CLOSE WINDOW

S504: dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po
Wyliee-texts produced with BDRC’s OCR application

གར་སྐད་དུ། སིདྡྷི་ཨེ་ཀལླཱི་རེ་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར ་པ་ལ་ཕྱག་འཚལ་ལོ། ། དཔའ་བོ་གཅིག་གྲུབ་དཔའ་བོའི་གཙོ།། རབ་མཆོག་སྨྲས་པ་རྣམས་ཀྱི་མཆོག། འགྲོ་བའི་བླ་མ་འཇམ་རྡོ་རྗེས།། འཇིག་རྟེན་དོན་དུ་རྒྱུད་རབ་གསུངས།། ་ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི།། དངོས་གྲུབ་ཐམས་ཅད་སྩོལ་མཛད་པ།། སྔགས་པས་དེ་ཉིད་བསྒོམས་ནས་ནི།། དེ་གྲུབ་ན་ནི་དེ་གྲུབ་འགྱུར།། སྔགས་པ་ལུས་ནི་རྣམ་དག ་དང་། ། གང་ཚེ་དངོས་གྲུབ་ཕྲ་མོ་གྲུབ།། སྣོད་དུ་གྱུར་པའི་ལུས་ལས་ནི།། དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེས།། རིམ་པ་འདི་ཡིས་འདི་ལ་ནི།། ས་ལ་སོགས་པ་ཐོབ་པ་སྐྱེ།། ་སྔགས་པ་ཡིད་བཞིན་ནོར་བུ་ལྟར།། རྟག་ཏུ་སེམས་ཅད་དོན་བྱེད་དོ།། དེ་ལྟར་མཁྱེན་ནས་ཐུགས་རྗེས་ནོན།། རྡོ་རྗེ་འཆང་སོགས་ཀྱིས་ཞུས་ཆེ།། གྲུབ་པའི་གསང་སྔགས ་གསུངས་པ་ནི། ། འགྲོ་བའི་དོན་དུ་གསུངས་པ་ཡིན།། ཨོཾ་ཀ་ལེ་མུ་ལེ་ལུ་ཀཱ་ལུ་མི་ལུ་སྟམྦྷ་ཡ་སི་ལཱ་དཪྻཾ་ཏུ་ཥྚ་རཾ་ཙ་ལུཙྪ་ཨི་ལུཙྪ་ཨི་སྭཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་ལེགས ་པར་བཟླས་ན་སེར་བ་གཅོད་པར་བྱེད་དོ། ། དྲན་པ་ཉིད་དང་ཐལ་བ་ལ་མངོན་པར་བཟླས་པ་སེར་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དེར་འགྲོའོ།། དེ་བཞིན་དུ་གློག་དང་། ་རླུང་དང་། རྡོ་རྗེ་དང་། ཐོག་འབབ་པ་ལ་སོགས་པ་མེད་པར་བྱེད་དོ།། ཨོཾ་ག་རུ་ཎ་ཧཾ་ས་ཧེ་ཙ་ལ་ཙ་ལ་སྭཱཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཉིད་ན་སེར་བ ་འབབ་པ་ཟློག་པར་བྱེད་དོ། ། ངོ་རྒྱུས་ཀྱིས་རྔ་པ་ཊ་ཧ་ལ་བྲིས་ཤིང་ལྕགས་ལ་མངོན་པར་འཟླས་པའི་རྔ་བ་ཊ་ཧའི་སྦས་སེར་བ་ཟློག་པར་བྱེང་ངོ་།། དེ་བཞིན་དུ་དུང་ལ་སོགས་པའི་སྒྲས ་ཀྱང་བྱའོ། ། ན་ཏིཥྛནྡྷ། དྷཱ་ར་ལ། ནི་རྲཿ། དེ་བད་ཏ་ཨཱུརྡྷ་མ་ཎི་སྭཱཧཱ། གསང་སྔགས་ཀྱི་ཆོ་ག་འདི་སྔོན་དུ་བསྟན་པའི་ཚོགས་འབུམ་ཕྲག་གཅིས ་ཡོངས་སུ་བཟླས་ན་འགྲུབ་པར་འགྱུ་རོ། ། གློག་དང་། རླུང་དང་། རྡོ་རྗེ་། ཐིག་འབབ་པ་ལ་སོགས་པ་དྲན་པ་ཙམ་ཉིད་ཀྱིས་ཟློག་པར་བྱེད་དོ།། ཆར་ཆེས་པ་ལ་ཐལ ་བ་དང་ཉུངས་ཀར་ལ་མངོན་པར་བཟླས་མཆར་ཆེས་པ་གཅོད་པ་དང་། བྱིས་པ་དང་། སྤང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད་དོ།། སྐྱེད་མོ་སོ་ཚལ་ལམ་ཞིང་ལ་བྱ་དང ་འབུ་སྲིན་དང་། བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བ་ཟློག་པར་བྱེད་དོ།། དུར་ཁྲོད་ཀྱི་རས་ལ་མིང་དང་བཅས་པའི་སྔགས་བྲིས་ལ་སྤྲ་ཚལ་གྱིས་གཏུམས་ཏེ་དུར་ཁྲོད་ཀྱི་བུམ་པར ་བཅུག་ནས་ཁ་བཅང་དེ་དེ་ཉིད་དུ་སྦས་པས་མངལ་རངས་པར་བྱང་ངོ་། ། ཕྱུང་ནས་འོ་མ་དང་ཆུས་བཀྲུས་ཀྱི་ཆུར་བོར་རབས་ཞི་བར་འགྱུར་རོ།། ཡུང་བའམ་འབྲས་གྲོག་འམ། གས ་སམ། ལོ་མ་ལ་མངོན་པར་བྲིས་ཏེ་སྤྲ་ཚིལ་གྱི་ནང་དུ་གཏུམས་པའི་སྔགས་འདི་གྲོག་མཁར་གྱི་ས་ལ་འཇིགས་བྱེད་ཀྱི་གཟུགས་སུ་བྱས་པ་དེའི་སྙིང་ཁར་བཅུག་སྟེ་ཐལ་བས་བཀང་ནས ་སྦས་ན་རྒོལ་བ་དང་ཕྱིར་རྒོལ་བའི་ཁ་རེངས་པར་བྱེད་དོ། ། རྩོད་སྦྱོང་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་བཅིངས་པར ་འགྱུར་རོ། ། རྡོ་རྒྱུས་ཀྱིས་ཁམ་པོར་ལ་བྲིས་ཏེ་ཐལ་བས་ཁ་སྦྱར་དུ་བྱས་ཏེ་སྦས་ན་ནི་མི་སྙན་པར་སྨྲ་བའི་ཁ་རེངས་པར་བྱེད་དོ།། རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལ་ལུག་གི ་གཟུགས་བྱས་པའི་སྙིང་ཁར་སྤྲ་ཚིལ་གྱིས་གཏུམས་པའི་སྔགས་བཅུག་ན་ཁྲོ་བའི་ཁ་རེངས་པར་བྱེད་དོ། ། སྐེ་འམ་དཔུང་པ་ལ་གཏགས་ན་གཡུལ་ངོགས་ཀྱི་མཚོན་ཆའི་དཔལ་ཞི་བར་བྱེད། ་དོ།། གྲོག་མཁར་གྱི་འཇི་བ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་པོ་བཙུག་སྟེ་བཞི་མདོར་སྦས་ན་འགྲོ་བ་དང་འོང་བ་ཐམས་ཅད་རེངས་པར་བྱེད་དོ།། བརྟག་པ་བྱེད་པ ་ཐམས་ཅད་རེངས་པར་བྱེད་དོ། ། གྲོ་གའམ་གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྤྲ་ཚོལ་གྱིས་གཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ་བུམ་པ་གསར་བ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས ་པར་བྱེད་དོ། ། བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ་རེངས་པར་བྱེད་ཅིང་། ནགས་ཀྱི་བ་མེ་མ་ལ་སོགས་རྭ་ཅན་རྣམས་དང་མཆེ་བ་ཅན་རྣམས་རེངས་པར་བྱེད་དོ།། ་གྱོ་མོ་ལ་ལན་བདུན་བཟླས་ཏེ་ཆུར་བཅུག་ན་ཆུན་གནས་པ་རྣམས་ཁ་བཅིངས་པར་བྱེད་དོ།། དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་གཙོ་བོའི་མིང་སྨོས་པའི་སྔགས ་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་པ་སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པ་བྲིས་ཏེ། ཕྱོགས་རྡོ་རྗེས་རྒྱན་པའི་སྤྲ་ཚིལ་གྱིས་ཚོགས་ཀྱི་བདག་པོའི་ཁོང་པར ་བཅུག་པའི་སྔགས་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་མཚམས་སུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད་དོ། ། སྔགས་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་བ་ཟུང་གིས་ཡོངས་སུ་བསྐོར་བའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་ཀྱིས་བསྐོར ་བ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་རེར་པ། སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། གྲོག་མཁར་གྱི་འཇི་བ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་ནས་དུར་ཁྲོད་ཀྱི་བུམ་པའི་ནང་དུ་བཅུག་སྟེ་དུར་ཁྲོད ་དུ་སྦས་པའམ། ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རེངས་པར་བྱེད་དོ།། མེ་ལ་མངོན་དུ་ཕྱོགས་ཤིང་སྔགས་འདིས་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ ་གང་སྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་དོ། ། ཐལ་བས་སྲུང་བར་བྱེད་དོ།། ཐལ་བས་བཅིངས་པས་སྐྱུགས་པ་ལྡོག་པར་བྱེད་དོ།། མཐེའུ་ཆུང་གི་རྩེ་དམ་དུ་བཙིར་ལ་སྔགས་བརྗོད་པས ་སྐྱིགས་བུ་མེད་པར་བྱེད་དོ། ། ཐལ་བ་ལ་མངོན་པར་བསྔགས་པས་མིག་རེངས་པར་བྱེད་དོ།། འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ལ་བྱང་བུ་ལ་བྲིས་ཏེ་ཁྱིམ་གང་གི་སྒོར་བཏགས་པའི་ཁྱིམ ་དེར་འབྲུམ་བུ་ལ་སོགས་པའི་རྣམ་པར་འཚེ་བ་ཟློག་པར་བྱེད་དོ། ། ཉ་དང་། ཤ་དང་། ཆང་དང་། འབྲས་ཆན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གྲོང་གི་ཕྱི་རོལ་གྱི་ཆར་གཏོར་མ ་ཆེན་པོ་གཏང་བར་བྱ་བ་འམ། ཡམ་ཤིང་ལྔ་དང་། འབྲུ་ལྔའི་བྱེ་བྲག་མར་ལ་བཏགས་པས་གྲོང་གི་དབུས་སུ་ཞི་བའི་ཐབ་ཁུང་དུ་བྱས་ལ་སྦྱིན་སྲེག་བྱས་ན་འདུད་དང་རྣམ་པར་འཚེ་བ་ཐམས་ཅད ་རེངས་པར་བྱེད་དོ། ། གང་འགའ་ཞིག་ལ་གྲོང་ལ་སོགས་པ་འབྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་ཟློག་པར་བྱེད་དོ།། རྟག་ཏུ་བཟླས་ན་ལྷ་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་རྣམས ་ཀྱིས་མི་མཐོང་བར་འགྱུར་རོ། ། དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་འདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་སྔགས་ཀྱི་རྒྱལ་པོ་འདི་མཛོད་སྤུ་ལས་ཕྱུང ་བའི་མཛོད་སྤུའི་ནོར་བུ་ཞེས་བྱ་བར་རབ་ཏུ་གྲགས་པ་ཡིན་ནོ། ། གཤག་མ་ལ་མངོན་པར་བསྔགས་ཏེ་གཏོར་བས་སྦྲུལ་དག་འབྱེར་བར་བྱེད་དོ།། རྩིག་ངོས་ལ་རྡོ་རྒྱུས་ལ་མངོན་པར་བསྔགས ་པས་བྲིས་ན་སྦྲུལ་གྱིས་ནོན་པར་མི་འགྱུར་རོ། ། ཡང་སྔགས་རྡོ་ལེབ་ལ་གཟོང་བུས་བརྐོས་ཏེ་བྲིས་པ་སྦས་ན་རི་དགས་དང་སྦྲུལ་གདུག་པ་རྣམས་ཁྱིམ་མམ། གྲོང་ངམ། གྲོང་ཁྱེར་དུ་ཇི་སྲིད ་འདོད་ཀྱི་བར་དུ་མཆེ་བ་འཆིང་བར་བྱེད་དོ། ། ཕྱུང་བས་གྲོལ་བར་འགྱུར་རོ།། སྔགས་འདི་མ་བསྒྲུབས་སུ་ཟིན་ནའང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། གཤག་མ་ལ་སོགས་པ་ལ་ཡོངས་སུ ་བཟླས་ཏེ་གཏོར་ན་མཆེ་བ་ཅན་ཐམས་ཅད་ཀྱི་མཆེ་བ་འཆིང་བར་བྱེད་དོ། ། དེ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་བསྒྲུབ་པར་བྱེ་བའི ་མིང་དང་བཅས་པའི་སྔགས་ཐམས་ཅད་བྲི་བར་བྱའོ། ། དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་ཕུར་བུ་ལ་ལན་བདུན་མངོན་པར་བསྔགས་པའི་སྒོའི་སྟེང་དུ་སྦས་ན་སྐྱེད་ཀྱིས་འཚེ་བ་ཐམས་ཅད་ཀྱི ་སྐྱེད་མེད་པར་བྱེད་དོ། ། ཕྱུང་བས་གྲོལ་བར་འགྱུར་རོ།། ཨཽ་ནི་ཧེ་ནིཙྪ་ལ་ཨ་བྷ་ཡ་བྷ་ཡཾ་ཀ་རི་ཨེ་ཙུ་ལེ་ལུ་ཤ་ལ་ཡ་ཌ་ཨི་ཛ་ཧ་ཡེ་ལུ་ཨཱ་ག་ས་པ་ཀེ་ར་ཏེ་ཨི་ཨ་ཏུམྦཱ་རི་ཁི་ལྤ་མོ་ཧི་ན་དྷཾ་བི་ཛ ་ཀཱ་རཾ་ཛ་ཧི་ཐ་ཀ་ར་ཎི་ཧི་ཋཿཋཿསཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་སྔར་སྨོས་པའི་ལས་རྣམས་མ་བསྒྲུབས་སུ་ཟིན་ཀྱང་བྱེད་པར་འགྱུར་རོ།། དེ་ལས་གཞན་པ་མངོན་པར་འདོད་པའི་ལས་ཐམས ་ཅད་བྱེད་པ་ཐེ་ཚོམ་མེད་དོ། ། ལན་ཚྭ་དང་སྐེ་ཚེའི་སྦྱིན་སྲེག་གམ་ཕུག་མའི་སྦྱིར་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རྣམས་འབྱེར་བར་བྱེད་དོ།། ཨོཾ་ཨཾ་བྷཱ་ཤིརྨྨ་ཀཔཱ་སུ་ཛོ་མེ་ཕེ་དུཔྣ་སུ ་སྔགས་ཀྱི་རྒྱལ་པོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྟག་ཏུ་བཟླས་ན་འཇིགས་པ་ཐམས་ཅད་ཟློག་པར་བྱེད་དོ། ། རྡོ་རྗེ་ཆུའི་ཐིག་ལེས་དགྲ་བོ་ཐམས་ཅད་རྨོངས་པར་བྱེད་ཅིང་ཁྲོ་བ་རབ་ཏུ་དང ་བར་བྱེད་དོ། ། བཅིངས་པ་ལ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ།། འཕོངས་པས་འགྱུར་པས་བཟླས་ན་རྙེད་པ་འགྲུབ་པར་འགྱུར་རོ།། ཨེ་ཤོན་ཐི་ཏོ་ཧུ་ལུ་ཧུ་ཛྭ་ལ་ཛཱ་ཏྭེ་ཧུ་ལུ་ཧུ་རུ་ཏྲ་བ་པྲ ་ཎི་རཱཙྪ་ཏུ་ཧུ་ལུ་སྭཱཧཱ། སྔགས་ཀྱི་རྒྱལ་པོ་འདིས་འཐབ་པ་དང་། འཐབ་མོ་དང་། རྣམ་པར་རྗོད་པ་ཐམས་ཅད་ལ་བཟླས་པ་བྱས་ན་ཞི་བར་འགྱུར་རོ།། ཕུབ་མའི་སྦྱིར་སྲེག་གོས་ཀྱུང ་ཐམས་ཅད་དུ་ཞི་བར་འགྱུར་རོ། ། ཇི་ལྟར་རྙེད་པའི་མེ་ཏོག་ལ་བཟླས་ཏེ་ཚུ་ལ་བསྐུར་ན་ཐམས་ཅད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཙོམ་མེད་དོ།། གྲོང་ཁྱེར་འཚིག་པའི་མ ་ལ་མངོན་པར་ཕྱོགས་ཏེ་འདུག་ལ་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་ཁྱིམ་གང་སྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་ཅིང་མེས་འཚིག་པའི་མེའི་ཁ་ལས་ཐར་པར་བྱེད་དོ། ། རྐང ་གཉིས་དང་རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྦྱིན་སྲེག་གིས་ཞི་བར་བྱེད་དོ། ། ཨོཾ་པདྨད་པདྨ་ཨ་ཀྵ་པདྨ་སུ་བྷ་གེ་ཕུཿ། སྔགས་ཀྱི་རྒྱལ་པོ་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག ་གསོས་པར་འགྱུར་རོ། ། བྱབས་པས་མིག་རེངས་པར་བྱེད་དོ།། ལན་བདུན་མངོན་པར་བསྔགས་པའི་མིག་གིས་ཁྲོས་པ་མཐོང་མ་ཐག་ཏུ་རབ་ཏུ་དང་བར་བྱེད་དོ།། ལན་བདུན་མངོན་པར་བསྔགས ་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། ། རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན་མིག་གི་ནད་ཐམས་ཅད་འཇོམས་པར་བྱེད་དོ།། དབེན་པར་འདུག ་སྟེ་སེམས་རྩེ་གཅིག་པས་སྐྱེས་བུའི་མིག་གཉིས་ལ་མངོན་པར་བསྔགས་པ་བྱས་ན། གང་གི་ཚེ་གཡོན་པ་འགུལ་བར་གྱུར་པ་དེའི་ཚེ་བསམས་པའི་དངོས་པོ་འགྲུབ་པར་སྟོན་པ་ཡིན་ནོ།། ་གཡས་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད་དོ།། ཨོཾ་མོ་ཙ་ནི་མོ་ཙ་ཡ་མོཀྵ་ཎི་མོཀྵ་ཡ་ཛི་བཾ་བ་ར་དེ་སྭཱ་ཧཱ། འདི་མངོན་པར་བསྔགས་པའི་ཏིལ ་མར་གྱིས་བུད་མེད་ཀྱི་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙས་པར་བྱེད་དོ། ། བཅིངས་པ་ལ་ཕྱོགས་པར་བྱེད་པས་ལན་བདུན་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་མངོན་པར ་གཏོར་བ་དུས་གསུམ་དུ་བྱས་པས་བཅིངས་པ་རྣམ་གྲོལ་བར་བྱེད་དོ། ། གུར་ཀུམ་མམ་གིའུ་ཝ་ང་གིས་གྲོ་ག་ལ་མངོན་པར་བྲིས་ཏེ་བཅིངས་པའི་མགོ་བོ་ལ་མངོན་པར་བཏགས་ན་བཅིངས ་པ་ལས་མངོན་པར་གྲོལ་བར་བྱེད་དོ། ། ཨོཾ་ཧ་རི་མ་ཀ་ཊ་ནཱ་མ་ས་ཧ་ས་ཧཱ་སྲ་བཱ་ཧུ་ད་དེ་བ་ད་ཏ་ཏཾ་བཾ་དྷ་ནཱཾ་མོ་ཀྵ་ཡ་སྭཱ་ཧཱ། རྡོ་རྒྱུ་ས་ལ་མངོན་པར་བསྔགས་པས་སའི་སྟེང་དུ་ཡང་དང ་ཡང་དུ་བྲིས་ཏེ་ལུགས་ལས་བཟློག་པས་ཕྱིས་ནས་བཅིངས་པ་ལས་གྲོལ་བར་བྱེད་དོ། ། ལོ་མ་ལ་མིང་དང་སྔགས་སུ་བཅས་ཏེ་མངོན་པར་བྲིས་ཏེ་མགོ་བོ་ལ་བཏགས་ན་བཅིངས ་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། ཨོཾ་ཏཱ་རི་ཎི་ཏཱ་ར་ཡ་མོ་ཙ་ནི་མོ་ཙ་ཡ་མོཀྵ་ནི་མོཀྵ་ཡ་ཛཾ་བཾ་བ་ར་དེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས ་ཅད་བྱེད་པར་འགྱུར་ཞིང་། ལན་བདུན་མངོན་པར་བསྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ་བར་འགྱུར་རོ།། ལན་བདུན་མངོན་པར ་བསྔགས་པའི་ཆུ་འཐུངས་ན་མངལ་འཁྱིམས་པ་བདེ་བར་བཙའ་བར་བྱེད་དོ། ། རྟག་ཏུ་བཟླས་ན་བདག་དང་གཞན་འཆིང་བ་ལས་ཐར་པར་བྱེད་དོ།། སྐེ་འམ་དཔུང་པ་ལ་སྲུང་བ་བཏགས ་པས་སྡིག་པ་ཐམས་ཅད་ལས་སྲུང་བར་བྱེད་དོ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མོ་ཀྵ་ཡ་ཛི་བ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་སྔར་སྨོས་པའི་ལས་ཐམས་ཅད་བྱེད་པ་འགྱུར་རོ།། ་གུར་ཀུམ་གྱིས་གྲོ་ག་ལ་གང་གི་མིང་སྨོས་པའི་སྔགས་མངོན་པར་བྲིས་པ་ལ་སྤྲ་ཚོལ་དུ་གཏུམས་ཏེ་དྲི་ཆུས་བཀང་བའི་བུམ་པ་རས་གསར་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ ་པོ་ལ་སོགས་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང་། འཐབ་མོ་དང་། རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ།། གུར་ཀུམ་གྱིས་གྲོ་ག་ལ་གང ་གི་མིང་སྨོས་པ། ཨོཾ་ཨེ་ར་ཎ་ཌ་སྱ་བ་ཎེ་ཀ་ཀོ་རཾ་གཱ་ཏཱི་ར་མུ་ཡསྠི་ཏཿ། ཡི་བ་ཏུ་དུ་ཏ། ཡཱ་ནི་ཡ་བི་ཤ་ལྱ་བྷ་བ་ཏུ་གུརྦི་ཎཱི། ལན་བདུན་མངོན་པར་བསྔགས་པའི་ཆུ་ཁྱོར་བ་གསུམ ་ཕོཔོ་ཉར་འོངས་པས་འཐུངས་ན་སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། ། ཨོཾ་ཨ་མ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར ་འགྱུར་རོ། ། མངོན་པར་བསྔགས་པའི་ཆུ་འཐུངས་ན་འབྲུམ་བུ་འོང་བར་མི་འགྱུར་རོ།། ལུས་ལས་སྐྱེས་པའི་དུག་མི་བཟད་པ་དང་། སྤྲེའུའི་དུག་མི་བཟང་བ་དང་། སྦྲུལ་གདུག་པ ་པ་ལ་སོགས་པའི་རྨ་ལ་ཡུང་བ་དང་། ཨ་རུ་ར་དང་། རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ།། ནད ་དང་རྣམ་པར་འཚེ་བ་ཐམས་ཅད་ལ་སྔགས་མདུད་བཅིངས་པས་ཞི་བར་བྱེད་དོ། ། རྟག་ཏུ་བཟླས་ན་ཚེ་ཟད་པ་ལོ་བརྒྱ་པར་འགྱུར་རོ།། མར་དང་ཏིལ་མར་གྱི་སྦྱིན་སྲེག་གིས་ཐམས་ཅད ་ཞི་བར་བྱེད་དོ། ། མངོན་པར་བསྔགས་པའི་སྨན་གྱི་བཏུང་བ་ཐམས་ཅད་ལས་ཐར་པར་བྱེད་དོ།། ལན་བརྒྱར་བཀྲུས་པའི་མར་ལ་མངོན་པར་བསྔགས་པས་ན་བའི་ཡན་ལག་ལ ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། ། འགོ་བའི་ནད་ལ་ཏིལ་མར་ལ་བསྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ།། གདུག་པའི་རྨ་ལ་ཆུ་ལ་བསྔགས་ནས ་གཏོར་བས་སོས་པར་འགྱུར་རོ། ། སྨན་ནད་ལ་བེ་དང་ལ་སོགས་པ་མཚོན་གྱིས་གཏུབས་ནི་སྲྀ་ཧ་སྟ་བཅད་པར་འགྱུར་རོ།། ནིར་ཀུན་དི་དང་ནིམ་པའི་རྩ་བ་རྨ་བྱའི་མཇུག་སྒྲོ་དང ་བཅས་པ་གཅིག་ཏུ་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་དུད་པས་གདུགས་ན་རིམས་ཉིན་གཅིག་པ་དང་། རིམས་ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན ་བཞི་པ་ལ་སོགས་པ་སེལ་བར་བྱེད་ཅིང་། འབྱུང་པོ་དང་། ཤ་ཟ་དང་། ཚངས་པ་སྲིན་པོ་ལ་སོགས་པ་སེལ་བར་བྱེད་དོ།། བུད་མེད་བུ་ཤི་བས་བརྒྱ་རྩ་བརྒྱད་མངོན་པར ་བསྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། ། གྲོ་ག་ལ་བྲིས་པའི་སྔགས་སྐྱེ་འམ་དཔུང་པ་ལ་བཏགས་ན་མངལ་སྲུང་བར་བྱེད་དོ།། སྔགས་རྗེས་སུ་དྷུན ་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་བརྙེས་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། ། ཨོཾ་པ་ད་ཙལ་ནེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོའང་སྔོན་དུ་བསྙེན་པའི ་། ཆོཚོགས་ལེགས་པར་བསྒྲུབ་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཕོལ་མིག་གི་འཇིགས་པས་མངོན་པར་བསྔགས་པའི་ཆུ་འཐུངས་ན་ཕོ་ལ་མིག་མེད་པར་འགྱུར་རོ།། བྱང་བུ ་ལ་བྲིས་ཏེ་སྒོ་ལ་བཏགས་པས་ཕོལ་མིག་མེད་པར་འགྱུར་རོ། ། འདི་ནི་འཚེ་བ་ཐམས་ཅད་ལ་མར་ལ་བཏགས་པའི་ཏིལ་གྱིས་སྦྱིན་སྲེག་ནི་སྲུང་བ་ཆེར་པོ་ཡིན་ནོ།། ཁཱའི་སྒོ་ལག ་པས་བཟུང་སྟེ་བཟླས་པ་ཁྲི་བྱས་པ་གང་གིས་ཁང་པའི་སྟེང་ངོས་སུ་སྦས་པས་དེ་འབྱེར་བར་བྱེད་དོ། ། ཨོཾ་པི་ཤཱ་ཙི་པརྞྞ་ཤ་ཝ་རི་སརྦོ་པ་དྲ་བ་ན་ཤ་མི་སྭཱ་ཧཱ། རིག་པ་ཆེར་མོ་འདི་མ་བསྒྲུབས ་སུ་ཟིན་ཀྱང་རྐང་གཉིས་དང་། རྐང་བཞི་པ་ཐམས་ཅད་ཀྱིས་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར། སྦྱིན་སྲེག་གམ། བཟླས་པ་འམ ་ཁྲུས་སམ། སྔགས་མདུད་དམ། མངོན་པར་བསྔགས་པའི་ཆུ་འཐུངས་པ་འམ། བྱབས་ན་ནད་ཐམས་ཅད་སེལ་བར་བྱེད་དོ།། གྲོ་ག་ལ་གུར་ཀུམ་གྱིས་བྲིས་པ་ནི ་སྔགས་སྐེ་འམ་དཔུང་པ་ལ་བཏག་ན་ཅོད་སྐྱོང་ལས་རྒྱལ་བ་ཐོབ་ཅིང་རིམས་ཉིན་བཞི་པ་ལ་སོགས་པ་མི་བཟང་བ་ལས་ཐར་པར་འགྱུར་རོ། ། སྲིན་པོ་ལ་སོགས ་པའི་འཇིགས་པ་སེལ་བར་བྱེད་ཅིང་འཐབ་པ་དང་། འཁྲུག་པ་དང་། རྩོད་པ་དག་ལས་རྒྱལ་བ་སྒྲུབ་པར་བྱེད་དོ།། སྟག་དང་། ཆུ་སྲིན་དང་། ལྟོ་འཕྱེ་ཆེན་པོ་དང ་རྐུན་པོ་ལ་སོགས་པས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྨྲ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། ཨོཾ་ཨཱརྱ་ཏཱི་ཏཱ་ལ་ཨ་མུ་ཀ་སྱ་ཙཀྵུ་ཀམྦྷ་ཡ་ཨུ0f7fསྭཱཧཱ། གང་ལ་མིགན་པར་གྱུར་པ་དེ་ལ ་ཨ་རྩིག་པའམ་སྤང་ལེབ་ལ་རྡོ་རྒྱས་ཀྱིས་ཚེས་བྲིས་ལ་ཡི་གེ་ཨི་ཁ་སྦྱར་གསུམ་གསུམ་བྱའོ། ། ཨོཾ་ཙནྡ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་པས་སྡིག ་པ་ཐམས་ཅད་ལས་སྲུང་བར་བྱེད་དོ། ། འབྱུང་པོ་ལ་སོགས་པའི་གདོན་གྱི་འཇིགས་པ་ལ་ཉུངས་ཀར་གྱིས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ།། ཁམ་པོར་ལ་རྡོ་རྒྱུས ་ཀྱིས་བྲིས་ཏེ་སྒོ་ལ་བཏགས་པས་གསར་དུ་བཅས་པའི་བྱིས་པ་སྲུང་བར་བྱེད་དོ། ། སྤྲ་ཚིལ་གྱིས་སོར་བཞི་པའི་ཚད་དུ་བྱས་པའི་སྙིང་ཁར་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་མངོན་པར ་བྲིས་ཏེ་བཅུག་ལ་དེའི་ཁང་ཚེར་མ་བཙུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ་པར་འགྱུར་རོ། ། རྐང་པ་ལ་བཙུགས་ན་འགྲོ་བ་དང་འོང་བ་རེངས་པར་བྱེད་དོ།། སྙིང་ལ་བཙུགས་མ་ཁྲོས་པ ་འཇོམས་པར་བྱེད་དོ། ། མིའི་རྗེ་ངར་གྱི་རུས་པའི་ཕུར་བུ་འམ་ལྕགས་ཀྱི་ཕུར་བུས་གདབ་པར་བྱའོ།། མིང་ནས་བཟུང་ཞིང་ཡན་ལག་གང་དང་གང་ལ་ཕུར་བུ་བཏབ་པ་དེ་དང་དེ་འཇིགས ་པར་འགྱུར་རོ། ། དགྲ་བོའི་སྒོ་ཁར་སྦས་ན་འབྱེར་བར་བྱེད་དོ།། དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་པས་སྒོའི་ཡ་ཐེམས་ལ་གཏོར་ན་འབྱེར་རོ།། རལ་གྲི་ལ་མངོན་པར་བསྔགས ་ཏེ་གཡུལ་དུ་འཇུག་ན་རྒྱལ་བ་སྒྲུབ་པར་བྱེད་དོ། ། བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བར་བསྟབས་ན་དེ་དང་དེ་འགྲུབ་པར་འགྱུར་རོ།། སྔགས་པ་དགེ་བ་དང་མི་དགེ་བའི་ལས་གང ་འདོད་པས་བཟླས་པ་ཙམ་གྱིས་བྱེད་དོ། ། ཨཽ་ཀ་སྱེཔཱ་དཔྤ་ད་ཏཱཾ་སུ་ནྱ་བེ་སྨ་ནི་མ་མ་ཏྲ་ཏ་ཐཱ་སྤནྡ་ཡ་སྠ་སྤནྡ་སི་བ་ཛི་ཎ་སྭཱ་ཧཱ། མིག་འགུལ་ན་བྱབས་པས་ཞི་བར་འགྱུར་རོ།། ཨོཾ་ཛམྦྷ ་མོ་ཧེ་ཧྲི་ད་ཡ་མཱ་བརྟྟ་ནི་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར ་འགྱུར་རོ། ། རྒྱལ་བ་མར་དང་པདྨ་དཀར་པོའི་སྡོང་བུས་དུ་བ་བླངས་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ་དེ་མིག་ལ་བསྐུས་ན་བུད་མེད་ཐམས་ཅད་ཡིད་ལ་རེ་བ་རྫོགས་པར ་བྱེད་དོ། ། རྒྱལ་ལ་ཁ་ཐུར་དུ་བལྟས་པའི་མེ་ཏོག་གི་རྩ་བ་དང་ཤི་རི་ཁན་ད་དག་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་དེ་ཐིག་ལེར་བྱས་ན་རྗེ་བོ་ཁྲོས་པ་དེ་རབ་ཏུ་སད་པར་བྱེད་དོ།། ཀུ ་ཙེ་དང་། འཐབ་པ་དང་། རྩོད་པ་དག་ལས་རྒྱལ་བར་འགྱུར་རོ།། ཆོ་ག་བཞིན་དུ་རྟག་ཏུ་བཟླས་པས་གྲོ་ཁྱེར་བསྐྱོད་པ་སྐྱེད་པར་བྱེའོ།། ཨོཾ་སྟམྦྷ་ནི་སྟནྡྷ་ཡ ་ཛམྦྷ་ནི་ཛམྦྷ་ཡ་མོ་ཧ་ཡ་ར། ། ནི་རཀྵ་ལ་མ་པར་ཏེ་སིདྷི་ལ་ཙ་ནེ་སཱཿ། སངས་རྒྱས་སྤྱན་གྱི་སྙིང་པོ་འདིས་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ།། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད ་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་དང་པོ་རྫོགས་སོ། ། །། རབ་སང་ལེགས་པར་སངས་རྒྱས་པའི།། སློབ་མ་ཡོན་ཏན་བཞི་ཡིན་པས།། བླ་མ་ལ་གུས་མཁས་པ ་ལ། རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱ།། ཨོཾ་ན་མོ་བི་ལ་ཙནྡྲཱ་ཡ། དེ་བ་སུ་ཏཱ་ཡ་ས་ཏྱན་དྷི་ཡ་ལོ་ས་ཏྱེ་ཡ་རི་གི་ཧྱ་ཏེ་ས་ཏྱ་དྷམྦ། སྠི་ཏོ་ལོ་ཀཿས་ཏྱ་བྲཧྨཱ་ས་ནཱ་ཏ་ནཾ། ས་ཎྱ ་བུདྡྷ་ཤྲུ་དྷརྨྨཤྩ་སཾ་ག་ཤ་ཙ་སཾ་གུ་ཎ་སྭ་ག་རཿ་ན་ནེ་སརྱཾ་བཱ་ཀྱེ་ན་ཀྵི་པྲ་མཱ་བ་དམ་ཎི། ཏདྱ་ཐཱ། ཨོཾ་ས་ར། ས་རྀ། སུ་རུ་མུ་རུ་མཾ་ད་ར་པྲ་ཎི་ཀཱ་ས་ཨ་བ་ས་ཀེ་ལ་ས་ཀཱུ་ཊ ་བཱཔཱ་ཏྲ་ཡ་ན་མཿཡཾ་མ་ས་ཏྱནྟི་ཎི་ཀུརྱེ་ཏཏ་མི་སརྦྦ་ཐཱ་ཧི་ཏ་ཏྲ་ཏཿཱ་ཏ་མཱརྦ་པཱ་ཡ་ར་རྦ་ཤུ་བྷཱ་བ་ཡ་ད~ཾ་བཱ་ཡ་དི་བཱ་ཤུ་དྷཾ། ནང་པར་གཙང་མའི་ས་ཕྱོགས་སུ་དཀྱིལ་འཁོར་བྱས་ཤིང་བུམ ་པ་བཞག་ལ། ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མེ་ལོང་ལ་མངོན་པར་བསྡིགས་ཏེ། ཁྱེའུ་འམ་བུ་མོ་ལེགས་པར་ཁྲུས་བྱས་ཏེ། གོས་ལེགས་པར་བཀྲུས ་པ་བསྐོན་ཞིང་ཙན་དན་དཀར་པོའི་ལྡེ་གུས་ཡན་ལག་བྱུགས་ལ། མེ་ཏོག་དྲི་ཞིམ་པོའི་འཕྲེང་བས་མགུལ་དུ་བཏགས་པ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལ་བསྟན་ན་ཇི་ལྟར་བསམས་པའི ་དགོས་པ་ཕྱིན་ཅི་མ་ལོག་པ་སྟོན་པར་འགྱུར་རོ། ། དགོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་བཅོམ་ལྡན་འདས་དང་ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་ཆེན་པོ་བྱས་ལ། ་བརྒྱ་རྩ་བརྒྱད་བཟླས་ནས་ཅང་མི་སྨྲ་བར་ཉལ་ན་དགེ་བ་དང་མི་དགེ་བ་ཇི་ལྟར་བསམས་པ་བཞིན་དུ་སྟོན་པར་འགྱུར་རོ།། རྟག་ཏུ་བཟླས་ན་འཇིག་རྟེན་གསུམ་གྱི་སྤྱོད་པ་སྟོན་པར་འགྱུར་རོ།། ་ཨོཾ་ཤཱ་བ་ཎ་པི་ཤ་ཙི་ནི་མུརྟྟ་སྭཱ་ཧཱ། བ་རུ་རིའི་ཤིང་ངམ་ནྱ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ་ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་འགྲུབ་པར་འགྱུར་ཏེ། འཇིག་རྟེན་གསུམ ་གྱི་སྤྱོད་པའང་སྟོན་པར་བྱེད་དོ། ། ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་འགྲུབ་པར་འགྱུར་རོ།། དགོངས་མོ་ཉལ་ཁར་རུ ་རྟ་ལོ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་རྐང་པ་གཉིས་ལ་བསྐུས་ནས་ཉལ་ན་དགེ་བ་དང་མི་དགེ་བ་རྣམ་པར་སྟོན་པར་འགྱུར་རོ། ། ཨོཾ་ན་མཿསཔྟ་ནཾ་ས་མྱ་ཀ་སཾ་བུདྡྷ་ཀོ་ཊི་ནཾ།། ཏདྱ་ཐཱ། ་ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། བིརྱ་ས་ཏྱ་འདི་ནི་བ་ར་དེ་ཀ་ཐ་ཡ་སྭཱ་ཧཱ། གོང་དུ་བཤད་པའི་ཚོགས་སམ། མེ་ལོང་ངམ། རལ་གྲིའམ། མར་མེ་འམ། ཆུ་སྣོད་ལ་སྟོན་པ ་བྱེད་དོ། ། ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ནས་མི་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་བའི་དོན་ཐམས་ཅད་སྟོན་པར་འགྱུར་རོ།། ཨོཾ་མུ ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དཾ་ཏི་ལི་སྭཱ་ཧཱ། སྔགས་འདི་ཁྲི་བཟླས་ན་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ཏེ་དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན། བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར ་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུར་རོ། ། ཨོཾ་པྲ་ཛཱ་ལ་ཧཱུཾ་ཕཊ། འབཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ་འདི་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ།། ་གོང་དུ་བསྟར་པའི་ཚོ་གས་དགེ་བ་རྨི་ལམ་དུ་སྟོན་པར་འགྱུར་རོ།། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཀུ་མཱ་ར་རཱ་པི་ན་དཪྴ་ཡ། ཨཱ་ཏ་མཱ་ནཱ་བི་བྷུ་ཥིཏ ་ས་མུད་བྷཱ་ཡ་སྭ་པ་ནཱཾ་ནི་བེད་ལ་ཐ་བྷཱུ་ཏཾ་ཧཱུཾ་ཕཊ་སྭཱ་ཧཱ། རྗེ་བཙུན་འཇམ་དཔལ་གཞོན་ནུའི་སྐུའམ་ལུགས་སྐུའི་མདུན་ནི་སྐུ་གདུང་དང་བཅས་པའི་མཆོ་རྟེན་ལ་ཅི་འབྱོར་པའི་མཆོད་པ་བྱས ་ཏེ་བརྒྱ་ཕྲག་བདུན་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིགས་ཤིང་གཞན་དག་ཀྱང་མཐོང་བར་འགྱུར་རོ། ། ཨོཾ་ཀརྞྞེ་བི་ཤ་ཙི་ཀརྟྟ་སེ་ཀ་ཐ་ཡ་ཧཱུཾ་ཕཊ། ཤ་ཟའི་ཤིང་གི་རྩ་བར་ཁམས ་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་དེ་ཉིད་དུ་མི་སྨྲ་བར་འདུག་སྟེ། ཤ་དང་། ཉ་ཤ་དང་། མ་ཤ་དང་། འཛམ་བུ་ཏི་ཀ་ལ་མངོན་པར་བསྔགས་པའི ་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་བཟླས་ན། ཞག་དང་པོ་ལ་མཚན་མ་ཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོངས་པའི་གྲུབ་པར་འགྱུར་ཏེ། དེ་ལ་སོགས་པའི་སྲིད་པ་གསུམ ་གྱི་སྤྱོད་པ་རྣམ་པར་སྟོན་པར་བྱེད་དོ། ། ཞག་ཉི་ཤུ་རྩ་གཅིག་གིས་ཚངས་པ་བསད་ཀྱང་འགྲུབ་པར་འགྱུར་རོ་ཨོཾ་ཙ་ཏུརྞྞ་ཛ་ཥ་ཊཱ་ཁ་བི་ཀྲི་ཏན་ན་ཀརྞྞ་པི་ཤ་ཙི་མ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། དུར་ཁྲོད ་དུ་གོ་ཤིན་རྗེ་མཐར་བྱེད་ཀྱི་བྲིས་སྐུའི་མདུན་དུ་བཟླས་པ་བྱས་ན་ཞག་བདུན་ན་ཤ་ཟའི་རྣམ་པར་སྒྲོག་པ་འགྲུབ་པར་འགྱུར་རོ། ། ཨོཾ་བུདྡྷ་ཙུ་རུམཱ~ཾ་ཙུ་རུ་ཀེ་སཱ་ཧཱ། སྐུ་གདུང་དང་བཅས་པ ་མཆོད་རྟེན་ནམ། རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པ་ཆོ་ག་ཁྲི་བཟླས་ལ་དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ། བདག་གང ་ནས་སྐྱེས་པར་གྱུར་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དམིགས་པར་ཐེ་ཙོམ་མེད་དོ། ། གལ་ཏེ་ཟླ་བ་དྲུག་གི་ནང་རོལ་དུ་འཆི་བར་འགྱུར་ན་དེའི་ཚེ།། ་རྨི་ལམ་དུ་བདག་གམོ་གཞན་གྱི་མགོ་མི་མཐོང་བར་འགྱུར་རོ།། དེ་བཞིན་དུ་མངོན་པར་བསྔགས་པའི་མེ་ལོང་ལ་བལྟས་པ་ན་ཁྱེའུ་འམ་བུ་མོ་གང་གི་མགོ་མ་མཐོང་ན་དེ་ཟླ་བ་དྲུག་གི་ནང་དུ་འཆི་བར ་འགྱུར་རོ། ། རྡོ་ལིག་བུ་མིག་དང་ཤིང་ཨ་གསྠི་དཀར་པོའི་རྩ་བ་རེང་བུར་བྱས་ཏེ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ་བྱུགས་ན། གང་དག་ཟླ་བ་དྲུག་གི་ནང་། ་དུ་འཆི་བར་འགྱུར་བའི་རྐང་པ་གཉིས་དང་རྐང་པ་བཞི་པ་དེ་དག་ཐམས་ཅད་ཀྱི་མགོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ།། ཨོཾ་སྭཔྣ་བི་ལོ་ཀ་ནི་སིངྒ་ལོ་ཙ་ནེ་སྭཔྟཾ་མེ་ཀ་ཐ་ཡ་སྭཱ་ཧཱ། ་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་ལས་ཐམས་ཅད་པར་འགྱུར་རོ།། ཨོཾ་ཨ་དི་ཏི་དེ་བ་ད་ཏ་ཏཾ་མོ་དེ་ཧ་ད་དཱ་པ་ཡ་སྭཱ་ཧཱ། ཆུའི་ནང་དུ་ཞུགས་ཏེ་བུ་མོ་གང་གི་ཆེད་དུ་བཟླས་པ ་བྱེད་པ་དེ་དེ་ཉིད་ལ་སྟེར་བར་བྱེད་དོ། ། ཡི་གེ་འབུམ་བཟླས་པ་བྱས་ལ་པྲི་ཡང་ཀུའི་མེ་ཏོག་གམ་པ་ལ་ཤའི་མེ་ཏོག་གི་སྦྱིན་སྲེག་འབུམ་གྱིས་དཔལ་ཆེན་པོ་ཐོབ་པར་བྱེད་དོ།། མཚན་མོ་འོ་མ ་ཅན་གྱི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ན་གྲོང་གང་གི་ཆེད་དུ་སྤྲིད་སྲེག་བྱས་པ་དེ་རྙེད་པར་འགྱུར་རོ། ། པདྨ་འམ་བིལ་བའི་འབྲས་བུ་རྣམས་ཀྱི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་རྙེད་པར་འགྱུར ་ཞིང་གཞན་དག་གི་དཔལ་ཆེན་པོ་ཐོབ་པར་བྱེད་དོ། ། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱི་སྦྱིན་སྲེག་འབུམ་ཕྲག་བདུད་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ།། ཨོཾ་ཛ་ཡེ་བི་ཛཱ་ཡེ་ཨ་ཛི་ཏེ ་པ་རཱ་ཛི་ཏེ་སྭཱ་ཧཱ། སྲིང་མོ་བཞིའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲག་བཞི་བཟླས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་མེ་གྷོ་ལ ་ཀཱ་ཡ་སྭཱ་ཧཱ། པ་ལ་ཤའི་མེ་ཏོག་གམ་ཡམ་ཤིང་གིས་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་བུ་མོ་དོན་དུ་གཉེར་བར་འདོད་པར་འགྱུར་རོ།། ཨོཾ་ཀ་མ་ལ ་པཱ་སི་ནི་ཀ་མ་ལ་མ་ཧཱ་ལཀྵཱི་ར་ཛྱེ་དེ་ཧི་བ་ར་སྭཱ་ཧཱ། སྔགས་འདི་ནི་དཔལ་ཆེན་མོའི་སྙིང་པོའོ།། རྟག་ཏུ་བཟླས་པ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་སྟེར་བར་འགྱུར་རོ།། ཇི་ལྟ་བ ་བཞིན་དུ་རྙེད་པའི་མེ་ཏོ་ག~ཾ་གི་སྤྲིན་སྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་འགྲུབ་པར་འགྱུར་རོ། ། ར་ས་བལ་གྱི་ས་བོན་གྱི་ཚད་ཙམ་གྱི་གུ་གུལ་གྱི་རིལ་བུ་མངར ་གསུམ་ལས་བཏགས་པའི་སྦྱིན་སྲེག་འབུམ་མམ། པདྨའི་སྦྱིན་སྲེག་འདུམ་གྱིས་རྒྱལ་སྲིད་སྒྲུབ་པར་བྱེད་དོ།། ཨ་ནི་ཏི་ནི་བ་དེ་ཀི་ཎི་ཁ་ནི་ཡ་མེ་ད་ད་བོ་ཥཊ། དགའ་མའི་སྙིང་པོའི ་སྔགས་འདི་ནི་གོང་དུ་བཤད་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། ཨོཾ་ཛཾ་བྷེ་མོ་ཧེ་སྭཱ་ཧཱ། རྗེ་བཙུན་མ་སྒྲོལ་མ་ལ་ཀ་ར་ཝཱི་རའི་མེ་ཏོག་གིས་མངོན་པར་མཆོད་དེ་སྔགས་ཀྱི་རྒྱལ ་དོ་འདི་ཡི་གེ་འབུམ་བཟླས་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ། ། ཨོཾ་བ་སུ་དྷཱ་རི་ཎི་སཱ་ཧཱ། ཨོཾ་ཤྲཱི་བ་སུ་སྭཱཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱ་ཧཱ། མ ་ཤྲཱི་བ་སུམ་ཎི་ཤྲི་ཡ་སྭཱ་ཧཱ། བདག་ཉིད་ཛམྦྷ་ལའི་གཟུགས་སུ་བསྒོམས་ལ་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུ་དྷ་རི་གསེར་གྱི་མདོག་ཅན་ཕྱག་གཉིས་བརྒྱན ་ཐམས་ཅད་ཀྱིས་བརྒྱད་པ། ཤར་ལ་སོགས་པའི་ཕྱོགས་སུ་ལྷ་མོ་བཞིས་བསྐོར་བ། གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་འབྲས་ཀྱི་སྙེ་མ ་བསྡམས་པ་བསྒོམས་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ། ། བའི་ལྕིབས་དཀྱིལ་འཁོར་གྲུ་བཞི་པ་ཁྲུ་དོའི་ཚད་དུ་བྱས་ལ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས ་པ་བྱས་ན་ཟླ་བ་དྲུག་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། ། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གིས་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང་ཡི་གེ་འབུམ་བཟླས ་ན་དཔལ་ཆེན་པོ་འགྲུབ་པར་འགྱུར་རོ། ། གུ་གུལ་གྱི་རལ་བུའི་སྦྱིན་སྲེག་འབུམ་བྱས་ན་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་རོ།། ཨོཾ་བ་སུ་དྷ་རི་ཎི་ཨ་མུ་ཀ་མྱཾ་དེ་ཧི་དཱ་པ་ཡ ་སྭཱ་ཧཱ། སྔགས་འདི་ཚྭའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་སྦྱིན་སྲེག་བྱས་ན་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ།། མཚན་མོ་འོ་མ་ཅན་གྱི ་ཡམ་ཤིང་གིས་གྲོང་གཱ་མོང་ནས་སྨོས་ནས་སྦྱིན་སྒེག་འབུམ་བྱས་མཐོང་རྙེད་པར་འགྱུར་རོ། ། སྱཻ་བ~ཾ་སུཏྟཱ་རི་ཎི་སྭཱཿ། ཨོཾ་ཙཱནྡ་ཙྪིནཿོཾ་དཏྟཱ་ལཾ་སྭཱནྟ། ཨོཾ་བས ་དཏྟཱ་ཡཾ་སཱ་ཧཱ། ཨོཾ་ཨཱརྱ་ཡཻ་སཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟ་ཡཾ་སྭཱཧཱ། ཨོཾ་དཾ་བྱི་ཡེ་སཱཿ། ཨོཾ་སྭ་ར་ས་ཏྱེ་སཱ་ཧྲྀ། གསེར་གྱི་བྱེང་བུ་འམ་དངུལ་བྱ ་བྱང་བུ་འམ། ཟངས་མའི་བྱང་བུའི་མེ་ཏོག་འདབ་མ་བརྒྱད་པའི་དབུས་སུ་བ་སུ་དྷཱ་ར་ཤར་ལ་སོགས་པའི་འདབ་མ་ལ་ཙནྡྲ་ཀཱཾ་ཏྱ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི ་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང་། སྦྲང་རྩི་དང་། ཀ་ར་བཅུག་སྟེ། གོང་དུ་བཤད་པའི་ཆོ་གས་སྔར་སྨོས་པའི་ལས་རྣམས་བྱེད་པར་འགྱུར་རོ།། དབུས ་སུ་ནི། ཨོཾ་ཛམྦྷ་ལ་ཛ་ལེནྣ་ཡ་སཱ་ཧཱ། ཕྱོགས་སུ་ནི། ཨོཾ་མ་ཎི་བྷ་དྲཱ་ཡ་སཱ་ཧཱ། ཨོཾ་པཱརྞྞ་བྷ་དྲཱ་ལ་སྭཱ་ཧཱ། ཨོཾ་དྷ་ན་བྷ་དྲཱ་ཡ་སཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སཱ་ཧཱ། མཚམས ་སུ་ནི། ཨོཾ་ཀིཾ་ལི་མཱ་ལི་སཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཙི་རེནྡྲ་ཡེ་སྭཱ་ཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ ་བཅོམ་ལྡན་འདས་ནི་བ་སུ་དྷ་རི་དང་བཅས་པ་གསེར་གྱི་མདོག་ཅན། ནེའུ་ལེ་དང་འབྲས་བུ་ས་བོན་གྱིས་བཀང་བ་ཕྱག་ན་བསྣམས་པ། གསུས་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས ་བརྒྱན་པ། གོང་དུ་བཤད་པའི་གནོད་སྦྱིན་མོ་དང་གནོད་སྦྱིན་གྱི་བདག་པོ་དང་བཅས་པ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་བསྒོམས་ཤིང་བཟླས་པ་བྱས་ན། བཅོམ་ལྡན་འདས་ཀྱིས ་འཇིག་རྟེར་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད་དོ། ། ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང་། བྱ་རོག་གི་སྒྲ་མི་གྲག་པར་ཆུའི་ནང་དུ་ཞུགས་ཏེ་བཟླས་པ་བྱེད་པ་གང་ཡིན་པ ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ། ། ཡང་ནགསེར་ལས་བྱས་པའི་བྱང་བྲལ་བ་སུདྷ་རི་ག་ནང་སྦྱིར་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཙ ་ལྡན་འདས་ཛམྦྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ་ཁ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན། དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་མཛད་ན་གྲུབ་པ་གཞན་ལྷ་མོས་ཀྱང་ཅི ་དགོས། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་གཉིས་པ་རྫོགས་སོ།། ། ཨོཾ་བཛྲ་ཏཱིཀྵྞ་དུཿཁཙྪེད་པྲ་ཛཱ་ཛྙཱ་མུཏྟཱ་ཡ་ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པ་སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། ཕྱག་གཡོན་ན་ཨུཏྤལ་སྔོན་པོའི་སྣམས་པ། གཡས་ཀྱི ་། མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ་ཨ་ནུཏ་པནྡྷ་པྲ་ཀྲི་ཏི་པྲ་བྷ་སཱ་རཾ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཏྲི་སཔྤ་ཧཱ་ཏ་སཱ་ར་སཱ་ཏི་པཱ་ཏི་མུ་པ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས ་ཅན་གྱི་ངག་ཐོབ་པར་འགྱུར་རོ། ། ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་གྲུབ་པར་བྱེད་དོ།། བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་ཡང་ཐོབ་པར་འགྱུར་རོ།། ་ཤུ་དག་སྲང་ཕྱེད་ཀྱི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་ཐོ་རངས་འོ་མ་འམ། མར་རམ། ཏིལ་མར་ཟླ་བ་གཅིག་ཏུ་འཐུངས་ན་གླེན་པ་དང་རིག་པ་མེད་པར་འགྱུར་རོ།། ་ཁུ་བྱུག་མྱོས་པའི་སྐད་དང་འདྲ་བར་སྐད་སྙན་ཅིང་རིག་གསལ་བར་འགྱུར་རོ།། ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་ཐོས་པ་རྣམ་ཡང་བརྗེད་པར ་མི་འགྱུར་རོ། ། ཐོས་པ་འཛིན་པར་འགྱུར་རོ།། ཨོཾ་བཱ་ཀྱེ་དཾ་ན་མཿ། རྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་དུ་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན ་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། རྒྱ་མཚོར་འགྲོ་བའི་ཆུ་ལ་རྐེང་པ་ཙམ་གྱིས་ཆུ་ལ་བརྒལ་ནས་ཛཱ་ཏིའི་མེ་ཏོག་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད ་ཅིང་ཕུན་པ་རེ་རེ་རྒྱུར་ཕྱོགས་སུ་འབབ་པར་འགྱུར་བ་ལས་ཕུན་པ་གཅིག་རྒྱུད་ལས་ལོག་པར་འོངས་པ་དེ་སོ་ལ་མ་རེག་པར་མིང་མ་ཐོས་པ་འཛིན་པ་གྲོལ་བར་མཛད་དེ། ། ཇི་ལྟ་བ་བཞིན་རྙེད ་པའི་མེ་ཏོག་ཆུ་ལ་སྤྲིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། ། སྨན་པྲཧྨའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐེ་རངས་དཀྱིལ་འཁོར ་བྱས་ཏེ་ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལའང་ཡང་དག་པར་མཆོད་དེ། མར་རམ་རོ་སྒྱུར་དང་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ།། ཚིག་གི་བདག ་པོའི་དབྱངས་སྙན་པའང་སྐྱེ་བར་འགྱུར་རོ། ། སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ།། ཕྱིས་ཟླ་བ་གཟས་ཟིན་པ་འམ། ཉི་མ ་ག་ཟས་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ་ཟླ་བ་མི་སྡང་བར་ཇི་སྲིད་གྲོལ་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱས་ན་རལ་གྲཝའི་རིག་པ ་འཛིན་པར་འགྱུར་རོ། ། དེ་བཞིན་དུ་འཁོར་ལོ་དང་། རྡོ་རྗེ་རྩེ་གསུམ་པ་དང་། མདའ་དང་། ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་རིག་པ་ལ་སོགས་པ ་དང་། བརྒྱད་ཀྱིས་ལེན་ལ་སོགས་པ་འདུས་པ་བསྒྲུབ་པར་བྱའོ།། ཡང་ན་མིག་ལྡན་ནམ། ཐིག་ལེ་འམ། རྐང་པ་བསྡུས་པའམདབང་དུ་བྱ་བའི་རྫས་བསྡུས ་བསྒྲུབ་པར་བྱའོ། ། འོ་ཐུག་གམ། ཞོ་འམ། ཟད་ནམ། མར་དང་བཅས་པ་ཁ་ར་དང་བཅས་པས་སྣོད་བཀང་སྟེ་ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལ་ལྔ ་བརྒྱར་འཚོ་བར་འགྱུར་རོ། ། སྲན་མཱ་ཥ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་། ཐོས་པ་འཛིན་པ་དང་། སྨྲ་མཁས་པ་དང་། ཡིད་བཞུངས་པར་འགྱུར ་རེརོ། པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ།། བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་འགྱུར་རོ།། ་ཇི་ལྟ་བ་བཞིར་རྙེད་པོའི་མེ་ཏོག་གྱི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་བྱེད་དོ།། མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུ་མོ་ལ ་སོགས་པ་འགུག་པར་བྱེད་དོ། ། དེ་བཞིན་དུ་ཡམ་ཤིང་རྣམ་པ་ལྔས་ཀྱང་བྱའོ།། རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པར་འགྱུར་རོ།། ཨ ་། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་པོར་སྟེར་བར་བྱེད་དོ།། ཨོཾ་ཧྲིཿམ་ཧཱ་མཱ་ཡཱངྒེ་མ་ཧཱ་ས་རས་རྐྱེ་ན་མཿརྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་འདིས་ལས ་ཐམས་ཅད་བྱེད་པར་འགྱུར་རོ། ། ཨོཾ་པྲ་ཀྲི་ཏི་པ་རི་ཤུདྡྷཿསརྦ་དྷཱརྨྨཿཔྲ་ཀྲི་ཏྱཱ་བ་རི་ཤུདྡྷོཧཾ་སྭ་ཧྱཾ་བྷྱཱཾ་ད་ར་ན་མཿཱི་ཏི། ཞེས་བྱ་བའི་འདིས་རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི ་སྣ་ཚོགས་པདྨ་དང་། བདག་ཉིད་རང་བཞིན་གྱིས་ཡོངས་སུ་དག་པར་བསམས་ལ་པདྨ་དཀར་པོ་ཁྲུ་འདུན་པའི་ཚད་དང་། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ཕྱག ་གཉིས་པ་པདྨ་དང་མཆོག་སྦྱིན་གྱིས་རྣམ་པར་བརྒྱན་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན་གཅིག་ཏུ་གཞན་ལ་ཕན་འདོགས་པར་ཞུགས་པ ་སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། ཙན་དན་དཀར་པོའི་ལྡེ་གུས་བྱུགས་ཤིང་མེ་ཏོག་གིས་མཛེས་པར ་བརྒྱན་པ། ན་བཟའ་དཀར་པོ་དང་མུ་ཏིག་གི་འཕྲེང་བས་ཐུགས་ཀར་མཛེས་པར་བྱས་པ། སྐུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའི་སྐུ་ལས་ཡོངས་སུ་སྤྲོས་པའི ་@འོད་ཟེར་སྟོང་གིས་མཐས་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། ལོ་བཅུ་གཉིས་ཀྱི་མཆོང་དུ་འ་དྲུངས་པའི་སྐུ་ཅན་ངག་གི་དབང ་བྱུག་ཆེན་པོར་བདག་ཉིད་བསམ་པར་བྱའོ། ། དེའི་མདུད་དུ་ཤེས་རབ་མ་དང་། གཡས་སུ་ཡིད་གཟུངས་མ་དང་། རྒྱབ་རྒྱ་བྷྱོ་ལྡན་མ་ད་། གཡོན་ནུ་དྲན་པ་མ་གོང་དུ་ས ་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པའི་ལྷ་མོར་བསམ་པར་བྱའོ། ། དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་མདོག་དཀར་པོའི་རྣམ་པར ་བསམས་ལ། དེ་ལས་བྱུང་བའི་ངག་གི་དབང་ཕྱུག་གི་རང་བཞིན་མ་ལུས་པའི་འཕྲེང་བ་རྒྱུར་མི་འཆད་པར་འབྱུང་བ་བསམས་ཤིང་། གཅིག་པུར་དེར་ཕྱོགས་པའི་ཡིད་ཅན ་གྱི་སྔགས་པས་བདག་ཉིད་རང་གི་ལྟེ་བའི་དབུས་ན་གནས་པའི་མི་སྨྲ་བས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་ཐོབ་པར་འགྱུར་ཞིང་ཟླ་བ་གསུམ་གྱིས ་ཚངས་པ་གསོད་པའང་འགྲུབ་པར་འགྱུར་རོ། ། ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུར་རོ།། ར་ཡི་འོ་མ་ཨ་རུ་ར་དང་ཚ་བ་གསུམ།། པ་ཏ་ཤུ་དག་སིག་ཀྱ། ་སེན་ང་ཡི།། ལན་བདུན་མངོན་པར་བསྔགས་པའི་མར་དག་ནི།། འཐུངས་ན་དབྱངས་ཅན་འགྲུབ་པར་འགྱུར་བ་ཡིན།། ར་ཡི་འོ་མ་བྲེ་བཞི་དང་།། སྨན་རྣམས་སྲང་གཅིག་ཙམ ་གྱི་ཚད། ། མར་བྲེ་གང་དང་མཁས་པ་ཡིས།། རིམ་གྱིས་མེ་ཆུ་ལ་བསྐོལ་བྱ།། ཟླ་གཅིག་ཙམ་ཞིག་ལོངས་སྤྱད་ན།། བླ་མེད་ཚིག་ནི་ཐོབ་འགྱུར་ཞིང་།། ཟླ་དྲུག་ཉེ་བར་ལོངས་སྤྱད ་པས། ། ངག་གི་དབང་ཕྱུག་མངོན་སུམ་འགྱུར།། ཤུ་དག་ཤིང་མངར་སེན་ད་བ།། ཨ་རུ་བཅའ་སྒ་ལ་ལ་པུ།། རུ་རྟ་པི་པི་ཟི་ངར་བཅས།། རྣམ་བརྟགས་ངག་ནི་དག་པར ་བྱེད། ། ལྷ་ལ་མེ་ཏོག་དྲི་བཟང་སོགས།། ནང་པར་ཡང་དག་མཆོད་ནས་ནི།། ལན་འདུན་བསྔགས་བྱས་ཟོས་ན་ནི།། ཟླ་བ་དྲུག་གིས་ཐོས་འཛིན་བྱེད།། ཟླ་བ་གསུམ ་གྱིས་ཚིག་བདག་འགྱུར། ། ཟླ་བ་གཅིག་གིས་བློ་ལྡན་ཞིང་།། ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ།། དབྱངས་སྙན་པ་ནི་སྐྱེ་བར་འགྱུར།། གངས་ཅན་སྐྱེས་པའི་ཨ་རུ་འམ།། ་གངས་ཅན་སྐྱེས་པའི་ཤུ་དག་ལ།། ཐོ་རངས་ལན་བདུན་མངོན་བསྔགས་ནས།། ཟླ་གཅིག་བོས་ན་ཟླ་དེ་ལ།། ཚིག་གི་བདག་དང་ཡིད་གཞུངས་དང་།། དབྱངས་ཅན་ཤེས་རབ ་ལྡན་པ་ཡང་། ། སྐྱེད་པར་འགྱུར་ཞིང་ཟླ་དྲུག་གིས།། ཐོས་པ་འཛིན་པར་ཡང་འགྱུར་རོ།། ཨོཾ་བ་གྲཱ་དི་ནི་བཱ་ཙརྨྨ་ཎི་ཡཙྪ་པ་ར་སྲ་ཏི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། པདྨ་ལས་སྐྱེས ་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། ཨོཾ་ཨརྐ་མཱ་ལ་ནི་ཀི་ཎི་ཁི་ཏི་སྭཱཧཱ། བཅོམ་ལྡན་འདས་དཔའ་བོ་གཅིག་ཏུ ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པའི་པོ་ཏི་བསྣམས་པ། ཕྱག་གཡས་པཤེས་རབ་ཀྱི་རལ་གྲི་འཕྱར་བ། གཞོན་ནུའི་གཟུགས་ཅན་འཇམ་པའི ་རྡོ་རྗེ་བདག་ཉིད་བསམས་ལ་མདུན་དུ་ཉི་མའི་འཕྲེང་བ་དབྱངས་ཅན་ཆེན་མོ་དང་། རྒྱབ་ཏུ་དཔལ་ཆེན་མོ་དང་། གཡས་སུ་སྒྲ་ཅན་མ་དང་། གཡོན་དུ་ཉེ་བའི་སྒྲ་ཅན་མ་རྣམ ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་རབ་ཏུ་བསྒོམས་པར་བྱའོ།། དེ་ལྟར་བསྒོམས་པ་ལ་གནས་ཤིང་ངེས་པར་གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ། ་སྔོན་དུ་བསྟན་པའི་ཆོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས་འབུམ་ཕྲག་བཞི་བཟླས་ལ་དབྱངས་ཅན་གྱིས་མར་རམ། བྲཧྨའི་མར་སྲང་གཅིག་ཙམ་ལ་ཡོངས་སུ་བཟླས ་ཏེ་བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་རབ་ཏུ་གསོལ་བར་ཡོངས་སུ་རྟོག་ཅིང་ཏིང་ངེ་འཛིན་ལ་གནས་པར་བྱ་ཞིང་བཏུང་བར་བྱའོ། ། དེ་ལ་བྲལླའི་མར་འདི་ནི།། བྲཧྨའི་ཁུ་བ ་འོ་མ་དང་། ། མར་སྲང་སུམ་ཅུ་རྩ་གཉིས་དང་།། ཡུང་བ་དང་ནི་པ་ལ་ཏྲི།། ཏྲེ་བར་ཏ་དང་ཨ་རུ་བཅས།། དེ་དག་ཆ་ནི་སྲང་རེ་དང་།། པི་པི་ལིང་དང་བྱི་ཏང་ཀ། སེ་རང་བ་དང་ཁ་རར ་བཅས། ། དེ་དག་སྲང་ནི་བཞི་ཆར་ཤེས།། སྨན་རྣམས་དག་ནི་བཏགས་ནས་ཀྱང་།། དེ་ལ་འདི་དག་བླུགས་པར་བྱ།། དེ་དག་ཐམས་ཅད་ཆ་མཉམ་པ།། མཆུ་དེ་ལས་བསྐོལ་བར་བྱ།། ་དེ་ནས་འཐུངས་པ་ཙམ་གྱིས་ནི།། བླ་མེད་དག་ནི་དག་འགྱུར་དང་།། མཚན་བདུན་ཉེ་བར་ལོངས་སྤྱད་པས།། མི་འམ་ཅི་དང་སྐད་མཚུངས་འགྱུར།། ཟླ་གསུམ་ཉེ་བར་ལོངས་སྤྱོད་པས།། ་མི་ནི་ཤེས་རབ་གནས་སུ་འགྱུར།། ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས།། ཐོས་པ་མཆོག་ནི་འཛིན་པར་འགྱུར།། ཟླ་བ་དྲུག་གིས་མངོན་སུམ་དུ།། མི་ནི་ངག་དབང་མཚུངས་པར་འགྱུར།། མཛ ་ནད་བཅོ་བརྒྱད་དག་དང་ནི། ། ཟ་བྱེད་ཆེན་པོ་འདུན་འོཇོམས་བྱེད།། ཨོཾ་ཨ་ནནྟ་ཛྙཱ་ན་ཤྲི་ཡེ་མཉྫུ་ཤྲི་ཡཻ་ན་མཿ། གོང་དུ་སྨོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས ་ལ་སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་ན་གོང་དུ་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། ཨོཾ་ཨ་ར་པ་ཙ་ན་དྷཱིཿསྭཱ་ཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ ་བཅོམ་ལྡན་འདས་ངག་གི་དབང་ཕྱུག་དང་བླ་མ་རྗེ་བཙུན་ཡང་དག་པར་མཆོད་དེ་བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། ཨོཾ་ཨ་ར་པ་ཙ་ན་དྷཱི་སྭ་བྷ་བ་བི ་ཤུནྣཿསརྦ་དྷཱརྨཱཿསྭ་བྷ་བ་ཤུད་ཟློ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ་བདག་དང་འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ། སྟོང་པ་ཉིད ་མངོན་སུམ་དུ་བྱས་ནས་པདྨ་དཀར་པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ། སྐུ་མདོག་དཀར་པོ་རལ་གྲི་དང་པོ་ཏི་བསྣམས་པར་བདག་ཉིད་ཡུང་ཙམ་གྱིས་ཡོངས་སུ ་གྲུབ་པར་རྣམ་པར་བསམས་ལ། ངག་གི་དབང་ཕྱུག་བདག་ཉིད་ཀྱི་གཡས་སུ་སྤ་ཅན་དང་། གཡོན་དུ་ཉེ་བའི་སྒྲ་ཅན་མ་རིན་པོ་ཆེའི་པདྨ་བསྣམས་པ་སྐུ ་མདོག་དཀར་མོར་རྣམ་པར་བསམ་མོ། ། མདུར་དུ་ཉི་མའི་འོད་སྐུ་མདོག་དཀར་མ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤ་ལ་བསྣམས་པ་དང་། རྒྱབ་ཏུ་ཟླ་འོད་ཟླ་བའི་དཀྱིལ ་འཁོར་ལ་བཞུགས་པ་སུཏྤ་ལ་བསྡམས་པ་རྣམ་པར་བསམ་པར་བྱའོ། ། དེ་ནས་རང་གི་སྙིང་ལ་འབར་བའི་འཕྲེང་བའི་ཆོས་ཡོངས་སུ་འཕྲོ་བའི་ཡི་གེ་ཨ་ཡོངས་སུ་བསམས་ལ། ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ་ངག་གི་རང་བཞིན་མ་ལུས་པས་རྣམ་པར་སྤྲས་པ་ཡོངས་སུ་གསལ་བར་བྱེད་པ་རྣམ་པར་བསམ་པར་བྱའོ།། དེ་ལྟར་གོམས་པར་བྱས་པ་ལ ་ཟླ་བ་དྲུག་གིས་སྔོན་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་དོན་དང་གཞུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཞིང་ལོ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། ། ཨ ་ར་པ་ཙ་ནའི་འཁོར་ལོའི་ཆོ་གའོ། ། ཨོཾ་ཝཱ་གཱི་ཤྭ་རི་མུཾ། སྔགས་འདི་སྔ་མ་བཞིན་དུ་བཟླས་པས་གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལེའི་དབུས་སུ་ཡི ་གེ་མུཾ་འབར་བའི་འཕྲེང་བའི་ཚོགས་ཅན་བལྟ་བར་བྱའོ། ། ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ།། ཨོཾ་དྷརྨ་དྷཱ་ཏུ་ཝཱ་གི་ཤྭ་རི་མུ་སྭཱ་ཧཱ། སྔར་བཤད་པའི་རིམ་པས་ལྔ་པོའི་བདག་ཉིད ་བསམས་ལ་ཡི་གེ་མུཾ་གྱི་སྙིང་པོ་ཅན་གྱི་འཁོར་ལོ་ཆིབས་བཅུ་དྲུག་པ་རྣམ་པར་བསམ་པར་བྱའོ། ། དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས་བུ་རྣམས་སྐྱེ་བར་འགྱུར་རོ།། ་བཛྲ་ཏཱིཀྵཱ་བ་ར་ད་མུཿསཱཧཱ། བདག་ཉིད་ཡི་གེ་མུཾ་ཡོངས་སུ་གྱུར་པའི་མེའི་ཕུང་པོ་ལྷ་བུས་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བར་བྱེད་པ་ངག་གི་དབང་ཕྱུག་དཔའ་བོ་གཅིག་པུར་ཡུད་ཙམ ་རྣམ་པ་རཾ་བསམས་ལ། ། རང་གི་སྙིང་ཁར་ཡི་གེ་ཨོཾ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤས་ད།། འཇིག་རྟེན་གྱི་ཁམས་མ་ལུས་པ ་སྣང་བར་བྱེད་པར་བསམ་པར་བྱས་ནས་ཟླ་བ་དྲུག་ཙམ་གྱིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་ཞིང་། སྔར་སྨོས་པའི་འབྲས་བུ་རྣམས་འདིས་སྐྱེད་པར་འགྱུར་རོ།། དཔའ ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གསུམ་པ་རྫོགས་སོ། ། ། ལ་བ་ཎཱཾ་བྷ་སོ་ཤི་ཏཱིཀྟོ་སོ་ཌ་ད་གྲོ་སི་ང་ཡཾ་ཀ་རཿ་མུ་ཀ་སྱ་ད་ཧ་གྲཱ་ཏྲ་ཏྲཱི་ད་ཧ་མཱན་སཾ ་ད་ཨཧྭཱ་ཏཱ་ཙན་ན་ཁཱན་པི་ད་ཧ་པྲཱི་ནི་ཨ་སྠི་ནཱི་སྱོ་མཛྫ་ད་ཧཿལབ་ཎི་ཙྪིན་ད་ཏི་ལ་བ་ནཾ་བྷིན་ད་ཏི་ཤྭ་ཎི་ཏཾ་ལ་བ་ཎེ་ཧཱུཾ་ཡ་མཱ་ཎེ་ཀུ་ཏོ་ནི་ཏྲི་ཀུཾ་དོར་ཏིཿལ་དི་བཾ་པ་ཏི་ཡོ་ཛ་ན་ཤ་ཏེ་ར་ན་དི་ནཱཾ་ཙ་ཤྭ་རཱནྟ་རེ་ན་ག ་རེ་ལོ་ཧ་པཱ་ཀཱ་རོ་ཀྲཥྚ་སརྦྦ་ཀྲི་ཏཱ་ཀུ་ཌེ་ར་ཏྲྀ་བ་བ་ས་མ་ན་ཡ་ཏི་ལ་བ་ཎ་ལ་བ་ཎ་བརྞྞ་སུ་སྠི་ཏི། ཨོཾ་ཙི་ཊི་བི་ཀྲོ་ལཾ་ས་མུ་ས་དྷ་ན་པ་རི་པཱ་ར་མེ་བ་ས་མ་ཎ་ཡ་སྭཱ་ཧཱ། སྔོན་དུ་བསྙེན་པའི་ཆོ་ག་ཁྲི་བྱས ་ལ་དེའི་འོག་ཏུ་སྒྲུབ་པ་བརྩམ་པར་བྱའོ། ། མེ་ཏོག་དང་ལྡན་པའི་ཤིང་མྱ་ངན་མེད་ཀྱི་རྩ་བར་བཞུགས་པའི་རྗེ་བཙུན་སྤྱད་རས་གཟིགས་སྐུ་མདོག་དམར་པོ ་འཕྲེང་བ་དང་ན་བཟའ་དམར་པོའི་རྒྱན་གྱིས་རྗེས་སུ་བྱུགས་པ། ཕྱག་བཞི་ཞགས་པ་དང་། ལྕགས་ཀྱུ་དང་། གཞུ་དང་། མདའ་བསྣམས་པ་སྒེག་པའི་ཆ་ལུགས་ཅན ་གཡས་དང་གཡོན་གཉིས་ན་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད་རྣམ་པར་བསམས་ལ། དུས་གསུམ་དུ་ཚྭའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཉི་མ་བདུན་གྱིས ་སྐྱེས་པ་དང་བུད་མེད་དབང་དུ་འགྱུར་རོ། ། ཞག་ཉི་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེན་པོ་དབང་དུ་འགྱུར་རོ།། ཚྭ་དང་བཅས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཟུགས་སོར་བཞི ་པའི་ཚད་དུ་བྱས་ལ། སེང་ལྡེང་གི་མེ་མདག་དུ་བ་མེད་པ་ལ་དུས་གསུམ་བརྗོད་པས་བསྲེས་ན་གང་གི་མིང་ནས་བཟུང་བ་དེ་དབང་དུ་འགྱུར་རོ།། རྡོ་རྗེའི་ཆུ་ལ་སོགས་པའི་ཚུལ་ལན ་བརྒྱ་རྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ། ། ཨོཾ་ལ་བརྟྟི་ཌྷོ་སི་ཏིཥྛ་སི་ཌ་དགྲོ་སི་ཧྱང་ཡཾ་ག་མ་ཨ་མུ་ཀ་སྱ་ཧྲི་ད་ཡ~ཾ་པི་ཌ་ནཱ་སི་ལཾ་ཀ་ཙི་ཀཾ་ས་ཀ། བི་ཀྐོ་ཡི ་མ་ཧཱའི་ཀྲོ་ལི་ཨ་མུ་ཀི་མེ་བ་ས་མཱ་ན་ལ་སྭཱ་ཐཱ། སྔོན་དུ་བསྙེན་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ་དུས་གསུམ་དུ་ཚྭ་ཆུ་ཁྱོར་གང་གི་མིང་དང་འཐུངས་ན་དེ་དབང་དུ་འགྱུར་རོ།། ཚྭ་དང་སྐེ་ཚེ ་ཆ་མཉམ་པར་བྱས་ལ་གང་གི་མིང་དང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། ཨོཾ་ཀུ་རུ་ཀུལླེ་སྭཱཧཱ། རྗེ་བཙུམ་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་དབང་དུ་བྱ་བའི་ལས་ཐོགས་པ་མེད ་པར་འགུགས་པར་གྲགས་པ། སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནསཏེ་ཡི་གེ་འབུམ་བཟླས་པ་བྱས་ལ། ཕྱིས་བེ་ཏོག་དང་། བདུག་པ་དང་། བྱུག་པ་དང་། ཕྱེ་མ་དང་། ་སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྤོས་དྲི་ཞིམ་པོས་བདག་ཉིད་ལ་བདུགས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། མེ་ཏོག་དམར་པོའི་སྦྱིན་སྲེག་གང་གི་མིང ་དང་བྱས་པ་དེ་དབང་དུ་འགྱུར་རོ། ། བཟའ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ། ཉུངས་ཀར་གྱི་སྦྱིན ་སྲེག་བྱའོ། ། ཕྱིས་ཚེས་གྲངས་དང་། རྒྱུ་སྐར་དང་། ཞག་བཟང་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གྲོ་གའམ་གོས་ལ་གུར་གུམ་མམ། བིའུ་ཝང་ངམ། ག ་པུར་ལ་སོགས་པ་ཨུཏྤ་ལའི་འདབ་མ་ལྟ་བུའི་རྩི་བས་བཅུ་དྲུག་པའི་འཁོར་ལོ་བྲིས་ལ། འཁོར་ལོའི་དབུས་སུ་སྒྲུབ་པ་པོ་དང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ།། ་འདབ་པ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བརྟེན་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ།། ཕྱི་རོལ་ནས་ཡི་གེ་ཨོཾ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ ་དམར་པོས་བཅིངས་ནས་སྤྲ་ཚིལ་གྱི་རང་བཞིན་ཅན་གྱིས་གཟུགས་སྙིང་ཁའི་དབུས་སུ་གཙུག་ལ། སེང་ལྡེང་གི་མེ་མདག་ལ་དུས་གསུམ་དུ་བསྲེས་ན་ཀང་བས ་འགུགས་པར་བྱེད་དོ། ། སྐྱེས་པ་འམ་བུད་མེད་དབང་དུ་བྱེད་ན་ཟངས་མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུར་རོ།། ཡི་གེ་ཡཾ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ ་འཁོར་ཡོངས་སུ་བསམས་ལ། དེའི་སྟེང་བསྒྲུབ་པར་བྱ་བ་སྐུ་མ་བཅིངས་ཤིང་གཅེར་བུ་མགྲིན་པ་ཞགས་པས་བཅིངས་པ། སྙིང་ལ་ལྕགས་ཀྱུས་བསྣུན་པ། རླུང་གི་ཤུགས ་ཅན་གྱི་རིག་སྔགས་ཀྱིས་ཐམས་ཅད་དྲངས་ཏེ་སྒྲུབ་པ་པོའི་རྐང་པར་ལྷགས་པར་བསམ་པར་བྱའོ། ། གོམས་པར་བྱས་པས་ནམ་མཁའ་ལས་འདྲེན་པར་ཡང་བསྒོམས་པ་ཙམ་གྱིས ་འགྱུར་རོ། ། མར་དང་། སྦྲང་རྩི་དང་། ཀ་ར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་སྔགས་བཟླས ་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། ། པདྨ་དཀར་པོའི་སྡོང་བུ་བྱས་ལ་བ་སེར་སྐྱའི་མར་གྱིས་སོ་མ་བཏང་བའི་ཁམ་པོར་དུ་བ་ཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག ་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། དུར་ཁྲོད་དུ་ཀ་པཱ་ལ་ཆེན་པོ་ལ་པདྨ་དཀར་པོའི་སྡོང་བུ་དང་སྣུམ་ཆེན་པོས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་མཚན་མོ་དུ ་བསྒྲུབ་པར་བྱས་ལ། ངེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ།། ཨ་མ་ལ། བི་མ་ལ། ཀུ་མ་ཀུ་མེ་ས་མ་ཡེ་ན། བྷད་དྷི་སི་བྷ་ནི་དུ་ན་ཨིང ་ཡ་དེ་བོ་བ་ར་ཤ་ཏི་བྷ་ཛྱེ་ཏ་ཡི་ཏ་གྲཱ་ཛི་ཏ་པིསྨ་ཡ་མ་ཧཱ་ར་ཛེ། ས་མཱ་དྷི་བྷ་ར་ཏ་ཡཾ་ཏུཾ། དེ་བེ་བྷྱོ། མ་ནུ་ཥེ་བྷྱོ། གཾ་དྷ་བྷེ་བྷྱོཿཤི་གི་གྲ་ཧ་དེ་བ་ཨཱ་ནནྟ་སྱ་གྲི་ཧ། རི་ཡཾ་ཨ་ཀ། ་མ་ན་ཡ། གྲ་མ་ན་ཡ་ཛུ་ཧོ་མི་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་བསྙེར་བའི་ཆོ་ག་བྱས་ལ་ཁང་པའི་མདུར་གྱི་དབུས་སུ་བ་ལྕིས་བྱུགས་ལ་གྲུ་བཞིར་བྲེས་ཏེ་ཀུ་ཤ་ཆལ་པར་བཀྲམ ་ནས་མེ་སྦར་ནས་ཨ་ར་གའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ལ་སྔགས་བཟླས་ཤིང་། མེ་ཏོག་རེ་རེ་མེ་ལ་སྤྱིར་སྲེག་བྱས་ན་འདོད་པའི་སྐྱེས་པ་དང་བུད་མེད་འགུགས་པར་འགྱུར་ཞེས་མཁས ་པས་དེ་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ། ། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་བཞི་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་འདི ་