| Wylie | e-texts produced with BDRC’s OCR application |
གསརབ་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། རྒྱང་དཔེ་ལ་གཏུགས་ནས་ནུས་དག་བྱས་ཤིང་སྔགས་རྣམས་བྱུང་པེ་དང་མཐུན་པར་བཅོས་པའོ།། ་རྒྱ་གར་སྐད་དུ། ཨརྱ་མ་ཡཱུ་ར་བིདྱཱ་གརྦྷེ་ནཱ་མ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ། བཅོམ་ལྡན ་འདས་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། དགྲ་ཡིས་འཇིགས་པ་འམ། འཐབ་རྩོད་ཀྱིས་འཇིགས ་པ་འམ། བགེགས་ཀྱིས་འཇིགས་པ་འམ། དུས་མ་ཡིན་པར་འཆི་བས་འཇིགས་པ་འམ། སྦྲུལ་གྱིས་འཇིགས་པའམ། གཅན་གཟན་གྱིས་འཇིགས་པ་འམ། དུག་གིས་འཇིགས ་པའམ། མེས་འཇིགས་པ་འམ། ཆུས་འཇིགས་པ་འམ། རླུང་གིས་འཇིགས་པ་འམ། འཇིགས་པ་ཐམས་ཅད་ཀྱི་ནང་ན་འདུག་ནའང་ཡིད་ལ་བྱའོ།། རླུང་ལས་གྱུར་པའམ། ་མཁྲིས་པ་ལས་གྱུར་པ་འམ། བུད་ཀན་ལས་གྱུར་པ་འམ། འདུས་པ་ལས་གྱུར་པ་འམ། གདོན་གྱིས་ཟིན་ཏམ། རིམས་ཀྱིས་བཏབ་པ་འམ། དྲུག་འཐུངས་སམ། ནང་ཐམས ་ཅད་ཀྱི་ནང་ན་འདུག་ནའང་ཡིད་ལ་བྱའོ། ། ན་མོ་བྷ་ག་བ་ཏེ། ཨི་རྦིད་ནཱ་ཡ། ཨིནྡྲ་གོ་མི་སི་ཀཱ་ཡ། ཨཱ་ཤ་ནེ། པཱ་ཤ་ནེ། པཱ་བ་ནི་ཀཱུ་ལེ། ཀ་པི་ལ་མིཏྟཾ། ཨི་ལི་མེཏྟེ་སྭཱཧཱ། གས ་ཀྱིག་མས་པ་སྒྱུ་། ན་ན། ནཾ།། ། ལ ་ན་ཉི་ཤུ་རྩ་གཅིག་བརྗོད་དེ། གཏོར་མ་རི་ཆེན་པོ་ལ་གཏང་བར་བྱའོ།། དེས་ཐམས་ཅད་ནི་རྙིང་ཕྱིར་བཟློག་པར་འགྱུར་རོ།། རྨ་བྱ་སྙིང་པོ་རིག་པ་དང་བཅས་པ་རྫོགས་སོ།། ་རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏི་སར་བི་དྱཨཱརྱནྟི། བོད་སྐད་དུ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་ཟོམ་ན། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི ་སའི་གནས། རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེ་དང་པདྨའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བརྡམ ་བརྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེའི་སེང་གེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་རྣམ་པར་མཛེས་པ ་