CLOSE WINDOW

S507:
Wyliee-texts produced with BDRC’s OCR application

ཨ་བྷི་ཤ་ཨ་བྷི་ཤ། ཧཱུཾ་ཙཱུ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱཧཱ། གང་ཞིག་གིས་ནམ་ཕྱེད་ན་ལན་གསུམ་བརྗོད་ཉི་མ་ལའང་ལན་བདུན་བརྗོད་པ་བྱས་ན་རིག་པ་ཆེན་མོ་ཐོབ་པར་འགྱུར་རོ།། མི་རྣམས་ཀྱི ་ཀ་སུམ་བརྒྱ་འཛིན་པར་འགྱུར་རོ། ། འདིའི་ཆོ་ག་ནི་ཙན་དན་གྱིས་དཀྱིལ་འཁོར་བྱས་ཏེ། ཞུན་མར་གྱི་མར་མེས་ཀྱང་མཆོད་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར། མ་གྲུབ་ཀྱང་ཤློ་ཀ་བརྒྱ་ཉི་མ་རེ་རེ་ལ་འཛིན ་པར་འགྱུར་རོ། ། བཅོམ་ལྡན་འདས་བདག་གིས་བསྟན་པ་འདིས་མ་གྲུབ་ན་གང་ཞིག་མཚམས་མེད་པ་ལྔ་བྱས་ན་བདག་ཀྱང་དེ་དང་འདྲ་བར་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ།། འཕགས་པ་འཇམ་དཔལ་གྱིས ་སྨོད་བཙུགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ་ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུད་དྷེ། བི་ཤུད་དྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ཛ་ཡ། བ་ཧི་ནི། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སཱ་ཧཱ། གང་གིས་གཟུངས་འདི་འཆང་བར ་བྱེད། ཀློག་པར་བྱེད། སྟོན་པར་བྱེད་པ་དེ་ནི་བློ་རྣོ་བ་དང་ལྡན་པར་འགྱུར་རོ།། ལན་ཅིག་བཏོན་ན་གཟུངས་བརྒྱ་འཛིན་པར་འགྱུར་རོ།། བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་མ་ལུས་པ་བྱང་བར་འགྱུར་རོ།། ་འབུམ་ཕྲག་གཅིག་བཟླས་ན་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་རོ།། འབུམ་ཕྲག་གཉིས་བཟླས་ན་ཐོས་པ་འཛིན་པར་འགྱུར་རོ།། བུམ་ཕྲག་གསུམ་བཟླས་ན་འཇམ་དཔལ་གྱི་སྐུ་མཐོང ་བར་འགྱུར་རོ། ། འཇམ་དཔལ་གྱིས་དམ་བཅས་པའི་གཟུངས་རྫོགས་སོ།། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ཨོཾ་བཱ་ཀྱཾ་ཏེ ་ཡ། ཨོཾ་བཱཀྱ་ཥ་ཥེ་སྭཱ། ཨོཾ་དཱཀྱེ་ཁ་ན་ཛཱ་ཡེ། ཨོཾ་བཱཀྱ་ནིཥྛ་ཨ། ཨོཾ་བཱ་ཀྱེས་ན་མཿ།། འཕགས་པ་འཇམ་དཔལ་གྱི་མཚན་འདི་ཉིད་ལན་ཉི་ཤུ་རྩ་གཅིག་བཟླས་པས་མཚམས་མེད་པ་ལྔའི ་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱུང་ངོ་། ། འཕགས་པ་འཇམ་དཔལ་གྱི་མཚན་རྫོག་སོ།། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་བྷ་ཊ་རཱ་ཀ་སྱ ་པྲཛྙཱ་བུདྡྷི་བར་དྷ་ན་ན་མ་དྷཱ་ར་ཎི། བོད་སྐད་དུ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ན་མོ་མཉྫུ་ཤྲི ་། ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ་ཤོ་དྷ་ནི་བི་ཤོ་དྷ་ནི། ཤོ་དྷ་ཡ་བི་ཤོ་དྷ་ཡ། བི་མ་ལེ་ཛ་ཡ་བ་ཏི་རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། གང་ཞིག་འདི་འཛིན་པ་ད ་ཟླ་བ་གཅིག་གིས་བློ་དང་ལྡན་པར་འགྱུར་རོ། ། དབྱངས་སྙན་པར་འགྱུར་རོ།། གཟུགས་བཟང་བར་འགྱུར་རོ།། ལན་ཅིག་བཀླགས་ན་བསྐལ་པ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱིས ་ཕྱོགས་པར་འགྱུར་རོ། ། བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པར་འགྱུར་རོ།། འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར་རོ།། འབུམ་ཕྲག་གཉིས་བཟླས་ན་རིག་པ་འཛིན་པར ་