཛིན་པས། ཉི་མ་རེ་རེ་ཞིང་ཉི་ཤུ་རྩ་གཅིག་རྩ་གཅིག་དུས་གསུམ་དུ་བཟླས་པ་བྱས་ལ། དེའི་ཆུ་ཁྱོར་བ་གསུམ་འཐུངས་ན་ནད་མེད་པ་དང་། ་ཚེ་རིང་བ་དང་། དགྲ་ཡོངས་སུ་ཉམས་པ་དང་། འཛིན་བློ་རྣོ་བ་དང་། ངག་བཙུན་པར་འགྱུར་རོ།། སྐྱེ་བ་ནས་སྐྱེ་བར་སྐྱེ་བ་དྲན་པར་འགྱུར་རོ།། དེའི་ཆུས་ཁང་པ་འམ། ཕྱུགས་ཀྱི་ར་བ་འམ། རྟའི ་ར་བ་འམ། རྒྱལ་པོའི་ཁབ་ཏུ་གཏོར་ན་རྐུན་མོ་དང་། སྦྲུལ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པའི་འཇིགས་པ་མི་འབྱུང་ཞིང་ནད་ཀྱིས་ཡོངས་སུ་གདུངས་པར་མི་འགྱུར་རོ།། མགོ་ལ་གཏོར་ན ་དེ་ནད་དེ་ལས་གྲོལ་བར་འགྱུར་རོ། ། དེ་ལྟར་ཚེ་དཔག་ཏུ་མེད་པའི་ཕན་ཡོན་ཆེན་པོའི་གཟུངས་འདི་གང་དང་གང་དུ་རབ་ཏུ་སྦྱར་ན་དེ་དང་དེ་རུ་ཞི་བ་ཆེན་པོར་འགྱུར་རོ།། སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ ་བཟླས་ཏེ་འཆོས་ན་ནད་མེད་པ་དང་། བློ་རྣོ་བ་དང་། ཚེ་རིང་བར་འགྱུར་རོ།། ཆུ་ཁྱོར་བ་གསུམ་ལ་དུས་གསུམ་དུ་ལོན་ཉི་ཤུ་རྩ་གཅིག་རྩ་གཅིག་ཡོངས་སུ་བཟླས་ཏེ་འཐུངས་ན་ནད་ཐམས་ཅད་ལས་ཡོངས་སུ ་གྲོལ་ཞིང་ཡུན་རིང་དུ་འཚོ་བར་འགྱུར་རོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་བསྐོར་བ་བྱས་ནས་འདི ་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་མཆོད་རྟེན་གྱི་ལས་ཇི་ལྟར་བགྱི། སྐུ་གཟུགས་ལ་སོགས་པ་སྒྲུབ་པ་ཇི་ལྟར་བགྱི། འདིར་སྦྱིན་སྲེག་ཀྱང་ཇི་ལྟར་བགྱི། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དྲི་བ་ལེགས་པར་སྨྲས་པ་ནི།། དཔའ་བོ་ཆེན་པོ་ལེགས་སོ་ལེགས།། སེམས་ཅན་ཀུན་ལ་ཕན་བརྩེའི་ཕྱིར།། འདིར་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། དེ་ནས་བཅོམ་ལྡན་འདས ་ཀུན་ཏུ་འོད་དཔག་ཏུ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་འདི་གསུངས་པ་ནི་འདི་ལྟ་སྟེ། ཨོཾ་ཨ་མི ་། ཨ་མི་ཏོད་བྷ་བེ། ཨ་མི་ཏ་བི་ཀཱནྟེ། ཨ་མི་ཏ་གཱ་ཏྲེ། ཨ་མི་ཏ་གཱ་མི་ནི། ཨ་སྲྀ་ཏ་ཨཱ་ཡུཛ་ཏེ། ག་ག་ན་ཀཱི་ཏི། ཀ་རེ་སརྦྦ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱཧཱ། ཞེས་བྱ་བའི་གཟུངས་འདིས་མཆོད་རྟེན ་བྱེད་པའི་འཇིམ་པ་བླང་བ་དང་། བྱུག་པ་ལ་སོགས་པ་དང་། གདུགས་གདགས་པའི་བར་ཇི་སྲིད་རྫོགས་པར་བྱའོ།། འདིའི་ཆོ་ག་ནི།། མཆོད་རྟེན་ཆོ་ག་མཆོག་གྱུར་པ ་དེ་ནས་ཡང་དག་བཤད་པར་བྱ། ། གསེར་དང་། ཨིནྡྲ་ནཱི་ལ་དང་། དངུལ་དང་། པདྨ་རག་ལ་སོགས་པའི་རང་བཞིན་མང་པོའི་རིན་པོ་ཆེས་སྤྲས་པ་སོར་བཅུ་གཉིས་ཀྱི་ཚད་པདྨའི་སྟེང་ན་བཞུགས་པ ་དེའི་ལོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་ལག་ན་རྒྱལ་མཚན་བསྣམས་པའོ། ། མེ་ཏོག་དང་། བདུག་པ་དང་། དྲི་ལག་ན་བཟུང་བའི་གནས་གཙང་མའི་ལྷའི་བུ་རྣམས་དང་། ལྷ་རྣམས་ཀྱི་དབང་པོ ་བརྒྱ་བྱིན་ལག་ན་གདུགས་ཐོགས་པ་དང་། གཡས་དང་གཡོན་གྱི་ལོགས་གཉིས་ན་སྤྱན་རས་གཟིགས་དང་། རྡོ་རྗེ་འཆང་གཉིས་རྔ་ཡ་བ་དཀར་པོ་ཕྱག་ན་བ་སྣམས་པ་བྱའོ།། དེ་ལྟ་བུའི་ཆོ་གས ་མཆོད་རྟེན་ལ་གཡས་བསྐོར་གྱི་སྦྱོར་བས་པདྨའི་འདབ་མ་ལ་བྲི་བར་བྱའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བྲིས་ལ། དེའི་རིང་བསྲེལ་གྱི་སྙིང་པོ་ཅན ་དུ་བྱས་ལ་དྲི་ཞིམ་པོ་དང་བསྲེས་པའི་ཆུ་གཏོར་ཞིང་དྲི་ཞིམ་པོའི་མེ་ཏོག་གི་མཆོད་པ་སྟོང་ཕྲག་གཅིག་གི་མཆོད་པ་ཆེན་པོ་བྱས་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་སྨྱུང་བར་གནས་ཤིང་། ་སེམས་ཅན་ཐམས་ཅད་ལ་ཕན་པའི་བློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་ཕྲག་གཅིག་བཟླས་པར་བྱའོ།། ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གིས་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ།། རྟག་ཏུ་ལོ་གཅིག་ཏུ་བྱས་ན ་ཚེ་ལོ་འབུམ་ཐུབ་པར་འགྱུར་རོ། ། རྟག་ཏུ་བྱས་ན་ཚེ་ལོ་མི་ཟད་པ་ཐུབ་ཅིང་སྟོབས་དང་ལྡན་པ་དང་། གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང་ལྷ་མ་ཡིན་དང་མི་མཉམ་པའི་མཁའ་སྤྱོད་ཀྱི་གཙུག་ཏོར་མཆོག་ཏུ་འགྱུར་རོ།། ་དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ། དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་བྱའོ།། སྟོང་ཕྲག་གཅིག་ནས་བརྩམས་ཏེ་ཇི་སྲིད་ལྔ་འམ་གཅིག་གི་བར་དུའོ།། ཉི་མ་རེ་རེ་ཞིང་མཆོད་རྟེན་དུ ་གཏོགས་པ་གཙུག་ཏོར་རྣམ་པར་རྒྱལ་བ་ཡང་དག་པར་བཞུགས་སུ་གསོལ་ལ། ཇི་སྐད་གསུངས་པའི་མཆོད་པ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲག་གཅིག་ནས་བརྩམས་ཏེ་ལན་བདུན་གྱི་བར་དུ་བཀླག་པར་བྱའོ།། ཉི་མ་རེ་རེ ་ཞིང་ཚེ་དང་བློ་སྟེར་བར་བྱེད་པའི་གཟུངས་ཀྱི་ཆེད་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ།། སེམས་ཅན་རྣམས་ལ་བཅིང་བ་དང་བརྡུང་བ་ལ་སོགས་པ་སྤང་བར་བྱའོ།། ཟླ་བ ་གཞན་རེ་རེ་ཁ་མཆོད་པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་ངམ་རང་དང་འདྲ་བས་བྱའོ། ། ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུར་རོ།། བློ་རྣོ་བ་དང་། ནད་མེད་པ་དང ་ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་སྐྱེ་བ་དྲན་པར་འགྱུར་རོ། ། གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ་སྦྲུལ་ཤུན་པ་བརྫེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ། མཛེས་པའི་ལུས ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། ཡང་དེ་ནི་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་སྐྱེ་བར་མི་འགྱུར་རོ།། རྣ་བའི་བུ་གར་དམྱལ ་བའི་སྒྲའང་ཐོས་པར་མི་འགྱུར་ན། འབྲས་བུ་སྨིན་པར་ལྟག་ལ་འགྱུར། འདི་རྣམས་ཀྱི་གནས་སུ་འགྲོ་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་གཞན་ཡང་སྒྲུབ་པའི ་ཐབས་བཀའ་སྩལ་པ། གང་གིས་སེམས་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་། ཉམ་ངངའི་འཁོར་བ་ལས་གྲོལ་བར་བྱེད་པ་ནི་གཞོན་ནུ་མས་བཀལ་བའི་སྐུད་པ་ལ་ཚད་དང་ལྡན་པའི་མཛེས་པའི་རས་མཁས་པས ་བྱའོ། ། དེ་ནས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུགས་ཚོན་སྣམ་ལུས་པས་གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན་གྱི་ནང་དུ་བྲི་བར་བྱའོ།། ཚེ་དཔག་ཏུ་མེད་པ་འོད་ཟེར་སྟོང་གི་འཕྲེང་བ་ཅན ་པདྨ་དང་ཟླ་བའི་གདས་པ་བཞུགས་པ། ། སྟོན་ཀའི་ཟླ་བ་ལྟ་བུའི་འོད་ཅན།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ།། ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། གཡས་པའི་ས་པའི་པ་གསེར ་གྱི་འོད་ཟེར་དང་ལྡན་པའོ། ། གཡོན་པ་ནི་མཆེ་བསམ་མཆུ་མནན་པ་མི་བཟད་པ་ཨུཏྤལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ།། དབུས་པ་ནི་སྒེག་པ་དང་བཅས་ཤིང་དཀར་བའོ།། གཡས་པའི་བྱས ་གིས་སྙིབ་པར་སྣ་ཚོགས་རྡོ་རྗེའོ། ། དེ་བཞིན་དུ་པདྨ་ལ་གནས་པའི་འོད་དཔག་ཏུ་མེད་པ་དང་། མདའ་དང་། མཆོག་སྦྱིན་པའོ།། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དེ་བཞིན་དུ ་གཞུ་དང་། མི་འཇིགས་པ་དང་། བུམ་པའོ།། ཡང་མགོ་བོར་མཆོད་རྟེན་ལ་གནས་པའི་ཨོཾ་དང་། མགྲིན་པར་ཨཱ་དང་། སྙི་པར་སྐྱེའོ།། དཔྲལ་བར་ཏྲི་།། ལྟེ་བའི་ཕྱོགས་སུ་དྲིའོ།། རྐང་པ ་གཉིས་ལ་ཨཾ་ཨ། ཡི་གེ་འདི་རྣམས་བཀོད་ལ་རཀྵ་སྭཱ་ཧཱ་དང་བཅས་པ། འདིའི་ནང་དུ་རང་གི་མིང་དང་སྤེལ་བའོ།། དེའི་ལོགས་གཉིས་སུ་པདྨ་དང་རྡོ་རྗེ་འཆའ་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ ་བྱའོ། ། སྟེང་དུ་བདུད་རྩིའི་ཆར་གྱི་རྒྱུན་འབེབས་བཞིན་པའི་གནས་གཙང་མའི་ལྷའི་བུ་གཉིས་སོ།། ལོགས་བཞིར་ཁྲོ་བོ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་།། སྟོབས ་བོ་ཆེ་ཞེས་བྱ་བ་སྟེ། རལ་གྲི་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། རྡོ་རྗེ་བསྣམས་པའོ།། གཡོན་པ་གདུག་པ་ཅན་འཇིགས་པའི་སྡིགས་མཛུབ་ཆེད་དུ་བྱེད་པའོ།། དེ་ལྟར་འབད་པས་རྫོགས ་པར་བྱས་ལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་སྤུང་བར་གནས་པས་མཆོད་པ་ཆེན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱས་ལ་འབུམ་ཕྲག་གཅིག་བཟླས་པ་བྱའོ།། དེ་ནས་དཀར་པོའི ་ཁྱོཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ། ཇི་སྲིད་བཅོ་ལྔའི་བར་དུ་སྟོང་སྟོང་བཟླས་པར་བྱའོ།། དེ་ནས་སྨྲ་བར་ནམ་ལངས་པ་དང་། བཅོམ་ལྡན་འདས་མ་ཞལ་མཐོང་བར་འགྱུར་རོ།། དེ ་ནས་ཇི་ལྟར་དངོས་གྲུབ་འདོད་པ་སྟེར་རོ། ། ཡང་ན་ནི་ཐང་ཀ་དེ་དྲི་ཞིམ་པོ་དང་བསྲེས་པའི་ཆུས་བྱུགས་པའི་ཕྱོགས་གཅིག་ཏུ་ཡང་དག་པར་བཞུགས་སུ་གསོལ་ལ། མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ་དེ་ཉི་མ་རེ་རེ་ཞིང་བརྒྱད་བརྒྱའི་བཟླས་པ་བྱའོ།། ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱས་ཤིང་སྟོང་སྟོང་གི་བཟླས་པ་བྱས་ན་ཚོ་དཔག་ཏུ་མེད་པ་དང་། སྟོབས་དཔག་ཏུ་མེད་པས་གཞན་གནོན་པ་དང ་ནམ་མཁའ་ལ་འགྲོ་བ་དང་། ནད་ཆེན་པོ་མེད་པར་བྱེད་དོ།། སེམས་ཅན་ཐམས་ཅད་ཀྱིས་ཉི་མ་རེ་རེ་ཞིང་ཚིགས་བཅད་སྟོང་འཛིན་པའི་ཕྱིན་ཅི་མ་ལོག་པའི་ངག་ཏུ་འགྱུར ་རོ། ། ཡང་ན་ཁ་ཅིག་གིས་དེ་ལྟ་བུ་བྱེད་པར་མི་ནུས་ན།། དེ་ཡིས་རང་གི་ཁྱིམ་དུ་དྲི་ཞིམ་པོ་དང་བསྲེས་པའི་སའི་ཆར་བཞུགས་སུ་གསོལ་ལ། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ལ་ཟླ་བ་འོང་ངོ་ཅོག ་གི་ཚེས་བརྒྱད་ལ་བརྒྱད་བརྒྱའི་བཟླས་པ་བྱ་ཞིང་། ཉི་མ་རེ་རེ་ལ་དུས་གསུམ་དུ་ཉི་ཤུ་རྩ་གཅིག་རྩ་གཅིག་བརྗོད་ན་བློ་རྣོ་བ་དང་། ཚེ་རིང་བ་དང་། ཤེས་རབ་དང་ལྡན་པ་དང་། ནད་མེད་པ་དང་། ་སྐྱིད་པ་དང་། ལོ་བརྒྱ་འཚོ་བ་དང་། སྐྱེ་བ་དྲན་པར་འགྱུར་རོ།། ཡང་ན་རང་གི་ས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཚེ་རིང་བ་དང་བློ་རྣོ་བར་འགྱུར་རོ།། དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཉེ་བར་བཤད་པར་བྱ་སྟེ། ཁྲུ་བང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེ་འཕྲེང་པོས་བརྒྱན་པ། ཙན་དན་དཀར་པོ་འམས་དཀར་གྱིས་བྱུགས་ལ་མེ་ཏོག་དཀར་པོ ་བཀྲམ་སྟེ། ལོགས་བཞིར་ཞུན་མར་གྱི་མར་མེ་བནི་བཞག་ལ་འདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་ཏུ་མཛེས་པ་གོས་དཀར་པོ་གཡོགས་ལ་ཡལ ་གས་ཁ་བརྒྱན་པ་བཞི་གཞག་པར་བྱའོ། ། འོ་མ་ཅན་གྱི་ཡམ་ཤིང་ལ་མེ་སྦར་ལ་མེ་ལྷ་བཀུག་ལ། དགང་བླུགས་གསུམ་བྱིན་ལ་བསང་གཏོར་བྱས་ཏེ་གཤེགས་སུ་གསོལ་ལོ།། དེ་ནས་ཚེ་དཔག་ཏུ ་མེད་པ་གསལ་པོར་ཐ་བ་ཁུང་གི་དབུས་སུ་བསམས་ལ། གཙུག་ཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དངུལ་ལོ།། ཡང་ན། ཨོཾ་ཨ་མྲྀ་ཏ་ཨཱ་ཡུཿ་དེ་སྭཱ་ཧཱ། ཞེས་བྱ་བས་ཚེ་དང་བློ་རྣོ་བ་དང ་བཅས་པ་ས་བརྒྱད་བརྒྱ་དུས་གསུམ་དུ་སྦྱིན་སྲེག་བྱའོ། ། གཙུག་ཏོར་རྣམ་པར་རྒྱལ་བ་ལན་བདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང་། བློ་རྣོ་བ་དང་། སྐྱིད་པ་དང་། ནད་མེད་པར་འགྱུར་རོ།། ཡང་ན་ཟླ་བ་རེ་རེའི ་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། དུས་གསུམ་དུ་ཚེ་ལོ་སྟོང་ཐུབ་པར་འདོད་པས་སྦྱིན་སྲེག་བྱས་ན་མཆོག་གི་ཚེ་རིང་བ་དང་བློ་རྣོ་བ་སྦྱིན་པར་བྱེད་དོ།། སེམས་ཅན་རྣམས་ལ ་སྨད་པར་མི་བྱའོ། ། ཆོ་ག་འདིས་རང་གི་ལུས་ནད་ཀྱིས་གོས་པར་མི་འགྱུར་ཞིང་ལོ་བརྒྱ་ལྔ་བཅུ་འཚོ་བ་དང་། དགྲ་ལས་རྣམ་པར་རྒྱལ་བ་དང་། བློ་རྣོ་བར་འགྱུར་རོ།། དབྱངས་སྙན་པར་འགྱུར་རོ།། ་གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུར་རོ།། དེ་ནས་གཞན་ཡང་སྒྲུབ་པར་འདོད་ན་གཙུག་ཏོར་གྱི་རྒྱལ་པོ་ཆེན་པོ་ཆེ་དང་བློ་རྣོ་བ་དང་བཅས་པས་འབུམ་ཕྲག་གཅིག ་སྦྱིན་སྲེག་བྱས་ཏེ། དང་པོ་དང་མཐར་སྟོང་སྟོང་གི་མཆོད་པ་བྱས་ལ། ཡང་འབུམ་ཕྲག་གཅིག་བཟླས་པ་བྱས་ན་ཚེ་ལོའི་བུམ་ཕྲག་གཅིག་ཐུབ་པར་འགྱུར་རོ།། བྱེ་བ་བྱས་ན་བྱེ་བ་ཐུབ་བོ།། དེ་ལྟར་འདིའི ་ཚིགའི་རིམ་པས་ཚེ་ལོ་དཔག་ཏུ་མེད་པར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བ་དང་། དཔའ་བ་དང་། དགྲ་ལས་རྒྱལ་བར་འགྱུར་རོ།། དཔལ་འདོད་ན་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དཔལ་ཆེན་པོ་ཐོ ་པར་འགྱུར་རོ། ། རྒྱལ་པོ་འདོད་ན་པདྨ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོ་ཐོབ་པར་འགྱུར་རོ།། བྱེ་བ་གཅིག་བྱས་ན་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར་རོ།། ་ཡང་ན་རལ་གྲི་ལ་སོགས་པ་སྒྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཐང་སྐུ་བཀྲམ་ལ་སྟོང་གི་མཆོད་པ་ཆེན་པོས་མཆོད་ལ་བཟླས་པ་འབུམ་བྱས་ལ། ཡང་ན་ཁྲུགས་ལྔའི་རང ་བཞིན་གྱི་རལ་གྲི་ལ་བཟླས་པ་འབུམ་བྱས་ཏེ། ལག་པ་གཡས་པར་བཅངས་ན་ཡིད་ཀྱིས་འགྲོ་བ་དང་། འདོད་པའི་གཟུགས་འཛིན་པ་དང་། སྟོབས་ཆེ་ཞིང་གཞན་གནོན་པ་དང་། སེམས་ཅན ་ཐམས་ཅད་ཀྱི་གཅིག་ཏུ་འདྲེན་པ་པོར་གྱུར་ནས་སྨན་པ་ཆེན་པོའི་མཆོག་ཚེ་དཔག་ཏུ་མེད་པར་འགྱུར་རོ། ། དེ་ལྟར་རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་ལ་སོགས་པའང་བསྒྲུབ་པར་བྱའོ།། ་ལྟར་ཕན་ཡོན་དཔག་ཏུ་མེད་པའི་གཟུངས་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་མཆོག་ཏུ་རྙེད་པར་དཀའ་བ་འདི་ཇི་ལྟ་ཇི་ལྟར་སྦྱར་བ་དེ་ལྟ་དེ་ལྟར་ལས་གྲུབ་པར་བྱེད་དོ།། གང་ཡང་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉི་མ་རེ་རེ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱ་ཞིང་མཆོད་རྟེན་ཆེན་པོ་བྱས་ཏེ་ཡང་དག་པར་བཅངས་ལ། གཞན ་ལའང་རྒྱ་ཆེར་གསལ་བར་བྱས་ན་དེ་སྐྱིད་པ་འཐོབ་ཅིང་སྟོབས་དང་ལྡན་པ་དང་། ནད་མེད་པ་དང་། ལོ་བརྒྱ་ཐུབ་པ་དང་། དྲི་རྣོ་བ་དང་། སྐྱེ་བ་དྲན་པར་འགྱུར་རོ།། གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ ་སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། དམྱལ་བའི་སྒྲན་བུག་ཏུའང་ཐོས་པར་མི་འགྱུར་ན། འབྲས་བུ་སྨིན་པར་ལྟའང་ག་ལ་འགྱུར།། ་གླང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་སྐྱེ་བ་དྲན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས ་རྟོག་པ་དང་བཅས་པ་རྫོགས་སོ། ། །། རྒྱ་གར་སྐད་དུ། ཨཱརྱ་སརྦྦ་དུརྒ་ཏི་པ་རི་ཤོ་དྷ་ནི་ཨུཥྞཱི་ར་བི་ཛ་ཡ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ངན ་