CLOSE WINDOW

S5: dge slong ma'i 'dul ba rnam par 'byed pa
Wyliee-texts produced with BDRC’s OCR application

ཕབ་པ། ། རྒྱ་གར་སྐད་དུ། བིཀྵ་ཎཱི་བི་ན་ཡ་བི་བྷ་ག། བོད་སྐད་དུ། དགེ་སློང་མའི་འདུལ་བ་རྣམ་པར་བྱེད་པ།། ། བམ་པོ་དང་པོ། ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། རྒྱལ་པོ་འདུལ་བ་རྗེ་ཡི་རིགས་སུ་འཁྲུངས།། སློབ་མ་དུལ་མཛད་ཉེས་པ་རའ་ཐུལ་བ།། སངས་རྒྱས་འདུལ་བའི་གཙོ་དང་ཆགས་བྲལ་ཆོས། ་རྡུལ་དང་བྲལ་བའི་ཚོགས་ལ་ཕྱག་འཚལ་ཏེ།། དགེ་སློང་མའི་སོ་སོར་ཐར།། རྣམ་བྱེད་ཧ་ཅང་བསྡུས་པ་དང་།། རྒྱས་པ་མ་ཡིན་བརྗོད་པར་བྱས།། འདུལ་བ་དེ་ནི་ང་ལས་ཉོན།། བསྐལ་པ་བྱེ་བ་རྣམས་སུ ་ཡང་། ། འདུལ་བ་ཐོས་པར་འགྱུར་བ་དང་།། གཟུང་དང་འཛིན་པ་རྙེད་དཀའ་སྟེ།། སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ ་འདུན་མཐུན་པ་བདེ་བ་སྟེ། ། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། ཆོས་ཐོས་པ་དང་མཐོང་བ་ཡི།། དབེན་པར་དགའ་བ་དེ་བ་ཡིན།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། མི་ཚེ་ཡང་དག་སྡོམ་པ་བདེ ་འཇིག་རྟེན་འདོ་ཆགས་བྲལ་བ་དང་། ། འདོད་པ་རྣམས་ལས་རྒྱལ་བ་བདེ།། ངའོ་ང་རྒྱལ་དུལ་བ་གང་།། དེ་ནི་མཆོག་ཏུ་བདེ་བ་ཡིན།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ་ཡང་སྲིད་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག་མཐོང་བ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་རྣམས་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ། ་འགྱུར།། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ང་འོ་ང་རྒྱལ་ཟད་པ་བདེ།། འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེ ་འཛིན་པ་བདེ། ། འཇིག་རྟེན་ན་ནི་འབར་འཛིན་བདེ།། དེ་བཞིན་མར་འཛིན་ཉིད་ཀྱང་བདེ།། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག། དགོན་བཞི་པ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི ་ནང་དག་ཏུ། ། ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ ་གྲོ་དྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱིས་བུའི་ནོར་དང་འགྲན་པ་ཞིག་གནས་སོ།། ་དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་པའི་གྲོང་སུམ་ཅུ་དང་། སྐྱེད་སྒྱུར་བའི་གྲོང་དྲུག་ཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་ཅུ་དང་། གང་དག་གིས་རྒྱལ་པོ ་པདྨ་ཆེན་པོ་ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་བཅུ་ཡོད་དོ། ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ།། དེ་ལ་བུ ་ཡང་མེད། བུ་མོ་ཡང་མེད་ནས། བུའི་ཕྱིར་ལྷ་བརྒྱ་སྟོང་དུ་མ་ལ་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ཁྱབ ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། སའི་ལྷ་དང་། ཀླུ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ་འཁོར་སྐོང་དང་། འཕགས་སྐེ་པོ་དང ་མིག་མི་བཟང་དང་། རྣམ་ཐོས་ཀྱིས་བུ་དང་། ནོར་བུ་བཟང་པོ་དང་། གང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱིས་ལྷ་དང་། བནི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལུས་ཀྱི་ལྷ ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་དང་། རྟག་ཏུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ།། འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་། ་བུ་མོ་དག་སྐྱེའོ་ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ། རེ་རེ་ལ་ཡང་བུ་སྟོང་ཡོད ་པར་འགྱུར་རོ། ། འོན་ཀྱང་གནས་དྲུག་པོ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས ་པ་དག་ཡིན། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན།། ཕ་མ་གཉིས་ཆགས་པར་གྱུར་ཅིང་དུས་པ་ཡིན།། དྲི་ཟ་ཡང་ཉེ ་པར་གནས་པ་ཡིན། དྲི་ཟས་ཀྱང་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས། བུ་དང ་བུ་མོ་དག་སྐྱེ་བ་ཡིན་ནོ། ། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ལས། བུ་ཡང་མེད། བུ་མོ་ཡང་མེད་ནས། དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ་ལག་པ་ལ་འགྲམ་པ་གཏད ་ནས། བདག་གི་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུ་མེད་པའི་ཕྱིར་བླར་བ་ཞེས་པར་འོང་ངོ་ཞེས་སེམས་ཁོངས་སུ་ཆུད་ཅིང་འདུག་གོ། དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་ལྷགས་ཏེ། འདི་སྐད་ཅེས་སྨྲས་སོ།། ནྱ་གྲོདྷ ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག། དེས་སྐབས་དེས་ཉེ་དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་དང་འཇུག་ངོགས་དག་ལ་སྟན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། སྔར ་ལྷའམ། འཇུག་ངོགས་གང་ལ་མ་བསྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུ་འམ་བུ་མོ་ཡང་མེད་དོ།། དེ་ནས་བྲམ་ཟེད་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་མ་འོངས་ནས། དེ་སྐད་ཅེས་སྨྲས་སོ།། བུ་ནྱ་གྲོ ་དྷཁྱོད་ཇི་སྟེ་ཡིད་མི་བདེ། དེས་འདི་སྐད་ཅེས་སྨྲས་སོ།། ཡུམ་ཅི་བདག་གིས་ཡིད་མི་བདེ་བ་ཆུང་ངམ། བདག་གི་ཁྱིམ་གྱི་ཡོ་བྱད་རྒྱ་ཆེན་པོ་འདི་ལྟ་བུ། བུ་མེད་པའི་ཕྱིར་སླར་བཞེས་པར་འགྱུར་རོ།། ་བྲམ་ཟེ་ཤིང་སཱལ་ཆེན་པོ་སྟ་བུ་ནྱ་གྲོ་དྷའི་སྐྱེད་མོས་ཚལ་ན། ལྗོན་ཤིང་ནྱ་གྲོ་དྷ་ཆེན་པོ་ཡལ་ག་དང་། མགོ་ལྕོགས་དང་། འདབ་མ་དང་། ལོ་མ་ཕུན་སུམ་ཚོགས་ཤིང་། འདབ་མ་རྒྱ་ཆེ་ལ། ཡལ་ག་གཡུར ་ཟ་བ་ཞིག་ཡོད་དེ། དེའི་མིང་གི་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ཞེས་བྱ་བར་ཤེས་སོ།། མས། དེ་ལ་སྨྲས་པ། བུ་ཁྱོད་ཀྱི་ཕ་ཡང་བུ་མེད་པར་གྱུར་ནས། དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་གསོལ་བ་བཏབ་བོ།། ་འོན་ཀྱང་དེ་ལ་བུ་ཡང་མེད་ཅིང་། བུ་མོ་ཡང་མེད་པར་གྱུར་ཏོ།། དེས་ནས་དེས་ནྱ་གྲོ་དྷའི་དྲུང་དུ་སོང་སྟེ། ནྱ་གྲོ་དྷ་ལ་གསོལ་བ་བཏབ་པ་དང་། དེ་ནས་ཁྱོད་བྱུང་ངོ་།། དེའི་ཕྱིར་ཁྱོད་ནྱ་གྲོ ་དྷ་ཞེས་བཏགས་སོ། ། ཁྱོད་ཀྱང་བུ་མེད་ན་དེ་ཁོ་ན་ལྟར་གྱིས་ཤིག། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ། ཤིང་ནྱ་གྲོ་དྷ་ག་ལ་བ་དེར་སོང་སྟེ་བྱིན་ནས། ཤིང་ནྱམོ་དྷའི་དྲུང་དུ་ཆག་ཆག་དང་ཕྱག་དར་ལེགས ་པར་བྱེད་དུ་བཅུག་སྟེ། སྤོས་དང་། མེ་ཏོག་དང་། བདུག་པས་བཀང་ནས། རྒྱལ་མཚན་དང་། བ་དན་བསྒྲེང་དུ་བཅུག་གོ།། དེ་ནས་བྲམ་ཟེ་བརྒྱད་བརྒྱ་ཟན་བྱིན་ཏེ། རས་ཡུག་ཆེན་བསྐོན་ནས། ་རྗེས་ལ་ཤིང་ལ་གནས་པའི་ལྷ་ལ་གསོལ་བ་བཏབ་པ། བདག་ལ་བུ་རྙེད་པར་སྤྲོ་བ་སྐྱེད་དུ་གསོལ། གལ་ཏེ་བདག་ལ་བུ་མཆིས་ན། ལོ་གཅིག་བཞིན་འདི་འདྲ་བར་ཁྱོད་ལ་མཆོད་པ་དཔག་ཏུ་མེད་པ་བགྱིའོ།། ་གལ་ཏེ་མ་མཆིས་ན་ལྗོན་ཤིང་འདི་པུ་ཤེལ་ཅིའི་རྩ་བ་ཙམ་གྱི་བར་ལུས་པ་ཡང་གཤེགས་ནས། དུམ་བུ་དུམ་བུར་བྱས་ལ། ཞོགས་མ་ཞོགས་མར་བཞོགས་ཏེ། རླུང་དང་ཉི་མ་གཉིས་ལ་བསྐམས་ནས་མེ ་བསྲེག་གོ། བསྲེགས་ནས་ཐལ་བ་རླུང་ཆེན་པོ་ལ་ཕྱར་བ་འམ། ཆུ་ཀླུང་ཆེན་པོ་དྲག་པོར་གཏོར་རོ།། ལྷ་དེ་ཡང་དབང་ཆུང་བ་ཡིན་པས། གསོལ་བ་བཏབ་པ་ན་ནི། མགུ་བ་དང་། དགའ་བ་དང་། ཡིད་རབ་ཏུ ་དགའ་བ་དང་། སྟོབས་དང་ལྡན་པ་ཡིན་ལ། བསྡིགས་པ་ན་ནི། བདག་གནས་ནས་བསྐྲད་པར་མི་འགྱུར་གྲང་ཞེས་འཇིགས་པར་འགྱུར་ཏོ།། ལྷ་དེ་ཡང་རྒྱལ་པོ་ཆེན་པོ་བཞིས་ཀུན་ཏུ་ཟིན་པ་ཡིན་པས ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ་ཕྱིན་ནས། ཡུལ་འཁོར་སྲུང་ལ་སྤྲས་པ། ཉེ་བང་བདག་གནས་ནས་བསྐྲད་པར་འགྱུར་དུ་མཆིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཙན་ན། བྲམ་ཟེ་ཤིང་སཱལ ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི་སྟོབས་བསྐྱེད་པས་བུ་དང་། བུ་མོ་དག་ཡོད་པ་ཡིན་གྱི་འདི་ལ་བདག་ལ་ནི་དབང་མེད ་དོ་སྙམ་དུ་བསམས་ནས་དེས་དེ་ལ་སྨྲས་པ། བདག་གིས་ནི་བུ་འམ། བུ་མོ་སྦྱིན་པར་མི་ནུས་སོ།། འོན་ཀྱང་ཚུར་ཤོག། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་དྲུང་དུ་འདོང་ངོ་།། དེ་གཉིས་འཕགས ་སྐྱེས་པོའི་དྲུང་དུ་དོང་སྟེ་ཕྱིན་ནས། དོན་དེ་ཉིད་དེ་ལ་སྨྲས་སོ།། དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་ན། དེ་དག་གིས་ཀྱང་རང་གི་ལས་ཀྱིས་བུ་དང་། ་བུ་མོ་དག་འབྱུང་གི། འདི་ལ་བདག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས་སོ།། དེ་ནས་རྒྱལ་པོ་ཆེན་པོ་དེ་བཞི་ལྔའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། ཀོའུ་ཤི་ཀ་བདག་ཅག་གི་འཁོར་དུ་གཏོགས་བཞོག ་རང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷིས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཉེ་དབང་དག ་རང་གི་ལས་ཀྱིས་བུ་དང་། བུ་མོ་དག་འབྱུང་གི། བདག་གིས་ནི་སུ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནུས་སོ།། དེ་ནས་ལྷའི་འཁོར་དེར་སྣང་བ་རྒྱ་ཆེན་པོ་ཞོག་བྱུང་བ་དང་། དེ་མཐོང་ནས་ལྷའི་དབང་པོ་བརྒྱ ་བྱིན་གྱིས། རྒྱལ་པོ་ཆེན་པོ་བཞིས། ཉིད་པང་དག་བྱེད་། དི་ནས་མདོང་ཤིག། མྱུར་སྣང་བ་རྒྱ་ཆེན་པོ་འདི་ལས་གོར་ས་ཆགས་པ་དིར་ཚངས་པ་ཆེན་པོ་བྱུང་བར་འགྱུར་རོ་ཞེས་པ ་བ་དང་། དེ་དག་འཁོད་དོ།། འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ་པ། གཞོན་པ། གཞོན་ནུ་མ་གཙུག་པུད་ལྔ་པ་བྱུང་ནས། དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་པང་དུ་འདུག་གོ།། དེས་བསྒྲུབ་པ་གང ་ཡིན་པ་དེ་ཡང་བསྒྲུབས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚངས་པ་ཆེན་པོ་དེ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཚངས་པ་ཆེན་པོ་ཁྱོད་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག ་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་རྣམས་ཀྱི་བར་གྱུར་པ། ཁྱོད་ཀྱིས་འགྲོ་བ་ཕྱུང་བ་མ་ལགས་སམ། འོ་ན་བདག ་ཅག་གི་འཁོར་དུ་གཏོགས་པ་ས་ལ་རྒྱུ་བ་ཞིག་མཆིས་ཏེ། དེ་ལྗོན་ཤིང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར ་སྤྲོ་བ་བསྐྱེད་དུ་གསོལ། དེས་འདི་སྙམ་དུ་བདག་གིས་སུ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནུས་ན། གལ་ཏེ་བདག་གིས་བུ་དང་བུ་མོ་སྦྱིན་པར་མི་ནུས་ཞེས་སྨྲས་ན་ནི། བདག་གི་མིང་གང་ཚངས་པ་དང་། ་ཚངས་པ་ཆེན་པོ་དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པཔོ་ཞེས་བྱ་བའི་མིང་དེར་ཡང་མི་འགྱུར་རོ།། འོན་ཏེ་བུ་མ་བུ་མོ་སྦྱིན་ནེ་ཞེས་སྨྲས་ན་ནི། གང་གི་ཚེ་བདག་ལ་དབང་མེ ་ན། ཇི་ལྟར་སྦྱིན་པར་བྱ་སྙམ་དུ་དེ་ལྟར་བསམས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་གསང་སྟེ་སྨྲས་པ། ཀོའུ་ཤི་ཀ་ཁེ་བོ་ནི་འཇིག་རྟེན་གྱིས་མ་ཕྱུང་ལ། ཁེ་བོས་ཀྱང་འཇིག་རྟེན་མ་ཕྱུང་ངོ་།། དེས་སྤྲས་པ། ཚངས ་པ་ཆེན་པོ་གལ་ཏེ་དེ་ལྟ་ལག་ན། འོན་ཀྱང་རང་གི་གནས་སུ་གཟིགས་ལ། གལ་ཏེ་འཆི་བའི་ཆོས་ཅན་འགའ་ཞིག་མཆིས་ན། དེ་བྲམ་ཟེ་ཤིང་སཱ་ལ་ཆེན་པོའི་ཁྱིམ་དེར་ཉིང་མཚམས་སྦྱོར་བ་ལེན་དུ་སྩོལ་ཅིག། ་། ཚངས་པས་སྤྲས་པ། ཀོའུ་ཤི་ཀ་ཅིའི་ཕྱིར་ཁྱོད་རང་གི་གནས་སུ་མི་ལྟ། བརྒྱ་བྱིན་གྱིས་སྨྲས་པ། གནས་འདི་ན་ནི་ལྷ་རྣམས་དབང་ཆུང་པར་གྲགས་པ་ལགས་ལ། བྲམ་ཟེ་དེ་ནི་དབང་ཆེ་བར་གྲག་པ་ལགྶ་པས། དེར་དབང ་རླུཆུ་བར་གྲག་པ་ཉིད་ཀྱིས་ཉིད་མཚས་སྦྱོར་བ་ལེན་པར་མི་བཟོད་དོ། ། དེ་ནས་ཚངས་པས་གནང་ནས། རང་གི་གནས་ནས་རང་གི་གནས་སུ་སོང་ན། དེ་ན་ཚངས་པ་ཞིག་ཆེ་ཟད་དེ་ལྔ་ལྟས་བྱུང་བ་མཐོང་ནས། དེས ་དེལ་སྤྲས་པ། གྲོགས་པོ་གལ་ཏེ་ཁྱོད་སྡུག་པའི་གནས་ནས་འཆི་འཕོ་བར་བྱེད་ན། ཉིང་མཚམས་སྦྱོར་བར་འདྲས། དེའི་ཕྱིར་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དུ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ ་ཁྱིམ་དུ་ཉིང་མཚམས་སྦྱོར་བ་ལོང་ཞིག་དང་། ཁྱོད་ཡོ་བྱད་དག་གིས་མི་བྲེལ་བར་འགྱུར་རོ།། དེ་སྙིང་མི་དགའ་ནས་སླར་སྨྲས་པ། ཚངས་པ་ཆེན་པོ་ཐོང་ཞིག་ཐོང་ཞིག། བརྩལ་བ་འདི་ཅི་ཞིག་བྱ། བྲམ ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ། བྲམ་ཟེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་བྱེད་པ་ཡང་། དཔེར་ན་མི་འགའ་ཞིག་གསེར་གྱི་སྒྲོག་ལ་ཆགས་པའི་ཕྱིར་ངང་གི་རྐང་པ་སྒྲོག་ཏུ་འཇུག་པར་བྱེད་པ་དེ་དང་འདྲའོ།། ད་ལྟར ་བྱང་ཆུབ་སེམས་དཔའ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་གྱི་བར་དུ་ཡོངས་སུ་སྦྱང་བ་མཛད་ནས། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། མཚན་མོ་ནམ་ཕྱེད་ཀྱི ་དུས་ཀྱི་ཚེ་ས་སྲུང་ཀྱི་བུ་དང་འདྲ་བར་གླང་པོ་ཆེའི་ཕྲུག་གུ་དཀར་པོ་ཁ་བའི་མདོག་ཅན། མཆེ་བ་དྲུག་པ། ཡན་ལག་བདུན་ལེགས་པར་གནས་པ་ཅན་དུ་གྱུར་ཏེ། གངས་རིའི་ངོས་དང་ཉེ་བ་ཆུ་བོ་གངྒའི་གྲམ་དྲག ་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། ཤཱཀྱ་རྣམས་འཁོད་པ་དེ་ན་རྒྱལ་པོ་ཟས་གཙང་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུད་པ། དེའི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་དེའི་ལྷུམས་སུ་ཉིང་མཚམ ་སྦྱོར་བ་བླངས་ནས། ཟླ་བ་བཅུ་ཐམ་པ་འདས་པ་དང་། བལྟམ་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཞིང་། དེས་ཆོས་ཀྱི་མཆོད་སྡོང་བསྒྲེང་བར་འགྱུར། ཆོས་ཀྱི ་རྔ་བརྡུང་བར་འགྱུར། ཆོས་ཀྱི་མཆོད་སྦྱིན་སྦྱིན་པའི་བར་དུ་འགྱུར་བས། བདག་ཀྱང་གནས་འདི་ནས་འཆི་འཕོས་ནས་དབང་ཆུང་བར་གྲགས་པའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་བླངས་ཏེ།། ངེས་པར་བྱུང་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ། ་བདུད་རྩི་རྟོགས་པར་བྱ་དགོས་ལ། བྲམ་ཟེ་ཕྱུག་པོའི་ཁྱིམ་དུ་སྐྱེས་པ་ནི་བུ་གཅིག་པའི་ཕྱིར། དེ་དག་སུས་ཀྱང་རབ་ཏུ་འབྱུང་དུ་མི་སྟེར་རོ།། དེ་ལྟ་བས་ན་བདག་ལ་ལ་བྲམ་ཟེའི་ཁྱིམ་དུ་སྐྱེ་བ་དགོས་པ་མེད་དོ།། ་ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་དེ་ལྟ་ཡིན་ན་ཡང་འོན་ཀྱང་ངས་གསོལ་བ་བཏབ་པ་བཞིན་དེར་ཉིང་མཚམས་སྦྱོར་བ་ལོང་ཞིག་དང་། དེའི་ཚེ་ངས་ཁྱོད་ཀྱི་ཕ་མ་གཉིས་ལ་དུས་དུས་སུ་བསྐུལ ་བར་བྱའོ། ། དེ་ནས་དེས་ཀྱང་གནང་ངོ་།། དེ་ནས་ལྷའི་བུ་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྲིད་པ་ཐ་མ་པ། སྤྱོད ་པ་ཚོལ་བ། འཆིང་བ་ཉམས་སྨན་པ། ཐར་པའི་ཚོགས་གཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ།། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་། སྐྱེ་བ ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ། དེ་ལྷའི་འཇིག་རྟེན་ནས་ཤི་འཕོས་ཏེ། ཆུང་མ་དེའི་མངལ་དུ་ཉིང་མཚམས་སྦྱོར་བ་བླངས་སོ།། འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར ་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་། སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་། ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས ་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུ་ཤེས་ཤིང་། བུ་མོར་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ།། བུད ་མེད་དེས་ཀྱང་ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེན། གོར་མ་ཆག་པར་བདག་གིས་བུ་རྙེད་དོ་སྙམ་དུ་རིག་ནས། དེ་དགའ་ཞིང་མགུ་ལ། ཡིད་རབ་ཏུ་དགའ་བས། ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད ་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ། ། དེས་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ལྷ་དང་མིའི་གཏམ་སྙན་ཐོབ་པར་གྱུར་ཅིག། གཏམ་སྙན་པ་ཇི་ལྟ་བུ་ཞིག། ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེ་བས་ན ་གོར་མ་བཀུམ་པར་བདག་གིས་བུ་རྙེད་དོ། ། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་མགུ་ཞིང་དགའ་ལ། ཡིད་རབ་ཏུ་དགའ་སྟེ། བཞིན་པདྨ་རྒྱས་པ་ལྟ་བུས་དགའ་བའི་ཚིག་འདི ་སྐད་ཅེས་སྨྲས་སོ། ། བཟང་མོ་ཁྱོད་ཀྱི་བུ་དེ་བཞིན་དུ་སྐྱེ་བར་ཤོག་ཅིག། ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་ནས་མངོན་པར་འདོད་པའི་བུ་ཡིད་ལ་བསམས་པ་བཞིན་དུ་འགྲུབ། ་པ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་། མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། ཁོ་བོའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བོའི་རིགས་བརྒྱད་ཀྱང་ཡུན་རིང ་དུ་གནས་པར་འགྱུར་བ་དང་། བདག་གི་དབང་ཕྱུག་ཀྱང་ཉམས་པར་མི་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན། བདག་ཅག་གི་ཕྱིར་སྦྱིན་པ་ཆུང་ངུ་འམ་ཆེན་པོ་དག་སྦྱིན་ཞིང་། བསོད་ནམས་དག ་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག། ཅེས་ཡོན་སྔོ་བར་བྱེད་པར་ཤོག་ཅིག། དེ་ལ་སེམས་ཅན་ཞུགས་པར་རིག་ནས། སྟེང་གིས་ཁང་བཟངས་ཀྱི་གཞིར་གནོད ་བ་མེད་པར་འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་། བཏུང་བའི་བྱེ་བྲག་ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོ་བ། ཧ་ཅང་མི་འག ་ཧ་ཅང་མི་ཚ་བ། ཧ་ཅང་ལན་ཚྭ་མི་ཆེ་བ། ཧ་ཅང་མི་སྦྱར་བ། ཧ་ཅང་མི་མངར་བ། ཧ་ཅང་མི་བསྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི་རྩུབ་པ། ཁ་བ་དང་། ཚ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་། མངར་བ་དང་། བསྐ་བ ་དང་། སྣུམ་པ་དང་། རྩུབ་བ་རྣམ་པར་སྤངས་པའི་ཁ་ཟས་དང་། བཏུང་བ་དག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ།། དེ་ནས་མངལན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར། འདི་ལྟར་ཆུང་མ་དེ་གོས་སྣ་ཚོགས་སུ་སྤེལ་བ་ནི་རྐོ།། ་ལག་པ་ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། མུ་ཏིག་གིས་གཏམ་ས།། དོ་ཤལ་དང་སེ་མོ་དོ་རྣམ་པར་འཕྱང་བ་དང་། ཟམ་པ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། ་བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར་བྱས། སོ་ནི་མེ་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། ངང་པ་དང་། བའི་འོ་མ་དང་། དུང་དང་། པདྨའི་རྩེ་བ་ལྟར ་དྲི་མ་ནི་མེད། སྐེད་པ་ནི་གསེར་གྱི་འོག་པ་གྱིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས་ནས། གསེར་གྱི་མཆོད་སྡོང་མེ་ཏོག་གོས་ཀླུབས་པ་ལྟ་བུ་དེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ། གླུ་དང་རོལ་མོའི་སྒྲ་བྱེད ་པའི་རོལ་མོ་མཁན་དང་། སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་བཞག་ནས། ཁྲི་བོ་ཚེ་ལེགས་པར་བརྩེགས་པའི་སྟེང་ན། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་། ཤོད་ཀྱིས་ས་གཞིར་མི་འབབ་ལ། དེ་ལ་འགའ་ཡང་སྒྲ་ཡིད ་དུ་མི་འོང་བ་འབྱིན་པར་མི་བྱེད་དོ། ། རེ་ཞིག་ན་ཁྱིམ་དེ་ནོར་དང་། འབྲུ་དང་། གསེར་དང་། དབྱིག་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། ་རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་པར་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་གཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ། ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ།། དེ་ནས ་@བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བནྱ་ཀྲོ་དྷཱ་འདི་སྙས་དུ། གལ་ཏེ་བདག་ལ་བུ་ཞིག་ཡོད་ན། ཅི་དེས་ཇི་ལྟར་བྲམ་ཟེ་ཕལ་པ་དག་ལྟར། ནས་རྔ་མ་ལ་བཐོགས་ནས། རྒྱལ་པོ་པདྨ་ཆེན་པོ་ས ་རྒྱལ་བ་སྤེལ་བ་བྱ་འམ། མ་ལ་བདག་གིས་དེའི་དོན་དུ་གསེར་གྱི་ནས་གཞན་བྱེད་དུ་གཞུག་གོ་སྙམ་དུ་བསམས་ནས། རེ་ཞིག་ན་གསེར་གྱིས་ནས་བྱེད་དུ་བཅུག་གོ།། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། ་ཁྱེད་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པདྨའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། ད་བྲལ་བའི་དབྱེས་ཆེ་བ། སྨིན་མ་བཟང ་བ། ཐོང་ཁ་སེང་གེའི་འདྲ་བ། རོ་སྟོད་སེང་གེའི་ལྟ་བུ། དཔུང་པ་རིང་བ་ཞིག་བཙས་སོ།། དེ་བཙས་པའི་བཙས་སྟོན་བྱ་བར་བརྩམས་ཏེ། ཤིང་ནྱ་གྲོ་དྷ་ཅན་དེ་ཐམས་ཅད་རྡོ་དང་། གསེག་མ་དང་། གྱོ་མ ་དག་སེལ་དུ་བཅུག་ཅིང་། ཙན་དན་གྱི་ནུས་ཆག་ཆག་བཏབ། མེ་ཏོག་སྣ་ཚོགས་བཀྲམ། པོག་བོར་ནས་དྲི་དུ་མས་བདུགས། རྒྱལ་མཚན་དང་བ་དན་བསྒྲེང་། དར་གྱི་ཆུན་པོ་དང་ལྡ་ལྡི་ཡང་དཔྱང་། ཟོང ་དགྲམ་པའི་ཚོང་སྲང་དག་ཀྱང་བྱེད་དུ་བཅུག་ནས། སྒོབཞིད་བཞི་མདོའི་དབུས་སུ་སྦྱིན་པ་དག་ནི་སྦྱིན། བསོད་ནམས་དག་ནི་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས ་འདོད་པ་རྣམས་ལ་ནི་གོས། འཕྲེང་བ་དང་། སྤོས་དང་། བྱུག་པ་འདོད་པ་རྣམས་ལ་ནི་འཕྲེང་བ་དང་། སྤོས་དང་། བྱུག་པ་རྣམས་སོ།། ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་སྦྱིན་པ་རྣམ་པ་མང་པོ་དེ་ལྟ་བུ་དག་ནི་གྱི། ་བསོད་རྣམས་དག་ནི་བྱས་ནས། ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ། འདི་ལྟར་ཁྱེའུ་འདི་ལྗོན་ཤིང་ནྱ་གྲོ་དྷ་ལ་གསོལ་བ་བཏབ་སྟེ་རྙེད་པས། དེའི་ཕྱིར་ཁྱེའུའི་མིང་ནྱ་གྲོ་དྷ་སྐྱེས་ཞེས་གདགས་སོ་ཞེས་མིང་བཏགས་སོ།། ་བྲམ་ཟེ་རྣམས་ཀྱིས་ནི་འདི་སྐད་དུ། འདིའི་ཕ་ཡང་འོད་སྲུངས་དང་རུས་གཅིག་པས། ཁྱེའུ་མིང་འོད་སྲུངས་སུ་གདགས་སོ་ཞེས་སྨྲས་སོ།། དེ་ལ་ཁ་ཅིག་གིས་ནི་འོད་སྲུངས་ཞེས་བྱ་བར་ཤེས་སོ།། ཁ་ཅིག་གིས་ནི ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བར་ཤེས་སོ། ། དེ་ཡང་མ་མ་བརྒྱད་པོ་པང་ན་འཚོ་བའི་མེ་མ་གཉིས་དང་། ནུ་མ་སྣུན་པའི་མེ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེད་འགྲོགས་ཀྱི་མ་མ་གཉིས་ལ་གཏད ་དེ་ལྕགས་ཀྱི་མདའ་ཐོགས་ཤིང་། བསྲུང་ཁུག་དང་རྨ་བྱའི་མདོངས་མང་པོ་ཐོགས་ནས། འོ་མ་དང་། ཞོ་དང་། མར་སར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ།། དེ་ཡང་རྫིང་ན་གནས་པའི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ།། དེ་གང་གིས་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་པ་ལས། དེ་ཉི་མ་ཉུང ་ཤས་ཀྱིས་ཡི་གེའི་ཕ་རོལ་ཏུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས ་བྱ་བ་དང་། འགྲོར་འཐུང་བྱ་བ་དང་། བཟླས་བརྗོད་བྱ་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པར་བྱ་བ་དང་། དུས་མཚམས་སུ་ཉེ་བར་སྤྱད་པར་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད ་དང་། སྟན་ཚིག་གི་རིག་བྱེད་དང་། སྲི་སྲུང་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། ་སྦྱིན་པ་དང་། ལེན་པ་ལ་མཁས་པར་གྱུར་ཏོ།། རིག་པའི་གནས་བཅོ་བརྒྱད་དག་ལ་ཡང་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་ཀྱི་རིག་པ་དང ་རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། བསྡེབ་སྦྱར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག ་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱད་དྲུག་ཅུ་པའི་རེག་པ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི ་གནས་བཅོ་བརྒྱད་པོ་འདི་དག་ཐམས་ཅད་ལ། བློ་ཤིན་ཏུ་རྣོ་བར་གྱུར་ཏོ།། རེ་ཞིག་ན་ཕས་དེ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེ་གཙང་སྦྲ་ཅན་གྱིས་ཇི་སྙེད་ཐོས་པ་འདོན་པ་བྱེད་དུ་གཏད་པ་དང་། དེས་དེ་ལྟར་བགྱིའོ་ཞེས ་པའི་ཚིག་མཉན་ནས། དེ་བཞིན་དུ་བྱས་སོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ། བདག་གིས་རིགས་བརྒྱུད་ནི་ཆེ། བདག་ནོར་རྒྱ་ཆེན་པོ་དང་ནི་ལྡན་པ་ཡིན་ཏེ། ཁྱིམ་འདི་ལྟ་བུར་རྒྱུ་མེད ་པར་བུ་དག་ཉིང་མཚམས་སྦྱོར་བ་མི་ལེན་ལ། བྲམ་ཟེ་རྣམས་ཀྱིས་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱོད་པ་ཡོངས་སུ་བསྲུངས་པ་བྱས་ཏེ། རྒས་པའི་གནས་སྐབས་ན་ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད།། ་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་པ་ཡིན་ན། བདག་གིས་ནི་ཐོག་མ་ཉིད་ནས་བུལ་བག་མ་བླང་བར་བྱའོ་སྙམ་དུ་བསམས་ནས། དེས་ནྱ་གྲོ་དྷ་སྐྱེས་དེ་ལ་སྨྲས་པ། བུ་འཇིག་རྟེན་ན་འདི་ནི་ཆོས་ཉིད ་ཡིན་པས། རིགས་བརྒྱུད་ཀྱི་ཕྱིར་ཁྱོད་ཀྱི་བག་མ་བླང་བར་བྱའོ།། དེས་སྨྲས་པ། ཡབ་བདག་ལ་མཆིས་བྲང་ཅིར་འཚལ་ཏེ། བདག་ནི་དཀའ་ཐུབ་ཀྱི་ནགས་སུ་གནས་པར་བགྱིའོ།། ཕ་དེས་དེ་ལ་རིགས་བརྒྱུད་སྟན ་པར་བྱ་མོད་ཅེས་ཡང་ནས་ཡང་དུ་བསྟན་པ་དང་། དེ་འདི་སྙམ་དུ་སེམས་ཏེ། འོ་ན་གང་གིས་ནི་བདག་གིས་ཡབ་ཡུམ་གྱི་བཀའ་ཡང་མ་བཅག་པར་འགྱུར་བ་དང་། བདག་ཀྱང་བུད་མེད་དང་བསྡུས་པར་མི་འགྱུར་བའི་ཐགས། ་ཅི་ཡོད་སྙམ་དུ་དེ་ལྟར་བསམས་ནས་པ་ལ་སྨྲས་པ། ཡབ་བདག་ལ་འཛམ་བུའི་ཆུ་བོའི་གསེར་ཞིག་འཚལ་ལོ།། དེས་དཀོར་བའི་མི་བོས་ནས་འདི་སྐད་ཅེས་སྨྲས་སོ།། ནྱ་གྲོ་དྷ་སྐྱེས་འདི་ལ་བཛམ་བུའི་ཆུ་བོའི་གསེར ་ཇི་སྙེད་དགོས་པ་དེ་སྙེད་བྱིན་ཅིག། དཀོར་བའི་མིས་འདི་སྐད་ཅེས་སྨྲས་སོ།། དེ་ལྟར་བགྱིའོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕ་ལས་ལྐོག་ཏུ་མགར་བ་ལེགས་པར་བསླབས་པ་བོས་ནས། འཛམ་བུའི་ཆུ་བོའི་གསེར ་གྱི་བུད་མེད་ཀྱི་གཟུགས་བརྙན་བྱེད་དུ་བཅུག་ནས། ། ངེས་དེ་ཕལ་ཕུལ་ཏེ་སྨྲས་པ། ཡབ་འདི་ལྟ་བུའི་གཟུགས་དང་འདྲ་བའི་བུ་མོ་ཞིག་གལ་ཏེ་བརྙེས་ན། དེ་དག་གི་མཆིས་བྲང་ལགས་ཀྱི། དེ་ལས་གཞན་པ་ནི་བདག་གི ་མཆིས་བྲང་དུ་དགོས་པ་མ་མཆིས་སོ། ། དེ་འདི་སྙམ་དུ་སེམས་ཏེ། བརྟགས་ན་བུ་འདིས་ནི་བདག་ཅག་ལམ་བསམས་པ་ལྟ་སྟེ། གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོ་ཡང་ག་ལ་ཡོད་ན། འཛམ་བུའི་ཆུ་བོའི་གསེར་ལས ་བྱས་པ་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ། དེ་སེམས་ཁོངས་སུ་ཆུད་ཅིང་འདུག་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཐོང་ནས། དེ་རྣམས་དེའི་དྲུང་དུ་དོང་སྟེ་དྲིས་པ། མཁན་པོ་ཅིའི ་སླད་དུ་ཐུགས་ཁོངས་སུ་ཆུད་ཅིང་བཞུགས། དེས་དེ་རྣམས་ལ་བུ་དེའི་བག་མ་བླང་བའི་སྦྱོར་བ་ཤིན་ཏུ་རྒྱ་ཆེར་སྨྲས་ནས། བརྟགས་ན་བུས་ནི་བདག་ལ་མ་བསམས་པ་ལྟ་སྟེ། རེ་ཞིག་གསེར་ཐ་མལ་པའི་མདོག ་ཅན་གྱི་བུ་མོ་ཡང་རྙེད་པར་དཀའ་སྟེ་ག་ལ་ཡོད་ན། གཙོ་བོ་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པའི་གཟུགས་འདི་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ག་ལས་འབྱུང་བར་འགྱུར། དེ་རྣམས་ཀྱིས་དེ་ལ ་སྨྲས་པ། མཁན་པོ་མི་དགྱེས་པར་མ་མཛད་ཅིག། ཇི་ལྟ་བུའི་སྐྱེས་བུ་འབྱུང་བ་དེ་ལ་ནི། དེ་འདྲ་བ་ཁོ་ནའི་ཡོ་བྱད་ཕུན་སུམ་ཚོགས་པ་འབྱུང་བས། རེ་ཞིག་གཅིག་ནི་འདིས་བགྱི།། གཟུགས་བརྙན་འདི་ལྟ་བུ ་གཞན་གསུམ་ཞིག་བགྱིད་དུ་སྩོལ་ཅིག་དང་། བདག་ཅག་གིས་གང་གིས་ན་གདོན་མི་འཚལ་བར་བུ་མོ་རྙེད་པར་འགྱུར་བ་དེ་ལྟར་ཕྱོགས་བཞི་བདག་ཏུ་ཡོངས་སུ་བཙལ་བར་བགྱིའོ།། དེས་སློབ་མ་རྣམས་ཀྱི་ཚིག་མཉན ་ནས་གཟུགས་བརྙན་གཞན་གསུམ་བྱེད་དུ་བཅུག་གོ། ། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཟུགས་བརྙན་བཞི་བླངས་ཏེ། གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ལྗོངས་དག་ཏུ་རྒྱུ་བའི་ཕྱིར་རོལ་མོའི་སྒྲ ་ཆ་སྤྱད་ཀྱི་བར་དང་ཆས་ནས། ཕྱོགས་ཕྱོགས་སུ་བརྒྱ་བརྒྱ་ཆས་པར་གྱུར་པ་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས། དེ་རྣམས་ལ་བསྒོ་བ། ཁྱེད་ཀྱིས་རིགས་སམ་རུས་མི་རྨ་བར།། གཟུགས ་བརྙན་འདི་འདྲ་བའི་གཟུགས་འབའ་ཞིག་སྒྲུབས་ཤིག། དེ་རྣམས་འདི་སྙམ་དུ། བདག་ཅག་གིས་ཁྱིམ་ནས་ཁྱིམ་ཀུན་ཏུ་རྒྱུ་བར་ག་ལ་ནུས་ཀྱིས། ཐབས་ཤིག་བསམ་པར་བྱའོ་སྙམ་མོ།། དེ་རྣམས་ཀྱིས ་ཐབས་འཕྲིགས་ནས། དེ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་གང་དུ་ཕྱིན་པ་དེར་བཞུགས་ནས། དབུས་སུ་གཟུགས་བརྙན་བཞག་སྟེ། སྤོས་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ ་དང་། རོལ་མོའི་སྒྲ་བྱིན་པས་མཆོད་པ་དག་བྱེད་ཅིང་།། བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན།། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང ་ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་བ་སྦྱིན་པར་བྱེད་དོ།། ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ།། ཚིག་དེ་ཐོས་ནས་བུ་མོའི་སྐྱེ་བོའི ་ཚོགས་རྒན་མོ་དང་། གཞོན་ནུར་བཅས་པས་མཆོད་པ་དང་། བཀུར་སྟི་བྱེད་ཅིང་། གསོལ་བ་ཡང་འདེབས་པར་བྱེད་དོ།། རེ་ཞིག་ན་ཤར་དང་། ལྷོ་དང་། བྱང་གི་ཕྱོགས་རྣམས་སུ་དོང་བ་དེ་དག་བསམ ་པབ་མ་གྲུབ་པར་ལྷགས་སོ། ། དེ་དག་མཐོང་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ནྱ་གྲོ་དྷ་ནི་སེམས་ཁོངས་སུ་ཆུད་ཅིང་འདུག་གོ།། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ནི་མགུ་ཞིང་དགའ་ལ། ཡིད་རབ་ཏུ་དགའ་སྟེ། འདི་སྐད་དུ་གལ ་ཏེ་མ་རྙེད་ན་ལེགས་སོ་ཞེས་སྨྲས་སོ། ། བྲམ་ཟེའི་ཁྱེའུ་གང་དག་བུ་མོའི་ལྷ་མོ་ཐོགས་ཏེ། ནུབ་ཕྱོགས་སུ་དོང་བ་དེ་རྣམས་ནི་མཐར་གྱིས་གྲོ་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་། ཀ ་@པི་པའི་ལྗོངས་ན་གྲོང་ཁྱེར་ཀ་པིའི་ཞེས་བྱ་བ་དེར་ཕྱིན་ཏོ། ། དེ་ན་ཡང་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད ་པར་བྱེད་དོ། ། དུས་གཞན་ཞིག་ན་དེའི་ཆུང་མ་དེ་ལ་སེམས་ཅན་ཞིག་ཞུགས་པར་གྱུར་ཏོ།། ཇི་ཙམ་ན་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ ་ཞིག་སྐྱེས་ནས། དེའི་ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་སྦྱིན་པ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས། མིང་འདོགས་པར་བྱེད་དོ།། ཡུལ་དབུས་ན་ཡང་ལུགས་ཀྱིས ་གང་གཟུགས་བཟང་བ་དེ་ལ་བཟང་པོ་ཞེས་ཟེར་བས། འདི་སྐད་དུ་བུ་མོ་འདི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ལ། འདིའི་ཕ་ཡང་སེར་སྐྱ་ཞེས་བྱ་བ་ཡིན་པས། བུ་མོ་འདི་ཡང ་སེར་སྐྱའི་བུ་པོ་བཟང་མོ་ཞེས་བྱ་བར་གདགས་སོ་ཞེས་མིང་བཏགས་སོ། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་མམ་བརྒྱད་ལ་རྗེས་སུ་གཏད་དེ། བརྒྱད་པོ་དེ་དག་གང་ཞེས་ན། པང་ན་འཚོ་བའི་མ་མ་གཉིས་དང་། ་ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་འགྲོགས་ཀྱི་མ་མ་གཉིས་དང་། ལྕགས་ཀྱི་མདའ་ཐོགས་ཤིང་། རྨ་བྱའི་མདོངས་མང་པོའི་བསྲུང་ཁུག་བཅངས་ནས། འོ་མ་དང་། ་ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ།། དེ་ཡང་རྫིང་ན་གནས་པའི་པདྨ་བཞིན་དུ་སྐྱེ་དྲག ་པར་གྱུར་ཏེ། ཇི་ཙམ་ན་ཆེན་མོར་གྱུར་ཏོ།། དེ་རྣམས་སྲང་གི་དབུས་སུ་ཕྱིན་ནས་གཟུགས་བརྙན་བཞག་སྟེ་སྤོས་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད ་ཅིང་། བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན། དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག ་པ་དང་། ཁྱིམ་ཐབས་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་བར་སྦྱིན་པར་བྱེད་དོ་ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ།། དེ་ནས་གྲོང་ཁྱེར་ཀ་པི་ལ་ན་འཁོད་པའི་གཞོན་ནུ་མ་རྣམས་བུ ་མོའི་ལྷ་མོའི་དྲུང་དུ་དོང་སྟེ་མཆོད་པ་དག་བྱེད་ཅིང་། གསོལ་བ་དག་འདེབས་པར་བྱེད་དོ།། དེ་ནས་བྲམ་ཟེ་སེར་སྐྱའི་ཆུང་མས་བུ་མོའི་ལྷ་མོ་དེ་ལྟ་བུ་འོངས་ཏེ། དམ་པ་ལྔ་སྦྱིན་པར་བྱེད་དོ་ཞེས་ཐོས་སོ།། དེས་གཏམ་དེ ་ཐོས་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་སོང་ལ་ཁྱོད་ཀྱང་བུ་མོའི་ལྷ་མོ་ལ་མཆོད་པ་བྱོས་ཤིག། དེས་སྨྲས་པ། བུ་མོའི་ལྷ་མོ་མཆོད་པས་དེ་ལ་ཅིར་འགྱུར། དེས་སྨྲས་པ། གསོལ ་བཏབ་ན་དམ་པ་ལྔ་སྨིན་པར་བྱེད་དེ། ལྔ་གང་ཞེ་ན། རིགས་བློན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་རོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཡུམ་བདག་ནི་རིགས་མཐོན་པོར་སྐྱེས་ཤིང་གཟུགས་བཟང་བ་དང་། ་བལྟ་ན་སྡུག་པའི་བར་དུ་གྱུར་ཀྱང་། འདོད་པ་རྣམས་ནི་བདག་དོན་དུ་མི་གཉེར་ན། བདག་ལ་དམ་པ་ཅི་ཞིག་འཚལ། དེ་ལ་མས་ཡང་དང་ཡང་བསྐུལ་བ་དང་། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མའི་སེམས་བསྲུང་བའི ་ཕྱིར། མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། གོས་ལ་སོག་པ་ཁྱེར་ཏེ་བུ་མོའི་ལྷ་མོ་ག་ལ་བ་དེར་སོང་ངོ་།། ཇི་ལྟ་ཇི་ལྟར་གཟུགས་བརྙན་དེ་དང་ཉེ་བར་ཕྲད་དུ་བྱེད་པ་དེ་ལྟ་དེ་ལྟར་གཟུགས་བརྙན་དེ་ཇེ་སྔོ་ཇེ་སྔོར་གྱུར་ཏོ།། དེ་དང་ཉེ་བར ་ཕྲད་པ་དང་། བུ་མོའི་ལྷ་མོ་དེ་ལྕགས་ལས་བྱས་པ་འདྲ་བར་གྱུར་ཏོ།། བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་ཆོ་འཕྲུལ་བྱུང་བར་གྱུར་པ་འདི་ཅི་ཞིག་ཡིན། འདི་སུའི་མཐུ་ཡིན་སྙམ་དུ་བསམ་པ་ལས། དེ་རྣམས་ཀྱིས་སྣང ་བ་འདི་ལྟ་བུ་འདི་ནི་བུ་མོ་འདིའི་ཡིན་ནོ་སྙམ་དུ་འཕྲིགས་ནས། དེ་རྣམས་ཀྱིས། བུ་མོ་དེས་དྲིས་པ། ཁྱོད་སུའི་བུ་མོ་ཡིན། དེས་སྨྲས་པ། བྲམ་ཟེ་སེར་སྐྱའི་བུ་མོ་བཟང་མོའོ།། དེ་ནས་བྲམ་ཟེའི་ཁྱེའུ་དེས་རྣམས ་ཀྱིས་བུ་མོ་དེ་ལས་ཐོས་ནས། ཟམ་ཟེ་སེར་སྐྱའི་ཁྱིམ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཁྱིམ་གྱི་སྒོ་དྲུང་དུ་ཡོད་དེ་སྨྲས་པ། ཤེས་ལྡན་སློང་མོ་བྱིན་ཅིག། བྲམ་ཟེ་སེར་སྐྱས་སློང་མོ་ཞེས་ཐོས ་བས། བྲམ་ཟེའི་ཁྱེའུ་སློང་མ་དོན་དུ་གཉེར་བ་ཡིན་སྙམ་ཏེ། ནང་མི་ལ་བསྒོ་བ། བྲ་མ་དེའི་ཁྱི་རྣམས་ས་ཤིང་མ་མུ་ཏའི་མི་ཏིག་གི་མདོག་འདྲ་བའི་བྱ་དང་། མཛ་།། བུ་རམ་དང་། དགུན ་འབྲུ་དང་། བལ་པོ་སེའུ་དང་། ཏིན་ཏི་ལི་ཀ་བྱིན་ཅིག། ཡུལ་དབུས་ན་ཡང་ལུགས་ཀྱིས་བུ་མོ་རྣམས་ཀྱིས་ཕའི་ཁྱིམ་ནས་སློང་མོ་སྦྱིན་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཕའི་ཁྱིམ་ནས་སློང་མོ་བྱིན་པས་སྙིང ་པོ་བླང་བ་བླངས་པར་འགྱུར་རོ། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། སློང་མོ་ཁྱེར་ཏེ། བྲམ་ཟེའི་ཁྱེའུ་སློང་མོ་པ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སློང་མོ་དེ་བྱིན་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས ་སློང་མོ་ལེན་པར་མི་བྱེད་དོ། ། ཇི་ཙམ་ན་བྲམ་ཟེ་སེར་སྐྱས་ཐོས་སོ།། དེ་ནས་བྲམ་ཟེ་སེར་སྐྱས། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཅི་འདོད། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་བུ་མོའི་སློང་མོ་བདག་ཅག་ལ་དགོས་ཀྱིས། ཕྱེའི་སློང་མོ་ནི་མ་ཡིན་ནོ།། དེ་ནས་བྲམ་ཟེ་སེར་སྐྱ་ཁྲོས་ནས། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ངས་ཁྱེད་ལ་བུ་མོའི་སློང་མོ་མེ་སྦྱིན་ནོ།། ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ནི་རང་གི་དོན་དུ་བུ་མོའི་སློང་མོ་མི་ཚོལ་ལོ།། དེ་ནས་བྲམ་ཟེ་སྲེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་དག་ཁོ ་བོས་ནི་དོན་དེ་བརྡམ་ཕྲད་དོ། ། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས། བྲམ་ཟེ་སེར་སྐྱ་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་ཅི་ཡུལ་མ་ག་དྷ་ན་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ཞེས་བྱ་བ་དེ་ན། བྲམ ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་བྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱིས་བུའི་ནོར་དང་ལྡན་པ།། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག ་@གནས་ཡ། དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་ཅུ་དང་། སྐྱེད་སྒྱུར་བའི་གྲོང་དྲུག་ཅུ་དང་། རྨོན་པ་དེར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག ་ཅུ་དང་། གང་དག་གིས་རྒྱལ་པོ་པདྨ་ཆེན་པོ་ཐུབ་པའི་གསེར་གྱིས་ནས་སྦྱང་བརྒྱད་བཅུ་རྙོག་པ་ཞེས་བྱ་བའི་བར་ནས། དེ་ལ་བུ་ནྱ་གྲོ་དྷ་སྐྱེས་ཞེས་ཀྱ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། བྲམ་ཟེའི ་ལས་དྲུག་ལ་མཁས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་སོན་པ། རིག་པའི་གནས་བཅོ་བརྒྱད་པོ་ཐམས་ཅད་ལ་ཤིན་ཏུ་བློ་རྣོ་བ་ཡོད་པར་ཐོས་སམ། བདག་ཅག་ནི་དེའི་ཆེད་དུ་བུ་མོའི་སློང ་མོ་སློང་ངོ་། ། དེ་ནས་བྲམ་ཟེ་སེར་སྐྱས། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་བོས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་རིགས་དང་། ཚུལ་ཁྲིམས་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ ་ཅི་འདྲ་བ་དང་ལྡན་པ་དེའི་ཡོན་ཏན་རྒྱ་ཆེར་ཐོས་ན། འོན་ཀྱང་ཡུལ་ཐག་རིང་པོ་ན་འདུག་པས། ཇི་ལྟར་དེ་དང་ལྷན་ཅིག་གཉེན་བྱ། དེ་དག་གིས་ཤེས་ལྡན། མེ་གང་ཡིན་དང་རླུང་གང་ཡིན། ཁྲག་དང་འཕྲད་པའི་འདུག ་དང་ནི། བྲམ་ཟེ་ངེས་པར་བྱས་པ་དང་། རྟ་གང་ཡིན་པ་དེ་མི་ཐོགས། ཞེས་བྱ་བའི་བར་དག་སྔོན་མ་ཐོས་སམ། བྲམ་ཟེ་དེ་ཡང་ཤིན་ཏུ་ཕྱག་ཆེན་ཡིན་ལ། ཁྱོད་ཀྱང་དེ་ཁོ་ན་དང་འདྲ་བར་ཕྱུག་ཅིང་ནོར་ཆེ་བ་ཡིན་ཏེ། གང་གིས ་དེ་དག་འགྲོ་བ་དང་འོང་བར་འགྱུར་བའི་བཞོན་པ་དང་མི་དག་ཀྱང་ཡོད་ལ། གཞན་ཡང་རིང་པོ་ན་འདུག་པ་ཁོ་ན་དང་གཉེན་བ་ཤེས་བྱ་བ་དེ་ནི་བརྟན་པ་ཡིན་ནོ།། གང་གི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གིས། བྲམ་ཟེ་ཤིང་སཱ་ལ་ཆེན ་པོ་ལྟ་བུ་སེར་སྐྱ་ལ་སྙིང་སྡུད་པར་བྱེད་པའི་ཚིག་དག་གིས་གོ་བར་བྱས་པ་དང་། དེའི་ཚེ་དེས་ཁྲུས་ཀྱིས་ཡོ་བྱད་འདི་ལྟ་སྟེ། ཁྲུས་རས་དང་། སོ་ཕག་དང་། ཕྱེ་མ། འབྲུ་མར་དང་།། སོ་མངས་ལ་སོགས་པ་དག ་བྱིན་ནོ། ། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཁྲུས་ཀྱི་ཡོ་བྱད་དེ་དག་བླངས་ནས། གྲོང་ཁྱེར་ཀ་པི་ལའི་ཕྱི་རོལ་ཏུ་ལྟེང་ཀ་དག་ཏུ་ཁྲུས་བྱ་བའི་ཕྱིར་དོང་ངོ་།། དེ་ནས་བྲམ་ཟེ་སེར་སྐྱ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བྲམ ་ཟེའི་ཁྱེའུ་རྣམས་ལྟེང་ཀར་ཁྲུས་ཀྱི་ཕྱིར་དོང་བ་དེ་སྲིད་དུ། བདག་ཀྱང་བཤེས་གཉེན་དང་། ཉེ་དུ་དང་། རྩ་ལག་རྣམས་དང་ལྷན་ཅིག་གྲོས་བྱའོ་སྙམ་དུ་བསམས་ནས། བྲམ་ཟེ་སེར་སྐྱ་ཁྱིམ་གྱི་ནང་དུ་ཞུགས ་ཆུང་མ་དང་། ཉེ་དུའི་ཚོགས་དང་ལྷན་ཅིག་ཏུ་འདུག་ནས། དེས་དེ་རྣམས་ལ་དོན་དེ་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། བྲམ་ཟེ་དེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཡིན་པས། གལ་ཏེ་མི་འདོད་ན་ཡང ་དེའི་ཕྱིར་བདག་ཅག་གིས་ཤིན་ཏུ་འབད་དེ་དེ་ལ་བུ་མོ་སྦྱིན་པར་བྱ་བ་ཡིན་ནོ། ། གང་གི་ཕྱིར་དེ་རང་ཉིད་དོན་དུ་གཉེར་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་བཀྱིག་པར་སྦྱིན་པར་བྱའོ།། དེ་དང་བདག་ཅག་ཏུ་གཉེན ་བྱ་བ་ནི་ཐབ་ཟླ་ར་བབ་ཅིང་རུང་བ་ཡིན་ལ། བུ་མོ་ཡང་བདེ་བར་འགྱུར་རོ།། དེ་ནས་ཕྱིས་ཕ་མ་དེ་གཉིས་བུ་མོ་དེ་ཁྲུས་བྱས་ཏེ། གོས་དཀར་པོ་དག་བསྐོན་ནས། དགེ་མཚན་དང་། བཀྲ་ཤིས་དག་བྱས་ཤིང ་བྲམ་ཟེ་རྣམས་ཀྱིས་དག་བྱེད་དུ་འགྱུར་བ་དག་བླངས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་ཆུང་མ་བྱ་བའི་ཕྱིར་བྱིན་ནོ།། དེའི་འོག་ཏུ་བུ་མོ་དེའི་ཕ་མ་གཉིས་ལ། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་ཟླ་བ་དང ་མ་དང་། རྒྱུ་སྐར་དང་། ཡུད་ཙམ་དག་བརྩིས་ཏེ་སྨྲས་པ། ཟླ་བ་ཆེ་གེ་མོ་ཞིག་དང་། ཉི་ས་དང་། རྒྱུ་སྐར་དང་། ཡུད་ཙམ་ཆེ་གེ་མོ་ཞིག་ན་ཁྱེའུ་དང་ཉེ་བར་གནས་པར་འགྱུར་རོ།། ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བརྣག་པ་ཡོངས་སུ་རྫོགས་ནས། མགུ་ཞིང་དགའ་ལ། ཡིད་རབ་ཏུ་དགའ་བས་གྲོང་ཁྱེར་ནྱ་གྲོ་དྷ་ཙན་ག་ལ་བ་དེར་ཆས་ནས། མཐར་གྱིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ།། དེ་རྣམས ་ཐག་རིང་པོ་ན་འདུག་པ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་། ། མཐོང་ནས་ཀྱང་འདི་སྙམ་དུ་ཇི་ལྟར་བྲམ་ཟེའི་ཁྱེའུ་དེ་རྣམས་མགུ་ཞིང་དགའ་ལ། ཡིད་རབ་ཏུ་དགའ་སྟེ་ལྷགས་པ་ལས་ན། གོར་མ་ཆག་པར་ཇི་ལྟར ་དག་གིས་བསམས་པ་བཞིན་རྙེད་དོ་སྙམ་དུ་སེམས་སོ། ། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བྲམ་ཟེ་ནྱ་གྲོ་དྷ་ལ་ཕྱག་བྱས་ནས་འཁོད་དོ།། དེས་ཀྱང ་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་སོ་སོར་ཀུན་དགའ་བར་བྱས་སོ། ། སོ་སོར་ཀུན་དགའ་བར་བྱས་ནས། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་བྲམ་ཟེའི་ཁྱེའུ་རྣམས་ཅི་བདག་ཅག་གིས་ཇི་ལྟར་བསམས་པ་དང་། ་ཡིད་ལ་རེ་བ་བཞིན་དུ་ཡོངས་སུ་རྫོགས་སམ། དེ་རྣམས་མགུ་ཞིང་དགའ་ལ། ཡིད་རབ་ཏུ་དགའ་བས། མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་མཁན་པོ་དགྱེས་པ་བསྐྱེད་དུ་གསོལ། མཁན་པོས ་ཇི་ལྟར་དགོངས་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཞིག་རྙེད་དོ། ། དེས་འདི་སྐད་ཅེས་སྨྲས་སོ།། དཔེར་ན་ཇི་ལྟ་བུ་ཞིག། མཁན་པོས་རིགས་དང་། རུས་དང་། བརྒྱུད་ཀྱིས་ནི་བུ་མོ་མི་བརྟག་གི་འོན་ཀྱང ་གཟུགས་བཟང་བ་ཁོ་ན་བརྟག་པར་བྱའོ་ཞེས་མ་གསུངས་སམ། བདག་ཅག་གིས་ནི་གཟུགས་བཟང་བ་དང་། རིགས་དང་། རུས་དང་། རྒྱུད་དང་། ནོར་དང་ལྡན་པ་རྙེད་དོ།། དཔེར་ཇི་ལྟ་བུ་ཞིག། ་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་དྲིས་པ་རྣམས་རྒྱ་ཆེར་བརྙད་དེ། ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་ཡང་བརྗོད་དོ།། མཁན་པོ་བདག་ཅག་གིས་དེ་ལྟར་ངེས་པར་བགྱིས་ནས་མཆིས་ཀྱིས ་མཁན་པོ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག། དེ་ནས་བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ལོ་རྒྱུས་དེ་དག་ཐོས་ནས་མགུ་ཞིང་དགའ་ལ། ཡིད་རབ་ཏུ་དགའ་སྟེ། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་བཟའ་བ ་དང་། བཅའ་བ་དང་། སྐོམ་དང་། གོས་དང་། བགོ་བ་དང་། རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས་མཆོད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས།། བུ་མོ་དེ་གཟུགས་དང་ཁ་དོག་རྒྱས་པ་དེ་ལྟ་བུ་ཐོས་ནས་ཡིད ་ཆད་པར་གྱུར་ཏེ། གཟུགས་དེ་འདྲ་བར་སྡུག་པར་ཐོས་པ་ལས་ན། གོར་མ་ཆག་པར་དེ་འདོད་ཆགས་ཤས་ཆེ་བ་ཡིན་གྱིས། མ་ལ་བདག་སོང་སྟེ་ཆེས་སྔར་བརྟག་པར་བྱའོ་སྙམ་དུ་བསམས་ནས། བྲམ་ཟེའི ་ཁྱེའུ་ནྱ་ཀྲོ་དྷ་སྐྱེས་ཀྱིས། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ།། ཡབ་ཡུམ་ཆེས་སྔར་འཇུག་ངོགས་སུ་ཉེ་རེག་བགྱིའོ།། སླད་ཀྱིས་བག་མ་བླང་ངོ་།། དེ་ལ་དེ་གཉིས་ཀྱིས་གནང་ངོ་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས ་བྲམ་ཟེའི་ཁྱེའུ་གཅིག་ཅིག་དང་ལྷན་ཅིག་ཏུ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ནས་བྱུང་སྟེ། གྲོ་ཁྱེར་ཀ་པོ་ལ་ག་ལ་བ་དེར་ཆས་ནས། མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་ཊ ་དུ་རྒྱུ་ཞིང་། གྲོང་ཁྱེར་ཀ་པི་ལར་ཕྱིན་ཏོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལམ་གྱིས་དུབ་པ་ངལ་བསོས་ཏེ། ལོ་མའི་ཕུར་མ་ཐོགས་ནས་གྲོང་ཁྱེར་ཀ་པི་ལར་སློང་མོའི ་ཕྱིར་ཞུགས་སོ། ། དེ་ཁྱིམ་ནས་ཁྱིམ་དུ་སློང་མོ་ལ་རྒྱ་ཞིང་། བྲམ་ཟེ་ཤིང་སྦྲུལ་ཆེན་པོ་ལྟ་བུ་སེར་སྐྱའི་ཁྱིམ་གྱིས་སྒོར་བྱིན་ཏོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སློང་མོ་ཐོགས་ནས་བྱུང་བ་དང་། བྲམ་ཟེའི་རྩེ ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་། ། བུ་མོ་དེ་མཐོང་ནས་ཀྱང་། དེ་འདི་སྙམ་དུ་བུ་མོ་དེ་ནི་འདི་ཡིན་ནོ་སྙམ་དུ་བསམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས། བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད ་སུའི་བུ་མོ་ཡིན། དེས་འདི་སྐད་ཅེས་སྨྲས་སོ།། སེར་སྐྱའི་ཡིན་ནོ།། ཁྱོད་གཞན་ལ་བྱིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ན། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲ ་དྷ་ཞེས་བྱ་བ་གནས་པ་དེའི་བུ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ་དེ་ལ། བདག་པ་མ་གཉིས་ཀྱིས་བྱིན་པར་ཐོས་སོ།། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ལ་ཁྱིམ་ཐབ་དེ་འདྲ་བ་ཅིར་དགོས། གང་ལ་དེ་ཁྱིམ ་ཐབ་ཏུ་གྱུར་པ་དེ་ནི་ཁྱིམ་ཐབ་མེད་པ་ཉིད་དུ་ཤེས་པར་གྱིས་ཤིག། དཔེར་ཇི་ལྟ་བུ་ཞིག། དེས་འདི་སྐད་ཅེས་སྨྲས་སོ།། དེ་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ན། ཁྱིམ་ཐབ་དེ་ལྟ་བུ་དེས་ཅི་ཞིག་བྱ། ་རྗེའི་སྲས་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་བདག་དབུགས་ཀུན་ཏུ་ཕྱུང་ངོ་།། ཁྱོད་ཀྱིས་ནི་བདག་ལ་བདུད་རྩི་ཁོ་ནས་དབང་བསྐུར་རོ་སྙམ་སེམས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། བྲམ ་ཟེའི་ཁྱེའུ་བདག་ཀྱང་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ནོ། ། འདི་སྐད་ཅེས་ཀྱང་སྨྲས་སོ།། ཕྱུག་པོ་དང་ནི་དབུལ་པོ་ལ།། འདྲ་བར་ཁྱོད་མཐོང་བ་དེ་བ་འདི།། སྙིང་དང་མཐུན་པའི་ཕྱུག་པ་སྟེ། ཅན ་དན་བུ་ཤེལ་ཅི་དག་མིན། ། འོན་ཀྱང་བདག་ལ་དབང་མེད་དེ།། ཕ་མ་གཉིས་ཀྱིས་བདག་ཁྱིམ་ཐབ་ལ་བྱིན་ན་ཇི་ལྟར་བྱ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས། སེར་སྐྱའི་བུ་མོ་བཟེང་མོ་ལ་འདི་སྐད ་ཅེས་སྨྲས་སོ། ། བཟང་མོ་བརྟན་པ་དང་སྤུངས་གྱིས་ཤིག། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དེ་ཁོ་བོ་ཡིན་ནོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོའོ་ཁྱེའུ་དེ་ལས་ཚིག་དེ་ཐོས་ནས་རྒྱས་པར་ཆོས་དབུགས་ཀུན་ཏུ་དབྱུང་བར ་གྱུར་ཏེ། ནྱ་གྲོ་དྷ་སྐྱེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་བཞུད་ལ་དམ་བཅས་པ་བརྟན་པར་གྱིས་ཤིག། དམ་པ་རྣམས་ནི་དམ་བཅས་པ་བརྟན་པ་ལགས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས ་སེར་སྐྱའི་བུ་མོ་བཟང་མོ་དང་ལྷན་གཅིག་གྲོས་བྱས་ནས། ཡང་སླར་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ཁྱིམ་པ་རྣམས་ཀྱིས་ཁྱིམ་པའི་ཆོས་ཇི་ལྟ་བུ་ཡིན་པ་དེ་བྱས་ཏེ། ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་རྒྱང་མ་བླངས་སོ།། གང་གི་ཚེ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་བཟང་མོ་བླངས་པ་དེའི་ཚེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷི་སྐྱེས་ཀྱི་ཕ་མ་གཉིས་ཀྱིས། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དང་། སེར་སྐྱའི་བུ་མོ་བཟང ་མོ་གནས་གཅིག་ཏུ་བཀོནའོ། ། དེ་གཉིས་ཀྱི་ཆེད་དུ་མལ་གཉིས་བཅས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་སྔོན་དམ་བཅས་པ་དྲན་པར ་ཅེས་ཤིག། སེར་སྐྱའི་བུ་མོ་བཟང་མོས་ཀྱང་། བྲམ་ཟེའི་ཁྱེརུ་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱོད་ཀྱང་དགོངས་ཤིག་ཅེས་གཅིག་གིས་གཅིགབསྐུལ ་མ་དང་བུ་གཉིས་ཇི་ལྟ་བ་བཞིན་དུ་འཁོད་དོ། ། དེ་ནས་བྲམ་ཟེ་ཤིང་སྦ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་བཅས་པས། དེས་གཉིས་ཀྱིས་རིམ་གྲོ་མ་རྣམས་ལ་རྨས་པ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་དང་ལྷན ་ཅིག་ཇི་ལྟར་འདུག། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མ་དང་བུ་ལྷན་ཅིག་པའམ། བུ་དང་མ་ལྷན་ཅིག་པ་བཞིན་ནོ།། དེ་སྐད་ཅེས་ཐོས་ནས་ཀྱང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་ལྷན་ཅིག་འདི་སྐད་ཅེས ་སྨྲས་སོ། ། བདག་ཅག་ཁོ་ནའི་ཉེས་པ་ཡིན་གྱིས། དེ་གཉིས་ཀྱིས་ནི་མ་ཡིན་ཏེ། གང་གི་ཕྱིར་བདག་ཅག་གིས་དེ་གཉིས་ཀྱི་ཆེད་དུ་མལ་གཉིས་བཅས་པས་སོ་སྙམ་བསམས་ནས། མལ་དང་ཁྲིའུ་གཅིག་བཞག་གོ། དེ ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་སེམས་ཏེ། ཀྱེ་ཕ་མ་གཉིས་ཀྱིས་བདག་ཅག་ལ་དམ་པ་མ་ཡིན་པའི་ཆོས་ཀྱི་ཆེན་དུ་བརྩམ་པ་ཆེན་པོ་འདི་བླངས་སོ་སྙམ་དུ་སེམས་སོ།། སེར་སྐྱའི་བུ་མོ་བཟང་མོས་བྲམ ་ཟེའི་ཁྱེའུ་ནྱ་གྲོདྷ་སྐྱེས་ཀྱི་ཕ་མའི་དགོས་པ་ཁོང་དུ་ཆུད་ནས། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱོད་དང་བདག་གི་ཆེད་དུ་སྦྱོར་བ་འདི་སྦྱར་རོ།། འོན་ཀྱང་སྔོན་གྱི་དམ་བཅས་པ་དགོངས་ཤིག། ་དེས་སྨྲས་པ། སྙིང་ལས་ཆུང་ངུར་གྱིས་ལ་བག་མ་ཚ་ཞིག། དེ་ན་ནམ་གྱི་ཆ་སྟོད་ལ་ནི་སེར་སྐྱའི་བུ་མོ་བཟང་མོ་མལ་དུ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ནི་ཁྲིའུ་ལ་གནས་ཤིང་འདུག་གོ།། ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ ་ལོ། ། བཟང་མོ་ནི་གནས་ཤིང་འདུག་གོ།། ནམ་གྱིས་ཆ་སྨད་ལ་ནི་ཡང་བཟང་མོ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ན་ཁྲིའུ་ལ་འདུག་ཅིང་མི་ཉལ་ལོ།། དེ་བཞིན་དུ་ཁྲིའུའི་བར་ཡང་བྱུང་བ་དང་། ཡང་སེར་སྐྱའི་བུ་མོ་བཟང་མོས། རྒྱ ་དྷ་སྐྱེས་ལ་སྨྲས་པ། རྗེའི་སྲས་འོ་སྐོལ་གྱི་ཆེད་དུ་སྦྱོར་བ་འདི་བརྩམས་ཀྱིས། སྔོན་གྱི་དམ་བཅས་པ་དགོངས་ཤིག། དེས་སྨྲས་པ། རྟོག་པ་མེད་པ་དང་། དོགས་པ་མེད་པར་གྱིས་ལ། ཁྱོད་ཀྱང་སྔོན་གྱིས་དམ་བཅས་པ ་དྲན་པར་གྱིས་ཤིག། དེ་ན་བཟང་མོན་ནིམ་གྱིས་ཆ་སྟོད་ལ་ཉལ་ལོ།། ནྱ་ཀྲོ་དྷ་སྐྱེས་ན་འཆག་གོ།། ནམ་གྱི་གུང་ཐུན་ལ་ནི་ནྱ་ཀྲོ་དྷ་སྐྱེས་ཉལལོ།། སེར་སྐྱའི་བུ་མ་ཟང་མོ་ན་འཆག་གོ།། ཡང་ནམ་གྱི་ཆ་སྨན་ལ་ནི་བཟང་མོ་ཉལ་ལོ།། 6 ་གྲོ་དྷ་སྐྱེས་ནི་འཆག་སྟེ། དེ་དག་ཚུལ་འདིས་གནས་གཅིག་ན་མལ་གཅིག་ཏུ་ལོ་བཅུ་གཉིས་ཐལ་ཐལ་དུ་ལན་འགའ་ཡང་དེ་གཉིས་གཅིག་ལ་གཅིག་འདོད་ཆགས་ཀྱིས་སེམས་མ་བསྐྱེད་དོ།། དགེ་སློང་མའི་འདུལ་བ་རྣམ་པར ་འབྱེད་པ། ། །། བམ་པོ་གཉིས་པ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ། ཀྱེ་མ་འདོད་ཆགས་དང་བྲལ་བར་མ་གྱུར་བཞིན་དུ་འདོད་ཆགས་དང་བྲལ་བའི་ཚུལ ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ། མ་ལ་བདག་གིས་འདི་གཉིས་བཀྲམ་པར་བྱའོ་སྙམ་དུ་བསམས་ནས། བདག་ཉིད་སྦྲུལ་གྱི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ། དེ་གཉིས་ཀྱིས་མལ་ག་ལ་བ་དེར་སོང་ཕྱིན་ནས ་སྦྲུལ་ཆེན་པོ་བསྐྱིལ་བ་བྱས་ཏེ་མལ་གྱི་འོག་ཏུ་འདུག་པ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷི་སྐྱེས་ཀྱིས་སྦྲུལ་ནག་པོ་གདུག་པ་དྲག་པོ་ས་གདུག་པ་དེ་མལ་གྱི་འོག་ནི་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་ས ་གཟུགས་འདི་ལྟ་བུ་མ་རུང་བར་བྱས་པར་འགྱུར་རོ་སྙམ་དུ་སེམས་སོ། ། ཉལ་བ་དེའི་ལག་པ་ཡང་ཕྱི་རོལ་ཏུ་འཕྱང་ངོ་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས། ཅི་བདག་གིས་དཇིར ་བྱ་སྙམ་དུ་བསམས་སོ། ། དེ་ནས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་བཏེག་སྟེ་བཞག་གོ། དེ་ནས་སེར་སྐྲའི་བུ་མོ་བཟང་མོ་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པས་སད་པ་དང་། སྐད་ཅིང་ཡིད་མི་དགའ ་ནས། ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་རེག་པར་བྱེད་པ་འདི་ཅི་ཞིག་ལགས། ཁྱོད་ཀྱིས་བདག་ལ་འདོད་ཆགས་དང་བཅས་པའི་སེམས་ཀྱིས་མ་རེག་གམ། དེས་སྨྲས་པ། བཟང་མོ་དེ་ལྟ་མ་ཡིན ་ནོ། ། འོན་ཀྱང་སྦྲུལ་གདུག་པ་འདིས་ཟིན་པར་གྱུར་ན་མི་རུང་ངོ་སྙམ་ནས། དེའི་ཕྱིར་ཁོ་བོས་ལག་པ་འཕྱང་བ་བཏེག་སྟེ་བཞག་གོ། ཇི་ལྟ་བུ་ཞིག་གིས། དེས་སྨྲས་པ། རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་སོ།། དེས ་འདི་སྐད་ཅེས་སྨོས་སོ། ། རྗེའི་སྲས་བདག་ནི་སྦྲུལ་གདུག་པས་ཟིན་ཀྱང་བླའི།། ཁྱོད་ཀྱིས་རྔ་མའི་བསིལ་ཡབ་ཀྱིས་ནོར་བུའི་ཡུ་བས་རེག་པ་ནི་མི་རུང་ངོ་།། ཅིའི་སླད་དུ་ཞེ་ན། མ་ལུ་ཏ་ཡི་འཁྲི་ཤིང་འཁྲིས་པས་ལྗོན་ཤིང ་བཟང་པོ་ཉམས། བུད་མེད་དག་ལ་རེག་པའི་རྒྱུ་ཡིས་འཇིག་རྟེན་ཕུང་བར་གྱུར། དེ་སྐད་དུ་མགྱོགས་པར་འཆི་བའི་སྦྲུལ་གྱིས་ཟིན་བླ་ཡི།། སྐྱེས་པའི་ལག་པས་བུད་མེད་མཆོག་ལ་རེག་པར་མི་རུང་ངོ་།། གཞན་ཡང ་མི་དབང་བུ་མོའི་ལུས་ཀྱིས་རེག་པ་ཡིས། ། དཀའ་ཐུབ་ཆེན་པོ་ཆེན་པོ་རྭ་ཅན་དཀའ་ཐུབ་ཉམས།། ལྷག་སྤྱོད་རླུང་གི་སམ་ནས་མི་དབང་གི། ཁྱིམ་དུ་འོངས་ནས་ནགས་སུ་རྐང་པས་སོ།། དེ་ནས་དེ་དག་དེ་ལྟར་འཁོད་འཁོན ་པ་ལས། ། དུས་གཞན་ཞིག་ན་ཕ་མ་གཉིས་ཤིན།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། གང་གི་ཚེ་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད་འཁོད་ན།། ད་ནིས ་གི་ཕ་མ་གཉིས་ཤི་བས་དེའི་ཕྱིར། བདག་ཅག་གིས་རང་གི་ཁྱིམ་གྱིས་འཚོ་ཆིས་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་དུ་བསམས་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་གང་གིས་ཚེ ་བདག་གི་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་རྒྱང་ངུར་འཁོད་འཁོད་ན། ད་ནི་བདག་ཅག་གི་ཁྱིམ་རྩེ་ཚོ་ཆེས་རྗེས་སུ་བསམ་དགོས་པས། བཟང་མོ་རེ་ཞིག་ཁྱོད་ཀྱིས་ནི་ཁྱིམ་ལས་ཀྱི་མཐའ་ལ་ལྟོས་ཤིག ་ང་ཡང་གྲོང་གི་ཞིང་ལས་དག་ལ་འགྲོའོ་ཞེས་སྨྲས་ནས། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཞིང་ལས་ལ་སོང་ངོ་།། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕའི་ཞིང་ལས་ལ་བལྟས་ན། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྨེད ་ཅིང་། ། དེ་ན་ཡང་སྲོག་མཀྐ་ཕྲ་མོ་ཕྲ་མོ་དག་ཚུལ་མ་ཡིན་པས་ཉོན་མོངས་པར་འགྱུར་བ་དང་། གླང་རྣམས་ཀྱང་སྣ་ནི་ཕུག། བ་ཤུལ་ནི་ཞོམ།། ལྕགས་གིས་རྐུ་བ་གཙེས་ནི་རྡོལ་བ་དང་། མི་རྣམས་ཀྱང་སྐྲ་དང་འ་སྤུ་ནི་རིང་། ་ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གསོ་རས་དག་ནི་གྱོན། ལུས་ནི་སའི་རྡུལ་གྱིས་ཡོག། སློང་དུམ་ཚིག་པ་ནི་འདྲ། འདྲེ་ལྟ་བུར་ནི་གྱུར་ཅིངག། གཤོལ་དང་།། ཐོང་ལྕགས་དང་། སྤྱད་དང་། ཀླུང་ལྕག་གི་ཕྱིར་གཅིག ་ལ་གཅིག་ཁ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད་པ་མཐོང་ངོ་།། མཐོང་ནས་ཀྱང་དེ་དེ་རྣམས་ཀྱིས་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་དག་སུ་ཡིན། བདག་ཅག་ནི་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ ་སྐྱེས་ཀྱི་ལས་བྱེད་པ་ཡིན་ནོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཅག་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསྒོས་བསམ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འདི་ལྟར ་བདག་ཅག་དེས་བསྐོས་པ་ནི་མེད་ན། འོན་ཀྱང་ཕས་དེའི་ཁྱིམ་གྱི་འཚོ་ཚིས་འདིས་བྱེད་དུ་བཅུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས། ཞིང་པ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་དག་གལ་ཏེ་བྲམ ་ན་ཀྱི་པས་རྒྱས་ཀྱད་ཅི་བྱ་བ་ཟེ་བ་དང་། དམ་པ་#གྱི་ན་ས་ལྡན་པ་མ་པར་ཀ ་ཧཡེད་དེའི་རྣམ་པར་སྨིན་པས་འཁོར་བར་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རམ། ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་བདག་གིས་ནི་ལུས་ཀྱིས་ཀྱང་ཅུང་ཟད་ཀྱང་ཀུན་ཏུ་མི་སྤྱོད་ལ། ངག ་གིས་ཀྱང་མ་ཡིན། ཡིད་ཀྱིས་ཀྱང་མ་ཡིན་བཞིན་དུ། འདི་ལས་བདག་ལ་ཡང་བསོད་ནམས་མ་ཡིན་པ་ཉེ་བར་སྐྱེའོ་སྙམ་དུ་སེམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་རང་གི་ཁྱིམ་དུ་སོང་སྟེ། སེར་སྐྱའི་བུ ་མོ་བཟང་མོ་ལ་སྨྲས་པ། བཟང་མོ་བག་ཡོད་པས་ཁྱིམ་སྦུབས་ཤིག། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱོད་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ།། དཀའ་ཐུབ་ཀྱིས་ནགས་སུ ་འགྲེའོ། ། ཇི་ཙམ་ན་ཚིགས་སུ་བཅད་པ་སྨྲས་པ། དྲེའུ་ཆུང་གང་གིས་འབྲས་ཆེད་རུང་།། མལ་གཅིག་གིས་ནི་བདེ་བ་སྐྱེད།། རས་བཅོས་ཟུང་གཅིག་བཅང་བར་བྱ།། ལྷག་མ་གཏི་མུག་ཡོངས་སུ་འཛིན།། རེ་ཞིག ་ན་བཟང་མོས་ཀྱང་ཁྱིམ་ལ་བལྟ་བར་བརྩམས་སོ། ། ཇི་ཙམ་ན་བྲན་མོ་རྣམས་ལག་པ་དང་རྐང་པ་ནི་སེར་ག་བྱུང་།། གསོ་རས་ནི་གྱོན། མགོན་ཡགས། གཏུན་དང་། གཏུན་བུ་དང་། སླང་ཆེན་དང་། ཁྲི་ལ་སོགས ་བའི་ཆེད་དུ་གཅིག་ལ་གཅིག་ཁའི་མདུང་ཐུང་གིས་ནི་འདེབས་པ་མཐོང་ནས་སོང་སྟེ། དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་མ་དག་ཁྱེད་སུའི་ཡིན། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། སེར་སྐྱའི ་བུ་མོ་བཟང་མོའི་ལགས་སོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཅག་སེར་སྐྱའི་བུ་མོ་བཟང་མོས་བསྐོས་སམ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་བདག་ཅག་ནི་སེར་སྐྱའི་བུ་མོ་བཟང་མོས་མ ་བསྐོད་མོད་ཀྱི། འོན་ཀྱང་སྒྱུག་མོས་དེའི་ཁྱིམ་གྱི་འཆི་ཆེས་བྱེད་པར་བསྐོས་སོ།། རེ་ཞིག་ན་དེ་ཡང་ཡིད་བྱུང་སྟེ་ཚིགས་སུ་བཅད་པ་སྨྲས་པ། བྲེའུ་ཆུང་གང་གིས་འབྲས་ཆན་རུང་།། མལ་གཅིག་གིས་ནི་བདེ་བ་སྐྱེད།། ་རས་བཅོས་ཟུང་གཅིག་བཅང་བར་བྱ།། ལྷག་མ་གཏི་མུག་ཡོངས་སུ་འཛིན། དུས་དེའི་བར་དུ་ཡང་སངས་རྒྱས་དེ་དུང་དུ་མ་བྱང་བར་གྱུར་ཏེ། དེ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ ་དང་། ཀུན་ཏུ་འཚོ་བ་པ་དང་། ཐལ་བ་ཅན་ལ་སོགས་པ་རྣམས་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློང་མོ་བ་རྣམས་ལ་སྦྱིན་པ་གཏང་བྱས་ནས།། དབུལ་པོ་ནི་མི་དབུལ་བར་བྱས།། བྲན་དང་། གླ ་མི་དང་། མངག་གཞུག་པ་རྣམས་ནི་མི་བཀོལ་བར་བྱས། བཤེས་གཉེན་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ལ་ནི་རྫས་ཀུན་བགོས་ནས། ཁྱིམ་གྱི་ནང་དུ་ཞུགས་ཏེ། གོས་ཐ་ཆུད་འགའ ་ཅི་ཡོད་བླང་ངོ་སྙམ་ནས། གོས་ཀྱི་རྫས་ཀྱི་མཛོད་དུ་བལྟས་པ་དང་། དེས་གོས་ཀྱི་ཕྱི་རས་རས་ཡུག་ཆེན་ཐ་ཆད་སྟོང་ཕྲག་བརྒྱ་རི་བ་ཞིག་ནི་བདག་གིས་ཁྱེར། དེ་འདྲ་བ་གཅིག་ནི་བཟང་མོ ་ལ་བྱིན་ནོ། ། ཁྱིམ་ནི་ཉེ་དུ་རྣམས་ལ་གཏད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་གང་དུ་འགྲོ་བར་འདོད། དེས་སྨྲས་པ། ཁྱོད་ཁོ་ན ་དང་ལྷན་གཅིག་ཏུ་དཀའ་ཐུབ་ཀྱི་ནགས་སུ་མཆིའོ། ། དེས་སྨྲས་པ། གང་གི་ཕྱིར་བུད་མེད་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་འདུག་པར་བྱ་བ་དེ་ནི་ཆ་མ་ཡིན་ནོ།། བཟང་མོས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག ་རྗེ་སྔར་ཁྱིམ་ནས་ཐོང་ཞིག། ཅིའི་ཕྱིར། བཟང་མོས་འདི་སྐད་ཅེས་སྨྲས་སོ།། གང་གི་ཕྱིར་ཁྱོད་སྔར་ཇེ་བཞུད་ན་བུད་མེད་ནི་འབྲས་ཆན་ཆོས་པ་དང་འདྲ་བར་སྐྱེ་བོ་མང་པོས་དོན་དུ་གཉེར་བར་བགྱི་བ་ལགས་ཏེ། ་སྤྱོད་བཞུད་ན་བདག་ཁ་ཅིག་གིས་དོན་དུ་གཉེར་བར་གྱུར་ན་མེ་རུང་བ་དེ་སྲིད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་ངྒ་སྐྱེས་ཀྱིས་བསམས་པ། བུ་མོ་འདི་ནི་མ་ལས་ཤོང་བློ་ཤིན་ཏུ་གཏན་ལ་བ་བ་ཡིན་ནོ་སྙམ་དུ་བས་པས་ཏེ ་སེར་སྐྱ་འུ་མོ་བབང་པོ་ལ་འདི་གད་ཅེས་སྨྲས་སོ། ། བཟང་མོ་ཆུར་ཤོག། ཁྱིམ་ནས་ལྷན་ཅིག་ཁོ་ནར་འདོང་བར་བྱའོ།། དེ་དག་ཁྱིམ་ནས་ལྷན་ཅིག་ཁོ་ནར་དོང་ངོ་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དང ་ཐེ་གི་ཙམ་གྱི་བར་དུ་ལྷན་ཅིག་ལེ་ནར་དོ་ནས། སེར་རྒྱའི་བུ་མོ་འཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་སང་ལ་སྤྱོད་པ་ཇི་ལྟར་འདོད་པ་ལ་གནས་པར་གྱིས་ཤིག། དེའི་ཆེན་རྒྱལ་པོའི་ཁོབ་ན་གཅེར ་བུ་བ་རྫོགས་བྱེད་ཅེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ་ཞིག་གནས་ཏེ། དེ་ཡང་གཅེར་བུ་པ་དང་། གཅེར་བུ་བའི་སློབ་མ་དུ་མས་ཡོངས་སུ་བསྐོར་ཏོ།། དེ་ནས་སེར་སྐྱ ་བུ་མོ་བཟང་མོ་གཅེར་བུ་པ་རྫོགས་བྱེད་ག་ལ་བ་དེར་སོང་སྟེ་བྱིན་ནས། གཅེར་བུ་པ་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཁྱོད་ལས་རབ་ཏུ་འབྱུང་བར་འཚལ་ལོ།། དེས་དེ་རབ་ཏུ་བྱུང་ནས ་གཅེར་བུ་མ་རྣམས་ཀྱི་ནང་དུ་བཞག་གོ། དེ་ནས་གཅེར་བུ་པ་རྣམས་ཀྱིས་སེར་སྐྱའི་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཁ་དོག་རྒྱས་པ། མཆོག་དང་ལྡན་པ་མཐོང་ནས། གཅིག་ལ་གཅིག་སྨྲས ་པ། བདག་ཅག་རབ་ཏུ་བྱུང་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ཕྱིར་ཡིན་ལ། སེར་སྐྱའི་བུ་མོ་བཟང་མོ་འདི་ཡང་ལྷའི་བུད་མེད་འདྲ་ན། རེ་ཞིག་ལྔའི་འདོད་ཡོན་ཏན་རྣམས་རྙེད ་དམ་མི་རྙེད་གཏོམ་མེད་ཀྱིས། ཇེ་སེར་སྐྱའི་བུ་མོ་བཟང་མོ་འདི་ལ་ལོངས་སྤྱད་པར་བྱའོ་ཞེས་སྨྲས་ནས།། གཅེར་བུ་པ་ལྔ་བརྒྱ་ཙམ་གཅེར་བུ་པ་རྫོགས་བྱེད་ག་ལ་བ་དེར་དོང་ངོ་།། རེ་ཞིག་ན་སྐབས་དེ་རྒྱས་པར་སྨྲས་ནས། ་དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་བླངས་པ་དང་། དེས་ཀྱང་སློབ་མ་ལ་བྱམས་པའི་ཕྱིར་གནང་ངོ་།། དེ་ནས་ལས་ཀྱིས་རྣམ་པར་སྨིན་པའི་རྐྱེན་གྱིས་ཉི་མ་རེ་རེ་ཞིང་གཅེར་བུ་པ་ལྔ་བརྒྱ་པོ་རྣམས་ཀྱིས ་དགའ་དགུར་སྤྱོད་པར་བྱེད་དོ། ། ཇི་ཙམ་ན་དེ་ཡིད་བྱུང་བས།། རྫོགས་བྱེད་ལ་གསོལ་པ་དང་། ཅེས་སྨྲས་པ། གང་ལ་རྒྱ་ཕོག་པ་དེ་དང་ཕྲད་པར་གྱིས་ཤིག། དེའི་ཚེ་ན་བཅོམ་ལྡན་འདས། བྱང་ཆུ་སེམས་དཔའ་སྐུ ་ཆེ་ལོ་ཉ་ཤུ་རྩ་དགུར་འདོད་པ་རྣམས་ལ་རོལ་ནས། རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་པས་ཐུགས་བྱུང་སྟེ། ནང་ཕྱེད་ཀྱི་དུས་སུ་རྟ་རིན་པོ་ཆེ་བསྔགས་ལྡན་ལ་བཅིབས་ནས ་ནགས་སུ་གཤེགས་ཏེ། ལོ་དྲུག་ཏུ་ཅིར་ཡང་མི་ཕན་པའི་དཀའ་བ་སྤྱད་ནས།། ཆུ་བོ་ནོའི་རན་ཛ་ནས་ཁྲུས་མཛད་དེ། དགའ་མོ་དང་དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་འོ་མའི་ཐུག་པ་ནི་གསོལ། ་ཀླུའི་རྒྱལ་པོ་དུས་ཅན་གྱི་ཚིགས་སུ་བཅད་པ་དག་གིས་ནི་མངོན་པར་བསྟོད་ཅིང་། རྩཝ་འཚོང་བཀྲ་ཤིས་ལྡན་ལས་རྩཝ་དག་བཞེས་ཏེ། བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་བཞུད་ནས། ཉིད་ཀྱིས་མ་འཁྲུགས་པ་དང་། མ་འཛིངས ་བཻར་གདིང་བ་ཤམས་ཏེ། ཀླུའི་རྒྱལ་པོ་གཉིད་ལོག་པ་བསྐྱིལ་བ་བཞིན་དུ་སྐྱིལ་མོ་ཀྲུང་ཀྱིལ་ལེར་བཅས་ནས། ཟག་པ་ཟད་པ་མ་ཐོབ་ཀྱིས་བར་དུ་སྐྱིལ་མོ་ཀྲུང་མི་གོ་ཞིག་གོ་ཞེས་ཐུགས་ཀྱང་བསྐྱེད། ཚིག་ཏུ་ཡང་གསུང ་། ། དེ་ཞིག་ན་བདུད་བྱུང་པའི་རིགས་བྱེ་བ་ཟླག་སུས་ནཱ་དྲུག་གི་འཁོར་ཅན་བརྟུལ་ནས། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པ་སངས་རྒྱས་ས།། རྡུངས་པས་བསྐུལ་པས་སུལ་ཝཱན ་ཎཱ་སིར་གཤེགས་ཏེ། ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཀུན་ཤེས་ཀོའུ་དིན་ནྱ་དང་། ལྷ་སྟོང་ཕྲག་བརྒྱད་ཅུ་བདེན་པ་རྣམས་ལ་བཀོད་དོ།། ལྔ་སྡེ་རྣམ་ཀྱང་བཏུལ། ཉེ་ལྔའི་སྡེ་རྣམས་ཀྱང་བཏུལ། ་གི་ཁྱེའུ་གཙོ་བོ་གཙོ་བོ་ལྔ་བཅུ་ཡང་བཏུལ་ལོ།། ཤིང་བལ་ཅན་གྱི་ནགས་ཁྲོད་དུ་གཤེགས་ནས། བཟང་སྡེའི་ཚོགས་དྲུག་ཅུ་བཏུལ་ལོ།། དཔག་ལྡན་གྱི་གྲོང་དུ་གཤེགས་ནས།། གྲོང་གི་བུ་མོ་དགའ་མོ་དང་། དགའ་སྟོབས ་མ་གཉིས་བདེན་པ་རྣམས་ལ་བཀོད་དོ། ། ཡུལ་ལྟེང་རྒྱས་སུ་གཤེགས་ནས། ལྟེང་རྒྱས་འོད་སྲུངས་རྫུ་འཕྲུལ་གྱི་ཆོས་འཕྲུལ་བཅོ་བརྒྱད་ལ་སོགས་པ་ལྔ་བརྒྱ་བཏུལ་ལོ།། ཡུལ་ག་ཡ་ར་གཤེགས་ནས། ་ཆུ་ཀླུང་འོད་སྲུངས་དང་། རལ་པ་ཅན་སྟོང་ཕྲག་དེ་རྣམས་ལ་ཆོ་འཕྲུལ་གསུམ་པོ་དག་གིས་གདམས་མཛད་དོ།། ཡུལ་འོད་མའི་ལྟང་བྲང་ཅན་དུ་གཤེགས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་སླས་དང་འཁོར་དུ ་བཅས་པ་དང་། ལྷ་སྟོང་ཕྲག་བརྒྱད་ཅུ་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་བཏུལ་ཏེ། འོན་མའི་ཚལ་བཞེས་ནས། དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན ་བཞུགས་སོ། ། འོད་སྲུངས་ཤིང་ཞིག་གི་དྲུང་ན་བཅོམ་ལྡན་འདས་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་དུལ་བ་དང་ཉེ་བར་ཞི་བའི་མཆོག་དང་ལྡན་པ།། གསེར་གྱིས་མཆོད་སྡོང་ལྟར་དཔལ ་འབར་བ། རྟེན་ཅིང་བཞུགས་པ་མཐོང་ངོ་།། ཐོང་ནས་ཀྱང་དེ་འདི་སྙམ་དུ། ཀྱེ་མ་སྟོན་པ་མཐོང་ངོ་།། ཀྱེ་མ་དགྲ་བཅོམ་པ་མཐོང་ངོ་།། ཀྱེ་མ་བཅོམ་ལྡན་འདས་མཐོང་ངོ་།། ཀྱེ་མ་བདེ་བར་གཤེག་པ་མཐོང་ངོ་།། ཀྱེ་མ་ཡང ་དག་པར་རྫོགས་པའི་སངས་རྒྱས་མཐོང་ངོ་སྙམ་དུ་སེམས་ཤིང་། དེས་ཆེད་ཆེར་བྱས། བླ་མར་བྱས། ཡིད་ལ་སྱ།། སེ་མཱ་ཐམས་ཅད་ཀྱི་བསམས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས ་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།། བཙུན་པ ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། ། སྟོན་པ་ལགས་སོ།། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།། ཉན་ཐོས་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས། འོན་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུངས་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། འོད་སྲུངས་ང་ནི་ཁྱོད་ཀྱི་སྟོན་པ་སྟེ། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ།། འོད་སྲུངས་ང་ནི ་ཁྱོད་ཀྱི་སྟོན་པ་ཡིན་ནོ། ། སྟོན་པ་ཡིན་ནོ།། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ།། ཉན་ཐོས་ཡིན་ནོ།། འོད་སྲུངས་གང་ལ་ལ་འདི་ལྟར་སེམས་ཐམས་ཅད་ཀྱིས་བསམ་སྟེ། མི་ཤེས་བཞིན་དུ། བདག་ནི་ཀུན་ཤེས་པ་ཡིན་ནོ་ཞེས ་སྨྲས། མི་མཐོང་བཞིན་དུ། བདག་ནི་ཀུན་མཐོང་བ་ཡིན་ནོ་ཞེས་སྨྲ། དེ་བཞིན་གཤེགས་པ་མ་ཡིན་བཞིན་དུ། བདག་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ།། དགྲ་བཅོམ་པ་མ་ཡིན་བཞིན་དུ། བདག་ནི་དགྲ ་བཅོམ་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་བཞིན་དུ། བདག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཁས་འཆེ་བར་བྱེད་ན། འོད་སྲུངས་སྟོན་པ་དེའི་མགོ་ཚལ་བ ་བདུན་དུ་འགས་པར་འགྱུར་རོ། ། འོད་སྲུངས་ང་ནི་ཤེས་པ་ཡིན་པས། ང་ནི་ཀུན་ཏུ་ཤེས་པ་ཡིན་ནོ་ཞེས་སྨྲའོ།། མཐོང་བ་ཡིན་པས། ང་ནི་ཀུན་ཏུ་མཐོང་བ་ཡིན་ནོ་ཞེས་སྨྲའོ།། དེ་བཞིན་གཤེགས་པ་ཡིན་པས། ང་ནི་དེ ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས། ང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཞལ་གྱིས་འཆེའོ།། ང་ནི་ཉན་ཐོས་རྣམས་ས་གླེང་གཞི་དང་བཅས་པ ་ཁོནའི་ཆོས་སྟོན་གྱི། ། གླེང་གནི་མེད་པ་ནི་མ་ཡིན་ནོ།། ངེས་པར་འབྱུང་བ་དང་བཅས་པ་ཡིན་གྱི། ངེས་པར་འབྱུང་བ་མེད་པ་ནི་མ་ཡིན་ནོ།། རྟོན་པ་དང་བཅས་པ་ཡིན་གྱི། རྟོན་པ་མེད་པ་ནི་མ་ཡིན་ནོ།། རྐུན་པ་དང་བཅས ་པ་ཡིན་གྱི། རྟུན་པ་མེད་པ་ནི་མ་ཡིན་ནོ།། ཚེ་འཕྲུལ་དང་བཅས་པ་ཡིན་གྱི། ཆོ་འཕྲུལ་མེད་པ་ནི་མ་ཡིན་ནོ།། འོད་སྲུངས་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་ཆོས་དང་ལྡན་པ་གང་ཅི་ཡང་རུང་བ ་མཉམ་པར་བྱའོ། ། དེ་ཐམས་ཅད་ལ་བཀུར་སྟི་བྱས། བླ་མར་བྱས། ཆེད་ཆེར་བྱས། སེམས་རྩེ་གཅིག་ཏུ་བྱས། རྣ་བླགས། སེམས་ཐམས་ཅད་ཀྱིས་བསམས་ནས་མཉན་པར་བྱའོ།། འོད་སྲུངས་དེ་ལྟ་བས་ན ་འདི་ལྟར་བསླབས་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་། འཇིག་པར་རྗེས་སུ་ལྟ་བས་གནས་པར་བྱའོ།། སྐྱེ་མཆེད་དྲུག་པོ་དག་ལ་ཀུན་ཏུ་འབྱུང་བ་དང་། ནུབ་པར་རྗེས་སུ་ལྟ་བས་གནས ་པར་བྱའོ། ། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས་པར་བྱའོ།། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས་པ་ན། བྱང་ཆུབ་ཀྱི ་ཡན་ལག་བདུན་བསྒོམ་པར་བྱ། རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པར་བྱའོ།། བདག་གི་སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམ་ལ་ངོ་ཚ་ཤེས་པ ་དང་། ཁྲེལ་ཡོད་པ་ཤས་ཆེར་ཉེ་བར་གནས་པར་འགྱུར་བ་དང་། རྟག་ཏུ་བདག་གི་ལུས་ལ་དྲན་པ་དང་ལྡན་ཞིང་མི་གཏོང་བ་དང་བྲལ་བར་མ་གྱུར་པར་ལུས་ལ་གནས་པར་འགྱུར་བ་དེ་ལྟར། འོད་སྲུངས་ཁྱོད་ཀྱིས་བསླབ ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་བཅུག། ཡང་དག་པར་གཟེངས་སྟོད། པ་རྒག་པར་མ་ཏུ་ཤུབ་དུན།། གདན ་ལས་བཞེངས་ཏེ་གཤེགས་སོ། ། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་བཅོམ་ལྡན་འདས་ཀྱི་ཞང་འབྲིང་དུ་འབྲང་ཞིང་། བཅོམ་ལྡན་འདས་གནས་གང་དུ་བཞུགས་པ་དེར་བདག་གིས་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ ་རིབ་བལྟ་བ་སྟེ་གདན་དུ་གདིང་བར་བྱའོ་སྙམ་དུ་སེམས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་འོད་སྲུངས་ཀྱིས་སེམས་ཀྱི་ཀུན་ཏུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ལམ་བོར་ཏེ་ཕྱོགས་གཅིག་ཏུ་བཞུགས་སོ།། ་ནས་ཚེ་དང་ལྡན་པ་འོད་སྲུངས་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ་རི་བ་བལྟབ་སྟེ། བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་སོ།། འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་དས ་ཐུགས་བརྩེ་བའི་སླད་དུ་གདན་བཤམས་པ་ལ་བཞུགས་སུ་གསོལ། བདེ་བར་གཤེགས་པ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེས་ན་བདག་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་ལགས་སོ།། ་བཅོམ་ལྡན་འདས་གདོན་བཤམས་པ་ལ་བཞུགས་ཏེ། བཞུགས་ནས་ཚེ་དང་ལྡན་པ་འོད་སྲུངས་ལ་བཀའ་སྩལ་པ། འོད་སྲུངས་ཁྱོད་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ངོ་།། འོད་སྲུངས་ཁྱོད་ཀྱི་རས་ཡུག་ཚེ ་གྱི་སྣམ་སྦྱར་འཇམ་མོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བདེ་བར་གཤེགས་པ ་དེ་དེ་ལྟ་ལགས་ཏེ། བཙུན་པ་བདག་གི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ལགས་སོ།། བཙུན་པ་དག་གི་རས་ཡུག་ཆེན་གྱི་སྣམ་སྦྱར་འཇམ་ལགས་སོ།། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་རས་ཡུག་ཆེན ་གྱི་སྣམ་སྦྱར་བ་ཞེས་པར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུངས་ངའི་གསོ་རས་ཕྱག་དར་ཁྲོད་ཀྱི་གོས་ཟུང་ཞིག། ་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། འོད་སྲུངས་ཀྱི་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་པར་གསོལ། བདེ་བར་གཤེགས་པ ་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་པར་གསོལ། བཙུན་པ་བདག་གིས་བཅོམ་ལྡན་འདས་ཀྱི་གསོ་རས་ཕྱག་དར་ཁྲོད་ཀྱི་ན་བཟའ་གཟུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུངས ་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་སོ། ། བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ཕྱག་ནས་གསོ་རས་ཕྱག་དར་ཁྲོད་པ་དེ་ལ་གནང་ངོ་།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཀྱིས་གདམས་ངག་གཏམས་པ་དེས ་ཉི་མ་བརྒྱད་དུ་སློབ་པས་བསོད་སྙོམས་ཡོངས་སུ་སྤྱད་དོ། ། ཉི་མ་དགུ་པ་ལ་ནི་མི་སློབ་པས་སོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་དགྲ་བཅོམ་པ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང ་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོར་རིག་པ་དང་། སོ་སོ ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལས་ཕྱིར་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས། རི་མོར་བྱ་བ་དང་། ་མཆོད་པར་བྱ་བ་དང་། ཕྱག་བྱ་བར་གྱུར་ཏོ།། དེ་ནས་ལ་གཅིག་གིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་དགེ་སློང་འོད་སྲུངས་ཀྱིས་ཁྱད་པར་ཆེན་པོ་འདི་རྟོགས་པས། མིང་འོད་སྲུངས་ཆེན་པོ་འོད་སྲུངས་ཆེན་པོ་ཞེས་བྱ་བར ་བྱུང་ངོ་། ། དེ་ནས་བཅོམ་ལྡན་འདས་མཐར་གྱིས་ལྗོངས་རྒྱུ་བ་རྒྱུ་ཞིང་རྒྱལ་པོའི་ཁབ་ཏུ་གཤེགས་ནས། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས་སོ།། དེའི་ཚེ་རྒྱལ་པོའི་ཁབ་ན་རི་བོ་དང་། ་མཛེས་པ་ཕྲད་པའི་དུས་སྟོན་བྱེད་དོ།། དེར་མུ་སྟེགས་པ་ཐམས་ཅད་གདོན་མི་ཟ་བར་འདུ་བ་ཡིན་པས། རེ་ཞིག་ན་གཅེར་བུ་པ་རྣམས་ཀྱང་རྒྱལ་པོའི་ཁབ་ཏུ་དོང་ངོ་།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་འདི་སྙམ་དུ ་སུ་ཞིག་འདི་ལྟར་ཡུན་རིང་པོར་ཉོན་མོངས་པ་ཉམས་སུ་མྱོང་བར་བྱེད། རྒྱལ་པོའི་ཁབ་ཏུ་སློང་མོའི་ཕྱིར་འཇུག་པ་འདི་ནི་བདག་གི་དུས་ལ་བབ་བོ་སྙམ་དུ་སེམས་སོ།། དེ་ནས་དེ་ཉོན་མོངས་པས་ཡིད་བྱུང་བས་སྐབས ་རྙེད་དེ། རྒྱལ་པོའི་ཁབ་ཏུ་སློང་མོ་ལ་སྙད་བཏགས་ཏེ་སོང་ངོ་།། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ཡང་སྡེ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ།། ་དེས་སེར་སྐྱའི་བུ་མོ་བཟང་མོ་ཁ་དོག་རྒྱས་པ་དང་ལྡན་པ་མ་ཡིན་པ་དེ་འདྲ་བར་གྱུར་པ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཅི་ཡང་དག་པར་ཚངས་པར་སྤྱོད་པ་ལ་གནས་པ་ཡོངས་སུ་བསྐྱངས ་ས་མ། དེས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་རང་གི་ཁྱིམ་ན་གནས་པ་དེ་ཁོ་ན་བདག་གི་ཚངས་པར་སྤྱོད་པར་གྱུར་གྱིས།། ད་ལྟར་ནི་མི་ཚངས་པར་སྤྱོད་པ་ཁོ་ནར་བས་ཏེ། ཚངས་པར་སྤྱོད་པ་མ་མཆིས་སོ།། དེས་འདི ་སྐད་ཅེས་སྨྲས་སོ། ། སྲིང་མོ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི ་སྐད་ཅེ་སྨྲས་སོ། ། རྗེའི་སྲས་ཁྱོད་ལ་ཡང་རྒྱས་གཏོད་པ་མེད་གྲང་། རེ་ཞིག་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་དགོངས་པར་བརྩམས་ན།། ཉེས་པར་བཤད་པའི་ཆོས་ཅན།། ཉེས་པའི་ཆོ་ག་ཅན་དེ་རྣམས་ཀྱིས་དམ་པ་མ་ཡིན ་བའི་ཆོས་ལ་སྦྱར་བར་མཐོང་སྟེ། དེས་བྱུང་བ་དེ་ལྟ་བུ་རིག་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་མ་འཇིགས་ཤིག། བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་དྲི་ང་བ་མེད་པ་དང་། སྡིག་པ་མེད་པ་ཡིན་ནོ།། ་དེའི་ཉན་ཐོས་རྣམས་ནི་ལྷའི་འདོད་པ་རྣམས་ཀྱང་དོན་དུ་མི་གཉེར་ན། མི་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ།། དེས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཡོངས་སུ་གཏད་ནས། དེས་དེ་རབ་ཏུ་ཕྱུང་། བསྙེན་པར་རྫོགས ་པར་བྱས་སོ། ། དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། གཡོན་ཅན་དང་། བྱོན་མ་དང་། ཟོལ་བ་དག། གཟུགས་འདི་ལྟ་བུར་སྡུག་པ་འདི་ཡོངས་སུ་ལོངས་སྤྱོད་པ་མེད་པར་རྒ་བར་བྱེད་དོ་ཞེས་ཁ་ཟེར་རོ།། དེ་ནས་དུས ་གཞན་ཞིག་ན། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྔ་དྲོ་ཤམ་ཐབས་བགོས།། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ།། སེར་སྐྱའི་བུ་མོ་བཟང་མོ་ཡང་སྔ་དྲོ་ཤམ ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་ཐོང་ངོ་།། འགྲེ ་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། ། སྲིང་མོ་ཅོ་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་འམ། དེས་སྨྲས་པ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་སྟེ། མངོན་པར་མི་དགའ་བ་མ ་མཆིས་སོ། ། འོན་ཀྱང་བདག་ནི་ལུག་ཆེན་པོ་དང་འདྲ་བར་གཟུགས་འདིས་གནོད་པ་བྱུང་སྟེ། གང་དང་གང་དུ་མཆི་བ་དེ་དང་དེ་ནས་སྐྱེ་བོ་དག་བདག་ལ་གཡར་མཆིའོ།། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སྨྲས་པ། ་བསོད་སྙོམས་ཀྱིས་ཕྱིར་ཉོན་མོངས་པར་མ་བྱེད་ཅིག། ངས་ཁྱོད་ལ་ཉི་མ་རེ་རེ་ཞིང་རང་གི་བསོད་སྙོམས་ལས་ཕྱེད་ཕྱེད་སྦྱིན་ནོ།། དེ་བསོད་སྙོམས་ལ་བརྒྱུད་ཏེ། ཕྱེད་ནི་བདག་ཉིད་ཀྱིས་སྤྱད། ཕྱེད་ནི་དེ་ལ་བྱིན་ནོ།། དེ་དེ ་ལྟར་ཞུགས་པ་ན་དྲུག་སྡེ་རྣམས་འོད་སྲུངས་ཆེན་པོ་འདི་ཁྱིམ་པར་གྱུར་པ་ན། བཟང་མོ་འདི་དང་ལྷན་ཅིག་ཁྱིམ་གཅིག་ན་ལོ་བཅུ་གཉིས་འདུག་ཀྱང་ལན་འགའ་ཡང་ཀུན་ཏུ་ཆགས་པའི་སེམས་ཀྱང་མ་བསྐྱེད་དོ་ཞེས་ཐོས ་ན། ད་ལྟར་ནི་དེ་ལ་བསོད་སྙོམས་ཕྱེད་སྦྱིན་པར་བྱེད་དོ་ཞེས་འཕྱ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས། སེར་སྐྱའི་བུ་མོ་བཟང་མོ་ལ་ཡིད་ལ་བྱ་བ་བསྒོ་བ་དང་། དེས་བརྩོན་པ་དང་། འབད ་པ་དང་། བརྩལ་བར་བྱས་པས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་མ་ཉིད་མངོན་སུམ་དུ་བྱས་སོ།། རེ་ཞིག་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་དགེ་སློང་དག་འཕྱ་བར་ཐོས་སོ།། ་ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ། ངས་བྱས་ཟིན་ལ། རི་དགས་ཀྱིས་རི་དགས་མི་སོས་ཀྱིས ་ནི་རང་གི་སྤྱོད་ཡུལ་སངས་རྒྱས་ཀྱིས་གནང་བ། ཕའི་ཡུལ་དུ་སྤུངས་པའི་ཡོན་ཏན་བསོད་སྙོམས་རྗེས་སུ་སྤེལ་ཅིག་ཅེས། དེ་སྐད་རྗེས་སུ་བསྟན་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བཏང་སྙོམས ་སྒོམ་པར་བྱེད་དོ། ། དེའི་ཚེ་མ་སྐྱེས་དགྲས་མི་དགེ་པའི་གྲོགས་རྒྱ་སྦྱིན་ལ་བརྟེན་ནས། ཕ་ཚེས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་སྲོག་དང་ཕྲལ་ཏེ། ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་བའི་ཕྱིར་འདུག་གོ། ་འདུག་མ་ཐག་ཏུ་ཡིད་ལ་གཙིགས་པར་གྱུར་ནས། དེ་ཡང་མྱ་ངན་གྱིས་ཁང་པར་ཞུགས་སོ།། དེའི་མྱ་ངན་ཐབས་དུ་མས་ཀྱང་བསང་བར་མ་ནུས་ནས། བློན་པོ་རྣམས་ཀྱིས་བསམས་པ། ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། ཤིང་འཛེགས་མཁན་དང་། རོལ་མོ་མཁན་གྱིས་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་བསྡུ་བར ་བྱའོ་སྙམས་ནས། དེ་རྣམས་ཀྱིས་དེ་བཞིན་བྱས་སོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མདུན་དུ་རོལ་མོ་མཁན་གྱི་ཁྱད་པར་དུ་མས་པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། འཁར་རྔ་དང་། ་ལྕགས་ཀྱིས་སིལ་ཁྲོལ་དང་། སྒྲ་སྙན་ལ་སོགས་པ་རོལ་མོའི་སྒྲ་དག་བྱེད། གླུ་དག་ལེན། གར་དག་བྱེད། རྒྱུག་པར་བྱེད། མཆོང་བར་བྱེད་དོ།། དེ་ལྟར་བྱས་ཀྱང་རྒྱལ་པོ་མ་སྐྱེས་དགྲའི་མྱ་ངན ་@བསང་བར་མ་ནུས་ས། ། དེ་ནས་དུས་གཞན་ཞིག་ན་སེར་སྐྱའི་བུ་མོ་བཟང་མོ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་། ལྷུང་བཟེད་ཐོགས་ཏེ། སྤྱོད་ལམ་ཀུན་ནས་མཛེས་པས་རྒྱལ ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། ། བློན་པོ་ངན་སེམས་ཅན་ཞིག་གིས་སེར་སྐྱའི་བུ་མོ་བཟང་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ལུས་གསེར་གྱི་ཁ་དོག་པས་ཀྱང་ལྷག་མཐོང་ངོ་།། ་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདིས་རྒྱལ་པོའི་མྱ་ངན་སེལ་བར་བྱེད་དེ་སྙམ་དུ་བསམས་ནས། བློན་པོ་དེས་སེར་སྐྱའི་བུ་མོ་བཟང་མོ་བཟུང་ཏེ། རྒྱལ་པོ་ལ་འོས་པའི་ཁྲུས་རྣམས ་ཀྱིས་ཁྲུས་བྱས་ནས། རྒྱལ་པོ་ལ་འོས་པའི་སྤོས་དང་། མེ་ཏོག་འཕྲེང་བ་དང་། གོས་དང་། རྒྱན་གྱི་ཁྱད་པར་རྣམས་ཀྱིས་བརྒྱན་ནས། རྒྱལ་པོ་མ་སྐྱེས་དགྲལ་ཕུལ་ལོ།། དེ་ནས ་སེར་སྐྱའི་བུ་མོ་བཟང་མོས་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བར་ངེས་པ། འོད་པ་བཞིན་དུ་རྣམ་པར་གནས་ཏེ། དཔེར་ན་རི་དགྲ་གམ། རེའི་རྩེ་མོ་དག་གི་གྲིབ་མ་ས ་ལ་བབས་ཤིང་མངོན་པར་འབབས་པ་དེ་བཞིན་དུ། སེར་སྐྱའི་བུ་མོ་བཟང་མོ་ལ་ཡང་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ་མྱོང་བར་འགྱུར་བར་ངེས་པ། འོད་པ་བཞིན ་དུ་རྣམ་པར་གནས་པ་ཡིན་པས། རེ་ཞིག་ན་རྒྱལ་པོ་མ་སྐྱེས་དགྲས་སེར་སྐྱའི་བུ་མོ་བཟང་མོ་མཐོང་མ་ཐག་ཏུ་ཆགས་ནས། དེ་དང་ལྡན་ཅིག་དགའ་བ་ཉམས་སུ་མྱོང་བ་བརྩམས་སོ།། དེ་ནས ་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དྲིས་ན། སེར་སྐྱའི་བུ་མོ་བཟང་མོ་ཚོགས་ཀྱི་ནང་ན་མི་སྣང་ངོ་།། དེ་ནས་སྐྱེས་དགུའི་བདག་མོ་ཆེན་མོས་བསམས་ན། རེ་ཞིག་ན་སེར་སྐྱའི་བུ་མོ་སྟོབས་སུ་ཆུད། ཉམ་ང་བར་གྱུར ་བ་མཐོང་ངོ་། ། སྟོབས་སུ་ཆུད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར་པར་རིག་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས། ཨུཏྤ་ལའི་དྲོག་ལ་སྨྲས་པ། ཕུ་ནུ་མོ་སེར་སྐྱའི་བུ་མོ་བཟང་མ་ལ་སོམས ་ཤིག། དེ་ནས་ཨུཏྤ་ལའི་མདོག་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་རྫུ་འཕྲུལ་གྱིས་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་།། དེ་ནས་ཨུཏྤ་ལའི་མདོག་སྐར་ཁུང་གི་བུ་གནས་ཞུགས་ནས།། སེར་སྐྱའི་བུ་མོ་བཟང་མོ་ལ ་འདི་སྐད་ཅེས་སྨྲས་སོ། ། ཕུ་ནུ་མོ་ཁྱོད་ཀྱིས་ཐོག་མ་མེད་པའི་དུས་ནས་གོམས་པ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་དྲལ། སྤངས། བསལ། ཡོངས་སུ་བཏང་ན། ཅིའི་ཕྱིར་ཁྱེད་ཀྱིས་རྫུ་འཕྲུལ ་རོ་དང་འདྲ་བ་མུ་སྟེགས་པ་ཐམས་ཅད་དང་། ཐུན་མོང་བའང་མངོན་སུམ་དུ་མ་བྱས། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས། ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་རྫ ་འཕྲུལ་གྱི་སམ་མི་ཤེས་སོ། ། དེ་ནས་ཨུཏྤ་ལའི་མདོག་གིས་སེར་སྐྱའི་བུ་མོ་བཟང་མོ་ལ་རྫུ་འཕྲུལ་གྱི་ལམ་བསྟན་ཏོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་འཇིག་རྟེན་པའི་ལམ་གྱིས་བསམ་གཏན་བཞི་ལ་རྟེན་ཏེ ་རྫུ་འཕྲུལ་མངོན་པར་བསྒྲུབས་སོ། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ་།། དགེ་སློང་མ་བཅུ་གཉིས་སྡེ་ས་སེར་སྐྱའི་བུ་མོ་བཟང ་མོ་རྒྱན་ཐམས་ཅན་གྱིས་བརྒྱན་པ་མཐོང་ངོ་། ། མཐོང་ནས་ཀྱང་སྐྱེ་དགུའི་དག་མོ་ཆེན་མོ་གོརུ་ཏ་མི་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག། ་གསོ་སྦྱོང་ཉམས་སུ་མྱོང་བར་མི་བགྱིད་དོ།། དེ་ནས་སྐྱེ་དགུའི་དྲག་མོ་ཆེན་མོ་གོའུ་ཏ་མིས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱེད་སོང་ལ་རྒྱལ་པོའི་གན་དུ་སོང་སྟེ། གོས་དང་རྒྱན ་སླར་བྱིན་ལ། རྒྱལ་པོས་གནང་བར་བགྱིད་ཏེ། གོས་ངུར་སྨྲིག་སྣརོན་ལ། སླར་བདག་ཅག་གི་དྲུང་དུ་ཤོག་ཅིག། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། སྐྱེ་དགུའི་བདག་མེ་ཆེན་མོ་གོའུ་ཏ་མོའི་ཚིག་མཉན ་ནས། རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་།། དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་སད་ནས། སེར་སྐྱའི་བུ་མོ་མཐོང་སྟེ་འཁྱུད་པར་བརྩམས་སོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སྟེང་གི་ནམ་མཁའ ་ལ་མངོན་པར་འཕགས་སོ། ། དེ་ནས་རྒྱལ་པོ་མ་སྐྱེས་དགྲས། སེར་སྐྱའི་བུ་མོ་བཟང་མོ་ངང་པའི་རྒྱལ་པོ་འོདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་པ་མཐོང་ངོ་།། མཐོང་ནས་འཇིགས་པ ་སྐྲག་ལ། ཡིད་བྱུང་སྟེ། སྤྱི་བུང་ཞེས་བྱེད་ནས་བསམས་པ། ཅི་རེ་ཞིག་ལྷ་མོ་ཡིན་ནམ། འོན་ཏེ་ཀླུ་མོ་འམ། དྲི་ཟ་མོ་འམ། གནོད་སྦྱིན་མོ་འམ། སྲིན་མོ་ཡིན་སྙམ་དུ་སེམས་ཏེ། ཚིགས་སུ་བཅད ་བ་ཡང་སྨྲས་པ། ཁྱོད་ཅི་ལྷ་མོ་འམ་ཀླུ་མོ་འམ།། གནོད་སྦྱིན་སྲིན་མོ་དྲ་ཟེ་མོ།། བུད་མེད་འདྲེ་མོ་འམ་ཅི་ཡིན་པ།། དྲིས་པ་དེ་ནི་བདག་ལ་གསུངས།། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་པོས། རྒྱལ ་བོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། ། བདག་ནི་ལྷ་མོ་ཀླུ་མོ་མིན།། དྲི་ཟ་གནོད་སྦྱིན་སྲིན་མོ་མིན།། མི་དབང་བདག་ནི་བདེ་གཤེགས་ཀྱི།། བྱ་བ་བྱས་པ་ཉན་ཐོས་མའོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས ་ཚིག་དེ་བྲོས་ནས་རི་དགས་དང་འདྲ་བར་ཟུག་རྔུ་གཉིས་པས་གནད་དུ་བསྣུན་ནས། ཀྱི་ཧུད་ཀྱེ་མ་ཨ་ལ་ལ་སྡིག་པ་ཆེན་པོ་བྱས་སོ་སྙམ་ནས། ཚིགས་སུ་བཅད་པ་ཡང་སྨྲས་པ། བདག་ནི་རྒྱ་མཚོའི་ཕ་མཐའ ་འདྲ་བ་ཡི། ། སྡུག་བསྔལ་གཅིག་མཐར་རེ་ཞིག་མི་ཕྱིན་ན།། ད་ནི་གཉིས་པ་ཉེ་བར་གནས་གྱུར་ཏེ།། གླགས་པ་ཡོན་པས་བདག་ལ་གནོད་མང་འབྱུང་།། དེ་ལྟར་སེམས་པ་ལས་རྒྱལ་ནས་སའི་སྟེང་དུ ་འགྱེལ་བ་ལས། རེ་ཞིག་ན་ཆུས་གཏོར་ནས་བསླང་ངོ་།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རང་གི་སེམས་རྙེད་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐོད་ཅེས་སྨྲས་སོ།། ཀྱེ་མ་ཧལ་ལ་བདག་ནི་སྨས ་ཤིང་སྣད་པས་འཁོར་བར་འཁོར་བ་ན་ཤིན་ཏུ་སྨྲས་པར་གྱུར་ན་མི་རུང་བས། འཕགས་མ་མར་གཤེགས་མར་གཤེགས། ཉེས་པར་སྤྱོད་པའི་འདམ་གྱི་ཆུ་བོར་བྱིང་བ་བདག་གི་སུག་པ་ནས་དྲང་དུ་གསོལ། ་དེ་ནས་སེར་སྐྱའི་བུ་མོ་བཟང་མོས། དེ་རྗེས་སུ་གཟུང་བའི་ཕྱིར་བབས་སོ།། བབས་ནས་སྟན་བཤམས་པ་ལ་འདུག་གོ། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྗོན་ཤིང་རྩ་བ་ནས་བཅད་པ་བཞིན་དུ་སེར་སྐྱའི་བུ་མོ་བཟང ་མོའི་རྐང་པ་གཉིས་ལ་གཏུགས་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གདུལ་བ་རྣམས་ལ་བཟོད་པ་མཛད་དུ་གསོལ། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས ་@སོ། ། རྒྱལ་པོ་ཆེན་པོ་བདག་བཟོད་དོ།། རེ་ཞིག་ན་སེར་སྐྱའི་བུ་མོ་བཟང་མོས་གོས་དང་རྒྱན་རྣམས་རྒྱལ་པོ་ལ་བྱིན་ནོ།། རྒྱལ་པོས་ཀྱང་གོས་ངུར་སྨྲིག་དག་སེར་སྐྱའི་བུ་མོ་བཟང་མོ ་ལ་བྱིན་ནས། རྐང་པ་གཉིས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ།། འཕགས་མཔྱོད་ལ་ཇི་སྲིད་འཚོའི་བར་དུ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དོང་། ནད་ཀྱི་གསོས ་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟབས་པར་བགྱིའོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་ཕལ་ཆེར་བདག་གི་ལས་ཀྱིས་ཉེས་པ་ལགས་ཀྱི། ཁྱོད ་ཀྱི་ཉེས་པ་ནི་མ་ཡིན་ནོ། ། ཅིའི་སླད་དུ་ཞེ་ན། ལྷ་བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི།། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། བར་སྣང་ལ་མེད་རྒྱ་མཚོའི་ནང་ན ་མེད། ། རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མེད། ཅེས་གསུངས་སོ།། ལྷ་གཞན་ཡང་། ཇི་ལྟར་གྲིབ་མ་མི་ཡི་རྗེ་འབྲང་བ།། འདུག་ན་འདུག་ལ་འགྲོ་ན་འགུལ་བལྟར།། དེ་བཞིན་དགེ་དང་མི ་དགེ་གྲིབ་མ་ལྟར། ། སངས་རྒྱས་སྨྲ་བའི་བླ་ན་མེད་པ་གསུང་།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། རྒྱལ་པོ་མ་སྐྱེས་དགྲལ་ཚིག་སྙིང་སྡུད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག ་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དཀའ་བར་བྱས་ནས། སྟེང་གི་ནམ་མཁའ་ལ་མངོན་དུ་འཕགས་ཏེ། སླར་ཡང་དགེ་སློང ་མའི་དབྱར་ཁང་དུ་སོང་ངོ་། ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་བདག་ཅག་ནི་དགེ་སློང་མ་ཉམས་པ་དང་ལྷན་ཅིག་གསོ་སྦྱོང་མི་བྱའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས ་དགེ་སློང་རྣམས་ལ་སྨྲས་སོ། ། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་གཉིས་ཀའི་དགེ་འདུན་གྱིས་དོན་ཤེས་པ་དང་། ངས་བསླབ་པའི ་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་དུ་དགོངས་ནས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་དང་། སྐབས་འདི་ལ་གཉིས་ཀའི་དགེ་འདུན་བསྡུ་བ་མཛད་དེ། སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པ་ཡིན་གྱི། ་དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་བཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས ་ནི་འདི་ལྟ་སྟེ། དོན་དང་ལྡན་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས། སེར་སྐྱའི་བུ་མོ་བཟང་མོ་ལ་རྨས་པ། དགེ་སློང་མ་ཁྱོད་ཀྱིས་དེ་ལྟར་བྱས་པ་བདེན ་ནམ། བཙུན་པ་མེད་དོ།། དགེ་སློང་མ་ཁྱོད་ཀྱིས་བདག་གིར་མ་བྱས་སམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ནི་རང་བཞིན་གྱིས་འདོད་ཆགས་དང་འབྲལ་བ་ལགས་ན། བདག་གིས ་ཅིའི་སླད་དུ་བདག་གིར་བགྱིད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ།། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། གཉིས་ཀའི་དགེ་འདུན་ལ་བཀའ་སྩལ་པ། ་དགེ་སློང་དང་དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལགས་པར་བྱ་བའི་ཕྱིར་དང་། དགེ་འདུན་མཐུན་པར་བྱ་བའི་ཕྱིརང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། ་གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར ་ཞིང་འཕེལ་ལ་རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློགས་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པར་རྗེས་སུ་གཟུང ་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་མཐུན་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ཡངས་པར་གྱུར་པ། སྐྱེ་བོ་མང་པོ་ལ་ཕན་པ། ལྔ་དང ་མའོ་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ། ཡུན་རིང་དུ་གནས་པར་འགྱུར་བ་ལ་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ།། ངའི་ཉན་ཐོས ་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་ཞིང་། བསླབ ་བ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་མ་དེ་ཕས་ཕམ་པར་གྱུར་པ ་ཡིན་པས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་རྣམ་པ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་བའི ་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མའོ།། དེ་ལ་མིང་གི་དགེ་སློང་མ་གང་ཞེ་ན། གང་གི་མིང་དང་། མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་།། ཚིག་བླ ་དགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་། ཐ་སྙད་ཀྱིས་དགེ་སློང་མ་ཞེ་འམ། དགེ་སློང་མའི་རིགས་ཤེས་འམ། དགེ་སློང་མ་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང ་གི་དགེ་སློང་མ་ཞེས་བྱའོ། ། ཁས་འཆེ་བའི་དགེ་སློང་མ་གང་ཞེ་ན། གང་དགེ་སློང་མ་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་མའོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་། ཡང་དགེ་སློང ་མ་ཡིན་ནོ་ཞེས་བདག་ཉིད་དགེ་སློང་མར་ཁས་འཆེ་བའི་དགེ་སློང་མ་ཞེས་བྱའོ། ། སློང་བའི་ཕྱིར་དགེ་སློང་མ་གང་ཞེས་ན། གང་ཆོས་དང་ལྡན་པས་སློང་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་ཕྱིར་དགེ་སློང་མ ་ཞེས་བྱའོ། ། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་གང་ཞེ་ན། གང་གི་ཟག་པ་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། ་རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩ་བ་ནས་བཅད་པ་དང་། ཤིང་ཏ་ལའི ་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལོ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱའོ།། དོན་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་ཐོས ་བས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་མོར་དགོངས་ཏེ། དེས་ན་ཡང་དགེ་སློང་མ་ཞེས་གསུངས་སོ།། དགེ་སློང་མ་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི། དེ་ལས་གཞན་པའི་ཆོས་མཐུན་པ་ཚངས ་བཚུངས་པར་སྤྱོད་པ་རྣམས་དང་ངོ་། ། བསླབ་པ་མཚུངས་པར་ཞེས་བྱ་བ་ནི། བསླབ་པ་གང་ལ་བསྙེན་པར་རྫོགས་ནས་ལོབ་ཏུ་ལོ་གེ་སློང་མས་བསླབ་པར་བྱ་བ་དེ་ལ། དེང་བསྙེན་པར་རྫོགས་པས ་དང་། དེང་བསྙེན་པར་རྫོགས་པའི་གང་ཡིན་པ་དེ་ལ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ངོ་ཞེས། འདི་ལ་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། ་སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དེ་ནི་བསླབ་པ་མཚུངས་པ་ཞེས་བྱ་སྟེ། དེས་ན་བསླབ་པ་མཚུངས་པ་ནས་གསུངས་སོ།། གྱུར་པས་ཞེས་བྱ་བ་ནི་སོང་བས་སོ།། བསྐམ ་བ་མ་ཕུལ་ཞེས་བྱ་བ་ལ། ཇི་ཙམ་གྱིས་ན་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད་པར ་བྱའོ། ། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པས་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། ཁྲོས་པའམ་ཁྲོ་བའི་ཟིལ་གྱིས་ནོན་པའི་དྲུག་དུ་བསླབ་པ ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། དགེ་སློང་མ་གླེན་མའི་དྲུང་དུ་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། གླེན་མ་ཇི་ལྟ་བ་བཞིན་དུ་ལྐུག་པ་འམ། འོན་མ་དང་། གཉིད་ཀྱིས ་ལོག་པ་དང་། སྙོམས་པར་ཞུགས་པ་དང་། ལྷའི་གཟུགས་བརྙན་དང་། སངས་རྒྱས་ཀྱིས་གཟུགས་བརྙན་དང་། མི་མ་ཡིན་པ་དང་། སྤྲུལ་པ་དང་། དུད་འགྲོར་གྱུར་པའི་དྲུང་དུ་བསླབ་པ་འབུལ་ན། ་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། དབུས་པ་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་བསླབ་པར་འབུལ་བར་བྱེད་ལ། དབུས་པས་གལ་ཏེ་མཐའ་འབ་པའི་ཚིག་སྤྲས་པ་དེ་མ་ཤེས་ན། བསླབ་པ་མ་ཕུལ་བར ་བརྗོད་པར་བྱའོ། ། དེ་བཞིན་དུ་མཐའ་འཁོབ་པ་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་མཐའ་འཁོབ་པས་དབུས་པའི་ཚིག་དེ་མ་ཤེས་ན། བསླབ་པ་མ་ཕུལ་བར་བརྗོད ་པར་བྱའོ། ། མཐའ་འཁོབ་པ་མཐའ་འཁོད་པའི་ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ།། གལ་ཏེ་དབུས་པས་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན། བསླབ་པ་མ་ཕུལ་བར་བརྗོད ་པར་བྱའོ། ། དབུས་པ་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འདུལ་བར་བྱེད་ལ།། གལ་ཏེ་མཐའ་འཁོབ་པས་དབུས་པའི་ཚིག་སྨྲས་པ་དེ་མ་ཤེས་ན། བསླབ་པ་ཕུལ་བར ་བརྗོད་པར་བྱའོ། ། དབེན་པར་མི་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། མི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད ་པར་བྱའོ། ། ཅ་ཅོ་ཅན་གྱིས་ཅ་ཅོ་ཅན་ལ་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། བསླབ་པ་འབུལ་བར་འདོད་པས་དགེ་སློང་མ་རྣལ་མར་གནས་པ་འགའ་ལ་ཡང་ཤེས་པར་མི་བྱེད་པར་བསླབ་པ ་འབུལ་བར་བྱེད་ན། བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་གྲག་སྟེ། འདི་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ།། ། བམ་པོ་གསུམ་པ། བསླབ་པ་ཉམས ་པར་མ་བྱས་པ་ཞེས་བྱ་བ་ལ། བསླབ་པ་ཉམས་པར་བྱས་ལ། བསླབ་པ་མ་ཕུལ་བ་ཡང་ཡོད་དོ།། བསླབ་པ་ཉམས་པར་མ་བྱས་ལ། བསླབ་པ་ཕུལ་ཡང་ཡོད། བསླབ་པ་ཉམས་པར་ཡང་བྱས་ལ། བསླབ ་བ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་མ་བྱས་ལ། བསླབ་པ་མ་ཕུལ་བ་ཡང་ཡོད་དོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་བྱས་ལ། བསླབ་པ་ཕུལ་བ་མ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ ་ཕྲད་པར་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་འམ། མུས་བྱུང་བ་འམ་ཐེ་ཚོམ་ཟ་བ་འམ། སློང ་པ་དེ་དགེ་སློང་མའི་དྲུག་དུ་ཉེ་བར་འོངས་ནས། འདི་སྐད་ཅེས་འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་དཀའའོ།། རབ་ཏུ་དབེན་པར་བྱ་དཀའའོ།། གཅིག་པུ་ཉིད་ལ་མངོན་པར་དགའ་བ་དཀའ་འོ།། གནས་མལ ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་པར་ཁོང་དུ་ཆུད་པར་དཀའ་འོ།། བདག་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་དགའ་བ་དང་རྩེད་མོ་རྣམས་དང་བྲལ་བ་བྱས་པར་འགྱུར་རོ།། ་བདག་ཇི་སྲིད་འཚོའི་བར་དུ་རྩཝ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་གཞན་གྱི་ཁྱིམ་དུ་གཞན་གྱི་ངོར་བལྟ་དགོས་པར་འགྱུར་རོ།། བདག་ཇི་སྲིད ་འཚོའི་བར་དུ་འདི་ལྟར་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་གཞན་དག་ལས་ཚོལ་ཁྲོ་བྱ་དགོས་སོ།། མ་དྲན་ནོ།། ཕ་དང་། མིང་པོ་དང་། པུ་ནུ ་མོ་དྲན་ནོ། ། བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཅེས་ཟེར་ཞིང་། དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག ་གི་ལམ་དང་། སྨྲ་བའི་ཚིག་དང་། ངག་གིས་ལས་དང་། ངག་གི་རྣམ་པར་རིག་བྱེད་དག་སྨྲས་ཞིང་། འདི་སྐད་ཅེས་བདག་བསླབ་པ་ནི་གཏོང་ངོ་ཞེས་མི་སྨྲ་བ་འདི་ནི། བསླབ་པ་ཉམས་པར་བྱས་ལ། བསླབ ་བ་མ་ཕུལ་བ་ཡིན་ནོ། ། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ལ། བསླབ་པ་ཕུལ་བ་ཡིན་ཞེས་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་འདོད་པ་དང་། མངོན་པར་མི་དགའ་བ་དང་། རྣམ་པར ་འབུམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་རྒྱལ་གྱིས་སྒྱིད་ལུག་པའམ། སུས་བྱུང་བ་འམ། ཐེ་ཚོམ་ཟ་བའམ། སྨོད་པ་དེ་དགེ་སློང་མའི་དྲང་དུ ་ཉེ་བར་འོངས་ནས། འདི་སྐད་ཅེས་འཕགས་མ་དོག་དགོངས་སུ་གསོལ། བདག་མིང་འདི་ཞེས་གྱི་བ། འདི་ལྟར་དགེ་སློང་མའི་བསླབ་པའི་བུལ་ལེ་ཞེས་ཟེར་ན། བསླབ་པ་ཕུལ་བར་བརྗོད་པར་བྱའོ།། སངས ་རྒྱས་གཏོང་ངོ་། ། ཆོས་གཏོང་ངོ་།། དགེ་འདུན་གཏོང་ངོ་།། མཁན་པོ་དང་། སློབ་དཔོན་གཏོང་ངོ་ཞེས་ཟེར་ཞིང་། ཐ་ན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ། བདག་ཁྱིམ་པ་མོར་གཟུང་དུ ་གསོལ། བདག་ཟ་མ་དང་། མ་ནིང་དང་། དགེ་སློང་སུན་ཕྱུང་བར་གཟུང་དུ་གསོལ། མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱིས་དབྱེན་བྱས་པ་དང་། དེ་བཞིན ་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་འམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་ཟེར་བ་འམ། འདི་སྐད་ཅེས་བདག་ཁྱེད་ལྟ་བུ་ཆོས་མཐུན་པ་ཚངས ་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ཞིང་། དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། སྨྲ་བའི་ཚིག་དང་། ངག་གིས ་ལས་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་འདིས་སྐད་ཅེས་བདག་བསླབ་པ་གཏོང་ངོ་ཞེས་སྨྲ་ན། བསླབ་པ་ཕུལ་བར་བརྗོད་པར་བྱ་སྟེ། འདི་ནི་བསླབ་པ་ཉམས་པར་མ་བྱས་ལ། བསླབ་པ་བྲལ་བ་ཡིན་ནོ།། ཇི་ཙམ ་གྱིས་ན་བསླབ་པ་ཉམས་པར་བྱས་ལ། བསླབ་པ་ཕུལ་བ་ཡང་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད་པ་འམ།། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པ་འམ། ་དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་འམ།། མུས་བྱུང་བ་འམ། ཐེ་ཚོམ་ཟ་བ་འམ། སྨོད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས། འདི་སྐད་ཅེས་འཕགས་མ་དག་ཚངས་པར་སྤྱོད་པ་སྤྲོད་དཀའ་འོ།། རབ་ཏུ་དབེན ་པར་བྱ་དཀའ་འོ། ། བདག་ཉིད་གཅིག་པུ་ལ་མངོན་པར་དགའ་བ་དཀའ་འོ།། གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའ་འོ།། བདག་ཇི་སྲིད་འཚོའི་བར་དུ་མི ་རྣམས་ཀྱིས་དགའ་བ་དང་། རྩེད་མོ་རྣམས་དང་། བྲལ་བ་བྱས་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་རྩཝ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་གཞན ་གྱི་ཁྱིམ་དུ་གཞན་གྱི་ངོར་བལྟ་དགོས་པར་འགྱུར་རོ། ། བདག་ཇི་སྲིད་འཚོའི་བར་འདི་ལྟར་གཞན་ལས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གེ་སོང་སྨན་དང་། ཡོ་བྱད་དག་ཆོལ་ཁྲོ་བྱ ་དགོས་སོ། ། མ་དྲན་ནོ།། ཕ་དང་། མིང་པོ་དང་། ཕུ་ནུ་མོ་དྲན་ནོ།། བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཅེས་ཟེར་ཞིང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་མིང་འདི་ཞེས ་བགྱི་བ། འདི་ལྟར་བསླབ་པ་འབུལ་ལོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་གཏོང་ངོ་ཞེས་སྨྲ་བ་དང་། ཐ་ན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ ་གསོལ། བདག་ཁྱིམ་པ་མོར་གཟུང་དུ་གསོལ། བདག་ཟ་མ་དང་། མ་ནིང་དང་། དགེ་སློང་སུན་ཕྱུང་བར་གཟུང་དུ་གསོལ། མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་ཐ་དད་པར་གནས་པ་དང་། གནས་པར་བྱ་བ་མ་ཡིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས ་པ་ཡིན་ནོ་ཞེས་ཟེར་བ་འམ། འདི་སྐད་ཅེས་བདག་བྱེད་ལྟ་བུ་ཆོས་དང་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ཞིང་། འདི་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་ཞེས་བྱ་བ་མུ་དང ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། ། དེ་ལྟར་ཕྱོགས་གཉིས་ཀའི་ཚིག་སྨྲ་བ་འདི་ནི་བསླབ་པ་ཉམས་པར་བྱས་པ་ཡང་ཡིན་ལ། བསླབ་པ་ཕུལ་བ་ཡང་ཡིན་ནོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ ་བྱས་ཤིང་། བསླབ་པ་མ་ཕུལ་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པ་ནི་བསླབ་པ་ཉམས་པར་མ་བྱས་ལ། བསླབ་པ་མ་ཕུལ་བ་ཡིན་ནོ།། མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས ་སྤྲོསྤྱོད་པའོ། ། འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་ཉིད་འཁྲིག་པ་ཡང་ཡིན་ནོ།། ཆོས་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱིས་སྒྲར་གསུངས་པའོ།། བསྟེན་ན་ཞེས་བྱ་བ་ནི་ལྷག ་བར་སྤྱད་ནའོ། ། ཐན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་རིམ་དང་སྤྲེའུལ་སོགས་པ་དང་ལྷན་ཅིག་ཏུའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པ་ཡོན ་པར་གྱུར་པའོ། ། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱིས་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད ་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་འབྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། གང་ཟག་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི ་ཟློག་པ་དང་། ཕྱིར་མི་ལྡོག་པ་དང་། ཕྱིར་མི་འགོག་པ་ཉིད་དང་། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་བརྗོད་པ་དང་། ངག་གི་ལས ་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ།། འདི་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ།། ཕས་ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི། དེ་ཐ་མ་དང་། ལྟུང་བ ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པའོ།། ཡང་གང་གིས་ལྟུང་བ་དེ་བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུརདགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི ་སྲས་སུ་མི་རུང་། དགེ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པ་ཡིན། ཉམས་པ། བཅོམ་པ། ལྟུང་བ། ཕས་ཕམ་པར་གྱུར་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར ་བསླང་དུ་མེད་པར་འགྱུར་རོ། ། འདི་ལྟ་སྟེ། དཔེར་མ་ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བདེ་བཞིན་དུ། དགེ་སློང་མས ་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། གནས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་དེ་དང་། གསོ་སྦྱོང་དང་། དག ་དབྱེ་དང་། གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་། བཞིའི་ལས་ཉམས་སུ་མྱོང་བར་མི་བྱ་ཞིང་། གང་ཟག་བཅུ་གཉིས་པོ་དག་ཏུ་བསྐོ་བས་བསྐོར་བར་མི་བྱ་བ་སྟེ། དེས་ན་གནས་པར་མི ་བྱའོ་ཞེས་གསུངས་སོ། ། ། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། འབའ་ཞིག་དང་ནི་གནས་གསུམ་གྱིས།། མི་ལ་སོགས་དང་ལྷན་ཅིག་དང་།། སྟེན་ལ་གཞོལ་དང་རྩོལ་བ་དང་།། མྱོས་པར་བྱས ་དང་མཐུས་འཛིན་པའོ། ། དགེ་སློང་མས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་བས་ཕམ་པར་འགྱུར་རོ།། ཡང་དགེ་སློང་མ་གང་ཞིག། མི་དང་གནས་གསུམ་གྱིས་མི་ཚངས་པར ་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཕས་ཕམ་པར་འགྱུར་ཏེ། ཁ་འམ། བཤང་བའི་ལམ་མམ། མོ་མཚན་དུ་བཅུག་ན། དགེ་སློང་མ་དེ་ཕས་ཕམ་པར་གྱུར་པ་ཡིན་པས། གནས་པར་མི་བྱའོ།། རྫི ་ལྟར་མི་དང་ལྷན་ཅིག་གནས་གསུམ་གྱིས་སྟེན་པར་བྱེད་པ་དེ་བཞིན་དུ་མི་མ་ཡིན་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཏུ་བསྟེན་ན་ཡང་ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ།། ཡང་དགེ་སློང་མ ་གང་ཞིག་སེམས་བསྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་སྟེན་པ་ལ་བབ་པར་གྱུར་པས་མོ་མཚན་བར་ཆད་དང་བཅས་པ་བར་ཆད་དང་བཅས་པ་དང་། བར་ཆད་དང་བཅས་པས་བར་ཆད་མེད་པ་དང ་བར་ཆད་མེད་པས་བར་ཆད་དང་བཅས་པ་དང་། བར་ཆད་མེད་པས་བར་ཆད་མེད་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ།། དེ་ལྟར་འདིར་དགེ་སློང་གི་ཕས ་བམ་པ་དང་པོའི་དངོས་པོ་ཇི་ལྟ་བ་བཞིན་དུ། དགེ་སློང་མ་ཞེས་བརྗེབ་བྱས་ཏེ། འདིར་རྒྱས་པར་བརྗོད་པར་བྱའོ།། བདག་གིས་ནི་ཧ་ཅང་སྤྲོད་པས་འཇིགས་པའི་ཕྱིར་མ་བྲིས་སོ།། ཕས་ཕམ་པར་འགྱུར་བ ་དང་པོ་མདོར་བསྡུས་པ་རྫོགས་ཏེ། རྒྱས་པར་ནི་དགེ་སློང་གི་སོ་སོར་ཐར་པ་དང་རྣམ་པར་འབྱེད་པ་བཞིན་ནོ།། ། སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་གནས་ན་བཞུགས་སོ།། ་དེའི་ཚེ་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་གནས་སོ།། དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་དུ་ཞུགས་པ་དང་། རྒྱལ་པོའི་ཁབ་ཀྱིས་མི་ལ་བ ་ཡང་རྫི་དང་། ཕྱུགས་རྫི་དག་དང་། རྩཝ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་གིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས ་ཏེ། རྩཝ་དང་ཤིང་ཐམས་ཅད་ཀྱང་ཁྱེར་རོ།། དེའི་འོག་ཏུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་པ་དང་ཞེས་བྱ་བ་ནས། དེ་བཞིན་དུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་ལས་གླེངས་ནས་མ་ཤ་ཀ་ལྔ་འམ། མ ་ཤ་ཀ་ལྔ་ལས་ལྷག་པ་ཞེས་བྱ་བའི་བར་དུའོ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉིས་ཀའི་དགེ་འདུན་བསྡུ ་མ་མཛད་ན་ཞེས་བྱ་བ་ནས། གཉིས་ཀའི་དགེ་འདུན་གྱིས་ཤེས་པ་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བ་ཞེས་བྱ་བའི་བར་དུའོ། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པ་མ་ཡིན་ཞེས་བྱ་བའི་བར་དུ། ཕས་ཕམ་པ་དང་པོ་སྔ་མ་ལྟ་བ་བཞིན་དུ་ཐམས ་ཅད་བརྗོད་པར་བྱའོ། ། དེ་བཞིན་དུ་ཕན་ཡོན་བཅུ་ཞེས་བྱ་བའི་བར་དུ། ཕས་ཕམ་པ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་གཞན་དག་གི་གྲོང་ན་འདུག ་པ་འམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་རྣམ་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོ་འམ། བློན་པོ་ཆེན་པོས་བཟུང་ནས།། དེ་ལ་འདི་སྐད ་ཅེས་ཀྱེ་དགེ་སློང་མ་ཁྱོད་ནི་རྐུན་མའོ། ། བྱིས་པའོ།། བླུན་པའོ།། རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་མ་དེ་དེ་ལྟར་མ་བྱིན་པར་ལེན་ན། དགེ ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དག ་སློང་མ་དང་། སྤོང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ལས་ཞེས་བྱ་བའི་བར་དུ། བས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བརྗེད་པར་བྱའོ།། གཞན་དག་གིས་ཞེས། ་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་དག་གིའོ།། གྲོང་ན་འདུག་པ་འམ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པའོ།། དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་འདུག་པའོ།། མ་བྱིན་པ་ཞེས ་བྱ་བ་ནི་དེ་ལ་སྐྱེས་པ་འམ། བུད་མེད་དམ། མ་ནིང་གང་གིས་ཀྱང་མ་བྱིན་པའོ།། རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི། མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོག་པ་ཡང་ཡིན་ནོ།། ་བླངས་ན་ཞེས་བྱ་བ་ནི་ལེན་ནའོ།། ཇི་ཙམ་མ་བྱིན་པར་བླངས་པ་ཞེས་བྱ་བ་ནི་མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷགས་པས་སོ།། དེ་རྒྱལ་པོ་འམ་ཞེས་བྱ་བ་ནི་སྐྱེས་པ་འམ། བུད་མེད་དམ ་མ་ནིང་ཡང་རུང་། རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་དག་ནི་རྒྱལ་པོ་ཡང་ཡིན་ལ། དེ་དག་རྒྱལ་རིགས་ཀྱང་ཡིན། དེ་དག་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ།། ་བློན་པོ་ཆེན་པོས་ཞེས་བྱ་བ་ནི།། དེ་ལས་གཞན་པ་བློན་པོ་དང་། རྩིས་མཁན་དང་། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་དེ་ལ་བརྟེན་ནས་འཚོ་བར་བྱེད ་པ་དག་གིས་སོ། ། བཟུང་ནས་ཞེས་བྱ་བ་ནི་བཟུང་ནས་སོ།། དེ་ལ་འདི་སྐད་ཅེས་ཀྱེ་དགེ་སློང་མ་ཁྱོད་ནི་རྐུན་མའོ།། བྱིས་པའོ།། བླུན་པའོ།། རྐུ་བའོ་ཞེས་བྱ་བ་དེ་དག་ནི་སྤྱོ་བའི་ཚིག་གོ།། ཟེར་ཞིང ་ཞེས་བྱ་བ་ནི་བརྗོད་ཅིང་ངོ་། ། གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ།། འཆིང་ངམ་ཞེས་བྱ་བ་ནི་འཆིང་མ་གསུམ་པོ་ལྕགས་ལས་བྱས་པ་དང་། ཤིང་ལས་བྱས་པ་དང་། རྩཝ་ལས་བྱས ་བདག་གིས་སོ། ། སྤྱུགས་ཀྱང་རུང་ཞེས་བྱ་བ་ནི་ཡུལ་མེད་པར་བྱས་ཀྱང་རུང་སྟེའོ།། དགེ་སློང་མ་གང་ཞེས་བྱ་བ་ནི་གང་ལ་དགེ་སྒྲའི་དངོས་པ་མེད་པའི་ཞེས་བྱ་བ་ནས། དེ་འང ་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཆོག་བླ་དགས་སོ་ཞེས་བྱ་བ་དང་། གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་། བཞིའི་ལས་ཞེས་བྱ་བའི་བར་དུ། བས་ཕམ ་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་བརྗོད་པའོ། ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྤྱི་སྡོམ་ལ། བདག་ཉིད་ས་དང་ནམ་མཁའ་དང་། ས་ཡི་གཅལ་དང་བཞོན་དང་གྲུ། སྟོན་ཀ་འབྱུང་དང་ཆུ ་དང་ནི། ། རྐུ་དང་ས་གཞི་འཆོལ་བ་དང་།། རྐང་མེད་དང་ནི་གདོལ་པ་དང་།། འཕྱང་བར་གྱུར་པ་ཐ་མ་ཡིན།། སྡོམ་ལ། བདག་ཉིད་དང་ནི་མ་བྱིན་དང་། སེམས་དང་ཡོངས་སུ་བཟུང་བ་དང་། ་འདུ་ཤེས་དང་ནི་བཞི་པ་བཞི།། ལྔ་པ་གཉིས་སུ་བྱས་པ་ཡིན། དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་ལེན་ན་ཕས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། བདག ་ཉིད་ཀྱིས་དང་། ཞལ་ཏ་བྱས་པ་དང་། མངགས་པས་སོ།། ཇི་ལྟར་བདག་ཉིད་ཀྱིས་ཤེ་ན། བདག་ཉིད་ཀྱིས་རྐུ་བ་དང་། བདག་ཉིད་ཀྱིས་རྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས ་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་སོ།། ཇི་ལྟར་ཞལ་ཏ་བྱས་པས་ཤེ་ན། ཞལ་ཏ་བྱས་ཏེ་རྐུ་བ་དང་། ཞལ་ཏ་བྱས་ཏེ་རྐུར་འཇུག་པ་དང་། ཞལ་ཏ་བྱས་ཏེ་གནས་ནས་གནས་སུ་སྦེང ་བྱེད་པ་སྟེ། དེ་ལྟར་ན་ཞལ་ཏ་བྱས་པས་སོ།། ཇི་ལྟར་མངགུ་པས་ཤེན། མ་གུ་ནས་རྐུབ་དང་། མངགས་ནས་རྐུར་འཇུག་པ་དང་། མངགས་ནས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་མངགས་པས་སོ།། དགེ་སློང ་མས་རྒྱུ་གསུམ་པོ་དེ་དག་གིས་གཞན་གྱིས་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་ཕས་ཕམ་པར་འགྱུར་རོ། ། གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་དག་གི་ཡོ་བྱད་ལྕི་བ་བླངས་ནས་ཕས་ཕམ་པར་འགྱུར་ཏེ། ་གསུམ་གང་ཞེ་ན། མ་བྱིན་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་པའོ།། ཇི་ལྟར་མ་བྱིན་པ་ཡིན་ཞེ་ན། སྐྱེས་པ་དང་། བུད་མེད་དང་། མ་ནིང་གང་གིས་ཀྱང་མ་བྱིན་པ་སྟེ།། དེ་ལྟ་བུ་ནི་མ ་བྱིན་པ་ཡིན་ནོ། ། ཇི་ལྟར་ན་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ན་ལྕི་བ་ཡིན་ནོ།། ཇི་ལྟར་གནས་ནས་གནས་སུ་སྦེད་པ་ཡིན་ཞེ་ན། གནས་གང་དུ་བཞག་པའི་གནས ་དེ་ནས་སྤོས་ནས། གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟན་གནས་ནས་གནས་སུ་སྦེད་པ་ཡིན་ནོ།། དགེ་སློང་མས་རྒྱུ་དེ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་པས་ཕམ་པའི་ལྟུང་བར་འགྱུར ་རོ། ། གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕིབ་མ་བྱིན་པར་བླངས་ན་པས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། སེམ་པར་བྱེད་པ་དང་། རྩོལ་བར་བྱེད་པ་དང་། གནས་ནིས ་གནས་སུ་སྦེད་པའོ། ། དེ་ལྟར་སྡོམ་གྱི་ཚོགས་སུ་བཅད་པ་རྒྱས་པར་དགེ་སློང་གི་རྣམ་པར་འབྱེད་པ་ལས་ཇི་ལྟར་འབྱུང་བ་དེ་བཞིན་དུ། བརྗོད་པར་བྱ་ཞིང་། དེ་ལས་དགེ་སློང་ཞེས་འབྱུང་བ་ནི། དགེ་སློང་མའི ་རྣམ་པར་འབྱེད་པ་འདིར་དགེ་སློང་མ་ཞེས་པབསྒྱུར་བར་བྱའོ། ། ཕས་ཕམ་པར་གྱུར་པ་གཉིས་པ་རྫོགས་སོ།། ། ཧཱུཾ་སྡོམ་ལ། བྲན་ཅན་དང་ན་རི་དགས་སྷོན། ་བདག་ཉིད་དང་ནི་དུག་དང་ནི།། རོ་ལངས་བསྲོ་གང་ཐ་མ་ཡིན།། ། སྡོམ་ལ། བྲན་ཅན་དང་ནི་སྐྱོང་བ་པ། མཆུ་ཅན་དང་ནི་ཤི་རི་ཀ། ལྷུང་བཟེད་དག་དང་ཆོས་གོས་དང་།། མངལ་ན ་གནས་དང་ཚོང་དཔོན་ནོ། ། སངས་རྒྱས་བཅོམ་ལྡན་འདས་སྤོང་བྱེད་ན། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་སྦྲོན་ཤིང་གི་ཚལ་གསེབ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག། མི་སྡུག་པ་སྟེན་ཅིང་བསྒོམས་ལ་ལེན་མང་དུ་བྱས་ན། འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་བསྟེན་པར་མཛད་ཅིང་། ་མི་སྡུག་པ་བསྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་པས། དགེ་སློང་དག་མི་སྡུག་པ་སྒོམ་པར་བྱེད་དོ།། དགེ་སློང་དག་མི་སྡུག་པ་སྒོམ་པ་ན། ལུས་རུལ་པ་འདིས་སྒྱིད་ལུག་པ་དང་། མུས ་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་པ་ན། མཚོན་ཀྱང་འབྱིན་པར་བྱེད། དུག་ཀྱང་ཟ་བར་བྱེད། ཐག་པས་ཀྱང་འཆིང་བར་བྱེད། གཡང་སར་ཡང་མཆོད་པར་བྱེད་ཅིང་། འདི ་ལྷོར་དགེ་སློང་གིས་ཀྱང་དགེ་སློང་ལ་གསོད་པར་བྱེད་དོ། ། དེ་ནས་དགེ་སློང་ཞིག་ལུས་རུལ་པ་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་ཅིང་རི་དགས་ཟློག་དགེ་སྦྱོང་སྦེད་ག་ལ ་བ་དེར་སོང་སྟེ་ཕྱིན་ནས། རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཚུར་ཤོག། ཁོ་བོ་སྲོག་དང་ཕྲོལ་ཅིག་དང་། ཁོ་བོའི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད ་ཀྱི་ཡིན་པར་འགྱུར་རོ། ། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ཀྱིས། དགེ་སློང་དེ་སྲོག་དང་བྲལ་ནས། རལ་གྲི་ཁྲག་གིས་གོས་པ་ཁྱེར་ཏེ། ཆུ་ཀླུང་ཡིད་འོང་ལྡན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཆུ་ཀླུང་ཡིད ་འོང་ལྡན་གྱི་འགྲམ་དུ་ཙོག་ཙོག་པུར་འདུག་སྟེ། རལ་གྲི་ཁྲག་གིས་གོས་པ་འཁྲུ་བར་བྱེད་དོ།། དེ་ནས་བདུད་ཀྱི་རིས་ཀྱི་ལྷ་ཞིག་ཆུ་ཀླུང་ཡིད་འོང་ལྡན་གྱི་ཆུ་རྒྱུན་གྱི་སྟེང་དུ་འདུག་ནས། རི་དགས་ཟློག་དགེ་སྦྱོང ་སྦེང་ལ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་ལེགས་སོ་ལེགས་སོ།། འདི་ལྟར་ཁྱོད་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ།། ཡོན་ཏན་དང་ལྡན་པ་དག། མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར ་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི། ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་། དེ་དག་གི ་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་བ་འདི་ཡང་། ཁྱོད་ཀྱི་རྙེད་པ་ལྷག་པ་ཡིན་ནོ།། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་འདི་སྙམ་དུ། གང་དག་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོད ་ཏོན་དང་ལྡན་པ་དག། མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོང་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི ་བདེན་ཏེ། བདག་ལ་བསོད་ནམས་མང་དུ་སྐྱེ་ཞིང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་བདག་གིར་འགྱུར་བ་དེ་ཡང་། བདག་གི་རྙེད་པ་ལྷག་པ་ཡིན་ནོ་སྙམ་དུ ་རྒྱ་ཆེར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཐོག་པར་གྱུར་ཏོ། ། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་རལ་གྲི་རྣོན་ཕོ་མཆན་ཁུང་དུ་བཅུག་སྟེ། ཀུན་དགའི་ར་བ་ནས་ཀུན་དགའི་ར་བ་དང་། གཙུག་ལག་ཁང་ནས་གཙུག ་ལག་ཁང་དང་། ཁང་ཁྱིམ་ནས་ཁང་ཁྱིམ་དང་། འཆགས་ནས་འཆགས་དང་། ལམ་གོལ་བར་རྗེས་སུ་རྒྱུ་བ་ན། དགེ་སློང་དེ་དང་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། དགེ་སྦྱོང་ཚུལ་ཁྲིམས་དང ་ལྡན་པ། ཡོན་ཏན་དང་ལྡན་པ། མ་རྒལ་བ་རྒལ་བར་བྱ་བ། མ་གྲོལ་བ་གྲོལ་བར་བྱ་བ། དབུགས་མ་ཕྱིན་པ་དབུགས་འབྱུང་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས ་འདའ་བར་བྱ་བ་གང་ཡིན། ། དེ་ནས་དགེ་སློང་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པ་ན་གནས་ནས་ཕྱིར་བྱུང་སྟེ། རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི ་སྐད་ཅེས་སྨྲས་སོ། ། བཞིན་བཟངས་བདག་མ་རྒལ་བ་ཡིན་གྱིས། སྒྲོལ་ཅིག། བདག་མ་གྲོལ་བ་ཡིན་གྱིས། ཁྲོལ་ཅིག། བདག་དབུགས་མ་ཕྱིན་པ་ཡིན་གྱིས། དབུགས་ཕྱུང་ཞིག། བདག་ཡོངས་སུ་མྱ ་ངན་ལས་མ་འདས་པ་ཡིན་གྱིས། ཡོངས་སུ་མྱ་ངན་ལས་ཟློ་ཞིག། དེ་ནས་རི་དགས་ཟློག་དགེ་སྦྱོང་སྲེད་ཀྱིས་དགེ་སློང་དེ་སྲོག་དང་བྲལ་བར་བྱས་ཏེ། དེ་བཞིན་དུ་གཉིས་དེང་གསུམ་ནས། དགེ་སློང་དྲུག ་ཅུའི་བར་དག་སྲོག་དང་བྲལ་བར་བྱས་སོ། ། དེའི་ཚེ་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྡོར་གྱུར་ཅིང་། དགེ་སློང་གི་དགེ་འདུན་སྲབས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་བཅོ་ལྡན ་གསོ་སྦྱོང་ལ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ།། བཞུགས་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། ཚེ་དང་ལྡན་ཀུན་དགའ་བོ་ལ ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ད་ལྟར་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྫ་རྡོར་གྱུར་ཅིང་།། དགེ་སློང་གི་དགེ་འདུན་སྲབས་པར་གྱུར་པའི་རྒྱུ་ནི་གང་ཡིན།། རྐྱེན་ནི་གང་ཡིན།། བཙུན་པད ་ལྟར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ། དགེ་སློང་དག་མི་སྡུག་པ་སྒོམས་ཤིག། མི་སྡུག་པ་སྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོར་འགྱུར་རོ་ཞེས ་མི་སྡུག་པ་སྟོན་པར་མཛད་ཅིང་། མི་སྡུག་པ་བསྒོམ་པའི་སྔགས་པ་བརྗོད་པར་ཡང་མཛད་དོ་ཞེས་བྱ་བ་ནས།། གསད་པར་མི་བྱའོ།། བདག་ཉིད་དམ་གཞན་གསོད་དུ་འཇུག་ན་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ ་བསླབ་པ་བཅས་སོ། ། ཞེས་བྱ་བའི་བོར་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། དེ་ཉིད་ལས་གླེངས་ནས། ཇི་ལྟར་དགེ་སློང་གི་རྣམ་པར་བྱེད་པ་བཞིན་དུ་རྒྱ་ཆེར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་དང ་གླེང་གཞི་དེ་ཉིད་དང་། དངོས་པོ་དེ་ཉིད་དང་། སྐབས་དེ་ཉིད་ཀྱིས་གཉིས་ཀའི་དགེ་འདུན་བསྡུ་བ་མཛད་དེ། ངའི་ཉན་ཐོས་རྣམས་ཀྱིས་དོན་དེ་ཤེས་པ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས ་པར་འགྱུར་བའི་བར། བས་ཕམ་པ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་མི་འམ་མིར་ཆགས་པ་ལ་བསམས་བཞིན་དུ ་རང་གི་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད ་ཅེས། མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་།། སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམས་གྲངས་དུ ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ལ། དེ་ཡང་རྩོམ་པ་དེས་ཤི་བར་གྱུར་ན། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ་ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི། དགེ་སློང་མ་རྣམ་པ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ ་སློང་མ་ཞེས་བྱ་བའི་བར། ཕས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བར་སྔ་མ་བཞིན་དུ་བརྗོད་དོ།། མི་འམ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། ་སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ།། མིར་ཆགས་པ་ལ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་ཀྱི ་དབང་པོ་དང་། སྲོག་གི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པ་ལའོ།། བསམས་བཞིན་དུ་ཞེས་བྱ་བ་ནི། རྣམ་པར་བརྟགས་ནས་སོ།། རང་གི་ལག་དར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལག་གིས་སོ།། ་སྲོག་བཅད་དམ་ཞེས་བྱ་བ་ནི་སྲོག་བཅད་པར་གྱུར་ནའོ།། དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་རལ་གྲི་འམ། ཆུ་གྲིའམ། ཆུ་གྲིའོ།། དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་སྐྱེས་པ་འམ། བུད་མེད ་དམ། མ་ནིང་ངོ་།། དེ་འཆིར་བཅུག་གམ་ཞེས་བྱ་བ་ནི་འཆིར་གཞུག་པའི་གང་ཟག་ནི་རྣམ་པ་གསུམ་སྟེ། ནད་པ་དང་། ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་དང་ལྡན་པའོ།། ནད་པ་ལ་ཇི་ལྟར་ཞེ་ན། ་འདི་ལྟར་དགེ་སློང་མ་དེ། དགེ་སློང་ངམ། དགེ་སློང་མ་ནད་པ་ལ་ཆོས་གོས་སམ། དྲ་བ་འམ། པོར་བུ་འམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་འགའ་ཞིག་འདོད་པའི ་ཕྱིར། དེ་འདི་སྙམ་དུ་སེམས་ཏེ། འདི་ཇི་སྲིད་གསོན་པ་དེ་སྲིད་དུ་བདག་གིས་ཐོབ་པར་མི་འགྱུར་གྱིས། བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ ་ནིན་པ། སྡུག་བསྔལ་བ། ན་ཚབས་ཆེ་བ་ཡིན་པས། ཚེ་དང་ལྡན་པ་ཇི་སྲིད་ཡུན་རིང་དུ་འཚེ་བ་དེ་སྲིད་དུ་སྡུག་བསྔལ་བ། མི་བཟད་པ། རྩུབ་པ།། ཆུབ། ཡིད་དུ་མི་འོང་བ་དག་ཉམས་སུ་མྱོང་བར་གྱུར། ་རཾ་ཞེས་སྨྲས་པ་ན། དེས་དེ་ལ་འདི་སྐད་ཅེས།། ལེན་ལོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ། ཚུར་ཤོག་ཁྱོད་ཀྱིས་བདག་ཉིད་ཐོང་ཞིག། བདག་ཉིད་སོན་ཅིག། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཅིག་ཅེས་སྨྲས ་ལ། གལ་ཏེ་ནད་པ་དེ་དག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། ཕས་ཕམ་པར་འགྱུར་རོ།། གལ་ཏེ་ནད་པ། ་དེའདི་སྙམ་དུ། དེ་དེ་སྐད་ཅེས་ཟེར་མོད་ཀྱིས།། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའ་འོ།། བདག་ཉིད་གསོད་པ་ནི་ནུས་པར་དཀའ་བས། བདག་གིས་བདག་ཉིད་མི་གཏང་ངོ་།། བདག་གིས་བདག་ཉིད་མི་གསད་དོ།། བདག ་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུགས་གོ་སྙམ་བསམས་ནས། གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན། འཆིར ་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། ། གལ་ཏེ་དེ་སྐད་སྨྲས་པས། བདག་ནི་འདི་ལྟ་སྟེ། བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ། བདག་གིས་གྱ་ཙོམ་དང་། བྱུང་རྒྱལ་དུ ་སོ་སོར་མ་བརྟགས་པའི་ཚིག་སྨྲས་སོ་སྙམ་དུ་འགྱོད་པར་གྱུར་ནས། ། དེ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས། བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་མོད་ཀྱི། འོན་ཀྱང་ཁྱོད་བདག་ཉིད་ཀྱི་སྲོག ་གཏོང་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱི་རྗེས་སུ་མཐུན་པའི་སྨན་སོ་སོར་བསྟེན་པ་དང་། ཁ་ཟས་འཕྲོད་པ་དག་དང་། ནང་གཡེག་ཚུལ་བཞིན་དུ་བྱེད་པ་དག་གིས། བསྙེན་བཀུར་བྱས་པར་གྱུར་པ། ་དེལྟ་ན་རིང་པོ་མི་ཐོགས་པར་འདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་གྱུར་ནས། གང་དུ་དགའ་བར་འགྲོ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་ཡོད་དེ་ཞེས་སྨྲས་ལ། གལ་ཏེ་དེ་དེ་ལྟ་བུར་བཟློག་པས ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་ནད་པ་དེ་འདི ་སྙམ་དུ་དེ་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་ཚོར་བ་རྣམ་པ་འདི་ལྟ་བུ་ཚོར་བ། སྡུག་བསྔལ་བ། མི་ཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་ཉམས་སུ་མྱོང་བ་སུས་བཟོད་ཀྱིས། བདག་ཉིད་ཀྱིས ་བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། འཕྱིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས ་ཉེས་པ་སྦོམ་པོར་འགྱུར་ཏེ། ནད་པ་ལ་ནི་དེ་ལྟ་བུར་རོ།། ཚུལ་ཁྲིམས་འཆལ་པ་ཇི་ལྟ་བུར་ཞེ་ན། འདི་ལྟར་དགེ་སློང་མ་དེ། དགེ་སློང་ངམ། དགེ་སློང་མ་ཚུལ་ཁྲིམ་འཆལ་བའི་དགེ་སྦྱོང་གིའི་ཚེ་བའི་ཡོ་བྱད་འགའ་ཞིག་འདོད་པའི་ཕྱིར། ་དེ་འདི་སྙམ་དུ་སེམས་ཏེ། དེ་འདི་ཇི་སྲིད་གསོན་པ་དེ་སྲིད་ཀྱིས་བར་དུ་བདག་གིས་ཐོབ་པར་མི་འགྱུར་བས། བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དེ་དེའི་དྲུང ་དུ་སོང་སྟེ་འདི་སྐད་ཅེས་ཁྱེད་ནི་ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཅན། ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྲད་པ་དང་ལྡན་པ། ཁོང་རུལ་པ་ནས་འཚག ་པ། རྩཝ་ལྟར་གསོག་ཏུ་གྱུར་པ། ལུག་བོང་ལྟར་ཀུན་ཏུ་སྤྱོད་པ་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་བསྒྱུད་པར་ཁས་འཆེ་བ། ཁྱོད་ཇི་སྲིད་དུ་ཡུན ་རིང་དུ་གསོན་པ་དེ་སྲིད་ཀྱིས་བར་དུ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་ཚོར་བ་ཤིན་ཏུ་སྡུག་བསྔལ་བ། ཤིན་ཏུ་མི་བཟད ་བ། ཤིན་ཏུ་རྩུབ་པ།། ལྷག་པར་ཚ་བ་ལྷག་པར་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས་པ་ན། དེས་དེ་ལ་འདི་སྐད་ཅེས། འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ།། དེས་དེ་ལ་ཚུར་ཤོག། ཁྱོད ་གྱིས་བདག་ཉིད་ཐོང་ཞིག། བདག་ཉིད་སོད་ཅིག། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཅིག། ཁྱོད་ཤི་དང་བསོད་ནམས་མ་ཡིན་པའི་རྣམ་པ་མང་པོ་འདི་ལྟ་བུ་འབེལ་བར་མི་འགྱུར་ལ། ཚོར་བ་སྡུག་བསྔལ ་བའི་རྣམ་པ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་དེ་ལྟ་བུ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་སྨྲས་ལ། དེས་དེ་སྐད་ཅེས་སྨྲས་པས། དེ་བདག་ཉིད་གཏོང་ངམ། བདག་ཉིད་སོད་དམ། ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། འཆིར་བཅུག་པ་དེ་ཉིད་ཀྱིས་ཕམ་པར་འགྱུར་རོ།། གལ་ཏེ་དེ་འདི་སྙམ་དུ་འདི་ལྟར་དེ་འདི་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའ་བའོ།། བདག ་ཉིད་གསོད་པ་ནི་ནུས་པར་དཀའ་བ་ཡིན་པས། བདག་གིས་དྲག་ཉིད་མི་གཏང་ངོ་།། བདག་གིས་བདག་ཉིད་མི་གསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ་སྙམ་དུ་བསམས ་ནས། གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན། ཡང་ཆིར་བཅུག་པར་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར ་། ། གས་ཏེ་དེ་སྐད་སྨྲས་པས། བདགན་འདི་ལྟར་བྱས་པ། བླུན་པ། སྔགསལ་བ། མ་མཁས་པ་ཡིན་པས། བདག་གིས་ཀྱུ་ཆོམ་པང་བྱུང་རྒྱམ་དུ་སྨྲས། བདག་གས་མ་བརྟགས་པ ་སྨྲས་མ་སྙམ་དུ་འབྱེད་པར་གྱུར་ནས། དེ་དེའི་གན་དུ་སོང་ནས་འདི་སྐད་ཅེས། བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྤྲས་མོད་ཀྱི། འོན་ཀྱང་ཁྱོནི་བདག་ཉིད་སྲོག་དང་བྲལ་བར་མ་བྱེད ་ཅིག། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འགའ་ཞིག་མགུ་བར་བྱས་ན། ཁྱོད་ཀྱིས་ལུས་ཀྱི་ལས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་གང་ཡིན་པ་ལས་བསླང་སྟེ། དགེ་བའི་ལས ་ལ་འཇོག་པར་འགྱུར་རོ། ། ངག་དང་ཡིད་ཀྱིས་ལས་མི་དགེ་བ་ལས་བསླང་སྟེ། ངག་དང་ཡིད་ཀྱི་ལས་དགེ་བ་ལ་རབ་ཏུ་འཇོག་པར་འགྱུར་རོ།། དེ་ལྟར་ཁྱོད་ཀྱིས་ལུས་དང་། ངག་དང་། ཡིད་ཀྱིས་ལེགས ་བར་སྤྱོད་པ་དང་ལྡན་ན། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གནས་སྐབས་ཡོད་པར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་སྐད་ཅེས་སྨྲས་པས། དེ་བདག་ཉིད ་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་འདི་སྙམ་དུ་འདི ་ཀཱར་དེ་ཡང་འདི་སྐད་ཅེས་ཟེར་ལ། བདག་ཇི་སྲིད་དུ་གསོན་པར་གྱུར་པ་དེ་སྲིད་ཀྱི་བར་དུ། བདག་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱོ་བར་འགྱུར་ལ། ཇི་སྲིད་དུ་བདག་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱེས་པ། ་@#དེ་སྲིད་དུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་ལྷག་པར་རྒྱ་ཆེ་བ་དང་། ལྷག་པར་ཡུན་རིང་བ་མྱོང་བར་འགྱུར་བས། གནོན་མི་ཟ་བར་བདག་ཉིད་སྲོག་དང་བྲལ་བར་བྱའོ།། འདི་ལྟར ་བདག་ཉིད་གཏང་བར་བྱའོ། ། བདག་ཉིད་གསད་པར་བྱའོ།། བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད ་སྲེག་དང་བྲལ་བར་བྱེད་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ཚུལ་ཁྲིམས་འཆལ་པ་ལ་ནི་དེ་ལྟ་བུར་རོ།། ཚུལ་ཁྲིམས་དང་ལྡན་པ་ལ་ཇི་ལྟ་བུར་ཞེ་ན། འདི་ལྟར་ཡང་དགེ ་སློང་མ་དེ། དགེ་སློང་ངམ། དགེ་སློང་མ་ཡོན་ཏན་དང་ལྡན་པ་ལ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་འགའ་ཞིག་འདོད་པའི་ཕྱིར་ཞེས་བྱ་བ་སྔ་མ་བཞིན་ནོ།། དེ་དེའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་ཚུལ་ཁྲིམས ་དང་ལྡན་པ་དགེ་བའི་ཆོས་ཅན། ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པས། ཁྱོད་ཡུལ་གཞན་དུ་སོང་ན་ཡང་ལོ་ལེགས་པ་ཡིན། མཐེ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་སྒྲིབས་པ་ཙམ ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། ཁྱོད་མཐོ་རིས་སུ་སྐྱེས་ནས་ཀྱང་། ལྷའི་གོས་དང་། དོ་ཤལ་དང་། སེ་མོ་དོས་ལུས་བརྒྱན་པར་འགྱུར། ལྷའི་བདུད་རྩིས་ལུས་ཚིམ་པར ་འགྱུར། ལྷའི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྤྲས་ལ། གལ་ཏེ་དེས་དེ་ལ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། དེས་དེ་ལ་ཚུར་ཤོག་བདག་ཉིད་ཐོང་ཞིག། བདག་ཉིད་སོད་ཅིག། བདག་ཉིད ་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་ལ། གལ་ཏེ་དེ་སྐད་ཅེས་སྨྲས་པས། ཇི་སྟེ་བདག་ཉིད་སྲོག་དང་བྲལ་བར་བྱེད་ན། འཆིར་བཅུག་པའི་ཕྱིར་ཕས་ཕམ་པར་འགྱུར་རོ།། གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་འདི ་སྙམ་དུ། འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་གསོན་པ་ནི་རྙེད་པར་དཀའ་འོ།། བདག་ཉིད་གསོད་པ་ནི་ནུས་པར་དཀའ་བས། བདག་གིས་བདག་ཉིད་མི་གཏང་ངོ་།། བདག་གིས་བདག་ཉིད་མི ་གསད་དོ། ། བདག་གིས་བདག་ཉིད་སྲོག་དང་བྲལ་བར་མི་བྱའོ་སྙམ་དུ་བསམས་ནས། གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་མི་བྱེད་ན ་ཡང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། ། གལ་ཏེ་དེ་དེ་སྐད་ཅེས་སྨྲས་པས། འགྱོད་པར་གྱུར་ནས་དེའི་གན་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ཤེས་པར ་གྱིས་ཤིག། འདི་ལྟར་བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ་ཡིན་པས། བདག་གིས་གྱ་ཅོམ་དང་བྱང་རྒྱལ་དུ་བདག་གིས་མ་ལེགས་པ་ཞིག་སྨྲས་ཀྱིས། ཁྱོད་བདག་ཉིད་མ་གཏོང་ཞིག། ་བདག་ཉིད་མ་གསོད་ཞིག། བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ནི་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པ། ཁྱོད་ཡུལ ་ང་དུ་གསོན་དང་། ཁྱོད་ཡུན་རིང་དུ་གསོན་པས། བསོད་ནམས་མང་པོ་སྐྱེ་བར་འགྱུར་རོ།། འདི་ལྟར་ཁྱོད་ཀྱིས་དེ་ལྟར་བྱས་ན། ཡུན་རིང་དུ་ལྷ་རྣམས་ཀྱིས་ནང་དུ་བདེ་བ་རྒྱ་ཆེ་བ་མྱོང་བར་འགྱུར་རོ་ཞེས་སྨྲས་ལ། ་གལ་ཏེ་དེ་དེ་ལྟར་ཟློག་པ་ན། ཇི་ལྟར་དག་ཉིད་སྲེག་དང་བྲལ་བར་མི་བྱེད་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་འདི་སྙམ་དུ་འདི་ལྟར་དེ་ཡང ་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་བདག་ནི་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པས། བདག་ཡུལ་གཞན་དུ་སོང་ན་ལོ་ལེགས་པ་ཡིན། མཐོ ་རིས་ནི་དར་གྱིས་ཆོད་པ་ཙམ། ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད ་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་ན།། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། ཚུལ་ཁྲིམས་དང་ལྡན་པ་ལ་ནི་དེ་ལྟར་རོ།། དེ་ན་འཆིར་བཅུག་གམ་ཞེས་གསུངས ་སོ། ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི།། འཆི་བ་མངོན་པར་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ།། དེ་ལ་འདི་སྐད་ཅེས།། ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བོངད་པའི་ཚིག་ཐ ་དགས་ཡིན་ནོ། ། འཚེ་བ་སྡིག་པ་མི་གཙང་བ་ངན་པ་འདས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་བྱ་བ་དེ་དག་ནི་སྨད་པའི་ཚིག་ཡིན་ནོ།། ཟེར་ཞིང་ཞེས་བྱ་བ་ནི་རྗོད་ཅིང་ངོ་།། གཞན་ཡང་རྒྱས་པར ་ཕས་ཕམ་པར་གྱུར་པ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། ། གནས་པར་མི་བྱའོ།། ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་ལྷན་ཅིག་ཏུ་གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་། ་བཞིའི་ལས་ཉམས་སུ་མྱོང་བར་མི་བྱ།། དགེ་སློང་མ་བཅུ་གཉིས་དག་ཏུ་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ།། དེ་ལྟར་འདི་ནི་ངས་ཕས་པར་གྱུར་པ་གསུམ་པ་ཡིན་པས། དགེ་སློང་མམ ་འདུལ་བ་ལ་བརྗོད་པར་བྱའོ། ། གཞན་ནི་དགེ་སློང་གི་འདུལ་བ་ཇི་ལྟ་བ་དེ་བཞིན་དུ་བརྗོད་དོ།། ཕས་ཕམ་པར་གྱུར་པ་གསུམ་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན ་ན། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་ཟངས་ན་བཞུགས་སོ།། དེའི་ཚེ་ཉ་པ་ལྔ་བརྒྱ་འཚོ་བའི་དོན་ལ་ཆུ་ཀླུང་ཡིད་འོང་ལྡན་ལ་རྟེན་ཅིང་འཁོད་དོ།། དེ་དག་ལ་རྒྱ་མོ་སྤྱོད་པ་དང་། སྤྱོད་པ་ཆེན་པོ་ཞེས་བྱ ་བ་གཉིས་ཤིག་ཡོད་པ་ལས། དེ་དག་ལན་འགའ་ནི་རྒྱ་མོ་སྤྱོད་པ་འཇུད་པར་བྱེད། ལམ་འགའ་ནི་སྤྱོད་པ་ཆེན་པོ་འཇུད་པར་བྱེད་དེ། གང་གི་ཚེ་ཉ་དག་ཉོ་བ་མེད་པ་དེའི་ཚེ་ནི་རྒྱ་མོ་སྤྱོད་འཇུད་པར་བྱེད་ལ།། གང ་གི་ཚེ་ཉ་དག་ཉོ་བ་ཡོད་པ་དེའི་ཚེ་ནི་སྤྱོད་པ་ཆེན་པོ་འཇུད་པར་བྱེད་དོ། ། ཇི་ཙམ་དུས་གཞན་ཞིག་ན། ཡངས་པ་ཅན་དུ་དུས་སྟོན་བྱུང་ནས། དེ་དག་གོས་རྒྱ་མོ་གཉིས་ཀ་བཙུག་སྟེ། ཉིས་བརྒྱ་ལྔ་བཅུས་ནི་རྒྱ ་མོ་སྤྱོད་པ་བཅུག། ཉིས་བརྒྱ་ལྔ་བཅུས་ནི་སྤྱོད་པ་ཆེན་པོ་བཅུག་གོ། གང་དག་གིས་རྒྱ་མོ་སྤྱོད་པ་བཅུག་པ་དེ་དག་གིས་ནི་ཉ་དང་། རུས་སྦལ་དང་། སྦལ་པ་དང་། རྒྱ་སྲིན་བྱིས་པ་གསོད་པ་དང་། ཉ་ཁྱིབ ་ལ་སོགས་པ་མང་པོ་དག་འདི་ལྟ་སྟེ། དཔེར་ན་ཏིལ་དང་། འབྲས་ཐུག་པོ་ཆེ་དང་། རྒྱ་ཤུག་དང་། རྒྱ་སྲན་ལ་སོགས་པ་བཞིན་དུ་ཕུང་པོ་ཆེན་པོར་སྤུངས་སོ།། གང་དག་གིས་རྒྱ་མོ་སྤྱོད་པ་ཆེན་པོར ་བཅུག་པ་དེ་དག་གིས་ནི། རྒྱ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོང་ལྡན་དུ་ཞུགས་པ། རྒྱ་སྲིན་ཆེན་པོ་ཉའི་རིགས་བོང་ཚོད་ཆེན་པོ་ཉལ་བ་ཟིན་ནས། དེ་དག་གིས་དེ་དྲང་བར་བརྩམས་སོ།། ་དེ་དག་གིས་དྲངས་པ་ན། དེ་སད་ནས་ཉ་བ་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་དང་། རྒྱམ་སྤྱོད་པ་ཆེན་པོ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་སོ།། ཉ་བ་དེ་དག་གིས་ཉ་བཉིས་བཅུ་ལྔ་བཅུ་པོ་གཞན་དག་ལ། གྲོགས་པོ་དག་བརྒྱ་མོ ་སྤྱོད་པ་ཆེན་པོ་དང་བདག་ཅག་ཁྱེར་གྱིས་ར་མདའ་ལོག་ཅེས་བྱས་སོ། ། དེ་དག་གིས་ཐོས་ནས། ཉ་བ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དེ་དག་ཀྱང་ལྷགས་ཏེ། དེ་ཉིད་ལ་རུབ་པ་དང་། དེ་དག་ཀྱང་ཁྱེར་རོ།། ་ནས་དེའི་འོག་ཏུ་ས་ཕྱོགས་མཐོན་པོར་འདུག་སྟེ། བོས་པ་དང་། དེ་ནས་ཕྱུགས་རྫི་དང་། བ་ལང་རྫི་ལ་སོགས་པ་འོངས་ནས་འབད་པ་ཆེན་པོས་ཕྱུང་བ་དང་། རྒྱ་སྲིན་ཉའི་རིགས་རི་བོ་བརྩེགས་པ ་འདྲ་བ། མགོ་བོ་བཅོ་བརྒྱད་དང་། མིག་སུམ་བཅུ་རྩ་དྲུག་ཡོད་པ་ཕྱུང་ངོ་།། ཇི་ཙམ་ན་སྐྱེ་བོའི་ཚོགས་ཆེན་པོ་འོངས་ཏེ་ལྷགས་པ་དང་། སྟོན་པ་དྲུག་པོ་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ། ཐམས་ཅད་མཁྱེན ་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ་དྲུག་པོ་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། ་མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏའི་བུ་ནོག་ཅན་དང་། གཅེར་བུ་གཉེན་གྱི་བུ་དག་སྟེ། སྟོན་པ་མ་ཡིན་པར་སྟོན་པར་ཁས་ཆེ་བ། དྲུག་པོ་འདི་དག་ཀྱང་དེའི་ཚེ་ལྟད་མོ་ལ་ལྷགས་སོ།། དེའི་བར་དུ་ཡང་སངས་རྒྱས ་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་ཀྱིས་འཚོ་ཞིང་གཞེས་ལ་བཞུགས ་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། གཞན་ལ་ཕན་པར་ཞུགས་པ། དགེ་བའི་སྤྱོད་པ་ལས་མི་གཡོ་བ། ཕ་རོལ་གནོན་པའི་བརྩོན་འགྲུས་བརྟན་པ། ཉག་གཅིག་དཔའ་བ། བསྲུང་བ ་གཅིག་པུ་པ། གཉིས་སུ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ ་འདུལ་བའི་གཞི་གསུམ་ལ་མཁས་པ། ལམ་གསུམ་སྤངས་པ། ཁམས་པ། གྱི་འདོད་ཆགས་དང་བྲལ་བ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྲུང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། ཡན་ལག་དྲུག་དང་ལྡན་པ། རྟག་ཏུ་གནས་པར་བྱ་བ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ།། འཕགས་པའི ་ལམ་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར ་དབང་སྒྱུར་བ་ལས་ཀྱང་བར་དུ་འཕགས་པ་རྣམས་ཀྱིས་ཆོས་ཅདདན་ཉིན་ལན་གསུས། མཚན་ལན་གསུམ་སངས་རྒྱས་ཀྱིས་ཐུན་གྱིས་ལག་རྟེནས་རྣམ་པར་གཟིགས་ནས། རྦན ་ཉམས་པར་གྱུར། སུ་ནི་འཕེལ་བར་གྱུར། སུ་ནི་གནོད་པར་གྱུར། སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་གིས་དགེ་བའི་རྩ་བ་མ་བསྐྱེད་པ་ནི་བསྐྱེད་པར ་བྱ། གང་གིས་དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ།། གང་གིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ནི་ཐར་པར་བྱ། གང་ཞིག་འཕགས་པ་རྣམས་ཀྱི་ནོར་གྱི་དབྱིག་དང་བྲལ་བ་ནི།། འཕགས ་པའི་ནོར་གྱིས་དབང་ཕྱུགས་ལ་གཞག་པར་བྱ། གང་ནི་མིའི་འབྲས་བུ་ལ་གནས། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ།། གང ་ནི་འདོད་ཆགས་ལ་སྤྱོད། གང་ནི་ཞེ་སྡང་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད།། གང་ནི་ཉེས་པ་རྣམས་ཀྱིས་གནོད་པར་གྱུར། གང་ནི ་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་ལས་བསླང་སྟེ། མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་རབ་ཏུ་གཞག་པར་བྱ། ཉེས་པར་སྤྱོད་པའི ་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། གང་གིས་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ།། ཡང་སྨྲས་པ། ་མཚོ་རྒྱ་སྲིན་རྣམས་ཀྱིས་གནས།། དུས་ལས་འདའ་བར་འགྱུར་སྲིད་ཀྱི།། གདུལ་བྱ་ལ་བྱམས་སངས་རྒྱས་ནི།། དུས་ལས་འདའ་བར་མི་མཛད་དོ།། ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། རྟོག་ཅིང་དེ་སྲོག་སྲུང ་བར་བྱེད་པ་ལྟར། དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི།། བ་བཞོན་གདུལ་བྱའི་བུ་ཚོལ་མི་སྐྱེ་སྟེ། ་སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི།། བེའུ་སྡུག་སྟོར་ལ་བྱམས་པའི་བ་བཞོན་བཞིན།། དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བའི་སྤྱན། སངས་རྒྱས་ཀྱིས་སྤུན་གྱིས ་གཟིགས། ཀུན་ཏུ་གཟིགས་ནས་དགོངས་པ། ཆུ་སྲིན་ཉའི་རིགས་ངན་སོང་ལ་གཞོལ་བ། ངན་སོང་ལ་འབབ་པ། ངན་སོང་ལ་བབ་པ། སྔོན་གྱི་སངས་རྒྱས་དག་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཡང ་ད་ལྟར་སངས་རྒྱས་འབྱུང་བ་དང་བྲལ་བར་གྱུར་པ། ལེ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་གྱུར་པ་ཡིན་གྱིས། ངས་ཆུ་སྲིན་ཉའི་རིགས་འདི་ལ་བརྟེན་ཏེ། འདུལ་བྱའི་ཚོགས ་ཆེན་པོ་དྲང་བར་བྱ། སེམས་ཅན་རྣམས་ཀྱང་ལས་བདག་གིར་བྱ་བ་མངོན་སུམ་དུ་བྱས། དེའི་ཕྱིར་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་གཤེགས་སོ་སྙམ་དུ་དགོངས་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས ་ནི་ཆོས་ཉིད་ཀྱིས་གདུལ་བའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་ཡིན་པས། དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུར་གཤེགས་པ་དང་། དུད་འགྲོའི་ནང་དུ་རྒྱུ་བ་དང་ཡི་དགས་ཀྱི་ནང་དུ་རྒྱུ་བ་དང་། ལྷའི་ནང ་དུ་རྒྱུ་བ་དང་། ལྗོངས་རྒྱུར་གཤེགས་སོ།། དུས་དུས་སུ་རི་དང་། དུར་ཁྲོད་དང་། ཅུ་ཀླུང་དང་། གཙུག་ལག་ཁང་དུ་རྒྱུར་གཤེགས་སོ།། དེན་འདར་ནི་སངས་རྒྱས་བཅོམ ་ལྡན་འདས་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་དེ། འཛུབ་པ་མཛད་ནས་ཞེས་བྱ་བའི་བར་ནས།། ཚེ་དང་ལྡན་པ་ཀུན་དགའ་བི་ལ་བཀའ་སྩལ་པ།། ཀུན་དགའ་བ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན ་གཤེགས་པ་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབ་ནི་ཏུ་དྷ་ཀླུང་དུ་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཞིག་ཅེས་བྱ་བ་ནས། སེར་སྐྱའི་གླེང་གཞི་འདི ་རྒྱས་པར་བརྗོད་པར་བྱའོ། ། ཉ་པ་ལྔ་བརྒྱ་ཞེས་བྱ་བ་ནས། འཕགས་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་རྣམས་རིགས་དང་ནི།། རུས་དང་ཁྱིམ་ལའང་རྟོག་མི་མཛད། ་ཡུན་རིང་བྱས་པར་གྱུར་པ་ཡི།། ལས་རྣམས་ལ་ནི་ཡོངས་རྟོག་མཛད།། ཅེས་བྱ་བའི་བར་དང་། བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་བའི་བར ་དང་། ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་བས། སྒྲ་བྱིན་སྣུམ་སྦྱར་གྱོན་པའི་ལུས་ལྡན་ཞིང་།། མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ།། སངས་རྒྱས་དགོངས་པས་ལུས་གཟུགས ་བཀབ་པར་གྱུར། ། ཅེས་བྱ་བའི་བར་དུའོ།། ། བམ་པོ་བཞི་པ།། ། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཡངས་པ་ཅན་ན ་འོད་མ་ཅན་གྱིས་གྲོང་ཁྱེར་ན་བཞུགས་སོ། ། དེའི་ཚེ་མུ་གེ་ཉམས་ང་བ་དགོན་པ། སློང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བ་ནས། སློང་མོ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་མུ་གེ་ཞེས་བྱ་བ་ནས། སློང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བའི་བར་དང་། དགེ་སློང་དག ་ཁྱེད་ཅག་ཚུར་ཤོག། སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་པ་ཤེས་པ་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེ་འཁོར་འདི་ཉིད་དུ་དབྱར་གནས་པར་ཁས་ལོང་ཞིག། ང་ཡང་འོད་མ ་ཅན་གྱིས་ཉེ་འཁོར་དྲུང་འདི་ཉིད་དུ་ཞམ་འབྲིང་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་ཀྱིས། ཐམས་ཅད་དུ་བསོད་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་ཞེས་བྱ་བ་ནས། དགེ་སློང་དག་ཆུ ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་ཉེ་དུ་ཡོད་པའི་གན་དུ་སོང་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་བརྟེན་ནས། དབྱར་གནས་པར་ཁས་བླངས་སོ་ཞེས་བྱ་བ་ནས། ཉེ་དུ་རྣམས་ཀྱི་མདུན་དུ་ཡོན་ཏན ་བསྒྲགས་པར་བྱའོ་ཞེས་བྱ་བའི་བར་དུའོ། ། དུས་པ་དང་། འདུས་པ་ཆེན་པོ་གཉིས་ཏེ། གཅིག་ནི་དབྱར་ཟླ་འབྲིང་པོ་ཉལ་དབྱར་ཉེ་བར་བསྒྲུབ་པའི་ཚེའོ་ཞེས་བྱ་བའི་བར་དུའོ།། ཡངས་པ་ཅན་གྱིས ་གྲོང་ཁྱེར་གྱི་ཉེ་འཁོར་དང་། སྤོང་བྱེད་ཀྱི་གྲོང་ཁྱེར་དུ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་དབྱར་འདས་ཏེ་འོངས་པ་དང་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་གིས ་བསུ་སྟེ་ཞེས་བྱ་བའི་བར་དུའོ། ། ན་ཀླུང་ཡིད་འོངས་ལྡན་གྱིས་འགྲམ་ནས་འོངས་པ་རྣམལ། ཚིག་གིས་བསུ་སྟེ་ཞེས་བྱ་བ་ནས། ཚེ་བ་དང་། པགས་པ་དང་། ཤ་དང་། ཁྲག ་གིས་རྒྱས་པ་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དྲིས་པ་ཞེས་བྱ་བ་ནས། ཡང་དག་པ་མ་ཡིན་པས་སོ་ཞེས་བྱ་བའི་བར་དུའོ།། དེས་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་རྣམས ་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་ནས། དགེ་སློང་དག་གསུམ་པོ་འདི་དག་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་ཡིན། རྐུན་པོ་ཆེན་པོ་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ན་རྐུན་པོ་འཐོ ་བརྒྱ་དང་ལྡན་པ། འཁོར་སྟོང་དང་ལྡན་པ། འཁོར་བརྒྱའམ་སྟོང་གི་སྣ་ལ་སོང་སྟེ། ཁྲིམ་འབིགས་པར་བྱེད། བདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། འམ་བསྒྲགས་ཤིང་འདུག་པར་བྱེད། ་མེ་གཏོང་བར་བྱེད། ལམ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། གྲོང་ཁྱེར་འཇོམས་པར་བྱེད། ཡུལ་འཇོམས་པར་བྱེད་པ་འདི་ནི། དགེ་སློང་དག་འཇིག་རྟེན་ན་ཡོད་པའི་རྐུན་པོ ་རྐུན་པོ་པོ་དང་པོ་ཡིན་ནོ། ། གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན། འཁོར་བརྒྱ་འམ་སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབུགས་པར་མི་བྱེད། མདུ ་པ་འགྲོལ་བར་མི་བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ། ། དོན་ཀྱང་དགེ་འདུན་གྱི་རྩ་འམ། ཤིང་ངམ། མེ་ཏོག་གམ།། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་འཚོང་བར་བྱེད་པ་དང་། དེས་ཀྱིས ་གྱི་མི་གསོ་བར་བྱེད་པ་འང་ནི། འཇིག་རྟེན་ན་ཡོད་པའི་རྐུན་པོ་ཀུན་པོ་ཆེན་པོ་གཉིས་པ་ཡིན་ནོ།། གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན།། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན་ཏེ། འབར ་བརྒྱ་སྟོང་གི་སྣ་ལ་སོང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། ། དགེ་འདུན་གྱི་རྩཝ་འམ། ཤིང་ངམ། མེ་ཏོག་གམ། འབྲས་བུ་འམ། འོད་མ་འམ།། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་ཙོངས་ཤིང་འཚོ་བར་ཡང་མ ་བྱེད་ལ། དེས་ཁྱིམ་གྱི་མི་གསོ་བར་ཡང་མི་བྱེད་མོད་ཀྱི། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་པ་འདི་ནི། འཇིག་རྟེན་ན་ཡོད་པའི་རྐུན་པོ་ཀུན་པོ་ཆེན་པོ་གསུམ་པ་ཡིན་ནོ།། དགེ་སློང་དག་རྐུན་པོས ་འཁོར་བརྒྱ་དང་ལྡན་པ་འམ། འཁོར་སྟོང་དང་ལྡན་པའམ། འཁོར་བརྒྱའམ་སྟོང་གིས་སྣ་ལ་སོང་སྟེ། ཁྱིམ་འབུགས་པར་བྱེད་པ་སྔ་མ་ལྟ་བུ་ནི་ཆུང་ངུ་ཡིན་ནོ།། རྐུན་པོ་རྣམས་ཀྱི་ནང་ན་གང་དགེ་འདུན་གྱིས་རྩཝ་འམ། ་ཤིང་ངམ་ཞེས་བྱ་བ་སྔ་མ་ལྟ་བུ་འདི་ཡང་ཆུང་བ་ཡིན་ནོ།། གང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བ་དེ་ནི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས།། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ནང་ན། རྐུན་པོ་རྐུན་པོ་ཆེན་པོ་ཡིན་ནོ།། འདི་ནི་གང་ཞིག་དགྲ་བཅོམ་མ་གྱུར་པར།། བདག་ཉིད་དགྲ་བཅོམ་ཡིན་པར་ཁས་འཆེ་བ།། དེ་ནི་ལྷར་བཅས་འཇིན ་རྟེན་རྐུན་པོ་སྟེ། ། ཚུལ་ཁྲིམས་འཆལ་པ་ཡིན་པར་བརྗོད་པར་བྱ།། ཤེས་རབ་འཆལ་པ་ལུས་ནི་ཞིག་གྱུར་ནས།། སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་གྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཉིད་དང ་གླེང་གཞི་འདི་ཉིད་དང་། དངོས་པོ་འདི་ཉིད་དང་། སྐབས་འདི་ཉིད་ལ་གཉིས་ཀའི་དགེ་འདུན་བསྡུ་བ་མཛད་དེ། ཉན་ཐོས་མ་རྣམས་ཀྱིས་ཀུན་ཤེས་པ་དང་། ངས་བསྒྲུབ་པ་ལེགས་པར ་བཅས་པར་གྱུར་རོ། ། ཞེས་བྱ་བ་པས་ཕམ་པར་གྱུར་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་བསླབ་པ་བཅས་པའི་བར། རྒྱ་ཆེན་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་མི་ཤེས་ཤིང་ཡོངས་སུ་མི་ཤེས ་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། ཁྱད་པར་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་གནས་པ་མེད་ལ་མེད་བཞིན་དུ་འདིར་ཤེས་སོ།། འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར ་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་ནི་མི་ཤེས་པ་ལས་ཤེས་སོ་ཞེས་སྨྲས།། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ། གསོག། བརྫུན་དུ་སྨྲས ་སོ་ཞེས་ཟེར་ན། ། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་བཞི་པོ་དག ་ལས་ཞེས་བྱ་བ་ནས། དེན་གྱིས་སྐབས་འདིར་ནི། གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་འོངས་པ་མ་ཡིན་པས།། བསྙེན་པར་རྫོགས་པ་གང་ཡིན་པ་དེ། དགེ་སློང་མར་དགོངས་ཏེ་ཞེས་བྱ་བའི་བར ་དུ་སྔ་མ་བཞིན་ནོ། ། མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ཅི་ཞིག་མངོན་པར་མི་ཤེས་པས་ཤེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་དག་གོ།། ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ཅི་ཞིག་ཡོངས་སུ་མ་ཤེས་པས ་ཤེན། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་ཉིན་ནོ།། མོའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ།། བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ།། མཐའ་ཞེས་བྱ་བ་ཀྱིག་ས་ཀྐོ་ཥ་རྠ་ས་ན། ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།། སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ།། ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་སུ་བཞི་པོ་དག་སྟེ། གང་གིས་དེ་ཐོབ་པ་ནི་ཁྱད་པར་ཐོབ་པ་ཞེས་བརྗོད་དོ།། ཤེས ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པའོ།། མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ ་ཤེས་པའོ། ། རེག་པར་གནས་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་སྟེ། འཕགས་པའི་ཆོས་འདུལ་བ་ལ་མཐོང་བས་ཆོས་ཁོ་ན་ལ་རེག་པར་གནས་པ་ཞེས་བརྗོད་དོ།། མེད་ལ་ཞེས་བྱ་བ་ནི་གཞི་དེའོ།། མེད་བཞིན་དུ ་ཞེས་བྱ་བ་ནི་གང་ཟག་དེ་ལའོ། ། འདི་ཤེས་སོ་ཞེས་བྱ་བ་ཅི་ཞིག་ཤེས་སོ་ཞེ་ན། སྡུག་བསྔལ་ཤེས་སོ།། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་སོ།། མཐོང་ངོ་ཞེས་བྱ་བ་ཅི་ཞིག་མཐོང་བས་ཤ་ན། ལྷ ་རྣམས་མཐོང་ངོ་། ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། ་གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་མཐོང་ངོ་།། ཁས་འཆེས་པ་ཞེས་བྱ་བ་ནི་སྨྲས་པའོ།། དེ་ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའིའོ།། རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ན། ་རྣམ་པར་ལྡང་བར་འདོད་ནས་སོ།། དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ།། དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ།། མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ལ ་འགྱོད་པ་དང་། རྣམ་པར་བགྱོད་པ་དང་། ཡིད་ལ་གཅགས་པ་སྐྱེས་པས་སོ།། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་བྱ་བ་ནི། ཡིད་ཀྱིས་རྣམ་པར་ཤེས་པས་སོ།། ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི། མིག་གིས་རྣམ་པར་ཤེས་པས་སོ།། གསོག། གསོབ། བརྫུན་དུ་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའི་ཚིག་གི་རྣམ་གྲངས་སོ།། ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ།། ་མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི།། མངོན་པའི་ང་རྒྱལ་བཞག་སྟེའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་སྟེ་སྔ་མ་བཞིན་ནོ།། དེ་ཡང་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན ་ཏུ་བསྟན་པའི་ཚིག་བླ་དགས་ཡིན་ནོ། ། ཇི་ལྟར་ཕས་ཕམ་པར་གྱུར་པ་དང་པོ་དེར་ལྟུང་བ་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ།། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེས་ན། སྡོམ་ལ། འདུས་ཤེས་བསྒྱུར ་དང་དགོན་པ་དང་། ། ཁྱིམ་རྣམས་སུ་ནི་སྟན་བཀྲ་དང་།། རང་གི་མཚོན་ཉིད་འཛིན་པ་དང་།། བདག་ཉིད་ཉེ་བར་སྟོན་པའོ།། ཡང་དགེ་སློང་མ་གང་ཞིག་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད ་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན། བས་ཕམ་པར་འགྱུར་རོ།། དེ་བཞིན་དུ་ཀླུ་རྣམས་དང་།། གནོད་སྦྱིན་རྣམས་དང་། སྔ་མ་བཞིན་དུ་ལུས་སྲུལ་པོ ་རྣམས་ཀྱིས་བར་དུ་མཐོང་ངོ་ཞེས་ཟེར་ན། བས་ཕམ་པར་འགྱུར་རོ།། དེ་ལྟར་སྡོམ་གྱིས་ཚིགས་སུ་བཅད་པ་འདི་ཡང་དགེ་སློང་གི་འདུལ་བ་ལས་དགེ་སློང་ཞེས་འབྱུང་བ། དགེ་སློང་མ་ཞེས་བྱ་བར་བསྒྱུར་ཏེ་བརྗོད་པར ་བྱའོ། ། བས་ཕམ་པར་གྱུར་པ་བཞི་པ་རྫོགས་སོ།། ། སྔོན་བྱུང་བའི་རབས་ཀྱི་བར་སྡོམ་ལ། འདོད་ཆགས་རླུང་དང་གཉིས་ཀ་དང་།། མདོག་བཟང་ཚངས་སྤྱོདན་མངོན་ཤེས་དང་། ་ཕྱུཕྱག་དང་རིགས་མཐོར་སྐྱེས་པ་དང་།། འདོད་པ་ཆུང་དང་འོད་སྲུང་ངོ་།། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུ ་པ་འོད་སྲུངས་ཆེན་པོ་དང་། སེར་སྐྱའི་བུ་མོ་བཟང་མོ་དང་གཉིས་འདོད་ཆགས་ཆུང་བ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟ་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས ་ན་ཡང་ཞེས་བྱ་བའི་བར་དུའོ། ། དགེ་སློང་དག་འདི་གཉིས་ཀྱིས་ལས་བྱས་ཤིང་ཉེ་བར་བསགས་པ་ཞེས་བྱ་བའི་བར་ནས་རྒྱས་པར་བྱའོ།། དགེ་སློང་དག་སྔོན་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་ཞིག་ན ་ཞིང་པ་ཞིག་འདུག་པ་དེ་ནང་པར་སྔར་ལངས་ནས། རྨོན་པ་དང་གཤོལ་བླངས་ཏེ། ཞིང་རྨེད་དུ་འགྲོ་ཀར། ཆུང་མ་ལ་ཉི་མ་ཤར་བ་དང་གཡར་ཚུས་ཁྱེར་ལ་ཤོག་ཅིག་ཅེས་བསྒོའོ།། དེའི་ཆུང་མས་གཡར ་ཚུད་ཁྱེར་ཏེ་འོངས་པ་དང་། དེ་མ་ཐག་ཏུ་རང་སངས་རྒྱས་བསེ་རུ་ལྟ་བུ་ཞིག་ཀྱང་འོངས་ནས། དེ་ན་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་ལངས་པ་དང་། དེས་སྨྲས་པ་ཞེས་བྱ་བའི་བར་དང་། རང་སངས་རྒྱས ་ནམ་མཁའ་ལ་འདུག་གོ་ཞེས་བྱ་བ་ནས། བསོད་སྙོམས་བྲལ་ཏེ། སྨོན་ལམ་དག་བཏབ་པ།། འདི་ལྟར་ཉོན་མོངས་བཀུན་གྱིས་དབང་དུ་གྱུར་པས། ནོངས་པ་གང་བརྒྱ ་པ་དེ་ཞེས་བྱ་བའི་བར་ནས། བདག་ཅག་གཉིས་འདོད་ཆགས་ཆུང་བར་གྱུར་ཅིག་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན་ཞིང་བར་གྱུར་པ་གང་ཡིན་པ་དེ་ནི། འོད་སྲུངས་འདི་ཡིན་ནོ།། ་དེའི་ཚེ་དེའི་དུས་ན་ཞིང་པའི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི། སེར་སྐྱ་བཟང་མོ་འདི་ཡིན་ཏེ། དེ་གཉིས་ཀྱིས་དེའི་ཚེ་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པའི་ཕྱིར། འང ་གཉིས་འདོད་ཆགས་ཆུང་བར་གྱུར་ཏེ་ཞེས་བྱ་བའི་བར་དུའོ། ། དེའི་ཕྱིར་དགེ་སློང་དག་འདོད་ཆགས་སྤང་བའི་ཕྱིར་འབད་པར་བྱའོ།། དེ་ལྟ་ན་ཁྱེད་ཀྱིས་ཡོན་ཏན་གྱིས་ཚོགས་རྣམས་སྐྱེད་པར་འགྱུར་ཏེ། དགེ་སློང་དག ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། ། ཡང་དགེ་སློང་རྣམས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། སེར་སྐྱའི་བུ་མོ་བཟང་མོས་ལས་ཅི་ཞིག་བགྱིས་ན། གང ་གི་སླད་དུ་གཉིས་ཀ་རབ་ཏུ་བྱུང་བར་གྱུར་ཅེས་གསོལ་པའི་བར་དུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱིས་དབང་གིས་སོ།། གང་དུ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང ་ཁྱེར་ཆེན་པོའོ་ཕྱི་རོལ་གྱི་གྲོང་ཁྱེར་ན། རྫ་མཁན་གྱིས་སྤོང་སའི་ཁང་པ་ཞིག་ཡོད་པར་གྱུར་ཏོ།། སངས་རྒྱས་མི་བཞུགས་པའི་ཚེ་ན། རང་སངས་རྒྱས་འཕོངས་པ་དང་དམན་པ་ལ་སྙིང་རྗེ་བ་སེམས་ཅན་ལ་ཕན་འདོག ་པར་ཞུགས་པ་བྱུང་ངོ་། ། དེ་ནས་རང་སངས་རྒྱས་ཤིག་རྫ་མཁན་གྱི་སྤོང་སའི་ཁང་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྫ་མཁན་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན། སྤོང་སའི་ཁང ་པའི་ཕྱོགས་གཅིག་ཏུ་གནས་བཅའ་འོ། ། དེ་སྐད་ཅེས་སྨྲས་པ་དང་། རྫ་མཁན་གྱིས། རང་སངས་རྒྱས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་ཅི་བདེར་བཞུགས་ཤིག། དེ་ནས་རང་སངས་རྒྱས་དེ་སྤོང་སའི་ཁང་པའི ་ཕྱོགས་གཅིག་ཏུ་རྩའི་གདིང་བ་བཤམས་ནས། སྦྲུལ་གྱི་རྒྱལ་པོ་གཉིད་ལོག་པའི་ལུས་སྙིལ་བ་ལྟ་བུར་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ། དེ་ནས་རང་སངས་རྒྱས་གཉིས་པ་ཞིག་ཀྱང་འོངས་ཏེ་ཞེས་བྱ་བའི་བར་ནས། ་རྫ་མཁན་དེ་ལས་བརྙས་ཏེ་སྤོང་སའི་ཁང་པ་དེ་ཉིད་ཀྱིས་གྲེ་གཉིས་པར་འདུག་གོ། ཞེས་བྱ་བའི་བར་དུའོ།། གསུམ་པ་ཞིག་ཀྱང་འོངས་ནས་གྲཝ་གསུམ་པར་འདུག་གོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་བཞི་པ་ཞིག་ཀྱང ་འོངས་ནས་གྲཝ་བཞི་པར་འདུག་གོ་ཞེས་བྱ་བའི་བར་དུའོ། ། དེ་ནས་ཉི་མ་ནུབ་ནས་ནམ་སྲོས་པར་རིག་པ་དང་། རང་སངས་རྒྱས་བཞི་པོ་དེ་དག་ཉིད་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་། རྫ་མཁན་གྱིས། ་སྒོ་གསེབ་ནས་སྤོང་སའི་ཁང་པ་དེ་ཐམས་ཅད་བར། རབ་ཏུ་འབར་ཀུན་ཏུ་འབར། རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པར་མཐོང་ནས། དེས་བསམས་པ། ཡོན་གནས་འདི་ལྟ་བུ་དག་བྱོན་ནས་བདག་གི་སྤོང ་སའི་ཁང་པ་གང་ཡིན་པར་གནས་པར་གྱུར་པ་དེ་ནི། བདག་དབང་ཐང་ཆེ་བ་དང་ཕན་འདོགས་པ་དང་ལྡན་པ་ཡིན་ན་སྙམ་མོ།། ཡང་སྨྲས་པ། ཀྱེ་མའོ་ཡོན་གནས་བྱོན་པ་དག། རིང་མོ་ཞིག་ན་མཐོང་གྱུར ་བས་འཇིག་རྟེན་འདི་དང་ཕ་རོལ་ཏུ། ། བདག་ནི་བདེ་བ་ཉིད་དུ་འགྱུར།། རང་སངས་རྒྱས་དེ་དག་ཀྱང་ཡོན་བདག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར།། བསམ་བཏན་གང་། རྣམ་པར ་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་མཚན་མོ་འདས་པར་མཛད་ནས། གཅིག་ལ་གཅིག་ཀུན་དགའ་བར་འགྱུར་བ་རྩོམ་མོ།། དེ་ནས་རང་སངས་རྒྱས་དེ་རྣམས་ཀྱིས། གཅིག་ལ་སྨྲས ་པ། ཁྱོད་སུ་ཞིག། གང་དུ། ཅིའི་ཕྱིར། ཇི་ལྟར་རབ་ཏུ་བྱུང་།། དེ་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་།། དེས་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་རྣམས་ཀྱིས་ཡུལ་ཀ་ལིང་ག་ན་རྒྱལ་པོ་རྣ་ལག་ཅན ་ཞེས་བྱ་བ་བྱུང་བ་ཐོས་སམ། དེ་དག་གིས་སྨྲས་པ། ཟས་ཏེ་གཞན་ཡང་བདག་ཅག་གིས་རྒྱལ་པོ་རྣ་ལག་ཅན་དེ་ནི་འབྱོར་པ་དང་ཡོངས་སུ་གཟུང་བ་རྒྱ་ཆེ་བ། བཞོན་པ་གླང་པོ་ཆེ་དུ་མ་ཡོད་དོ་ཞེས་ཀྱང་ཐོས་སོ།། ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་ཇི་ལྟར་ཐོས་པ་དེ་བཞིན་མོད་ཀྱི། འོན་ཀྱང་བདག་གིས་ནི་རྒྱལ་སྲིད་ཀྱིས་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ་།། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས ་ཅི་ཞིག་མཐོང་ནས་རབ་ཏུ་བྱུང་། དེས་སྨྲས་པ། ཉེས་དམིགས་ཡོད་ནས། དེ་ཡང་མི་ཆེ་བ་ཞིག་གོ།། ཇི་ལྟ་བུ་ཞིག། བཙུན་པ་དག་ཉེན་ཅིག། བདག་འདི་ན་སྟེང་གི་ཁང་བཟངས་ཀྱིས་ཐོག་ན་འདུག་པའི་ཚེ། དེ་ན་བྱ་ཞིག་ས ་དུམ་དུ་ཞིག་ཁྱེར་ནས་ནམ་མཁའ་ལ་འཕུར་བན། དེན་དེའི་ཕྱིར་དེ་གཞན་མང་པོ་ཞིག་གིས་གཙེས་སོ།། དེས་དེ་བོར་བ་དང་། གཞན་གྱིས་བླངས་ཏེ། གང་གིས་དེ་བོར་བ་དེ་ནི་བཏང་ལ། གང་གིས་བླངས་པ་དེ་ནི་ཀུན ་ནས་བསྐོར་ཏེ། དེ་ལྟར་ཕུན་ཚུན་དུ་འཕྲོག་པར་བྱེད་པ་ན། བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། ལེན་པ་གང་ཡིན་པ་དེ་ནི་བཅིངས་ལ། འདོར་བ་གང་ཡིན་པ་དེ་ནི་གཏོང་བར་བྱེད་ན། བདག་རྒྱལ ་སྲིད་རྒྱས་པ་ཡོངས་སུ་ལོངས་སྤྱོད་པ་འདིའི་རྒྱུས། བདག་དང་ཉིང་འོག་གིས་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་། འགྱེད་པར་འགྱུར་བ་གདོན་མ་ཟོས་ཏེ། བདག་ནི་རྒྱལ་སྲིད་ཀྱི་བདེ་བ་དེས་ཆོག་གོ། ་སྙམ་ནས། རྒྱུ་དེ་དང་རྐྱེན་དེ་རྙེད་པས། བདག་ངེས་པར་བྱུང་སྟེ། དཀའ་ཐུབ་ཀྱིས་ནགས་ཚལ་དུ་ཡང་དག་པར་བརྟེན་ནས། དེར་བདག་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ།། ཡང་སྨྲས་པ། ་བྱ་ཡིས་ཤ་ཡི་དུམ་བུ་ཁྱེར་བ་ན། བྱ་གཞན་ཀུན་ནས་བསྐོར་ཞིང་འབྲང་བ་མཐོང་།། དེ་ལྟར་འདོད་པའི་ཡོན་ཏན་རིགས་བྱས་ཏེ། བསེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་གྱུར།། དེ་རྣམས་ཀྱིས་སྨྲས་པ། དེའི་ཚིག ་ཐོས་ནས་གཉིས་པ་ལ་ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་པའི་བར་ནས། ཚེ་དང་ལྡན་པ་རྣམས་ཀྱིས་ཡུལ་མི་ཐི་ལར། རྒྱལ་པོ་གདོང་མ་ལེགས་ཞེས་བྱ་བ་བྱུང་བ་ཐོས་སམ་ཞེས་བྱ་བའི་བར་ནས། སྟེང་གི་ཁང ་བཟངས་ཀྱིས་ཐོག་ན་འདུག་པའི་ཚེ་ཞེས་བྱ་བའི་བར་དུའོ། ། ཇི་ཙམ་ན་གླང་ཁྱུབ་གཉིས་འདོད་པའི་རྒྱུས། ཕན་ཚུན་སྣད་ཅིང་སྨས་པ་མཐོང་བ་ན། བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། འདི་ལྟར་རེ་ཞིག ་དུད་འགྲོའི་སྐྱེས་གནས་སུ་གྱུར་པ་འདི་གཉིས་ཀྱང་། འདོད་པའི་རྒྱུས་ཕན་ཚུན་སྣང་བ་དང་། སྨས་པར་གྱུར་ན་ཞེས་བྱ་བའི་བར་ནས། བདག་ཉི་འོག་གིས་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་།། ་མཚང་འདྲུ་བ་དང་། འགྱེད་པ་ཞེས་བྱ་བའི་བར་དང་། རབ་ཏུ་བྱུང་སྟེ། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་དུའོ།། ཡང་སྨྲས་པ། འདོད་པའི་གཞི་དང ་རྒྱུ་ཡིས་ནོག་གཡོ་ཞིང་། སྣང་དང་ཅིག་ཤོས་སྨྲས་པར་གྱུར་མཐོང་བས།། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། བིསི་རུ་ལྟ་བུར་གཅིག་པུ་སྤྱད་པར་གྱུར། དེའི་ཚིག་ཀྱང་ཐོས་པ་དང་། གསུམ་པ་ལ་ཁྱོད་པ ་ལས་ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་སོ། ། དེས་སྨྲས་པ། བདག་ཡུལ་ཝཱ་རཱ་ཎཱ་སིའི་གྲོང་ཁྱེར་གྱི་ཕོ་བྲང་འདི་ཉིད་དུ། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ནས། བཞོན་པ་གླང་པོ་ཆེ་བརྒྱ་ཕྲག་དུ་མ་བདོག་པར་གྱུར་ཏོ། ་ཞེས་བྱ་བའི་བར་དུའོ།། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ནི་ཅི་ཞིག་མཐོང་། འདོད་པ་ལ་སྐྱོན་ནི་ཅི་ཞིག་མཐོང་། དེས་སྨྲས་པ། ཁྱོད་ཉོན་ཅིག། བདག་འདི་ནི་དགུན་གྱིས་དུས་སུ་བུ་ལུག ་ལྡང་བ་འདས་ཏེ། སོས་ཀའི་ས་ལ་བབ་པ་ན། ཤིང་རྣམས་ཀྱི་མེ་ཏོག་ནི་ལེགས་པར་རྒྱས། བུང་བ་རྣམས་འཕུར་བའི་ལང་ལོང་གིས། མེ་ཏོག་གི་མགོ་ལྕོགས་སྡུག་གུ་རྣམས་ནི་ལྡེམ། ཙན་དན་བསྟེན་པ་དང་ནི ་རྗེས་སུ་མཐུན། ཁུ་བྱུག་གི་སྨན་འབྱིན། ནགས་ཚལ་གྱིས་ནང་ན་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙེ་དང་། རི་གས་རྣམས་ཀྱི་སྐད་འབྱིན་པ་ན། སླས་ཀྱི་བཙུན་མོ་དང་ལྷན་ཅིག་ཏུ་སྐྱེད་མོས ་ཚལ་གྱི་སར་སོང་བ་ན། དེར་བདག་གིས་ཨ་མྲའི་ཤིང་གིས་མེ་ཏོག་ཤིན་ཏུ་སྦ་བ་མཐོང་བ་དང་། སླས་ཀྱི་བཙུན་མོ་དེ་དག་མེ་ཏོག་ལ་ཆགས་པས། སྐད་ཅིག་ཏུ་དེ་དག་ཡལ་ག་རྣམས་བཅག་སྟེ་བཞག་གོ།། དེ་ལ ་བདག་འདི་སྙམ་དུ། རེ་ཞིག་ཕྱི་རོལ་གྱི་དངོས་པོ་འདི་དག་ནི་ཕུན་སུམ་ཚོགས་པ་ན་མཛེས་པ་ཡིན་ལ། ཉམས་པན་མི་མཛེས་པ་ཡིན་ན། བདག་གིས་རྒྱལ་སྲིད་འབྱོར་བ་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བམ ་བར་ལྟ་གདོན་མི་ཟ་བར་སྙམ་དུ་བསམས་ནས་རབ་ཏུ་བྱུང་སྟེ། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ།། ཡང་སྨྲས་པ། ཨ་མྲའི་ཤིང་རྩེ་མེ་ཏོག་ལེགས་རྒྱས་པ། ཡིད་འོང་གཟུགས་ལྡན ་ཆགས་པ་མཐོང་བ་ན། ། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ།། བསེ་རུ་ལྟ་བུར་གཅིག་པུ་སྤྲོད་པར་གྱུར། བཞི་པ་དེ་ལ་ཡང་དྲིས་པ། ཁྱོད་སུ་ཞིག། ཇི་ལྟར་རབ་ཏུ་བྱུང་།། དེས་སྨྲས་པ།། ཡུལ་བྲང་གིས ་ཉལ་ན། བདག་རྒྱལ་པོ་གཅེར་བུ་ཐུལ་ཅེས་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་ནས། སྟེང་གིས་ཁང་བཟངས་ཀྱི་ཐོག་ཏུ་སོང་སྟེ། དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་ཅིང་གནས་སོ།། དེ་ན་སླས་ཀྱི་བཙུན ་མོ་ཞིག་གསེར་གྱི་གདུ་བུས་བརྒྱན་ནས་ཚོན་རྩི་འཐག་གོ། ། དེ་འཐག་པ་ན་སྒྲ་བྱུང་བ་ལས་ཞེས་བྱ་བའི་བར་ནས། བདག་གིས་འདི་སྙམ་དུ་ཕྱི་རོལ་གྱི་དངོས་པོ་འདི་ནི་སེམས་མེད་པ་ཡིན་ཡང་། ཡང་དག་པར ་བརྡུངས་པ་ན་སྒྲ་འབྱུང་བར་འགྱུར་ན། བདག་གིས་རྒྱལ་སྲིད་འབྱོར་པ་གང་ཡིན་པ་ལོངས་སྤྱོད་པ་ཞེས་བྱ་བའི་བར་ལྟ་སྨོས་ཀྱང་ཅི་དགོས་པས། རྒྱལ་སྲིད་ཀྱིས་ཆོག་གོ་སྙམ་དུ་བསམས་ཏེ། བདག་གིས ་རྒྱལ་སྲིད་སྤངས་ནས་ཉེས་པ་དང་སྐྱོན་ཆུང་ངུ་མཐོང་བའི་རྐྱེན་རྙེད་པས། ངེས་པར་བྱུང་སྟེ་རབ་ཏུ་བྱུང་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ།། སེར་མགར་གྱིས་ནི་ལེགས་པ ་བརྡུངས་པ་ཡི། ། གསེར་གྱིས་འོད་གསལ་ལག་པའི་ཁྲིག་མ་གཉིས།། རྡུང་བ་ཐོས་པ་དེ་ལྟར་བདག་དང་ནི།། གཞན་དང་ལྷན་ཅིག་གླེང་གཞི་འདི་ཡི་རྒྱུས།། ཚིག་ངན་སྣ་ཚོགས ་འཐོན་ཅིང་སེམས་འཁྲུགས་པ། ། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ།། བསེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་གྱུར།། དེ་ལྟར་དེ་དག་གཅིགས་གཅིག་སྨྲས་ནས་འདུག་གོ།། དེ་ནས་རྫ་མཁན་དང་ཆུང་མ་ལྷན་ཅིག་ཏུ ་འདི་སྙམ་དུ། བདག་ཉིད་ཆེན་པོ་འདི་དག་གིས་རིགས་བརྒྱུད་རྒྱ་ཆེ་བའི་རྒྱལ་སྲིད་ཡངས་པ་ཡང་སྤངས་ནས། རབ་ཏུ་བྱུང་བར་གྱུར་ན། བདག་ཅག་གིས་ཅིའི་ཕྱིར་ཁྱིམ་དང་། ཕྲུ་རྟོག་དང་།། གཟར ་བུ་དང་བྲལ། སྦྲུལ་གྱིས་ཁྱིམ་གྱིས་འཚོ་ཆོས་བྱས་པ་ལ། ལོངས་སྤྱོད་ཀྱི་འདུ་ཤེས་འབྱུང་བའི་རྣམ་པ་འདི་ལྟ་བུ་ཡོངས་སུ་སྤངས་ནས། བདག་ཅག་རབ་ཏུ་བྱུང་བར་མི་བྱ་སྙམ་དུ་བསམས་སོ།། ཡང ་སྨྲས་པ། གྲོང་དང་ཡུལ་འཁོར་རིགས་བརྒྱུད་འབྱོར་པའི་ས་སྤངས་ནས།། ཚོགས་མེད་སེམས་ཀྱིས་མི་ཡི་འཇིག་རྟེན་རྒྱུ་བྱེད་ན།། བདག་ཅག་ཅི་ཕྱིར་བཀྲེན་པའི་ཚུལ་གྱིས་བསྒྲུབས་པོའི་ཡུལ།། རྒྱ་ཡིས་ཁྱེར་བལྟ ་བུ་མངོན་དུ་སྤྱོད་པར་བྱེད། ། དེ་ལྟར་དེ་དག་ནམ་ནངས་ཏེ་མཚན་མོ་ཟད་ནས་ནམ་ནངས་པ་དང་། རྫ་མཁན་ཁྱོ་ཤུག་གིས་ཞེས་སའི་སེམས་བསྐྱེད་དེ། རང་སངས་རྒྱས་དེ་དག་སྤྱན་དྲངས་ནས། བསོད ་སྙོམས་བྲལ་ཏེ་ཞེས་བྱ་བའི་བར་དང་། དེ་དག་སྟེང་གི་ནམ་མཁའ་ལ་འལགས་སོ་ཞེས་བྱ་བའི་བར་ནས། རྫ་མཁམ་གྱོ་ཤུག་གིས་སྨོན་ལ་མོ་བཏབ་པ། ཨ་ལ་མ་བདགཅག་གོས་སྦྱིན་པར་བྱ་བའི་ཆོས་ཡོང ་སུ་བཏང་བ་དང་། སེམས་བསྐྱེད་པའི་དགེ་བའི་རྩ་བ་འདིས། ནམ་དུ་ཡང་དབུལ་པོའི་ཁྱིམ་དུ་སྐྱེ་བར་མ་གྱུར་ཅིག། བདག་ཅག་ཀྱང་འདི་ལྟ་བུའི་ཆོས་དང་ལྡན་པའི་སྐུལ་བ་ཅན་དུ་ཤོག་གཅིག། ་བདག་ཅག་གིས་སྟོན་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་མ་ཉེས་པར་བགྱིད་ཅིང་། མི་མཉེས་པར་མི་བགྱིད་པར་གྱུར་ཅིག་ཅེས་བྱས་ནས། དེ་གཉིས་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བར་གྱུར་ཏོ།། རེ ་ཞིག་ན་རྫ་མཁན་བུམ་པ་ཐོགས་ནས་ཆུ་ཆུར་སོང་ངོ་ཞེས་བྱ་བའི་བར་དང་། ཆུང་མས་འཕྲིགས་ནས་སླར་བཟློག་སྟེ་ཞེས་བྱ་བའི་བར་ནས། ཆུང་མ་རབ་ཏུ་བྱུང་བ་དང་། དེས་བསམས་པ་བདག་ནི་བསླུས་ཀྱིས ་མེད་ན་ད་ཇི་ལྟར་བྱ། བྱིས་པ་ཁྱེའུ་འདི་གཉིས་བསྐྱེད་པར་བྱ་ཞིང་། བསྲིང་བར་བྱའོ་སྙམ་ནས། དེས་དེ་གཉིས་བསྐྱེད་བསྲིངས་ཏེ་ཆེན་པོར་གྱུར་པ་དེའི་ཚེ། རྫ་མཁན་གྱིས་སྨིན་པ་དང་། མ་སྨིན ་པ་དང་། ལན་ཚྭ་བྲོ་བ་དང་། ལན་ནཱ་མོ་བྲོ་བ་དག་གིས་བརྟག་པར་བྱས་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ།། སྨིན་དང་མ་སྨིན་དེ་བཞིན་དུ།། ལན་རཱ་བྲོ་དང་མི་བྲོ་བ།། ཤེས་པར་བྱིས་པ་གཉིས་སྐྱེས ་ན། ། བདག་ནི་རབ་ཏུ་འབྱུང་བའི་དུས།། དེས་བྱིས་པ་དེ་གཉིས་ལས་ནི་འདི་ལྟར་བརྐོ་བར་བྱའོ།། སྣོད་སྤྱད་ནི་འདི་ལྟར་བཅོང་ངོ་ཞེས་བྱ་བའི་བར་དུ་བསླབས་ནས། རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་དུའོ།། རྫ ་མཁན་བསོད་སྙོམས་བྱེད་པ་མཐོང་སྟེ་ཞེས་བྱ་བའི་བར་ནས། ཚིགས་སུ་བཅད་པ་སྨྲས་པ། སྨན་དང་མ་སྨིན་དེ་བཞིན་དུ། ལན་ཚྭ་བྲོ་དང་མི་བྲོ་བ།། ཤེས་པར་བྱིས་པ་གཉིས་སྐྱེས་ཀྱིས།། བཟང་མོ ་འང་སོང་ཞིག་བདག་ཀྱང་འགྲོ། ། ཞེས་བྱ་བའི་བར་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་རྫ་མཁན་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན ་ནོ། ། རྫ་མཁན་གྱིས་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱ་བཟང་མོ་འདི་ཡིན་ཏེ། དེའི་ཚེ་ཡང་འདི་དག་ཡིད་བྱུང་བ་ཆུང་ངུས་རབ་ཏུ་བྱུང་ངོ་།། ད་ལྟར་ཡང་ཆུང་ངུས་སོ།། དེ་ལྟ་བས་ན་ཅི་ཞིག་བྱ་ཞེ་ན། ངེས་པ ་འབྱུང་བའི་རྒྱུ་བསྟན་པས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུངས་ཆེན་པོ་དང་། སེར་སྐྱ་བཟང་མོ་ཇི་ལྟ་བ་དེ་བཞིན་དུ། དགེ་སློང་རྣམས་ཀྱིས་བསླབས་པར་བྱའོ།། ་བར་སྡོམ་ལ། ཀ་ལིང་ཀ་དང་ལག་རྣ་ཅན།། མི་ཐིལ་དང་བཞིན་མ་ལེགས།། ཀ་ཤི་དང་ནི་ཚངས་བྱིན་དང་།། བྲང་གིས་ཉལ་དང་གཅེར་བུ་ཐུལ། ཡང་དགེ་སློང་རྣམ་ཐེ་ཙོམ་སྐྱེས་ནས། ཐེ་ཙོམ ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སེར་སྐྱ་བཟང་མོས་ལས་ཅི་ཞིག་བརྒྱས་ཤིང་བསགས་ན། འདི་ལྟར་རྣམ་པར་སྨིན་པས། གཟུགས་བཟང་ཞིང ་མཛེས་ལ། བལྟ་ན་སྡུག་པར་གྱུར་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་སྔོན་འབྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་ཞིག་ན། རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་པ་ནས། ཚོང་དཔོན་ཕྱུག་པ ་ནོར་མང་བ། ལོངས་སྤྱོད་ཆེ་བ་ཞེས་བྱ་བའི་བར་དུའོ།། དེ་ཡང་སྐྱེ་བོའི་ཚོགས་རྣམས་ལ་བལྟ་བ་ན། སེམས་ཅན་བརྒྱ་སྟོང་དུ་མ་རྐང་ལག་རྩུག་པ། སུས་སེར་ག་ཅན། མགོ་ལེགས་པ། རྡུལ་གྱིས་ཡོག ་པ། ཁ་མིག་ཉམས་པ། ཚ་བ་དང་། ལྷགས་པས་ཉམས་ཐག་པ། སྡུག་བསྔལ་དང་ལྡན་པ་མཐོང་ངོ་།། གཞན་དག་ནི་ལུས་ལ་གོས་ཟང་པོ་དང་། རྒྱན་གྱིས་ཁྱད་པར་གྱིས་ཀླུབས་པ། རྟ་དང་། གླང་པོ་དང་། ་མི་དང་། ཤིང་རྟའི་གཞོན་པ་ཅན་འབྱོར་པ་མཆོག་དང་ལྡན་པ་ཡང་མཐོང་ནས། དེ་འདི་སྙམ་དུ་སེམས་ཅན་སྡུག་བསྔལ་བ་འདི་རྣམས་ཀྱིས་འདི་ལྟར་སྦྱིན་པ་མ་བྱིན་པའི་ལས་དེས། རྣམ་པ་འདི་ལྟ་བུར་གྱུར་ལ། ་ལྟར་ཡང་འདི་དག་གིས་རབ་ཏུ་སྦྱིན་མི་ནུས་པའི་ཕྱིར། འདི་ནས་ཤི་འཕོས་ནས། འགྲོ་བ་ཤིན་ཏུ་དམན་པ་གང་ཡང་རུང་བར་སྐྱེ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་དག་ཡོད་དོ།། སྦྱིན་པ་ཁྱད་པར་ཅན་གྱིས་ནི།། ལོངས ་སྤྱོད་ཅན་འདི་དག་ཏུ་གྱུར་ཏོ། ། བདག་གིས་ཀྱང་གདོན་མི་ཟ་བར་སྐྱེ་བོ་གཞན་དག་ལ་སྦྱིན་པ་བྱིན་པ་དེས་ན། རྣམ་པ་འདི་ལྟ་བུའི་འབྱོར་པ་རྙེད་པར་གྱུར་ཏོ།། ད་ཡང་བདག་གིས་བྱིན་ལ། ཚེ་རབས་གཞན་དུ་སྡུག ་བསྔལ་བར་མི་འགྱུར་བར་བྱའོ་སྙམ་དུ་བསམས་སོ། ། དེས་དེ་ལྟར་བསམས་ནས། ཁྱིམ་དུ་སོང་སྟེ་རང་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་འཇིག་རྟེན་ཕ་རོལ་ཏུ་ནོར་བསགས་པའི་རྣམས་ཁྱེར་ལ་དོང་ངོ་།། ། ་དེས་སྨྲས་པ། དེ་ལྟར་བགྱི་ཡིས། བཞོན་པ་རྟ་དང་། རྔ་མོ་དང་། བོང་བུ་དག་སྟ་གོན་མཛོད་ཅིག། དེས་སྨྲས་པ། བཞོན་པ་འདི་དག་གིས་ཅི་ཞིག་བྱ། ཐུན་མོང་གི་ནོར་དག་འཇིག་རྟེན་ཕ་རོལ་ཏུ་བཀུར་མི་ནུས ་བ་ཉིད་དོ། ། འོན་ཀྱང་འཕོངས་པ་དང་། བཀྲེན་པ་དང་། ལོང་བ་དང་། ཚོང་པ་རྣམས་ཁྱིམ་དུ་འོངས་པ་རྣམས་ཀྱི་རེ་ཐག་མི་ཆད་པ་ཇི་ལྟ་བར་སྦྱིན་བྱེན་ཅིག། དེས་སྨྲས་པ། དེ་བཞིན་དུ་བགྱིའོ།། སངས་རྒྱས་བཅོམ ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་རྩེ། རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བས། རང་སངས་རྒྱས་རྐེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་ཞིག། རྒྱལ་པོའི་ཕོ་བྲང་འཁོར ་དུ་བསོད་སྙོམས་ལ་ཞུགས་པ་ལས། ནེ་ཚོང་དཔོན་དེའི་ཁྱིམ་སྒོ་ན་འདུག་པ་དང་། བྲན་དང་བྲན་མོ་དག་ཆུ་བཅུ་པའི་ཕྱིར་ཁྱིམ་དེ་ནས་བྱུང་བ་དང་། དེ་དག་གི་རྐེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་དེ་མཐོང་ནས ་དེ་དགིས་འདི་སྙམ་དུ་སྡུག་བསྔལ་བ་གང་ཡིན་པ་དེ་ལ། གང་འདོད་པ་དེ་བྱིན་ཅིག་ཅེས་ཇོ་བོས་བསྒོ་བས། འཕགས་པ་སློང་མོ་པ་འདི་ལ་ཡང་དེ་བསྟན་པར་བྱའོ་སྙམ་དུ་བསམས་ནས། དེ་དག་གིས། བཙུན་པ ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱིམ་འདིར་བཞུད་ཅིག་དང་། སློང་རྙེད་པར་འགྱུར་རོ།། དེ་སོང་བ་དང་། ཚོང་དཔོན་གྱིས་ཆུང་མས་དེ་མཐོང་ན། རྐེ་ཞིང་ཉམ་ཆུང་ལ་རློས་ཧྲུལ་པོ་ཅན་ཞིག་གོ་སྙམ་དུ་བསམས་ནས ་སློང་མོ་མ་བྱིན་པ་དང་། དེ་དེ་ནས་ཕྱིར་བྱུང་ངོ་།། བྲན་མོ་དེ་དག་ཀྱང་བུམ་བརྒྱས་བཀང་ནས་སླར་འོངས་པ་དང་། དེ་དག་གིས་ལྷུང་བཟེད་སྟོང་པར་མཐོང་ནས། དེ་དག་གིས་དྲིས་པ། ཁྱོད་ཅི་ཁྱིམ་འདི་མ་བྱོན ་ནམ། དེས་སྨྲས་པ། འོངས་ཀྱང་སློང་མོ་མ་རྙེད་དོ།། དེ་དག་གིས་དེ་ཕྱིར་བཟློག་སྟེ་ཁྲིད་ནས། དེ་དག་གིས། ཇོ་མོ་ལ་སྨྲས་པ། ཅིའི་སླད་དུ་འདི་ལ་བསོད་སྙོམས་མ་སྩ་ལ། དེས་སྨྲས་པ། འདི་ལང་བ་དང ་པས་སོ། ། དེ་དག་གིས་སྨྲས་པ། ཅི་ཇོ་བོས་ཁ་དོག་བཟང་བ་དང་དད་ན་བྱིན་ཅིག་ཅེས་ཁྱོད་ལ་བསྒོའམ། དེས་སྨྲས་པ། འདི་ལ་ང་མ་ངད་པ་ཕན་ཚད་མང་དུ་སྨྲས་ཀྱང་ཅི་ཕན། བྲན་མོས་འདི་སྙམ་དུ་དག་གིས་དགེ ་སློང་འདི་བཟུང་ནས་ལན་གཉིས་ཀྱིས་བར་དུ་བཟློག་ན་ད་རེ་ཐག་བཅད་ནས། ཛ་ལྟར་གཏང་བར་བྱ་སྙམ་དུ་བསམས་ནས། དེས་ཇོ་མོ་ལ་སྨྲས་པ། བདག་གིས་འཚལ་མ་ནར་མ་གང་ལགས་པ་དེ་བདག་ལ་སྩལ ་དུ་གསོལ། དེས་ཀྱང་བྱིན་པ་དང་། བྲན་མོ་དེས་ཉིན་པར་གྱིས་ཟན་བྱེ་བྲེའུ་ཆུང་གང་བླངས་ནས་དེ་ལ་ཕུལ་ཏེ། དེས་ཡང་འདི་སྙམ་དུ་འཕགས་པ་དེ་ནི་ཆོས་གོས་ཧྲུལ་པོར་འདུག་པས་ཁྱད་དུ་བསད་པ་ཡིན་གྱིས ་བདག་གིས་རས་ཡུལ་དེ་ལ་དབུལ་ལོ་སྙམ་དུ་བསམས་ནས། དེས་དེ་ལ་རས་ཡུག་དཀར་པོ་ཡང་དབུལ་ལོ།། རང་སངས་རྒྱས་དེས་ཀྱང་འདི་སྙམ་དུ། བུ་མོ་འདིས་བསོད་ནམས་མང་པོ་བསྒྲུབས་པར་འགྱུར་བར ་བྱའོ། ། སྙམ་དུ་བསམས་ནས། དེ་ཉིད་ཀྱིས་དད་པ་བསྐྱེད་པའི་ཕྱིར། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ནམ་མཁའི་དཀྱིལ་དུ་འཕགས་སོ།། དེས་དེ་མཐོང་མ་ཐག་ཏུ་སེམས་དད་པར་གྱུར་ནས་དགའ ་བ་དང་། མགུ་བ་དང་། རངས་པའི་བསམས་ས་པུས་མོ་ས་ལ་བཙུགས་ཏེ། ཞབས་ལ་ཕྱག་འཚལ་ནས། ཇི་ལྟར་འཕགས་པ་འདི་ལ་བ་ཅུང་ཟད་ཁྱད་དུ་བསད་པ་གང་ཡིན་པ་དེ་ཡང་ཁ་དོག་ངན་པ་ལས་གྱུར་ཏེ། ་སྙམ་ནས་སྨོན་ལམ་བཏབ་པ། ཨ་ལ་ལ་བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས། གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་གཟུགས་མཛེས་ཤིང་མདོག་བཟང་བ་ཤིན ་ཏུ་བསྟན་སྡུག་པར་གྱུར་ཅིག། ནམ་དུ་ཡང་ནེ་བ་དང་ཁནིག་ངན་པར་མ་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་རྒྱལ་པོ་ཞིག་བློན་པོའི་ཚོགས་ཀྱིས་བཀར་ནས། སྐྱེས་བུ་བརྒྱ་སྟོང་དུ་མས་བསྐོར་ཅིང་འདུག་པ་དེའི ་@དུ། རང་སངས་རྒྱས་དེའི་གྲིབ་མ་བབ་པ་དང་། དེས་སྟེང་དུ་བལྟས་ནས། རང་སངས་རྒྱས་ཆོས་གོས་བགོས་པ། རས་ཡུག་ཐོགས་པ། རིལ་པ་སྨྱོའུ་བླུགས་དང་ལྷུང་བཟེད ་ནག་པོ་ཐོགས་པ། གཅིག་ཏུ་ཝ་ཞིང་མཛེས་པ་ཞིག་ནམ་མཁའ་ལ་འགྲོ་བ་མཐོང་ནས། དེས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་བདག་ཉིད་ཆེན་པོ།། ཡུལ་གྱི་བསོད་ནམས་སོ་སོར་ལེན་པ་གང་ཡིན་པན ་བདག་དབང་ཐང་ཆེ་བ་དང་ཕན་འདོགས་པ་དང་བཅས་པ་ཡིན་ནོ་སྙམ་དུ་བསམས་ནས། དེས་སྨྲས་པ། དེང་འདི་ལ་བསོད་སྙོམས་འབུལ་བར་བྱེད་པ་གང་ཡིན་པ་དེ་ལ་ནི། དེང་གྲོང་ཁྱེར་གྱིས་མཆོག་སྦྱིན་པར་བྱའོ།། ་ཚོང་དཔོན་དེ་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པས། དེས་འདི་སྙམ་དུ་བདག་གིས་བསོད་སྙོམས་པ་ཐམས་ཅད་ལ་སྦྱིན་པ་བྱིན་ཅིག་ཅེས་ཁྱིམ་དུ་བསྒོ་བས། གདོན་མི་ཟ་བར་བདག་གི་ཁྱིམ་ནས་བསོད་སྙོམ ་བུལ་བ་ཡིན་གྱིས། སོང་ལ་བརྟག་པར་བྱའོ་སྙམ་དུ་བསམས་ནས། དེ་ལངས་ནས་རིངས་པར་ཁྱིམ་དུ་སོང་ངོ་།། ཆུང་མོ་དེས་ཀྱང་དེའི་རྫུ་འཕྲུལ་མཐོང་སྟེ། སེམས་དད་པར་གྱུར་ནས། བྲན་མོ་ལ་སྨྲས་པ། བྲན ་མོ་བསོད་ནམས་ནི་ང་ཡིར་བྱའོ། ། ཁྱོད་ལ་ནི་ངས་ཁ་ཟས་མཆོག་ཏུ་བསོད་པ་བདག་སྦྱིན་ནོ།། དེས་དེ་ལ་སྨྲས་པ། ཁྱོད་རྗེ་མོ་ཡིན་པས་བདག་གིས་སྲོག་ལ་དབང་གི། བསོད་ནམས་ལ་ནི་མ་ཡིན་པས་མི་སྦྱིན་ནོ།། ་དེས་ཁྲོས་ཤིང་འཁྲུགས་པས་ཀུན་ནས་དཀྲིས་ཤིང་འདུག་པས། ལག་པའི་འཁྲིག་པ་གདུ་བུ་དང་བཅས་པས། དེའི་མགོར་བརྒྱབ་པ་དང་། གདུ་བུ་བོས་པས་དེའི་མགོ་སྡད་ནས་ཁྲག་བྱུང་བར་གྱུར་རོ་པ་དང་། ་ཚོང་དཔོན་ཡང་འོངས་ཏེ། དེས་འདི་ཅི་ཉིས་ཞེས་དྲིས་སོ།། དེས་ཀྱང་ཇི་ལྟར་གྱུར་པ་དེ་ལ་རྒྱ་ཆེར་སྨྲས་པ་དང་། ཚོང་དཔོན་དེ་ཁྲོས་ནས། བྲན་མོ་དོ་རྒྱན་ཐམས་ཅན་གྱིས་བརྒྱན་ཏེ། ཁྱིམ་བདག་ཏུ་བརྩ ་ནས། དེས་ཀྱང་ཇི་ལྟར་གྱུར་པ་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་སྨྲས་པ།། དེ་ནི་ཇོ་མར་འོས་ཏེ། ཁྱོད་ཀྱིས་ལེགས་པ་ཞིག་བྱས་སོ།། གལ་ཏེ་ཁྱོད་ཀྱིས་དེ་ལྟར་མ་བྱས་སུ་ཟིན་ན།། ངས་བྲན་མོ་མ་ཡིན་པར་བྱས་པར ་འགྱུར་རོ། ། འོན་ཀྱང་ངས་དེ་ལ་གྲོང་ཁྱེར་གྱིས་མཆོག་སྦྱིན་ནོ།། དེ་དད་པ་ཐོབ་པ་དང་། རྐྱེན་རྙེད་པས་དགེ་སྦྱོང་དང་། བྲམ་ཟེ་དང་། ཚོང་པ་རྣམས་ལ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས།། ཚུལ་ཁྲིམས་ཀྱང ་བསྲུངས་ནས། འཆི་བའི་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་ནང་དུ་སྐྱེས་སོ།། དེ་གཟུགས་ཕུན་སུམ་ཚོགས་པ་འོད་དང་། གཟི་མདངས་དང་། སྣང་བ་རྒྱ་ཆེན་པོ་ཅན་དེ་ལྟ་བུར་གྱུར་པ་དང་། ལྷའི ་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ཏོ། ། ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡང་ཡ་ཡ་པོར་གྱུར་ཏེ། དེ་དག་ཕན་ཚུན་དུ་འདི་ནི་བདག་གིས་ཡིན་ནོ།། འདི་ནི་བདག་གི་ཡིན་ནོ་ཞེས་སྨྲ་བར ་གྱུར་ཏོ། ། དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་འདོད་ཆགས་ཀྱི་སྐྱོན་གྱིས་སེམས་ལྷག་པར་གདུངས་པར་ཚིགས་སུ་བཅད་པ་སྨྲ་བར་བྱེད་པ་གང་ཡིན་པ་དེའི་ཡིན་པར་འགྱུར་རོ།། དེ་དག་ལས། གཅིག་གིས ་སྨྲས་པ། བློང་ཞིང་རབ་ཏུ་བློང་གྱུར་པས།། བདག་ལ་ཕྱོགས་ནི་སྣང་བ་མེད།། དེ་ལ་སེམས་ནི་གནས་གྱུར་པ།། དེ་ཕྱིར་གྲོགས་དག་འོད་འདོད་དོ།། གཉིས་པས་སྨྲས་པ། ཀྱེ་མའོ་ལྷ་དབང་གང་ཞིག་ནི།། ་ཚིགས་བཅད་སྤྲུལ་དེ་རེ་བདེ།། གཡུལ་ངོའི་སྣ་ལ་རྔ་བརྡུངས་པ།། དེ་ལྟར་བདག་ནི་འདོད་ཆགས་སྐྱེས།། གསུམ་པས་སྨྲས་པ། རྔ་ཆེན་བརྡུངས་པར་གྱུར་ཀྱང་ནི། དེ་དང་དེར ་ནི་ངལ་སོར་ཡོད། ། ཆུ་ཀླུང་ཆེན་པོ་མི་བཟད་ལྟར།། དེ་ལྟར་བདག་གི་འདོད་ཆགས་སྐྱེས།། བཞི་པས་སྨྲས་པ། མི་བཟོད་པ་ཡིས་ཁྱེར་གྱུར་ཀྱང་།། དེ་དང་དེར་ནི་ཐོགས་གྱུར་གྱི།། ཕྱེ་མ་ལེབ་ལྟར་བདག ་གི་མིག། རྟག་ཏུ་འཛུམས་པ་མེད་པར་གྱུར།། བརྒྱ་བྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ་སྨྲ་བའི་ཕྱིར།། ཁྱེད་ཅག་ཐམས་ཅད་བདེ་བ་ཡིན།། བདག་ནི་ཇི་ག་འཆི་འགྱུར་བ་འམ།། གསོན་པར་འགྱུབའང་མི ་ཤེས་སོ། ། དེ་དག་གིས་འདི་སྙམ་དུ་ཡུལ་འདི་ནི་བརྒྱ་བྱིན་འདོད་པས། གནས་འདི་ནས་ཤི་འཕོས་ན་མི་རུང་ངོ་སྙམ་དུ་བསམས་ནས། དེ་དག་གིས་བརྒྱ་བྱིན་ལ་བྱིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དེའི་ཚེ་དེའི་དུས་ན་བྲན་མོར་གྱུར་པ་གང་ཡིན་པ་དེ་ནི། སེར་སྐྱ་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་དེ་ལ་བསོད་སྙོམས་རབ་ཏུ་ཕུལ་བ་དང་། རས་ཡུག་ཕུལ་བར་གྱུར་པ་ཞེས་བྱ་བའི་བར་ནས། རྒྱུ་དེས ་གཟུགས་བཟང་བ་དང་མཛེས་པར་གྱུར་ཏོ། ། ཡང་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་རེ་ཞིག་ལྷའི་བུ་མོས་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་པོར་གྱིས་པ ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ན་དེས་གང་གིས་ཕྱིར་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་པོར་བྱས་པ་ངོ་མཚར་མི་ཆེའོ།། འོན་ཀྱང་དགེ་སློང་དག་སྔོན་འདས ་པའི་དུས་ན། འདི་ཉིད་ཀྱིས་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ་བཀྲབས་པ་རྣམས་ཡ་ཡ་པོར་བྱས་པ་དེ་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བའི་བར་ནས། ལྷའི་བུ་མོ་འདི་ཉིད་ཅེས་བྱ་བའི་བར་ནས། འཛམ ་བུ་གླིང་དུ་རིགས་མཐོ་བ། ནོར་ཆེ་བརྫས་ཀྱིས་ཆོ་ག་མང་པོ་ཞིག་ཏུ་སྐྱེས་ནས། འདོད་པ་སྤྱོད་པ་ཞིག་ཏུ་གྱུར་ཏོ་ཞེས་རྒྱ་ཆེར་བརྗོད་དོ།། ཚོང་དཔོན་ཞིག་གིས་ཆུང་མར་བླདྲ་བ་དང་། དེ་ལ་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ་བཀྲབས་པ་དང་ལྔ ་པོ་དེ་དག་གིས་དེ་མཐོང་བ་དང་། འདོད་ཆགས་ཀྱི་ལྷག་པར་གདུངས་པར་གྱུར་ནས། དེ་ལ་ཡང་སོ་སོ་ནས་པར་མི་དག་བཏང་བ་དང་།། དེས་ཀྱང་ཉན་ཏོ།། དེ་ནས་དེ་ཁྱོ་ལ་རག་ལས་པས་དེ་རིང་སང་ཞེས་སྨྲ་ཞིང ་དེ་རྣམས་ཀྱི་སེམས་བསྲུང་ཞིང་འདུག་གོ། ། དེ་ནས་དེ་དག་ལ་གཅིག་གིས་འདི་སྙམ་དུ་བསམས་ཏེ། ཉི་མ་ཡང་མང་ཞིག་ཐལ་བས། དེའི་ཕྱིར་བདག་གིས་ཞེས་བྱ་བའི་བར་དུའོ།། དེས་ཀྱང་དེ་དག་ལ་བདག ་དེ་རིང་འོང་ངོ་ཞེས་དུས་བཏབ་པ་དང་། དེ་དག་གིས་ཁྱོད་གང་དུ་ཚོང་། ཁོ་བོ་ཅག་གར་འོང་ཞེས་དྲིས་སོ།། དེས་ཀྱང་གྲོང་ཁྱེར་འདི་ནས་ཧ་ཙང་ཡང་མི་རིང་ཞིག་ན། ཤིང་ནྱ་གྲོ་དྷ་གནམ་འབང་དུ་མཐོ་བ ་ག་རབ་ཏུ་འབྱུང་བ། ལོ་མ་སྡུག་པོ་ཡོད་པར་དེ་ལ། ཤིང་དེ་ལ་འཛེགས་ཏེ་འདུག་ཅིག་དང་། བདག་ནེའུ་རེ་འོང་ངོ་ཞེས་སོ་སོར་བསྟན་ནས། དེ་ཁྱོ་ལ་སྐབས་ཚོལ་ཞིང་འདུག་གོ།། དེས་ཀྱང་དེ་ལ་འདི་ནི ་ལྟར་སེམས་སོ་ཞེས་བྱ་བར་འཕྲོགས་ནས། དེས་དེ་བརྡེགས་ནས་ཀ་བ་ལ་བཅིངས་སོ།། དེ་ན་གཅིག་ལ་སྨྲས་པ། སོང་ལ་ཤིང་དེ་ལ་འཇིགས་ཏེ། ཤར་ཕྱོགས་ཀྱིས་ཤིང་གི་ཡལ་ག་ལ་འཛེགས་ལ་འདུག་ཅི ་དང་དྷ་བདག་དེའུ་རེ་འོང་དེ་ཞེས་བྱས་པ་དག་དེ་ཀཱ་ཀྟ། ། ས་དུམམ་པར་བརྗོད་དོ།། གཉིས་པནི་ཤིང་ངོ་ལྷོ་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ།། གསམ ་པ་ནི་ནུབ་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ། ། བཞི་པ་ནི་བྱང་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ།། མཆོག་ཏུ་བཀྲབས་པ་དེས་ཀྱང་དེ་བཞིན་དུ་བྱས་ཏེ། ཤིང་དེའི་དབུས་ཀྱི་ཡལ་ག་ལ་འཛེགས་ཏེ། ་འདུག་གོ།། དེ་ནས་དེ་རྣམས་དེ་ན་མཚན་གཅིག་ཏུ་ལྷགས་པས་བྲེད་བཞིན་དུ་འོང་ངོ་སྙམ་པ་ལས། ནམ་མངས་ཀྱིས་བར་དུ་བུད་མེད་དེ་ཡང་མ་འོངས་སོ།། མཚན་མོ་ཟད་དེ་ན་མ་ནངས་པ་དང་། ཤར་ཕྱོགས་ཀྱི ་ཡལ་ག་ལ་འདུག་པ་དེས་ཚིགས་སུ་བཅད་དེ་སྨྲས་པ། འདི་ལྟར་ཉི་མ་ཤར་ཟིན་ལ།། ཞིང་པ་གྲོང་ནས་དོང་ཟིན་ཀྱང་།། བརྫུན་ཅན་མ་ནི་མ་འོངས་པར།། ནྱ་གྲོ་དྷ་ཡིས་ཤེས་པར་གྱིས།། ལྷོ་ཕྱོགས་ཀྱི་ཡལ ་ག་ལ་འདུག་པས་སྨྲས་པ། བུད་མེད་དེ་ནི་འོངས་གྱུར་ཏེ།། དེ་ནི་བརྫུན་ཅན་མ་ཡིན་ཡང་།། ལེགས་ལྡན་ཉི་མ་འདི་ཉིད་ནི།། ཤིན་ཏུ་མྱུར་བར་ཤར་བར་གྱུར།། ཤར་ཕྱོགས་པས་སྨྲས་པ། རེམ་པའང་འོངས ་སམ། སྨྲས་པ། ལོས་མོད། དེ་ནས་ནུབ་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་ཚིགས་སུ་བཅད་དེ་སྨྲས་པ། ཉི་མ་དུས་སུ་ཤར་བས་ན།། ཞིང་པ་རྣམས་ཀྱང་གྲོང་ནས་དོང་།། བདག་གིས་དུས་ནི་མ་ཤེས་པས།། མཚན ་གཅིག་མིག་གི་རྩེ་མ་སྦྱར། ། རེ་ཞིག་ན་བྱང་ཕྱོགས་ཀྱི་ཡལ་གལ་འདུག་པས་སྨྲས་པ། བདག་གིས་འདིར་ནི་དུས་ཤེས་མ་གྱུར་པས།། མཚན་གཅིག་ཐོག་ཁྲག་ལྷགས་པས་དེ་སོད་དོ།། གང་ཞིག་གཞན་གྱིས་བུ ་མེན་ལ་ཐགས་པ། ། དེ་ནི་དི་དང་གཞན་དག་སློབ་པ་ཇུམ།། དེ་ནས་མཆོག་ཏུ་བཐབས་པས་སྤྲུ་ལ། ད་ཅག་སབས་པས་ན་སོངས།། དབ་མྱ་ངན་ས་བྱེད་། ནཱམྦྷ་དྷན་ཉིས་མེད་པར། ལག་པ ་མྱ་ངན་བྱེད། ། རེ་ཞིག་ན་ཤིང་ལ་གནས་པའི་ལྷས། དེ་དག་བསླུས་པ་མཐོང་ནས། སྔར་སྤྱོད་ཏེ། འདི་སྐད་ཅེས་སྨྲས་སོ།། བདག་ཉིད་དང་ནི་དེ་བཞིན་དུ།། མི་འདྲི་བཞི་ལ་མྱ་ངན་བྱེས།། དཔྱིད་ཟླ་བཆུངས ་བྱུང་བ་ན། གང་དག་བཅད་པ་སྐྱེ་བར་གྱུར།། དེ་དག་བུད་མེད་ལ་རོ་ཐག་ཆད་ནས།། ཤོད་དུ་བབས་ཏེ་རང་རང་གིས་ཁྱིམ་དུ་དོང་ངོ་།། བུད་མེད་དེ་ཡང་ཁྱིམ་ཐབ་ཀྱིས་བཀྲོལ་བ་དང་། དེ་མི་མངོན་པར་ཤིང་དེ་གང་ན་བ ་དེར་སོང་བ་དང་། དེ་དག་གིས་མཐོང་ནས་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་ངེད་ཅག་བསླུས། དེས་ཇི་ལྟར་གྱུར་པའི་ལོ་རྒྱུད་རྣམས།། དེ་དག་ལ་སྨྲས་སོ།། དེ་ནས་དེ་དག་གིས་སྨྲས་པ། ཁྱོད་མིག་སྔར་འོངས་སོ།། དེས་འདི ་སྙམ་དུ་བདག་སྐྱེས་པ་ལྔ་དང་། འདི་ལྟར་ཁྱིམ་ཆོས་བྱ་བར་ག་ལ་ནུས་སྙམ་དུ་བསམས་ནས། དེས་དེ་དག་ལ་སྨྲས་པ། ཁྱེད་ཅག་ལས་གང་ཞིག་མེ་ཏོག་མཛེས་པ་ཐམས་ཅད་ཁྱེར་ཏེ་འོང་བ་དེ་དང་ལན་ཅིག་དགའ ་བ་ཉམས་སུ་མྱོང་བར་བྱའོ། ། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་ཡང་། རྒྱལ་པོའི་པདྨ་རྣམས་སྲུང་ཞིང་རབ་བྱེད་པ། རྣ་བ་དང་སྣ་བཅད་པ་ཞིག་ར་བ་བྱེད་དོ།། དེ་དག་དེར་སོང་ནས་འདི་སྙམ་དུ་ཟོང་དག་ཁྱེར་ཏེ་མ་འོངས ་མོད་ཀྱི། འོན་ཀྱང་མི་དེའི་བསྔགས་པ་བརྗོད་པ་དང་། དགའ་བར་གྱུར་ནས། བདག་ཅག་ལ་མེ་ཏོག་དག་སྟེར་རོ་སྙམ་དུ་སེམས་སོ།། དེ་ནས་དེ་དག་ལས་གཅིག་གིས། དེ་ལ་སྨྲས་པ། ཇི་ལྟར་སྨིག་མ ་འདས་བུ་དག། བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། དེ་ལྟར་ཁྱོད་ཀྱིས་སྔ་སྐྱེས་ཤོག། མེ་ཏོག་སློང་གིས་སྤྲུལ་པར་མཛོད།། གཉིས་པས་སྨྲས་པ། ཇི་ལྟར་ཀུ་ཤ་ཀ་ཤ་དག། ་བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ།། དེ་ལྟར་ཁྱོད་ཀྱིས་སྣ་སྐྱེས་ཤིག། པདྨ་སློང་གིས་སྩལ་བར་མཛོད།། གསུམ་པས་སྨྲས་པ། ཇི་ལྟར་དུར་བ་འཛག་མ་དག། བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། ་དེ་ལྟར་ཁྱོད་ཀྱིས་སྣ་སྐྱེས་ཤིག། མེ་ཏོག་སློང་གིས་སྩལ་བར་མཛོད།། བཞི་པས་སྨྲས་པ། ཇི་ལྟར་སྐྲ་དང་ཨག་ཙོམ་དག། བྲེགས་ཤིང་ཕྱིར་ཡང་སླར་སྐྱེ་བ།། དེ་ལྟར་ཁྱོད་ཀྱིས་སྣ་སྐྱེས་ཤིག། མེ ་ཏོག་སློང་གིས་སྩལ་བར་མཛོད། ། ལྔ་པས་སྨྲས་པ། མི་གང་པདྨ་སློང་བྱེད་པ།། དེ་ཀུན་ཁྱོད་ལ་བཀྱལ་བ་ཟེར།། པདྨ་བྱིན་རུང་མ་བྱིན་རུང་།། ཁྱོད་ཀྱི་སྣ་ནོ་སྐྱེས་མི་འགྱུར།། མི་དེས་འདི་སྙམ་དུ་མི་བཞི ་བེས་ནི་བདགལ་གྱིས་ན་ཞིག་སྨྲས་ཀྱི། མི་ལྡེ་པས་ན་ཇི་ལྟ་བ་བཞིན་དུ་སྟོང་ནས་སྤྲས་ཀྱིས། བདག་གིས་དེ་ལ་པདྨ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། དེས་དེ་ལ་པདྨ་ཛ་སྙེད་དགོས་པ་བྱིན་པ་དང་།། དེ་དག ་བ་དང་། མགུ་བ་དང་། རངས་པའི་བསམ་པས། པདྨ་བླངས་ཏེ། དེ་བུད་མེད་གང་ན་བར་སོང་ནས། དགའ་བ་ཉམས་སུ་མྱོང་བར་བྱས་སོ།། དེ་ནས་དེ་གཉིས་ཀྱིས་འདི་སྙམ་དུ། བདག་ཅག་འདོད ་བས་རྒྱུས། ཀུན་ནས་ཉོན་མོངས་པར་གྱུར་པ་གང་ཡིན་པ་ལ་ལྟོས། འདོད་ཆགས་ཀྱི་སྡུག་བསྔལ་མི་བྱུང་བར་ཇི་ལྟར་བྱ་སྙམ་དུ་བསམས་སོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཆེ། ་སངས་རྒྱས་འཇིག་རྟེན་དུ་བྱུང་བས། དེ་དང་ཧ་ཅང་མི་རིང་བ་ཞིག་ན། རང་སངས་རྒྱས་ཀྱི་མཆོད་རྟེན་ཞོག་ཡོད་པ་དེ་ལ། པདྨ་དེ་དག་ཕུལ་ནས་སྨོན་ལམ་བཏབ་པ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང ་པའི་དགེ་བའི་རྩ་བ་འདིས། གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར། ཉོན་མོངས་པ་ཆུང་བར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་པདྨ་ལེན་པའི་མི་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི ་དུས་ན་བུད་མེད་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ནོ། ། དེ་ལ་པདྨ་ཕུལ་བ་གང་ཡིན་པ་དེའི་ལས་ཀྱིས་རྣམ་པར་སྨིན་པས།། འདོད་ཆགས་རྐྱང་བར་གྱུར་ཏོ།། ཡང་བཅོམ་ལྡན་འདས་ལ། ་དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་སེར་སྐྱའི་བུ་མོ་བཟང་མོས་ལས་ཅི་ཞོག་བགྱིས་ཤིང་བསགས་ན། གང་གི་སླད་དུ་དེས་འཛམ་བུ་ཆུ་བོའོ་གསེར་ལས་བགྱིས་པའི་གཟུགས་བརྙན་རང་གི་འོད་ཀྱིས ་པོག་མོག་པོར་གྱིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་གང་དག་བྱས་ཤིང་བསགས་པ་ཞེས་བྱ་བ་རྒྱས་པར་བྱའོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ ་པ་དགུ་བཅུ་རྩ་གཅིགན། སྐྱེ་དགུ་རྣམས་ཀྱིས་ཚེ་ལོ་བརྒྱ་ཀྱི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སས་བྱ་བནས། སངས་རྒྱས་བཅོམ་ལྡན་འདིས་ཞེས་བྱ་བའི་བར་བྱུང་ངོ་།། ་གང་གི་ཚེ་བླན་མེད་པ་ཡང་དགེ་པར་རྫོགས་པའི་བྱང་ཆུབ་མིངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བྱོན་ནས་ཞེས་བྱ་བ་ནས། རྒྱལ་པོའི་པི་བྲང་དུ་ཞལ་ཟས་ཡོངས་སུ་མངས ་@#སྤྱོད་པར་ཞུགས་སོ་ཞེས་བྱ་བའི་བར་དུའོ། ། དེ་དེར་བྱོན་པ་དང་། རེ་ཞིག་ན་བུ་མོ་ཞིག་རྫ་སབ་འཛམ་བུའི་རྒྱ་བོན་གསེར་གྱི་སུ་བ་ཅན་ཞིག་ཐོགས་ནས། སྣམ་ལོགས་སུ་འདུག་སྟེ་གཡོན ་བ་ན། སངས་རྒྱས་ཀྱི་འོད་ཀྱིས་འཛམ་བུའི་ཆུ་བོའི་གསེར་མོག་མོག་པོར་བྱས་སོ།། ཇི་ཙམ་ན་བུ་མོ་དེ་འདི་སྙམ་དུ་བདག་ལྕགས་ལས་བྱས་པའི་ཨུ་བ་ཅན་ཐོགས་སམ། ཇི་སྙམ་དུ་ཐེ་ཚོམ་སྐྱེས་སོ།། དེ་ནས ་རྣམ་པར་གཟིགས་པཤོས་གསོལ་ནས་ཕྱིར་གཤེགས་པར་གྱུར་པ་དང་། དེས་ཡང་འཛམ་བུའི་ཆུ་བོའི་གསེར་མཆོག་ལས་བྱས་པའི་ཡུ་བར་མཐོང་ངོ་།། དེ་ནས་ཟླ་བ་གསུམ་འདས་ནས་ཞེས་བྱ་བ་ནས། ལྗོངས་རྒྱུར་གཤེགས། ་སོ་ཞེས་བྱ་བའི་བར་དུའོ།། དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་འཛམ་བུའི་ཆུ་བོའི་གསེར་ལས་སྐུ་གཟུགས་ཤིག་བྱས་སོ།། རེ་ཞིག་ན་བུ་མོ་དེས་གསེར་ལས་བྱས་པའི་སྐུ་གཟུགས་དེ་ཁྱེར་ཏེ་འོངས་པ་དང་། རྣམ་པར་གཟིགས ་ཀྱི་འོད་ཀྱིས་མོག་མོག་པོར་བྱས། ཁ་དོག་མོ་འདྲ་བར་མཐོང་ནས་ཞེས་བྱ་བའི་བར་ནས། སྨོན་ལམ་བཏབ་པ། བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཞེས་བྱ་བ་ནས ་འདི་ལྟ་བུའི་ལུས་ཀྱིས་འོད་ཅན་དུ་འགྱུར་བ་དང་ཞེས་བྱ་བ་ནས། རང་གིས་འོད་ཀྱིས་མོག་མོག་པོར་བྱེད་པར་གྱུར་ཅིག་ཅེས་བྱ་བའི་བར་དུའོ།། འདིས་ཀྱང་སྨོན་ལམ་གྱི་དབང་གིས་ང་མཉེས་པར་བྱས་ཏེ། མི་མཉེས ་པར་མ་བྱས་སོ། ། དགེ་སློང་དག་དེ་ལྟ་བས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བྱ་བ་བྱས་པ་དང་། ཡང་དག་པའི་སྨོན་ལམ་ཡང་གདབ་པར་བྱ་སྟེ་ཞེས་བྱ་བ་ནས། སེར་སྐྱའི་བུ་མོ་བཟང་མོ་ལྟ་བུར་ཞེས ་བྱ་བའི་བར་དུའོ། ། །། བམ་པོ་ལྔ་པ།། །། ཡང་ཞེས་བྱ་བའི་བར་ནས། དགེ་སློང་དག་སྔོན་བྱུང་བ་ཞེས་བྱ་བ་ནས། རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་དོ་ཞེས་བྱ་བ ་བར་དང་། ཚོང་དཔོན་ཞིག་ཅེས་བྱ་བ་ནས། རེ་ཞིག་ན་གྲོང་ཁྱེར་གྱིས་ཕྱི་རོལ་ན། དེའི་ཚེ་སྐྱེད་མོས་ཚལ་མཚེའུ་དང་མེ་ཏོག་མང་བ། ཤིང་གིས་ཡོངས་སུ་བསྐོར་བས་གཏིབས་པ། མེ་ཏོག་དང་འབྲས་བུཿ ་ཚོགས་ཀྱིས་ལྡན་ཤིང་མཆོག་ཏུ་མཛེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུའོ། ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནས། ་རང་སངས་རྒྱས་ནད་པ་ཞིག་ཅེས་བྱ་བའི་བར་ནས།། སྨན་པ་གན་དུ་སོང་སྟེ་ཞེས་བྱ་བའི་བར་ཏེ། སྨན་པས་སྨྲས་པ།། ཟོང་དུ་བསུད་ཅིག་ཅེས་བྱ་བ་ནས། ཚོང་དཔོན་གྱི་སྐྱེད་པོ། ཚིལ་དུ་འདུག་ག་ཞེས་བྱ་བའི་པ ་དུའོ། ། རེ་ཞིགན་ཚོང་དཔོན་གྱིས་མཐོང་ནས་ཡོ་བྱད་ཐམ་ཅིང་སྦྱར་ཏེ་ཞེས་བྱ་བ་ནས། ནད་སོས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བ་ནས།། སྐུ་གདུང་གི་མཆོད་རྟེན་བྱས ་སེ་ཞེས་བྱ་བའི་བར་དུའོ། ། རེ་ཞིག་ན་ཚོང་དཔོན་གྱིས་མཆོད་རྟེན་སྐྱེ་བོར་མཐོང་སྟེ་ཞེས་བྱ་བ་ནས། རྒྱངས་ལ་སྨྲས་པ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་ལུང་གིས་བྱུགས་ནས་མེ་ཏོག་པ་ཀྲམ་སྟེ་སྨོན་ལམ་བཏ ་། ཀྱི་ཛེས་མལ་འཕགས་པ་ཇི་སྲིན་འཚོར་བར་དུ་བསྙེན་བུར་བགྱིས་པ་དང་། ཡོངས་སུ་མྱ་ངན་མས་འདས་ནས་ཀྱང་མཆོད་རྟེན་བཀྱིགས་ཏེ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི ་འདིས་ཕྱག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག། འདིས་ཇི་ལྟ་བུའི་ཆེས་རྙེད་པ་དེ་ལྟ་བུའི་ཆོས་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས ་ཁྱད་པར་འཕགས་པའི་སྟོན་པ་མཉེས་པར་བགྱིད་ཀྱི། མི་མཉེས་པར་བགྱིད་པར་མ་གྱུར་ཅིག་ཅེས་བྱས་སོ།། དགེ་སློང་དག་དེའི་ཚེ་ཚོང་དཔོན་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི ་དུས་ན་ཚོང་དཔོན་གྱིས་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཉིད་ཡིན་པར་གྱུར་ཏོ་ཞེས་བྱ་བ་ནས། ཡུང་གིས་བྱུགས་པས་གསེར་གྱི་མདོག་ཏུ་གྱུར་ཏོ་ཞེས་བྱ་བའི་བར་དང་། དགེ་སློང་དག་དེ་ལྟར ་བསླབས་པར་བྱའོ་ཞེས་བྱ་བའི་བར་དུའོ། ། ཡང་དགེ་སློང་དག་ཅེས་བྱ་བ་ནས། བཅོམ་ལྡན་འདས་བཟང་མོ་ས་ལས་ཅི་ཞིག་བགྱིས་ན། འོད་སྲུངས་ཆེན་པོ་དང་ལྷན་ཅིག་ལོ་བཅུ་གཉིས་ཀྱི་བར་དུ ་མལ་གཅིག་ནི་མཆིས་པའི་ཚེ་ཡང་འཁྲིག་པའི་སྦྱོར་བ་མ་བགྱིས་པར་གྱུར་ཅེས་བྱ་བའི་བར་དུའོ། ། དགེ་སློང་དག་དེ་གཉིས་ཀྱིས་ལས་བྱས་ཤིང་ཞེས་བྱ་བ་ནས། གྲོང་ཁྱེར་ཝཱ་རཱ་ཎཱ་སི་ན། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ། ་རྒྱལ་སྲིད་བྱེད་དེ་ཞེས་བྱ་བའི་བར་དུའོ།། རེ་ཞིག་ན་རྒྱལ་པོའི་ཕོ་བྲང་དེ་ན་གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བྱ་བ་སྒྱུ་རྩལ་དྲུག་ཅུ་དང་ལྡན་པ། ཀར་ཤ་པ་ཎི་ལྔ་བརྒྱ་ལས་མི་ཉུང་བར་སྤྱོད་པ་ཞིག་གནས་སོ།། དེ་ནས ་དུས་གཞན་ཞིག་ན། རྒྱལ་པོའི་ཕོ་བྲང་དེའི་དགའ་འདུན་པ་ལྔ་བརྒྱ་རྣམས་ཀྱིས་བཟའ་བ་དང་བཏུང་བ་རབ་ཏུ་མང་པོ་ཁྱེར་ཏེ་ཞེས་བྱ་བ་ནས། རྒྱལ་པོའི་བུས་ཁྲིད་དེ་སོང་ངོ་ཞེས་བྱ་བའི་བར་དུའོ།། རེ་ཞིག་ན་དགའ་འདུན་པ ་རྣམས་ཀྱིས། རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ཏེ། སྨོན་ལམ་བཏབ་པ་ཞེས་བྱ་བ་ནས། དེའི་ཚེ་གཟུགས་ཀྱིས་འཚོམ་གང་ཡིན་པ་དེ་ནི་བཟང་མོ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་སེར་སྐྱའི་བུ་མོ་འདི་ཉིད་དེར་གྱུར། ་ཏོཞེས་བྱ་བ་དང་། དགའ་འདུན་པ་ལྔ་བརྒྱ་གང་ཡིན་པ་དེ་ནི། གཅེར་བུ་པ་ལྔ་བརྒྱ་འདི་ཡིན་ཏེ་ཞེས་བྱ་བའི་བར་དང་། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ལ། ལས་གཅིག་ཏུ་གནག ་བ་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་བར་དུའོ། ། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ ་ཞེས་བྱ་བ་ནས། དགྲ་བཅོམ་པ་ཉིད་ཐོབ་ནས་ཀྱང་རྒྱལ་པོ་མ་སྐྱེས་དགྲས་སུན་ཕྱུང་བར་གྱུར་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་སྔོན་འབྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལོ་ཉི་ཁྲི ་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཞེས་བྱ་བ་བྱུང་སྟེ། ཝཱ་རཱ་ཎཱ་སིན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ།། དེའི་དེའི་དུས་ན་གྲོང་ཁྱེར་ཝཱ་རཱ་ཎཱ་སིན་ཚེང་དཔོན་ནོར་མང་མ ་ལོངས་སྤྱོད་ཆེ་བ་ཞིག་ཅེས་བྱ་བ་ནས། བུ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་ད། བདག་པཤི་ནས་རྒྱལ་པོའི་ཕོ་བྲང་དུ་བསྡུས་པར་འགྱུར་རོ་སྙམ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་སྨྲས་པ། རྗེའི ་སྲས་འདི་ལྟར་ཐུགས་མི་དགྱེས་པར་མ་བཞུགས་ཤིག་ཅེས་བྱ་བ་ནས། ཆུང་མ་གཉིས་བླངས་ན་བདེ་བ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ།། ཆུང་མ་ལ་ནི་བུ་མོའི་འདུ་ཤེས་འཇོག་ལ་ཞེས་བྱ ་བ་ནས། སྔ་མ་ཟིལ་གྱིས་གནོན་པ་ཡིན་པས། སྔ་མ་གང་ཡིན་པ་ལ་འདྲ་བར་ཡང་མི་བྱེད་དེ་ཞེས་བྱ་བའི་བར་དུའོ།། བདག་འདི་སྐར་ཅིའི་བྱོར་འདུག་ཅེས་བྱ་བ་ནས།། དེས་ཁྱོད་ལ། ་སྨྲས་པ། བདག་སྐྱབས་སུ་མཆི་ཞིང་བསླབ་པའི་གཞི་ལེན་དུ་མཆི་ཡིས། མཁྱེན་པར་མཛོད་ཅིག་ཅེས་སྨྲས་པ་དང་། དེས་ཀྱང་གནང་ངོ་།། དེ་ཡང་སྐྱབས་སུ་སོང་ནས་བསླབ་པའི་གཞི་བླང་བར་བྱས་སོ།། ་དེ་ནས་མི་དེ་སེམ་པ་ལ་ཞུགས་པ་ན་འདི་སྙམ་དུ། འདི་ལྟར་བདག་གིས་ཡོན་གནས་ནི་འདི་ཡིན་ནོ་ཞེས་བསམས་ཏེ་ཞེས་བྱ་བ་ནས། མེ་ཏོག་དང་། འབྲས་བུ་དང་། བཟའ་བ་ཆེས་སྔར་སྦྱིན་པར་བྱེད་ཅིང་།། ཕྱིས་ནི་ཆུན ་མ་དེ་ལའོ་ཞེས་བྱ་བའི་བར་དུའོ། ། དེས་འདི་སྙམ་དུ་ཁྱིམ་གྱི་བྱ་བ་ཅུང་ཟད་གང་ཡིན་པ་དེ་དག་ཐམས་ཅད་ནི་བདག་བྱེད་ལ། འདི་ནི་ཉལ་ཞིང་བྲ་བ་ཡིན་པ་སྙམ་དུ་བསམས་ཏེ་ཞེས་བྱ་བ་ནས། མི་དེས་ཆུན་མ་ལ ་ཀུན་ཏུ་སྦྱོར་བ་བྱ་བའི་ཕྱིར་བོས་པ་དང་ཞེས་བྱ་བ་ནས། དེས་སྨྲས་པ། ཆེན་མ་དང་ལྷན་ཅིག་མཛོད་ཅིག་ཅེས་སྨྲས་པའི་བར་དུའོ།། བསླབ་པའི་གཞི་བླངས་སོ་ཞེས་བྱ་བ་ནས། ཉོན་མོངས་པ་ནི་ཤིན་ཏུ་སྟོབས ་ཆེ་བ་ཉིད་ཀྱི་ཕྱིར་ཆུང་མ་སྔ་མའི་གན་དུ་སོང་སྟེ་འཁྱུད་པ་དང་། དེས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་བདག་འདི་ལྟར་བསླབ་པའི་གཞི་ལེན་པར་གནང་བར་བགྱིས་པ་ཉིད་མ་ལགས་སམ། ད་ལྟར་འདི ་ལྟ་བུ་ནི་རུང་བ་མ་ལགས་སོ། ། དེས་དེ་ལ་ནན་གྱིས་དགའ་མགུར་སྤྱད་བོ་ཞེས་བྱ་བའི་བར་དུའོ།། དེའི་ཚེ་རྒྱན་མར་གྱུར་པ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། འདིས་དེའི་ཆེ་ཆེན་མའི་བརྟུལ ་ཞུགས་གང་ཡིན་པ་ཉམས་པར་བྱས་པའི་ལས་དེའི་རྣམ་པར་སྨིན་པས། དགྲ་བཅོམ་པ་ཉིད་ཐོབ་ཀྱང་མ་སྐྱེས་དགྲས་ཞག་བདུན་དུ་སྤྱད་པར་གྱུར་ཏོ།། ། བཅོམ་ལྡན་འདས་ལས་ཅི་ཞིག་བགྱིས ་ན། གང་གི་སླད་དུ་འདིས་དགྲ་བཅོམ་པ་ཉིད་ཐོབ་ཅིང་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི་མཆོག་ཏུ་བསྟན་ཅེས་བྱ་བ་ནས། འདི་ལས་བྱས་ཤིང་ཞེས་བྱ་བ་དང་། ཆུང་མ་ཆུན་མར་གྱུར་ཅིང་ཁྱོ་ཤི་བར་གྱུར་ནས། ་ཁྱིམ་ནས་བྱུང་སྟེ། བཅོམ་ལྡན་འདས་འོད་སྲུངས་ཀྱི་གསུང་རབ་ལ་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེར་འདིས་ལེ་སྟོང་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་ཤིང་ཡོངས་སུ་བསྲུངས་ཏེ། ཕུང་པོ་དང་། ་ཁམས་དང་། སྐྱེད་མཆེད་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་གྱུར་ཀྱང་། ཡེ་ཤེས་མཐར་ཐུག་པར་ཁོང་དུ་ཆུད་པར་མ་གྱུར ་མོད་ཀྱི། འོན་ཀྱང་དེའི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུངས་ཀྱིས་བྲམ་ཟེའི་ཁྱེའུ་བླ་མ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བདག་གིས་མཉེས་པར་བྱེད་ཀྱི། མི་མཉེས་པར་བྱེད ་པར་མ་གྱུར་ཅིག་ཅེས་བྱས་པས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ཚངས་པར་སྤྱོད་པ་གང་ཡིན་པ་ལ་གནས་ཤིང་། དེ་ཡོངས་སུ་བསྒྱངས་པའི་ལས་དེའི་རྣམ་པར་སྨི། ་པས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ།། གསུང་རབ་དེ་ལ་ཡང་དགེ་སློང་མ་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ། བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི ་@མཆོག་ཏུ་བསྟན་པ་དེའི་ཚེ་ཡང་འདིས་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུངས་ཀྱིས་བདག་གི་མཁན་མོ་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པ་ཇི་ལྟ་བ ་བཞིན་དུ། བྲམ་ཟེའི་ཁྱེའུ་བླ་མ་རྫོགས་པར་བྱང་ཆུབ་པ་ཐོབ་པ་ན། བདག་ཀྱང་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱ་བ་ནས། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ་ཞེས་བྱ། ་བར་དུའོ།། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་ལས་མི་ཞིག་བགྱིས་ཤིང་བསགས་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པས་ནོར་མང་བ ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་། དེའི་འབྱོར་པ་འདི་ལྟར་ལས་ཀྱི་མཐའ་པའི་གྲོང་སུམ་ཅུ་དང་ཞེས་བྱ་བ་ནས། གསེར་གྱིས་ནས་ཀྱིས་གང་བའི་སྤང་བ་བརྒྱད་ཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ ་བཅུ་རུ་དགུ་ཞེས་བྱ་བའི་བར་དུའོ། ། དགེ་སློང་དག་འདིས་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་རྒྱས་པར་བྱའོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྟི་གནས་ཞིག་ན་དྲང་སྲོང་ལྔ་བརྒྱ་གནས་སོ།། ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ། རང་སངས་རྒྱས་འཕོངས་པ་དང་དམན་པ་ལ་ཕན་འདོགས་པ་འཇིག་རྟེན་དུ་འབྱུང་སྟེ། བསྟི་གནས་དེ་དང་ཧ་ཅང་ཡང་མི་རིང་བ་ན ་རང་སངས་རྒྱས་ཞིག་ཀྱང་གནས་སོ། ། དེ་ནིས་དྲང་སྲོང་དེ་དག་ཉིན་གཅིག་བཞིན་དུ་སྔར་ལངས་ཏེ། གནས་སྲུང་བའི་དྲང་སྲོང་བཞག་ནས། ཡམ་སྲེག་ཤིང་དང་འབྲས་བུའི་ཕྱིར་ཕྱོགས ་བཞིར་འགྲོ་བར་བྱེད་དོ། ། དེ་ནས་དྲང་སྲོང་ཞིག་རང་སངས་རྒྱས་དེ་དང་ཉེ་བ་ནས་ཡ་དང་ས་དུ་འགྲོ་བ་ན། རང་སངས་རྒྱས་དེ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་མཐོང་ངོ་།། ལྡོག་པ་ན་ཡང་དེ་བཞིན་འདུག ་པར་མཐོང་ནས། འདི་སྙམ་དུ་དགེ་སློང་འདི་ཉིན་པར་སྐྱིལ་མོ་ཀྲུང་འཇིག་པར་མི་བྱེད་ན། ཁ་ཟས་གང་ནས་ཇི་ལྟར་བྱེད། མ་ལ་བདག་གིས་དེ་ལ་དྲིའོ་སྙམ་དུ་བསམས་སོ།། དེས་ཡང་འདི་སྙམ་དུ་ད་ལྟར་ཉེ་བར ་སོང་སྡེ་དྲིར་ནི་དྲང་སྲོང་དེ་དག་གིས་བདག་དགེ་སློང་དང་ལྷན་ཅིག་འགྲོགས་པ་མཐོང་བ་དང་། འབྱ་བར་འགྱུར་བས་གང་གི་ཚེ་བདག་བསྟི་གནས་སྲུང་བར་གྱུར་པ་དེའི་ཚེ། བག་ཆ་བ་མེད། ་བར་དྲིའོ་སྙམ་དུ་བསམས་སོ།། དེ་ནས་དུས་གཞན་ཞིག་ན་དེ་ལ་བསྟི་གནས་སྲུངས་པ་བབ་སྟེ། དྲང་སྲོང་དེ་དག་དོང་བ་དང་། རང་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་ནས། དེ་ལ་དྲིས ་པ། འཕགས་པ་བདག་ཉིན་གཅིག་བཞིན་དུ་ཁ་ཟས་དང་འབྲས་བུའི་དོན་དུ་ཕན་ཚུན་དུ་འགྲོ་བར་བྱེད་པ་ན། ཁྱོད་སྐྱིལ་མོ་ཀྲུང་བཤིག་པ་འམ། བསོད་སྙོམས་ཀྱི་དོན་དུ་འགྲོ་བར་བདག་གིས་ལན་འགའ་ཡང ་མ་མཐོང་ན། ཁྱོད་དགའ་བ་ཟ་འམ་ཅི། དེས་སྨྲས་པ། དགའ་བ་ཟ་བ་མ་ཡིན་ཏེ། གང་གི་ཚེ་ཟས་ཀྱི་དུས་ལ་བབ་པ་དེའི་ཚེ། བསོད་སྙོམས་ཀྱི་དོན་དུ་སོང་སྟེ་འདི་ཁྱེར་ཏེ་འོངས་ནས་ཟ་བར་བྱེད ་དོ། ། དེས་དྲིས་པ། བསོད་སྙོམས་ཀྱི་ཕྱིར་གང་དུ་འགྲོ་བར་བྱེད། དེས་སྨྲས་པ། བྱང་གི་སྒྲ་མི་སྙན་དུའོ།། སྒྲ་མི་སྙན་ཅི་འདྲ། དེས་སྨྲས་པ། བདག་གིར་ཡོངས་སུ་འཛིན་པ་མེད་པ་ཆེ་ངེས་པ ་ཁྱད་པར་ཅན་དུ་འགྲོ་ཞིང་། དེ་ནས་ཤི་འཕོས་ནས་ཀྱང་ཁྱད་པར་ཅན་དུ་འགྲོ་བར་འགྱུར་བའོ།། འོན་ཏེ་བྱང་གི་སྒྲ་མི་སྙན་དུ་མི་འགྲོ་བ་དེའི་ཚེ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས ་ཀྱི་ནང་དུ་ཁ་ཟས་བསོད་སྙོམས་བྱེད་དོ། ། དེས་དྲིས་པ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཅི་འདྲ། དེས་སྨྲས་པ། ཁ་དོག་དང་ལྡན་པ། བདེ་བ་མང་བ། གཞལ་མེད་ཁང་མཐོན་པོ་ཅན། ཚེ་རིང་བ། ་ཡུན་རིང་དུ་གནས་པ། དུས་རིང་པོར་གནས་པ་ཡིན་ནོ།། དེས་འདི་སྙམ་དུ་འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་པས། མ་ལ་དེ་རིང་གི་བསོད་སྙོམས་བདག་གིས་དབུལ་ལོ་སྙམ་དུ་བསམས་ནས། དེས་རང ་སངས་རྒྱས་དེ་ལ་སྨྲས་པ། འཕགས་པ་དེང་བདག་གིས་བསོད་སྙོམས་འབུལ་གྱིས་རྗེས་སུ་གཟུང་དུ་གསོལ། དེས་སྨྲས་པ། ཁྱོད་ཀྱང་ཁྱིམ་གྱི་གནས་ནས་ངེས་པར་བྱུང་བ་ཡིན་ན།། ཁྱོད་ཀྱིས་ཇི ་སྦྱར་ང་ལ་བསོད་སྙོམས་སྦྱིན་པར་སེམས་དེས་སྨྲས་པ། དེ་ལྟ་ལགས་མོད་ཀྱི་འོན་ཀྱང་ངེས་པར་བདག་ལ་ཕན་གདགས་པར་མཛད་དུ་གསོལ། ཁྱོད་ནི་དཔལ་དང་བསོད་ནམས་ཡིན།། ཁྱོད་ནི ་ཆོས་འཆད་རྣམས་ཀྱི་མཆོག། ཁྱོད་ཀྱི་བརྩོན་པས་འཇིག་རྟེན་འདི།། ཀུན་ནས་བརྒྱན་པ་བཞིན་དུ་གྱུར། དེས་ཀྱང་ལས་བླངས་སོ།། དེ་ནས་དྲང་སྲོང་གིས་དེས་ཅང་མི་སྣབས་ལས་བླངས་པར་རིག་ནས ་རང་གི་བསྟི་གནས་སུ་སོང་ངོ་། ། དེ་ན་ཡང་དེས་སྔ་ན་ཁྲེ་རྒོད་བྲེའུ་ཆུང་གང་ཞིག་དྲུས་ཏེ་བཞག་པ་དེ། དེས་བཀྲབས་ནས་བསྟི་གནས་དེ་དང་ཧ་ཅང་མི་རིང་བ་ན་ཕྱུགས་ལྷས་ཞིག་ཡོད་པ་དེར་སོང་སྟེ། ་དེ་ནས་འོ་མ་བླངས་ཏེ། འོ་མའི་ནང་དུ་བཙེས་ནས། བཙོས་ཟིན་པ་དང་། རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ལོ།། བཙུན་པ་དེས་ཀྱང་དེ་ལ་ཕན་གདགས་པའི་དོན་དུ་བསོད་སྙོམས་དེ་བླངས ་ནས་ལུས་ཀྱིས་ཆོས་བསྟན་པའི་ཕྱིར། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ན་མཁའི་དཀྱིལ་དུ་འཕགས་སོ།། དེས་དེ་མཐོང་ནས་མཆོག་ཏུ་དད་པར་གྱུར་ཏེ། དགའ་བ་དང་། མགུ་བ་དང ་རངས་པའི་ཡིད་ཀྱིས་པུས་མོ་ས་ལ་བཙུགས་ཏེ། སྨོན་ལམ་བཏབ་པ། བསོད་སྙོམས་ཕུལ་ཏེ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བ་འདིས། བདག་ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད ་འགྲོ་དང་། ཡི་དགས་སུ་སྐྱེ་བར་མ་གྱུར་ཅིག། རྟག་ཏུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་ཞིང་། དེ་ནས་ཤི་འོཕོས་ན་ཡང་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་། དེ་ནས་ཀྱང་སླར་ལྷ་རྣམས་ཀྱི་ནང་དུ་དང་། འདིས་ཡོན ་ཏན་གྱི་ཚོགས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཀྱང་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས ་བྱས་སོ། ། དགེ་སློང་དག་དེའི་ཚེ་དེའི་དུས་ན། དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ན་འདས་ཁྲེ་རྒོད་བྲེའུ་ཆུང་གང་ཕུལ་བའི་ལས་དེའི་རྣམ་པར ་སྨིན་པས། ལན་སྟོང་དུ་བྱང་གི་སྒྲ་མི་སྙན་དུ་སྐྱེས་སོ།། ལན་སྟོང་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། ལྷ་རྣམས་ནས་ཤི་འཕོས་ནས་ཀྱང་བྲམ་ཟེའི་སུ་སྐྱེས་པར་གྱུར་ཏོ།། སྨོན་ལམ་གྱི་དབང ་གིས་རང་སངས་རྒྱས་བྱེ་བ་བརྒྱ་སྟོང་ལས་ཆེར་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པ་བྱས་ཤིང་། འདིས་ཡོན་ཏན་གྱི་ཚོགས་དེ་ཡང་ཐོབ་པར་གྱུར་ཏོ།། དགེ་སློང་དག་དེ ་ལྟ་བས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བཀུར་སྟི་བྱས་ཤིང་སྦྱིན་པ་དབུལ་བ་དང་། བསོད་ནམས་ཀྱང་བྱའོ།། དེ་ལྟར་བྱས་ན་རྣམ་པ་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུང ་ཇི་ལྟ་བ་དེ་བཞིན་དུ་དགེ་སློང་ཁྱེད་ཀྱིས་བསླབ་པར་བྱའོ། ། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་པ་དེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་འོད་སྲུངས ་ཆེན་པོས་ལས་ཅི་ཞིག་བགྱིས་ཤིང་བསགས་པའི་ལས་ཀྱི་རྣམ་པར་སྨིན་པས། འདི་ལྟར་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་ཐོབ་ཅིང་། བཅོམ་ལྡན ་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདིས་ལས་བྱས་ཤིང ་བསགས་པ་ཞེས་རྒྱས་པར་བྱའོ། ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བཟང་པོ་འདི་ཉིད་ལ། སྐེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད ་སྲུངས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར། ལྷ་དང་མི་རྣམས་ཀྱིས་སྟོན་པ་སངས ་རྒྱས་བཅོམ་ལྡན་འདས་བྱུང་ངོ་། ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ལོ་སྟོང་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་ཤིང་ཡོངས་སུ་སྲུངས་ཀྱང་། མཐར་ཐུག་པའི་ཡེ ་ཤེས་མ་བསྐྱེད་མོད་ཀྱི། འོན་ཀྱང་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུངས་ཀྱིས་བྲམ་ཟེའི་ཁྱེའུ་བླ་མ་ཁྱོད་མ་འོངས་པའི་དུས་ན། སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན། ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས། ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་ཀྱི། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས ་སོ། ། དེ་ན་ཡང་དགེ་སློང་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི ་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་ན་ཡང་འདིས་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས། བདག་གི་མཁན་པོ་འདོད་པ་ཆུང་བ་དང་། ཆོག ་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱིས་མཆོག་ཏུ་ལུང་བསྟན་པ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་བླ་མས་རྫོགས་པའི་བྱང་ཆུབ་ཐོབ་པ་ན། བདག་ཀྱང་ལུང་བསྟན་པ་ཐོབ་པར་ཤོག་ཅིག་ཅེས ་བྱས་སོ། ། དགེ་སློང་དག་དེར་ཚངས་པར་སྤྱོད་པ་ལ་གནས་པས། དེ་འདི་ལ་འབྲས་བུ་ཐོབ་པར་གྱུར་ཏོ།། དེར་དབང་པོ་ཡོངས་སུ་སྨིན་པར་བྱས་པས། དེ་འདི་ལ་རྣམ་པར་གྲོལ་ལོ།། དེར་སྨོན་ལམ ་བཏབ་པ་གང་ཡིན་པ་དེས། དེ་འདི་ལ་ལུང་བསྟན་པར་གྱུར་ཏོ།། དགེ་སློང་དག་དེ་ལྟ་བས་ན་གུས་པར་ལུང་དབོག་པར་བྱ། བཀླག་པར་བྱ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེན ་དང་། གནས་དང་། གནས་མ་ཡིན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱའོ།། དེ་བཞིན་དུ་ཡང་དག་པའི་སྨོན་ལམ་གདབ་སྟེ། དེས་ན་ཁྱེད་ཅག་གི་ཡོན་ཏན་གྱི་ཚོགས་བསྐྱེད ་པར་འགྱུར་བས། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། ། བར་སྡོམ་ལ། ཞིང་བ་དང་ནི་རྫ་མཁན་དང་། ཚོང་དཔོན་རས་ཡུག་འཚོ་བ་དང་།། མཆོད་རྟེན་ཡུང་གིས་བྱུག་པ་དང་།། སྨད ་འཚོང་མ་དང་ཆེན་ཆུང་དང་། ། ཕྱུག་དང་འདོད་པ་ཆུང་བ་ཡི།། སྡེ་ཚན་དུ་ནི་བསྟན་པ་ཡིན།། ། པས་ཕམ་པ་བརྒྱད་ཀྱི་སྡོམ་གྱི་ཚོགས་སུ་བཅད་པ་སྟེ། སྣོལ་ལ། མི་ཚངས་སྤྱོད་དགུམ་དང་། མི་གསོད ་པ་དང་བརྫུན་སྤུ་དང་། ། རིདགས་འཛིན་དང་སྤོས་འཚོང་དང་།། མཛའ་ཅན་མ་དང་གྲེ་ལས་སྐྱེས། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁེབན་འོད་མའི་ཚལ་བྱཱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས ་སོ། ། གང་གི་ཚེ་ཨུཏྤ་ལའི་མདོག་གྲོང་ཁྱེར་ཆེན་པོ་དྲུག་ན། སྨད་འཚོང་མ་བྱེད་པར་གྱུར་པ་དེའི་ཚེ། བྲམ་ཟེ་ཞིག་དེ་ལ་སེམས་ལྷག་པར་ཆགས་པར་གྱུར་ནས། དེར་སོང་སྟེ་མེ་ཏོག་དང་། འབྲས ་བུ་དང་། སོ་ཤིང་རྣམས་ཀྱིས་སྙན་བཀུར་བྱེད་པར་གྱུར་ཏོ།། དེ་ནས་ཨུཏྤ་ལའི་མདོག་གིས། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནི་རིགས་མཐོ་བ་ཡིན་ལ། བདག་ནི་རིགས་དམན་པ་ཡིན་ན། ་ཅིའི་ཕྱིར་འདིར་འོངས། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས། ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཁྱོད་དང་ལྷན་ཅིག་ཕྲད་འདོད་པའི་ཕྱིར་རོ།། དེས་འདི་སྐད་ཅེས་སྨྲས། ་སོ།། གལ་ཏེ་ཁྱོད་ལ་ཀར་ཤ་པ་ཎ་དག་ཡོད་ན་ཕྱི་ནིས་ལྷན་ཅིག་ཕྲད་པར་བྱའོ།། དེ་ནས་བྲམ་ཟེ་དེས་ཨུཏྤ་ལའི་མདོག་ལེས་ཚིག་དེ་ཐོས་ནས། ཀ་རཾ་ཤ་པ་ཎའི་དོན་དུ་ལྗོངས་དག་ཏུ་སོང་ངོ་།། དེ་ནས་ཨུཏྤ ་ལའི་མདོག་དུས་གཞན་ཞིག་ན། དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མོའུ་འགལ་གྱིས་བུ་ཆེན་པོ་ལ་བརྟེན་ནས། སྨད་པའི་ལས་རྣམས་སྤངས་ཏེ། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ཏོ།། ་ཡང་ཉིན་པར་ནགས་ཚལ་ཐིབས་པོར་འདུག་པ་ལ་གོམས་པ་ཡིན་པས། དེ་ནས་ཨུཏྤ་ལའི་མདོག་ནགས་ཚལ་ཐིབས་པོར་ཉིན་པར་འདུག་ཏུ་སོང་ངོ་།། བྲམ་ཟེ་དེ་ཡང་ཀར་ཤ་པ་ཎ་ཁྱེར་ཏེ་གྲོང་དང ་གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས། འདྲི་ཞིང་འདྲི་ཞིང་མཉན་ཡོད་དུ་ཕྱིན་ཏོ།། དེ་ནས་བྲམ་ཟེ་དེ་ཨུཏྤ་ལའི་མདོག་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཨུཏྤ་ལ ་མདོག་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ། འདི་སྐད་ཅེས་སྨྲས་སོ།། ཀྱེ་ཀར་ཤ་པ་ཎ་དག་བཞེས་ཤིག། དེས་ཀྱང་བསམས་ནས། བྲམ་ཟེ་ལེ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་བདག་གིས་ནི་དམ་པའི ་ཆོས་མ་ཡིན་པ་དེ་སྤངས་སོ། ། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས། ཨུཏྤལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། གས་ཏེ་ཁྱོད་ཀྱིས་སྤངས་ཀྱང་བདག་གིས་ནི་མ་སྤངས་སོ།། དེ་ནས་ཨུཏྤ ་ལའི་མདོག་གིས། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་ཁྱོད་བདག་གི་ཡན་ལག་གི་ཆ་གང་ལ་སེམས་ལྷག་པར་ཆགས་པར་གྱུར། དེས་འདི་སྐད་ཅེས་སྨྲས་ཏེ། མིག ་ལའོ། ། དེས་མིག་དེ་རྫུ་འཕྲུལ་གྱིས་ལག་མཐིལ་དུ་བཞག་སྟེ། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་གལ་ཏེ་འདོད་ན་ལོང་ཞིག་དང་། དེ་ནས་བྲམ་ཟེས་མིག་དེ་མཐོང་བ་དང་། ཁྲོས།། འཁྲུགས། ་བརྔམ་པར་གྱུར་ཏེ། དགེ་སློང་མ་ཨུཏྤ་ལའི་མདོག་གི་ཀླད་དུ་ཁུ་ཚུར་གཅིག་བསྣུན་ནས་སོང་ངོ་།། དེ་ནས་ཨུཏྤ་ལའི་མདོག་གིས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་སོ།། དགེ་སློང་མ་རྣམས ་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་མཐ་སྟོབས་ཆུང་བ ་གཡོན་ཅན་དང་། འཕྱོན་མ་དང་། ཟོལ་བ་ལ་སོགས་པས་འདོད་པར་བྱ་བ་ཡིན་པས། དེའི་ཕྱིར་དེང་ཕྱིན་ཆད་དགེ་སློང་མས་དགོན་པར་གནས་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་གང་གི་ཚེ། ་དགེ་སློང་མ་ལ་དགོན་པོ་བཀག་པ་དེའི་ཚེ། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་གནས་པ་ན། གཡོན་ཅན་ལ་སོགས་པས་ཀྱང་བགྲོད་པར་གྱུར་ཏོ།། རེ་ཞིག་ན་དེ་དག་དེ་ན་གནས་པར ་གྱུར་པ་དེའི་ཚེ། མཉན་ཡོད་ན་རི་དགས་འཛིན་གྱིས་བུ་དགེ་བསྙེན་ས་གཞེས་བྱ་བ་དད་པ་དང་ལྡན་པ། དགེ་བའི་བསམས་པ་བཟང་བ། བསླབ་པའི་གཞི་ལྔ་དང་ལྡན་པ་དེས། དགེ་སློང་མ་བབ ་བབ་ཏུ་འདུག་པ་དེ་དག་མཐོང་ནས། དེས་དེ་དག་ལ་གནས་བཙལ་ཏེ་བྱིན་ནས། འཕགས་མ་དག་འདིར་ཅི་བདེར་བཞུགས་ཤིག་ཅེས་བྱས་པ་དང་། དེ་དག་ཀྱང་དེར་འདུག་གོ། དེའི་ཚེ་དགེ་སློང ་མའི་དབྱར་ཁང་ན་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། འདོད་ཆགས་ཆེ་བ།། སྐྱེས་པའི་ཡིད་དུ་འོང་བ་ཞིག་འདུག་གོ། དེ་ནས་དུས་གཞན་ཞིག ་ན་དགེ་སློང་མས་དགེ་སྐོས་བཞག་སྟེ། དགེ་སློང་མའི་དགེ་འདུན་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟོད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་བཞུག ་སོ། ། དེ་ནས་དགེ་སློང་མ་སྦོམ་དགའ་མོ་ནའོ་ཞེས་བྱས་ཏེ་དེ་ཉིད་ནས་སླར་ལོག་སྟེ། དེ་རི་དགས་འཛིན་གྱི་བུ་འདུག་པ་དེ་ལ་ཆགས་པ་ཡིན་པས། དེས་དེ་ལ་བརྡ་བྱས་པ་དང་། དེ་མ་འདོད་ནས ་དེས་འདི་སྐད་ཅེས་སྨྲས་སོ། ། གང་འདོད་པ་ན་གང་མི་འདོད་པ་དེ་དག་ནི་དེ་བཞིན་དུ་འགྱུར་རོ།། དེ་ནས་རི་དགས་འཛིན་གྱི་བུས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཁྱོད་ནི ་རབ་ཏུ་བྱུང་བ་ཡིན་ལ། བདག་ནི་དགེ་བསྙེན་ཡིན་པའི་སྟེང་དུ། ཁྱོད་ཀྱང་རྒྱལ་པོས་སླས་ཀྱི་བཙུན་མོའི་ཐབས་ཐོབ་པ་ཡིན་ལ། གལ་ཏེ་བདག་གིས་ཀྱང་ཉེས་པར་སྤྱོད་པ་འདི་ལྟ་བུ་སྤྱོད་པ ་རྒྱལ་པོས་ཤེས་པར་གྱུར་ན། དེས་བདག་མཚན་མོ་འདི་ཉིད་ནས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ།། དེ་ནས་སྦོམ་དགའ་མོས། རིང་གས་འཛིན་གྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ ་ཁྱིམ་བདག་གི་བུ་རྒྱལ་པོའི་རྟོག་ཆེན་པ་བདག་ཅག་གི་ཕྱི་བཞིན་དུ་འབྲང་ངམ་ཅི། གལ་ཏེ་བདག་ཀྱང་འདོད་ལ། ཁྱོད་ཀྱང་འདོད་པར་གྱུར་པ་དེ་ལྟར་འདུག་པ་ལ། སུ་ཞིག ་བདག་ལ་འཕྲིགས་པར་འགྱུར། དེ་སྐད་ཅེས་སྨྲས་ཀྱང་། རི་དགས་འཛིན་གྱི་བུ་མ་བཏུབ་བོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོས་འདི་སྙམ་དུ་ཅི་བདག་ལུས་ཞིག་ནས་འཆི་བར་བྱ་འམ། ་མ་ལ་བདག་གི་ཡན་ལག་དང་སྤྲད་པ་ཙམ་བདག་གིར་བྱའོ་སྙམ་བསམས་ཤིང་བརྟགས་ནས། རི་དགས་འཛིན་གྱི་བུ་ལ་འདི་སྐད་ཅེས་གལ་ཏེ་ཁྱིམ་བདག་གི་བུ་མི་འདོད་ན་ཡན་ལག ་དང་ཡན་ལག་ཙམ་རེག་པར་བྱའོ་ཞེས་སྨྲས་ནས། དེས་དེ་པང་དུ་བླངས་ཏེ། པུས་མོ་ཡན་ཆད་དང་། མིག་མན་ཆད་སྤྲད། ཀུན་ཏུ་སྤྲད་པར་བྱས་པ་ལས། སྦྱོར་བ་དེ་ཡང ་དགེ་སློང་མ་དགེ་སྐོས་མས་ཚོར་བར་གྱུར་ཏོ། ། དགེ་སློང་མའི་དགེ་འདུན་མ་ཡང་མཉན་ཡོད་དུ་བསོད་སྙོམས་བྱས་ནུས་ཟས་ཀྱི་བྱ་བ་བྱསཏེ། ཟས་ཕྱི་མའི་བསོད་སྙོམས་སྤངས་ནས ་སླར་ལོག་པ་ན། རི་དགས་འཛིན་གྱི་བུའི་གནས་གང་ཡིན་པ་དེར་སོང་ངོ་།། དེ་ནས་དགེ་སློང་མ་དགེ་སྐོས་མ་དེས་དེ་དག་ལ་འདི་སྐད་ཅེས་སྨོས་སོ།། ཀྱེ་ཕུ་ནུ་མོ་དག་རི་དགས ་འཛིན་གྱི་བུ་འདིས་བདག་ཅག་ལ་ཆོས་ཀྱི་དོན་དུ་གནས་དབེན་པ་རབ་ཏུ་བྱིན་སྙམ་ནས། འདིས་ནི་མགོ་རེག་མོ་རྣམས་སླས་ཀྱི་བཙུན་མོ་ལྟ་བུར་བཞག་པར་བདག་གིས་འཕྲིགས་ཀྱིས། ཀྱེ་བུ ་ནུ་མོ་དག་ཁྱེད་གང་ལ་ཚུལ་ཁྲིམས་དགོས་པ་དེ་དག་གཞན་དུ་དེངས་ཤིག། དེ་དག་གིས། དེ་ལ་དྲིས་པ། དེ་ཅི་ཞིག། དེས་དགེ་སློང་མ་རྣམས་ལ་སྐབས་དེ་རྒྱས་པར་སྨྲས་སོ།། ་དགེ་སློང་མ་རྣམས་ཀྱིས་ཀྱང་། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་གཉིས་ཀའི་དགེ ་འདུན་གྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས། བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས ་འདི་ལ་གཉིས་ཀའི་དགེ་འདུན་བསྡུ་བ་མཛད་དོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་མ་ཡིན།། ་དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པ་ཡིན་གྱི། དོན་དང་མི་ལྡན་པར་མ་ཡིན། དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན ་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པའི་ཆུ་ལོན་གྱིས་བཟློག་པར་མཛད་པ་ཡིན་ནོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པ་རྨེད་པ་ལ་དུས ་མཁྱེན་པ་ཡིན་པས། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་སྦོམ་དགའ་མོ་ལ་སྨྲས་པ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ། མི་མཛེས་པར་བྱས་པ་བདེན་ནམ ་བཅོམ་ལྡན་འདས་བགྱིས་མེད་དོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན་ཕན ་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་མཐུན་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི ་གང་ཟག་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། ་འདིའི་ཟག་པ་རྣམས་བསྡམས་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་། ཚངས་པར་སྨྲ ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་མཐུན་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ཡངས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ ་བསྟན་པ། ཡུན་རིང་དུ་གནས་པར་འགྱུར་བ་ལ་ཡང་དག་པར་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ།། ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས། སྐྱེས་པ་ཆགས་པ་དང་ལྷན་ཅིག་པུས་མོ་ཡན་ཆད་མིག་མན་ཆད་སྤྱད། ཀུན་ཏུ་སྤྲད་པ་ཉམས་སུ་མྱོང་བར། ་བྱེད་ན། དགེ་སློང་མ་དེ་ཕས་ཕམ་པར་གྱུར་པ་ཡིན་པས། གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆགས་པར་གྱུར་པས་ཞེས་བྱ་བ་ནི ་ཆགས་པས་དང་། ཡང་དག་པར་ཞེན་པས་དང་། ཀུན་ནས་དཀྲིས་པས་སོ།། སྐྱེས་པ་ཞེས་བྱ་བ་ནི་རི་དགས་འཛིན་གྱི་བུ་འམ། དེ་ལས་གཞན་པ་གང་ཡང་རུང་བའོ།། ཆགས་པ་ཞེས་བྱ་བ ་ནི་ཆགས་པ་དང་། ཡང་དག་པར་ཞེན་པ་དང་ཀུན་ནས་དཀྲིས་པའོ།། མིག་མན་ཆད་དང་པུས་མོ་ཡན་ཆད་ཅེས་བྱ་བ་ནི་དེའི་བར་རོ།། སྤྲད་ཀུན་ཏུ་སྤྱད་པ་ཞེས་བྱ་བ་ནི་གཏུགས་ཤིང་ཀུན་ཏུ་གཏུགས ་པའོ། ། བདག་གིར་བྱེད་པ་ཞེས་བྱ་བ་ནི། ཀུན་ནས་ཉམས་སུ་མྱོང་བར་བྱེད་པའོ།། དགེ་སློང་མ་ཞེས་བྱ་བ་ནི། གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན ་པར་རྫོག་པའོ། ། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་། བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་དེ ་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། དེ་ཡང་སྙན་པར་རྫོགས་པའི་ཚེ། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ་ཚིག་ཏུ་བརྗོད་པ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་ཁས་ལེན་པ་གང་ཡིན་པ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱའོ།། དེ་ཞེས་བྱ་བ་འདི་ནི་ཉེ་བར ་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ།། ཕས་ཕམ་པར་གྱུར་པ་ཡིན་པས་ཞེས་བྱ་བ་ནི། དེ་ཐ་མ་དང་། ལྟུང་བ་དང་། དམན་པ་དང་། ཐ་ཆད་དང་། བསྙིལ་བ་དང་། ཡིད་དང་མི ་མཐུན་པའོ། ། ཡང་གང་གིས་ལྟུང་བ་དེ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུར། ཤཱཀྱའི་སྲས་སུ་མི་རུང་།། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ། བཅོམ་པ། ལྟུང་བ། ་ཕམ་པ། རྒྱབ་ཀྱིས་ཕྱོགས་པར་བྱས་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་བྱས་པ་ཡིན་ནོ།། འདི་ལྟ་སྟེ། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མ་གང་གིས་ལྟུང་བ་དེ་བྱས་ན། བྱས་མ་ཐག་ཏུ་ཞེས་བྱ་བ་སྔ་མ་བཞིན་ནོ།། གནས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་དེ་དང་། ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་མི་བྱ་བའོ།། ཡང་དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར ་མི་བྱའོ། ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། ཆགས་པས་སྐྱེས་པ་ཆགས་པ་ཡི།། ལུས་དང་མིག་ནི་མན་ཆད་དང་།། པུས་མོའི་གོང་ནི་ཡན་ཆད་ཀྱིས། ་སྤྲད་ན་ཕས་ཕམ་འགྱུར་བ་ཡིན།། སྐྱེས་པ་ཆགས་པར་མ་གྱུར་པ།། དེ་ནི་སྦོམ་པོ་ཉིད་དུ་འགྱུར།། བྱིན་པ་དང་ནི་དཔྲལ་བ་རྣམས།། དེ་དག་ཉེས་བྱས་ཉིད་དུ་འགྱུར། ་ཡང་དགེ་སྦྱོང་མ་གང་ཆགས་པས། སྐྱེས་པ་ཆགས་པ་དང་ལྷན་ཅིག། མིག་མན་ཆད་པུས་མོ་ཡན་ཆད་སྤྲད། ཀུན་ཏུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན། ཕས་ཕམ་པར་འགྱུར་རོ།། ་ཡང་དགེ་སློང་མ་གང་ཆགས་པས། སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག། མིག་མར་ཆད་པུས་མེ་ཡན་ཆད་སྤ། ཀུན་ཏུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན། ཟོམ ་པོར་འགྱུར་རོ། ། ཡང་དགེ་སློང་མ་གང་ཆགས་པ་མེད་པས། སྐྱེས་པ་ཆགས་པ་དང་ལྷན་ཅིག། མིག་མན་ཆད་པུས་མོ་ཡན་ཆད་སྤང་། ཀུན་ཏུ་སྤྲད་པ་ཉམས་སུ་མྱོང་བར་བྱེད ་ན། སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས། སྐྱེས་པ་ཆགས་པ་དང་ལྷན་ཅིག། དཔྲལ་བ་མན་ཆད་བྱིན་པ་ཡན་ཆད་སྤད། ཀུན་ཏུ་སྤང་བ་བདག ་གིར་བྱེད་ན། སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག། དཔྲལ་བ་མན་ཆད་བྱིན་པ་ཡན་ཆད་སྤྲད། ཀུན་ཏུ་སྤྲད་པ་བདག་གིར ་བྱེད་ན། ཉེས་བྱས་སུ་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པས།། སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག། དཔྲལ་བ་མན་ཆད་བྱིན་པ་ཡན་ཆད་སྤྲད། ཀུན་ཏུ་སྤྲད་པ་བདག་གིར་བྱེད་ན། ཉེས་བྱས་སུ་འགྱུར ་རོ། ། ཡང་དགེ་སློང་མ་གང་ཆགས་པ་མེད་པས། སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག། དཔྲལ་བ་མན་ཆད་བྱིན་པ་མན་ཆད་སྤྱད། ཀུན་ཏུ་སྨད་པ་བདག་གིར་བྱེདན ་ཉེས་བྱས་སུ་འགྱུར་རོ། ། ཕས་ཕམ་པར་གྱུར་པ་ལྔ་པ་རྫོགས་སོ།། །། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལབ་བྱེད་ཀྱིས་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ ་ན་བཞུགས་སོ། ། དེའི་ཚེ་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ་དང་ལྷན ་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ།། དེ་བླངས་ནས་རིང་པོ་མ་ལོན་པར། དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་དེ་ལ་ཆགས་པར་འགྱུར་ཏེ། དེ་སྤོས་འཚོང་གི ་ཁྱེའུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཁྱོད་ཅིག་བག་མ་སར་པས་སེམས་མགུའམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གལ་ཏེ་མགུ་བར་གྱུར་ན་ཡང་དོན ་འདི་ཁྱོད་ལ་ཅི་དགོས། གལ་ཏེ་མ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅིར་དགོས། དེ་སྐད་ཅེས་སྨྲས་པ་དང་། སྦོམ་དགའ་མོས། སྤོས་འཚོང་གི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། ངས་ཀོ ་ཁྱོད་དང་ལྡན་ཅིག་དགོས་པ་ཅུང་ཟད་རྩིས་བྱ་བར་ནུས་སྙམ་ན། ཅུང་ཟད་ཀྱང་མི་ཐོད་ན་དེར་ཟད་དོ།། དེ་ནས་སྨོས་འཚོང་གི་ཁྱེའུ་དེས། དགེ་སློང་མ་འད་ན་སེམས་ཆགས་པར་གྱུ་རི་ཏོ་སྙམ་དུ་བསཿ ་སོ། ། དེ་དེའི་དྲུང་དུ་ཡང་དང་ཡང་དུ་སོང་ནས། བརྡ་བྱེད། དུས་འདེབས། མཚན་མ་སྟོན་པར་བྱེད་ཅིང་། འཕྱར་ག་ཡེང་དང་། གཞོགས་སྟེགས་དང་། རྩུ་བ་ཧྲལ་དག་ཀྱང་བྱེད་དོ།། དེ ་ནས་སྤོས་འཚོང་གི་ཁྱེའུ་དེ་དུས་གཞན་ཞིག་ན། སྦོམ་དགའ་མོའི་དྲུང་དུ་འོངས་པ་དང་། དེས་དེ་གཡོགས་ཏེ་བཞག་གོ། དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་སོང་སྟེ་རྐང་ལག་བཀྲུས ་ནས། སློབ་མ་དང་ཉེ་གནས་རྣམས་ལ་བསྒོ་བ་བྱས་ནས། སྤོས་འཚོང་གི་ཁྱེའུ་དེ་དང་དབེན་པར་སོང་སྟེ་འདུག་གོ།། རེ་ཞིག་ན་དེས་འཁྲིག་ཐབས་སུ་བཅུག་པ་དང་། དེའི་ཚེ་སྦོམ་དགའ་མོས་འདི་སྙམ་དུ། ་བདག་དགེ་སློང་མ་རྣམས་ཀྱི་གོང་དུ་འགྲོ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་།། ཚངས་པར་སྤྱོད་པ་ལ་གནས་པའི་དྲིན་ཡིན་ན། གལ་ཏེ་དེ་དག་གིས་རྣམ་པ ་འདི་ལྟ་བུའི་ཉེས་པར་སྤྱོད་པ་སྤྱད་པས། དགེ་སློང་མ་ཉམས་པར་བྱས་ན། སུ་ཞིག་བདག་ལ་དྲི་བར་བྱེད་སྙམ་དུ་སེམས་བསྐྱེད་ཅིང་བསམས་ནས། སྦོམ་དགའ་མོས།། སྤོས་འཚོང ་གོ་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་ཐོང་ཕྲེང་། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་འདི་སྙམ་དུ་གདོན་མི་ཟ་བར་འདི་ནི་མི་བདེ་བ་ཞིག་འདུག་གོ་སྙམ་དུ་བསམས་ནས།། དེས ་ཀྱང་བཏང་ངོ་། ། དེ་ནས་སྦོམ་དགའ་མོས་རྒྱབ་བདེ་བར་བཞག་སྟེ། རྐང་པ་གཡས་པ་བསྐུམས་ནས། སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་གཅིག་བརྒྱབ་ནས། རྩིབ་མ་གཉིས་བཅག ་གོ། ། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་ཁྲག་ཏུ་སྐྱུག་བཞིན་དུ་བྲོས་ཏེ་སོང་ངོ་།། དེ་ནས་སྦོམ་དགའ་མོ་དབྱར་གང་གི་དབུས་སུ་འདུག་ནས། བདུད་བཅོམ་མོ་བདུད་བཅོམ ་མེ་ཞེས་བོས་སོ། ། དེ་ནས་དགེ་སློང་མ་དེ་དག་གིས་ཐོས་ནས། འདི་སྐད་ཅེས་སྨྲས་སོ།། ཅི་བུ་ནུ་མོ་ཁྱོད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སམ། ལན་ཅིག་ཕྱིར ་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆུང་ངུ་ན་གཞན་དག་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བའི་རྩ་བ་བསྐྱེད། ་དེས་འདི་སྐད་ཅེས་སྨྲས་སོ།། ཅང་མ་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འོ་ན་ཁྱོད་ཀྱིས་བདུད་ཇི་ལྟ་བུ་ཞིག་བཅོམ། དེས་སྐབས་དེ་དག་པལ་མོ་ཆེའི་ནང་དུ་སྨྲས་སོ།། དེ་ནས ་དགེ་སློང་མ་དེ་དག་གིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱོད་རེམ་པ་ཞིག་དང་མ་ཕྲད་དུ་ཟད་ཀྱི། དེ་ལྟ་བུ་ཞིག་ན་ཁྱོད་ཐག་བཅུག་པར་འགྱུར་རོ།། དེ་ནས་དགེ་སློང་མ་མང ་པོ་རྣམས་ཀྱིས་སྦོམ་དགའ་མོ་ལ་སྨྲས་ཀྱང་དགའ་བ་ཡང་མི་བྱེད། ཁྲོ་བ་ཡང་མི་བྱེད་དོ།། དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་པ་དང་། སྟན་ལས་ལངས་ཏེ་དོང་ངོ་།། དེ་ནས ་དགེ་སློང་མ་མང་པོས། སྐབས་དེ་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡ་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི ་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལས་ཞེས་བྱ་བ་ནས། སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བའི་བར་དུ་སྔ་མ་ཇི་ལྟ་བ་དེ་བཞིན ་དུ་བརྗོད་པར་བྱའོ། ། ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས། སྐྱེས་པ་ཆགས་པ་དང་། ་ལྷན་ཅིག་བརྡ་བྱེད་དམ། དུས་འདེབས་སམ། མཚན་མ་སྟོན་ནམ། འཕྱར་གཡེང་དང་། གཞོགས་སྟེགས་དང་། རྩ་བ་ཧྲལ་བྱས་པས། སྐྱེས་པ་འོངས་པ་བདག་གིར་བྱེད་ཅིང་། ་གང་དུ་བུད་མེད་སྐེས་པས་འགྲོད་པར་བྱར་རུང་བར་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ཏེ། གནས་བརྒྱད་པོ་འདི་དག་ཏུ་དགེ་སློང་མས་ལྟུང་བ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བ ་ཡིན་གྱིས། གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མའོ།། ཆགས་པར་གྱུར་པས་ཞེས་བྱ་བ་ནི་ཆགས་པས་དང་། ཡང་དག་པར་ཞེན་པས་དང་།། ་ཀུན་ནས་དཀྲིས་པས་སོ།། སྐྱེས་པ་ཞེས་བྱ་བ་ནི། སྤོས་འཚོང་གི་ཁྱེའུ་འམ། དེ་ལས་གཞན་པ་གང་ཡང་རུང་བའོ།། ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང་། ཡང་དག་པར་ཞེན་པ་དང་། ཀུན ་ནས་དཀྲིས་པའོ། ། བརྡ་བྱེད་པ་ཞེས་བྱ་བ་ནི་གང་གི་ཚེ་བདག་པོང་ས་འམ། ལྷ་ཁང་ལ་སོགས་པ་ཆེ་གེ་མོ་ཞིག་ན་མཐོང་ནའོ།། དུས་འདེབས་པ་ཞེས་བྱ་བ་ནི་སྔ་དྲོ་དང་། ཉི་མའི་གུང་དང་། བྷི་དྲྀ ་གང་ཡིན་པ་དེའི་ཚེ་ཤོག་ཅིག་ཅེས་ཟེར་བའོ། ། མཚན་མ་སྟོན་ཏམ་ཞེས་བྱ་བ་ནི། གང་གིས་ཚེ་བདག་སྐྲ་བྲེགས་ནས་རིང་པོ་མ་ལོན་ཞིང་སྣམ་སྦྱར་དམར་སེར་གྱོན་པར ་མཐོང་བ་དེའི་ཚེ་ནའོ། ། འཕྱར་གཡེང་དང་ཞེས་བྱ་བ་ནི་ཕྱས་འདོགས་པའོ།། གཞོགས་སྟེགས་ཞེས་བྱ་བ་ནི་ཀུན་ཏུ་རྩེ་བའོ།། རྩ་བ་ཧྲལ་ཞེས་བྱ་བ་ནི་ཀུན་ཏུ་ཅ་ཅོ་འདོན་པའོ།། སྐྱེས་པ་འོངས་པ ་བདག་གིར་བྱེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བར་བྱེད་པའོ། ། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ཞེས་བྱ་བ་ནི་དབང་དུ་འགྱུར་བའོ།། ལུས་བཀན་པ་ཞེས ་བྱ་བ་ནི་ཁོག་པའོ། ། གནས་བརྒྱད་པོ་འདི་དག་ཏུ་ཞེས་བྱ་བ་ནི་བསྟན་པ་གང་ཡིན་པ་དེ་དག་ཏུའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ།། དགེ་སློང་མའི་དངོས་པོ ་གང་ཞེ་ན། བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་། བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག ་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། དེའི་ཁས་ལེན་པ་ཉིད་དང་། ཉེ་བར་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་ཞེས་བྱ་བ་སྔ ་མ་བཞིན་ནོ། ། ལྟུང་བ་བུས་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ།། བྱས་མ་ཐག་ཏུ་ཞེས་བྱ་བ་ནི་དེའི་མོད་ཉིད་ལའོ།། དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ་ཞེས ་བྱ་བ་ནས། དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས། སྐྱེས་པ ་ཆགས་པ་དང་ལྷན་ཅིག་བརྡ་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ། ། དུས་འདེབས་ནའང་སྦོམ་པོར་འགྱུར་རོ།། མཚན་མ་སྟོན་ན་སྦོམ་པོར་འགྱུར་རོ།། འཕྱར་གཡེང་བྱེད་ན་སྦོམ་པོར་འགྱུར་རོ།། ག ་སྟེགས་བྱེད་ན་སྦོམ་པོར་འགྱུར་རོ། ། རྩབ་ཧྲལ་བྱེད་ན་སྦོམ་པོར་འགྱུར་རོ།། སྐྱེས་པ་འོངས་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ།། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་མི་རུང་བ་སླར་བཟློག་ཏུ་རུང ་བའི་གནས་སུ་ལུས་བཀན་ན་སྦོམ་པོར་འགྱུར་རོ། ། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བུར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ན་པས་ཕམ་པའི་ལྟུང་བར་འགྱུར་རོ།། ལས་དང་པོ་པ་ལ་སོག ་པ་ལ་ཉེས་པ་མེད་དོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཕས་པམེ་པར་གྱུར་པ་དྲུག་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚིལ་བྱ་ཀ་ལནཿ། ་ཀ་གནས་པ་ན་བཞུགས་སོ།། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གི་དམ་བཅས་པ་ལས་ཉམས་པར་གྱུར་པ་དེའི་ཚེ། དེ་ཉམས་པས་ཕུ་ནུ་མོ་མཛའ་ཅན་དུས་པར་གྱུར་ཏོ།། དགེ་སློང་མ་རྣམས་ཀྱིས། ་ལ་སྤྲས་པ། མཛའ་ཅན་མ་ཅི་བཅོམ་ལྡན་འདས་ཀྱིས་ཚོགས་པའི་མཐའ་འབྲལ་བར་འགྱུར་བའོ་ཞེས་མ་གསུངས་སམ་ཅིན་དུ་བར་བྱེད། ནིས་འདི་སྐད་ཅེས་སྨྲས་སོ།། བདག་མཛའ་མོ་འདི་ཆོས་འདུལ ་བ་འདི་ལས་ཉམས་པ་དེའི་ཕྱིར་ནི་མི་དུ་མོད་ཀྱི། འོན་ཀྱང་གང་གི་ཕྱིར་སྔོན་ཆད་ཀྱང་དེ་འདི་ལྟ་བུ་དང་། འདི་ལྟ་བུ་དག་བྱེད་པ་དེའི་ཕྱིར་བདག་དུའོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་དེ་ཁྱོད་ཀྱིས་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཤེས་སོ།། ཅིའི་ཕྱིར་ཁྱོད་ཀྱིས་ངེད་ཅག་ལ་སྔར་མ་སྨྲས། དེས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་སྡུག་པའི་ཕྱིར་མོད། དེ་ནས་དགེ ་སློང་མ་མང་པོས། དགེ་སློང་མ་མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་ཀྱིས་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ ་སྤྲས་སོ། ། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ། མི་མཛེས་པ་དེ་ལྟཿ ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན ་ནོ་ཞེས་རྣམ་པར་སྨད་པར་མཛད་དོ། ། རྣམ་གྲངས་དུ་མས་རྣམ་པར་སྨན་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་ངས་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས། ཉན་ཐོས ་མའི་འདུལ་བ་ལས་བསླབ་པའི་གཞི་བཅའ་བར་མཛད་དོ་ཞེས་བྱ་བ་ནས། བསླབ་པ་བཅས་པ་རྒྱས་པར་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་དགེ་སློང་མའི་ལྟུང་བ་ཤེས་བཞིན་དུ་འཆབ ་པར་བྱེད་ཅིང་། གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ། ཉམས་སམ། འཁྱམས་སམ། འཕོས་པར་གྱུར་པ་དེའི་ཚེ། དགེ་སློང་དེས་འདི་སྐད་ཅེས་དགེ་སློང་མ་དེ་ལ་ལྟུང་བ་འདི་ལྟ་བུ་དང་། ་འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་དེ་སྐད་ཟེར་ན།། དགེ་སློང་མ་དེ་ཡང་ཁ་ན་མ་ཐོ་བ་བཅབས་པས། བས་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ།། ཡང་དགེ་སློང་མ་གང ་ཞེས་བྱ་བ་ནི། མཛའ་ཅན་མ་འམ། དེ་ལྟ་བུ་དང་མཐུན་པ་དག་གོ། དགེ་སློང་མ་ཞེས་བྱ་བ་ནི་མཛའ་མོའོ།། ལྟུང་བ་ཞེས་བྱ་བ་ནི་བརྒྱད་པོ་དག་ལས་གང་ཡང་རུང་བའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད ་ཀྱིས་མཐོང་བ་འམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ།། བཅབས་ན་ཞེས་བྱ་བ་ནི་འཁྱུད་ནས་སོ།། གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ་ཞེས་བྱ་བ་ནི། དེའི་སྲོག་གི་དབང་པོ་འགགས ་པར་གྱུར་པའོ། ། ཉམས་སམ་ཞེས་བྱ་བ་ནི་བསླབ་པ་ཕུལ་བའོ།། འཁྱམས་སམ་ཞེས་བྱ་བ་ནི་ཡུལ་བཏང་བར་གྱུར་ནའོ།། འཕོས་པར་གྱུར་པས་ཞེས་བྱ་བ་ནི། གཞན་མུ་སྟེགས་ཅན་གྱི་གནས་ལ་རྟེན ་པའོ། ། དེའི་ཚེ་དགེ་སློང་མ་དེ་ཞེས་བྱ་བ་ནི་མཛའ་ཅན་མའོ།། དགེ་སློང་མ་འདི་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ།། འདི་ལ་ལྟུང་བ་འདི་ལྟ་བུ་དང་། འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་སོ་ཞེས་བྱ་བ་ནི། ་བརྒྱད་པོ་དག་ལས་གང་ཡང་རུང་བ་དག་གོ།། དེ་སྐད་ཟེར་ན་ཞེས་བྱ་བ་ནི་སྨྲས་ནའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་དེའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས ་པའོ། ། བསྙེན་པར་རྫོགས་པར་གང་ཞེ་ན། གཞན་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ།། དེ་ཞེས་བྱ་བ་ན་བསྟན་པ་དང་། ཉེ་བར་བསྟུན་པའི་ཚིག་བླ་དགས་སོ།། དགེ་སློང་། ་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མའི་ཁ་ན་མ་ཐོ་བ་ཤེས་བཞིན་དུ་བཅབས་ན། ཇི་ལྟར་ཡང་རུང ་སྟེ་ཐམས་ཅད་ལས་ཕས་ཕམ་པར་འགྱུར་རོ། ། དགེ་སློང་མའི་རྣམ་པར་བྱེད་པ་ལས། ཕས་ཕམ་པར་གྱུར་པ་བདུན་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་མཉན་ཡོད་ན་དགེ་སློང་གྲེ་སྐྱེས་ཞེས་བྱ་བ་ཞིག་གནས་པ། འཐབ་མོ་བྱེད་པ།། མཚང་འདྲུ་བར་བྱེད་པ། འགྱེད ་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ་དེས། དགེ་འདུན་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་སོ།། དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་པར་སྐྱེ་དགུའི་བདག་མོ ་ཆེན་མོ་གཽ་ཏ་མིས་ཐོས་སོ། ། ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག ་ཏུ་འདུག་ནས། བཅོམ་ལྡན་འདས་ལ། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དགེ་སློང་འགའ་ཞིག་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པར ་གྱུར་ན། དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་བར་གྱུར་ན་ཕྱག་མི་བྱ་བར་སྟན་ལས་ལྡང་བར་བྱའོ།། བཙུན་པ་དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད ་པ། མཚང་འདྲུ་བར་བགྱིན་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་རྣམས ་ཀྱིས་དེ་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་ན། དེ་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པར་བྱའོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པར་བྱས་ནས། འགཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས ་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་མ་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། འདི་ལྟར་བྱ་སྟེ། འཕགས་མའི་དགེ ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ།། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང ་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དེ་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་ཀྱིས། གལ་ཏེ་དགེ་སློང་མའི་དགེ་འདུན་མའི་དུས་ལ་བབ་ཅིང་བཟོད་ན། དགེ ་སློང་གིས་དགེ་འདུན་གྱིས། དགེ་སློང་གྲེ་སྐྱེས་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་གྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས ་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ནས། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པ་དེ། ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་གང་ལགས་པ་བསྒོ་བར་མཛད་དོ།། ་འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད་པ། མ་ཚང་འདྲུ་བར་བགྱིད་པ། འགྱེད་པར ་བགྱིད་པ། རྩོད་པར་བགྱིད་པ་འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ནས། དགེ་སློང་གི་དགེ་འདུན་གྱིས་དེ་གནས་ནས་དབྱུང་བའི་ལས ་བགྱིས་པར་གྱུར་པ་ལས། དགེ་སློང་མའི་དགེ་འདུན་མས། དགེ་སློང་གྲེ་སྐྱེས་འཐུབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིས་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ ་དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པ་དེ་ཕྱག་བགྱི་བའི་འོས་མ་ཡིན་པའི་སྡོམ་པ་དེ་བསྒོ་བ་མཛད་དོ།། ་དགེ་སློང་མ་གང་དག་དགེ་སློང་གྲེ་སྐྱེས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྩལ་བ་ལ་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན ་མ་རྣམས་ཀྱིས་བཟོད་ཅིང་གནང་སྟེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། གང་གི་ཚེ་དགེ་འདུན་རྣམས་ཀྱིས་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་ཤིང ་དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་མཛད་པ་དེའི་ཚེ། དགེ་སློང་གྲེ་སྐྱེས་ཀྱིས་འདི་སྙམ་དུ་བདག་གིས་ཉེས་པ་བྱས་པས། དགེ་སློང་གི་དགེ་འདུན་གྱིས ་གནས་ནས་དབྱུང་གྲང་ན། དགེ་སློང་མའི་དགེ་འདུན་ལ་བདག་གིས་ཉེས་པ་ཅི་ཞིག་བྱས་ན། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་མཛད་པ། འདི་ལྟར་བདག་གིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ ་ཏ་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། དོན་འདི་འདྲི་བར་བྱའོ་སྙམ་དུ་བསམས་ཏེ། དགེ་སློང་གྲེ་སྐྱེས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ ་ཏ་མི་ལ་འདི་སྐད་ཅེས་སྨྲས་སོ། ། སྲིང་མོ་རེ་ཞིག་བདག་གིས་ཉེས་པ་བྱས་པས། དེའི་ཕྱིར་དགེ་སློང་གི་དགེ་འདུན་གྱིས་ནི་བདག་གནས་ནས་དབྱུང་གྲང་ན། དགེ་སློང་མའི་དགེ་འདུན་ལ་བདག་གིས་ཉེས ་པ་ཅི་ཞིག་བྱས་ན། གང་གིས་ཕྱིར་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་བྱས། དེ་ལྟ་མོད་ཀྱི་ཁ་ཅིག་དགེ་སློང་མ་ལ་ཁ་ཟེར་བ་ཡོད་པ། དེ་ལ་བདག་གིས་ཁྲོས།། འཁྲུགས ་བཇམ་པར་གྱུར་ཏེ། ཞུམ་ཞུམ་པར་གཞག་པར་བྱ། ཐོ་བ་བསྐྱེད་པར་བྱའོ།། ད་ལྟར་བདག་གིས་དགེ་སློང་མ་བྱེད་ཅག་གི་ཕྱོགས་བྱས་ན། ཁྱེད་ཅག་ཅིའི་ཕྱིར་བདག་ལ་ཕྱག་བྱ་བའི་འོས་ས ་ཡིན་པའི་སྡོམ་པ་སྒོ་བར་བྱེད། དེ་གད་ཅེས་སྨྲས་པ་ད་སྐྱེས་བུའི་བདག་མོ་ཆེན་མོ་གོའུ་ཏམིས། དགེ་སློང་མེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། ་པ་གྲེ་སྐྱེས་ཁྱོད་དགེ་སློང་མའི་ཕྱོགས་སུ་གནོད་པ་བྱེད་དུ་ལྷ་ཡོང་ཡང་སུས་བཅུག། དེའི་སྟེང་དུ་དགེ་སློང་གི་དགེ་འདུན་གྱིས་ཁྱོད་གནས་ནས་དབྱུང་བའི་ལས་བྱིས་ལ། བཅོམ་ལྡན་འདས ་ཀྱིས་ཀྱང་དགེ་སློང་མ་རྣམས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྒོ་ཞིག་ཅེས་བཀའ་སྩལ་ཏོ། ། དེའི་ཕྱིར་བདག་ཅག་གི་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྒོའོ།། གཞན་ཡང ་གྲེ་སྐྱེས་གསོན་ཅིག། རེ་ཞིག་ཁྱོད་ཤཱཀྱའི་བུ། ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྨྲ་བར་བྱེད་པ། འདི་ལྟར་ཡང་ཁོད་ནི་མང་དུ་ཐོས་པ་ཡིན་ན། དགེ ་འདུན་ལ་བཟོད་པ་མི་གསོལ་བར་ཕྱི་ལང་བྱེད་དམ། དེ་ནས་དགེ་སློང་གྲེ་སྐྱེས་འདི་སྙམ་དུ། སྐྱེ་མགུའི་བདག་མོ་ཆེན་མོ་འདིས་ནི་ཕན་པར་སྨྲས་ཀྱི། མི་ཕན་པ་མ་ཡིན་པའི་སྟེང་དུ་མི་གང་ཞིག ་སའི་སྟེང་དུ་འགྱེལ་ན། དེས་ས་དེ་ཉིད་ལ་བརྟེན་ནས་ལྡང་བ་དེ་བཞིན་དུ། བདག་གིས་ཀྱང་དགེ་འདུན་ལ་ཉེས་པ་བྱས་པས། དེ་ཉིད་དུ་སོང་ལ། དགེ་འདུན་ལ་སྐུ་བསྙལ་བར་བྱའོ།། མཐུན་པར ་བྱེད་པ་བསྟན་པར་བྱའོ། ། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་བྱའོ་སྙམ་དུ་བསམས་སོ།། ཡང་གྲེ་སྐྱེས་འདི་སྙམ་དུ་མ་ལ་བདང་སྲང་པོ་དག་གདེན་པར་སོང་ལ་ཕྱིན་ནས། སྲིང ་མོ་དག་ལ་ཡང་དྲིའོ་སྙམ་དུ་བསམས་ནས། གྲེ་སྐྱེས་བཅུ་གཉིས་སྡེ་གང་ན་བར་དེར་སོང་སྟེ་ཕྱིན་ནས། སྐབས་དེ་དག་རྒྱས་པར་སྨྲས་སོ།། རེ་ཞིག་ན་བཅུ་གཉིས་སྡེ་དག་གིས། གྲེ་སྐྱེས ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་པ་གྲེ་སྐྱེས་ཁྱོད་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་རྣམས་ཀྱི་དྲུང་དུ་སྤུ་སྙོལ་བར་མ་བྱེད་ཅིག། མཐུན་པར ་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས ་དང་། ནད་གསོས་ཀྱི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚེའི་བར་དུ་རུང་བ་རྣམས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་ཅི་དང་ཅིས ་བྲེལ་བ་དང་དེས་མི་བྲེལ་བར་བསྙེན་བཀུར་བགྱིའོ་ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་།། བཅོམ་ལྡན་འདས་ལ་གསོལ་ཏོ།། ་། བམ་པོ་དྲུག་པ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་བཅུ་གཉིས་སྡེ་ལ་བཞམས་ཏེ ་བསྒོ་བར་བྱའོ། ། འདི་ལྟར་བསྒོ་བར་བྱ་སྟེ། དགེ་སློང་མ་ཁྱེད་ཅག་དགེ་སློང་གང་ཞིག་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོལ། དགེ་སློང་དེ་ཡང་སྒྲ་འགྲེང་བར་གྱུར། སྒྱུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྩོལ་བར་འདོད། འབྱུང་བར་སྤྱོད། ་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད་འདོད། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་བྱེད་འདོད་ལ། དེའི་ཕྱིར་འཐབ་མོ་དང་། མཚང་འདྲུ་བ་སྤོང་བར་འདོད་པར་ཤེས་བཞིན ་དུ་ཁྱེད་ཅག་དེ་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྱེད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག ་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱེད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང ་རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གོ་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་ཅི ་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བགྱིའོ་ཞེས་མ་ཟེར་ཅིག་ཅེས་བྱའོ། ། དེ་སྐད་ཅེས་བསྒོ་བ་དང་། དེ་དག་དགེ་སློང་མ་དེ་རྣམས་ལ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་འདི་ལ ་ཅུང་ཟད་ཀྱང་མཟེར་ཅིག་ཅེས་གནི་དེ་ཉིད་ལ་ཕྱིར་ཞིང་ནན་གྱིས་མཆོག་ཏུ་བཟུང་སྟེ་ནན་ནས། འདི་ནི་བདེན་གྱིས། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་སོ།། དེ་ནས་དགེ་སློང་མ་རབ་ཏུ་མང ་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས་ཀྱིས་ནབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ། དགེ ་སློང་མ་རབ་ཏུ་མང་པོས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། དགེ་སློང་མོ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་ལས་ཀྱི་སྒོ་ཞིག། བསྒོ་བ ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག ་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན ་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས ་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྤྱོད་པར་བགྱིད། མཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྐོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། ་བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། བོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང ་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚེའི་བར་དུ་རུང་བ་རྣམས་དང་། ་དང་ཅིས་བྲེལ་བ་དེ་དང་དེས་བསྙེན་བཀུར་བྱའོ།། ཞེས་སྨྲ་བའི་དགེ་སློང་མ་དེ་ལ། དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཞིང་། དགེ་སློང་མ་མང་པོས་དེ་ལ་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས ་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང ་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ།། ཕུ་ནུ་མོ་ཁྱེད་ཅག་དགེ་སློང་འཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད་པ། ་འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས ་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྩོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི ་། ནང་དུ་འདུག་སྟེ། བཟོད་པ་གསོལ་བར་བྱེད་འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས། འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། མཐུན་པར་བྱེད་པ་མ ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང ་རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམ་དང་། ཅི་དང ་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བར་བྱེད་པའི་གཞི་འདི་ལྟ་བུ་ཕུ་ནུ་མོ་དག་གཏོང་དུ་སྩལ་ཏོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐོབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས ་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར ་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྤྱོད་པར་བགྱིད། མཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྐོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི། ་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཆོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད ་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ་སློང་མ་དེ་དག་ལ། དགེ་སློམ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག ་ལ་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་སློང་མ་བཅུ་གཉིས ་སྡེ་རྣམས་ལ། ཕུ་ནུ་མོ་ཁྱེད་ཅག་དགེ་སློང་གང་འཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེས་པས ་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བར་འོས་མ་ཡིན་པའི་སྡོམ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལ། ་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་བྱེད་འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད ་ཅེས། འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག ་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི ་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས ་ཟེར་བ་དེ་ལ་བསྒོ་བ་མཛད་དོ། ། བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་པ་ལ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས ་ཤིག། འདི་ནི་ལས་བརྗོད་པ་དང་པོའོ།། གཉིས་པ་ལ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས ་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས ་དགེ་འདུན་ལ་སྤུ་སྙོལ་བར་འཚལ། འབྱུང་བར་སྐྱོད་པར་བགྱིད། མཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་བཞིན་དུ་དེའི་གན་དུ་སོང་སྟེ་འདི ་སྐད་ཅེས། འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག ་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་།། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན ་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་སྙེན་བཀུར་བྱའོ་ཞེས ་སྨྲ་བའི་དགེ་སློང་མ་དེ་དག་ལ། དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག་ལ་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་། མངོན་པར་ཞེན་ནས་འདི ་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླང་དུ་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། ཚེ་དང་ལྡན་པ་གང་དག ་དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་པར་བཟོད་པ་དེ་དག་ནི་ཅིང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་གཉིས ་པའོ། ། གསུམ་པ་ཡང་ལས་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་བར ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང ་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་འཚལ། འབྱུང ་བར་སྤྱོད་པར་བགྱིད། མཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ། དེའི་གན་དུ་སོང་སྟེ་འདི་སྐད་ཅེས། འཕགས་པ་ཁྱོད་དགེ་འདུན་ལ ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས ་དདོང་དྲ་བ་དང་། བོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚེའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས ་སྨྲ་བའི་དགེ་སློང་མ་དེ་དག་ལ་དགེ་སློང་མ་མང་པོས་བནམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག་ལ་བཞམས་ཏེ་བསྒོ་ཡང་། བཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་། མངོན་པར་ཞེན་ནས ་འདི་ནི་བདེན་གྱིས། གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོག་ཏེ། དེའི་སླད་དུ་དགེ་འདུན་གྱིས། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། ཚེ ་དང་ལྡན་པ་གང་དག་དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅིང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ་དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་པ་བཅུ་གཉིས་སྡེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན ་དུ་འཛིན་ཏོ། ། དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསློབ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི།། ཞན་ནི་རྨོངས་པའོ་ཞེས ་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ང་ཉན་ཐོས་མ་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ་པའི་གནི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས། བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་གཉིས་ཀའི་དགེ་འདུན ་སྡུ་བ་མཛད་དོ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་དགེ་སློང་གང་ཞིག་དགེ་འདུན་མཐུན་པས་གནས་ནས་དབྱུང་བའི་ལས་བྱས་པ་དགེ་སློང་མའི ་དགེ་འདུན་གྱིས་ཀྱང་བྱིག་བྱ་བར་ཐམ་མ་ཡིན་པའི་སྡོམ་པ་བསྒོ་བ་དགེ་སློང་དེ་སྒྲ་ཕྲེང་བར་གྱུར། བླ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྐུ་སྩོལ་པར་བྱེད། ལྟུང་བར་བྱེད་པར་བྱེད། མཐུ ་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས། འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད ་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་གཏོང་ཞིག། བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས ་གོས་དང་། དྲ་བ་དང་། པོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་།། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅེས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་ཀུར་བྱའོ་ཞེས་སྨྲ་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམ ་ཀྱིས་འདི་སྐད་ཅེས། ཕུ་ནུ་མོ་ཁྱོད་དགེ་སློང་གི་དགེ་འདུན་པ་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མའི་དགེ་འདུན་མས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི ་སྡོམ་པ་བསྒོ་བའི་དགེ་སློང་དེ་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤ་སྙོལ་བར་བྱེད། འབྱུང་བར་སྐྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད་པ་མཚམས་ཀྱི་ནང་དུ་འདུག ་སྟེ། བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས། འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། མཐུན་པར་བྱེད་པ་སྟོན་པར་མ་བྱེད་ཅིག། མཚམས་ཀྱི ་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་གཏོང་ཞིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟོད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན ་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཆོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོལ ་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བ་ན། པུ་ནུ་མོ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པ་དང་། མི་མཐུན་པར་བྱ་བའི་ཕྱིར་སྨྲ་བ་འདི།། བུ་འདི་ཐོང་ཞིག་ཅེས ་དེ་སྐད་བསྒོ་བར་བྱའོ། ། གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེགས།། གལ་ཏེ་གཏོང་བར་མི་བྱེད་ན། གཞོ་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན ་གསུམ་གྱིས་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།། སང་དག་པར་བསྟན་པ་ན་གཞི་དེ་གཏོང་བ་དེ་ལྟན་ལེགས། གལ་ཏེ། ་གཏོང་བར་མི་བྱེད་ན། དགེ་སློང་མ་དེ་ཡང་གནས་ནས་ཕྱུང་བའི་རྗེས་སུ་འཇུག་པའི་ཕྱིར། ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས ་སྡེའོ། ། དགེ་སློང་གང་ཞིག་ཅེས་བྱ་བ་ནི་འཐབ་མོ་བྱེད་པ། མི་བདེ་བར་བྱེད་པ་གྲོ་སྐས་སོ།། དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ།། གནས་ནས་དབྱུང་བའི་ལས་བྱས ་པ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། ། དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའོ།། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་ཞེས་བྱ་བ ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། ། དགེ་སློང་དེ་ཞེས་བྱ་བ་ནི་གྲེ་སྐྱེས་སོ།། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙེལ་བར་བྱེད་ཅེས་བྱ་བ་ནས། ཤེས་བཞིན་དུ་ཞེས ་བྱ་བ་ནི་བདག་ཉིད་ཀྱིས་མཐོང་བ་འམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ།། དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་གཏོང་ཞིག་ཅེས་བྱ་བ་ནི། ཞི་བར་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། སྨྲ་ན་ཞེས་བྱ་བ ་ནི་ཟེར་ནའོ། ། འཕགས་པ་ཁྱོད་ཅེས་བྱ་བ་ནི་སྒྲ་འགྲེང་བ་སྤུ་ལངས་པ། གྲེ་སྐྱེས་སོ།། དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག་ཅེས་བྱ་བ་ནས། འཐབ་མོ་བྱེད་པ་མ་གཏོང་ཞིག་ཅེས་བྱ་བ་ནི།། དགེ་འདུན ་ན་པ་མ་ས། ས་སྤྲུ་བྱ་། ཞེས་མ ་དེ་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ། ། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པའི་དགེ་སློང་མ་རྣམས་ཀྱིས་སོ།། དེ་སྐད་བསྒོ་བར་བྱའོ་ཞེས་བྱ་བ་ནི། འདི་སྐད་ཅེས་སྨྲ་བར་བྱ་སྟེ། ་བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱ་བའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་བཟང་བའོ།། གལ་ཏེ་གཏོང་བར ་མི་བྱེད་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི། སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་ལྟར་བསྒོ་བ་བཞིན་དུའོ།། ་ཡང་དག་པར་བསྒོ་བ་ན་ཞེས་བྱ་བ་ནི་ཡང་དག་པར་བསྟན་པ་ནའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་འཐབ་མོ་བྱེད་པ་ཞེས་བྱ་བ་ནས། འཐབ ་ཀྲོལ་བྱེད་པ། དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་ཞེས་བྱ་བའི་བར་དང་། ཤེས་བཞིན་དུ་འདི་སྐད་ཅེས ་བདག་གིས་ཁྱོད་ལ་ལྷུང་བཟེད་ཀྱིས་བསྙེན་བཀུར་གྱིའོ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ། ། ཆོས་གོས་ཀྱིས་ཀྱང་ཉེས་བྱས་སུ་འགྱུར་རོ།། དྲ་བས་ཀྱང་ཉེས་བྱས་སུ་འགྱུར་རོ།། ཕོར་བུས་ཀྱང་ཉེས་བྱས ་སུ་འགྱུར་རོ། ། སྐ་རགས་ཀྱིས་ཀྱང་ཉེས་བྱས་སུ་འགྱུར་རོ།། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་འབྲེལ་བར་བྱའོ་ཞེས་བྱ་བ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན། གཞི་དེ ་གཏོང་བ་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་དང་པོའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ཚིགས་རྫོགས ་པར་གྱུར་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། ། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར ་རོ། ། ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ། མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་།། ་ཆོས་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན ་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན། དགེ་སློང་མ་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་གྱུར་པ་ཡིན་ནོ།། ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར ་འབྱེད་པ་ལས། བས་ཕམ་པར་གྱུར་པ་བརྒྱད་པ་རྫོགས་སོ།། །། ཕམ་པའི་སྐབས་སུ་དགེ་སློང་མ་བཅུ་གཉིས་པོ་དག་བསྐོ་བར་མི་བྱའོ་ཞེས་གསུངས་པ་དེ་ལ ་གལ་ཏེ་འགའ་ཞིག་བཅུ་གཉིས་པོ་གང་ཡིན་ཞེས་འདྲི་བར་བྱེད་ན། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གནས་ཁང་སྐོབ་དང་། ཁ་ཟས་སྐོ་བ་དང་། ཐུག་པ་འདྲིམ་པ་དང་། ་སོ་ཤིང་འདྲིམ་པ་དང་། ཕྲན་ཚེགས་འདྲིམ་པ་དང་། སྣོད་སྤྱད་འགྲུབ་པ་དང་། སྣོད་སྤྱད་འགྱེད་པ་དང་། གོས་འགྱེད་པ་དང་། དབྱར་གྱི་རས་ཆེན་འདྲུབ་པ་དང་། དབྱར་གྱི་རས་ཆེན་འགྱེད་པ ་དང་། མངག་གཞུག་པ་དང་། མཛེས་ཆོས་པ་རྣམས་སོ།། ། སྡོམ་ལ། སྨན་བྱེད་པ་དང་གཞི་མེད་དང་། གསུམ་པ་བག་ཙམ་ཆ་ལས་ལེན།། བཞི་པ་ཅི་ཡང་རུང་བར་བྱ།། ལྔ་པ་རླགས ་པ་མེད་པ་སྟེ། ཉིན་མོ་མཚན་མོ་ལམ་འགྲོ་དང་། ཆུ་ཀླུང་ཕ་རོལ་བསྒོས་པའོ།། །། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན ་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་ཞེས་བྱ་བ། མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ། སྨོས་འདྲིན་འགྲོ་གས་ཤེས ་ཡིད་གཅུགས་པ། ཁྱིམ་དུ་འཇུག་པར་བྱེད་པ་ཡིན་པས། གང་ཡང་རུང་བ་དག་ལ་བུ་མོ་སྦྱིན་པར་བྱེད་པ་དེ་དག་ཀྱང་། རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས། ནག་པོ་མ་ལ་ཁྱེའུ་དེ་མཁས ་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་བོད་པ་དང་། བུ་མོ་ལ་བཟའ་བ་དང་བགོ་བ་མང་པོ་སྦྱིན་ནུས་པ་དང་། ལས་ཆུང་ངུ་འབོག་པར་བྱེད་པ་ཡིན་ནམ་ཞེས་འདྲི་བར་བྱེད་དོ།། གལ་ཏེ་དེས་འདི་སྐད་ཅེས། ་ཀྱེ་ཁྱེའུ་དེ་ནི་སྙིང་ནས་མཁས་པ། ལེ་ལོ་མོད་པ་སྒྲུབ་ཕོད་པ། བུ་མོ་དོ་ལ་བཟའ་བ་དང་བགོ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོག་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་གྱུར་ན། དེ་དེ་དག ་ལ་སྦྱིན་པར་བྱེད་དོ། ། གལ་ཏེ་འདི་སྐད་ཅེས། ཀྱེ་ཁྱེའུ་དེ་ནི་སྙིང་ནས་མི་མཁས་པ། ལེ་ལོ་ཅན། སྒྲུབ་མི་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་བགོ་བ་མང་པོ་སྦྱིན་མི་ནུས་པ། ལས་རླུང་ངུ་འབོགས ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པར་གྱུར་ན། དེ་དེ་དག་ལ་སྦྱིན་པར་མི་བྱེད་དོ།། དེ་བཞིན་དུ་བུ་མོ་སློང་བར་བྱེད་པ་དེ་དག་ཀྱང་། རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས། མ་ལ་བུ་མོ་དེ ་མཁས་པ་དང་། སྒྲུབ་ཕོད་པ་དང་། བུ་མོ་དེ་བག་ཡོད་པར་ཁྱིམ་ན་གནས་པར་ནུས་སམ་ཞེས་འདྲི་བར་བྱེད་དོ་ཞེས་བྱ་བ་ནས། ལྷག་མ་རྣམས་ཀྱང་ཁྱེའུ་ལ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གང ་ཡང་རུང་བ་དག་གིས་བུ་མོ་སྦྱིན་ལེགས་པར་གྱུར་པ་ན། དེ་དག་འདི་སྐད་ཅེས་བདག་ཅག་གིས་རི་དགས་འཛིན་གྱི་བུ་ནག་པོ་ལ་དྲིས་ནས། བུ་མོ་བྱིན་པའི་ཁྱེའུ་དེ་ཡང་མཁས་པ། ལེ་ལོ་མེད་པ། སྒྲུབ ་པོད་པ། བུ་མོ་དེ་ལ་བཟའ་བ་དང་བགོ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་པས། གང་དག་ལ་རི་དགས་འཛིན་གྱི་བུ་ནག་པོ་དང་གཏམ་འདྲེས་པ། བེབས་པར་སྨྲ་བ་ཞེས་བྱ་བ ་ནས། ཁྱིམ་དུ་འཇུག་པར་བྱེད་པ་ཡོད་པ་དེ་དག་ལ་ཡང་། འདི་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་རྗོད་པར་བྱེད་དོ།། དེ་བཞིན་དུ་གང་ཡང་རུང་བ་དག་གིས་བུ་མོ་སྦྲ་ནི་ཉེས་པར་གྱུར་པ་ན།། དེ་དག་འདི་སྐད ་ཅེས། བདག་ཅག་གིས་རི་དགས་འཛིན་གྱི་བུ་ནག་པོ་ལ་དྲིས་ནས་བུ་མོ་བྱན་ན། ཁྱེའུ་དེ་ཡང་མི་མཁས་པ། ལེ་ལོ་ཅན། སྒྲུབ་མི་བོད་པ།། བུ་མོ་དེ་ལ་བཟའ་བ་དང་བགོ་བ་མང ་པོ་སྦྱིན་མི་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་མ་ཡིན་པས། གང་དག་ལ་རི་དགས་འཛིན་གྱིས་བུ་ནག་པོ་དང་གཏམ་འདྲེས་པ་ཞེས་བྱ་བ་ནས། ཁྱིམ་དུ་འཇུག་པར་བྱེད་པ་དེ་དག་ལ་ཡང་། ་འདི་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ།། ཁྱེའུ་ལ་ཇི་ལྟ་བ་དེ་བཞིན་དུ། བུ་མོ་ལ་ཡང་སྦྱར་བར་བྱའོ།། དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་ལ་དུས་གཅིག་ཏུ་བསྔགས་པ་དང་། ་བསྔགས་པ་མ་ཡིན་པ་བྱུང་བར་གྱུར་ཏོ།། དེ་ན་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་རི་དགས་འཛིན་གྱི་བུ་ནག་པོ་ལས་ཚིག་བླངས་ཏེ་སྨན་བྱེད་ཅིང་། འཇུག་པ་མ་ཡིན་པའི་ཁྱིམ་དུ་འཇུག་པར་བྱེད ་པ་དེ་དག་ལ། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ། དགེ་སློང་རྣམས་ཀྱིས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མའི་དགེ་དུན ་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས། བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་དགེ་སློང ་མའི་དགེ་འདུན་བསྡུ་བ་མཛད་དོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར ་མ་ཡིན། དོན་དང་ལྡན་པར་ཡིན་གྱི། དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ན། འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པ་ནི་ཆུ་ལེན་གྱིས་བཟློག་པར་མཛད་པ་ཡིན་ནོ།། ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འདི་ལྟ་སྟེ། དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་བཅུ་གཉིས་སྡེ་དག་ལ་རྨས ་པ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ། མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། བཅོམ་ལྡན་འདས་བགྱིས་མེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅུ་གཉིས་སྡེ་ལ། དགེ ་སྦྱོང་གི་ཚུལ་མ་ཡིན་པ། ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ།། ཞེས་རྣམ་པར་སྨད་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ ་མས་རྣམ་པར་སྨད་པ་མཛད་ནས། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན། ངས་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་སྡུ་བར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནས། ཡང། ་དག་པར་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ་ཞེས་བྱ་བ་བསླབ་པ་བཅས་པའི་བར་དུ་བརྗོད་པར་བྱའོ།། ཡང་དགེ་སློང་མི་གང་བུད་མེད་ལ་སྐྱེས་པའི ་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན། ཐ་ན་ཐང་འགའ་ཕྲད་པ་ཡང་རུང་སྟེ། ཆོས་འདི་ནི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་བཅུ་གཉིས་སྡེའོ།། བུད་མེད་ལ་སྐྱེས་པའི་ཚིག་གམ།། སྐྱེས ་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི། བུད་མེད་ཀྱི་ཚིག་སྐྱེས་པ་ལ་བརྗོད་ནས་སམ། སྐྱེས་པའི་ཚིག་བུད་མེད་ལ་བརྗོད་ནས་སོ།། ཆུང་མ་ཉིད་ཅེས་བྱ་བ་ནི། ཆུང་མ་བདུན་པོ་ཆུ་ཚིགས་ཀྱིས་བྱིན་པ་དང ་རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་དང་། དང་སམ་དུ་འདུས་པ་དང་། གོས་ཟས་ཀྱིས་འཆོས་པ་དང་། ཁ་དུམ་པ་དང་། བདུན་པ་ནི་ཐང་འགའ་ཕྲད་པའོ།། དེ་ལ་ཆུ ་ཚིགས་ཀྱིས་བྱིན་པ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་ཕ་མ་དག་གིས་སྐྱེས་པ་ལ། འདི་ནི་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བྱོས་ཤིག་ཅེས་སྐྱོར་ཆུས་བྱིན་ཞིང་། དེ་དེའི་ཆུང ་མ་སྐྱེ་དགུའི་བདག་མོར་གྱུར་ནས། དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ། ཤིན་ཏུ་བསྲུངས་པ། སྦས་པ། ཤིན་ཏུ་སྦས་པ་དེ་ནི ་ཆུ་ཚིགས་ཀྱིས་བྱིན་པ་ཞེས་བྱའོ། ། རིན་ཆས་ཉེས་པའི་རླུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པས་འདི་ནི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས། ཕ་མ་ལས་རིན་ཆ་མང ་ཡང་རུང་། ཉུང་ཡང་རུང་བས་ཉོས་ཤིང་། དེ་སྐྱེ་དགུའི་བདག་མོར་གྱུར་ནས། དེས་འདི་ལ་གཞོན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ། ཤིན་ཏུ ་བསྲུངས་པ། སྦས་པ། ཤིན་ཏུ་སྤྲས་པ་དེ་ནི་རིན་ཆས་ཉོས་པའི་རླུང་མ་ཞེས་བྱའོ།། བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོས་དཔུང་གི་ཚོགས་ཡན་ལག ་བཞི་པོ་གླང་པོའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གིས་ཚོགས་གོ་བསྐོན་ཏེ། མ་ཕེབས་པ་ནི་ཕབ།། ཕེབས་པ་ནི་ཆམ་དུ་ཕབ་ནས ་སེ་མནངས་སུ་དབང་བར་བསྒོ་བ་དེའི་ཚེ། མིས་རྒྱལ་པོ་རྒྱལ་མཚན་དུ་བྱས་ནས། བུད་མེད་དམ་གཞོན་ནུ་མ་གང་ཡིན་པ་དེ་དག་གི་ཆུང་མ་འམ་སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕྲོགས་ཤིང་ཞེས ་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་གང་ཡིན་པ་ནི། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱའོ།། ཆུང་མའམ་སྐྱེ་དགུའི་དག་མོར་བྱའོ་ཞེས་ཕྲོགས ་ཤིང་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་གང་ཡིན་པ་ནི། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱའོ།། གཞན་ཡང་བཙན་ཕྲོགས་སུ ་ཐོབ་པ་ནི་འདི་ལྟ་སྟེ། ཆོམ་རྐུན་པོ་གྲོང་ཁྱེར་འཇོམས་པ་དང་། གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དེ་དག་གིས། རང་གི་སྲོག་དང་བསྔོས་ནས་གྲོང་ཁྱེར་གནོམ་པ་བྱས། གྲོང་དང་ལྗོངས ་གཞོམ་པ་བྱས་ནས། བུད་མེད་དམ་གཞོན་ནུ་མ་གང་ཡིན་པ་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕྲོགས་ཤིང་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྲོད་པར་མ་གྱུར་ཅིག། ་ཅེས་བྱ་བའི་བར་འདི་ཡང་བཙན་གྲོགས་སུ་ཐོབ་པ་ཞེས་བྱའོ།། དང་སམ་དུ་འདུས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་རང་གི་དད་པ་དང་། གཅུགས་པ ་དང་། དགའ་བས་སྐྱེས་པའི་གན་དུ་སོང་སྟེ། འདི་སྐད་ཅེས་རྗེའི་སྲས་བདག་གིས་ཁྱོད་ཀྱི་བཙུན་མོ་སྐྱེ་དགུའི་བདག་མོར་བགྱིའོ་ཞེས་སྨྲས་ལ།། དེས་ཀྱང་དེ་རླུང་མ་སྐྱེ་དགུའི་བདག་མོར་བྱས་ཏེ་ཞེས་བྱ་བ ་ནས། བདག་གིས་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་འདི་ནི་དང་སམ་དུ་འདུས་པའི་ཆུང་མ་ཞེས་བྱའོ།། གོས་ཟས་ཀྱིས་འཚེས་པའི་རླུང་མ་གང་ཞེ་ན། བུད་མེད་དམ ་གཞོན་ནུ་མ་གང་སྐྱེས་པའི་གན་དུ་སོང་སྟེ། འདི་སྐད་ཅེས་རྗེའི་སྲས་ཁྱོད་ཀྱིས་བདག་ལ་གོས་དང་ཟས་སྩོལ་ཅིག་དང་། བདག་གིས་རྗེའི་སྲས་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་སྨྲས་ལ། དེས ་ཀྱང་དེ་ལ་གོས་དག་བྱིན་ནས། དེས་དེ་ཆུང་མ་སྐྱེ་དགུའི་བདག་མོ་བྱས་ཏེ་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་འདི་ནི་གོས་ཟས་ཀྱིས་འཆོས་པའི་རླུང ་མ་ཞེས་བྱའོ། ། ཁ་དུམ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ནོར་མང་ཡང་རུང་། ཉུང་ཡང་རུང་ཁྱེར་ཏེ་སྐྱེས་པའི་གན་དུ་སོང་ནས། འདི་སྐད་ཅེས་རྗེའི་སྲས་མཁྱེན་པར ་མཛོད་ཅིག། ཁྱོད་ཀྱི་ནོར་གྱི་ཕུང་པོ་དང་། བདག་གནོར་གྱི་ཕུང་པོ་གང་ལགས་པ་ནི་གཅིག་ཏུ་བསྡུས་ནས། བདག་ཅག་མཉམ་དུ་ཚོ་ཞིང་འདོད་པ་ལ་ལོངས་སྤྱོད་པར་བགྱིས་ལ། གང་གི་ཚེ་བདག ་ཅག་ལས་ཁྱེའུ་འམ་བུ་མོ་གང་དག་མཆིས་པར་གྱུར་པ་དེ་དག་ཀྱང་ག་ཟུགདུས་ལབབ་ཅིང་ཤི་བ་ན་སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱས་ནས། འདི་བདག་ཅག་གི་ཕ་མ་གང་དུ་སྐྱེས་པ་དེར་རྗེས་སུ ་འགྲོ་བར་གྱུར་ཅིག་ཅེས་ཡོན་སྔོ་བར་བགྱིད་པར་འགྱུར་བར་བགྱིའོ་ཞེས་སྨྲས་ལ། དེས་ཀྱང་དེའི་ཆུང་མ་སྐྱེ་དགུའི་བདག་མོར་བྱས་ནས།། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ ་གྱུར་ཅིག་ཅེས་བསྲུང་། ཤིན་ཏུ་བསྲུང་།། སྦས། ཤིན་ཏུ་སྦས་པ་དེ་ནི་འདུས་པའི་ཆུང་མ་ཞེས་བྱའོ།། ཐང་འགའ་འཕྲད་པའི་རྒྱུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ལ་སྐྱེས་པས་དེའི་དུས་ཀྱི་གླ་བྱིན་ནས། འདི ་དང་བདག་ཡུད་ཙམ་ཞིག་ལྷན་ཅིག་ཡོངས་སུ་སྤྱད་པར་བྱའོ་སྙམ་ནས་དེས་དེ་བསྲུངས་པ་ཞེས་བྱ་བའི་བར་འདི་ནི་ཐང་འགའ་ཕྲད་པའི་རྒྱུང་མ་ཞེས་བྱ་སྟེ། འདི་དག་ནི་ཆུང་མ་བདུན་ཞེས་བྱ་བ་ཡིན་ནོ།། ་མཛའ་ན་མོ་བཅུ་ཞེས་བྱ་བ་ལ། བཅུ་པོ་གང་ཞེ་ན། མས་བསྲུངས་པ་དང་། བས་བསྲུངས་པ་དང་། མིང་པོས་བསྲུངས་པ་དང་། བུ་མོས་བསྲུངས་པ་དང་། སྐྲག་མོས་བསྲུངས་པ་དང་། གྱིས་བོས ་སྲུངས་པ་དང་། ཉེ་དུས་བསྲུངས་པ་དང་། རིགས་ཀྱིས་བསྲུངས་པ་དང་། རུས་ཀྱིས་བསྲུངས་པ་དང་། རྣམ་པར་འཁྲུག་པ་མེད་པ་ནི་བཅུ་པའོ།། མས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། ་བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨོས་པར་གྱུར་པ་འམ། སེམས་འཁྲུགས་པ་འམ། ཚེར་བདག་གིས་ཉེན་པ་འམ། རྒྱལ་པོས་འཇིགས་ནས་ཡུལ་འཁོར་གཞན་དང་། ཡུལ་གཞན་དུ ་བྲོས་པར་གྱུར་ཏམ། བསད་དམ། བཅིངས་སམ། སྤྱུགས་སམ། རབ་ཏུ་བྱུང་ངམ། ཤི་བར་གྱུར་པ་ན། དེ་ལ་མས་བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས ་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། སྲུངས། ཤིན་ཏུ་བསྲུངས། སྦས། ཤིན་ཏུ་སྦས་པར་གྱུར་པ་འདི་ནི། མས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། ཕས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། ་འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨོས་པར་གྱུར་ཏམ་ཞེས་བྱ་བ་ནས། རྒྱས་པར་མ་ཤི་བར་གྱུར་པ་ན། དེ་ལ་ཕས་བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གིས་བཙན་ཐབས ་སུ་འདོད་པའི་ཕྱིར་སྤྱོད་པར་མི་གྱུར་པར་བྱའོ་སྙམ་ནས། བསྲུངས། ཤིན་ཏུ་བསྲུངས། སྦས། ཤིན་ཏུ་སྦས་པར་གྱུར་པ་འདི་ནི། ཕས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། མིང་པོས་བསྲུངས་པའི་མཛའ་ན ་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབས་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པ་འམ་ཞེས་བྱ་བ་ནས། ལམ་ཤི་བར་གྱུར་པ་ན། དེ་ལ་མིང་པོས་བདག་གི་འདི་ལ་འགའ ་ཞིག་གིས་ཞེས་བྱ་བ་ནས། འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཞེས་བྱ་བའི་བར་འདི་ནི་མིང་པོས་བསྲུངས་པའི་མཛའ་ན་མོ་ཡིན་ནོ།། མང་པོས་བསྲུང་བ་ཇི་ལྟ་བ་བཞིན་དུ། ཕུ་མོས ་བསྲུངས་པ་ཡང་བརྗོད་པར་བྱའོ། ། སྐྱུག་མོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྤྲོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ ་བ་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་ཕུ་ནུ་མོ་ཤི་བར་གྱུར་པ་ན། དེ་ལ་སྒྱུག་མོས་འདི་སྐད་ཅེས་བདག་གི་བུ་ལ་ལྟ་བ་ཇི་ལྟ་བར་ཁྱོད་ལ་ཡང་དེ་ལྟ་བུ་ཡིན་པས། ཁྱོད་གྱིས་བཟའ་བ་དང་བགོ་བ་བདག། ་གིས་སྦྱར་གྱིས། མནའ་མ་དགའ་བར་གྱིས་ཤིག། མནའ་མ་འདུག་པར་གྱིས་ཤིག་ཅེས་སྨྲས་ནས།། བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད ་པར་མི་གྱུར་པར་བྱའོ་སྙམ་ནས། བསྲུངས། ཤིན་ཏུ་བསྲུངས། སྦས། ཤིན་ཏུ་སྦས་པར་གྱུར་པ་འདི་ནི། སྒྱུག་མོས་བསྲུངས་པ་ཞེས་བྱའོ།། སྒྱུག་མོས་བསྲུངས་པ་ཇི་ལྟ་བ་བཞིན་དུ། གྱོས་པོས ་བསྲུངས་པ་ཡང་བརྗོད་པར་བྱའོ། ། ཉེ་དུས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་ཁྱིམ་ཐབ་སྨོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས། ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་ཤི་བར་གྱུར་པ་ན། དེ་ཉེ་དུའི་དྲུང་དུ་གནས་ཤིང་། དེ་ལ་ཉེ་དུ་རྣམས་ཀྱིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར ་ན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མོ་འགྱུར་བར་བྱའོ་སྙམ་ནས། བསྲུང་། ཤིན་ཏུ་བསྲུང་།། སྦས།། ཤིན་ཏུ་སྦས་པར་གྱུར་འདི་ནི་ནི་ཉེ་དུས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། ཉེ་དུ་ཞེས་བྱ་བ་ནི་ཕ་མེས་དང་། མ ་མེས་གཉིས་ཀའི་བདུན་བརྒྱུད་གཟུང་ངོ་། ། རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ། ཁྱིམ་ཐབ་སྨོས་པར་གྱུར་ཏམ། སེམས ་འཇུགས་པར་གྱུར་ཅེས་བྱ་བའི་བར་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་། བུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་དང་། ཉེ་དུ་ཤི་བར་གྱུར་པ་ན། དེ་བདག་ཉིད་དང་རུས ་གཅིག་པའི་དྲུང་ན་གནས་ཤིང་། དེ་ལ་དེ་དག་གིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཞེས་བྱ་བ ་བར་འདི་ནི། རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། རིགས་ཞེས་བྱ་བ་ནི། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སོ།། རུས་ཀྱིས་བསྲུངས་པའི་མཛའ་ན་མོ ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྤྲོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བའི་བར་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་། པུ་ནུ་མ ་དང་། སྒྱུག་མོ་དང་། གྱོས་པོ་དང་། ཉེ་དུ་རྣམས་ཤི་བར་གྱུར་པ་ན། དེ་བདག་ཉིད་དང་རུས་གཅིག་པའི་དྲུང་ན་གནས་ཤིང་།། དེ་ལ་དེ་དག་གིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས ་བཙན་ཐོབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཞེས་བྱ་བའི་བར་འད་ནི། རུས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། རུས་ཞེས་བྱ་བ་ནི། ཀུད་སའི་རུས་དང་། བད ་སའི་རུས་དང་། ཤན་ཏི་ལའི་རུས་དང་། བྷ་ར་དཱ་ཛའི་རུས་དང་། མོའུ་འགལ་གྱི་རུས་དང་། གར་གྷའི་རུས་དང་། གོའུ་ཏ་མའི་རུས་རྣམས་སོ།། རྣམ་པར་འཁྲུག་པ་མེད་པའི་མཛའ་ན་མོ་གང་ཞེ་ན། ་སློང་མ་དང་། དཔྱོན་པ་མ་དང་། ཀུན་ཏུ་རྒྱུ་མོ་དང་། ཁྱིམ་ཐབ་ལས་གཞན་དང་མི་ཉལ་བའི་བུད་མེད་དང་། བརྟུལ་ཞུགས་ཀྱི་གནི་ཆོས་སྤྱོད་པར་བྱེད་མ་སྟེ། འདི་དག་ནི་མཛའ་ན་མོ་བཅུ་ཞེས་བྱའོ།། སྣུ ་བྱེད་ན་ཞེས་བྱ་བ་ནི་འཕྲིན་བྱེད་པའོ། ། ཐ་ན་ཐང་འགའ་ཞེས་བྱ་བ་ནི། ཐ་ན་ཡུད་ཙམ་ཡང་ངོ་།། ཆོས་འདི་ནི་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་བསྟན་པ་འདིའོ།། དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ཞེས་བྱ་བ ་ནི། མོད་ལ་ལྟུང་བར་འགྱུར་བའོ།། ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི། རྟོན་པ་དང་བཅས་པའོ།། དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ལྟུང་བ་དེ་གཉིས་ཀའི་དགེ་འདུན་ལོ་རག་ལུས་པ་དང ་གཉིས་ཀའི་དགེ་འདུན་དང་འབྲེལ་བ་དང་། གཉིས་ཀའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉིས་ཀའི་དགེ་འདུན་ལས་ལྡང་བར་འགྱུར་གྱི། གང་ཟག་ལས་ནི་མ་ཡིན་པའོ།། ཡང་ན་ཕས ་ཕམ་པར་གྱུར་པ་བརྒྱད་པོ་འདི་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་པ་དེའི་ཕྱིར། དགེ་འདུན་ལྷག་མ་ཞེས་བྱའོ།། །། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་བར་སྡོམ་ལ། སྤྲིང་འཕྲིན་དགེ་སློང་མ་གཉིས་དང་།། སྤྱོད་ལམ་དང་ན་སྔོན་འགྲོ་དང་།། བདག་དང་བདག་མིན་ཡུལ་ཕྱོགས་ཚིག། སྤྲིང་ཡིག་ལག་ཡིག་རྒྱུང་མའོ།། དགེ་སློང་མས ་བདག་ཉིད་ཀྱིས་སྤོང་བ་མནོས་ཏེ། བདག་ཉིད་ཀྱིས་འཕྲིན་པར་ཡང་སྐྱེལ། བདག་ཉིད་ཀྱིས་ཚུར་ཡང་སྐྱེལ་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་བདག་ཉིད་ཀྱིས་སྤོང་བ་མནས་ཏེ། ་བདག་ཉིད་ཀྱིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། མངགས་པས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ ་མནོས་ཏེ། མངགས་པས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ།། མངགས ་པས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས ་ཏེ། བདག་ཉིད་ཀྱིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་སྨྲ ་བ་མནོས་ཏེ། བདག་ཉིད་ཀྱིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས ་འཕྲིན་སྤྲིང་བ་མནོས་ཏེ། མངགས་པས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ ་ལས་བདགེ་ཉིད་ཀྱིས་སྤྲིང་བ་མནོས་ཏེ། མངགས་པས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང ་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། བདག་ཉིད་ཀྱིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན ་ལྷག་མར་འགྱུར་རོ། ། དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། བདག་ཉིད་ཀྱིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་མངགས་པས་འཕྲིན་ཚུར ་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། མངགས་པས་མངགས་པས་འབྲིན་པར་ཡང ་སྐྱེལ་པོར་བྱེད་ཅིང་། བདག་ཉིད་ཀྱིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་གྱུར་རོ།། དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། མངགས ་པས་མངགས་པས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་མངགས་པས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གཉིས་ཀྱི་ས་གཉིས་ཀས ་སྤྲིང་བ་མནོས་ཏེ། གཉིས་ཀས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། གཉིས་ཀའི་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། གཉིས་ཀ་ལ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གཉིས ་ཀྱིས་གཉིས་ཀས་སྤྲིང་བ་མནོས་ཏེ། དེ་ན་གཅིག་འདི་སྐད་ཅེས་རེ་ཞིག་ཁོ་མོའི་དོན་དུ་འཕྲིན་པར་སྐྱོལ་ལ། འཕྲིན་ཚུར་ཡང་སྩོལ་ཅིག་ཅེས་ཟེར་ནས། དེས་དེའི་དོན་དུ་འབྲིན་པར་ཡང་སྐྱེལ། ་@#བར་བྱེད་ཅིང་། འབྲིན་ཚུར་ཡང་སྐྱེལ་བར་བྱེད་ན། གཉིས་ཀ་ལ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གཉིས་ཀས་སྤྲིང་བ་མནོས།། དེ་ན་གཅིག་འདི་སྐད་ཅེས། ་ཁོ་མོ་ནི་འཕྲིན་པར་ནི་སྐྱིལ་ལོ་ཞེས་ཟེར་ན། དེ་གཉིས་ལས་གང་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། འཕྲིན་ཆུར་ཡང་སྐྱེལ་བར་བྱེད་ན་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་ལ། གང་འཕྲིན་པར་ན ་སྐྱེལ་བར་བྱེད་ལ། འཕྲིན་ཚུར་ནི་སྐྱེལ་བར་མི་བྱེད་པ་དེ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉིས་ཀས་སྤྲིང་བ་མནོས་ཏེ། དེ་ན་གཅིག་འདི་སྐད་ཅེས་ཁོ་མོ་ནི་འཕྲིན ་ཕར་ཡང་མི་སྐྱེལ་ལ། ཚུར་ཡང་མི་སྐྱིལ་ལོ་ཞེས་ཟེར་ན། དེ་གཉིས་ལས་གང་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། འཕྲིན་ཚུར་ཡང་སྐྱེལ་བར་བྱེད་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་ལ། གང ་འཕྲིན་ཕར་ཡང་སྐྱེལ་བར་མི་བྱེད་ལ། འཕྲིན་ཚུར་ཡང་སྐྱེལ་བར་མི་བྱེད་པ་དེ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉིས་ཀས་སྤྲིང་བ་མནོས་ཏེ། གཉིས་ཀས་འཕྲིན་པར་ནི ་སྐྱེལ་བྱེད་ལ། འཕྲིན་ཆུར་ནི་སྐྱེལ་བར་མི་བྱེད་ན། གཉིས་ཀ་ལ་ཉེས་པ་སྦོམ་པོ་གཉིས་གཉིས་སུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉིས་ཀས་སྤྲིང་བ་མནོས་ཏེ། དེ་ན་གཉིས་ཀ་འདི་སྐད་ཅེས་བདག་ཅག ་གོཉིས་ཀ་འཕྲིན་ཕར་སྐྱེལ་བར་ཡང་མི་བྱེད་ལ། ། འབྲིན་ཚུར་སྐྱེལ་བར་ཡང་མི་བྱེད་དོ་ཞེས་ཟེར་ན། གཉིས་ཀ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ།། དགེ་སློང་མ་གཅིག་སྐྱེས་པ་གཅིག་བུད་མེད་གཅིག་དང་འགྲོན ་ལམ་དུ་འགྲོ་བ་ན། གལ་ཏེ་དུད་མེད་དེས་དགེ་སྦྱོང་མ་དེ་ལ་འདི་སྐད་ཅེས། འཕགས་མ་ཁྱོད་སྐྱེས་པ་འདི་ལ་འདི་སྐད་ཅེས།། ཁྱོད་བུད་མེད་འདིའི་ཁྱོའམ། མཛའ་བོའམ། སྤོས་འཛིན་གྱིས་ཤིག་ཅེས་ཟེར་ནུས ་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་མནོས་ནས།། འཕྲིན་པར་སྐྱིལ་བར་བྱེད་དམ། འདྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དེ་བཞིན་དུ་སྐྱེས་པ་དེས་ད ་མ་དེ་ལ་འདི་སྐད་ཅེས། འཕགས་མ་ཁྱོད་བུད་མེད་འདི་ལ་འདི་སྐད་ཅེས། ཁྱོད་སྐྱེས་པ་འདིའི་ཆུང་མ་འམ། མཛའ་ན་མོའམ། སྨོས་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས ་སྤྲིང་བ་རྣམ་པ་དེ་ལྟ་བུ་མནོས་ཏེ། འཕྲིན་པར་སྐྱེལ་བར་བྱེད་དམ། འཕྲིན་ཚུར་སྒྲོལ་བར་བྱེད་ན།། དགེ་འས་ལྷག་མར་འགྱུར་རོ།། དགེ་སློང་མ་གཅིག་དང་། བུད་མེད་གཅིག་དང་། སྐྱེས་པ་གཅིག་ལ་ཇི་ལྟ་བ་དེ ་བཞིན་དུ། དགེ་སློང་མ་གཉིས་དང་། བུད་མེད་གཉིས་དང་། སྐྱེས་པ་གཉིས་དང་། དེ་བཞིན་དུ་དགེ་སློང་མ་རབ་ཏུ་མང་པོ་དང་། བུད་མེད་རབ་ཏུ་མང་པོ་དང་། སྐྱེས་པ་རབ་ཏུ་མང་པོ་ལ་ཡང་རྒྱས་པར་བརྗོད་པར ་བྱའོ། ། ལམ་དུ་འགྲོ་བ་ཇི་ལྟ་བ་བཞིན་དུ་སྡོད་པ་དང་། འདུག་པ་དང་། ཉལ་བ་དག་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མ་མདུན་དུ་འགྲོ་བའི་དགེ་སྦྱོང་མ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་གཉིས་ལས ་མདུན་དུ་འགྲོ་བའི་དགེ་སྦྱོང་བས་སྤྲིང་བ་མནོས་ཏེ། མདུན་དུ་འགྲོ་བའི་དགེ་སྦྱོང་མས་འདྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་འཕྲིན་ཚུར་ཡང་སྐྱིལ་བར་བྱེད་ན། མདུན་དུ་འགྲོ་བའི་དས ་སྦྱོང་མ་ལ་དགེ་འདུན་ལྷག་མར་འགྱུར་རོ། ། མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ། མདུན་དུ་འགྲོ་བའི་དགེ་སྦྱོང་མས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དག། ་སྦྱོང་མས་ཚུར་སྐྱེལ་བར་བྱེད་ན། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉིས་པསྦོམ་པོ་གཅིག་ཏུ་འགྱུར་རོ།། མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འཕྲིན་ཕོར་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་།། ཕྱི་བཞིན ་འབྲང་བའི་དགེ་སྦྱོང་མས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ཕྱི ་བཞིན་འབྲང་བའི་དགེ་སྦྱོང་མ་ལ་དགེ་འདུན་ལྷག་མར་འགྱུར་རོ། ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ ་འགྲོ་བའི་དགེ་སྦྱོང་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། ཕྱི་བ་ཞིང་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། བྱི་བ་ནི། ་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ། མདུན་དུ་འགྲོ་བའི་དགེ་སྦྱོང་མས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འབྲིན་ཚུར་སྐྱེལ་བར་བྱེད་ན། ཕྱི་བཞིན་འབྲང་བའི་དགེ་སྦྱོང ་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ། མདུན་དུ་འགྲོ་བའི་དགེ་སྦྱོང་མས ་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན།། བྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ནི་ཉིས ་པབ་སྦོམ་པོ་གཉིས་སུ་འགྱུར་རོ། ། ཁྱིམ་བདག་ནི་གཉིས་ཏེ། བདག་པོ་དང་། བདག་པོ་མ་ཡིན་པའོ།། དེ་ལ་བདག་པོ་ཞེས་བྱ་བ་ནི་བུ་མོ་སྦྱིན་པ་དང་། འཕྲོག་པའི་བདག་པོར་གྱུར་ཅིང་།། དེ་རྒྱལ་པོའི་ཕོ་བྲང་འཁོར ་གྱི་ནང་དུ་སོང་ཡང་རུང་། རིགས་པ་ཚོགས་པའི་ནང་དུ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པ་མ་ཡིན་པ་ཡང་གཟུང་བར་འོས་པར་གྱུར་པ་གང་ཡིན་པ་དེ་ནི་བདགྲ་པོ་ཞེས་བྱའོ།། བདག་པོ་མ་ཡིན་པ་ཞེས་བྱ་བ་ནི།། ་བུ་མེ་སྦྱིན་པ་དང་། འཕྲོག་པའི་བདག་པོར་གྱུར་པ་མ་ཡིན་ཞིང་། དེ་རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་དུ་སོང་ཡང་རུང་། རིགས་པ་ཚོགས་པའི་ནང་དུ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པར་གཟུང་བར་འོས ་པར་མི་འགྱུར་བ་གང་ཡིན་པ་དེ་ནི་བདག་པོ་མ་ཡིན་པ་ཞེས་བྱའོ། ། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་།། བདག་པོ་ལ་འཕྲིན ་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་འཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་འཕྲིན་ཚུར་སྐྱེལ་བར་བྱེད་ན།། ་ཉེས་པ་སྦོམ་པོ་གཉིས་དང་།། ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན་པ་ལ་འཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་འཕྲིན་ཚུར་སྐྱེལ་བར་བྱེད་ན། ཉེས་པ ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན་པ་ལ་འཕྲིན་ཕོར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་འཕྲིན་ཚུར་སྐྱེལ་བར ་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་མོ་ཡིན་པ་ལས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་མ ་ཡིན་པ་ལ་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ཉེས་བྱས་གསུམ་དུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་འཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་འདྲེན ་ཚུར་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན་པ་ལ་འཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག ་པོ་ལ་འཕྲིན་ཚུར་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་།། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སྦྱོང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་འཛིན་པར་ཡང་སྐྱེལ་བར་བྱེད་ཅིང། ་བདག་པོ་ལ་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། རྒྱུ་གསུམ་གྱིས་སྤྲིང་བའི་འཕྲིན་ཚུར་སྐྱེལ་བར་འགྱུར་ལ། ཕར་སྐྱེལ་བར་ནི་མི་འགྱུར་ཏེ།། ་གསུམ་གང་ཞེས་ན། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་སོ།། ཇི་ལྟར་ཡུལ་ཕྱོགས་ཀྱིས་ཤེ་ན། གང་གི་ཚེ་ལོ་མོ་སྐྱེད་མོས་ཚལ་ལོམ། འདུན་ས་འམ། ལྷའི་གནས་གགེ་མོ་ཞིག་ན་འདུག ་བ་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ཡུལ་ཕྱོགས་ཀྱིས་སོ།། ཇི་ལྟར་བརྡས་ཤེ་ན། གང་གི་ཚེ་ཁོ་མོ་སྔ་དྲོའམ། གུང་རྩིགས་སམ། ་འབྲེད་ན་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་བརྔས་སོ།། ཇི་ལྟར་མཚན་མས་ཤེ་ན། གང་གི་ཚེ་ཁོ་མོ་སྐྲ་བྲེགས་ནས་རིང་པོར་མ་ལོན་པ ་འམ། སྣམ་སྦྱར་དམར་སེར་གྱོན་པ་འམ། ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན་ནམ། འཁརབ་ལྕགས་སྦུབས་ཅན་ནམ། ཞུན་མར་གྱིས་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད ་དམ། སྦྲང་རྩིའི་སྟོང་བཟེད་དམ། བུ་རམ་གྱི་དབུ་པའི་ལྷུང་བཟེད་ཐོགས་པ་ཁྱེད་ཀྱིས་མཐོང་བ་དེའི་ཚེབྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་མཚན ་མས་སོ། ། བམ་པོ་བརྙན་པ། རྣས་སུས་ཀྱིས་ནི་སྟོང་བའི་འཛིན་པར་བསྐྱལ་བར་ཡང་འགྱུར་ལ། འཛིན་ནཱ ་བསྐྱལ་བར་ཡང་འགྱུར་ཏེ། གསུམ་གང་ཞེ་ན། ཚིག་དང་། སྤྲིང་ཡིག་དང་། ལག་ཡིག་གིས་སོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས ་འཕྲོ་ནི་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འདྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གོ་འཕྲིན་ཚུར་ཡང་སྐྱེལ ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་འཕྲིན་ཚུར་སྐྱིལ་བར་བྱེད་ན། དགེ་འདུན་ལྷག ་མར་འགྱུར་རོ། ། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡི་གེ་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར ་རོ། ། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་འཕྲིན་ཚུར་སྒྱེལ་བར་བྱེད་ན། དགེ་འདུན་ལྷག ་མར་འགྱུར་རོ། ། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་འབྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ། ་དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། རླིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་འབྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས ་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། རླིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ་ལག་ཡིག་གིས་འཕྲིན་པར་སྐྱེལ་བར་ཡང་བྱེད་ཅིང་། ལ་ག~ཾ་ཡིག་གིས་འཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག ་ཡིག་གིས་འབྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ་སྤྲིང་ཡིག་གིས་འབྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མོར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན ་བར་སྐྱེལ་བར་བྱེད་ཅིང་སྤྲིང་ཡིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་པར་ཡང་སྐྱེལ ་བར་བྱེད་ཅིང་། ཚིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར ་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤང་བ་མནོས་ཏེ། སྤྲིང་ཡིག ་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན ་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར ་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང ་ལག་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས ་དང་། བརྡ་དང་། མཚན་མས་འཕྲོན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འབྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང ་ལག་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས ་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་འབྲིན་ཚུར་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། རླིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར ་འགྱུར་རོ། ། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འབྲིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག ་མར་འགྱུར་རོ། ། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་འཕྲིན་ཚུར་ཡང་སྐྱིལ་བར་བྱེད་ན། དགེ་འདུན་ལྷག་སར ་འགྱུར་རོ། ། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག ་གིས་སྤྲིང་བ་མནོས་ཏེ། ཐཾ་ཡིག་གིས་འཛིན་པར་ཡང་སྐྱེལ་བར་བྱེད་ཅིང་། སློང་མིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེན་ན། དགེ་འདུན་ལྷག་པར་འགྱུར་རོ།། ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉེས་པ་དང་། བཙན་བྲེགས་སུ་ཐོབ་པ་འཐབས་པའི་མོད་ཉིད་ཡིན་ལ། འཐབས་པའི་འོག་མ་ཡིན་པ་དང་། རྩ་མ་བཅད་པ་དང་། ་རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་རྒྱ་བྱིན་ནས་མ་གཏང་བ་དང་། རླུང་མ་མ་ཡིན་པར་དཔང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ་མཐུན་པར་གྱུར་ན། ཉེས་བྱས་གཅིག་ཏུ ་འགྱུར་རོ། ། དེ་རྟོག་པས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པའི་ཐབས་པའི་འོག་ཡིན་ལ། འཐབས་པའི་མོད་མ་ཡིན་པ་དང་། རྩཝ་མ ་བཅད་པ་དང་། རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་ནྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། མཐུན་པར་གྱུར་ན་ཉེས ་བྱས་གཉིས་སུ་འགྱུར་རོ། ། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་གང་། བཙན་ཕྲོགས་སུ་ཐོབ་པ་དང་འཐབས་པའི་མོད་དང་། འཐབས་པའི་འོག་དང་། རྩཝ ་བཅད་པ་ཡིན་ལ། རྡེའུ་གསུམ་གྱིས་མ་གཏོར་བ་དང་།། བྱེ་རྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དཔང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། མཐུན་པར་གྱུར་ན ་ཉེས་བྱས་གསུམ་དུ་འགྱུར་རོ། ། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། རྡེའུ་གསུམ་གཏོར་བའི་བར་ཡིན་ལ། བེ་རྒྱ ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་།། ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང ་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་བྲེགས་སུ་ཐོབ་པ་ཞེས་བྱ་བ་ནས། བྱེ་རྒྱུ་བྱིན་ནས་བཏང་ཞེས་བྱ་བའི་བར་ཡིན་ལ། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་།། ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན ་ཆས་ཉོས་པ་ང། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། ཆུང་མ་མ་ཡིན་པར་དབང་བཙུགས་པའི་བར་ཡིན་ལ། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ཏེ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང ་ཉེས་པ་སྦོམ་པོ་གསུམ་དང་། དགེ་འདུན་ལྷག་མ་གཅིག་ཏུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉེས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། དྲིལ ་བསྒྲགས་པའི་བ་དག་གི་རྣམས་བྱས་། ། མཐུན་པར་གྱུར་ཉིས་བྱས་གསུམ་དང་། ཉེས་པ་སྒོམ་པོ་བཞི་དང་། དཔེ་འདུན་ལྐུགྶས་ཀཱས་སུ་གྱུར་རོ།། ་མས་ཆུང་མ་དེ་ལས་གཞན་པ། འཐབས་པའི་མོད་དང་། འཐབས་པའི་འོག་ཏུ་སྡུམས་བྱས་ལ། མཐུན་པར་གྱུར་ན་ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་ཁྱིམ་པའི་ཁྱིམ་དུ་སོང་ནས། 2 ་སྐད་ཅེས། ཙའི་ཕྱིར་ཁྱེའུ་འདི་ཁྱིམ་མི་དབུབ་ཅེས་བེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་བུ་མེ་ཆེན་མོ་དི་རིག་མར་མི་གཏང་ཞེས་ཟེ་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་ཁྱེའུ་འདི་གྱོས་པོ་ལྔ ་དུ་མི་གཏང་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། ། ཅིའི་ཕྱིར་བུ་མོ་འདི་ཁྱིམ་བདག་གི་ཐད་དུ་མི་བཀྲི་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། དགེ་སློང་མ་ཁྱིམ་བདག་གི་ཁྱིམ་དུ་སོང་ནས་ཐ་ན་འདི་སྐད་ཅེས། ཅིའི་ཕྱིར ་ཁྱིམ་བདག་ཁྱོད་ཀྱིས་ཞལ་ཏ་བྱེད་པ་དག་མི་གཞག་ཅེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། ། དེ་བཞིན་དུ་ཁྱིམ་བདག་མོ་ལ་ཡང་ཉེས་བྱས་སུ་འགྱུར་རོ།། ལས་དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང ་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་གྱི་ལྷག་མ་དང་པོ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ཏ་གནས་པ་ན་བཞུགས་སོ།། དེའི་ཚེ་སྡིག་བྱུང ་ན་གྱད་ཀྱི་སྣ་ཆེན་པོ་རྒྱལ་སྡེ་ཞེས་བྱ་བ། བྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། ་གསེར་དང་ནོར་མང་པོ་འབྱོར་བ་ཞིག་གནས་སོ།། དེས་རིགས་མཉམ་པ་ལས་ཆུངས་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ།། དེ་རྩེ་བར་བྱེད། དགའ་བར ་བྱེད། དགའ་དགུར་སྤྱོད་པར་བྱེད་ཀྱང་། དེ་ལ་བུ་ཡང་མེད། བུ་མོ་ཡང་མེད་དོ།། བུ་མེད་པས་བུ་ལ་མངོན་པར་དགའ་སྟེ། དེའི་བུའི་དོན་དུ་ལྷ་བརྒྱ་སྟོང་དུ་མ་ལ་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། ་དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ལུས་ངན་པོ་དང་། ཀུན་འགྱེད་གཞོན་ནུ་དང་། སྐྱེ་དགུའི་བདག་པོ་དང་། ཁྱབ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ་ཐ་སྐར་དང་། རླུང་མར་གྱི་ལྷ་དང་། སའི་ལྷ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། ་གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་དོའི་ལྷ ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་དང་། ཆོས་མཐུན་པ་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ་བ་འདེབས ་པར་བྱེད་དོ། ། འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་ན ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ། ། འོན་ཀྱང་གནས་དྲུག་པོ་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་གྱུར་ཏེ། དྲུག་པོ་གང་དག་ཅེ་ན། ་ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། བུས་ཀྱང་བ་མ་རྙེད་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་ཡིན། ་པ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམ་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས ་ཡོངས་སུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན། སེམས་ཅན་བསོད ་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་སྐྱེད་པ། སྲིད་པ་ཐ་མ་པ། སྤྱོད་པ་སྤྱད་པ། འཆིང་བ་ཉམས་སྨད་པ། ཐར་པའི་ཚོགས་བཟུངབ ་མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ་ལུས་ཐ་མ་འཛིན་པ་ཞིག་ལྷའི་འཇིག་རྟེན་ནས་ཤི་འཕོས་ནས ་ཆུང་མ་དེའི་མངལ་དུ་བཞུགས་སོ། ། འདི་ནི་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་། སྐྱེས་པ་ཆགས་པ་དང་། ་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ། ་གལ་ཏེ་ཁྱེའུ་ཡིན་ད་ཀུར་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ།། དེས་ཀྱང་བདེག་ལ་སེམས་ཅན་ཞུགས་པ་དེ་དཀུ་གཡས་པར་རྟེན་ཅིང་འདུག་པས་ན། ཁྱེའུར ་འགྱུར་རོ་སྙམ་དུ་རིག་ནས། དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ།། དེས་སྨྲས་པ། བཟང་མོ་ལྷ་དང་མིའི་གཏམ་སྙན ་ཐོབ་པར་གྱུར་ཅིག། གཏམ་སྙན་ཇི་ལྟ་བུ་ཞིག། རྗེས་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ། ཇི་ལྟར་བདག་གི་དཀུ་གཡས་པ་མི་བདེ་བ་ལས། གོར་མ་བཀུམ་པར་བདག་གིས་བུ་རྙེད་དོ།། དེ་ནས ་གྱད་ཀྱིས་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེས་དེ་ཐོས་མ་ཐག་ཏུ་དགའ་ཞིང་མགུ་ལ། ཡིད་རབ་ཏུ་དགའ་སྟེ། བཞིན་པདྨ་རྒྱས་པ་ལྟ་བུས་དགའ་བའི་ཚིག་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད ་ཀྱི་བུ་དེ་བཞིན་དུ་སྐྱེ་བར་ཤོག་ཅིག། ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་ནས་བསམས་པའི་བུ་ཡིད་ལ་བསམ་པ་བཞིན་དུ་འགྲུབ་པ་དང་། ཁོ་བོ་དང་མཐུན་པར ་སྐྱེ་ཞིང་། མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའོ་བྱ་བ་དག་བྱེད་པ་དང་། གསོས་པས་བྱིར་གསོ་བ་དང་། ཁོ་བོའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བོའི་རིགས་བརྒྱུད་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། ་@དེ་ཡང་བྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱས་པར་གྱུར་ནས། བདག་གི་དབང་ཕྱུག་ཀྱང་ཉམས་པར་མི་འགྱུར། ་བ་དང་། བདག་ཅག་ཤི་ཤིང་དུས་ལས་འདས་པ་ན། བདག་ཅག་གི་ཕྱིར་སྨིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས ་ཡོན་སྔོ་བར་བྱེད་པར་ཤོག་ཅིག། དེ་ལ་སེམས་ཅན་ཞུགས་པར་རིག་ནས། དེ་ཚུན་ཆད་ཆུང་མ་ལ་ལྷག་པར་དགའ་བར་གྱུར། བཀུར་སྟི་ཆེ་བར་གྱུར། བྱམས་པར་གྱུར་ནས། སྟེང་གི་ཁང་བཟང ་ཀྱི་ཐོག་ཏུ་གནོད་པ་མེད་པར་འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་བཏུང་བའི་བྱེ་བྲག་ཧ་ཅང་མི་བསིལ་བ། ་ཅང་མོ་དྲོ་བ། ཧ་ཅང་མི་ཁ་བ། ཧ་ཅང་མི་ཚ་བ་ཧ་ཅང་ལན་ཚྭ་མི་རྨེ་བ། ཧ་ཅང་མི་སྐྱུར་བ། ཧ་ཅང་མི་མངར་བ། ཧ་ཅང་མི་བསྐ་བ། ཧ་ཅང་མི་སྡུམ་པ། ཧ་ཅང་མི་རྩུབ་པ། ཁ་བ་དང་། ་ཚ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་། མངར་བ་དང་། བསྐ་བ་དང་། སྡུམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་བཏུང་བ་དག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ།། དེ་ནས་མངལ ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར། འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན་ལག་པ་ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། མུ་ཏིག་གིས་གཏམས།། དོ་ཤལ ་དང་། སེ་མོ་དོ་རྣམ་པར་འཕྱང་བ་དང་། ཟམ་པ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར ་བྱས་སོ་ནི་མེ་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། ད་པའི་འོ་མ་དང་། དུང་དང་། པདྨའི་རྩ་བ་ལྟར་དྲི་མ ་མེད་པ། རྐེད་པ་ནི་གསེར་གྱི་འོག་པག་གཅིག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས་ནས། གསེར་གྱི་མཆོད་སྡོང་མེ་ཏོག་གིས་ཀླུབས་པ་ལྟ་བུ་དེ་འདི་ལྟར་མངལ་དུ་ཞུགས་པའི་སེམས ་ཅན་གྱིས་བསོད་ནམས་བྱས་པ་དང་། དགེ་བ་བྱས་པའི་རྒྱུས་སྟེང་གི་ཁང་བཟངས་ཀྱི་ཐོག་ན། མཐུན་ཞིང་རྗེས་སུ་མཐུན་པའི་འཁོར། གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། རྔ་བོ་ཆེ་བ་དང་། ་རོལ་མོའི་སྒྲ་སྙན་པ་འབྱིན་པ་རྣམས་ཀྱིས་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁང་བཟངས་ན་རྩེ་བར་བྱེད། དགའ་བར་བྱེད་ཅིང་། དེ་ཁྲི་བོ་ཚེ་ལེགས་པར་གཙུགས་པའི་སྟེང་ན། ཁྲི ་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱི་ས་གཞིར་མི་འབབ་ལ། དེ་ལ་འགའ་ཡང་སྒྲ་ཡིད་དུ་མི་འོང་བ་འབྱིན་པར་མི་བྱེད་དོ།། ཁྱིམ་དེ་ཡང་ནོར་དང་། འབྲུ་དང་། དབྱིག་དང་། ་གསེར་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ནོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་ཤིང ་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་གཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ།། རེ་ཞིག་ན་གྱད་ཀྱི་སྣ་ཆེན ་པོ་ལ་གཏོགས་པའི་བློན་པོ་ལྔ་བརྒྱ་རྣམས་ཀྱི་ཆུང་མ་ལ་ཡང་སེམས་ཅན་ཞུགས་པར་གྱུར་ཏོ། ། དེ་ནས་དེ་བླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། ་མཛེས་པ། པདྨའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨན་ཚུགས་ཀྱི་རྒྱུན་མ་ཆད་པ། སྣའི་གཟངས་མཐོ་བ། ཐོང་ཀ་སེང་གེའི་འདྲ ་བ་རོ་སྟོད་སེང་གེ་ལྟ་བུ། དཔུང་པ་རིང་བ་ཞིག་བཙས་སོ།། ཉི་མ་དེ་ཉིད་ལ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ལྔ་བརྒྱའི་བུ་རྣམས་ཀྱང་བཙོས་སོ།། རྒོད་མ་ལྔ་བརྒྱ་ཡང་རྟེའུ་འབྲངས་སོ།། དེ་བཞིན་དུ ་རྫས་ཞེས་བྱ་བའི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ། ། དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས། ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་ཞེས་བྱ་བ་ནས། གྲོང་ཁྱེར་དུ་བཙས་སྟོན་བྱས་ཏེ་ཞེས་བྱ་བའི ་བར་དང་། ཁྱེའུའི་མིང་ཅིར་གདགས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ།། དེ་དག་ལས་ཁ་ཅིག་ན་རེ། ནོར་རྣམས་དང་ལྷན་ཅིག་ཏུ་སྐྱེས་ལ། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བུ་ཡང་ཡིན་པས། ་དེའི་ཕྱིར་མིང་གྱད་བུ་ནོར་དུ་གདགས་སོ་ཞེས་ཟེར་རོ།། གཞན་དག་ན་རེ། འདི་ནོར་དང་འདྲ་བར་སྐྱེས་ལ། འདིའི་ཕ་ཡང་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་ཡིན་པས། ཁྱེའུའི་མིང་གྱད་བུ་ནོར་ཞེས་མིང་དུ་གདགས ་སོ་ཞེས་ཟེར་ནས། མིང་གྱད་བུ་ནོར་དུ་བཏགས་ཏེ་ཞེས་བྱ་བ་ནས། མ་མ་བརྒྱད་ལ་གཏད་དོ་ཞེས་བྱ་བའི་བར་དང་། འོ་མ་དང་། ཞོ་དང་། མར་སར་དང་ཞེས་བྱ་བ་ནས། སྐྱེད་པར་བྱེད་དོ་ཞེས་བྱ་བའི་བར་དུའོ།། ་མངག་གཞུག་མ་བུ་མོ་ཞིག་གིས།། དེ་ཕྲག་པ་ལ་བླངས་ཏེ་སྲང་དུ་ཞུགས་པ་དང་། དེ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། རྐང་གཉིས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་བྱ་བ་ནས། ་ཕ་ལས་བླངས་ཏེ་ཞེས་བྱ་བའི་བར་དང་། ཏིལ་མར་དྲི་ཞིམ་པོས་བྱུགས་ནས་ཞེས་བྱ་བ་ནས། མཆོད་པར་བྱས་ནས། ཕྱིར་ཁྱིམ་དུ་བསྐྱལ་ལོ་ཞེས་བྱ་བའི་བར་དུའོ།། གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཡི་གེ་དང་རྩིས་སློབ་ཏུ ་བཅུག་གོ་ཞེས་བྱ་བ་ནས། རྩིས་དང་གཞན་དག་ལ་དེ་བློ་རྣོ་བ་དང་བྱང་བར་གྱུར་ཏོ།། རྒྱལ་རིགས་རྣམས་ཀྱིས་བཟོའི་གནས་དང་། ལས་ཀྱི་གནས་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉའ་བར་བཞོན་པ་དང་། རྟལ ་བཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕོང་ཐབས་དང་། ཕྱི་བསྣར་བ་དང་། མདུན་དུ་བསྣ་བ་དང་། ལྕགས་ཀྱུས་བསྒྱུར་བའི་ཐབས་དང་། ཞགས་པ་གདབ་པ་དང་། རྡོ་རྗེ་རྩེ་གཅིག ་པ་འཕང་པ་དང་། འཁོར་ལོ་འཕང་བའི་ཐབས་དང་། མདའ་བོ་ཆེ་འཕང་བའི་ཐབས་དང་། འཇིང་སྟངས་དང་། གོམ་སྟངས་དང་། ཐོར་ཚུགས་བཅིང་བ་དང་། གཅད་པ་དང་། གཏུབ་པ་དང་། དབུག་པ་དང་། དྲལ ་བ་དང་། གཤེག་པ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲགས་པར་ཕོག་པ་དང་། གནད་དུ་བསྣུན་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེར་ཕོག་པར་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ།། གནས་བཞི ་རྣམས་དང་། འཕེན་པ་ལྔ་རྣམས་དང་། རིག་པའི་གནས་བཅོ་བརྒྱད་པོ་རྣམས་ལ། མཆོག་ཏུ་བློ་རྣོ་བ་དང་བྱང་བར་གྱུར་ཏོ།། ཕས་ཀྱང་དེའི་སྐྱེད་མོས་ཚལ་གསུམ་པོ་དགུན་གྱི། ་དང་། དཔྱིད་ཀྱི་དང་། དབྱར་གྱི་རྣམས་བྱེད་དུ་བཅུག་སྟེ། དགུན་གྱི་ནི་གཅིག་ཏུ་དྲོ་བའོ།། དཔྱིད་ཀྱི་ནི་གཅིག་ཏུ་བསིལ་བའོ།། དབྱར་གྱི་ནི་ཧ་ཅང་མི་དྲོ།། ཧ་ཅང་མི་གྲང་བའོ།། རླུང་མའི་འཁོར་གསུམ་པོ་ཆེན ་མ་དང་། བར་མ་དང་། ཆུན་མ་ཡང་བཞག་གོ།། དེ་ཡང་སྟེང་གི་ཁང་བཟངས་ཀྱི་ཐོག་ན་ནེ་ལྡངས་རྣམས་དང་ལྷན་ཅིག་ཏུ་གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། འཁར་རྔ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། ་རོལ་མོའི་སྒྲ་སྙན་པ་འབྱིན་པ་རྣམས་ཀྱིས་ལོངས་སྤྱོད་བྱེད་དེ། དཔེར་ན་སེམས་ཅན་བསོད་ནམས་བྱས་ཤིང་དགེ་བ་བྱས་པ་དག། རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་པ་བཞིན་ནོ།། ་དེ་ནས་དུས་གཞན་ཞིག་ན་དེའི་གྲོགས་པོ་རྣམ་རི་དགས་ཤོར་དུ་སོང་ངོ་ཞེས་བྱ་བ་ནས་དྲིས་པ། གྲོགས་པོ་དག་ག་ལས་འོདྲ། དེ་དག་གིས་སྨྲས་པ། རི་དགས་ཤོར་དུ་སོང་སོང་ངོ་།། རི་དགས་འཆོར་བ་ཞེས ་བྱ་བ་ཇི་ལྟ་བུ་ཞིག། དེ་དག་གིས་སྨྲས་པ། དགོན་པར་སོང་ནས་རི་དགས་དག་བསད་དེ། ཤ་ཁྱེར་ཏེ་འོངས་ནས་ཤ་དགོས་པའི་བྱ་བ་བྱེད་པའོ།། དེས་དེ་རྣམས་ལ་སྨྲས་པ། དགོན་པ་ན་གནས་ཤིང་རྩཝ་ཟ ་ཞིང་ཆུ་འཐུང་བ་དེ་དག་གིས་ཁྱེད་ཅག་ལ་གནོད་པ་ཅི་ཞིག་བྱས་ན་གསོད་པར་བྱེད། ། དེ་དག་གིས་སྨྲས་པ། འདི་ལྟར་ཁོ་བོ་ཅག་ལ་གནོད་པ་ཅུང་ཟད་ཀྱང་མ་བྱས་མོད་ཀྱི། འོན་ཀྱང་དགའ་བའི་སླད་དུ་འགུམས ་པར་བགྱིད་དོ། ། དེ་བས་ན་སྤྲོ་བར་མཛོད་ཅིག་དང་ལྷན་ཅིག་ཏུ་བཞུད་པར་བགྱིའོ།། དེས་སྨྲས་པ། འདི་ལྟར་རེ་ཞིག་བདག་ཁྱེད་ཅག་འགྲོ་བར་འདོད་པ་ཡང་མེད་ན། བདག་འགྲོ་བ་ལྟ་སྤོས་ཀྱང་ཅི་དགོས་ཏེ། ་སྤྱོད་པ་དེ་ནི་བཟང་པོ་མ་ཡིན་ནོ།། དེ་དག་འདི་སྙམ་དུ། གལ་ཏེ་བདག་ཅག་གིས་མ་ཁྲིད་ན་བདག་ཅག་ཀྱང་འགྲོར་མི་སྟེར་བའི་གནས་སྐབས་དེ་ལྟ་བུ་ཡོད་པར་འོང་ངོ་སྙམ་དུ་བསམས་ནས་ཞེས་བྱ་བའི་བར ་དུའོ། ། དེ་དག་ཀྱང་བུ་ནོར་གྱི་ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། ཡབ་ཡུམ་དག་གང་གི་ཕྱིར་གཞོན་ནུ་གཏུམ་བ་རྩལ་ཆེ་བ་དེ་ལྟ་བུ་ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་ཐོས་ན། བག ་འཁུམ་པར་འགྱུར་ཞིང་ཞེས་བྱ་བ་ནས། སླས་ཀྱི་བཙུན་མོ་ཡང་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ།། ཇི་ཙམ་ན་དེ་ལ་ཕ་དང་མས་སོང་ལ་གྲོགས་པོ་རྣམས་ཀྱིས་བསྒོ་བ་བཞིན་དུ་གྱིས་ཤིག་ཅེས་སྨྲས ་པ་དང་ཞེས་བྱ་བ་ནས། ལེགས་སོ་ཞེས་བྱ་བའི་བར་དུའོ།། དེ་ཕ་མ་ལ་གུས་པ་ཡིན་པས་དེས་འདི་སྙམ་དུ། འདི་ལྟར་བདག་གིས་དེ་དག་གི་ཚིག་བཟློག་པར་མི་ནུས་ཏེ། འདི་ལྟར་བླ་མས་བསྒོ་བ་བཞིན་དུ ་བྱ་དགོས་པས། ཕ་མས་བསྒོ་བ་བཞིན་དུ་འགྲོ་བར་བྱའོ་སྙམ་དུ་བསམས་ནས། དེས་ཁས་བླངས་སོ།། དེ་ནས་ཕ་མས་ཀྱང་བུ་དེ་འགྲོ་བའི་བསམས་པ་རྟོགས་ནས། བདག་ཉིད་ཀྱི་གྲོང་ན་གནས་པའི་འབདྲ ་དང་། ཞོ་ཤས་འཚོ་བ་རྣམས་ལ་གྱད་བུ་ནོར་རི་དགས་ཤོར་དུ་འགྲོ་ཡིས། ཁྱེད་ཅག་ཀྱང་སོང་ཞིག་ཅེས་བསྒོའོ།། དེ་དག་ཀྱང་བསྒོ་བ་བཞིན་དུ་འོངས་ནས།། ཉི་མ་གཉིས་པ་ལ་གྱད་བུ་ནོར་གྱད་ཀྱི་སྣ་ལ ་@#གཏོག་པའི་བུ་ལྔ་བརྒྱས་བསྐོར་ཏེ། ཞོ་ཤས་འཚོ་བའི་མི་དང་། བྲན་གཡོག་མང་པོས་ཡོངས་སུ་བསྐོར་ནས།། རི་དགས་འཆོར་དུ་སོང་ངོ་།། དེ་ནས་དེ་ལ་གྲོགས་པོ་རྣམས ་ཀྱིས་སྨྲས་པ། གྲོགས་པོ་ཁྱོད་ཅི་རི་དགས་བསྐོར་དུ་འགྲོ་འམ། འོན་ཏེ་འཕན་ཀར་སྡོད་ཅེས་བྱས་པ་དང་། དེས་འདི་སྙམ་དུ་གལ་ཏེ་འདི་དག་འཕན་ཀར་བཞག་སྟེ། བདག་གིས་རི་དགས་བཏབ་པར་གྱུར་ན ་དེ་དག་འཕོང་སྐྱེན་པས་རི་དགས་ཕལ་པོ་ཆེ་བསད་པར་འགྱུར་བས། བདག་གིས་འཕན་ཀར་བསྡད་ན་རུང་ངོ་སྙམ་དུ་བསམ་ནཱ། དེས་དེ་དག་ལིངས་ལ་སོང་ཞིང་ཅེས་བསྒོ་བ་དང་། དེ་དག་ཀྱང་ཡིན་རབ་ཏུ་དགའ ་བར་གྱུར་ནས། གྲོགས་པོ་བདག་ཅག་ཀྱང་དེ་ཁོ་ན་ལྟར་དད་དོ།། དེ་དག་གིས་འདི་སྙམ་དུ་འདི་ནི་གནས་བཞི་དང་འཕང་བ་ལྔ་རྣམས་ལ་བྱང་བ་ཡིན་པས། ཕལ་མོ་ཆེ་ཞིག་བསད་པར་འགྱུར་རོ་སྙམ་དུ ་བསམས་སོ། ། དེ་ཡང་མདའ་སྟོང་གིས་བཀང་བའི་དོང་པ་ཐོགས་ནས་འཕན་ཀར་འདུག་གོ། དེ་དག་གིས་ཀྱང་རི་དགས་པལ་མོ་ཆེ་ཀུན་ནས་བསྐོངས་པ་དང་། རི་དགས་དེ་དག་འཇིགས་སྐྲག་བཞིན་དུ་གཞོན ་ནུའི་དྲུང་དུ་ལྷགས་པ་དང་། གཞོན་ནུ་ནི་སྙིང་རྗེ་ཅན་གྱིས་བཏབས་པར་གྱུར་པ་དེ་དག་མཐོང་ནས།། ཡིད་མི་བདེ་བར་གྱུར་ནས་སྙིང་རྗེས་མངོན་པར་གདུངས་པར་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ་སེམས་ཅན་ཀུན་ལ་སྦྱིན་པ་བྱིན་པ་དང་། སེམས་ཅན་གཅིག་ལ་སྙིང་བརྩེ་གང་།། སེམས་ཅན་ཀུན་ལ་སྦྱིན་པ་བྱིན་པ་བས།། སྙིང་བརྩེ་གཅིག་ཏུ་ཁྱད་པར་འཕགས།། དེ་དག་རླུང་ལྟར་འགྲོ་ཞིང་གཞན་གྱིས ་སྡུག་བསྔལ་བར་བྱས་པ་དེ་དག་བྱེར་བར་གྱུར་ཀྱང་མདའ་མ་འལངས་སོ། ། འདི་ལྟར་སེམས་ཅན་ཐམས་ཅད་ནི་ཤེས་པ་གཅིག་པོ་ཀུན་རྫོབ་ཤེས་པ་དང་ལྡན་པ་ཡིན་པས། དེ་དག་གིས་འདི་སྙམ་དུ་བདག། ་ཉིད་ཆེན་པོ་འདི་ནི་སྙིང་རྗེ་ཅན་ཡིན་ནོ་སྙམ་དུ་བསམས་ཏེ། དེ་དག་དེ་ལ་ལེགས་པར་ཐུགས་ཀྱང་འཇིགས་པ་མེད་བྱེར་རོ།། དེ་ནས་གྱད་བུ་ནོར་འདི་སྙམ་དུ་གལ་ཏེ་བདག་གིས་མདའ་མ་འཕངས་གྲོགས་པ ་འགའ་ཞིག་གིས་ཐོས་ན། ཡིད་མི་དགའ་བར་འགྱུར་རོ་སྙམ་དུ་བསམས་ཤིང་། དེ་ཡང་འདི་སྙམ་དུ་མ་ལ་དེ་དག་བདག་ལག་ཤེ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་དང་། བདག་སྦྱོར་བ་ལ་གོམས ་པར་ཤེས་པར་བྱ་བའི་ཕྱིར་མདའ་འཕང་ངོ་སྙམ་དུ་བསམས་ནས། དེས་དེ་ལྟར་བསམས་ཏེ། འདི་ལྟར་སེམས་ཅན་འགའ་ལ་ཡང་གནོད་པ་སྐྱེད་པར་མི་འགྱུར་བར་མདའ་འཕངས་སོ།། དེས་ཀྱང་བསླབས།། ་བས་མདའ་རྣམྦ་རཱ་ཕྲག་དང་། རྐང་ལག་གི་བར་དང་། སྤུ་གསེབ་དང་། རྣ་བར་དག་ཏུ་འཕངས་ཏེ་བཏང་ངོ་།། དེས་དེ་ལྟར་མདའ་སྟོང་པོ་དེ་དག་སེམས་ཅན་གཅིག་ལ་གནོད་པར་མི་འགྱུར་བ་དེ་ལྟར་འབངས།། ་དེ་ནས་རི་དགྲ་དེ་དག་ཤིན་ཏུ་ཐལ་ནས་དོང་བ་དང་། དེའི་གྲོགས་པོ་རྣམ་འོངས་ནས།། འཕན་ཀར་འདུག་སྟེ། ཕན་ཚུན་དུ་འདི་སྙམ་དུ་དེང་བདག་ཅག་གིས་རི་དགས་ཕལ་མོ་ཆེ་ཀུན་ནས་བསྐོངས་ལ། གྱད ་བུ་ནོར་འདི་ཡང་གནས་བཞི་དང་འཕང་བ་རྣམ་པ་ལྔ་ལ་བྱང་བ་ཡིན་པས། དི་རིང་རི་དགས་མང་པོ་ཞིག་བསད་པར་འགྱུར་ན། ཁུར་ཁལ་དག་ཁྱེར་ཏེ་མ་འོངས་པ་ནི་གཅིག་ཏུ་ཉེས་པ་བྱས་སོ་སྙམ་དུ་བས ་སོ། ། ཇི་ཙམ་དྲུང་དུ་བྱིན་ན་དེ་དག་གིས་རི་དགས་གཅིག་ཀྱང་མ་བསད་པར་མཐོང་ངོ་།། མཐོང་ནས་ཀྱང་གྱད་བུ་ནོར་དེ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་རི་དགས་དེ་དག ་གར་སོང་། དེས་འདི་སྐད་ཅེས་སྨྲས་སོ།། བྲོས་ཏེ་སོང་ངོ་།། དེ་དག་གིས་སྨྲས་པ། ཅི་ཁྱོད་ཀྱིས་མདའ་མ་འཕངས་སམ། དེས་སྨྲས་པ། འཕངས་ཏེ་དོང་པ་སྟོང་པར་འདུག་པ་ལ་ལྟོས། དེ་དག་གིས་འདྲ ་སྙམ་དུ་འདི་ལྟར་གྱད་བུ་ནོར་འབང་བ་དེ་ལྟ་བུ་དག་ལ་དེ་ལྟར་བྱང་བར་གྱུར་ཏོ་ཞེས་བྱ་བ་དེའི་གྲགས་པ་བརྫུན་པ་ལྟ། རྣམ་པ་གཅིག་ཀྱང་མི་ཤེས་ན། བཞི་ཆར་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་ཏེ། ་ཞེས་བྱ་བ་ནས། དེའི་གྲོགས་པོ་རྣམ་སྨོད་པར་བྱེད་དོ་ཞེས་བྱ་བའི་བར་དང་། རང་གི་ཁྱིམ་དུ་འོངས་ནས་སྟེང་གི་ཁང་བཟངས་ཀྱི་ཐོག་ན། ལག་པ་འགྲམ་པ་ལ་གཏང་ནས་སེམས་ཁོངས་སུ་ཆུད་དོ་ཞེས་བྱ་བའི་བར་ནས ་པ་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་དང་། བུ་ཅིའི་ཕྱིར་ཁྱོད་ཀྱིས་རི་དགས་མ་བསད། དེས་སྨྲས་པ། ཡབ་ཡུམ་ཁྱེད་ཅག་ལ་བདག་སྡུག་ལགས་སམ། བུ་ཤིན་ཏུ་སྡུག་གོ།། གལ་ཏེ ་འགའ་ཞིག་གིས་བདག་སྲོག་དང་ཕྲལ་ན་ཁྱེད་ཅག་ཇི་ལྟ་བུར་འགྱུར། ། དེ་དག་གིས་སྨྲས་པ། ཤིན་ཏུ་སྡུག་བསྔལ་བ་དང་ཡིད་མི་བདེ་བར་འགྱུར་མོད། དེས་སྨྲས་པ། ཁྱེད་ཅག་ལ་ཡང་སྲོག་མི་འཕངས ་ལགས་སམ། དེ་དག་གིས་སྨྲས་པ། ཤིན་ཏུ་འཕངས་སོ།། འོ་ན་ཁྱེད་ཅག་རྩིའི་སླད་དུ་བདག་གཞན་གྱི་སྲོག་གཅོད་པ་ལ་སྦྱོར་བར་མཛད། གཞན་ཡང་ཡབ་ཡུམ་བྱེད་ཅག་གིས། འདི་ལྟར་འབྱུང་པོ ་རྣམས་ལ་ཕན་འདོད་སྙིང་བརྩེ་བས། ། སྲོག་གཅོད་པ་དང་གསོད་དང་འཆིང་བ་སྤོངས།། ཇི་ལྟར་རང་གིས་སྲོག་འཕངས་སྲུང་བལྟར།། དེ་བཞིན་གཞན་རྣམས་ཀྱི་ཡང་སྲོག་བསྲུང་ངོ་།། ཞེས་བགྱི་བ ་ཙམ་མ་གསན་ཏམ་ཞེས་བྱ་བའི་བར་དུའོ། ། དེ་ནས་དེ་དག་གིས་བུ་དེའི་ངེས་པ་ཁོང་དུ་ཆུད་ནས་འདི་སྐད་ཅེས་སྨྲས་སོ།། བུ་དེ་ལྟ་ན་ཕྱིར་ཡང་སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ། བཙུན་མོའི་འཁོར་རྣམས་དང ་ལྷན་ཅིག་རྩེད་མོ་གྱིས་ཤིག། དེ་ནས་གྱད་བུ་ནོར་གྱིས་སྟེང་གི་ཁང་བཟངས་ཀྱི་ཐོག་ནས་འདི་སྐད་ཅེས་རྐང་གཉིས་པ་དང་། རྐང་མེད་དང་། སྨན་དང་། རིག་སྔགས་དང་གསང་སྔགས་འཆང་བ་གང ་གིས་བདག་འཁོར་བའི་དགོན་པ་ལས་ཡོངས་སུ་ཐར་བར་བྱེད་པ་སུ་ཡོད་ཅེས་སྨྲས་སོ། ། དེའི་ཚེ་ཡུལ་སྡིག་བྱུང་ན་སྟོན་པ་དྲག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ ་བྱེད་པ་རྣམས་གནས་ཏེ་ཞེས་བྱ་བ་ནས། འོད་སྲུངས་ཀྱི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཁྱོད་ཀྱི་ཚངས་པར་སྤྱོད ་པབ་ལ་གནས་པའི་འབྲས་བུ་ནི་གང་། ཕན་ཡོན་ནི་གང་ཡིན། དེས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྦྱིན་པ་མེད་དོ།། མཆོད་སྦྱིན་མེད་དོ།། སྦྱིན་སྲེག་མེད་དོ།། ལེགས ་པར་སྤང་བ་མེད་དོ། ། ཉེས་པར་སྤྱད་པ་མེད་དོ།། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་རྣམས་ཀྱིས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ།། འཇིག་རྟེན་འདི་མེད་དོ།། འཇིག་རྟེན་ཕ་རོལ་མེད་དོ།། ་མ་མེད་དོ།། ཕ་མེད་དོ།། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ།། འཇིག་རྟེན་འདི་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པའི་དགྲ་བཅོམ་པ་གང་རང་གི་མངོན་པར་ཤེས།། ་པས་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ཤིང་བསྒྲུབས་ནས། ཁོང་དུ་ཆུད་པར་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ།། ཚངས་པར་སྤྱོད་པ་བསྟེན་ཏོ།། བྱ་བ་བྱས་སོ།། སྲིད་པ་འདི་ལས ་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་བྱ་བ་ནས། སྟོན་པ་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་སྒྲིབ་པར་བྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱིས་ལམ་འཇིགས་པ་དང་བཅས ་པ་ཇི་ལྟ་བ་བཞིན་དུ་སྤང་བར་བྱ་བ་ཡིན་ནོ། ། ཞེས་བྱ་བའི་བར་དང་ཚིགས་སུ་བཅད་པ་སྨྲས་པ། ལྟ་ངན་ལོག་པར་སྟོན་བྱེད་པ།། དམན་པ་སྟོན་པར་གྲགས་པ་སྟེ།། གང་གི་ཆོས་ནི་དེ་འདྲ་བ།། དེ་ཡིས ་ཆོས་མིན་ཅི་འདྲ་ཞིག། ཅེས་བྱ་བ་ནས། དེ་བཞིན་དུ་སྟོན་པ་དྲུག་པོ་རྣམས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ ་མཚན་ལན་གསུམ། ཉིན་མཚན་ལན་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་རྣམས་ལ་གང་ནི་ཉམས་པར་གྱུར། གང་ནི་སྡུག་བསྔལ་བར་གྱུར། གང་ནི་ཉམ་ང་བར་གྱུར། ་གང་ནི་ཡིད་མི་བདེ་བར་གྱུར། གང་གི་སྡུག་བསྔལ་བ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་གི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དགེ་བའི་རྩ་བ་བསྐྱེད་པར་བྱ། ་གང་གི་བསྐྱེད་པ་རྣམས་ནི་འཕེལ་བར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཤེས་རབ་ཀྱི་མཚོན་གྱིས་དྲལ ་བར་བྱ། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ། གང་ནི་ཞེ་སྡང་ལ་སྤྱོད། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་གཏི ་མུག་ལ་སྤྱོད། གང་ནི་འདོད་རླུགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྲོད། གང་ནི་ཉེས་དམིགས་གང་གིས་གནོད་པར་གྱུར། འཕགས་པའི་ནོར་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང ་ཕྱག་གི་བདག་པོ་ལ་རབ་ཏུ་གཞག་པར་བྱ། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་དྲང་བར་བྱ།། གང་ན་ངན་སོང་ལས་བསླང་སྟེ་མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་གཞག་པར ་བྱ་ཞེས་གཟིགས་པ་འཇུག་གོ། ། ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས།། དུས་ལས་འདའ་བར་འགྱུར་སྲིད་ཀྱིས།། གདུལ་བྱ་ལ་བྱམས་སངས་རྒྱས་ནི།། ། དུས་ལས་འདའ་བར ་མི་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྒྲིབ་པ་མི་མངའ་བའི་སྤྱན་སངས་རྒྱས་ཀྱི་སྤྱན་གྱིས་ཀུན་ཏུ་གཟིགས་ནས་དགོངས་པ། གྱད་བུ་ནོར་དེ་སྔོན་གྱི་སངས་རྒྱས་རྣམས་ལ་དགེ་བའི ་རྩ་བ་བསྐྱེད་པ། སྨོན་ལམ་བཏབ་པར་གྱུར་པ། འབྲས་སྨིན་པ་མཚོན་གྱིས་བརྟུལ་འདོད་པ་ལྟ་བུར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་གང་གིས་འདུལ་བར་འགྱུར། ་ཅི་ཉན་ཐོས་ཀྱིས་འདུལ་ལམ། འོན་ཏེ་སངས་རྒྱས་ཀྱིས་འདུལ། ཅི་སྤྱོད་ལམ་གྱིས་འདུལ་ལམ། འོན་ཏེ་ཆོས་བཤད་པས་འདུལ་སྙམ་དུ་དགོངས་སོ།། བཅོམ་ལྡན ་འདས་ཀྱིས་སྤྱོད་ལམ་གྱིས་འདུལ་ན། གང་གིས་སྤྱོད་ལམ་གྱིས་འདུལ་སྙམ་དུ་དགོངས་ན་ཞེས་བྱ་བ་ནས། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཡུལ་སྡིག་བྱུང་དུ་ཕྱིན་ནུས་ཡུལ་སྡིག་བྱུང་ན་སྲིན་བུ་པདྨའི ་ནགས་ཁྲོད་ནོ་འདུག་གོ། ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོ་ཤམ་ཐབས་བགོས་ཞེས་བྱ་བ་ནས། གྱད་དུ་ནོར་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པོས། ཚེ་དང་ལྡན་པ་རྟ་ཐུལ་འགྲོ་བ་དང་། ལྡོག ་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པ་དེ་མཐོང་ངོ་།། གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་མཐོང་བ་དེའི་ཚེ ་ཚིགས་སུ་བཅད་པ་སྨྲས་པ། རྟགས་ཅན་ཆོས་ཀྱིས་འཚོ་བྱེད་པ། འདི་ནི་ཕལ་ཆེར་བདག་གིས་མཐོང་།། ཞི་ཞིང་ཞི་བར་གནས་གྱུར་པ།། འདི་འདྲ་བདག་གི་སེམ་མཐོང་ངོ་།། ཞེས་བྱ་བའི་བར ་དུའོ། ། མི་ཞིག་བཏང་ནས་ཞེས་བྱ་བ་ནས། སྤྱོད་ལམ་མཐོང་སྟེ་སླར་ལོག་ནས། གཞོན་ནུ་ལ་སྨྲས་སོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་བའི་རྩ་བས་བསྐུལ་ཏེ། ཝཱ་འདོད ་དེ་ཞེས་བྱ་བ་ནས། ཡང་དག་པར་དགའ་བར་འགྱུར་བའི་བར་དུ་བྱས་ནས་འདུག་སྟེ། དེ་ལ་སྨྲས་པ། ཅི་བྱེད་སྟོན་པ་ཡིན་ནམ། འོན་ཏེ་ཉན་ཐོས་ཡིན། ཚེ་དང་ལྡན་པ་ཐུལ་གྱིས་ཞེས་བྱ་བ་ནས་ཆོག ་སུ་བཅད་པ་སྨྲས་པ། རི་དབང་གྲངས་ཅན་དང་ནི་ཡུང་ཀར་ཉིད་ཀྱི་ཁྱད་པར་གང་ཡིན་དང་།། རྒྱ་མཚོ་དང་ནི་ཕྱུགས་རྗེས་ཆུ་རྒྱུང་ཉིད་ཀྱི་ཁྱད་པར་གང་ཡིན་དང་།། ཉི་མ་འོད་གཟེར་དྲ་བ་ཆེ་དང་སྤེན ་བུ་མེ་ཁྱེར་ཁྱད་གང་ཡིན། ། དེ་དག་རྫོགས་པའི་སངས་རྒྱས་ཡོན་ཏན་གཏེར་དང་ཉན་ཐོས་ཁྱད་པར་རོ།། ཞེས་བྱ་བའི་བར་དུའོ།། ཕ་མ་གཉིས་ཀྱིས་གན་དུ་འོངས་ནས་གསོལ་བ་འདེབས་པར་བྱེད ་དོ་ཞེས་བྱ་བ་ནས། མ་གནང་ངོ་ཞེས་བྱ་བའི་བར་དང་། ཉིན་ཞག་གཅིག་ཟན་བཅད་པའི་བར་དང་། ཕ་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་ནི་སྡུག་བསྔལ་མི་ཤེས་ཏེ། ཚངས་པར ་སྤྱོད་པ་སྤྱད་དཀའ་འོ། ། གཅིག་པུ་ཉིད་ལ་མངོན་པར་དགའ་བར་བྱ་དཀའ་འོ།། གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་པར་བྱ་དཀའ་འོ།། ཁྱོད་ཀྱིས་ཇི ་སྲིད་འཚོའི་བར་དུ་གཅན་གཟན་གདུག་པ་དག་དང་ལྷན་ཅིག་གནས་པར་བྱ་དགོས་སོ། ། ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་དགའ་བ་དང་། རྩེད་མོ་དག་ལས་མངོན་པར་དབེན་པར་བྱ་དགོས ་སོ། ། བུ་ཁྱོད་ཚུར་ཤོག་འདུག་ལ་སྦྱིན་པ་དག་བྱིན་ཅིག། འདོད་པ་ལ་ཡང་ཡོངས་སུ་སྤྱོད་ཅིག་ཅེས་བྱ་བའི་བར་དུའོ།། རྗེས་སུ་གནང་ནས་ཞེས་བྱ་བ་ནས། ལུས་ཀྱི་སྟོབས་དང་མཐུ་ཡང་དག་པར ་བསྐྱེད་ནས་ཞེས་བྱ་བའི་བར་དང་། པེས་གྱད་བུ་ནོར་རབ་ཏུ་འབྱུང་བར་འདོད་ཀྱིས། གང་དག་རབ་ཏུ་འབྱུང་བར་འདོད་པ་དེ་དག་ཀྱང་དེངས་ཤོག། ཅེས་དྲིལ་སྦགས་པ་བྱས་པའི་བར་དུའོ།། དེ་ནས ་དེའི་ནེའུ་ལྡངས་གང་ཡིན་པ་དེ་དག་འདི་སྙམ་དུ། གྱད་བུ་ནོར་འདི་ནི་བདེ་བར་འདོད་པ་ཤིན་ཏུ་གཞོན་པ་ཡིན་ཡང་། ཁྱིམ་གྱིས་བདེ་བ་སྤངས་ནས། ངེས་པར་བྱུང་སྟེ་རབ ་ཏུ་འབྱུང་བར་བྱེད་ན། བདག་ཅག་གིས་ཇི་ལྟར་བྱ་སྙམ་དུ་བསམས་པ་ལས། དེ་ལས་གཅིག་གིས་འདི་སྐད་ཅེས་ལེགས་སུ་ཟད་དེ། བདག་ཅག་ཀྱང་རབ་ཏུ་འབྱུང་བར་བྱའོ་ཞེས་སྨྲས་སོ།། དེ་ནས ་གྱད་བུ་ནོར་གཞོན་ནུ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྟ་ཐུལ་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག ་ནས། གྱད་བུ་ནོར་གྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ ་ཐོབ་པར་མཛད་དུ་གསོལ། ། བདག་ཁྱོད་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། གྱད་བུ་ནོར་རིམ་གྱིས་རབ་ཏུ་བྱུ་སྟེ། བསྙེན་པར་རྫོགས་པར་བྱས་སོ།། དེས་ཀྱང ་སྡེ་སྣོད་གསུམ་པོ་དག་ཁ་ཏོན་དུ་བཏོན་ཅིང་བསྒོམས་པས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ ་མཚུངས་པའི་སེམས་དང་ལྡན་པ། སྟེའུ་དང་ཙན་དན་དུ་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། ་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། བརྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ།། སངས་རྒྱས ་བཅོམ་ལྡན་འདས་ཀྱིས་ལུགས་ཀྱིས་འདི་ལྟར་འདུས་པ་ཆེན་པོ་གཉིས་ཡོད་དེ། དབྱར་ཟླ་འབྲིང་པོ་ལ་དབྱར་ཉེ་བར་བསྒྲུབས་པའི་ཚེ་དང་། སྟོན་ཟླ་འབྲིང་པོའི་ཉ་ལའོ།། གང་དག་དབྱར་ཟླ་འབྲིང་པོ་ལ ་དབྱར་ཉེ་བར་བསྒྲུབ་པའི་ཚེ། གདམས་ངག་དང་རྗེས་སུ་བསྟན་པ་དེ་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་གནས་པར་བྱས་པ་དེ་དག་སྟོན་ཟླ་འབྲིང་པོའི ་ལ་འོངས་ནས། ཇི་ལྟར་ཁོང་དུ་ཆུད་པ་དག་ནི་རྗོད་པར་བྱེད། གོང་མར་གྱུར་པ་དག་ནི་འདྲི་བར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ། ཉན་ཐོས་ཆེན་པོ་རྣམས་ཀྱི་ཡང ་དེ་ལྟ་བུ་ཡིན་པས། ཚེ་དང་ལྡན་པ་རྟ་ཐུལ་གྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་གང་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་དབྱར་གནས་པར་བྱས་པ་དེ་དང་། དེནས ་སྟོན་ཟླ་འབྲིང་པོ་རིལ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་ལྷགས་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་མཐོང་ངོ་།། ཚངས་པར་སྤྱོད་པ་དེ་དག་མཐོང་ནས་ཀྱང་། བསུ་སྟེ་གསོང་བོར་སྨྲ་བས་ཡང་དག ་པར་དགའ་བར་བྱས་ཏེ། ཆོས་གོས་དང་། འཁར་གསིལ་དང་།། རིལ་བ་སྤྱི་བླུགས་དང་། གཏུར་བུ་དང་། ཞྭ་དང་། མཆིལ་ལྷམ་དང་། གདིང་བ་དག་བླངས་སོ།། དེ་དག་ཀྱང་མཁན་པོའི་དྲུང་དུ་སོང་ནས ་བསྙེན་བཀུར་བྱས་ཏེ། ཇི་ལྟར་ཁོང་དུ་ཆུད་པ་ནི་རྗོད་པར་བྱེད། གོང་མར་གྱུར་པ་ནི་འདྲི་བར་བྱེད་ཅིང་། རྒྱལ་པོའི་ཁབ་གང་ན་བདེར་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན ་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བར་བྱེད་པ་དག་གྱད་བུ་ནོར་གྱིས་མཐོང་ངོ་། ། མཐོང་ནས་ཀྱང་སློབ་དཔོན་གཅིག་པ་དང་། མཁན་པོ་གཅིག་པ་དེ་དག་གི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག ་གང་དུ་དོང་། ། དེ་དག་གིས་སྨྲས་པ། བདག་ཅག་གིས་མཁན་པོ་ནི་མཐོང་ཟིན་པས། ད་ནི་སངས་རྒྱས་བཅོམ་ལྡན་འདས་ལྟར་འགྲོའོ།། དེ་ནས་ཚེ་དང་ལྡན་པ་གྱད་དུ་ནོར་གྱིས་འདི་སྙམ་དུ།། བདག་གིས་མཁན ་བ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱི་སྐུ་མ་མཐོང་བས། བདག་བཅོམ་ལྡན་འདས་གང་ན་བ་དེར་འགྲོའོ་སྙམ་དུ་བསམས་སོ།། དེ་ལྟར ་བསམས་ནས་ཀྱང་གྱད་བུ་ནོར་གྱིས། མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ།། མཁན་པོ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ནི་མཐོང་ན ་གཟུགས་ཀྱིས་སྐུ་ནི་མ་མཐོང་བས། ད་ནི་གཟུགས་ཀྱི་སྐུ་ལྟ་བར་འཚལ་ལོ།། དེ་སྐད་ཅེས་སྨྲས་པ་དང་། རྟ་ཐུལ་གྱིས། གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ།། བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་མཐོང་བར་དཀའ་བ་ཡིན་པས། བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ ་སངས་རྒྱས་ལྟ་བར་གྱིས་ཤིག། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་མཁན་པོས་རྗེ་སུ་གནང་བས། ནེའུ་ལྡངས་མཁན་པོ་གཅིག་པ་རྣམས་དང་ལྡན་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་།། དེའི་ཚེ་ན་བཅོམ ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མལ་ཆོས་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་གྱད་བུ་ནོར་རྒྱད་རིང་པོ་ཁོ་ན་ནས་འོངས་པ་གཟིགས་སོ།། གཟིགས་ནས་ཀྱང་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཚུར ་ཤོག། འོངས་པ་ལེགས་སོ།། ཁྱོད་དུས་སུ་ཕྱིན་ཏོ་ཞེས་བཀའ་སྩལ་ཏོ།། དེའི་ཆེན་གནས་མལ་མི་མཐུན་པར་འབོག་པར་བྱེད་དོ།། མདོ་སྡེ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས ་ལྷན་ཅིག། མདོ་སྡེ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམ ་སུ་ལྷན་ཅིག་ཅེས་བྱ་བ་ནས། དེ་བཞིན་དུ་མུ་གསུམ་ལ་ཡང་སྦྱར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ། གྱད་བུ་ནོར་འདི་ནི་སྔོན་གྱིས་སངས་རྒྱས་རྣམས་ལ་ཀྱེ་མའོ།། བདག་བཅོམ ་ལྡན་འདས་ཀྱི་གནས་མལ་འགྱེད་པ་དང་། ཁ་ཟས་ལ་སྐོ་བའི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ཞེས་བྱ་བའི་བར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་འབོབ་པ ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིག ་པས་འགྲོ་བ་དང་། གནས་མལ་ཕོག་པ་དང་མ་ཕེག་པར་མི་ཤེས་པའོ།། དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། དགེ་སློང་ནམ། ་ལ་བཀའ་སྩལ་པ། དགེ་སློང་དག་གྱད་བུ་ནོར་གནས་མལ་འབོག་པར་བསྐོ་བར་བྱའོ་ཞེས་བྱ་བ་ནས། གནས་མལ་བཤམ་པ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གྱད ་བུ་ནོར་འདི་དགེ་འདུན་གྱིས་གནས་མལ་འབོག་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གྱད་བུ་ནོར་དགེ་འདུན་གྱི་གནས་མལ་འབོགས ་པར་བསྐོ་བར་བགྱིའོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་གསོལ་བའོ།། དེའི་འོག་ཏུ་ལས་ཇི་ལྟ་བ་བཞིན་དུ་བྱའོ།། གང་གི་ཚེ་གྱད་བུ་ནོར་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོས་དེའི་ཚེ།། གནས ་མལ་གཞན་དུ་བསྐོ་བར་བརྩམས་ཏེ། དེས་མདོ་སྡེ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག། ་མ་མོ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་སུ་ལྷན་ཅིག། གློ་བུར་བ་རྣམས་དང་། གློ་བུར་བ་རྣམས་སུ་ལྷན་ཅིག། རྣལ་འབྱོར་སྤྱོད་པ་རྣམས་དང་། རྣལ་འབྱོར་སྤྱོད་པ་རྣམས་སུ ་ལྷན་ཅིག། གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བ་རྣམས་དང་ལྷན་ཅིག་ཏུ་བཀོད། གང་དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དེ་དག་ནི་ཕྱིར་མི་འོང་བ་རྣམས། ་དང་། ཕྱིར་མི་འོང་བ་རྣམས་ནི་དགྲ་བཅོམ་པ་དང་ལྷན་ཅིག་སྟེ། དེ་ལྟར་དགེ་སློང་དེ་རྣམས་ལྷག་པར་ཕན་ཚུན་དུ་འཕེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་དང་། དགེ་བའི་ཕྱོགས་འཕེལ་བར ་འགྱུར་བ་དེ་ལྟར་གནས་མལ་མཐུན་པ་གཞན་དང་གཞན་དུ་བསྐོས་སོ། ། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྫུ་འཕྲུལ་གྱིས་གནས་མལ་འབོགས་པར་བྱེད་དེ། གང་དག་མཚན་མོ་སྔར་འོངས་པ ་དེ་དག་ལ་ནི་སོར་མོ་གཅིག་ལས་འོད་སྦར་ཏེ། གནས་མལ་འབོགས་པར་བྱེད་དོ།། གང་དག་མཚན་མོ་ཆེས་ཕྱིས་འོང་བ་དེ་དག་ལ་ནི་སོར་མོ་གཉིས་ལས་འོད་སྤར་ཏེ་འབོགས་པར་བྱེད་དོ།། དེ་བཞིན ་དུ་གསུམ་པ་དང་། བཞི་པ་དང་། ལྔ་པ་ལས་འོད་སྤར་ཏེ་ཞེས་བྱ་བའི་བར་དུའོ།། དེ་ནས་དགེ་སློང་དེ་དག་འདི་སྙམ་དུ། འདི་ནི་ཆོས་དང་ལྡན་པས་ལས་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནས ་ཁོང་དུ་མ་ཆུད་པ་ནི་ཁོང་དུ་ཆུད་པར་གྱུར། ཁོང་དུ་ཆུད་པ་ནི་ལྷག་པར་ཁྱད་པར་དུ་ཁོང་དུ་ཆུད་པར་གྱུར་ཏོ།། དེ་ལྟར་བྱས་པ་ན་འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ། ་གནས་མལ་འབོགས་པར་བྱེད་ཅེས་ཕྱོགས་བཞི་དག་ཏུ་དེའི་སྒྲ་གྲགས་པར་གྱུར་ཏོ།། དེའི་ཚེ་གང་དག་ངོ་མཚར་དུ་གྱུར་པ་དེ་དག་གིས་ནི། མངོན་སུམ་དུ་བྱ་བའི་ཕྱིར་ཉིན་པར་འོངས་ནས་འོད་མའི ་ཚལ་གྱི་ཉེ་འཁོར་དུ་འདུག་སྟེ། ཉི་མ་ནུབ་པ་དང་། མཚན་མོ་འོང་བར་བྱེད་དོ།། དེ་རྣམས་ལ་ཡང་ཚེ་དང་ལྡན་པ་དེས་དེ་བཞིན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ནས་མལ་འབོགས་པར་བྱེད་དོ།། ་རེ་ཞིག་ན་རྒྱལ་པོའི་ཁ་བདེ་ན་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་དགེ་འདུན་ལ་ཟས་རྣམ་པ་གསུམ་དུ་ཤོམ་པར་བྱེད་དེ། ཁ་ཅིག་ནི་བསོད་པ་སྦྱིན་པར་བྱེད་པའོ།། ་ཅིག་ནི་འབྲིང་དག་སྦྱིན་པར་བྱེད་པའོ།། ཁ་ཅིག་ངན་པ་དག་སྦྱིན་པར་བྱེད་པའོ།། ཁྱིམ་གང་ན་བསོད་པ་དག་སྦྱོར་བ་དེ་དག་ནི་དྲུག་སྡེ་རྣམས་ཀྱིས་སྔོན་པོ་ཤེས་པ་ཡིན་པས།། དེར་ནི་རང་འབའ ་ཞིག་འགྲོ་བར་བྱེད་དོ། ། གང་ན་འབྲིང་སྦྱིན་པར་བྱེད་པ་དེར་ནི་གྲོགས་པོ་དང་ཉེ་གནས་དག་གོ།། གང་ན་ངན་པ་དག་སྦྱིན་པ་དེར་ནི་དགེ་སློང་ཕལ་རྣམས་འགྲོ་བར་བཤམས་སོ།། དེའི་ཚེ་ཁྱིམ་བདག་དགེ ་བཟང་ཞེས་བྱ་བ་བསོད་པ་སྦྱིན་པར་བྱེད་པའི་མཆོག་ཅེས་བྱ་བའི་བར་ནས། དྲུག་སྡེ་རྣམས་རེ་མོས་འགྲོ་བར་བྱེད་དོ།། ཉི་མ་དང་པོ་ལ་ནི་དགའ་བོ་དང་ཉེ་དགའ་ཟན་ཟ་བར་བྱེད་དོ།། ཉི་མ་གཉིས ་བ་ལ་ནི་འདུན་པ་དང་འཆར་ཀཽའོ། ། ཉི་མ་གསུམ་པ་ལ་ནི་འགྲོ་མགྱོགས་དང་ན་བོ་སོའོ།། ཁྱིམ་བདག་དེསདེ་རྣམས་ལ་དྲིས་པ། འཕགས་པ་དག་འོད་མའི་ཚལ་ན་དགེ་སློང་གཞན ་མི་བཞུགས་སམ། ཅི་ན་འགའ་ཙམ་ཡང་འདིར་བཤོས་གསོལ་བར་མི་མཛད་པར་ཡང་དང་ཡང་དུ་ཁྱེད་ཅག་ཁོ་ན་རེ་མོས་བྱོན། དེ་དག་གིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་མི་ཤེས་སམ ་འོད་མའི་ཚལ་དེ་ན་དགེ་སློང་དག་ཡོད་ཀྱང་ཉིན་གཅིག་བཞིན་དུ་བཟ་བ་དང་བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་སྤྱོད་པར་བྱེད་པ་དེ་དང་དེ་དག། ཁྱོད་འདྲ་བའི་ཁ་ཟས་ཕུལ་བ་དེ་ཇི་ལྟར་ཟ་བར ་བྱེད། ངེན་ཅག་ནི་ཁྱོད་ཁོ་ན་ལ་ལན་གདགས་པའི་ཕྱིར་འོང་བར་ཟད་དོ།། དེ་ནས་ཁྱིམ་བདག་གིས་སྨྲས་པ། འབགས་པ་གལ་ཏེ་འཕགས་པ་ཁྱེད་རུག་གིས་བདག་ལ་ཕན་གདགས་པར་མི ་མཛད་ན། གཞན་སུ་ཞིག་གིས་བགྱིད་པར་འགྱུར་ཞེས་སྨྲས་སོ།། དེ་ནས་དུས་གཞན་ཞིག་ན། ལྷོ་ལམ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ཡང་དག་པར་བལྟ་བའི་ཕྱིར། ལྗོངས་རྒྱུ་ཞིང་རིན ་གྱིས་འོད་མའི་ཚལ་དུ་འོངས་སོ། ། དེ་སྔ་དྲོ་ཆོས་གས་བགོས།། ལྷུང་བཟེད་ཐོགས་ཏེ། སྔ་དྲོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། དེ་སྲང་ན་རྒྱུ་བ་ཁྱིམ་བདག་དགེ་བཟང་གིས་མཐོང ་ནས། སྔོན་མ་བྱུང་བ་ཞིག་གོ་སྙམ་ནས་བསམས་ཏེ།། དེས་དེ་ལ་སྨྲས་པ། བཙུན་པ་ག་ལས་བྱོན།། དེས་སྨྲས་པ།། ལྷོ་ལམ་ནས་སོ།། ཅིའི་ཕྱིར། བཅོམ་ལྡན་འདས་བལྟ་བའི་ཕྱིར་རོ།། བསྟི ་གནས་གང་དུ་བྱས་དེས་སྨྲས་པ། འོད་མའི་ཚལ་དུའོ།། ཅིའི་ཕྱིར་བསོད་སྙོམས་ལ་རྒྱུ། དེས་སྨྲས་པ། ཅི་ཟན་གཅོད་ཕོད་དམ། བཙུན་པ་ཅི་འོད་མའི་ཚལ་ན་ད་ལྟར་དགེ་འདུན ་ལ་སྦྱིན་བདག་རྣམ་བཟའ་བ་དང་། བཅའ་བ་དང་། བལྡག་པའི་རྣམ་པ་བསོད་པ་བསོད་པ་དག་འབུལ་བར་མི་བགྱིད་ལེགས་སམ། ཁྱིམ་བདག་གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། ཁོ་བོ་ཁྱོད་ཀྱི་ཡུལ ་དུ་བསོད་སྙོམས་ལ་འོང་རེ་སྐན། ཁྱིམ་བདག་གིས་དགེ་སློང་གི་ཚིག་ཐོས་ནས། དྲུག་སྡེ་རྣམས་ལ་དོགས་པ་སྐྱེས་ཏེ། དེ་དག་ནི་བདག་ལ་གཞན་དུ་སྨྲ་ལ་དགེ་སློང་འདི་ཡང ་གཞན་སྨྲའོ་སྙམ་མོ། ། དེས་དགེ་སློང་དེ་ལ་ཐུགས་ཁྲལ་སྦྱངས་ཤིག་དང་། དེང་ཁྱོད་ཀྱི་གདུགས་ཆོད་བདག་སྦྱོར་ན། བདག་རྗེས་སུ་གཟུང་དུ་གསོལ་ཞེས་བྱ་བའི་བར ་ནས་དེས་དགེ་སློང་དེ་ཁྲིད་དེ་སོང་ངོ་། ། །། བམ་པོ་བརྒྱད་པ།། དྲུག་སྡེས་བསྐོས་པའི་དགེ་སློང་གཉིས་ཀྱང་འོངས་པ་དང་། ཁྱིམ་བདག་དེས་དེ་དག་བདེ་བར་འདུག ་ཏུ་བཅུག་སྟེ། བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་རབ་ཏུ་མང་པོ་དག་ལེགས་པར་བྲིམས་ཤིང་བསྟབས་ཏེ། ཟན་ཟོས་ཟིན་པ་དང་། ཁྱིམ་བདག་གིས་དྲག་སྡེ་གཉིས་ལ་འཕགས ་པ་དག་གིས་ནི་བདག་ལ་གདུགས་གཅིག་བཞིན་དུ་ཆེས་བཤད་པས། དེ་རིང་ནི་བདག་སྔོན་ཆད་མ་བྱོན་པའི་དགེ་སློང་འདི་ལ་ཆོས་མཉན་ཏོ་ཞེས་སྨྲས་པ་དང་། དེ་གཉིས་ཀྱིས་ཡོན་བསྔོ་བ་བྱས ་ནས་དོང་ངོ་། ། དེ་ནས་ཁྱིམ་བདག་དགེ་བཟང་དགེ་སློང་དེའི་མདུན་དུ་འདུག་ནས། དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་ཁྱེད་ལ་བདག་གིས་དོ་རིང་བ་ཤོས་གསོལ་བ་འདི་ཅི་བསོད་པ་དག ་ལགས་སམ། འོན་ཏེ་ངན་པ་དག་ལགས། དེས་སྨྲས་པ། སྦྱིན་བདག། བདག་ལྷོ་ལམ་ནས་འོང་བར་བརྩམས་པ་གང་ཡིན་པ་ཚུན་ཆད་ནས། དེའི་བར་དུ་བདག་གིས་འདི་ལྟ་བུའི ་བསོད་པ་དག་ཟ་མ་མྱོང་ངོ་། ། དེས་ཡང་སྨྲས་པ། འཕགས་པ་བདག་ལ་དགེ་སློང་འདི་དག་ཁ་ཟས་འདི་ངན་ནོ་ཞེས་རྟག་ཏུ་སྨྲན། ཇི་ལྟ་བུ་ཞིག་ལགས་དེས་སྨྲས་པ། དེ་དག་གིས ་གདོན་མི་ཟ་བར་ཁྱིམ་འདིར་གཞན་འགའ་ཡང་མི་འོང་བར་བྱ་བའི་ཕྱིར་བྱས་སོ། ། བཙུན་པ་ཅིའི་སླད་དུ་དགེ་སློང་གཞན་ཁྱིམ་འདིར་མི་བྱོན། ཁྱིམ་བདག་འདིར་གཞན་དག་འོང་དུ་གླང་པོ་ཆེས་བརྫིས ་ན་ཇི་ལྟར་བྱས། དེས་འདི་སྙམ་དུ་དེ་ཁོ་ན་ལྟར་ཡིན་ནོ་སྙམ་དུ་བསམས་ནས། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་དོན་མཇལ་ལགས་ཀྱིས། ད་ཆོས་ཀྱི་བཀའ་མཆིད ་གསུངས་ཤིག་ཅེས་བྱ་བ་ནས། དགེ་སློང་དེས་ཆོས་ཀྱིས་གཏམ་ཀྱིགྱིས་ཡང་དག་པར་བསྟན་ནས་སོང་ངོ་ཞེས་བྱ་བའི་བར་དུརོ།། དེ་ནས་ཁྱིམ་བདག་དགེ་བཟང་གིས་སྐབས་དེ་དགེ་སློང་རྣམ ་ལ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། ། བདག་གིས་དགེ་འདུན་གྱི་གདུགས་ཚེད་ནར་མར་བཤམས་པ་དེ་ལ། གལ་ཏེ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མཆིས་པས་ལོངས་སྤྱོད་པར ་བགྱིད་པ་ལྟ་ན། ག་ཡར་དམ་དེ་མི་བཤིག་པར་བགྱིའོ།། དེ་ལྟ་མ་ལགས་ན་བདག་གིས་སྦྱིན་པར་བྱ་བའི་ཆོས་ཇི་ལྟར་བཤམས་པ་རྣམས་བཞག་སྟེ། བདག་གིས་གང་ཟག་སྒོ་སྒོར་སྩལ་བར ་མི་བགྱིའོ། ། དེ་ནས་དགེ་སློང་དེ་དག་གིས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་ཉེས་པ་གང་ཡིན་པ་ནི་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་དུའོ།། དེ་ནས་བཅོམ་ལྡན་འདས ་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གྱད་བུ་ནོར་ཟས་ལ་སྐོ་བར་བྱའོ།། གང་གི་ཚེ་དགེ་འདུན་རྣམས་ཀྱིས་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ཟས ་ལ་སྐོ་བར་བསྐོས་པ་དེའི་ཚེ། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་སྦྱིན་བདག་གི་ཁྱིམ་དེ་དག་ཐམས་ཅད་ལས། གང་དག་ནི་བསད་པ་སྦྱིན་པར་བྱེད། གང་དག་ནི་འབྲིང་སྦྱིན ་པར་བྱེད། ། གང་དག་ནི་ངན་པ་དག་སྦྱིན་པར་བྱེད་ཅེས་བརྟགས་སོ།། དེས་བརྟགས་ནས་ཀྱང་། བསོད་པ་དག་སྦྱིན་པར་དགེ་སློང་གནས་བརྟན་དག་བསྐོས་སོ།། འབྲིང་དག་སྦྱིན་པར ་དགེ་སློང་བར་མ་དག་བསྐོས་སོ། ། ཐ་མ་དག་སྦྱིན་པར་དགེ་སློང་གཞོན་རབས་དག་བསྐོས་སོ།། ཉི་མ་གཉིས་པ་ལ་ནི་ངན་པ་དག་སྦྱིན་པར་གནས་བརྟན་རྣམས་སོ།། འབྲིང་དག་སྦྱིན་པར་གཞོན། ་རབས་རྣམས་སོ།། བསོད་པ་དག་སྦྱིན་པར་བར་མ་རྣམ་སོ།། ཉི་མ་གསུམ་པ་ལ་ནི་བར་མ་དག་སྦྱིན་པར་གནས་བརྟན་རྣམས་སོ།། ངན་པ་དག་སྦྱིན་པར་བར་མ་རྣམ་སོ།། བསོད་པ་དག་སྦྱིན་པར་གནོན ་རབས་རྣམས་ཏེ། དེ་ལྟར་ཚུལ་དེ་ལྟ་བུས་དགེ་སློང་རྣམས་ཟས་ལ་སྐོ་བར་བྱེད་དོ།། གང་དགེ་སློང་གློ་བུ་རབ་གང་ཡིན་པ་དེ་དག་ཉི་མ་དང་པོ་ལ་ནི་བསོད་པ་སྦྱིན་པ་དག་ཏུའོ།། ཉི་མ་གཉིས་པ་ལ་ནི ་འབྲིང་སྦྱིན་པ་དག་ཏུའོ། ། ཉི་མ་གསུམ་པ་ལ་ནི་ངན་པ་སྦྱིན་པ་དག་ཏུ་སྐྱོ་བར་བྱེད་ཅིང་། ཉི་མ་བཞི་པ་ལ་ནི་ལམ་སྲང་གི་སྤྱོད་ཡུལ་ལ་མཁས་པར་བྱེད་དོ།། དེས་རིམ་པར་བླགས་པ་དེ་བཞིན་དུ་དགེ ་འདུན་རྣམས་ཟས་ལ་བཀོད་པ་ན། ནན་རིམས་ཇི་ལྟ་བ་བོནན་དང་། རིམ་པར་བླགས་པ་ཇི་ལྟ་བ་བཞིན་དུ་ཐོད་རྒལ་མེད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། དགེ་སློང་རྣམ་ལ་བཀའ་སྩལ ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱིས་དགེ་སློང་གནས་མལ་འབོགས་པ་རྣམས་དང་། ཟས་ལ་སྐོ་བ་རྣམས་ཀྱི་ནང་ན། གྱད་བུ་ནོར་འདི་མཆོག་ཡིན་ནོ།། དེའི་ཚེ་དགེ་སློང་མཛའ་བོ་དང་ས་ལས་སྐྱེས ་གཉིས་ལྗོངས་རྒྱུ་ཞིང་འགྲོ་བ་ན། རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། དེ་གཉིས་ཀྱི་གནས་མལ་དང་། གནས་ཁང་ཡང་བསྐོས་སོ།། དེ་ནས་ནམ་ནང་བ ་དང་། མཛའ་བོ་དང་ས་ལས་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཟས་ལ་སློབ་སུ་ཡིན། དགེ་སློང་ཞིག་གིས་དེ་གཉིས་ལ་སྨྲས་པ། གྱད་བུ་ནོར་ཡིན་ནོ།། དེ་གཉིས་ཀྱིས ་དང་ལྡན་པ་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། ། གྱད་བུ་ནོར་བདག་ཅག་གི་ཟས་སྐོས་ཤིག། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། དེ་གཉིས་ཉི་མ་དང་པོ་ལ་ཟས་བསོད་པ་སྦྱིན་པ་དག ་ཏུ་བསྐོས་སོ། ། དེ་ནས་མཛའ་བོ་དང་ས་ལས་སྐྱེས་སྔ་དྲོ་ཚེས་གོས་བགོས།། ལྷུང་བཟེད་ཐོགས་ནས་སྦྱིན་བདག་གི་ཁྱིམ་གང་ན་བར་དོང་ངོ་།། ཁྱིམ་བདག་དེ་ཡང་བུ་གཅིག་པ་སྡུག་པ་ཡིད་དུ་འོང ་བ་ཤི་བས། དེ་བུ་ཤི་བའི་ངན་གྱིས་གདུངས་པའི་ཕྱིར། དགེ་སློང་གི་ཟས་བཤམ་པ་མ་བྱས་སོ།། དེ་གཉིས་ཀྱིས་ཀྱང་མ་བརྟགས་པར་འོངས་པ་ཁྱིམ་བདག་གིས་མཐོང་ངོ་།། མཐོང ་ནས་ཀྱང་ཁྱིམ་མི་རྣམས་ལ་སྨྲས་པ། དགེ་སློང་དག་གི་ཕྱིར་ཟས་བཤམས་པ་ཅུང་ཟད་ལྟ་ཡོད་དམ། དེ་དག་གིས་སྨྲས་པ། མ་མཆིས་སོ།། དེས་འདི་སྙམ་དུ་རེ་ཞིག་བུ་ཤི་བ་འདི་ཡང ་ཕུང་བྱས་པ་གཅིག་ཡིན་ན་གཉིས་པ་གོ་ཆའི་ཕྱིར་བྱ་སྙམ་དུ་བསམས་སོ། ། དེ་ལྟར་བསམས་ནས་ཀྱང་དེས་ཁ་ཟས་ངན་པ་ཞིག་བུལ་ལོ།། དེ་གཉིས་ཀྱིས་ཀྱང་ཟོས་སོ།། ཟོས ་ནས་ཀྱང་དེ་དག་གཉིས་ཀྱིས་འདི་སྙམ་དུ། བདག་ཅག་གིས་ཐོས་པ་ཡང་གཞན་ལ། མྱོང་བ་ཡང་གཞན་དུ་གྱུར་ཏེ། ཟས་ངན་པ་དག་ཟོས་པར་གྱུར་མོད་ཀྱི། འོན་ཀྱང་སང་ནི་ཟས་བསོད་པ ་དག་བཟའ་བར་བྱའོ་སྙམ་དུ་བསམས་སོ། ། དེ་གཉིས་ཉི་མ་གཉིས་པ་ལ་སྦྱིན་བདག་འབྲིང་དག་སྦྱིན་པར་བསྐོས་ཏེ། དེར་དོང་བ་ལས་ཞེས་བྱ་བ་ནས། དེར་ཡང་ཉེས་པ་དེ་བཞིན་དུ་གྱུར་ཏོ་ཞེས་བྱ་བའི ་བར་དུའོ། ། ཉི་མ་གསུམ་པ་ལ་སྦྱིན་བདག་ངན་པ་དག་སྦྱིན་པ་དེར་བསྐོས་སོ།། དགྲ་བཅོམ་པ་རྣམས་ནི་མ་དགོངས་པར་ཡེ་ཤེས་གཟིགས་པ་མི་འཇུག་པ་ཡིན་ལ། དེ་གཉིས་ཀྱིས་ཀྱང་ཁ་ཟས ་ངན་པ་དག་ཟོས་པས་དེ་དག་ལུས་ཤིན་ཏུ་རྗུད་པར་གྱུར་ཏོ། ། དེ་ནས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་འདི་སྙམ་དུ། ཀྱེ་མའོ་སྡུག་བསྔལ་ལོ།། ཀྱེ་མའོ་མི་ཟད་དོ།། ཚེ་དང་ལྡན་པ་གྱད ་བུ་ནོར་གྱིས་བསམས་བཞིན་དུ། བདག་ཅག་གཉིས་ལན་གསུམ་གྱིས་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་མཐོ་བཙམས་ཏེ་ལུས་ཤིན་ཏུ་རྗུད་པར་གྱུར་གྱིས། བརྐུ་ཐབས་འགའ་ཞིག་བྱའོ་སྙམ ་དུ་བསམས་སོ། ། དེའི་ཚེ་དགེ་སློང་མཛའ་བོ་དང་ས་ལས་སྐེས་གཉིས་ཀྱིས། སྲིང་མོ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་རྒྱལ་པོའི་ཁབ་ན། དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ན་འདུག ་གོ། ། དེ་ནས་དགེ་སློང་མ་མཛའ་མོས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ག་ལ་བ་དེར་སོང་སྟེ་བྱིན་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ་ཕྱོགས་གཅིག་ཏུ་འདུག་གོ།། དགེ་སློང་མ་མཛའ་མོ་ཕྱོགས་གཅིག་ཏུ་འདུག་པ་ན། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། ་རྣམ་པར་ལྟ་བར་མི་བྱེད་དོ།། དེ་ནས་དགེ་སློང་མ་མཛའ་མོས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་དག་ཅིའི་སླད་དུ་བདག་ལ་གཏམ་འདྲེ་བར་མི་མཛད།། ་ཕེབས་པར་སྨྲ་བར་མི་མཛད། ལྟ་བར་མི་མཛད། རྣམ་པར་ལྟ་བར་མི་མཛད།། སྲིང་མོ་ཁོ་བོ་ཅིག་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱིས་བར་དུ་ཁ་ཟས་ངན་པས་མཐོ་བཙམས་ཏེ ་ལུས་ཤིན་ཏུ་རྗུད་པར་གྱུར་ན། དེ་ཁྱོད་ཀྱིས་ཡལ་བར་དེར་རམ། འཕགས་པ་དག་འོ་ན་དེ་ལ་བདག་གིས་ཅི་ཞིག་བགྱི། སྲིང་མོ་ཁྱོད་ཚུར་ཤོག། བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ། བཅོམ་ལྡན ་འདས་ལ་འདི་སྐད་ཅེས། བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ། ལས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་། ཚུལ་དང་མཐུན་པ་མ་ལགས་སོ་ཞེས ་སྨོས་ཤིག་དང་། ཁོ་བོ་ཅག་གཉིས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱིས་སྲིང་མོས་ཇི་སྐད་གསོལ་བ་དེ་ཁོ་ན་བཞིན་དུ།། བདག ་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་སྨྲ་བར་བྱའོ། ། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་མ་མཛའ་མོས། དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ ་དག་བདགགིས་དགེ་སློང་དག་པ་ལྟུང་བ་མ་མཆིས་པ་ལ་གཞི་མ་མཆིས་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་ཇི་ལྟར་སྐུར་པ་གདབ། སྲིང་མོ་ཁྱོད་ཇི་སྲིད་དུ་དེ་སྐད་མི་ཟེར་བ་དེ་སྲིད་ཀྱི་བར ་དུ། ཁོ་བོ་ཅག་གཉིས་ཁྱོད་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་བྱེད་དོ།། དེ་ནས་དགེ་སློང་མ་མཛའ་མོ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག ་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་དེ་ལྟ་ན་བདག་གིས་བགྱི་བ་གང་ལེགས་པ་དེ་བགྱིའོ།། སྲིང་མོ་ཁྱོད་དེའི་ཕྱིར་ཇི་སྲིད་དུ་ཁོ་བོ་ཅག་གཉིས། ་བཅོམ་ལྡན་འདས་གང་ན་བ་དེར་མ་སོན་པ་དེ་སྲིད་དུ་སྡོད་ལ། དེའི་འོག་ཏུ་ཁྱོད་ཤོག་ཅིག། དེ་ནས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་དོང་ནས་རིང་པོར་མ་ལོན་པར ་རིག་པ་དང་། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ་བཅོམ་ལྡན་འདས་ལ། དགེ་སློང་མ་མཛའ་མོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྲད་དེ། བས་ཕམ་པ་བྱུང་བ་དེ་ནི ་མི་མཛེས་ཤིང་། ཚུལ་དང་མཐུན་པ་མ་ལགས་སོ།། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་བ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱི་ཀྱང་འཚལ་ཏོ།། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་འཁོར་དེ་ཉིད་དུ་འདུས་ཏེ་འདུག་གོ།། ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་དེ་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ།། གྱད་བུ་ནོར ་ཁྱོད་ཀྱིས་དེ་ཇི་ལྟ་བུ་ཡིན། བདག་ཇི་ལྟ་བུ་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ།། བདག་གི་ཇི་ལྟ་བུ་ལགས་པ་བདེ་བར་ཤེགས་པས་མཁྱེན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་བ། གྱུད་བུ་ནོར་ཁྱེད་ཀྱིས་དྲན་ན་དྲན་ནོ་ཞེས་སྨོས་ཤིག། ཁྱེད་མི་དྲན་ན་མཽ་དྲན་ནོ་ཞེས་སྨོས་ཤིག། བཅོམ་ལྡན་འདས་མི་དྲན་ལགས་སོ།། བདེ་བར་གཤེགས་པ་མི་དྲན་ལགས་སོ།། ་དེའི་ཆེ་ཚེ་དང་ལྡན་པ་སྔག་ཅན་ཟིན་བཅོམ་ལྡན་འདས་ཀྱིས་སྣམ་ལོགས་ན་རྔ་མའི་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ།། དེ་ནས་ཚེ་དང་ལྡན་པ་སྒྲ ་གཅན་ཟིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལྟར་དགེ་སློང་མ་མཛའ་མོ་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ། བྱིན་ནས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ། ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་། ཚུལ་དང་མཐུན་པ ་མ་ལགས་སོ་ཞེས་མཆིལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱང་འདི་སྐད་ཅེས། བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས ་ཀྱིས་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན། བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་མཆི་ན། ཚེ་དང་ལྡན་པ་གྱད་བུ་ནོར་ལ་རྨ་ཅི་འཚལ། སྒྲགཅན་ཟིན་དེའི་ཕྱིར། དེ་ཁྱོད་ཉིད་ལ ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ཁོ་ན་བཞིན་དུ་ལན་ཐོབ་ཅིག། གལ་ཏེ་དགེ་སློང་མ་མཛའ་མོ་ང་གང་ན་བ་དེར་འོངས་ཏེ་ཕྱིན་ནས་འདི་སྐད་ཅེས། བཙུན་པ་དེ་ལྟར་འཕགས་པ་སྒྲ་གཅན་ཟིན ་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ། བས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་། ཚུལ་དང་མཐུན་པ་མ་ལགས་སོ་ཞེས་ཟེར་ལ། དགེ་སློང་མཛའ་བ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི ་ས། བཙ་བལྡན་མན།། སེལ་པོ་ཤེམས་པའི་མ། པས་ཅིས་ཀྱིས་ཀྱང་གྲོང་མཇམ་པས་པ་མིས་པ་སུ་མ་མས་པར། ་གཅན་ཟིན་ཁྱོད་ཀྱིས་ཇི་སྐད་ལན་གདབ་པར་བྱ། བཙུན་པ་བདག་གིས་འདི་སྐད་ཅེས། དྲན་ན་ཡང་དྲན་ཞེས་གསོལ་ལོ།། མི་དྲན་ན་ཡང་མི་དྲན་ཞེས་གསོལ་ལོ།། རེ་ཞིག་སྐྱེས་བུ་བླུན་པོ ་ཁྱོད་ཀྱིས་ཀྱང་དོན་དེ་སྨྲ་བར་འགྱུར་ན། དགེ་སློང་གྱད་བུ་ནོར་དག་པ་ལྟུང་བ་མེད་པས་ཅིའི་ཕྱིར་སྨྲ་བར་མི་བྱ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པའི། དགེ་སློང ་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཞིག། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླང་པས་བསྙིལ་བར་གྱིས་ཤིག། དགེ་སློང་མཛའ་བོ་དང་ས་ལས་སྐྱེ་ས་གཉིས ་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་རྨ་ཞིང་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་ནས།། ་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་གཤེགས་སོ།། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག ་ལ་ཞུགས་ནས་རིང་པོ་མ་ལོན་པར་རིག་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་བཟུང་། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ། དགེ་སློང་མཛའ་བོ་དང ་ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་རྨས་ཤིང་བརྟག་སོ།། ལེགས་པར་རབ་ཏུ ་རྨས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱད་པའི་ཕས་ཕམ་པ་མ་བྱུང་མོད་ཀྱི། ་འོན་ཀྱང་བདག་ཅག་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་མཐོ་བཙམས་ཏེ། ལུས་ཤིན་ཏུ་རྗུད་པར་གྱུར་ཏེ་ཞེས་བྱ་བའི་བར་དང་། དེ་གཉིས་ཀྱིས་འདི ་སྙམས་དུ་ཀྱེ་མའོ་སྡུག་བསྔལ་ལོ། ། ཀྱེ་མའོ་མི་བཟད་དོ།། ཚེ་དང་ལྡན་པ་གྱང་བུ་ནོར་གྱིས་བསམས་བཞིན་དུ་ཞེས་བྱ་བ་ནས། ལན་གསུམ་གྱིས་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ལུས་ཤིན ་ཏུ་རྗུད་པར་གྱུར་པས། བརྐུ་ཐབས་འགའ་ཞིག་བྱའོ་སྙམ་བསམས་ཏེ། བདག་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་སྨྲས་པར ་ཟད་ཀྱིས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱད་པའི་ཕས་ཕམ་པ་མ་བྱུང་སྟེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་དག་པ་ལྟུང་བ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། དེ་ནས་བཅོམ ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མི་གཏི་མུག་ཅན་དེ་དག་གཉིས་ཀྱིས། འདི་ལྟར་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུད་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲས་པར ་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་ལས་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་པ། ལུས་ཅན་བརྫུན་དུ་སྨྲ་བ་ཡི།། ཆོས་གཅིག་ལས་ནི་འདས་གྱུར་ཅིང་།། འཇིག་རྟེན་ཕ ་རོལ་བཤིག་པ་ཡིས། ། འདི་ན་སྡིག་པ་མི་བྱ་མེད།། ལྕགས་སྐོང་མེ་ལྕེ་འདྲ་བ་དག། ཟོད་པར་གྱུར་པ་ཆེས་བླ་ཡི།། ཚུལ་འཆལ་ཡང་དག་སྡོམ་མེད་པས།། ཡུལ་འཁོར་བསོད་སྙོམས། ་ཟ་བ་མིན།། དེ་ནས་ནམ་མཁའི་དཀྱིལ་ན་གནས་པའི་ལྷ་རྣམས་ཀྱིས། ཀྱེ་མའོ་ཨ་ལ་ལ་རྙེད་པ་དང་བཀུར་སྟི་འདི་ནི་མི་བཟད་པའོ།། མཆོག་ཏུ་མི་བཟད་པའོ་ཞེས་བྱ་བ་ནས། ཟང་ཟིང་ཅུང ་ཟད་ཙམ་གྱི་རྒྱུས། དགེ་སློང་ལ་སྐུར་པ་འདེབས་པར་བྱེད་པ་ནི་ངན་པའོ།། ངན་པའོ་ཞེས་སྨྲས་སོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཉེས་མེད་སྲིད་གསུམ་གྲོལ་བ ་ཡི། ། ནོར་ལའང་སྐུར་པ་བཏབ་པའི་ཕྱིར།། འཇིག་རྟེན་དག་ན་བློ་ལྡན་གང་།། འཁོར་བ་ལ་ནི་དཀའ་བར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ ་སློང་དག་གང་ཟག་གསུམ་པོ་འདི་དག་ནི། འདི་དག་མ་སྤངས་ན་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དག་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ལ་གཅིག་ནི་འདོད ་པ་རྣམས་ལ་སྟེན་ཅིང་སྡིག་པ་མི་དགེ་བ་དག་བྱེད་པ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དང་པོ་ཡིན་ནོ།། གཞན་ཡང་དགེ་སློང ་དག་འདི་ལ་གང་ཟག་གཅིག་ནི་འདོད་པ་རྣམས་ནི་གཙང་བའོ། ། འདོད་པ་རྣམས་ནི་བསོད་པའོ།། འདོད་པ་རྣམས་ནི་ལོངས་སྤྱད་པར་བྱའོ།། འདོད་པ་རྣམས་ལ་ཉེས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང ་དེ་སྐད་སྨྲས་པ་སྟེ། དགེ་སློང་དག་དེ་མ་སྤངས་ན། གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གཉིས་པ་ཡིན་ནོ།། གཞན་ཡང་དགེ་སློང་དག་འདི ་ལ་གང་ཟག་གཅིག་ནི། བདག་ཉིད་མི་ཚངས་པར་སྤྱོད་པ་བྱེད་ལ། གཞན་དག་ལ་ཡང་གཞི་མེད་པར་མི་ཚངས་པར་སྤྱོད་པའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་པ་སྟེ། དགེ་སློང་དག་དེ་མ་སྤངས ་ན། གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གསུམ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས ་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། ། སྐྱེས་བུ་སྐྱེས་པའི་ཁ་ནས་ནི།། ངག་གིས་ཚིག་ངན་རྗོད་བྱེད་པའི།། སྟ་རེ་འབྱུང་ཞིང་དེ་ཡིས་ནི།། བདག་ཉིད་གཅོད་པར་བྱེད ་པར་འགྱུར། ། གང་ཞིག་སྨད་བྱ་སྟོད་བྱེད་ཅིང་།། བསྟོད་བྱ་རྣམས་ལ་སྨོད་བྱེད་པ།། དེ་ཡི་ཁ་ནས་ཕུང་ཀྲོལ་སྐྱེད།། ཕུང་ཀྲོལ་ཅན་གྱིས་བདེ་མི་མྱོང་།། གང་འདིར་ཚེ་ལོས་རང་ནོར་ཟད་བྱེད་པ།། དེ་ནི ་ཕུང་ཁྲེལ་ཅུང་ཟད་ཙམ་དུ་ཟད། ། གང་ཞིག་བདེ་བར་གཤེགས་ལ་ཡིད་རབ་འཁྲུག། དེ་འདིར་ཕུང་ཀྲོལ་ཤིན་ཏུ་ཆེན་པོ་ཡིན།། གང་ཡིད་འཕགས་པས་སྨད་པའི་སྡིག་གནས་ན། བྱེ་བ་བརྒྱ་ཕྲག ་སྟོང་དང་དུང་ཕྱུར་ཕྲག། སུམ་ཅུ་དྲུག་དང་ལྔ་པོ་ཇི་སྙེད་པར།། སེམས་དམྱལ་ཆུ་བུར་ཆུ་བུར་རྡོལ་བར་འགྲོ།། གང་གི་ཚེ་དགེ་འདུན་གྱིས་དགེ་སློང་མ་མཛའ་མོ་ནི་རིང་གིས་ཁས་བླངས་པས ་བསྙིལ། མཛའ་བོ་དང་ས་ལས་སྐྱེས་ལ་ནི་ལེགས་པར་རབ་ཏུ་དྲིས་པ་དེའི་ཚེ། དགེ་སློང་མར་རང་བཞིན་དུ་གནས་པ་རྣམས། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསྔགས་པ་ནི་སྨྲ་བར་བྱེད། དགེ ་སློང་མ་མཛའ་མོ་ལ་ནི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། ། དེ་ནས་དགེ་སློང་མ་མཛའ་མོའི་ཕུ་ནུ་མོ།། དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བ། དགེ་སློང་མ་མཛའ་མོའི་བསྔགས་པ་མ་ཡིན་པ་བརྗོད ་པ་དེའི་ཚེ། དགེ་སློང་མ་རྣམས་ལ་ཁྲོས་འཁྲུགས་རྔམ་པས། དགེ་སློང་མ་རྣམས་ལ་ཡང་གཞི་མེད་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ཤིང་། དགེ་སློང་མ་རྣམས་སྤ་བཀོང་བར་བྱེད ་དོ། ། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ་གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུ་རྒྱས་པར་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་ཁྲོས་ཤིང་ཞེས ་སྡསྔང་མ་སྤངས་པས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙམ་ནས། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས། དེ་དུས ་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་མ་ཞེ་སྡང་ལ་གནས་པས། ཞེ་སྡང་གིས་སྨྲས་སོ་ཞེ་ན་ཡང་ཆོས་འདི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ།། ་ངེས་པར་འབྱུང་བ་དང་བཅས་པ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་མོའོ།། ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་པ་དང་། རྔམ ་པ་དང་། ནང་པ་དང་། ཡིད་མ་རངས་པའོ།། ཞེ་སྡང་མ་སྤངས་པ་ཞེས་བྱ་བ་ནི་འཁྲུགས་པ་མ་བསལ་བར་རོ།། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་འབྲལ་ལ་ཞེས་བྱ་བ་ནི། ཅི་ནས་ཀྱང་འདི་དགེ་སྦྱོང ་གི་ཚུལ་དང་དཔྲལ་ལོ་སྙམ་ནས་སོ། ། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི། གཞི་དེའི་ལྟུང་བ་མེད་པའོ།། གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་པོ་མཐོང་བའི་གཞི་དང་། ཐོས་པའི ་གཞི་དང་། དོགས་པའི་གཞི་མེད་པར་རོ།། ཕས་ཕམ་པར་གྱུར་པ་ཞེས་བྱ་བ་ནི་བརྒྱད་པོ་གང་ཡང་རུང་བས་སོ།། ཆོས་ཀྱིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱིས་སྒྲར་གསུངས་པ་ཡིན་ནོ།། ་སྐུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ།། དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ།། དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ།། མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེར་རང་ཉིད ་འགྱོད་པ་དང་། བ་ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་གཅགས་པ་སྐྱེས་ནས་སོ།། རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་གཞི་པོ་མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར ་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི་གཞི་གསུམ་པོ་དག་མེད་པ་ཡིན་ལའོ།། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་དང་དཔྲལ ་བར་འདོད་པས་སོ། ། ཞེ་སྡང་གིས་སྨྲས་སོ་ཞེས་བྱ་བ་ནི་ལྷག་པར་ཡང་དགེ་སྦྱོང་གི་ཚུལ་དང་དཔྲལ་བར་འདོད་པས་སོ།། ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ།། ་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་མོད་ལ་ལྟུང་བར་འགྱུར་བའོ།། ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ནི། ལྟུང་བ་དེ ་གཉིས་ཀའི་དགེ་འདུན་ལ་རག་ལས་པ་དང་། གཉིས་ཀའི་དགེ་འདུན་དང་འབྲེལ་བ་དང་། གཉིས་ཀའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉིས་ཀའི་དགེ་འདུན་ལས་ལྡང་བར་འགྱུར་གྱི། གང ་ཟག་ལས་ནི་མ་ཡིན་པའོ། ། ཡང་ན་ཕས་ཕམ་པར་གྱུར་པ་བརྒྱད་པོ་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་པ་དེའི་ཕྱིར། ལྷག་མ་དང་བཅས་པ་ཞེས་བྱའོ།། ་དེ་ལ་ཇི་ལྟར་ལྟུང་བར་འགྱུར་ཞེ་ན། གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ནི་ལྟུང་བར་འགྱུར་ལ། གཞི་ལྔས་ནི་ལྟུང་བར་མི་འགྱུར་རོ།། ཇི་ལྟར་གཞི་བཅུས་ལྟུང་བར ་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། བདག ་གིས་མཐོང་ངོ་། ། བདག་གིས་ཐོས་སོ།། བདག་དོགས་སོ་ཞེས་ཟེར་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་བཞིན་དུ།། ་དེས་འདུས་ཤེས་བསྒྱུར་ཅིང་བབོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག ་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང ་ངོ་ཞེས་ཟེར་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུས་ལྟུང་བར་འགྱུར་རོ།། ཇི་ལྟར་གཞི་ལྔས་ལྟུང་བར་མི་གྱུར་ཞེ་ན། དེས་མ་མཐོང་བ་དང་། མ་མཐོས་པ་དང་། མི་དོགས ་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས། བདག་གིས་མཐོང་ངོ་།། ཐོས་སོ།། དོགས་སོ་ཞེས་ཟེར ་ན་ལྟུང་བར་མི་འགྱུར་རོ། ། དེས་ཐོས་པ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ། དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ་ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས། བདག་གིས་ཐོས་ཏེ་དེ་ཡང་མ་བརྗོད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗོད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ།། དེ་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་རོ།། ་ཇི་ལྟར་གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ། གང་བག་དག་པ་མ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ ་ཡང་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་རོ།། གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི། གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར ་རོ། ། ཇི་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག ་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། བདག་གིས་མཐོང་ངོ་།། བདག་གིས་ཐོས་སོ།། བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། དེས་མཐོང་ལ་དེ་ཡང་བརྗོད་པ་དང་།། ་དེས་ཐོས་ལ་དེ་ཡང་བརྗོད་པ་དང་། དེ་དོགས་ལ་དེ་ཡང་བརྗོད་པ་ལ། དེ་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། བདག་གིས ་མཐོང་སྟེ་དེ་ཡང་མ་བརྗོད་དོ། ། བདག་གིས་ཐོས་ཏེ་དེ་ཡང་མ་བརྗོད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗོད་དོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། ཐོས་པ་ལ་ཡིད་ཆེས་ནས་བདག ་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གི ་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་རོ།། ་ཇི་ལྟར་གཞི་དྲུག་གིས་ལྟུང་བ་མེད་པར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྔ་པ ་མ་བསྒྱུར་བར་འདི་སྐད་ཅེས། བདག་གིས་མཐོང་ངོ་།། ཐོས་སོ།། དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ།། དེས་མཐོང་ལ་དེ་ཡང་མ་བརྗོད་པ་དང་། དེས་ཐོས་ལ་དེ་ཡང་མ་བརྗོད་པ་དང་། དེས་དོག ་ལ་དེ་ཡང་མ་བརྗེད་པ་ལ། དེས་འདུ་ཤེས་མ་བསྒྱུར་ཅིང་། ཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས། བདག་གིས་མཐོང་སྟེ་དེ་ཡང་མ་བརྗོད་དོ།། ་བདག་གིས་ཐོས་ཏེ་དེ་ཡང་མ་བརྗོད་དོ།། བད་གི་དོགས་ཏེ་དེ་ཡང་མ་བརྗོད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་ཏེ། དེ་ལྟར་གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ།། ཇི་ལྟར་གང་ཟག་མ་དག་པ་ལ་སྐུར་པ་འདེབས ་པ་ལ་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་གྱུར་པ་དེ་བཞིན་དུ། གང་ཟག་མ་དག་པ་ལ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུ་གཅིག་གིས་ལྟུང་བར ་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ།། དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། ལས་ཅི་ཞིག་བགྱིས་ན ་ཞེས་བྱ་བའི་བར་ནས། སྔོན་གྱི་རབས་རྣམས་རྒྱ་ཆེར་བརྗོད་པར་བྱའོ།། ལས་ཅི་ཞིག་བགྱིས་ན་གནས་མལ་འབོག་པ་དང་། ཟས་ལ་སོ་བ་གང་ལགས་པར་གྱུར་ཅིང་། དགྲ་བཅོམ་པ་ཉིད་པོབ་ཀྱང་སྐུར ་པ་བཏབ་པར་གྱུར་ཅེས། ཇི་ལྟར་དགེ་སློང་གི་རྣམ་པར་འབྱེད་པ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་གཉིས་པ་རྫོགས་སོ།། ་། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས་སོ།། གང་གི་ཚེ་ཨུཏྤ་ལའི་མདོག་དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ ་ལ་བརྟེན་ནས། སྨད་པའི་ལས་རྣམས་སྤངས་ནས། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ། དེ་ཉིན་གཅིག་བཞིན་དུ་དུས་གསུམ་དུ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ།། དགེ་སློང་ཡིད་ཆེས ་པ་རྣམས་ནི། དེ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བདག་ཉིད་ཆེན་པོ་འདི་ནི་རང་གི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དག་སྤངས་ཏེ། དགེ་སློང་རྣམས་ལ་ཆོས་དང་ལྡན་པའི ་ཞལ་ཏའི་ལས་ལ་བརྩོན་པར་བྱེད་པ་ལ་ལྟོས་ཤེས། ལྷག་པར་ཡང་དད་པ་སྐྱེས་པར་གྱུར་ཏོ།། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་དང་ཧ་ཅང་ཡང་མི་རིང་བ་ན ་རྫིང་བུ་རྡོ་རྩིགས་ཅན་ཞེས་བྱ་བའི་འགྲམ་ན་ཉིན་མོ་གནས་པར་བྱེད་དོ། ། དེ་ནས་དགེ་སློང་མ་ཨུཏྤ་ལའི་མདོག། ཚེ་དང་ལྡན་པ་ཀྱད་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་གྱད་བུ་ནོར་གྱི ་#། རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་ཆོས་གོས་སྣམ་སྦྱར་ཚོན་དམར་པོར་གསར་དུ་བཙོས་ཤིང་། དགེ ་སློང་མ་ཨུཏྤ་ལའི་མདོག་ཀྱང་སྐྲ་བྲེགས་ནས་རིང་པོ་མ་ལོན་པར་གྱུར་ཏོ། ། དེ་ནས་ཆོས་གོས་སྣམ་སྦྱར་རླུང་གིས་ཁྱེར་ནས། དེའི་མགོ་ལ་འཁྲིས་སོ།། དེའི་ཚེ་ན་རི་དགས་ཤིག་ཀྱང་རི་དགས་མོ་དང ་རུང་བའི་ཆོས་མ་ཡིན་པ་བྱེད་དོ། ། དེ་ནས་མཛའ་བོ་དང་ས་ལས་སྐྱེས་ཀྱང་། རྫིང་བུ་རྡོ་རྩིགས་ཅན་ན་ཕྱག་དར་ཁྲོད་པ་འཁྲུད་པར་བྱེད་དོ།། མཛའ་བོ་དང་ས་ལས་སྐྱེས་ཀྱིས་དགེ་སློང་མ་ཨུཏྤ་ལའི་མདོག། ་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་ཕྱག་འཚལ་བ་ན། ཆོས་གོས་ཀྱི་མཐའ་མ་རླུང་གིས་ཁྱེར་བས། མགོ་ལ་འཁྲིས་པ་དང་། རི་དགས་ཤིག་ཀྱང་རི་དགས་མོ་དང་རུང་བའི་ཆོས་མ་ཡིན་པ ་བྱེད་པ་ཡང་མཐོང་ངོ་། ། མཐོང་ནས་ཀྱང་མཛའ་བོས། ས་ལས་སྐྱེས་ལ་སྨྲས་པ། ས་ལས་སྐྱེས་ཨུཏྤ་ལའི་མདོག་དང་། ཀྱད་བུ་ནོར་ལ་ལྟོས། དེའི་ཚེ་ནི་བདག་ཅག་གིས་ཆ་མེད་པ་ལས་བརྒལ ་ཀྱི། ད་ནི་བདག་ཅག་གིས་ཆ་རྙེད་དོ་ཞེས་སྨྲས་ནས། དེ་གཉིས་ཀྱིས་ཆ་དེས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་བརྒལ་ཏོ།། དགེ་སློང་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གཅིག་ཏུ ་ལྷ་དང་མི་རྣམས་ཡོངས་སུ་བཏང་ནས། གཅིག་ཁོ་ན་སེམས་ཅན་དམྱལ་བར་གནས་པར་བྱེད་དམ་ཅི། དེ་གཉིས་ཀྱིས་སྨྲས་པ། བདག་ཅག་གིས་ནི་མཉེས་ན། བདག་ཅག་གིས་མིག་གིས་ཉེས་གྲང ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་རྨ་ཞིང་བརྟག་པར ་གྱིས་ཤིག་ཅེས་བཀའ་སྩལ་ཏོ། ། ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དགེ་སློང་རྣམས་ཀྱིས་ཀྱང་དེ་གཉིས་ལ་ལེགས་པར་རབ་ཏུ་རྨས་སོ།། དེ་གཉིས་ལ་ལེགས་པར་རབ་ཏུ་རྨས་ཤིང་བཏགས་པ་ན། ་དེ་གཉིས་ཀྱིས་འདི་སྐད་ཅེས་བདག་ཅག་གིས་རི་དགས་ཤིག་དང་། རི་དགས་མོ་ཞིག་ཀྱང་མཐོང་། བདག་ཅག་གིས་གྱད་བུ་ནོར་དང་། ཨུཏྤ་ལའི་མདོག་ཀྱང་མཐོང་ནས་ཆ་འདིས་བརྒལ་ཏོ་ཞེས་སྨྲས་སོ།། སྭརྦ། ་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ནས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དགེ་སློང་རྣམས་ལ་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ། དགེ་སློང་མ་རྣམས་ཀྱིས ་ཆ་དེས་ཨུཏྤ་ལའི་མདོག་ལ་བརྒལ་ཏོ། ། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་དེ་དང་ཞེས་བྱ་བ་ནས། བསླབ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་མ་སྤངས་པས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལ ་སྙམ་ནས། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་རྩོད་པ། གཞན་གྱི་ཆ་མ་ཡིན་པའི་ཆ་ཅུང་ཟད་ཙམ་གྱིས་ཆོས་འགའ་ཞིག་བླངས་ནས། དགེ་སློང་མ་ཕས་ཕམ་པ་མ་བྱུང་བ་ལ་ཕས་ཕམ་པའི་ཆོས་ཀྱིས ་སྐུར་པ་ལས། དེ་ཡང་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཉིད་ཀྱང་གཞན་གྱིས་ཆ་མ་ཡིན་ཞིང་། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པའི་ཆ་ཅུང ་ཟད་ཙམ་གྱི་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་མ་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སོ་ཞེ་ན་ཡང་། ཆོས་འདི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་མོའོ།། ཁྲོས་ཤིང་ཞེས་བྱ་བའི་བར་ནི་སྔ་མ་བཞིན་ནོ།། རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་པོ་རྣམས་ཏེ། ་སྔ་མ་བཞིན་ནོ།། གཞན་གྱི་ཆ་མ་ཡིན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། དེའི་ཆ་མ་ཡིན་པ་ནི་ཕས་ཕམ་པར་འགྱུར་བའི་ཆོས་བརྒྱང་པོ་དག་གོ།། ཆ་ཅུང་ཟད་ཙམ་ཞེས་བྱ ་བ་ནི་རི་དགས་དང་རི་དགས་མོ་དག་ལྟ་བུའོ། ། ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ།། བླངས་ནས་ཞེས་བྱ་བ་ནི་བཟུང་ནས་སོ།། དགེ་སློང་མ་ཕས་ཕམ་པ་མ་བྱུང་བ ་ལ་ཞེས་བྱ་བ་ནི་ཨུཏྤ་ལའི་མདོག་གོ། ཕས་ཕམ་པའི་ཆོས་ཞེས་བྱ་བ་ནི་ཕས་ཕམ་པ་བརྒྱད་པོ་གང་ཡང་རུས་པས་སོ།། སྐུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ་ཞེས་བྱ་བ་ནས། ་གཞི་མེད་པའི་བསླབ་པའི་གཞི་ཇི་ལྟ་བ་བཞིན་དུ་ཐམས་ཅད་སྔ་མ་བཞིན་དུ་བརྗོད་པར་བྱའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར ་པའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི ་སྐད་ཅེས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི ་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅེས་བྱ་བའི་བར་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན ་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས ་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས ་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས ་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷས ་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང ་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པར ་འགྱུར་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གི་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང ་མས་དགེ་སློང་མ་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི ་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟབ་ཐོབ་པར་གྱུར་ནས། དེས་འདུ ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི ་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས ་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། ་བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང ་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི ་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཉིད་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེས་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་འགྱུར་ནས། དེས ་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི ་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་འགྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་། ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས ་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས ་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བའི་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར ་གྱུར་ནས། དེས་འདུས་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས ་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར ་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ། ་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུས་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང ་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པར་བྱེད་པ་མཐོང་ཞིང་། དེ་དེ་ལ་ལྟུང་བ་མེད ་པའི་ལྟ་བ་ཐོབ་ནས། འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར ་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང ་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན ་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར ་རོ། ། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི ་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས་ཀྱི་ལྟུང་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ ་པཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་གསུམ་པ་རྫོགས་སོ།། ་། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་སྦོམ་དགའ་མོ།། སྤོས་འཚོང་གི་ཁྱེའུ་ཞིག་ལ་ཆགས་སོ།། ་ནས་སྦོམ་དགའ་མོ།། སྤོས་འཚོང་གི་ཁྱེའུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེས་ཇི་ལྟར་དེ་ཡང་ཆགས་པར་འགྱུར་བ་དེ་ལྟ་བུར་བྱས་སོ།། དེ་ཆགས་པས་ཆགས་པ་ལས། ཅུང་ཟད་བདག་གིར་བྱེད་ཅིང ་དེ་ཡང་དང་ཡང་དུ་སོང་ནས་ཟོང་ཅུང་ཟད་ཅིག་བྱིན་ནས་རིན་མང་དུ་ལེན་ཏོ། ། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཇི་སྲིད་ཅིག་ན་ཉམས་སུ་མྱོང་བར་འགྱུར་ཞིག་གུ་སྙམ་མོ།། ་དེནས་སྤོས་འཚོང་གི་ཁྱེའུ་དེས་དུས་གཞན་ཞིག་ན། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་དང་ནམ་ཞིག་མཇལ་བར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་གླང་པོ་ཆེམ ་དང་ཕྲད་པར་འགྱུར་རོ། ། དེ་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་དེས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲའོ།། འཕགས་མ་མི་འདི་ཆགས་པར་མི་མཁྱེན་ཏམ། དེས་འདི་སྐད་ཅེས་སྨྲས་སོ།། ཤེས་སོ།། ་ཅིའི་སླད་དུ་ཁྱོད་སྐྱེས་པ་ཆགས་པ་ལ་ཅུང་ཟད་བདག་གིར་མཛད། སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཐོས་སོ།། ཐོས་ནས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་སྟེ།། ཡང་དགེ་སློང་མ་གང་ཆགས་ནས་སྐྱེས་པ་ཆགས ་པ་ལས་ཅུང་ཟད་བདག་གིར་བྱེད་ན། ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་ཞིང་། ངེས་པར་འབྱུང་བར་བྱ་བ་དགེ་འདུན་ལྷག་མའོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ།། ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པའོ།། སྐྱེས་པ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས ་པ་སྤོས་འཚོང་གི་ཁྱེའུ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ།། ལས་ཞེས་བྱ་བ་ནི་ཟད་ནས་སོ།། ཅུང་ཟད་ཅེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔའོ།། བདག་གིར་བྱེད་ཅེས་བྱ་བ་ནི་བླངས་ནས་མགྲིན ་པར་མེད་པའོ། ། ཆོས་འདི་ཞེས་བྱ་བ་འདི་ནི། ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར་གསུངས་པའོ།། དང་པོ་ནས་ལྟུང་བར་འགྱུར་བ་ཞེས་བྱ་བ་ནི། མོད་ལ་ལྟུང་བར་འགྱུར་བའོ།། ངེས་པར་འགྱུར་བར ་ཞེས་བྱ་བ་ནི། རྟོན་པ་དང་བཅས་པས་བྱ་བའོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ནི། ལྟུང་བ་འདི་གཉིས་ཀའི་དགེ་འདུན་ལ་རག་ལས་པ་དང་། གཉིས་ཀའི་དགེ་འདུན་དང་འབྲེལ་བ་དང་། གཉིས་ཀའི་དགེ ་འདུན་ལ་རྟོན་པ་དང་། སྣང་བ་འདི་གཉིས་ཀའི་དགེ་འདུན་ལས་སྡང་བར་འགྱུར་གྱི། གང་བག་ལས་མ་ཡིན་པ་དང་། གཞན་ཡང་བས་ཕམ་པར་འགྱུར་བ་བརྒྱད་ནི་ལྷག་མ་མེད་པ་ཡིན་གྱི། ལྟུང་བ་འདི། ་ནི་ལྷག་མ་དང་བཅས་པ་ཡིན་ཏེ། དེ་ལྟ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ།། །། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས། སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག ་གིར་བྱེད་ན། དགེ་འདུན་ལྷག་མའོ།། ཆགས་པས་སྐྱེས་པ་མ་ཆགས་པ་ལས་ན་ཉེས་བྱས་སོ།། མ་ཆགས་པས་ཆགས་པ་ལས་ན་སྦོམ་པའོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ་དགེ་སློང་མའི་རྣམ་པར་བྱེད་པ་ལས། དགེ་འདུན་ལྷག་མ་བཞི་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན ་དགའ་ར་བ་ན་བཞུགས་སོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་བཅའ་བ་མཛད་པ་དང་། དེ་ཕྱིན་ཆད་ནམ་ཡང་དགེ་སློང་མ་རྣམ་ཉོ་ཚོང་མི་བྱེད་དོ།། དེ་དག་འཕོངས་པ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དྲན་པ་ཉེ་བར་གཞག་ལ་ཉོ་བར་བྱའོ།། དེ་ནས་སྦོམ་དགའ་མོས། གཙུག་དཀའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་པུ་ནུ་མོ་རེ་ཞིག་ཁྱོད་མ་ཆགས ་པར་གྱིས་ལ། ཁྱོད་མ་ཆགས་པར་གྱུར་ནས། སྐྱེས་པ་ཆགས་པ་ལས་ཅུང་ཟད་ཅིག་ལོང་ཞིག། དེས་སོང་ནས་ཇི་ལྟར་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་པ་དེ་ལྟར་བྱས་སོ།། དེ་ནས་གཙུག ་དགའ་མོས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྐྱེས་པ་འདི་ནི་ཆགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཆགས། དེ་དེ་ལྟར་བདག་གིར་བྱེད། ་པན། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། དེར་ཟད་མོད། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་ནས། བསླབ་པ་བཅས་པའི ་བར་དུ་སྟེ། ། ཡང་དགེ་སློང་མ་གང་དགེ་སློང་མ་ལ་འདི་སྐད་ཅེས་ཕུ་ནུ་མོ་རེ་ཞིག་ཁྱོད་མ་ཆགས་པར་གྱིས་ལ། ཁྱོད་མ་ཆགས་པར་གྱུར་ནས། སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་གྱིས ་ཤིག་ཅེས་ཟེར་ན། ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་ཞིང་། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ ་སློང་མ་ལ་ཞེས་བྱ་བ་ནི་གཙུག་དགའ་མོ་ལའོ། ། རེ་ཞིག་ཁྱོད་མ་ཆགས་པར་གྱིས་ལ་ཞེས་བྱ་བ་ནི་འདོད་མ་ཆགས་པ་དང་། ཀུན་ཏུ་འདོད་མ་ཆགས་པ་དང་། ཀུན་ནས་མ་དཀྲིས་པར་གྱིས་ལའོ།། སྐྱེས་པ་ཆགས ་པ་ལས་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པ་ལས་སོ།། ཅུང་ཟད་བདག་གིར་གྱིས་ཞེས་བྱ་བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་ལོང་ལ་བདག་གིར་གྱིས ་ཤིག་པ་སྟེ། འདི་ནི་སྔ་མ་བཞིན་ནོ།། འདི་སྐད་དུ་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཅུང་ཟད་ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་ལ་འདི་སྐད་ཅེས། ཁྱོད ་ཆུར་མ་ཆགས་པར་གྱུར་ནས། སྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ལ་བདག་གིར་གྱིས་ཤིག་ཅེས་ཟེར་ན། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམ་པར་བྱེད་པ་ལས། 8 ་འདུན་ལྷག་མ་ལྔ་པ་རྫོགས་སོ། ། ། བམ་པོ་དགུ་པ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས ་སོ། ། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གིས་ཁས་བླངས་པས་བསྙིལ་བ་དེའི་ཚེ། སྐྱེས་པས་བླངས་ནས། ཁྱིམ་གྱི་འཚོ་ཆིས་བྱེད་དུ་བཅུག་ཅིང་། དེ་དང་རྩེ་བར་བྱེད་པ་ན། བུ་དང་བུ་མོ་དག་ཀྱང་སྐྱེས ་སོ། ། དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་པ་དང་། དེའི་ཕུ་ནུ་མོ་དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བས། དེ་ནད་ཀྱིས་ཐེབས་པར་ཐོས་ནས། བལྟ་བའི་ཕྱིར་གཅིག་པུ་སོང་སྟེ། དེས་དེ་ལ་བལྟས་ནས ་སླར་ལོག་གོ། དེ་ནས་མཛའ་མོས་ཕུ་ནུ་མོ་ལ་འདི་སྐད་ཅེས་འཕགས་མ་གལ་ཏེ་ན། བདག་དོ་མོད་འགུམ་ཡང་གདམ། མ་བཞུད་པར་འདིར་བཞུགས་ཤིང་ཅེས་སྨྲས་པ་དང་། དེ་ཡང་དེར་འདུག་གོ།། ་དེ་ནས་མཛའ་མོ་ཡང་དེ་ཉིད་ཀྱི་ནུབ་མོ་དུས་ལས་འདས་སོ།། དེ་ནས་མཛའ་མོའི་ཁྱོ་མྱ་ངན་བྱ་བར་བརྩམས་པ་དང་། དེའི་གྲོགས་པོ་ཞིག་གིས་སྨྲས་པ། འདི་ནི་དེའི་ཕུ་ནུ་མོ་མཛའ་ཅན་མ་ཞེས་བྱ་བ ་ཡིན་གྱིས། དེ་ཉིད་བླང་བར་གྱིས་ཤིག། དེ་ནས་མཛའ་མོའི་ཁྱོས། མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་མཛའ་ཅན་མ་སྤྲོན་ཁྱིམ་འདི་དང་། མཛའ་མོའི་བུ་དང་བུ་མོ་དག་ཡོངས་སུ་སྤྱོད། ་ཤིག། མཛའ་ཅན་མ་འདི་སྙམ་དུ་གལ་ཏེ་འདི་ཅུང་ཟད་ཅིག་སྨྲས་ན། དེ་ཉིད་དུ་བདག་བརྟུལ་ཞུགས་དང་བྲལ་བར་འགྱུར་བས། མི་སྨྲ་བར་བྱའོ་སྙམ་དུ་བསམས་ནས། ནམ ་ནངས་པ་དང་དེ་འགྲོ་བར་བྱས་སོ། ། དེ་ནས་སྐྱེས་པ་དེས། མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱིམ་འདི་ཁྱོད་ཀྱི་ལགས་ཀྱིས་མ་བཞུད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ་ཁྱོད་ཀྱི་ཁྱིམ་བཙོན་རར་གྱུར་ཅིག། ཁྱོད་ཀྱི་ཁྱིམ་མེས་ཚིག་པར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་།། དེ་ལ་དགེ་སློང་མ་རྣམས་ཀྱིས། ཁྱོད་མ་དང་སུམ་ག་ལ་ཉལ་ཉལ་ཞེས་དྲིས་པ་དང་། ་དེས་སྨྲས་པ། བདག་གི་ཕུ་ནུ་མོ་དུས་ལས་འདས་པའི་དེ་ནའོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི ་སྐད་ཅེས་སྨྲས་སོ། ། གལ་ཏེ་བདག་གིས་ཁ་རོག་པར་མ་འདུག་ན་དེང་ཉིད་དུ་བདག་བརྟུལ་བཞུགས་དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྤྲས ་སོ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུ།། ཡང་དགེ་སློང་མ་གང་མཚན་མོ་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར ་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་ཅན་མའོ།། མཚན་མོ་ཞེས་བྱ་བ་ནི་ཉི་མ་ནུབ་ནས ་སོ། ། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཕྱི་རོལ་ཏུ་གནས་པར་བྱེད་ན་ཞེས་བྱ་བ་ནི། དབྱར་ཁང་ལས་གཞན་དུ་སྐྱ་རེངས་ཤར་བར་བྱེད་ནའོ།། གཞན་དག་ནི་སྔ་མ་བཞིན ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་མཚན་མོ་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཇི་ལྟར་གྱུར་ཀྱང་རུང་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགྲ ་ཚུལ་མ་དང་ལྷན་ཅིག་ཕྱི་རོལ་དུ་གནས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། ། དགེ་སློང་མ་དང་ལྷན་ཅིག་ཕྱི་རོལ་ཏུ་གནས་པར་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང་མ་བ ་ཨར་གྱུར་ཏམ། ཉམས་པར་གྱུར་ཏམ། བྲོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་དྲུག་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ།། བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་དག་ན་གཅིག་པུ་ཉི་མ་ནུབ་ནུབ་ཏུ་ཆོས་འཆད་པར་བྱེད་དོ།། ་ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་ནས་དེས། དགེ་སློང་མ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་རྒྱབ་དང་རྐེད་པ་དག་རྫིས་ཤིག། དེ་དག་གིས་དྲིས་པ། འཕགས་མ ་ཁྱོད་གང་ནས་འོངས། དེས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་བསྟན་པ་ནས་སོ།། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སློང་མ་སུ་དང་ལྷན་ཅིག་སོན ་དེས་སྨྲས་པ། ཁོ་མོ་གཅིག་པུ་སོན་ཏོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད། དེས་སྨྲས་པ། སྤོས ་འཚོང་གིས་ཁྱེའུ་གང་ཡིན་པ་རྡོག་པ་གཅིག་བསྣུན་པས། རྩིབ་མ་གཉིས་བཅག་པ་ཁྱེད་ཅག་གིས་མ་མཐོང་ངམ། དེ་དག་གིས་སྨྲས་པ། ཆུ་རྫ་ཆུའི་དོན་དུ་ཁྲོན་པར་བཅུག་པ་རྟག་ཏུ་མཁྲང་པོར་མི་ལྡོག་གོ། ་དེ་ནས་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་ཉིན་པར་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཆོས ་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉིན་པར་ཞེས་བྱ་བ ་ནི་ཉིན་མ་ཤར་ནས་སོ། ། གཅིག་པུ་ཞེས་བྱ་ནི་གཉིས་པ་མེད་པར་རོ།། ཕྱི་རོལ་ཏུ་གནས་པར་བྱེད་ཞེས་བྱ་བ་ནི། དབྱར་ཁང་ལས་གཞན་དུ་ཉི་མ་ནུབ་པར་བྱེད་ནའོ།། གཞན་ནི་སྔ་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཉིན་པར་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཇི་ལྟར་ཡང་རུང་སྟེ། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་ཚུལ་མ་དང་ལྷན་ཅིག ་ཕྱི་རོལ་ཏུ་གནས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། ། དགེ་སློང་མ་དང་ཕྱི་རོལ་ཏུ་ལྷན་ཅིག་གནས་པར་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ཤི་བར་འགྱུར་ཏམ། ཉམས ་པར་གྱུར་ཏམ། བྲོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བདུན་པ་རྫོགས་སོ།། ། གླེང་གཞི་ནི་མཉ ་ཡོད་ནའོ། ། དེ་ནས་སྦོམ་དགའ་མོ་གཅིག་པུ་ལམ་པོ་ཆེ་བཞི་མདོ་དག་ཏུ་འདུག་ནས། དོན་མཐུན་ཐམས་ཅད་ཆས་ནས་ལམ་དུ་ཞུགས་ཏེ། གྲོང་ཁྱེར་ཆེན་པོ་གང་དང་གང་དུ་འགྲོ་བའི་གྲོང་ཁྱེར་ཆེན་པོ ་དང་དེར། རྒྱང་གྲགས་དང་རྒྱང་གྲགས་ཕྱེད་ཙམ་དུ་འགྲོ་བར་བྱེད་ཅིང་། ལྡོག་པར་ཡང་བྱེད་དོ།། དེ་བཞིན་དུ་ཇི་ཙམ་ན་ཉི་མ་ནུབ་པ་ན་དབྱར་ཁང་དུ་འོངས་ནས། གཞོན་རབས་དག་ལ་འདི་སྐད་ཅེས་སྨྲས་སོ།། ། ་དེ་བདག་གི་རྒྱབ་རྫིས་ཤིག། བདག་གི་རྐེང་པ་དང་རྩིབ་ལོགས་རྫིས་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གར་བཞུད་བཞུད། དེས་སྨྲས་པ། དེང་ཁོ་མོ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག ་གིས་ལམ་དུ་སོན་ཏོ། ། དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་སུ་དང་ལྷན་ཅིག་ཕྱིན། དེས་སྨྲས་པ། ཁོ་མོ་གཅིག་པུའོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད ་བརྟུལ་ཞུགས་དང་བྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི་སྐད་ཅེས་གལ་ཏེ་བུ་ཟན་མོའི་བུ་དག། ང་ལ་རེག་ཏུ་འོང་ན་ངས་ལྷུང་བཟེད་ནག་པོས་སོ་བཅག་ཏུ་ཟད་མོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་གཅིག་པུ་འགྲོན་ལམ་དུ་ཞུགས་ཤིང་འགྲོ་བར་བྱེད་ན། ཆོས་འདི་ཡང ་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེ་རོ།། འགྲོན་ལམ་ཞེས་བྱ་བ་ནི་མགྲོན་པའི་ལམ་མོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གཅིག་པུ་འགྲོན་ལམ ་དུ་འགྲོ་བར་བྱེད་ན། ཇི་ལྟར་ཡང་རུང་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། གཞན་ནི་སྔ་མ་བཞིན་ནོ།། དགེ་སློང་མའི་རྣམ་པར་བྱེད་པ་ལས། དགེ་འདུན་ལྷག་མ་བརྒྱད་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་མང་པོ་ལྗོངས་རྒྱུ་བ་རྒྱུ་ཞིང་ཆུ་འགྲམ་ཞིག་ཏུ་ཕྱིན་ཏོ།། དེ་དག་བྱ་བ་ཅུང་ཟད་ཙམ་གྱི་ཕྱིར་ཕ་རོལ་ཏུ་འགྲོ་བར་འདོད་ནས་གྲུ་བཙལ་བ་དང་། མཉན ་པས་ཕ་རོལ་གྱི་འགྲམ་དུ་ཕུར་པ་ལ་གྲུ་བཏགས་ཏེ་འདུག་གོ། རེ་ཞིག་ན་དགེ་སློང་མ་རྣམས་ཀྱིས་མཐོང་ནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཅག་ལས་རྒྱལ་ཤེས་པ་འགའ་ཞིག་ཡོད་ན། ་དེ་སོང་ལ་གྲུ་བླང་བར་གྱིས་ཤིག། དེའི་ཚེ་ན་སྔོན་མཉན་པ་མོ་བྱེད་བྱེད་པ་དགེ་སློང་མ་ནག་མོ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་སོང་ལ་གྲུ་བླང་བར་བགྱིའོ་ཞེས་སྨྲས་ནས། དེས ་ཆོས་གོས་བརྟུལ་ཏེ་ཆུའི་ནང་དུ་ཞུགས་སོ། ། དེ་ཡང་སྔོན་གྱིས་གོམས་པ་གང་ཡིན་པ་དེ་བྲི་ཞིང་ལུས་ཀྱང་ལྕི་བར་གྱུར་པས། དབུས་སུ་ཕྱིན་པ་དང་། གཏིང་དུ་བྱིང་ལ་ཐུག་པར་གྱུར་ཏོ།། དེ་ནས་དགེ་སློང་མ ་འགྲམ་ན་འདུག་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། ནག་མོ་རྐྱོལ་ཅིག་ནག་མོ་རྒྱོལ་ཅིག་ཅེས་སྨྲས་ནས། དེ་ཡང་ངལ་ཆད་དེ་འགྲམ་དུ་ཕྱིན་ཏེ། ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་སོ།། དགེ་སློང་མ ་རྣམས་ཀྱིས་ཅུང་ཟད་བདེ་བར་བརྒྱུས་སམ་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་དེ་དག་རྒྱས་པར་སྨྲས་པ་ན། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་གཅིག་པུ་ཆུར་ཞུགས་སམ། དེས་སྨྲས་པ། གཅིག ་བུའོ། ། དེ་དག་གིས་འདི་སྐད་ཅེས་གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ་ཞེས ་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི་ཕ་རོལ་ཏུ་རྒྱལ་བར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང ་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་ནག་མོའོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཆུ་ཀླུང་གི་ཕ་རོལ་ཏུ ་རྒྱལ་བར་བྱེད་ན་ཞེས་བྱ་བ་ནི་ཆུ་བོ་རྒལ་བར་བྱེད་ནའོ། ། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གིས་ཕ་རོལ་ཏུ་རྒྱལ་བར་བྱེད། ་ན་དགེ་འདུན་ལྷག་མར་འགྱུར་རོ།། རྩ་ང་ལག་རྒལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཆུ་བྲན་རྒལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཡུར་ཆུ་རྒལ་བར་བྱེད་ན་ཉེས་བྱས་སོ།། དགེ་སློང་མའི ་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་དགུ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་ལ་དམག་ཚོགས ་མཐུ་སྟོབས་རྡུལ་དུ་རློག་པ་ཞེས་བྱ་བ་དང་། རིགས་བཟང་པོ་ཞེས་བྱ་བ་གཉིས་ཡོད་དེ། དེ་དག་རྒྱལ་པོ་གསལ་རྒྱལ་གྱིས་མདུན་དུ་འགྲོ་ཞིང་། རི་བྲགས་པ་གང་ཡང་རུང་བ་ལོག་པར་གྱུར་ན། དེ་དག་དེར ་སོང་ནས་གཡུལ་འབྱེད་པར་བྱེད་དོ། ། དེ་དག་དེར་སོང་བ་ན་ཆུང་མ་རྣམས་གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ནས། དེ་དག ་གིས་འདི་སྙམ་དུ་བདག་ཅག་གིས་ནི་རི་བྲགས་པ་ལོག་པ་རྣམས་འདུལ་བར་བྱེད་ན། རང་གི་ཆུང་མ་དག་གདུལ་བར་མི་ནུས་སམ། ཁྲིམས་བཅའ་གོར་མ་ཆགས་སྙམ་དུ་བསམས་ནས། བདག་ཅག་གི་ཆུང་མ ་གང་ཞིག་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱེད་པར་གྱུར་པ་དེའི་མགོ་སྐེར་བཅད་ནས་དོར་བར་བྱའོ། ། དེ་དག་ཁ་ཅིག་གིས་སྨྲས་པ། ཁྲིམས་འདི་ཧ་ཅང་བརླང་ཆེས་ཀྱིས། རྒྱལ་པོ་ལ་བདག་ཅག ་གིས་ཞུ་བར་བྱའོ། ། དེ་ནས་དམག་དཔོན་དཔོག་བྱེད་དམག་གི་ཚོགས་དང་ལྷན་ཅིག་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྐབས་དེ་དག་རྒྱས་པར་རྒྱལ་པོ་ལ་བསྙད་པ་དང་། རྒྱལ་པོས་ཀྱང་མ ་ཉེས་སོ་ཞེས་བྱས་སོ། ། དེ་ནས་དམག་དཔོན་དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མ་ཞེས་བྱ་བ་དེས་ཁྲིམས་དང་འགལ་བར་བྱས་པ་ན། བུད་མེད་ཕལ་དག་གིས་འདི་སྐད་ཅེས། གལ་ཏེ་འདི་ཆང་པས་མ་བཅད་པར་གྱུར་ན ་བདག་ཅག་གིས་ཀྱང་ཁྲིམས་དྲལ་བར་བྱའོ་ཞེས་སྨྲས་པ། དམག་མི་རྣམས་ཀྱིས་ཐོས་ནས། དེ་དག་གིས་དཔོག་བྱེད་ལ་སྨྲས་སོ།། དམག་དཔོན་དཔོག་བྱེད་ཀྱིས་འདི་སྙམ་དུ་བདག་གིས་ཁྲིམས་བཅས་ལ ་བདག་གིས་དྲལ་དུ་ག་ལ་རུང་སྙམ་དུ་བསམས་ནས། དམག་དཔོན་དཔོག་བྱེད་ཀྱིས་སྡེ་ཅན་མ་ཡོངས་སུ་བཏང་ནས། དམག་མི་རྣམས་ལ་སད་ཅིག་ཅེས་བསྒོའོ།། དེ་ནས་སྡེ་ཅན་མས་ཐོས་ནས་རིངས་པ་རིངས ་པར་སོང་སྟེ། དམག་མི་རྣམས་ཀྱིས་རྐང་པ་ལ་གཏུགས་ནས་བཟོད་པ་གསོལ་ལོ།། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་འདི་ལྟ་བུའི་མི་རིགས་པ་བྱེད་པ་ལ་བཟོད་པར་མི་ནུས་མོད་ཀྱི། འོན་ཀྱང་དམག་མི ་ལ་བལྟས་པ་དོན་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་དེའི་ལན་ཞག་བདུན་ན་སྦྱིན་པར་བྱའོ། ། དེས་ཀྱང་ཞག་བདུན་ལན་ཐོབ་ནས། ངུ་ཞིང་སྦྱིན་པ་ནི་སྦྱིན། བསོད་ནམས་ནི་བྱེད་པ་ན། དགེ་སློང་མ་ཕྱར་མོས ་སྡེ་ཅན་མ་ལ་ཅི་སྟེ་དུ་ཞེས་དྲིས་སོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཕས་ཡོངས་སུ་བཏང་ངོ་།། ཁོ་མོ་མས་ཡོངས་སུ་བཏང་ངོ་།། ཁོ་མོ་ཁྱོས་ཡོངས་སུ་བཏང་སྟེ། ཁོ་མོ་ནི་ཉི་མ་བདུན་ན་མེད་དོ།། ་དེས་འདི་སྐད་ཅེས་རེ་ཞིག་རབ་ཏུ་བྱུང་བར་མི་འདོད་དམ་ཞེས་སྨྲས་པ་དང་། དེ་དེ་ལས་རབ་ཏུ་བྱུང་སྟེ། དེས་དེ་དབྱར་ཁང་དུ་ཁྲིད་དེ་སོང་ངོ་།། དེ་ཡང་དམག་མི་རྣམས་ཀྱིས་ཐོས་ནས། དེ་དག་གིས་འདི་སྐད་ཅེས ་གལ་ཏེ་བ་གླང་གི་རྭ་ཕྲག་ཏུ་ཞུགས་ཀྱང་དེ་ནི་གསོན་པོར་མི་བྱའོ་ཞེས་སྨྲའོ། ། དེ་ཡང་སྡེ་ཅན་མས་ཐོས་ནས། དེ་སྐྲག་སྟེ་བཅུ་གཉིས་སྡེ་ལ་སྐྱབས་སུ་སོང་བ་དང་། དེ་དག་གིས་འདི་སྐད་ཅེས་ཕུ་ནུ་མོ་གལ་ཏེ་ཧུ ་ཟན་མའི་བུ་རྣམས་འོངས་ན། ལྷུང་བཟེད་ནག་པོས་སོ་གཅག་གིས་རྟོན་ཅིག་ཅེས་སྨྲས་སོ།། དེས་འདི་སྙམ་དུ་བཅུ་གཉིས་སྡེ་ཁ་བྱ་འདི་དག་གིས་ནི་ནོན་མི་ནུས་སྙམ་དུ་བསམས་ནས། ་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་སྐྱབས་སུ་སོང་བ་དང་། དེས་སྨྲས་པ། འདི་ལྟར་པས་ཡོངས་སུ་བཏང་བ། མས་ཡོངས་སུ་བཏང་བ། དམག་མིས་ཡོངས་སུ་བཏང་བ། རྒྱལ་པོས་ཡོངས་སུ་བསྒོ ་བ། ཁྱིམ་ཐབ་ཀྱིས་སྤངས་པ་ཁྱོད་སུས་རབ་ཏུ་ཕྱུང་ཞེས་བྱ་བ་ནས། བཙུན་མོ་འཕྲེང་ལྡན་མ་ལ་སྐྱབས་སུ་སོང་བའི་བར་དུའོ།། དེ་ནས་བཙུན་མོ་འཕྲེང་ལྡན་མས། དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མའི་ཕྱིར་རྒྱལ ་པོ་ལ་གསོལ་བ་བཏབ་པ་དང་། རྒྱལ་པོས་ཀྱང་ཁས་བླངས་སོ།། དེ་ནས་རྒྱལ་པོ་དམག་མིག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། དཔོག་བྱེད་ཀྱིས་བུ་མོ་སྡེ་ཅན་མ་འདི་ནི། སངས ་རྒྱས་ལ་སྐྱབས་སུ་སོང་བ། ཆོས་ལ་སྐྱབས་སུ་སོང་བ། དགེ་འདུན་ལ་སྐྱབས་སུ་སོང་བ། ང་ལ་སྐྱབས་སུ་འོངས་པ། ཁྱེད་ཅག་ལ་སྐྱབས་སུ་སོང་བ་ཡིན་གྱིས། མ་བསད་ཅིག། དེ་དག་གིས་སྨྲས ་པ། ལྷ་ཅི་ཁྲིམས་དྲལ་བར་བགྱི་འམ། དེས་འདི་སྐད་ཅེས་ག་ལ་དྲལ་གྱི་སྟེང་དུ་ལེགས་རབ་ཏུ་བསྲུང་མོད་ཀྱི། འོན་ཀྱང་འདིའི་ཕྱིར་མཆོག་ཅིག་སྦྱིན་པར་བྱའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས ་འདི་ལ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་བུད་མེད་གང་ཞིག་རྒྱལ་པོས་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ། ཕ་མས་ཡོངས་སུ་བཏང་བ། དམག ་མི་རྣམས་ལ་སོང་ཅིག་ཅེས་བསྒོ་བར་ཤེས་བཞིན་དུ་འཁོར་དུ་འཇོག་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཕྱར་མོའོ།། བུད་མེད་གང་ཞིག་ཅེས་བྱ་བ་ནི་སྡེ་ཅན་མའོ།། རྒྱལ་པོས་བསྒོ་བ་ཞེས་བྱ་བ་ནི། གསལ་རྒྱལ་གྱིས་རང་གིས་རུང་བར་བྱས་པའོ།། ་ཁྱིམ་ཐབ་ཀྱིས་སྤངས་པ་ཞེས་བྱ་བ་ནི་ཁྱོས་སོ།། ཕ་མས་ཡོངས་སུ་བཏང་བ་ཞེས་བྱ་བ་ནི། དཔོག་བྱེད་དང་དཔོག་བྱེད་ཀྱི་ཆུང་མས་སོ།། དམག་མི་རྣམས་ལ་སོད་ཅིག་ཅེས་བསྒོ་བ་ཞེས་བྱ་བ་ནི། མ ་སྟོབས་རྡུལ་དུ་རློག་པ་དང་རིགས་བཟང་པོ་ལའོ། ། ཤེས་བཞིན་དུ་ཞེས་བྱ་བ་ནི། དེ་དག་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པ་ནས་སོ།། འཁོར་དུ་འཇོག་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལ་གསོལ ་བ་དང་བཞིའི་ལས་ཀྱིས་རབ་ཏུ་འབྱིན་ཅིང་། བསྙེན་པར་རྫོགས་པར་བྱེད་ནའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྣམ་པ་འདི་ལྟ་བུའི་བུང ་མེད་རབ་ཏུ་འབྱིན་པར་བྱེད་ན། ཇི་ལྟར་ཡང་རུང་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་པ་རྫོགས་སོ།། །། སྡོམ ་ལ། གང་གི་ཚེ་ན་ཆགས་རྒྱ་དང་།། བཟོད་པ་གསོལ་དུ་འཇུག་བྱེད་དང་།། སངས་རྒྱས་ཆོས་དང་དགེ་འདུན་གཏོང་།། འདུན་དང་ཞེ་སྡང་འཇིགས་སྨྲ་དང་།། གཉིས་པོ་ལྷན་ཅིག་གནས། ་བྱེད་དང་།། དེ་ཡིས་རྗེས་སུ་ཕྱོགས་པ་དང་།། དགེ་འདུན་དབྱེན་དང་རྗེས་ཕྱོགས་དང་།། ཁྱིམ་སུན་བཀའ་བློ་མི་བདེ་བའོ།། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད ་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་མཉན་ཡོད་ན། ཁྱིམ་བདག་ཅིག་ནད་ཀྱིས་ཐེབས་ནས། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། འཕོངས་པ་རྣམས ་ལ་སྦྱིན་པ་ནི་སྦྱིན། བསོད་ནམས་ནི་བྱེད་པ་དེ། སྦོམ་དགའ་མོས་ཐོས་སོ།། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་བདག་དེ་ལ་ཆོས་བཤད་པ་བྱས་སོ།། ཆོས་བཤད ་པ་བྱས་ནས་ཀྱང་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་བུད་མེད་ནི་རྙེད་པ་ཆུང་བ་ཡིན་གྱིས། བདག་ལ་ཡང་ཅུང་ཟད་ཅིག་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད ་ཅིའི་སླད་དུ་ཆེས་སྔར་མ་བྱོན། བདག་འགུམ་པར་འགྱུར་འདྲ་ནས། བདག་གིས་ཐམས་ཅད་འཇིག་རྟེན་ཕ་རོལ་ཏུ་བསྐྱས་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། མཚར་བྱས་ཏེ། ཅང་མི་ཉེས་པར་ལོ་བརྒྱ ་འཚོ་བར་འགྱུར་རོ། ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཆགས་རྒྱ་བཞེད་དམ། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་གལ་ཏེ་བྱིན་པར་གྱུར་ནའོ།། དེ་ནས་དེས་དེ་ལ་བྱིན་ནོ།། དེས་ཆགས་རྒྱ ་བླངས་ནས། ཁྱིམ་བདག་གཞན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟང་འདི་ཅུང་ཞིག་ལྷོགས། དེས་བླགས་སོ།། གླགས་ནས་ཀྱང་འདི་སྐད་ཅེས་འདི་འཕག། ་མ་ཁྱོད་མངའ་འམ། དེས་སྨྲས་པ། བདག་དབང་ངོ་།། བདག་གིས་དབུལ་བར་བགྱིའོ།། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་བཟུང་ནས་གལ་ཏེ་ཁྱོད་ཀྱིས་འདི་ང་ལ་མ་བྱིན་པར་འགྲོ་ན། རྒྱལ་པོའི་ཕོ ་བྲང་དུ་དབུལ་ལོ་ཞེས་བྱས་པ་དང་། དེ་ཡང་དེར་འདུག་གོ།། དེའི་གྲོགས་པོ་ཞིག་འོངས་ནས། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ན་ཅི་བྱེད། དེས་སྨྲས་པ། ཁོ་བོ་བུ་ལོན་དེད་པས་བཟུང་ངོ་།། བུ་ལོན ་དེད་པ་སུ་ཡིན། དེས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མའོ།། དེས་སྨྲས་པ། ཁྱོད་ཀྱིས་འཇིག་རྟེན་ན་གཞན་ལས་ཅི་ཡང་མི་རྙེད་དམ་ཅི་ན། དགེ་སློང་མ་ལས་ལེན། དེ་ནས་བྲམ་ཟེ་དང་ཁྱིམ་བདག ་རྣམས་གང་གིས་ཕྱིར་ཆགས་རྒྱ་ཡང་ལེན་པར་བྱེད་པས། ཤཱཀྱའི་བུའི་དགེ་སྦྱོང་མ་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པའོ་ཞེས་ཕྱེ་བར་བྱེད། སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་པའི་སྐབས་དེ་དགེ་སློང་མ ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ་ཡང་དགེ་སློང་མ་གང་ཆགས་རྒྱ་ལེན་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོན།། ཆགས་རྒྱ་ཞེས་བྱ་བ་ནི། བུ་ལོན་མངའ་བའི་དབང་རྒྱའོ།། ལེན་པར་བྱེད་ན་ཞེས་བྱ་བ་ནི་ལེན་ནའོ།། ཆོས་འདི་ཡང་ཞེས་བྱ་བ་འདི་ནི།། ་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྔར་བསྟན་པའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཆགས་རྒྱ་ལེན་པར་བྱེད་ན། ཇི་ལྟར་ཡང་རུང་སྟེ། དགེ་འདུན ་ལྷག་མར་འགྱུར་རོ། ། ཚེགས་ཆུང་ངུས་ཞུགས་པ་དང་། ལས་དང་པོ་ལ་སོགས་པ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་བྱེད་པ་ལས། དགེ་འདུན་ལྷག་མ་བཅུ་གཅིག་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན། དགེ་སློང་མ་འདུན་མ་ཞེས་བྱ་བ་འཐབ་མོ་བྱེད་པ་ན། འགྱེད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། རྩོད་པར་བྱེད་པ། དེའི་བུ་མོ་འདུན་མ ་མོ་ཞེས་བྱ་བ་དེ་ཐོས་སོ་ཅོག་དེ་ཐམས་ཅད་མ་ལ་ཟློས་པར་བྱེད་དོ། ། དེའི་རྒྱས་དགེ་སློང་མའི་དགེ་འདུན་རྣམས་འཚང་ཀར་ལྷགས་ཏེ་འཐབ་པ་དང་རྩོད་པར་བྱེད་དོ།། དེ་ནས་དགེ་སློང་མའི་དགེ་འདུན་གྱིས་རྩད ་ཆོད་ནས། འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ། དགེ་སློང་མའི་དགེ་འདུན་གྱིས། དགེ་སློང་མ་འདུན་མ་མོ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་སོ།། དེ་ནས་འདུན་མ་མོ་ངུ་ཞིང་། ་མ་ལ་དགེ་འདུན་མས་བདག་ལ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་སོ་ཞེས་སྨྲས་པ་དང་། དེས་འདི་སྐད་ཅེས་ཁམས་གསུམ་ནས་བསྐྲད་པའི་ལས་ཀྱང་བྱེད་ལ་རག་གོ་ཞེས་སྨྲས་ནས། དེ་ཡང ་དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བཟོད་པ་གསོལ་དུ་བཅུག་ནས་དེ་དང་ལྷན་ཅིག་གནས་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་པ་དང་། དགེ་སློང་མ་དེ་དག་གིས། འདུན ་མ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ཅི་བསྐྲད་པ་དང་ལྷན་ཅིག་གནས་པར་བྱེད་དམ། ཟ་བར་བྱེད་དམ། ཁྱིམ་ན་ལྷན་ཅིག་གནས་པར་བྱེད་དམ། དེས་འདི་སྐད་ཅེས་སྨྲས་སོ།། ཅི་བསྐད་ཅེས་ཏེ་ཕྱོགས་དང་ཡུལ ་དུ་འདུག་ཏུ་མི་རུང་ངམ། དགེ་སློང་མ་དེ་དག་གིས་སྨྲས་པ། དགེ་སློང་མའི་དགེ་འདུན་མ་ལ་བཟོད་པ་གསོལ་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ངས་ཕྱུང་ངོ་།། དགེ་སློང་མ་དག་གིས་གང་དུ་ཇི་ལྟར་ཕྱུང་། ་དེས་སྨྲས་པ། མཚམས་ཕྱི་རོལ་ཏུའོ།། དགེ་སློང་མ་དག་གིས་མཚམས་ཀྱི་ཕྱི་རོལ་ཏུ་དེ་ལྟར་དབྱུང་དུ་རུང་ངམ། དེས་སྨྲས་པ། རུང་ཡང་བླ། མི་རུང་ཡང་བླ་སྟེ། ངས་ཕྱུང་ངོ་ཞེས་སྨྲས་པ་དང་། སྐབས ་དེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པས་དགེ་སློང་མ་གང་ཞིག་གནས་ནས་དབྱུང་བའི་ལས ་བྱས་པར་ཤེས་བཞིན་དུ་དེ་གཅིག་པུ་མཚམས་ཀྱི་ཕྱིར་རོལ་ཏུ་སོང་སྟེ། བཟོད་པ་གསོལ་དུ་འཇུག་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་སྟེ། ་དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འདུན་མའོ།། དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། ་སློང་མ་གང་ཞིག་ཅེས་བྱ་བ་ནི་འདུན་པ་མོའོ།། གནས་ནས་དབྱུང་བའི་ལས་བྱས་པ་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས ་སམ་དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ། ། དེ་གཅིག་པོ་ཞེས་བྱ་བ་ནི་དེ་འབའ་ཞིག་གིས་སོ།། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་ཞེས་བྱ་བ་ནི། མཚམས་ཀྱི་དཀྱིལ་འཁོར་གྱིས་ཕྱི་རོལ་ཏུ་སོང་སྟེའོ།། བཟོད། ་པ་གསོལ་དུ་འཇུག་པར་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་སོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་གང་ཞིག ་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་ཞེས་བྱ་བ་ནས། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བཟོད་པ་གསོལ་དུ་བཅུག་ནས། དེ་དང་ལྷན་ཅིག་འདུག་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན ་ཉལ་བར་བྱེད་ན། ཇི་ལྟར་ཡང་རུང་སྟེ། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ ་གཉིས་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་མཉན་ཡོད་ན། སྔོན་གཞན་མུ་སྟེགས་ཅན་དུ་གྱུར་པ་དགེ་སློང་མ་ནག་མོ་ཞེས་བྱ་བ་དེ། དགེ་སློང་མ་རྣམས་དང ་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན ་དང་ལྡན་པ་ཡོད་པས། དེ་དག་གིས་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ། ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་ནག་མོ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན ་པ་སུ་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ། ། བསྒོ་བ་ཡང་འདི་ལྟར་བྱ་སྟེ། ནག་མོ་ཁྱོད་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས ་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས ་གཏོང་ངོ་། ། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། ནག་མོ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། ་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་ནག་མོ་ལ་གསོལ་བ་དང་བཞིའི ་ལས་ཀྱིས་བསྒོ་བར་བྱའོ། ། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པར་བྱ་སྟེ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ།། ལས་ཀྱང་འདི ་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ནས་ཁྲོས་པ་ན་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད ་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་འཆི་བ་དེ་ལ། དགེ་སྦྱོང་མ་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར ་ཞེན་ནས་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ། དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས ་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་འཐབ་མོ་བགྱིད་པ་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག ་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན ་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང ་ངོ་ཞེས་མཆི་བ་དེ་ལ། དགེ་སློང་མ་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བགྱིད་པའི་སླད་དུ། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ནག་མོ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། དགེ་འདུན་གྱིས་དགེ་སློང་མ་ནག་མོ་ལ་གསོལ་བ་དང ་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། གཉིས་པ་དང་། གསུམ་པ་ཡང་དེ ་བཞིན་དུ་དོན་འདི་ཉིད་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནས། དགེ་འདུན་གྱིས་བཟོད་ཅིང་གནང་སྟེ་ནས། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ།། དེ་གསོལ་བ་དང་བཞིའི་ལས་ཀྱིས ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས ་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས། ་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན། ་དང་ལྡན་པ་ཡོད་པས། དེ་དག་གིས་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས ་དགེ་སློང་མ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང ་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། དགེ ་སློང་མ་ཁྱོད་ཀྱིས་སྡིག་པ་ཅན་གྱིས་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་རྣམས་ཀྱིས། དགེ་སློང་མ་དེ་ལ་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས ་ཇི་སྟེ་གཏོང་བར་མི་བྱེད་ན་ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་མ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད ་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། ་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། དགེ་སློང་མ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་འདི། ་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི ་སྟེ་གཏོང་བར་མི་བྱེད་ན། ཆོས་འདི་ཡང་ལན་གསུམ་པ་ལ་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི ་ནག་མོའོ། ། འཐབས་པ་ན་ཞེས་བྱ་བ་ནི། ཕྱོགས་གཉིས་སུ་གྱུར་པ་ནའོ།། ཁྲོས་ནས་ཞེས་བྱ་བ་ནི། ཡིད་མི་བདེ་ནས་སོ།། འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ལ་ཞེས ་བྱ་བ་ནི། འདི་དག་ཁོ་ན་ལའོ།། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི། ཇི་སྐད་གསུངས་པའི་ཚུལ་ཁྲིམས་དང་ལྡན་པའོ།། ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི། ཐོས་པ་ལ་སོགས་པའི་ཡོན་ཏན་དང ་ལྡན་པའོ། ། དགེ་སྦྱོང་གཞན་ཡང་ཞེས་བྱ་བ་ནི། འདི་ལས་ཕྱི་རོལ་ཏུ་གྱུར་པའི་འོ།། དེ་དག་གི་དྲུང་དུ་ཞེས་བྱ་བ་ནི། དེ་དག་གི་ཐད་དུའོ།། ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་ཞེས་བྱ་བ་ནི། རབ་ཏུ ་འབྱུང་བར་ཟད་ཀྱིས་སོ། ། སངས་རྒྱས་གཏོང་ངོ་ཞེས་བྱ་བ་ནི། རྐང་གཉིས་ཀྱི་མཆོག་གོ།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བའི་མཆོག་དང་། ཚོགས་རྣམས་ཀྱི་མཆོག ་གོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་ནག་མོ་ལའོ། ། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི། བཞམས་ཏེ་བསྒོ་བ་སྔ་མ ་བཞིན་དུ་བསྒོ་བར་བྱ་བའོ། ། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་བའོ།། ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི། སྡིག་པ་ཅན་གྱི་ལྟ་བར་གྱུར་པ་དེའོ།། ལན ་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བ། ཡང་དག་པར་བསྟན་པ་ན་ཞེས་བྱ་བ་ནི། སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར། ་ཞེ་ན། དགེ་སློང་མ་གང་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སློང་གཞན་ཡང་ཚུལ ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་ན། ཇི་ལྟར་ཡང་རུང ་སྟེ། ཐམས་ཅད་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གལ་ཏེ་གཞི་གཏོང་བ་དེ་ལྟ་ནི་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་དང་པོའི་ཚིག་བརྗོད་པ་མ ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ཚིག་རྫོགས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ། མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། ་མི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ།། ་ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན། དགེ་འདུན་ལྷག་མར་འགྱུར ་རོ། ། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས། འཕགས་མ་དག་བདག་ལ་དགེ་འདུན་ལྷག་མ་བྱུང་ངོ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་བར་མི་བྱེད་ན་ཉེས་བྱས་སུ ་འགྱུར་རོ། ། དེས་ལྟུང་བ་མ་མཐོལ་ཞིང་མ་བཤགས་བཞིན་དུ་དེ་ནས་མཇུག་ཐོགས་སུ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན། ཐམས་ཅད ་དུ་ཉེས་བྱས་སུ་འགྱུར་རོ། ། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་གསུམ་པ་རྫོགས་སོ།། ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་སྡོམ་དགའ་མོ་དགེ་སློང་མ་ཞིག་དང་ལྷན་ཅིག་འཐབ་ཅིང་གནས། རྩོད་པ་འཛིན་པར་བྱེད། འགྱེད་པར་གྱུར་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་ཁྱོད་འཇག ་མོ་མ་བྱེད་ཅིག་ཅེས་སྒོ་བ་ན། དེ་དེ་དག་ལ་ཁྲོས་ནས་འདི་སྐད་ཅེས། གང་གི་ཕྱིར་ཁྱེད་ཅག་ཁོ་མོ་ལ་སྒོ་བར་བྱེད་ལ། གཞན་ལ་ནི་མི་བྱེད་པས། དགེ་སློང་མ་ཁྱེད་ཅག་ནི་འདུན ་པས་འགྲོ་བའོ། ། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས ་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་སྦོམ་དགའ་མོ་འམ་ཞེས་བྱ་བ་ནས། འཐབ་མོ་མ་བྱེད་ཅིག་ཅེས་བཞམས་ཏེ་བསྒོ་བར་བྱའོ།། ་དེ་ལ་བཞམས་ཏེ་བསྒོ་བ་ནི། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་དུའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད ་ལ་ནན་གྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་འཐབ་མོ་བྱེད་ཅིང་གནས་ལ། དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་སྨྲས་པ་ན།། ་དེ་ཁྲོས་ནས་འདི་སྐད་ཅེས་གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སྨྲ་བར་མི་བྱེད་པས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི ་མུག་གིས་འགྲོ་བའོ། ། འཇིགས་པས་འགྲོ་བའོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སྨྲ་བར་མི ་བྱེད་པས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་མ་ཟེར་ཅིག། དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་མ། ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་པས། ཁྱོད་ཀྱིས་འདི་སྐད་ཅེས་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག ་གིས་འགྲོ་བའོ། ། འཇིགས་པས་འགྲོ་བའོ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཞིག་ཅེས་བརྗོད་པར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་བ ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི ་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། ཆོས་འདི་ཡང་ལན་གསུམ་གྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང ་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། འཐབ་མོ་བྱེད་ཅིང་གནས་ལ་ཞེས་བྱ་བ་ནི། ཕྱོགས་གཉིས་སུ་གྱུར་པ་ལའོ།། ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། ཕུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་བྱ་བ་ནི། ཕྱོགས་གཉིས་སུ་མ་བྱེད་ཅིག་ཅེས་སོ།། ཁྲོས་ནས་ཞེས་བྱ་བ་ནི། ཡིད་མི་བདེ ་ནས་སོ། ། འདི་སྐད་ཅེས་གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་སྨྲ་བར་བྱེད་ལ། ཁ་ཅིག་ལ་ནི་སྨྲ་བར་མི་བྱེད་པས་ཞེས་བྱ་བ་ནས། འཇིགས་པས་འགྲོ་བའོ་ཞེས་བྱ་བའི་བར་དུ ་ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་ནི། སྦོམ་དགའ་མོ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པའི་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བ། སྔ་མ་ཇི་ལྟ་བ་བཞིན ་དུ་བསྒོ་བར་བྱ་བའོ། ། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་བའོ།། ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི། འདུན་པས་འགྲོ་བའོ་ཞེས་བྱ་བ་ནི། འདུན་པས་འགྲོ་བའོ། ་ཞེས་བྱ་བ་ལ་སོགས་པའི་ཚིག་དེའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན་ཞེས་བྱ་བ་ནི། སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་བྱས་ནའོ།། ་གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འདུན་པས་འགྲོའོ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ།། ཞེ་སྡང་གིས་འགྲོའོ ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ། ། གཏི་མུག་གིས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། འཇིགས་པས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། གཞན་ནི་ལྷག་མ་བཅུ་གཉིས་པོ་སྔ་མ་ཇི་ལྟ་བ་བཞིན ་དུ་བརྗོད་པར་བྱའོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་དགེ་སློང་མ་འཆི་ལྟས་དང ་པའི་འཆི་ལྟས་གཉིས་འདྲེ་བས་གནས་པར་བྱེད་དོ། ། དེ་དག་འདྲེ་བས་གནས་པ་ན། རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་དྲལ་བྱེད་དོ།། དེ་གཉིས་ཤིན་ཏུ་འདྲེ་བས་གནས་པར་བྱེད་པ་ན། དོག ་པའི་གནས་སུ་གྱུར་ཏེ། དགེ་སློང་མ་རྣམས་དོགས་པ་སྐྱེས་ནས། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ། ཕུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་ཅེས་བསྒོ་བ་ན། དེ་གཉིས་དེ་ཁོ་ན་བཞིན་དུ ་འདྲེ་བས་གནས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་མ་ཁྱེད་འདྲེ་བས་གནས་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འཕེལ་ཞིང་འགྲིབ་པ་ཉིད་དུ་འགྱུར་བར་རིག་པར་བྱའོ།། དགེ་སློང་མ་ཁྱེད ་མི་འདྲེ་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་རྣམས་མི་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བར་རིག་པར་བྱའོ་ཞེས་བཀའ་སྩལ་པ་ན། ་དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་འདྲེ་བར་མ་བྱེད་ཅིག་ཅེས་བསྐོ་ན་ཡང་། དེ་ཁོ་ན་བཞིན་དུ་འདྲེ་ཞིང་གནས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས ་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ ་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ། ། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་ཁྱེད་ཅག་འདྲེ་བས་གནས་པར་མ་བྱེད་པར། མི་འདྲེ་བས་གནས། ་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་མི་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་རིག་པར་བྱའོ་ཞེས་བསྒོ་བར་བྱའོ།། དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན། ་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་རྨོངས་པའོ་ཞེས་ཟེར་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ ་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས། དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར ་བྱ་སྟེ། གནས་མལ་བཤམ་པར་བྱ་སྟེ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན ་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་འདི་ཧ་ཅང་འདྲེ་བས་གནས་པར་གྱུར་ཏེ། དེ་གཉིས་ལ་དགེ་སློང་མ་མང་པོ་རྣམས་ཀྱིས། ཕུ་ནུ་མོ་ཁྱེད་གཉིས་ཧ ་ཅང་འདྲེ་བས་གནས་པར་མ་བྱེད་པར། ཕུ་ནུ་མོ་ཁྱེད་གཉིས་ལྷན་ཅིག་གནས་པར་མ་བྱེད་ཅིག། ཕུ་ནུ་མོ་ཁྱེད་གཉིས་མི་འདྲེ་བར་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་གཉིས་མི་འདྲེ་བར་གནས ་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས། དགེ་སློང་མ་དེ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན། གཞི་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་བརྫུན ་པའོ་ཞེས་བྱ་བའི་བར་གྱི་སླང་དུ། དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་ལ་གསོལ་བ་དང་བཞིན ་ལས་ཀྱིས་བསྒོ་བ་གང་ལགས་པ་དེ་མཛད་དོ། ། འདི་ནི་གསོལ་བའོ།། །། བམ་པོ་བཅུ་པ།། ། ལས་ནི་འདི་ལྟར་བྱ་སྟེ། ལན་གསུམ་དུ་བརྗོད་པ་རྒྱས ་པར་བྱའོ། ། དེ་ལྟར་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཁོ་ན་བདེན་གྱི། གཞན་ནི་རྨོང་པའོ་ཞེས་བྱ་བའི་བར་གྱི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་མཛད་པའི་བར་དུ་སྟེ།། ཡང་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། དེ་དག་འདྲེས་པར་གནས་པ་ན་རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩ་བ་ཧྲལ་བྱེད་ན། དགེ ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕུ་ནུ་མོ་ཁྱེད་འདྲེས་པར་མ་གནས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱིས། འཕེལ ་བ་ནི་མ་ཡིན་པར་རིག་པར་བྱའོ། ། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ།། གལ་ཏེ་དགེ་སློང་མ་རྣམས ་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བརྗོད་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། ཇི་སྟེ་ཐ་དད་དུ་མི་གནས་ཀྱི། འདྲེས་པ་ཁོ་ནར་གནས་ནས། གཞི་དེ་གཏོང་དུ་གཞུག་པའི་ཕྱིར། དགེ་སློང་མ་དེ་དག་ལ། དགེ་སློང་མ ་རྣམས་ཀྱིས་ལན་གཉིས་ལན་གསུམ་གྱིས་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང ་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱིས་ལྟུང་བར་འགྱུར་བ་སྟེ། ངེས་པར་འབྱུང་བ་དང་བཅས་པ། དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་དག ་ཅེས་བྱ་བ་ནི་འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ། ། འདྲེས་པར་གནས་པ་ནི་ཚོལ་བ་སྟེ། སྟན་དང་། མལ་དང་། ཟས་ཀྱིས་འདྲེས་པར་གནས་པའོ།། རྒོད་པ་ནི་འཕྱར་བའོ།། རྩེ་བ་ནི་རྩེང་མོའོ།། ་ལུས་ཀྱི་རྩ་བ་ཧྲལ་ནི་རྒོད་བྲོར་རུང་བའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི། འཆི་ལྟས་དང་ཉེ་བའི་འཆི་ལྟས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད ་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི། འདི་སྐད་ཅེས་སྨྲ་བར་བྱ་བའོ།། ཕུ་ནུ་མོ་ཁྱེད་འདྲེས་པར་མ་གནས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱི། འཕེལ་བ་ནི་མ ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི། ཁྱེད་འདྲེས་པར་གནས་ན་དགེ་བའི་ཕྱོགས་སུ་མི་འགྱུར་བས། ཁྱེད་སོ་སོ་ཐ་དད་དུ་གནས་པར་གྱིས་ཤིག། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཕྱོགས་འཕེལ་བ ་ཁོ་ནར་འགྱུར་བའོ། ། གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བརྗོད་པ་ན་ཞེས་བྱ་བ་ནི། འཆི་ལྟས་དང་ཉེ་བའི་འཆི་ལྟས་དག ་ལ་ཇི་ལྟར་སྔར་བཞམས་ཏེ་བསྒོ་བ་བཞིན་དུ་བསྒོ་བའོ། ། གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་བའོ།། གལ་ཏེ་གཞི་དེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན ་གསུམ་དུ་ཇི་ལྟར་སྔར་བསྒོ་བ་བཞིན་དུ་གསོལ་བ་དང་བཞིའི་ལས་ཀྱིས་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་སྟེ། ཡང་དག་པར་བསྒོ་བ་ནི་འདི་ཡིན། ཡང་དག་པར་བསྟན་པ་ནི་འདི ་ཡིན་ནོ། ། ཆོས་འདི་ཡང་ཞེས་བྱ་བ་འདི་ནི། ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ།། ངེས་པར་འབྱུང་བ་དང་བཅས་པ་ནི། རྟོན་པར་བྱ་བ་དང་བཅས་པའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་ཇི་ཙམ་དུ་ཅུང་ཟད་དགེ་སློང་མ་དག་ཐ་དད་དུ་གནས་པར་གྱིས་ཤིག་ཅེས་བརྗོད་པ་ལས། འདྲེས་པར་གནས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ལས་མ་མཉན་ན་སྦོམ་པོར་འགྱུར ་རིམ་པ་གཞན་ནི་ཇི་ལྟར་སྔར་དགེ་འདུན་ལྷག་མ་བཅུ་གཉིས་པ་ལས་བཤད་པ་བཞིན་ནོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅོ་ལྔ་པ་རྫོགས་སོ།། ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་དེ་དག་ཐ་དད་དུ་གནས་སོ།། ཐ་དད་དུ་གནས་པ་དེ་དག་ལ་སྦོམ་དགའ་མོས་སྨྲས་པ། ཁྱེད ་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཚུར་འདྲེས་པར་གནོས་ཤིག། བཅོམ་ལྡན་འདས་ཀྱིས་འབེལ་བའི་གཏམ་གཏན་ལ་འབེབས་པས། ཤེས་རབ་འཕེལ་བར་འགྱུར་བར་མ་གསུངས་སམ། དེ་ལྟར་ཁྱེད ་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས ་ཀྱང་། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་བཞམས་ཏེ་སྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱོད ་དགེ་སློང་མ་རྣམས་ཐ་དད་དུ་གནས་ཤིང་། ཐ་དད་དུ་གནས་པ་དེ་དག་གི་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་ཤེས་བཞིན་དུ། དེ་དག་ལ་འདི་སྐད་ཅེས་ཁྱེད་འདྲེས ་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པར་ནི་མ་ཡིན་ནོ་ཞེས་མ་སྨྲ་ཞིག་ཅེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ།། ་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས ་ཀྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས། ལས། ་བྱ་བའི་བར་དུའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། སྦོམ་དགའ་མོ་འདི་དགེ་སློང་མ་ཐ་དད་དུ་གནས་པ་རྣམས་ཀྱིས་དྲུང་དུ་མཆིས་ནས། ་འདི་སྐད་ཅེས་དགེ་སློང་མ་ཁྱེད་ཐ་དད་དུ་མ་གནས་པར། ཁྱེད་འདྲེས་པར་གནོས་ཤིག། ཁྱོད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག ་པར་བྱའོ་ཞེས་མཆི་སྟེ། དེ་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས་མའི་དགེ་འདུན་གྱིས ་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ།། འདི་ནི་གསོལ་བའོ།། ལས ་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བ་ནས། གསོལ་བ་དང་བཞིའི་ལས་ཀྱིས་ལན་གསུམ་གྱི་བར་དུ་སྒོ་ན། ནན་གྱིས་མཆོག་ཏུ་ཞེས་བྱ་བ་ནས། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང་མ ་རྣམས་ཀྱིས། དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་མཛད་པའི་བར་དུ་སྟེ། ། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་པར་ཤེས ་བཞིན་དུ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས། ཕུ་ནུ་མོ་ཁྱེད་ཐ་དད་དུ་མ་གནས་པར་འདྲེས་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། འགྲིབ་པ་ནི་མ་ཡིན། ་པར་རིག་པར་བྱའོ་ཞེས་ཟེར་ན། དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་སློང་མ་འདྲེས་པར་གནས་ཤིང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད ་པ་ལས་ཐ་དད་དུ་གནས་པ་རྣམས་ལ་འདི་སྐད་ཅེས། ཁྱེད་འདྲེས་པར་གནོས་ལ་ཐ་དད་དུ་མ་གནས་ཤིག་ཅེས་མ་ཟེར་ཅིག། དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང ་དག་པར་བསྒོ། ། ཡང་དག་པར་བསྟན་ཏེ། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གསུམ་ཞེས་བྱ་བ་ནས། ཆོས་འདི་ཡང་ངེས་པར་འབྱུང་བ་དང་བཅས་པ། དགེ་འདུན ་ལྷག་མའོ། ། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་གང་དག་ཅེས་བྱ་བ་ནི། འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ།། རྒོད་པ་ནི་འཕྱར་བའོ།། རྩེ་བ་ནི ་རྩེད་མོའོ། ། ལུས་ཀྱིས་རྩ་བ་ཧྲལ་ནི་རྒོད་བྲོར་རུང་བའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སམ། གཞན་གྱིས་དེ་ལ་བརྗོད་ནས་སོ།། ཐ་དད་དུ་གནས་པ་དེ་དག་ལ་ཞེས་བྱ་བ་ནི། སོ་སོར ་གནས་པ་ལའོ། ། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ།། ཕུ་ནུ་མོ་ཁྱེད་ཅེས་བྱ་བ་ནི། འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ།། ཐ་དད་དུ་མ་གནས་པར་ཞེས་བྱ་བ་ནི་སོ་སོར་རོ།། ཁྱེད་འདྲེས་པར ་གནོས་ཤིག་ཅེས་བྱ་བ་ནི་ཚོལ་བར་རོ། ། ཁྱེད་འདྲེས་པར་གནས་ན་ཞེས་བྱ་བ་ནི་ཚོལ་པར་རོ།། དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི། ་དགེ་བའི་ཕྱོགས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། སྦོམ་དགའ་མོ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི། བཞམས་ཏེ་ཇི་སྐད་སྔར་བསྒོ་བ་བཞིན་བསྒོ་བར་བྱའོ།། གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་པའོ།། གལ་ཏེ་མི་གཏོང་ན་གཞི་དེ ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་ཇི་ལྟར་སྔར་བསྒོ་བ་ལྟར་རོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་དགེ་སློང་མས་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་པར་ཤེས་བཞིན་དུ་དེ་དག་ཐ་དད་དུ་གནས ་པ་ལ་འདི་སྐད་ཅེས། ཁྱེད་ཐ་དད་དུ་མ་གནས་པར་ཁྱེད་འདྲེས་པར་གནོས་ཤིག་ཅེས་སྨྲ་ན། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ ་འདུན་ལྷག་མ་བཅུ་དྲུག་པ་རྫོགས་སོ། ། ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་གནས་ན་བཞུགས་སོ།། དེའི་ཚེ་མུ་གེ་མི་བཟད་པ། དགོན་པ་སློང་མོས ་པས་ཟན་རྙེད་པར་དཀའ་བ་བྱུང་སྟེ། དགེ་སློང་གང་ཞིག་རྫུ་འཕྲུལ་ཐོབ་པ་དེ་ནི། གང་གི་མིང་འཛམ་བུ་ཞེས་བྱ་བས་འཛམ་བུ་གླིང་དུ་ཤེས་པ་དེར་སོང་ནས། ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་། དྲི་དང་། ་རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། ཤིང་འཛམ་བུའི་སྨེ ་མ་ཇི་ལྟ་བ་དེ་བཞིན་དུ། ཤིང་བིལ་བ་དང་། སྐྱུ་རུ་ར་དང་། ཀ་བིད་ཐའི་སྙེ་མ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ། ། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱིས་ལྷ་དག་གི་ནང་དུ་ཡང་སོང་། སུམ་ཅུ་རྩ་གསུམ་པའི་ལྷ་དག་གི་ནང་དུ་ཡང་སོང་ནས། བདུད་རྩི་དག་གིས་ལྷུང ་བཟེད་བཀང་སྟེ་ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། དེ་བཞིན་དུ་བྱང་གི་སྒྲ་མི་རྙན་གྱི་གླིང་དུ་སོང ་ནས། མ་ཆོས་མ་བཏབ་པའི་འབྲས་སཱ་ལུའི་ཆེན་གྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། ་དེ་བཞིན་དུ་ཤར་གྱི་ལུས་འཕགས་དང་། བ་ལང་སྤྲོད་དུ་ཡང་སོང་བ་ནས། ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ ་ཡང་སོང་ནས། བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ། ཁ་དོག་དང་། དྲི་དང་། རོ་དང་ལྡན་པས་ལྷུང་བཟེད་བཀང་སྟེ་ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུང ་པར་སྤྱོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ། ། དེ་ནས་ལྷ་བྱིན་འདི་སྙམ་དུ་སེམས་ཏེ། ད་ལྟར་མུ་ཀེ་མི་བཟད་པ་དགོན་པ་སློང་མོ་བས་ཟས་རྙེད་པར་དཀའ་བ་བྱུང་ངོ་སྙམ་མོ།། ཡང་ལྷ་བྱི་འདི་སྙམ ་དུ་སེམས་ཏེ། བདག་གིས་ཀྱང་རྫུ་འཕྲུལ་ཐོབ་པར་བྱས་ལ། བདག་ཀྱང་གང་གིས་མིང་འཛམ་བུ་ཞེས་བྱ་བས་འཛམ་བུ་གླིང་དུ་ཤེས་པ་དེར་སོང་ལ། ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་། དྲི ་དང་། རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་བསླངས་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ ་བྱའོ། ། དེ་བཞིན་དུ་ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བ་དང་། མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་ལ། བཟའ་བ་དང་བཅའ་བ་གཙང ་ཞིང་བསོད་པ་ལ་དོག་དང་། དྲི་དང་། རོ་དང་ལྡན་པས་ལྷུང་བཟེད་བཀང་སྟེ་བླངས་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ཚངས་པ་མཚུངས་པར་སྤྱོད་པ ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ་སྙམ་མོ། ། ཡང་ལྷས་བྱིན་འདི་སྙམ་དུ་སེམས། མ་ལ་བདག་བཅོམ་ལྡན་འདས་ག་ལ་བ་དེར་འགྲོའོ་སྙམ་མོ།། དེ་ནས་ལྷས་བྱིན་བཅོམ་ལྡན་འདས ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ། ལྷ་སྦྱིན་གྱིས་འདི ་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། བདེ་བར་གཤེགས་པ་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་སྦྱིན་གྱི ་འདོད་པ་སྡིག་པ་ཅན་དུ་གྱུར་པ་ཐུགས་སུ་ཆུད་ནས། ལྷ་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷ་སྦྱིན་རེ་ཞིག་ལྷག་པའི་ཚུལ་ཁྲིམས་ལ་བརྩོན་པར་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང ་འབྱུང་བར་འགྱུར་རོ། ། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་བརྩོན་པར་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། བཅོམ ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏོ་སྙམ་དུ་རིག་ནས། ལྷ་སྦྱིན་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དེ་ནྱེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀུན་ཤེས་ཀོའུ་འདི་ནྱ་ལ་འདི་སྐད་ཅེས་སྨྲས་སོ།། གནས ་བརྟན་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་ཅིག། དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་འདི་ནྱས་བཅོམ་ལྡན་འདས་ཀྱི་ཐུགས་ལ་རྣམ་པར་བལྟས་ཏེ། དེའི་འདོད་པ་སྡིག་པ་ཅན་དུ་གྱུར་པར་རིག་ནས། ་ལྷ་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་སྦྱིན་གཟུགས་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། རྣམ་པར་ཤེས་པའི་བར་ཚུལ་བཞིན་ཡིད་ལ ་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། ལྷ་སྦྱིན་གྱི་འོད་སྲུངས་སྟོབས་བཅུ་པ་ལས་རྫུ་འཕྲུལ་བསྒྲུབས་ཏེ། དེ་གཅིག་ཏུ་གྱུར་ནས་དུ་མར་འགྱུར་ཞེས་བྱ་བའི ་བར་དུའོ། ། རེ་ཞིག་ན་སེམས་ཡོངས་སུ་གཏུགས་པ་དེ་ལ་འདོད་པ་སྡིག་པ་ཅན་དུ་འགྱུར་བ་འདི་ལྟ་བུ་བྱུང་སྟེ། ད་ལྟར་བཅོམ་ལྡན་འདས་བགྲེས། འཁོགས། གཏུགས་པས་འཁོར་བཞི་པོ་ལ ་གདམས་པར་མཉེལ་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་གཏད་དེ། བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་ཞིང་། བཅོམ་ལྡན་འདས་ནི་མཐོང་བའི་ཆོས་ལ་བདེ། ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་ཐུགས་ལས་ཆུང་ངུར་བཞུགས་ཀྱང་ཅི་མ་རུང་སྙམ་མོ།། ཇི་ཙམ་ན་ལྷ་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས ་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་འགྲེས་འཁོགས་ཞེས་བྱ་བ་ནས། མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས ་སུ་བརྩོན་ཞིང་ཞེས་བྱ་བའི་བར་དུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ལྷ་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་གཏི་མུག་ངས་རེ་ཞིག་ཚངས ་པ་མཚུངས་པར་སྤྱོད་པ། དེས་པ་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་དག་ལ་ཡང་དགེ་སློང་གི་དགེ་འདུན་མི་གཏད་ན། མཆིལ་མ་འཐུང་བ་རོ་ཁྱོད་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་སྐད་ཅེས་བཀའ་སྩལ་པ ་དང་། ལྷ་སྤྲིན་ཁྲོས་འཁྲུགས་ནས། མགོ་ལན་གསུམ་ལྕོགས་ཏེ་མཇལ་ལོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་སོང་ངོ་།། དེ་ནས་ལྷ་སྦྱིན་དེ་ཕྱིན་ཆད་དགེ་སློང་གི་དགེ་འདུན་གྱིས་དབྱེན། ་བྱ་བར་བརྩམས་སོ།། དེའི་ཚེ་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བས་ཀྱང་། དགེ་སློང་མའི་དགེ་འདུན་གྱི་དབྱེན་བྱ་བར་འབད་པ་བརྩམས་པ་དང་། དགེ་སློང་མ་རྣམས་ཀྱིས་དེ་འབད་པ་རྩོམ་པར་འཕྲིགས ་སོ། ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས ་སྦོམ་དགའ་མོ་ལ་བཞམས་ཏེ་བསྒོ་ཞིག། བཞམས་ཏེ་བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱོད་དགེ་སློང་མའི་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཅིག། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང ་དག་པར་བཟུང་ནས། རབ་ཏུ་འཛིན་ཅིང་མ་འདུག་ཅིག། སྦོམ་དགའ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག ་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། སྦོམ་དགའ་མོ་ཁྱོད་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པའི ་གཞི་དེ་ལྟ་བུ་ཐོང་ཞིག། དེ་ལ་དེ་སྐད་དུ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཕྱིར་ཞིང་ནན་གྱིས་མཆོག་ཏུ་བཟུང་ནས། འདི་ཁོ་ན་བདེན་གྱི། གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་སོ།། དགེ ་སློང་མ་དེའི་གྲོགས་མོ་རྣམས་ཀྱང་། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། པུ་ནུ་མོ་ཁྱོད་དགེ་སློང་མ་འདི་ལ་དགེ་ཡང་རུང་། སྡིག་ཀྱང་རུང་། ཅུང་ཟད་ཀྱང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། དགྲ ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ་སྟེ། འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་། རྗེས་སུ་ཐ་སྙད་འདོགས་པས། དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི། མི་ཤེས ་པར་མ་ཡིན་ནོ། ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ངེད་ཀྱང་འདོད་ཅིང་བཟོད་དོ།། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སྦོམ་དཀའ་མོ་ལ་བཞམས་ཏེ་བསྒོ་ལགས་ཏེ། དེ་བཞམས་ཏེ ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། དགེ་སློང་མ་དེའི་གྲོགས་མོ་རྣམས་ཀྱང་། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་མཆི་སྟེ། ཕུ་ནུ ་མོ་ཁྱེད་དགེ་སློང་མ་འདི་ལ་ཅུང་ཟད་ཀྱང་མ་སྨྲ་ཞིག་ཅེས་བྱ་བ་ནས། དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་བྱ་བའི་བར་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ་མཁྱེད་ཀྱིས་དགེ་སློང་མ་དེ་དག་དང་། གཞན་ཡང་དེ་ལྟ་བུ་དག་ལ་བཞམས་ཏེ་བསྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་ཞིག་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་པར། ཕུ་ནུ་མོ་དག་དགེ་འདུན་འབྱེད་པའི་རྗེས་སུ་འབྲང ་བ་མི་མཐུན་པར་སྨྲ་བ་འདི་ལྟ་བུ་ཐོང་ཞིག། དགེ་སློང་མ་རྣམས་ཀྱིས་དེ་སྐད་དུ་སྨྲས་པ་ན། གལ་ཏེ་ཞེས་བྱ་བ་ནས། གཞི་དེ་ཉིད་ལ་ཞེས་བྱ་བ་དང་། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། སྐབས་དེ ་དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། འཕགས ་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ ་འཛིན་ཅིང་མཆིས་ནས། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི ་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག ་དང་། འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ། ཕུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཅིག། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་མ ་འདུག་ཅིག། ཕུ་ནུ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་ཞིང་མི་ཕྱེད་ལ། ཀུན་ཏུ་དགའ་ཞིང་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཕུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག་ཅེས་གསོལ་བ ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། སྦོམ་དགའ་མོ་འདི་དགེ་འདུན་དབྱེ ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབས་ཏེ། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས ་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཐུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པ། དེའི་སླད།། ་དུ་འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ། སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཅིག། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང ་མ་འདུག་ཅིག། སྦོམ་དགའ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད་དེ། རྩ་གཅིག་ལ་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག་ཅེས། དགེ ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང ་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་གྱིས་བཟོད ་ཅིང་གནང་ན། འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལ་དེ ་ལྟར་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་འདི་ཉིད་བདེན་གྱིས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་བོ།། དེའི་གྲོགས་མོ་དགེ་སློང་མ ་དེ་དག་ཀྱང་དགེ་སློང་མ་དེ་རྣམས་ལ། དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་། སྡིག་ཀྱང་རུང་། ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་ཡིན་ལ། འདི་ནི་ཆོས ་དང་འདུལ་བ་ཡང་དག་པར་བཟུང་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲ་བ་ཡིན་གྱི། མི་ཤེས་པར་ནི་མ་ཡིན་ནོ།། དགེ་སློང་མའི་འོདི་གང་ལ་འདོད་ཅིང་བཟོད ་པ་དེ་ལ། དེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་སྨྲས་སོ།། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ ་བ་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་བགྱི་བའི་བར་དུ་རྗེས་སུ་སྒྲུབ་ཅིང་། དེའི་གྲོགས་མོ་དགེ་སློང་མ་དེ་དག་ཀྱང་དགེ་སློང་མ་རྣམས་ལ། དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ ་ཡང་རུང་། སྡིག་ཀྱང་རུང་། ཅི་ཡང་མ་སྨྲ་ཞིག་ཅེས་བགྱི་བ་ནས། ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་མཆིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང ་མ་དེ་དག་ལ་ཡང་བཞམས་ཏེ་སྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། ་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག། དགེ་སློང་མ་རྣམས་ལ། དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང ་རུང་། སྡིག་ཀྱང་རུང་། ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་ཞིང་འདུལ་བ་སྨྲ་ལ། འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། ་དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི ་ནི་ཆོས་སྨྲ་བ་མ་ཡིན་ཞིང་། འདུལ་བ་སྨྲ་བ་མ་ཡིན་གྱི། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་ཞིང་། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག ་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་ནི་མ་ཡིན་གྱིས། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཁྱེད་འདོད་པ་དང་བཟོད ་པར་མ་བྱེད་ཅིག། ཕུ་ནུ་མོ་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར། ཕུ་ནུ་མོ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད་ལ། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ ་འདོད་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཕུ་ནུ་མོ་དག་དགེ་འདུན་འབྱེད་པ་ལ་ཕྱོགས་པ་མི ་མཐུན་པ་སྨྲ་བ་འདི་ལྟ་བུ་འདི་ཐོང་ཞིག། གལ་ཏེ་དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་བོ།། སྐབས ་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་ལ་བརྗོད་ཅིང་། དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་གྲོགས་བྱེད ་པ་དེ་དག་དང་། གཞན་ཡང་དེ་ལྟ་བུའི་རང་བཞིན་ཅན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱ་བའི་བར་དུའོ། ། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། རྗེས་སུ་ཕྱོགས་པ་འདི་དག་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད ་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་འཚལ་བཞིན་དུ། དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་བགྱིད་ནས། ་དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས ་དགེ་སློང་མ་གྲོགས་བགྱིད་པ་དག་ལ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛི། ་ཅིང་འདུག་པར་ཤེས་བཞིན་དུ། དེའི་གྲོགས་བྱེད་ཅིང་མི་མཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་ནས། དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་སྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ།། ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་གྲོགས་བགྱིད་པ་འདི་དག ་ལ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་དབྱེ་བའི་ཕྱིར་ཞུགས་ཏེ། དགེ་འདུན་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ། དེའི་གྲོགས་བྱེད་ཅིང ་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག། ཕུ་ནུ་མོ་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཞིག། དགེ་འདུན་མཐུན་མི་ཕྱེད་ལ། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་། ་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་འགྱུར་རོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ་ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་རྗེས་སུ་ཕྱོགས་པ་འདི་དག་ནི། དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་ཞུགས ་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་མཆིས་པར་འཚལ་བཞིན་དུ། དེའི་ཐོགས་བགྱིད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས། དེ་དག་ལ་དགེ་སློང་མ་མང ་པོས་རབ་ཏུ་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ཁྱེད་དགེ་སློང་མ ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས། རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ། དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ ་ཕྱོགས་པར་མ་བྱེད་ཅིག། ཕུ་ནུ་མོ་དགེ་འདུན་གྱི་དབྱེན་གྱི་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མའི་དགེ་འདུན ་གང་དག་དགེ་སློང་མ་འདི་དག་ལ་གསོལ་བ་དང་བཞིའོ་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ།། ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱ་བ་ནས། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ་དག་ལ་གསོལ་བ་དང་བཞིའི། ་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ།། དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ ་པ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན ་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་དགེ་འདུན་མཐུན་པར་དབྱེ་བའི ་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་འདུག་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས། འཕགས་མ་ཁྱེད་དགེ་འདུན་མཐུན་པར་དབྱེ་བའི་ཕྱིར་མ ་འཇུག་ཅིག། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་མ་སྒྲུབ་ཅིག། འཕགས་མ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས ་མའི་དགེ་འདུན་གྱི་དབྱེན་བྱེད་པའི་གཞི་འདི་ལྟ་བུ་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་གྱིས་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་པ་ལ་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན་པ་གང་ཡིན་པའོ།། དགེ་འདུན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན ་ནོ། ། མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པའོ།། དབྱེ་བའི་ཕྱིར་ཞེས་བྱ་བ་ནི། རྣམ་པ་གཉིས་སུ་བྱ་བའི་ཕྱིར་རོ།། ཞུགས་ཏེ་ཞེས་བྱ་བ་ནི། བརྩོན་པར་བྱེད་པའོ།། དབྱེན་བྱ་བའི་ཕྱིར་ཞེས་བྱ་བ་ནི། ་དབྱེན་བྱེད་པའི་གཞི་ནི་བཅུ་བཞི་སྟེ། ཆོས་སམ། ཆོས་མ་ཡིན་པ་འམ། འདུལ་བ་འམ། འདུལ་བ་མ་ཡིན་པ་འམ། ལྟུང་བ་འམ། ལྟུང་བ་མ་ཡིན་པ་འམ། ལྷག་མ་ཡོད་པ་འམ། ལྷག ་མ་མེད་པ་འམ། ལྕི་བ་འམ། ཡང་བ་འམ། བཤགས་པར་བྱ་བ་འམ། བསྡམ་པར་བྱ་བ་འམ། འདུལ་བ་ལས་འགལ་བ་འམ། ཉེས་པ་བཤད་པར་འགྱུར་བ་སྟེ། འདི་དག་ལས་གང ་ཡང་རུང་བའི་དངོས་པོ་ལེགས་པར་རབ་ཏུ་ཤིན་ཏུ་བཟུང་བ་ཡིན་ནོ། ། རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་སྟེ་ཞེས་བྱ་བ་ནས། བྱ་བའི་ཕྱིར་རྩོད་པའི་བར་དག་གོ།། ཡང་དག་པར་བླངས་ནས་རབ ་ཏུ་འཛིན་ཅིང་ཞེས་བྱ་བ་ནི། མངོན་པར་ཞེན་ནས་སོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི། སྔར ་། ཇི་སྐད་བསྒོ་བ་བཞིན་དུའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེའོ།། གཏོང་ན་དེ་ལྟ་ན་ནི་ལེགས་ཞེས་བྱ་བ་ནི། ་ལྟ་ན་བཟང་ངོ་ཞེས་བྱ་བའོ།། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི། སྔར ་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་སྟེ། འདི་ནི་ཡང་དག་པར་གདམས་པ་ཡིན་ནོ།། འདི་ནི་ཡང་དག་པར་བསྟན་པ་ཡིན་ནོ།། ཆོས་འདི་ཡང་ཞེས་བྱ་བ་འདི་ནི། ཆོས་མ ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ། ། ལན་གསུམ་པ་ལ་ངེས་པར་འབྱུང་བར་བྱ་བ་སྟེ་ཞེས་བྱ་བ་ནི། རྟེན་པ་དང་བཅས་པའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་ནོ།། དེ་ལ ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་དགེ་འདུན་དབྱེ་བའི་ཕྱིར་ཞུགས་ན་གང་ཅི་ཡང་རུང་སྟེ། ཐམས་ཅད་དུ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།། ་གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་བདུན་པ་རྫོགས་སོ།། ་། དེ་ནས་བཅོམ་ལྡན་འདས་གདན་དེ་ཉིད་ལ་བཞུགས་བཞིན་དུ། བསླབ་པའི་གཞི་གཉིས་པ་འཆའ་བར་མཛད་དེ། དགེ་སློང་མ་རྣམས་ལས་གཅིག་གམ། གཉིས ་སམ། མང་པོ་ཡང་རུང་སྟེ། དགེ་སློང་མ་དེའི་གྲོགས་སུ་གྱུར་ལ། མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས། དགེ་སློང་མ་དེ་རྣམས་དགེ་སློང་མ་རྣམས་ལ། འཕགས་མ་ཁྱེད་དགེ་སློང་མ་འདི་ལ་ཡང ་རུང་། སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆེས་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས ་སུ་སྒྲུབ་པའོ། ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་ཟེར་ན། དགེ་སློང ་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས། འཕགས་མ་ཁྱེད་དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པ་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ ་པའོ། ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ ་མ་ཡིན་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་མ་ཡིན་གྱིས། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ།། ་ཁྱེད་འདོད་ཅིང་བཟོད་པར་མ་བྱེད་ཅིག། ཁྱེད་དགེ་འདུན་འབྱེད་པར་མ་བྱེད་ཅིག། ཁྱེད་དགེ་འདུན་མཐུན་པར་འདོད་པར་གྱིས་ཤིག། དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན ་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུ ་གྱིས། དགེ་སློང་མ་ཁྱེད་དགེ་འདུན་འབྱེད་པའི་ཕྱིར་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་དེ་སྐད་ཅེས་བརྗོད་པར་བྱའོ།། དེ་ལྟར་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས ་ཀྱིས་དེ་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་། ་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན ་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ།། དགེ་སློང་མ་དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའིའོ།། དགེ་སློང་མ་གྲོགས་སུ་གྱུར་ལ་ཞེས་བྱ་བ་ནི་བཅུ ་གཉིས་སྡེ་རྣམས་སོ། ། གཅིག་གམ་ཞེས་བྱ་བ་ནི་གཅིག་ཉིད་དོ།། གཉིས་སམ་ཞེས་བྱ་བ་ནི་གཉིས་ཉིད་དོ།། མང་པོ་ཡང་རུང་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་བའོ།། དེ་དག་དགེ་སློང ་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། ། དེ་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨནའོ།། འཕགས་མ་ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ།། དགེ་སློང་མ་འདི་ལ་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ།། ་ཡང་མ་སྨྲ་ཞིག་ཅེས་བྱ་བ་ནི་མང་ཡང་རུང་། ཉུང་ཡང་རུང་། ཅི་ཡང་མ་སྟོན་ཅིག་ཅེས་བྱ་བའོ།། དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་འཛིན་དུ་མ་གཞུག་ཅིག་ཅེས་བྱ་བའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག། ་པབ་ལས་མ་བསླང་ཞིག་ཅེས་བྱ་བའོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ་ཞེས་བྱ་བ་ནི། ཆོས་ཇི་ལྟ་བ་བཞིན་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུའོ།། འདི་ནི་ཤེས་བཞིན ་དུ་སྨྲ་བ་ཡིན་གྱི། མི་ཤེས་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་ཤེས་པ་དང་། ཇི་ལྟར་མཐོང་བ་དེ་བཞིན་དུ་ཐ་སྙད་འདོགས་པའོ།། འདི་གང་ལ་འདོད་པ་ཞེས་བྱ་བ་ནི། འདི་དང་བདག་ཅག་མཐུན་པར ་བཟོད་པའོ། ། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི། དེ་སྐད ་ཅེས་བསྒོ་བར་བྱ་བའོ། ། མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པའོ།། དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། འབྱེད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་འགྱུར་བའོ།། ་འཇུག་ཅེས་བྱ་བ་ནི་བརྩོན་པའོ།། དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའི་འོ།། གྲོགས་སུ་གྱུར་ཅེས་བྱ་བ་ནི་མཇུག་རྫོགས་པར་བྱེད་པའོ།། རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི་བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། བསམ་པའོ།། མི་མཐུན་པར་སྨྲ་བའི་ཞེས་བྱ་བ་ནི་མཐུན་པ་དང་འབྲལ་བར་བྱེད་པའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་ལའོ།། དགེ ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། ། དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་སྐད་བསྒོ་བར་བྱ་བའོ།། ཕུ་ནུ་མོ་དགེ་འདུན་གྱི་དབྱེན་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས ་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བྱ་བ་ནི། རྣམ་གྲངས་དུ་མས་དགེ་འདུན་དབྱེ་བར་འདོད་པར་མ་བྱེད་ཅེས་བྱ་བའོ།། གལ་ཏེ་དེ་སྐད་ཅེས་བརྗོད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན ་བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི། སྔར་ཇི་སྐད་བསྒོ་བ་བཞིན་ནོ།། དེ་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར ་བྱའོ་ཞེས་བྱ་བ་ནི། སྔར་ཇི་སྐད་བསྒོ་བ་བཞིན་དུ་སྟེ། འདི་ནི་ཡང་དག་པར་བསྒོ་བ་ཡིན་ནོ།། འདི་ནི་ཡང་དག་པར་བསྟན་པ་ཡིན་ནོ།། ཆོས་འདི་ཡང་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར ་བསྟན་པའོ། ། ལན་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་ཞེས་བྱ་བ་ནི། རྟོན་པ་དང་བཅས་པའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་དགེ་འདུན་གྱི་དབྱེན་གྱི་རྗེས་སུ་ཕྱོགས་པར་ཞུགས་ན། གང་ཅི་ཡང་རུང་སྟེ། ཐམས་ཅད་དུ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། ། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅོ་བརྒྱད་པ་རྫོགས་སོ།། ་། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་རེ་ལྡེ་རེ་ལ་འགྲོ་མགྱོགས་དང་ནབ་སོ་གཉིས་དང་། དགེ་སློང ་དམར་སེར་ཅན་རྣམས་ཁྱིམ་སུན་འབྱིན་པའི་སྡིག་པའི་ཆོས་ཀུན་ཏུ་སྤྱོད་ཅིང་འཁོད་དེ། དེ་རྣམས་བུད་མེད་དང་ལྷན་ཅིག་ཏུ་ཅོ་འདྲི་བར་བྱེད། ཀུན་ཏུ་རྩེ་བར་བྱེད། ཅ་ཅོ་འདོན་པར་བྱེད། རྒོད་པ་དང་། ་རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་ཅིང་། དེ་རྣམས་བུད་མེད་དང་ལྷན་ཅིག་ཏུ་སྟན་གཅིག་དང་མལ་གཅིག་ལ་འཁོད་པར་བྱེད། སྣོད་གཅིག་ཏུ་བཟའ་བ་རྣམ་པ་དུ་མ་ཟ་བར་བྱེད། སྣོད་གཅིག་ནས་བཏུང ་བ་དུ་མ་འཐུང་བར་བྱེད། མེ་ཏོག་དག་འཐོག་པར་བྱེད། འཐོག་ཏུ་འཇུག་པར་བྱེད། རྣ་རྒྱན་དུ་བྱེད། རྣ་རྒྱན་དུ་བྱེད་དུ་འཇུག། མེ་ཏོག་འཕྲེང་རྒྱུད་པར་བྱེད། རྒྱུད་དུ་འཇུག་པར་བྱེད། བྲོ་རྡུང་བར་བྱེད། ་གླུ་ལེན་པར་བྱེད། རོལ་མོའི་སྒྲ་ཡང་འབྱིན་པར་བྱེད་ཅིང་། ཅི་བྲོ་ལེགས་པར་བརྡུངས་སམ། གླུ་ལེགས་པར་བླངས་སམ། རོལ་མོའི་སྒྲ་ལེགས་པར་ཕྱུང་ངམ་ཞེས་བྱ་བ་ནས། རྒྱུག་པར་བྱེད། སྙེམ ་པར་བྱེད། མཆོང་བར་བྱེད་པའི་བར་དང་། ཆོས་གོས་བཞག་སྟེ་བྲང་གིས་འགྲོ་བར་བྱེད། ཉ་འཕར་བ་དང་། རུས་སྦལ་འགྲེ་བ་དང་། འབུར་ལོག་ཀྱང་བྱེད་དོ།། ལག་པ་རྡོབ་པར་བྱེད། དཔུང་པ ་རྡོབ་པར་བྱེད། བརླ་སྦྱར་བར་བྱེད། རྡོབ་པར་བྱེད་ཅིང་། ཁ་ནས་རྔ་པ་ཊ་ཧའི་སྒྲ་དག་ཀྱང་འབྱིན་པར་བྱེད། ཁ་ནས་རྔ་མན་དུ་ཀ་དང་། ཁ་ནས་རྔའི་སྒྲ་དག་འབྱིན་པར་བྱེད་ལ། ་ཁྱུ་མཆོག་གི་ང་རོ་འབྱིན་པར་བྱེད། མ་ཧེའི་སྐད་འབྱིན་པར་བྱེད། གླང་པོ་ཆེའི་བཞིན་དུ་སྐད་འདོན་པར་བྱེད། རྨ་བྱའི་སྐད་འབྱིན་པར་བྱེད། ཁུ་བྱུག་གི་སྐད་འདོན་པར་བྱེད་ཅིང་། གླང་པོ་ཆེ་དང་། ་རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་གི་དམག་ཀྱང་འགྱེད་ཅིང་། འགྱེད་དུ་འཇུག་པར་བྱེད། བུད་མེད་ཀྱི་དམག་དང་། སྐྱེས་པའི་དམག་དང་། ཁྱེའུའི་དམག་དང་། བུ་མོའི་དམག་ཀྱང་འགྱེད་པར ་བྱེད། འགྱེད་དུ་འཇུག་པར་བྱེད་ལ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའི་དམག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་ཅིང་། བྱ་གག་གི་འཐབ་མོ་དང་། ལུག་གི་འཐབ་མོ་དང་། ་བྱ་ལ་བ་ཀའི་འཐབ་མོ་དང་། ཐི་བའི་འཐབ་མོ་དང་། བྱ་གག་དང་། ལུག་དང་། བྱ་ལ་བ་ཀ་དང་། ཐི་བའི་འཐམ་མོ་དག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་དོ།། འདི་དག་དང་གཞན་ཡང ་དགེ་སྦྱོང་གིས་བྱ་བ་མ་ཡིན་པ་བྱེད་དུ་འཇུག་པར་བྱེད་དོ། ། དེའི་ཚེ་གྲོགས་བྱེད་པ་བཅུ་གཉིས་སྡེ་ཡང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩ་བ་ཧྲལ་བྱེད་དེ། དེ་རྣམས་སྤྱོད་པ་དེ་དང་། སྤྱོད་ཚུལ་དེ ་དང་། སྤྱོད་ལམ་དེས་གནས་པ་ན་དགེ་སློང་སྡིག་པ་ཅན་གནས་པའི་ཕྱིར། དགེ་སློང་མ་ལྷགས་པ་རྣམས་ཀྱང་མི་འོང་ཞིང་། ལྷགས་པ་རྣམས་ཀྱང་སླར་འདོང་བར་བྱེད། སྒྲ་འགྲེང་བ་དང་། སྐྲ་འཕྱར། ་བ་རྣམས་ཀྱང་མི་འཁོད་དོ།། དེ་རྣམས་ཀྱི་སྤྱོད་ལམ་དེས་རེ་ལྡེ་རི་ལ་འཁོད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཡི་མ་རངས་ཤིང་མ་དད་པར་གྱུར་ནས། དགེ་སློང་གཉུག་མ་རྣམས་ལ་ཡང་བསོད་སྙོམས ་མི་སྦྱིན་ཞིང་མི་བྱའོ་སྙམ་དུ་སེམས་ན། གློ་བུར་དུ་འོངས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ།། དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་རེ་ལྡེ་རི་ལ་དོང་སྟེ ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་བསྐྲད་པའི་ལས་བྱས་སོ། ། དེ་ཉིད་ཀྱི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱང་ཁྱིམ་སུན་འབྱིན་པ་བྱས་པའི་ཕྱིར། བསྤང་པའི་ལས་བྱས་སོ།། དགེ་སློང་མ་བ ་གཉིས་སྡེ་དེ་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ནི་མཉན་ཡོད་དུ་ལྷགས་ནས་བཤགས་པར་བྱ་བ་གང་ཡིན་པ་དེ་བཤགས་ཤིང་། བསྡམ་པར་བྱ་བ་གང་ཡིན་པ་དེ་བསྡམས་ཏེ།། ་རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་ཉམས་སུ་མྱོང་བར་བྱེད་དོ།། ་དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་ལ་བཟོད་པ་གསོལ་དུ་འདོང་ངོ་སྙམ་མོ།། དེ་ནས་བཅུ་གཉིས་སྡེ་རྣམས ་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་མཐོང་ངོ་།། མཐོང་ནས་ཀྱང་བཅོམ་ལྡན ་འདས་ལ་གསོལ་པ། བཅོམ་ལྡན་འདས་བཅུ་གཉིས་སྡེ་འདི་རྣམས་བསྐྲང་བའི་ལས་བགྱིས་ན། བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། མི་སྨྲ་བར་བྱ་ཞིང་ལག་བརྡས་གཙུག ་ལག་ཡང་ཐ་མ་བསྟན་པར་བྱའོ། ། དེ་རྣམས་ཀྱིས་དེ་བཞིན་དུ་བྱས་སོ།། དེ་ནས་དེ་དག་གི་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་རྣམས་ཀྱང་སྨྲ་བར་མི་བྱེད། ཀུན་ཏུ་སྨྲ་བར་མི་བྱེད། ཀུན་ཏུ་དགའ་བར་མི ་བྱེད་པ་དང་། དེ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་གང་ཁྱེད་ཀྱིས་མ་སྨྲས། མ་བརྗོད། མ་སྐྱོད་པ་ལས། ངེས་ཀྱིས་སྨྲས་བརྗོད་བསྐྱོད་པ ་ཅི་ཞིག་ཡོད། ཀྱེ་དགེ་སློང་མའི་གནས་བརྟན་གནས་བརྟན་རྣམས་མི་སྨྲ་ཞིང་ཀུན་ཏུ་མི་སྨྲ་བ་ནི་རུང་སྟེ་དེར་ཟད་ནས། ཁྱེད་ཀོ་ཅིའི་ཕྱིར་མི་སྨྲ། དེ་རྣམས་ཀྱིས་དགེ་སློང་མ་དག་བར་དུ་བཞག་ནས། འདི་སྐད ་ཅེས་སྨྲས་སོ། ། ཇི་སྐད་ཟེར་བ་དེ་ནི་དེ་ལྟ་ཡང་ཡིན་ན། འོན་ཀྱང་བདག་གིས་ནི་བཤགས་པར་བྱ་བ་གང་ཡིན་པ་དེ་ཡང་བཤགས། བསྡམ་པར་བྱ་བ་གང་ཡིན་པ་དེ་ཡང་བསྡམས་ནས། བདག་ཅག ་གསོལ་བ་དང་བཞིའི་ལས་ཀྱི་བར་ཉམས་སུ་མྱོང་ངོ་། ། དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་དེ་དག་གིས། དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། འདི་ན་དགེ་སློང་མ་ཁ་ཅིག ་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྨོད ་པར་མི་བྱེད་དོ། ། དེ་ནས་དགེ་སློང་མ་རྣམས་ཀྱིས། དགེ་སློང་མ་བཅུ་གཉིས་སྡེ་ལ་སྨྲས་པ། སུ་ལ་འདུན་པས་འགྲོ་བའོ་ཞེས་གཤེ། དེ་དག་གིས་སྨྲས་པ། དགེ་སློང་མ་གནས་བརྟན་གནས་བརྟན་རྣམས ་ལའོ། ། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས ་དགེ་སློང་མ་བཅུ་གཉིས་སྡེ་ལ་བཞམས་ཏེ། དགེ་སློང་མ་ཁྱེད་དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལ་འདི་སྐད་ཅེས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྨོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག། དེ་ཅིའི ་ཕྱིར་ཞེ་ན། དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་མ་ཡིན་གྱི། འོན་ཀྱང་དགེ་སློང་མ་ཁྱེད་ཉིད་ཁྱིམ་སུན་འབྱིན ་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས།། ་ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཞིག་ཅེས་བྱའོ།། དེ་དག་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནར་གྱིས ་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས། བཅོམ་ལྡན་འདས་ལ ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས ་ནས། དགེ་སློང་མ་ཞིག་གིས་གསོལ་བ་བྱས་ནས་ལས་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས ་ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་དག་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། འདི་དག་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་རབ་ཏུ་ཤེས་པའི་བར་དུ་སྟེ། དགེ་སློང ་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་དེ་དག་བསྐྲད་པའི་ལས་བྱས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས་བྱ་བ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱིས་གཤེ ་བར་བགྱིད་ནས། དེ་དག་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་སྟེ། གལ ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ ་མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ ་ཡིན་ཏེ་ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་སྟེ། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གིས་ལམ་དང་། ་ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཞིག་ཅེས་བྱ་སྟེ། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས ་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། དེ་དག་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ ་ཐོས་སམ། རབ་ཏུ་ཤེས་ནས། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་སོང་སྟེ་བསྐྲད་པའི་ལས་བགྱིས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས་བགྱི་བ་ནས། ་འཇིགས་པས་འགྲོ་བ་ཞེས་གྱི་བའི་བར་གྱིས་གཤེ་བར་བགྱིད་ནས། དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། ་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ།། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདི་ནི་དགེ ་སྤོང་མ་ཁ་ཅིག་འདུན་པས་འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན ་ཏེ་ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གིས་ལམ་དང་། ཞེ་སྡང་གིས་འགྲོ་བ ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཞིག་ཅེས་བྱ་བའི་བར་དུ་སྟེ། འཕགས་མའི་དགེ་འདུན་གང་དག་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང ་བཞིའི་ལས་ཀྱིས་བསྒོ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོའོ།། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་ཡང ་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང ་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ། ། །། བམ་པོ་བཅུ་གཅིག་པ།། ། དེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་། གཞི ་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་གྱིས་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོ། ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་། དགེ་སློང་མ་རབ་ཏུ་མང་བགྲོང་ངམ་ཐོང་རྡལ་ཞིག་ཏུ་རྣ་པར་རྟེན་ཅིང་གནས་ལ། ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་སུན་ཕྱུང་བ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས ་སམ། རབ་ཏུ་ཤེས་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་ཀྱིས་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས། འཕགས་མ་དག་གནས་འདི་ན་གནས་པས་ཆོག་གིས། གནས ་འདི་ནས་དེངས་ཤིག་ཅེས་སྒོ་བར་བྱའོ། ། དགེ་སློང་མ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྷུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྨོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ ་རྣམས་ཀྱིས་ཚིག་འདི་སྐད་ཅེས། ཀྱེ་འཕགས་མ་དག་ཁྱེད་ཅག་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ཡོད། དགེ་སློང་མ་ཁ་ཅིག་ནི་ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྨོད་པར་བྱེད་ལ། ཁ་ཅིག་ནི་སྨོང་པར་མི་བྱེད་དོ་ཞེས་མ་ཟེར་ཅིག། འོན ་ཀྱང་ཕུ་ནུ་མོ་དག་ཁོ་ན་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་མཐོང་ངམ། ་ཐོས་སམ། རབ་ཏུ་ཤེས་ཀྱིས། འཕགས་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཞིག ་ཅེས་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནས། ལན་གཉིས་ལན་གསུམ་དུ་ཡང་དག་པར་སྒོ་བར་བྱ། ཡང ་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་བར་དུའོ། ། གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ངེས་པར་འབྱུང་བ་དང་བཅས་པའི་དགེ་འདུན་ལྷག་མའོ། ། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ།། རབ་ཏུ་མང་པོ་ཞེས་བྱ་བ་ནི ་གཉིས་ལས་ལྷག་པ་རབ་ཏུ་མང་པོ་དག་གོ། ། གྲོང་ངམ་གྲོང་རྡལ་ཞིག་ན་ཞེས་བྱ་བ་ནི་རེ་ལྡེ་རི་ལའོ།། དེ་དག་ཁྱིམ་སུན་འབྱིན་ཅེས་བྱ་བ་ལ། ཁྱིམ་ཞེས་བྱ་བ་ནི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ ་བདག་གིས་ཁྱིམ་དག་གོ། ། སུན་འབྱིན་པ་ཞེས་བྱ་བ་ནི། རྒྱུ་གཉིས་ཀྱིས་ཁྱིམ་དག་ཏུ་སུན་འབྱིན་པར་རབ་ཏུ་ཤེས་ཏེ། འགྲོགས་པ་དང་། ལོངས་སྤྱོད་པས་སོ།། ཇི་ལྟར་འགྲོགས་པས་ཤེ་ན། བུད ་མེད་དང་། ཁྱེའུ་དང་། བུ་མོ་རྣམས་དང་ལྷན་ཅིག་རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩ་བ་དྲལ་བྱེད་ཅིང་དེ་ཉིད་ན་གནས་པ་སྟེ། དེ་ལྟར་འགྲོགས་པས་སོ།། ཇི་ལྟར་ལོངས་སྤྱོད་པས་ཤེ་ན། ་ཁྱིམ་དེ་དག་ཉིད་དུ་མེ་ཏོག་གམ། འབྲས་བུ་འམ། སོ་ཤིང་དག་སྟོབས་པར་བྱེད་པ་སྟེ། དེ་ལྟར་ལོངས་སྤྱོད་པས་སོ།། མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ།། ཐོས་སམ་ཞེས་བྱ་བ ་ནི་རྣ་བའི་རྣམ་པར་ཤེས་པས་སོ། ། རབ་ཏུ་ཤེས་ཞེས་བྱ་བ་ནི། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་དག་གིས་སོ།། དགེ་སློང་མ་དེ་དག་གིས་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གིས་སོ།། ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཡང་དག་པར་བསྒོ་བ་ནའོ།། དགེ་སློང་མ་དག་འདི་སྐད་ཅེས་འདུན་པས་འགྲོ་བའོ་ཞེས་མ ་སྨྲ་ཞིག་ཅེས་བྱ་བ་ནི་གཤེ་བའོ། ། ལྟུང་བ་འདྲ་བ་ལས་ཞེས་བྱ་བ་ནི། ལྟུང་བ་མཚུངས་པ་དག་ལས་སོ།། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཁ་ཅིག་ནི། ་སྲིད་པར་མི་བྱེད་ཅེས་བྱ་བ་ནི། དེ་དག་ཉིད་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གོ།། དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས་ཞེས་བྱ་བ་ནི། པུ་ནུ་མོ་དག་འདུན་པས་འགྲོའོ་ཞེས་བྱ་བའི་ཚིག ་གི་ལམ་དང་ཞེས་བྱ་བ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་བོར་ཅིག་ཅེས་བྱ་བའོ།། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། ། གལ་ཏེ་མི་གཏོང་ན་བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི། ཇི་སྐད་སྔར་བསྒོ་བ་བཞིན་བྱ་བའོ།། དེ་དག་ལ་བཞམས་ཏེ་བསྒོ་བ་ན་གཞི ་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱའོ་ཞེས་བྱ་བ་ནི། ཇི་སྐད་སྔར་བསྒོ་བ་བཞིན་བྱ་བའོ།། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག ་པར་བསྟན་པ་དེ་ནི་དེ་ཡིན་ནོ། ། ཆོས་འདི་ཡང་ཞེས་བྱ་བ་ནི། ཆོས་མ་ཡིན་པ་འདི་ཆོས་ཀྱིས་སྨྲར་གསུངས་པའོ།། ལན་གསུམ་གྱིས་བར་གྱིས་འབྱུང་བར་འོས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས ་པའོ། ། གཞན་ནི་སྔ་མ་བཞིན་ནོ།། དེ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ལ་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ཡོད།། ་ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཡོད་དོ་ཞེ་སྨྲ་ན། ཐམས་ཅད་དུ་ཉེས་བྱས་ཀྱིས་ལྟུང་བར་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་། ་ན་སྦོམ་པོར་འགྱུར་རོ།། གཞན་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་དགུ་པ་རྫོགས་སོ།། ། ་སངས་རྒྱས་བཅོམ་ལྡན་འདས་བཀོའུ་ཤམ་བིའི་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་ཀོའུ་ཤམ་བིན། ཤཱཀྱའི་བུ་མོ་དགེ་སློང་མ་འདུན་ཞེས་བྱ་བ་ལ་ལྟུང་བ་བྱུང་ནས། དེ་ལ་ཚངས་པ། ་མཚུངས་པར་སྤྱོད་པ་དོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་ལྟུང་བ་བྱུང་གིས་ཤོགས ་ཤིག། དེས་དེ་དག་ལ་འདི་སྐད་ཅེས་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། ཁོ་མོ་ལ་ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད ་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་ཡིན་ཏེ། ཇི་ལྟར་སྟོན་ཀའི་དུས་ན་ཤིང་རྣམས་ཀྱི་ལོ་མ་སྐུ་བོ་དག་རླུང་གིས་བསྡུས་ནས་གཅིག་ཏུ་སོགས་ཤིང་འཇོག་པ་དེ་བཞིན་དུ། ཁྱེད་ཅག་ཀྱང་རིགས་སྣ ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་མོའི་འཕགས་པས་ནི་བྱང་ཆུབ་མངོན་པར་སངས་རྒྱས་སོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འདུན་མ་ལ ་བཞམས་ཏེ་བསྒོ་བར་བྱ་སྟེ། འདུན་མ་ཁྱོད་ལ་དགེ་སློང་མ་དོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས ་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་བྱ་བར་གྱིས་ཤིག། དགེ་སློང་མ་རྣམས་ཀྱང་འདུན་མ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང ་མཐུན་པར་སྨྲས། ཁྱོད་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག ་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ ་བར་འགྱུར་གྱིས། འདུན་མ་ཁྱོད་བདག་ཉིད་རྗོད་པར་བྱེད་པ་མ་ཡིན་པའི་ལས་ཀྱི་མཐའ་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ཅེས་བྱ་བ་ནས། གཞན་ནི ་བརྫུན་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། ། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱ་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ ་བ་བྱས་ཏེ་ལས་བྱའོ། ། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འཚལ་བ། ཕན་པར ་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་། སྡིག་ཀྱང་རུང་།། ་ཁོ་མོ་ལ་ཅི་ཡང་མ་སྨྲ་ཞིག། ཁོ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་། སྡིག་ཀྱང་རུང་། ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། གཞི་དེ་ཉིད་ལ་ནན་གྱིས ་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བགྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མ ་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་ལ་འདུན་མ་ཁྱོད་ལ་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་བྱ་བར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་རྣམས་ཀྱིས་ཁྱོད་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་སློང་མ་རྣམས ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ཡིན་ནོ།། འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ།། འདིན་གསོལ་པའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས ་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འཚལ་བ། ཕན་པར་འཚལ་བ། བདེ་བར་འཚལ་བ། ་རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་། སྡིག་ཀྱང་རུང་། ཁོ་མོ་ལ་ཅི་ཡང་མ་སྨྲ་ཞིག། ལོ ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་། སྡིག་ཀྱང་རུང་། ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར ་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་ཐ་སྙད་འདོགས་པར་བགྱིད་ཀྱིས། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས། དགེ་སློང་མ་འདུན་མ་ལ་འདུན་མ་ཁྱོད་ལ་དགེ་སློང་མ་རྣམས ་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་བྱ་བར་གྱིས་ཤིཀ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ ་རྣམས་ཀྱིས་ཁྱོད་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ཡིན་ནོ།། འདི་ལྟ་སྟེ། ་གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། དགེ་སློང་མ་གང་དག་དགེ་སློང་མ་འདུན་མ་འདི་ལ་གསོལ་བ་དང་བཞིའོ།། ་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅིང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་དོན་འདི་ཉིད་ལན་གཉིས་ལན་གསུམ ་གྱི་བར་དུ་བཟླས་སོ། ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛི། ་ཏོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས ་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། འདི་ནི་དགེ་སློང་མ་ཁ་ཅིག་བཀའ་བློ་མི་བདེ་བའི་རང་བཞིན་དུ་གྱུར་ལ། དེ་ལ་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། ་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་དེ། འཕགས་མ ་དག་དགེ་ཡང་རུང་། སྡིག་ཀྱང་རུང་། ཁོ་མོ་ལ་ཅི་ཡང་མ་སྨྲ་ཞིག། ཁོ་མོ་ཡང་དགེ་ཡང་རུང་། སྡིག་ཀྱང་རུང་། འཕགས་མ་དག་ལ་ཅི་ཡང་མི་སྨྲའོ།། འཕགས་མ་དག་གིས ་བདག་ལ་ཚིག་གི་ལམ་ཐོང་ཞིག། ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་ཟེར་བ་ན། དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ལ་གདོན་པར་གཏོགས་པའི ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ། ་ཡིན་པར་མ་བྱེད་པར། འཕགས་མ་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག། འཕགས་མ་ལ་དགེ་སློང་མ་རྣམས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། འཕགས་མས ་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག། དེ་ཅིའི་ཕྱིར་ཞེ་ན། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན ་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སྟོང་པ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་གྱིས ་འཕགས་མ་ཁྱོད་ཀྱིས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱིས་མཐའ་དེ་ལྟ་བུ་ཐོང་ཞིག་ཅེས། གལ་ཏེ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ན། གཞི་དེ་གཏོང་ན་དེ ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པའི་དགེ་འདུན་ལྷག་མའོ།། དགེ་སློང་མ་ཞེས་བྱ་བ་ནི་འདུན་མའོ།། བཀའ་བློ་མི་བདེ་བ ་ཞེས་བྱ་བ་ནི། ཚིག་གི་ལམ་མཐུན་པ་རྗེས་སུ་མཉན་པར་བྱ་བ་འཚམ་པ། དྲང་པོར་འཇུག་པ་མི་འཛིན་པ་དང་། མི་མཐུན་པར་འཛིན་པའོ།། གདོན་པ་ཞེས་བྱ་བ་ནི་སོར་སོར་ཐར་པའི་མདོར་བསྟན ་པའོ། ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། མདོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་སྨྲས་པ་སྟེ། བསླབ་པའི་གཞི་ཕས་ཕམ་པར་འགྱུར་བ་བརྒྱད་དང ་དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བ་སུམ་ཅུ་རྩ་གསུམ་དང་། ལྟུང་བྱེད་བརྒྱ་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན ་དང་། འདུལ་བའི་གཞི་བཅུ་བདུན་དང་། ཕྲན་ཚེགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་དང་། འདུལ་བ་བཅུ་དྲུག་དང་། བྲམ་ཟེའི་བུ་མོ་དང་། ་ཉེ་བར་འཁོར་གྱིས་ཞུས་པར་གཏོགས་པ་དག་ལེགས་པར་སྦྱར་བའོ།། དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པས་ཞེས་བྱ་བ་ནི། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ ་དང་། སྟོན་པའི་བསྟན་པ་ཇི་ལྟ་བུའི་ལས་གང་ཡིན་པས་སོ།། སྨྲས་པ་ན་ཞེས་བྱ་བ་ནི། བདེ་བ་ལ་སྦྱར་བ་ནའོ།། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཞེས་བྱ་བ་ནི། དེའི་གདམས་ངག་དང་། ་བསྟན་པ་ལས་བདག་ཉིད་གཞན་དུ་སེལ་བའོ།། ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ་སྨྲ་ཞིག་ཅེས་བྱ་བ་ནི། བདག་ཉིད་ཕྱིར་ཞིང་ལྷག་པར་བཀའ་བློ་མི་བདེ་བ་ལ་འཇོག་པའོ།། ་དགེ་ཡང་རུང་ཞེས་བྱ་བ་ནི་མི་དགེ་བ་ལ་འཇོག་པའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མི་སློང་བའོ།། ཁོ་མོ་ཡང་ཕུ་ནུ་མོ་རྣམས་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི། བདག་ཉིད་ཕྱིར་ཞིང་ལྷག་པར་གཅིག ་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་སྤོང་བའོ། ། དགེ་ཡང་རུང་བ་དག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི་དགེ་བ་ལ་མི་འཇོག་པའོ།། སྡིག་ཀྱང་རུང་བ་དག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི་སྡིག་པ་ལས ་མི་སློང་བའོ། ། འཕགས་མ་དག་ཐོང་ཞིག་ཅེས་བྱ་བ་ནི་རིང་དུ་བོར་ཅིག་ཅེས་བྱ་བ་སྟེ། ཅི་ཁྱེད་ཅག་ཅེས་བྱ་བ་ནི་རྒྱུ་འདི་དག་གིས་རྗེས་སུ་སྟོན་པར་བསྒོས་སམ་ཞེས་བྱ་བའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི ་འདུན་མ་ལའོ། ། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་དག་གིས་སོ།། གཞི་དེ་གཏོང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ།། དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། ་གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི། བཞམས་ཏེ་བསྒོ་བས། ཇི་ལྟར་སྔ་མ་བཞིན་དུ་བསྒོ་བ་ནའོ།། དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་ཞེ་དེ་གཏོང་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། དེ་ལྟ་ན ་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། ། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་ཇི་ལྟར་སྔ་མ་བཞིན་དུ་བསྒོ་བ་ནའོ།། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང ་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། ། ཆོས་འདི་ཡང་ཞེས་བྱ་བ་ནི། ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་པའོ།། ལན་གསུམ་གྱི་བར་གྱིས་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་འབྱུང་བར་འོས་པར།། ་དགེ་འདུན་ལྷག་མ་ཞེས་བྱ་བ་ནི། ལྟུང་བ་འདི་དགེ་འདུན་སྡེ་གཉིས་ལ་རག་ལས་པ་ཡིན། དགེ་འདུན་སྡེ་གཉིས་ལ་རྟོན་པ་ཡིན། དགེ་འདུན་སྡེ་གཉིས་ཀྱིས་དེ་ལྟུང་བ་ལས་སློང་བར་འགྱུར་གྱི། གང་ཟག ་ལས་ནི་མ་ཡིན་པའོ། ། འདི་ལྟར་ཕས་ཕམ་པར་འགྱུར་བ་བརྒྱད་པོ་དག་ནི་ལྷག་མ་མེད་པ་ཡིན་ལ། འདི་ནི་ལྷག་མ་དང་བཅས་པ་ཡིན་པས། དེ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ།། དེ་ལ ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ན། འདི་སྐད་ཅེས་ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ་སྨྲ་ཞིག་ཅེས་སྨྲ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ་བཞམས་ཏེ་བསྒོ་བ་ན་གཞི་དེ་མི་གཏོང་ན་སྦོམ་པོའོ།། ལས་བརྗོད་པ་དང་པོ་བརྗོད་པ་ན་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོའོ།། ལས་བརྗོད་པ་གཉིས་པ་བརྗོད་པ་ན། མ་རྫོགས ་པར་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བརྗོད་པ་རྫོགས་ན་སྦོམ་པོའོ།། ལས་བརྗོད་པ་གསུམམ་བརྗོད་པ་ན། མ་རྫོགས་པར་ཆོས་མ་ཡིན་པས་མཐུན་པར་བྱེད་པ་དང་། ཆོས་ཀྱིས ་མི་མཐུན་པར་བྱེད་དེ། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་མི་བྱེད་ན་ལྟུང་བ་མེད་དོ།། ལས་བརྗོད་པ་གསུམ་པ་བརྗོད་པ་ན། རྫོགས་ནས་ཆོས་ཇི་ལྟ་བ་དང ་འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས། འཕགས་མ་དག། ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱའོ།། བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མ་བརྗོད་ན་དེས་ལྟུང་བ་བཤགས་ཤིང་། དེ་སོ་སོར་མ་བཤགས་པར་དེས་དེའི་འོག་ཏུ་གསོལ་བ ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་འདུན ་ལྷག་མ་ཉི་ཤུ་པ་རྫོགས་སོ། ། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་རྣམས་རྫོགས་སོ།། །། སྡོམ་ལ། ཞག ་བཅུ་བཅང་དང་འབྲལ་མི་བྱ། ། ཟླ་བ་ཉེ་དུ་མིན་མི་བསླང་།། བླ་གོས་མཐང་གོས་བཅས་པ་དང་།། སྤགས་པ་གཉིས་དང་ཕོ་ཉ་བཀུར།། མོན་དར་སར་པ་གསེར་དངུལ་དང་།། སྣ་ཚོགས་ཉོ་ཚོང ་བྱེད་པའོ། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་མ་རྣམས་ལ། ཆོས་གོས ་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི་མཁན་མོ་དང་སློབ་དཔོན་དག་ལ་བལྟ་བའི་ཕྱིར་འགྲོ་བར་བྱེད། ཆོས་གོས་གཞན་གྱིས་ནི་གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། ཕྱག ་དར་འཕྱག་པར་བྱེད། ཆོས་གོས་གཞན་གྱིས་ནི་བའི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། ཆོས་གོས་གཞན་གྱིས་ནི་བཤང་བའི་ས་དང་གཅི་བའི་ས་བདག་འཕྱག་པར་བྱེད། ཆོས་གོས་གཞན་གྱིས ་ནི་སོ་ཤིང་འདོར་བར་བྱེད། ཆོས་གོས་གཞན་གྱིས་ནི་གནས་མལ་དང་སྣོད་སྤྱད་འདྲིམ་པར་བྱེད། ཆོས་གོས་གཞན་གྱིས་ནི་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད། ཆོས་གོས་གཞན་གྱིས་ནི་ཟས ་ཀྱི་གྲལ་དུ་བཀད་པར་བྱེད། ཆོས་གོས་གཞན་གྱིས་ནི་ཉིན་པར་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི་མཚན་མོ་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི་སྟོན་པའི་སྤྱན་སྔ་ནས་གདམས ་ངག་དང་རྗེས་སུ་བསྟན་པ་དག་སོ་སོར་ཉམས་སུ་མྱོང་བར་བྱེད་པ་ན། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང ་ངདག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། གཞི་འདི་དང་། སྐབས་འདི་ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད་དེ། ་ངའི་ཉན་ཐོས་མ་རྣམས་རྣམ་པར་ཤེས་པར་འགྱུར་བ་དང་། བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་བའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད ་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་ནི་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི། དོན་དང་མི་ལྡན་པ་ནི། སངས་རྒྱས་བཅོམ་ལྡན ་འདས་རྣམས་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་པས། འདི་ལྟ་སྟེ། དོན་དང་ལྡན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨ་བ་རྨེད ་པར་མཛད་དེ། དགེ་སློང་མ་དག་ཁྱེད་ཅག་ལ་ཆོས་གོས་མང་པོ་འདི་ལྟ་བུ་འདི་བྱུང་བ་བདེན་ནམ། བཅོམ་ལྡན་འདས་མང་ལགས་སོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་བ་དཀའ་བ་དང་། ་དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོ་ག་མི་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ཅན་མ་ཡིན་པ་དང་། ཚོད་མི་ཤེས་པའི་རྣམ་པར་སྨད་པས་རྣམ་པར་སྨད་པ་མཛད་ནས། དགེ་སློང་མ་རྣམས ་ལ་གསོ་བླ་བ་དང་། དགང་བླ་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྐྲངས་པའི་ཡོན་ཏན་དང་། ཚོད་ཤེས་པའི་བསྔགས་པ་གསུངས་ཏེ། དགེ་སློང་མ་རྣམས་ཀྱི་བསླབ ་པའི་གཞི་བཅའ་བ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞིག་བཅུའི་བར་དུ་གོས་ལྷག་པར་རུང་བར་བྱས་ནས་བཅང་བར་བྱའོ།། དེ་ལས་ལྷག་པར་འཆང་ན་སྤང ་བའི་ལྟུང་བྱེད་དོ། ། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡང་ཡོད། ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། ། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་ཟིན ་། ལ། དགེ་འདུན་གྱིས་སྲ་བརྐྱང་མ་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ།། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང ་མའི་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ཟིན་ལ། དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་མ་ཟིན་པ་སྟེ། དེ་ལྟ་བུ་ནི་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ནོ།། ་ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་ཟིན་ལ། དགེ་སློང་མའི་དགེ་འདུན་གྱིས་སྲ ་བརྐྱང་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡིན་ནོ།། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ།། དགེ་སློང་མ་ཞེས ་བྱ་བ་ནི་ཆོས་འདི་པ་དག་གིའོ། ། ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ཉིན་ཞག་བཅུའོ།། གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལྔ་ལས་ལྷག་པའོ།། རུང་བར་མ་བྱས་པ་ཞེས་བྱ་བ་ནི། གང ་ཞིག་སུའི་མིང་གིས་ཀྱང་རུང་བར་མ་བྱས་ཀྱི། བདག་ཉིད་ཀྱིའོ་ཞེས་བཅངས་པའོ།། སྤངས་པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ།། ་ལྟུང་བ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྟེ། དེ་བས་ན་ལྟུང་བྱེད་དོ་ཞེས་གསུངས་སོ།། དེ་ལ་ལྟུང ་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཚེས་ལ་གོས་རྙེད་ན། དགེ་སློང་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱིས་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། ་རུང་བར་བྱ་བ་འམ། གཏང་བར་བྱ་བ་འམ། གཞན་ལ་སྦྱིན་པར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན། ཉི་མ ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། ། ཇི་ལྟར་ཚེས་ལ་གོས་རྙེད་ལ། དེ་བཞིན་དུ་ཚེས་གཉིས་དང་གསུམ་དང་ཞེས་བྱ་བ་ནས། བཅུའི་ནང་དུ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་མ ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བ་འམ། གཏང་བར་བྱ་བའོ།། བྱིན་གྱིས་བརླབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད། ་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཚེས་ལ་གོས་གཅིག་རྙེད་ལ། ཕྱི་དེ་ཉིན་པར་གཅིག་རྙེད་ན། དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་།། ་ཕྱི་མ་ཤོས་རུང་བར་བྱ་བ་འམ། བྱིན་གྱིས་བརླབ་པར་བྱའོ།། ཡང་ན་གོས་ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་། སྔ་མ་རུང་བར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད ་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་སློང་མས་ཚེས་དགུ་ལ་གོས་གཅིག་རྙེད་ལ། ཚེས་བཅུ་ལ་གཅིག་རྙེད་ན། དགེ ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་རུང་བར་བྱ་བ་འམ། གཏང་བར་བྱའོ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཚེས་ལ་གོས ་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས་རྙེད་ན། དགེ་སློང་མ་དེས་གོས་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་། གོས་ཕྱི་མ་ཤོས་གཉིས་རུང་བར་བྱ་བ་འམ། གཏང་བར་བྱའོ།། རུང ་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཚེས་དགུ་ལ་གོས་གཉིས་རྙེད་ལ། ཚེས་བཅུ་ལ་ཡང་གཉིས་རྙེད་ན་ཞེས ་རྒྱས་པར་བརྗོད་པར་བྱའོ། ། དགེ་སློང་མས་ཚེས་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་རབ་ཏུ་མང་པོ་རྙེད་ན། དགེ་སློང་མ་དེས་སྔ་མའི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ ་བར་བྱ་ཞིང་། ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བ་འམ། གཏང་བར་བྱའོ།། ཡང་ན་ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང་། སྔ་མའི་གོས་རབ་ཏུ ་མང་པོ་དག་རུང་བར་བྱ་བ་འམ། གཏང་བར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད ་དོ། ། དགེ་སློང་མས་ཚེས་དགུ་ལ་གོས་རབ་ཏུ་མང་པོ་དག་རྙེད་ལ། ཚེས་བཅུ་ལ་ཡང་གོས་རབ་ཏུ་མང་པོ་དག་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ། ་དགེ་སློང་མའི་གོས་སྤང་བར་གྱུར་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ།། ་དགེ་སློང་མའི་གོས་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ།། དགེ་སློང་མའི་གོས ་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ།། དགེ་སློང་མའི་གོས་སྤང་བར་གྱུར་ན།། ་དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་བཤགས་ནས། གོས་གཞན་ཞིག་རྙེད་ན་ལྟུང་བ་མེད་དོ།། ལས་དང་པོ་པ་དང་། སྨོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ ་ནི་ལྟུང་བ་མེད་དོ། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། སྤང་བའི་ལྟུང་བྱེད་དང་པོ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དགེ་སློང་མ་བྱ ་གནས་པར་ཁས་བླངས་པ་དབྱར་མཐར་ཕྱིན་པར་གནས་པ་འགའ་ཞིག་གིས། ཆོས་གོས་དག་རྙེད་པར་གྱུར་ནས། དེས་དེ་དག་བཀྲུས་ཤིང་ཁ་བསྒྱུར་ཏེ་གཏུར་བུ་བཀང་ནས་བམ་པོར་བསྒྲེས ་ཏེ། བླ་གོས་དང་མཐང་ཀོས་དང་བཅས་པས་ལྗོངས་རྒྱུ་ཞིང་སོང་ནས། དེ་ལྗོངས་རྒྱུ་ཞིང་སོང་བ་ན་མ་སྦས་ཤིང་སྦེད་དུ་མ་བཅུག་པར་གྱུར་ཏོ།། དགེ་སློང་མ་གནས་ན་གཉུག་མར་གནས་པ ་ངག་ཀྱང་ཆོས་གོས་དེ་དག་སྐམས་པ་དང་། སྤྲུག་པས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་།། ་ནང་གི་སེམས་ཀྱིས་ཞི་གནས་གཏོང་བར་བྱེད་པ་ནས། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས།། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ་སློང་མ་ཆོས་གོས་ཟིན་པས ་སྲ་བརྐྱང་ཕྱུང་ནས། ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང་། མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་དོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་གནས་བརྟན་ཆེན་པོ་འོད་སྲུངས་ལ་བརྟེན་ནས། སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་ནས། ཡང་བསླབ་པ་རིན་ན ་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་གནས་བརྟན་གནས་བརྟན་དག། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསུངས་པའི་བསྔགས་པ་གསུངས་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང ་མ་དག་སྔ་མ་ནི་བཅས་པའོ། ། འདི་ནི་གནང་བ་ཡིན་པས།། ངའི་ཉན་ཐོས་མ་རྣམས་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་མ་ཆོས ་གོས་ཟིན་ཏེ་སྲ་བརྐྱང་ཕྱུང་ནས། ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང་། ནུབ་གཅིག་མཚམས་ཀྱི་ཕྱི་རོལ་ཏུ་བྲལ་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང་བའི་ལྟུང ་བྱེད་དོ། ། ཆོས་གོས་ཟིན་པ་ཞེས་བྱ་བ་ནི། གོང་མ་ཇི་ལྟ་བ་བཞིན་ནོ།། ཆོས་གོས་ལྔ་ཞེས་བྱ་བ་ནི། སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཆོས་གོས་བྱིན་གྱིས་བརླབས་པ ་གང་ཡང་རུང་བདག་གོ། ། མཚམས་ཀྱི་ཕྱི་རོལ་ཏུ་བྲལ་ན་ཞེས་བྱ་བ་ནི། སྐྱ་རེངས་འཆར་བར་བྱེད་ནའོ།། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནང་བ་བཞག ་སྟེའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང་། ཚོགས ་དང་ས་བར་རྩིག་པ་དང་། ། འོབས་ཀྱི་ཉེ་འཁོར་དག་དང་ནི།། ཁྱིམ་དང་ཚོང་ཁང་ཚོང་རྡལ་དང་།། ཡང་ཏོག་ཀུན་རྒྱུ་གཡུལ་དང་ནི།། གཡུལ་ཚོམས་མུ་སྟེགས་ཤིང་རྟ་དང་།། གྲུ་དང་ཀུན ་དགའ་ར་བ་དང་། ། ལྗོན་ཤིང་དང་ནི་ཞུས་པའོ།། ཁྱིམ་གཅིག་པའི་གྲོང་ནི་གང་། ཁྱིམ་གཉིས་པའི་གྲོང་ནི་གང་། ཁྱིམ་གྱི་ཚོགས་ནི་གང་། རིམ་མས་བསྐོར་བའི་ཚོགས ་ནི་གང་། རྩིག་པས་བསྐོར་བའི་གྲོང་ནི་གང་། དེ་བཞིན་དུ་འོབས་ཀྱིས་བསྐོར་བའི་གྲོང་དང་། གྲོང་ཉེ་འཁོར་གཅིག་པ་དང་། གྲོང་ཉེ་འཁོར་ཐ་དད་པ་དང་། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག ་པ་དང་། གྲོང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། ཁྱིམ་ཉེ་འཁོར་གཅིག་པ་ནི་གང་། ཁྱིམ་ཉེ་འཁོར་ཐ་དད་པ་ནི་གང་། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། ཁྱིམ་རབ་ཏུ་མང་པོ་ཉེ ་འཁོར་ཐ་དད་པ་དང་། དེ་བཞིན་དུ་ཚོང་ཁང་ཉེ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན ་དུ་ཚོང་རྡལ་ཉེ་འཁོར་གཅིག་པ་དང་། ཚོང་རྡལ་ཉེ་འཁོར་ཐ་དད་པ་ཡང་ཡོད། ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་ཡང་ཐོག ་འཁོར་གཅིག་པ་དང་། ཡང་ཐོག་ཉེ་འཁོར་ཐ་དད་པ་ཡང་ཡོད། ཡང་ཐོག་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཉེ་འཁོར་གཅིག་པ ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། གཡུལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཚོམས་ཉེ་འཁོར་གཅིག་པ་དང་། གཡུལ་ཆོས ་ཉེ་འཁོར་ཐ་དད་པ་དང་། གཡུལ་ཚོམས་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་མུ་སྟེགས་ཅན་གྱི་ཁྱིམ ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་ཏུ་རྒྱུའི་ཁྱིམ་ཉེ་འཁོར་གཅིག་པ་དང་། ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་ཤིང་རྟ་ཉེ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་གྲུ་ཉེ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་དཀའ་ར་བ་ཉེ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ ་ད་པ་དང་། དེ་བཞིན་དུ་ལྗོན་ཤིང་ཉེ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་སྟེ། ལྟུང་བ་དེའི་བསྟན ་པ་ནི་འདི་ཡིན་ནོ། ། ད་ནི་བཤད་པ་སྨྲ་བར་བྱ་སྟེ། དེ་ལ་ཁྱིམ་གཅིག་པའི་གྲོང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོད་དང་། རི་ཁྲོད་པ་དང་། ཀླ་ཀློ་བཟོ་ལ་རག་ལས་པ་རྣམས ་ཀྱི་གྲོང་གང་ཡིན་པ་སྟེ། གྲོང་འདི་ནི་ཁྱིམ་གཅིག་པ་ཡིན་ནོ།། ཁྱིམ་གཅིག་པ་ཇི་ལྟ་བར་ཁྱིམ་གཉིས་པ་ཡང་དེ་བཞིན་ནོ།། ཁྱིམ་གྱི་ཚོགས་ཀྱི་གྲོང་གང་ཞེ་ན། མིའི་གཙོ་བོ་སྣ་ཚོགས་གནས ་པར་གྱུར་པའི་གྲོང་གང་ཡིན་པ་སྟེ། འདི་ནི་ཁྱིམ་གྱི་ཚོགས་ཀྱི་གྲོང་ཞེས་བྱའོ།། སབ་རས་བསྐོར་བའི་གྲོང་གང་ཞེ་ན། སབ་རས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ་ན། ནང ་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་སྐས་གདང་བུ་བཅུ་གཉིས་པས་ཁྱབ་ཅིང་འདུག་པ་འམ། ཡུལ་མ་ག་དྷའི་ཤིང་རྟ་སྨྲིག་མས་བཀང་བར་འགྱུར་བའོ།། དགེ་སློང་མས་ནང་དུ ་ཆོས་གོས་དག་བཞག་ནས། ཉེ་འཁོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ།། ཉེ་འཁོར་དུ་ཆོས་གོས་བཞག་སྟེ། ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ།། ནང་ངམ་ཕྱི ་རོལ་ཏུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེངས་འཆར་བར་བྱེད་ཅིང་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། རྩིག་པས་བསྐོར་བ་གང་ཞེ་ན། ར་བས་བསྐོར་བའི་གྲོང་གང་ཡིན་པའོ།། ་དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་རྡུང་བར་བྱེད་པ་དང་། རྡོ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་འམ། གང་དུ་མི་རང ་བཞིན་གྱིས་ངོ་ཚ་དང་ལྡན་པ་བཤང་བར་འགྲོ་བ་འམ། བྱ་གག་འཕུར་སྟབས་ཀྱིས་ཆོད་པ་སྟེ། དེའི་ཉེ་འཁོར་ནི་དེ་ཡིན་ནོ།། དགེ་སློང་མས་ནང་དུ་ཆོས་དག་བཞག་སྟེ། ཉེ་འཁོར་དུ་སྐྱ ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། ། ཉེ་འཁོར་དུ་ཆོས་གོས་དག་བཞག་སྟེ། ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ།། ནང་ངམ་ཉེ་འཁོར་དུ་ཆོས ་གོས་དག་བཞག་སྟེ། གཞན་དུ་སྐྱ་རེངས་འཆར་བར་བྱེད་ཅིང་། སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། འོབས་ཀྱིས་བསྐོར་བའི་གྲོང་གང་ཞེ་ན། འོབས་ཀྱིས་བསྐོར་བའི་གྲོང་གང་ཡིན ་པའོ། ། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རམ། གང་དུ་བ་ལང་དང་ལུག་དག་འགྲོ་བའི་རྡུལ་ལངས་པ་རླུང་གིས་མ་བསྐྱོད་པ ་འམ། ཕྱག་དར་བོར་བའི་བོང་བ་འདྲིལ་བས་སླེབས་པ་ཡིན་ཏེ། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲོང་ཉེ་འཁོར་གཅིག་པ ་གང་ཞེ་ན། གྲོང་གང་ན་སྐྱེད་མོས་འཚལ་ལམ། འདུན་ས་འམ། ལྷའི་གནས་གཅིག་ཡོད་པའོ།། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། ་ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲོང་ཉེ་འཁོར་ཐ་དད་པ་གང་ཞེ་ན། གྲོང ་གང་ན་སྐྱེད་མོའི་ཚལ་ལམ། འདུན་ས་འམ། ལྷའི་གནས་མང་པོ་ཡོད་པའོ།། དེ་རྣམས་ཀྱི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན་སྒོའོ།། གལ་ཏེ་དགེ་སློང ་མས་ནང་ངམ། ཕྱི་རོལ་ཏུ་ཆོས་གོས་དག་བཞག་ལ་སྐྱ་རེངས་འཆར་ན། དགེ་སློང་མ་ཉེ་འཁོར་དང་བྲལ་བས་སྐོར་འདུག་ནས་སྐྱ་རེངས་འཆར་བར་བྱེད་ནའོ།། གལ་ཏེ་གཞན་དུ་སྐྱ་རེངས་འཆར ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་རབ་ཏུ་མང་པོ་དག་ལ་སྐྱེད་མོས་ཚལ་ལམ། འདུན་ས་འམ། ལྷའི་གནས་གཅིག། ་ཡོད་པའོ།། དེ་རྣམས་ཀྱི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲོང ་རབ་ཏུ་མང་པོ་ཉོ་འཁོར་ཐ་དད་པ་གང་ཞེ་ན། དེ་རྣམས་ཀྱི་སྐྱེད་མོས་ཚལ་མང་པོ་ཡོད་པའོ།། དེ་རྣམས་ཀྱི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ་ཁྱིམ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བའི་ཁྱིམ་གང་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་པོ་ཞེས་བྱ་བ ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་མ་བྱེ་བ་དག་གིས་ཁྱིམ ་གང་དག་ཡིན་པའོ། ། དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངོ་ཞེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི ་བར་རོ། ། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་དག་གི་འམ། སྤུན་སྒོ་བྱེ་བའི་ཁྱིམ་གང་དག་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་པའོ།། ཚོང་ཁང་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེད་པ་དག་གི་ཚོང་ཁང་གང་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་འབྲུ་སྤུང་བར་བྱེད་པ་དང་། གླེ་བ་དང་། བྲེའུ་ཆུང་འཇོག་པར་བྱེད་པ་དང་། འཇལ་བར་བྱེད་པའི་སྣོད་དག་འཇོག་པ་སྟེ། དེའི་ཉེ་འཁོར ་ནི་དེ་ཡིན་ནོ། ། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཚོང་ཁང་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ ་ད་པའི་འམ། སྤུན་སྒོམ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཟོང་གི་མཛོད་དོ།། ཚོང་ཁང་རབ་ཏུ་མང་པོ་ཉེ་འཁོར ་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། སྤང་བའི ་ལྟུང་བྱེད་དོ་ཞེས་བྱ་བར་རོ། ། ཚོང་ཁང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་མ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། སོ ་སོ་བའོ། ། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཚོང་རྡལ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྐོམ་བྱེ་བ་དག་གི་ཚོང་རྡལ་གང་ཡིན་པའོ།། དེའི་ཉེ་འཁོར ་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་གི་སྤང་ལེབ་དག་འཇོག་པར་བྱེད་པ་དང་། དྲི་དག་འཐག་པར་བྱེད་པ་དང་། ཐུམ་བུ་དག་ཆིང་བར་བྱེད་པ་དང་འདྲ་བར་བྱེད་པ ་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཉེ་འཁོར་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཚོང་རྡལ་ཉེ་འཁོར་ཐ་དད་པ ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཚོང་རྡལ་གང་དག་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། འདུག་སྟེགས་སོ།། ཚོང་རྡལ་རབ་ཏུ ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་རྡལ་གང་དག་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས ་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཚོང་རྡལ་གང་དག་ཡིན་པའོ།། དེ་དག་གི ་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཡང་ཐོག་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཡང་ཐོན། ་ཀོ། དེའི་ཉེ་འཁོར་ཀང་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངོ་།། གཞན་ནི་སྔ་མ་བཞིན་ནོ།། ཡང་ཐོག་གི་ཉེ་འཁོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། མིང་དང ་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཡང་ཐོག་གོ། དེ་དག་གི་ཉེ་བར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྐས་སོ།། ཡང་ཐོག་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ་མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཡང་ཐོག་གོ། དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཀུན་རྒྱུའི་ཁྱིམ་གྱི་ཉེ་འཁོར་གཅིག་པ ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཀུན་རྒྱུའི་ཁྱིམ་མོ།། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་དེ་དག་གི ་སྨྱིག་མ་གཤོག་པར་བྱེད་པ་དང་། གླེ་བ་བྱེད་པ་དང་། གདུགས་ཀྱི་སྒྲོ་དག་ཅེས་བྱ་བ་ནས། སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་རྒྱུའི་ཁྱིམ་ཉེ་འཁོར་ཐ་དད ་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཀུན་རྒྱུའི་ཁྱིམ་གང་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། རྒྱལ་མཚན་གྱི་ཤིང་ངོ་།། ་ཀུན་རྒྱུ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཀུན་རྒྱུའི་ཁྱིམ་རབ་ཏུ་མང་པོ་གང་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད ་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་སྨྲིག་མ་དག་གཤོག་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་རྒྱུ་རབ་ཏུ་མང ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་འམ། སྤུན་སྒོ་བྱེ་བ་དག་གི་ཀུན་རྒྱུ་རབ་ཏུ་མང་པོའི་ཁྱིམ་གང་དག་ཡིན་པའོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང ་ཡིན་ཞེ་ན། ཅི་ཡང་མ་ཡིན་པའོ།། གཡུལ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས ་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་སོག་མ་དག་འཇོག་པར་བྱེད་པ་དང་། ཟེ་བ་དང་། ཕྱགས་མ་དང་། གཞལ་སྣོད་དག་འཇོག་པར་བྱེད་པ་དང་། འཕྱར་བར་བྱེད་པ་དང་། ་འབྲུ་དག་ཕྱར་བ་ན་ཕུབ་མ་རགས་པ་དག་གང་དུ་རླུང་གིས་མ་བངས་པར་བྱིན་པ་སྟེ། དེའི་ཉེ་འཁོར་ནི་དེ་ཡིན་ནོ།། དགེ་སློང་མས་ཉེ་འཁོར་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་ནི་སྣུ་མ ་བཞིན་ནོ། ། གཡུལ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་གཡུལ་གང་ཡིན་པའོ་ཞེས་བྱ་བ་ནས། ཅི་ཤིག་ཐུན་མོང་ཡིན་ཞེ་ན། གཡུལ་གྱི་དབུས་སོ།། ་གཡུལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། གཞན་ནི་སྔ་མ་བཞིན་ནོ།། གཡུལ་རབ་ཏུ་མང་པོ་ཉེ་འཁོར ་དད་པ་གང་ཞེ་ན། གཡུལ་གང་ཞིག་མི་ཐ་དད་པ་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། གཡུལ་ཚོགས་ཉེ་འཁོར ་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་གླང་དང ་འདོགས་པར་བྱེད་པ་དང་། ལྕི་བ་དག་འདོར་བར་བྱེད་པའོ།། གཞན་ནི་སྔ་མ་བཞིན་ནོ།། གཡུལ་ཚོགས་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་གཡུལ་ཚོ ་གང་ཡིན་པའོ། ། དེའི་ཉེ་འཁོར་གང་ཞེ་ན་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོ་ཞེས་བྱ་བའི་བར་རོ།། གཡུལ་ཚོགས་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། གཡུལ་གང་ཞིག་མ ་གཅིག་གི་འམ་ཞེས་བྱ་བ་ནས་སྔ་མ་བཞིན་ནོ། ། གཡུལ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གཡུལ་ཚོགས་གང་ཞིག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། ། མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་གཅིག་པ་གང་ཞེ་ན། མུ་སྟེགས་ཅན་བལྟ་བ་གཅིག་པ། བཟོད་པ་གཅིག་པ། འདོད་པ་གཅིག་པ། བསམ་པ་གཅིག ་བ་དག་གི་གང་ཡིན་པའོ། ། དེ་དག་གི་ཉེ་འཁོར་གང་ཞེ་ན། གནས་གང་དུ་དེ་དག་མེའི་སྦྱིན་སྲེག་སྲེག་པར་བྱེད་པ་དང་། རྩཝ་དང་། ལྕི་བ་དང་། ཡམ་སྲེག་ཤིང་དང་། བླུགས་གཟར་དག་འཇོག ་པའོ། ། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། མུ་སྟེགས་ཅན་གྱི་གྱིས ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་ལྟ་བ་སྣ་ཚོགས་དང་ཞེས་བྱ་བ་ནས། བསམ་པ་སྣ་ཚོགས་གང་ཡིན་པའོ་ཞེས་བྱ་བའི་བར་རོ།། དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན ་མོང་ཡིན་ཞེ་ན། ལྷའི་གནས་སོ།། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར ་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་གྱི་ཁྱིམ་གང་དག་མི་ཐ་དད་པའི་འམ་ཞེ་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཤིང་རྟ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི ་ལྟ་སྟེ། ཤིང་རྟ་མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གིའོ།། དེའི་ཉེ་འཁོར་གང་ཞེ་ན། འགྲོ་བ་འམ་འདུག་ཀྱང་རུང་། ཉེ་འཁོར་འདོམ་གང་ངམ། གནས་གང་དུ་གླང་འདོགས་པར་བྱེད་པ་དང་། ་པུན་ཙ་དག་རྡུང་བར་བྱེད་པ་དང་། ཐག་གུ་དག་འཁལ་བར་བྱེད་པ་འམ། ཡང་ན་གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཤིང་རྟ་ཉེ་འཁོར་ཐ་དད་པ ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཤིང་རྟ་གང་ཡིན་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཁ་ལོ་སྒྱུར་བའི་སྟན་ནོ་ཞེས་བྱ་བའི་བར་རོ།། ཤིང་རྟ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། ཤིང་རྟ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། ཤིང་རྟ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག ་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ། བམ་པོ་བཅུ་གཉིས་པ།། གྲུ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན ་སྒོམ་བྱེ་བ་དག་གི་གྲུ་གང་ཡིན་པའོ། ། དེའི་ཉེ་འཁོར་གང་ཞེ་ན། འགྲོ་བའི་ཉེ་འཁོར་འདོམ་གང་ངམ། གནས་གང་དུ་ཕུར་པ་འདེབས་པར་བྱེད་པ་དང་། གྲུ་རྟོན་པར་བྱེད་པ་དང་། རྩཝ་མུན་ཛ་དག་རྡུང ་བར་བྱེད་པ་དང་། ཐག་པ་དག་འཁལ་བར་བྱེད་པ་དང་། རུ་སྐྱ་དག་འཇོག་པར་བྱེད་པ་དང་། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང ་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲུ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། གྲུ་གདོང ་ངོ་ཞེས་བྱ་བའི་བར་རོ། ། གྲུ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། གྲུ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པའི ་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཀུན་དགའ་ར་བ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་བྱེ་བ་དག་གི་ཀུན་དགའ་ར་བ་གང ་ཡིན་པའོ། ། དེའི་ཉེ་འཁོར་གང་ཞེ་ན། གནས་གང་དུ་ལོ་མ་སྔོན་པོ་དག་འཁྲུ་བར་བྱེད་པ་དང་། ཐུམ་བུ་དག་འཕུར་བར་བྱེད་པ་དང་། མེ་ཏོག་དག་རྒྱུད་པར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེའུ་སྲས་དག། ་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་དགའ་ར་བ་ཉེ་འཁོར་ཐ་དད་པ་གང་ཞེ་ན ་ཀུན་དགའ་ར་བ་གང་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཁྲོན་པའོ་ཞེས་བྱ་བའི་བར་རོ།། ཀུན་དགའ་ར་བ་རབ་ཏུ་མང་པོ་འཁོར་གཅིག་པ་གང་ཞེ་ན། ཀུན་དགའ་ར་བ་གང ་དག་མི་གཅིག་གི་འམ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། ཀུན་དགའ་ར་བ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། ཀུན་དགའ་ར་བ་མང་པོ་གང་དག་མི་ཐ་དད་པའི་འམ་ཞེས ་བྱབས་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཤིང་ལྗོན་པའི་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པའི་ཡལ་གའི་ལོ་མ་འདབ་མ་འབྱོར་པས ་གཅིག་ཏུ་སྡུག་པའོ། ། དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། སོ་ཀ་རྣམས་ཀྱི་ཟླ་བ་ཐ་མ་ལ་བབ་པའི་ཉི་མ་བྱེད་པའོ་གྲིབ་མས་ཁྱབ་ཅིང་འདྲུག་པ་འམ། ལོ་མ་སྨྲ་ཟ ་དག་རླུང་གིས་མ་བདས་པས་ལྟུང་བ་འམ། ཆར་འབབ་པ་ན་ཆུའི་ཐིགས་པ་དག་འབབ་པ་སྟེ། དེའི་ཉེ་འཁོར་ནི་དེ་ཡིན་ནོ།། དགེ་སློང་མས་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི ་བར་རོ། ། ཤིང་ལྗོན་པ་ཉེ་འཁོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་གའི་ལོ་མ་འདབ་མ་འབྱོར་པ་འམ་ཞེས་བྱ་བ་ནས། ཐུན་མོང་ཅི་ཞིག་ཡིན་ཞེ་ན། ཤིང་། ་དྲུང་ངོ་ཞེས་བྱ་བའི་བར་རོ།། ཤིང་ལྗོན་པ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་རབ་ཏུ་མང་པོ་ཡལ་གའི་ལོ་མ་འདབ་མ་འབྱོར་པ་གྲིབ་མ་ཐ་དད་པ་ཞེས་བྱ་བ་ནས། ་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་མ་ཤུལ་དུ་ཞུགས་པའི་ཉེ ་འཁོར་གང་ལགས། འགྲོ་བ་ན་འདོམ་གང་། འགྲེང་བ་ན་འདོམ་གང་། འདུག་པ་ན་འདོམ་གང་། ཁོ་ར་ཁོ་ཡུག་ཡིན་ནོ།། བཙུན་པ་གལ་ཏེ་དགེ་སློང་མ་དག་ཤུལ་དུ་ཞུགས་ནས་ལྷན་ཅིག་གནས་པ ་དང་། ཉེ་གནས་དག་ལ་ཆོས་གོས་དག་གཏད་དེ་སླད་བཞིན་མཆིས་ན། དེ་དག་གི་ཉེ་འཁོར་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཇི་སྐད་བྲམ་ཟེ་གྲོ་བཞིན་སྐྱེས་ཀྱི་རིགས ་ལ་བར་འདོམ་བདུན་བདུན་གྱིས་བཅད་དེ། ཨ་མྲ་བསྐྱེད་ན། ཤིན་ཏུ་མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཡལ་ག་ཕུན་སུམ་ཚོགས་པར་འགྱུར་བར་གསུདྲ ་པའི་ཨ་མྲ་གང་དག་ཡིན་པ་དེ་དག་གི་བར་ནི། འདོམ་བཞི་བཅུ་རྩ་དགུར་འགྱུར་རོ།། བཙུན་པ་རེ་ཞིག་གཙུག་ལག་ཁང་གཉིས་ཀྱི་མཚམས་སུ་མཆིས་ཉལ་བར་བགྱིད་ན། མཚམས་གང་ལགས ་ཇི་ཙམ་ཆོས་གོས་ཀྱི་གྲཝ་ལུས་དང་མ་བྲལ་བ་དེ་སྲིད་དུ་ཆོས་གོས་དང་བྲལ་བར་མི་འགྱུར་རོ། ། གང་གི་ཚེ་དེའི་ཆོས་གོས་ཀྱི་གྲཝ་ལུས་དང་བྲལ་བ་དེའི་ཚེ། ཆོས་གོས་དང་བྲལ་བར་གྱུར་ཏེ། དགེ་སློང་མའི ་ཆོས་གོས་སྤང་བར་གྱུར་པ་དེ་མ་སྤངས་པར་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། སྤང་བའི་ལྟུང་བྱེད་གཉིས་པ་རྫོགས་སོ།། །། གླེང་གཞི་ནི་མཉན ་ཡོད་ནའོ། ། དེའི་ཚེ་དགེ་སློང་མ་རྣམས་ལ་གོས་ཀྱི་རྙེད་པ་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། གང་སུ་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་འདི་འདྲ་བའི་གོས ་བདག་གིས་རྙེད་པར་གྱུར་པ་དེའི་ཚེ་བདག་གིས་ལངས་པར་བྱས་ལ་བཅང་བར་བྱའོ་སྙམ་དུ་རེ་བ་ཡོད་ཅིང་། དེས་དེ་འཇོག་པར་བྱེད་དོ།། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ། སེར་པོ་དང་། དམར་པོ ་དང་། སྟུག་པོ་དང་། སྲབ་མོ་ལ་ཡང་བརྗོད་པར་བྱའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། དུས་མ་ཡིན་པར་གོས ་ཤིག་རྙེད་ལ། འདོད་ན་དགེ་སློང་མ་དེས་གོས་དེ་བླངས་པར་བྱའོ།། བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་བྱས་ཏེ་བཅང་བར་བྱའོ།། གལ་ཏེ་ཆོས་གོས་ལ་རེ་བ་ཡོད་པ་འམ། ཁ་མ་ལངས་པ་ཁ ་སྐོང་བར་བྱེད་ན། དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐའི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང ་མ་ཆོས་གོས་ཟིན་པས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ།། དུས་མ་ཡིན་པའི་གོས་ཞེས་བྱ་བ་ལ་གོས་ཀྱི་དུས་ནི་གང་ཡིན། དུས་མ་ཡིན་པའི་གོས་ནི་གང་ཡིན ་ཞེ་ན། སྲ་བརྐྱང་བཏིང་བའི་གནས་ན་ནི། སྟོན་ཟླ་འབྲིང་པོ་ཉ་ནས་བཟུང་སྟེ། དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་ལྔ་པོ་དེ་དག་ནི་གོས་ཀྱི་དུས་ཡིན་ནོ།། ལྷག་མ་ཟླ་བ་བདུན་པོ་དག་ནི་དུས་མ་ཡིན་ནོ།། ་གོས་བདུན་པོ་གང་ཡང་རུང་བ་ཞེས་བྱ་བ་ལ་བདུན་པོ་དེ་དག་གང་ཞེ་ན། བལ་གྱི་དང་། རས་དང་། རས་བལ་གྱི་དང་། མོན་དར་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་དང་། ཉི་འོག་གི་གོས ་སོ། ། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་བྱས་ཏེ་བཅང་བར་བྱའོ།། གལ་ཏེ་མི་ལངས་ན་ཞེས་བྱ་བ་ནི་ལྔ་པོ་གང་ཡང་རུང་བའོ།། དགེ་སློང ་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་བཅང་བར་བྱའོ་ཞེས་བྱ་བ་ནི། ཉིན་ཞག་སུམ་བཅུའི་མཐར་རོ།། གོས་དེའི་རེ་བ་ཞེས་བྱ་བ་ལ། གོས་ཀྱི་རེ་བ་གང་ཞེ་ན། བདག་ལ་མས་སྦྱིན་པར་འགྱུར་བ ་འམ། བདག་ལ་ཕས་སྦྱིན་པར་འགྱུར་བ་འམ། བདག་ལ་མིང་པོ་དང་ཕུ་ནུ་མོས་སྦྱིན་པར་འགྱུར་བ་འམ། ལོ་ལྔའི་དུས་སྟོན་ཆེན་པོའི་ཚེ་འཐོབ་པའོ།། ཁམ་ལངས་པ་ཁ་སྐོང་བར་བྱེད་ན་ཞེས ་བྱ་བ་ནི། ཀོས་དེའི་ཁ་སྐོང་བར་བྱེད་ནའོ།། དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ཐལ་བར་རོ།། འཇོག་ན་ཞེས་བྱ་བ་ནི་འཆང་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ནས ་བྱ་བ་ནས། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ཞེས་བྱ་བའི་བར་རོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ། རེ་བཅས་རེ་བ་མེད་པ་དང་།། ཉམས་པར ་གྱུར་ལ་གསུམ་དག་དང་། ། མ་གྲུབ་པ་ལ་རྒྱུད་ཆད་དང་།། གོས་ནི་གཉིས་པོ་ཉིད་དག་དང་།། དེ་ནས་གོས་ནི་ལྔ་དག་དང་།། ཕྱག་དེར་ཁྲོད་ལ་གཉིས་དང་ཡང་།། སྣམ་ཕྲན་ཚད་དང་གླན་པ་དང་། ་རྡུལ་གཟན་མཐང་གོས་ཉིད་དང་ཡང་།། འཁོར་གསུམ་ཁེབས་པ་དག་དང་ནི།། ཁོར་ཡུག་ཕྱི་མར་བྱས་པ་ཡིན།། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ ་བྱེད་དུ་མི་འཇུག་པར། གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་འགྱུར་བ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པས། དེས་དེ་འཇོག་པར་བྱེད་ཅིང་། དེ་གོས་ཀྱི་རེ་བ་ཡོད་པ་ལས། ་དེས་ཚེས་དེ་ཉིད་ཀྱི་ཉིན་པར་རེ་བ་ཡོད་པ་རྙེད་ན། དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། གཏང་བར་བྱ་བ་འམ། རུང་བར་བྱའོ།། བྱིན་གྱིས་རློབ་པར ་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཚེས་ཉིད་ལ་གོས་མ་རྙེད་དམ། ཚེས་གཉིས ་ལ་ཡང་མ་རྙེད་མོད་ཀྱི། ཚེས་དགུ་ལ་རེ་བ་དང་བཅས་པ་ཞིག་རྙེད་ན། དགེ་སློང་མ་དེས་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བ་འམ། ་གཏང་བར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། གཞན་ཡང་དགེ་སློང་མས་ཚེས ་ཉིད་ལ་གོས་མ་རྙེད་ཅིང་། ཚེས་གཉིས་ལ་ཡང་མ་རྙེད་དེ། འོན་ཀྱང་ཞག་ཉི་ཤུ་རྩ་དགུའི་ཉིན་པར་རེ་བ་དང་བཅས་པ་ཞིག་རྙེད་ན། དགེ་སློང་མ་དེས་གོས་དེ་ཉི་མ་སུམ་ཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས ་བརླབ་པར་བྱ་བ་འམ། རུང་བར་བྱ་བའམ། གཏང་བར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་སུམ་ཅུ་རྩ་གཅིག་པའི་སྐྱ་རེངས་ཤར་ན་སྤང ་བའི་ལྟུང་བྱེད་དོ། ། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ། སེར་པོ་དང་། སྟུག་པོ་དང་། སྲབ་མོ་ཡང་དེ་བཞིན་ནོ།། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར ་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པས། དེས་དེ་འཇོག་པར་བྱེད་ཅིང་། དེས་ཚེས་དེ་ཉིད་ལ་རེ་བ་མེད་པ་གཞན་ཞིག་རྙེད་ན། དགེ་སློང་མ་དེས ་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན། ཚེས་གཉིས་ལ་ཡང་མ་ཡིན་པ་ཞེས་བྱ་བ་ནས། ཚེས་དགུ།། ་དང་། བཅུའི་ནང་དུ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གཞན་ཡང་དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར ་རེ་བ་མེད་པ་ཞིག་རྙེད་ན་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ། སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། ་དེས་དེ་བྱེད་དུ་མི་འཇུག་པར། གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི་རེ་བ་དེ་ཉམས་པར་གྱུར། འགྱངས་པར་གྱུར། ཤས ་ཆུང་བར་གྱུར་ལ། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་ཚེས་དགུ་ལ་ཡང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གཞན་ཡང་དགེ ་སློང་མས་ཚེ་ས་ལ་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ། སྲབ་མོའི་བར་ལ་ཡང ་དེ་བཞིན་ནོ། ། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར། གང་གི་ཚེ་བདག་གི་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་ཅིང་། དེས ་དེ་འཇོག་པར་བྱེད་པ་ན། དེའི་གོས་ཀྱི་རེ་བ་ཡོད་པ་དེ་གྲུབ་པར་མ་གྱུར། རྒྱུན་ཆད་པར་མ་གྱུར་པར། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་དང་། དེ་བཞིན་དུ་ཚེས་ལ་མ་ཡིན ་ཞེས་བྱ་བ་ནས། ཚེས་དགུའི་བར་དང་། ཚེས་ཉི་ཤུ་དགུའི་ཉིན་མོ་ཞེས་བྱ་བའི་བར་རྒྱས་པར་བརྗོད་པར་བྱའོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ། སྲབ་མོའི་བར་ལ་ཡང་དེ་བཞིན ་ནོ། ། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི ་རེ་བ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་པ་དང་། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་དང་། དེ་བཞིན་དུ་ཚེས་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་དགུའི་བར་དང་། དེ་བཞིན་དུ ་ཚེས་ཉི་ཤུ་དགུའི་ཉི་མ་ལ་རེ་བ་མེད་པ་ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ། ། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ། སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། གོས་ནི་གཉིས་ཏེ། སར་པ་དང་། དུས་ཚིགས ་སུ་སྤྲད་པའོ། ། དེ་ལ་སར་པ་ནི་ཐ་ག་པས་གསར་བུ་བཏགས་པའོ།། དུས་ཚིགས་པ་ནི་དུས་ཚོགས་གསུམ་པོ་གང་ཡང་རུང་བའི་དུས་ཚིགས་སུ་སྤྱད་པར་གྱུར་པའོ།། གོས་ལྔ་པོ་དག་ལ་ལྔ་གང་ཞེ་ན། ་གོས་དྲག་པོ་ཡོད་པ་དང་། བདག་པོ་མེད་པ་དང་། བོར་བ་བླངས་པ་དང་། དུར་ཁྲོད་པ་དང་། ལྔ་པ་ནི་ཕྱག་དར་ཁྲོད་པའོ།། དེ་ལ་གོས་བདག་པོ་ཡོད་པ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང ་སྦྱིན་པ་པོར་བཏགས་པ་གང་ཡིན་པའོ། ། བདག་པོ་མེད་པ་ནི་མ་ནིང་གི་བར་དུ་སྦྱིན་པ་པོ་མེད་པ་གང་ཡིན་པ་འམ། ཡང་ན་ལམ་ཀར་ལྷུང་བ་རྙེད་པའོ།། བོར་བ་བླངས་པ་ནི་ཤི་བའི་ཉེ་དུས་གོས ་ཀྱི་གདུགས་དག་པ་སྦྲེང་སྟེ་དུར་ཁྲོད་དུ་བསྐྱལ་ནས། དེ་ནས་བླངས་པ་དག་དགེ་སློང་མ་རྣམས་ལ་འབུལ་བར་བྱེད་པ་སྟེ། འདིན་བོར་བ་བླངས་པའི་གོས་ཞེས་བྱའོ།། དུར་ཁྲོད་པ་ཞེས་བྱ་བ་ནི་ཡོངས་སུ ་འཛིན་པ་མེད་པའི་དུར་ཁྲོད་ནས་བླངས་པ་གང་ཡིན་པའོ། ། ལྔ་པ་ཉིད་ནི་ཕྱག་དར་ཁྲོད་པའོ།། གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཕྱག་དར་ཁྲོད་པ་ལམ་པོ་ཆེ་བ་དང་། ཆུ་འགྲམ་པ ་དང་། དགོན་པར་བོར་བ་དང་། རལ་རུལ་དང་། ལྔ་པ་ཉིད་ནི་ཕྱག་དར་ཁྲོད་པའོ།། གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། བེའུས་ཟོས་པ་དང་། སྲིན་གྱིས་ཟོས་པ་དང་། བྱི་བས་ཟོས་པ་དང ་མེས་ཚིག་པ་དང་། ལྔ་པ་ཉིད་ནི་ས་ལ་ལྷུང་བའི་གོས་སོ།། དགེ་སློང་མས་གོས་སར་པ་རྙེད་ལ། གལ་ཏེ་ནུས་ན་དེས་གོས་དེ་ལས་སྣམ་སྦྱར་ནི་ཉི་རིམ་དུ་བྱ། གདིང་བ་ཡང་ཉི་རིམ་དུ་བྱ། ་བླ་གོས་ནི་ཚིག་རྐྱང་དུ་བྱ། མཐང་གོས་ཀྱང་ཚིག་རྐྱང་དུ་བྱ། དེ་བཞིན་དུ་རྡུལ་གཟན་དང་། ཤིང་དཔུང་བཅད་ཀྱང་ཚིག་རྐྱང་དུ་བྱའོ།། དགེ་སློང་མས་སར་པ་ལ ་སྣམ་སྦྱར་ཉི་རིམ་ལ་རིམ་པ་གསུམ་པ་གློན་པར་བྱེད་ན། དེ་གློན་པར་བྱེད་ན་ཉེས་བྱས་སོ།། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སར་པ་ལ་སྣམ་སྦྱར་ཉི་རིམ་བྱས་པ་ལས ་གཞན་དུ་གླན་ནོ་སྙམ་ནས་རིམ་པ་གཅིག་འབོགས་པར་བྱེད་པ་ན། དེ་འབོགས་པར་བྱེད་པ་ན་ཉེས་བྱས་སོ།། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་འདི་སྙམ་དུ་སེམས་བསྐྱེད་དེ། ་བཀོགས་ལ་བཀྲུས་ཤིང་ལ་བསྒྱུར་ཏེ། འདི་ཉིད་ལ་གླན་ནོ་སྙམ་པས། དེ་འབོགས་པར་བྱེད་ན་ལྟུང་བ་མེད་དོ།། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་གདིང་། ་བ་ལ་ཡང་བརྗོད་པར་བྱའོ།། བླ་གོས་ཚིག་རྐྱང་ལ་རིམ་པ་གློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། བླ་གོས་ལ་ཇི་ལྟ་བ་བཞིན་དུ། མཐང་གོས་ལ་ཡང་དེ་བཞིན་དུ་བརྗོད ་པར་བྱའོ། ། ཆོས་གོས་ལྔའི་བར་དུ་ཡང་བརྗོད་པར་བྱ་སྟེ། ཐམས་ཅད་ལ་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་བརྗོད་པར་བྱའོ།། དགེ་སློང་མས་དུས་ཚིགས་སུ་སྤྱད་པའི་གོས་ཤིག་རྙེད་ལ། གལ ་ཏེ་ནུས་ན་དེས་དེ་ལས་སྣམ་སྦྱར་ནི་བཞིར་མ་དུ་བྱའོ། ། གདིང་བ་དང་། བླ་གོས་དང་། མཐང་གོས་ནི་ཉི་རིམ་དུ་བྱའོ།། རྡུལ་གཟན་དང་ཤིང་དཔུང་བཅད་ཀྱང་དེ་བཞིན་ནོ།། དགེ་སློང་མས ་སྣམ་སྦྱར་བཞི་རིམ་ལ་རིམ་པ་ལྔ་པ་གློན་པར་བྱེད་ན། དེ་གློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། འབོགས་པར་བྱེད་ན་ཞེས་པའི་བར་གོང་མ་ཇི་ལྟ་བ་བཞིན ་ནོ། ། དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ།། བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ།། རྡུལ་གཟན་དང་ཤིང་དཔུང་བཅད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། རིམ་པ་གཉིས ་པ་ལ་ཞེས་བྱ་བ་ནས། འབོགས་ཤིང་རིམ་པ་གསུམ་པ་གློན་པར་བྱེད་ན། དེ་གློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་པ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཕོག་ལ་གཞན ་དུ་གླན་ནོ་སྙམ་པ་ནས། དེ་གློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། བཀོགས་ལ་བཀྲུས་ཤིང་ལ་བསྒྱུར་ཏེ་ཞེས་བྱ་བ་ནས། འདི་ཉིད་ལ་གླན ་པར་བྱའོ་སྙམ་ན་ལྟུང་བ་མེད་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཕྱག་དར་ཁྲོད་པའི་ཚེམ་བུ་རྣམས་ལ་ནི་ཇི་ཙམ་འདོད་པ་གླན་པར་བྱའོ།། སངས ་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་སྣམ་སྦྱར་དག་གི་སྣམ་ཕྲན་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར་དགུ་སྟེ། ་དགུ་གང་ཞེ་ན། དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གསུམ་པ་དང་། ཉི་ཤུ་རྩ ་ལྔ་པའོ། ། ཉེ་བར་འཁོར་སྣམ་ཕྲན་ཅན་དགུ་པོ་འདི་དག་ནི་སྣམ་སྦྱར་ཞེས་བྱའོ།། ཉེ་བར་འཁོར་དེ་ལ་དགུ་པ་གང་ཡིན་པ་དང་། བཅུ་གཅིག་པ་གང་ཡིན་པ་དང་། བཅུ་གསུམ་པ་གང་ཡིན་པ་དེ ་དག་ནི་གླེགས་བུ་ཕྱེད་དང་གསུམ་པར་བྱས་ཏེ་བཅང་བར་བྱའོ། ། བཅོ་ལྔ་པ་གང་ཡིན་པ་དང་། བཅུ་བདུན་པ་གང་ཡིན་པ་དང་། བཅུ་དགུ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་དང་བཞི་པར་བྱས ་ཏེ་བཅང་བར་བྱའོ། ། ཉི་ཤུ་རྩ་གཅིག་པ་གང་ཡིན་པ་དང་། ཉི་ཤུ་རྩ་གསུམ་པ་གང་ཡིན་པ་དང་། ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་དང་ལྔ་པར་བྱས་ཏེ་བཅང་བར་བྱའོ།། ་དེ་བཞིན་དུ་གླན་པར་བྱའོ།། དེ་ཡན་ཆད་ནི་ཚིམ་བུའོ།། བཅོམ་ལྡན་འདས་ཆོས་གོས་ཀྱི་ཚད་ཇི་ཙམ་ལགས། ཉེ་བར་འཁོར་གསུམ་སྟེ། ཆོས་གོས་ཆེན་པོ་དང་། འབྲིང ་དང་། ཆུང་ངུའོ།། དེ་ལ་སྣམ་སྦྱར་ཆེན་པོ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ལྔའོ།། ཞེང་དུ་ནི་ཁྲུ་གསུམ་མོ།། སྣམ་སྦྱར་ཆུང་ངུ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ཕྱེད་དང་ལྔའོ།། ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ ་མོ། ། འབྲིང་ནི་དེའི་བར་མའོ།། དེ་བཞིན་དུ་བླ་གོས་ལ་ཡང་རྣམ་པ་གསུམ་མོ།། མཐང་གོས་ལ་ཡང་རྣམ་པ་གསུམ་མོ།། དེ་བཞིན་དུ་རྡུལ་གཟན་དང་། ཤིང་དཔུང་བཅད་ལ་ཡང་རྣམ་པ་གསུམ ་མོ། ། གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་ལྔའོ།། ཞེང་དུ་ནི་ཁྲུ་དོའོ།། གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་བཞིའོ།། ཞེང་དུ་ནི་ཁྲུ་དོའོ།། མཐང་གོས་ཀྱི་ཐ་མ་ནི་འཁོར་གསུམ་ཁེབས་པའི་ཚད ་དོ། སྤང་བའི་རྣམས་ཀྱི་ཐ་མ་ནི་ཁྲུ་གང་ཁོར་ཡུག་གོ།། དགེ་སློང་མས་གོས་སྤང་བར་གྱུར་པ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། སྤང་བའི་ལྟུང ་བྱེད་གསུམ་པ་རྫོགས་སོ། ། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་སོ།། གང་གི་ཚེ་བཅོམ ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ། མགོན་མེད་ཟས་སྦྱིན་གྱིས་གསོལ་ནས། ཉེ་དུ་མ་ཡིན་པ་ལས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དགེ་སློང་མ་དག་ཆོམ་རྐུན་པས་གཏོགས ་ནས། དགེ་སློང་མ་ཆོམ་རྐུན་པས་གཏོགས་པ་ལས་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་ཞེས། དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་ཐོས་ནས། བཅོམ་ལྡན ་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ། དགེ་སློང་མ ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བསླབ་པའི་གཞི་འདི་ལ་བདག་ཅག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་སློང་ན་དུས་མ་གཏོགས་ཏེ། དེ་ལས་འོངས་ན་སྤང་བའི་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་མ་གོས་ཕྲོགས་སམ། གོས་བརླག ་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་བསླང་བར་བྱ་སྟེ། དེ་ལ་དུས་ནི་དེ་ཡིན་ནོ།། 5 ་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་བའི་འོ། ། ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི། ཕྱི་མོ་དང་མེས་པོའི་ཕྲུགས་བདུན་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ།། ཁྱིམ་བདག་གམ་ཞེས་བྱ་བ ་ནི་སྐྱེས་པའོ། ། ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། སློང་ན་ཞེས་བྱ་བ་ནི། དུས་མ་གཏོགས་པར་བདག་ཉིད་དམ། གཞན ་སློང་དུ་འཇུག་ནའོ། ། དེ་ལ་དུས་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི། དེ་ལ་འདི་ནི་ཆོས་དང་མཐུན་པ་ཡིན་པའོ།། གོས་ཕྲོགས་སམ་ཞེས་བྱ་བ་ནི། ཆོམ་རྐུན་ནམ་གཡོ་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར ་བའོ། ། གོས་བརླག་གམ་ཞེས་བྱ་བ་ནི། དེའི་གོས་དག་བརླག་པའམ། འཁྱམས་པར་གྱུར་པའོ།། གོས་ཆུས་ཁྱེར་རམ་ཞེས་བྱ་བ་ནི། དེའི་གོས་དག་ཆུས་ཁྱེར་བར་གྱུར་པའོ།། གོས་ཚིག་གམ ་ཞེས་བྱ་བ་ནི། དེའི་གོས་དག་མེས་ཚིག་པར་གྱུར་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ཁ ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཤེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་ཀར་ཤ་པ་ཎ་ལྔ་རིབ་བསླངས་ནས། ་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་ཆེས་ལྷག་པར་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་ཀར་ཤ་པ་ཎ་བཅུ་དང་ཉི་ཤུ་རི་བ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན ་ཐང་ལས་སོ། ། ཇི་ལྟར་ཁ་དོག་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་སྔོན་པོ་བསླངས་ནས། སློང་བ་ན་དེ་ལ་ཉེས་བྱས་སོ།། ་ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སེར་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སྔོན་པོ་དང་། དེ་བཞིན་དུ་དམར་པོ་ལ་སྔོན་པོ་དང་དཀར་པོ་ཉིད་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ་བདས ་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སེར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་དམར་པོ་བསླངས་ན། ་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་དམར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ། ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ ་སོང་ནས། གོས་དཀར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་དཀར་པོ་དང་། སེར་པོ ་དང་། དམར་པོ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཚད་ལས་ཤེ་ན། ཡང་དགེ་སློང་མ་ཀང་ཁྱིམ་བདག་གམ། ཁྱིམ་བདག་གི ་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་ཁྲུ་ལྔ་པ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ཁྲུ་ལྔ་པའི་གོས་གང་ཡིན་པ་བསླངས་ན། ཁྲུ་དྲུག་པ་ཐོཿ ་ན་ལྟུང་བ་མེད་དོ། ། དེ་བཞིན་དུ་ཁྲུ་བཅུ་པ་དང་། ཁྲུ་བཅུ་གཅིག་པ་དང་། དེ་བཞིན་དུ་ཁྲུ་ཉི་ཤུ་པ་དང་། ཁྲུ་ཉི་ཤུ་རྩ་གཅིག་པ་ཐོབ་པ་དང་། དེ་བཞིན་དུ་ཁྲུ་བཅུའི་བར་དུ་བསླངས་ལ། རས་མ་ཐོང ་པ་དང་། རས་མ་བསླངས་ལ། སྣམ་སྦྱར་གྱི་བར་དུ་ཐོབ་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཞི་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ ་མཉན་ཡོད་དུ་དགེ་སློང་མ་ཆོམ་རྐུན་པས་བཅོམ་པ་དག་ལྷགས་སོ། ། དེ་ནས་བཅུ་གཉིས་སྡེ་དགའ་མོ་དང་། ཉེ་དགའ་མོ་དང་། སྦོམ་དགའ་མོ་རྣམས་ཀྱིས། དེ་དག་གི་ཆེད་དུ་བྲམ་ཟེ་དང་ཁྱིམ་བདག ་དག་གི་ཁྱིམ་རྣམས་སུ་དོང་ནས། གོས་རབ་ཏུ་མང་པོ་དག་བསྒྲུབས་ཏེ། བསྒྲུབ་ནས་འབུལ་དུ་འཇུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ་སློང་མ་གོས་ཕྲོགས་སམ། ་གོས་བརླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན། ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་བསླང་བར་བྱའོ།། གལ་ཏེ་དེ་ལ་བྲམ་ཟེ་དང ་ཁྱིམ་བདག་དད་པ་ཅན་གྱིས་གོས་རབ་ཏུ་མང་པོ་སྟོབས་ལ། འདོད་ན་དགེ་སློང་མ་དེས་གོས་དེ་ལས་བླ་གོས་དང་མཐང་གོས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ།། དེ་ལས་ལྷག་པར་ལེན ་ན་སྤང་བའི་ལྟུང་བྱེད་དོ། ། གོས་ཕྲོགས་སམ་ཞེས་བྱ་བ་ནི། ཆོམ་རྐུན་ནམ། གཡོ་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ།། སློང་ན་ཞེས་བྱ་བ་ནི་རང་ངམ་གཞན་གྱི་བར་གྱིས ་སོ། ། གལ་ཏེ་དེ་ལ་ཞེས་བྱ་བ་ནི་དགེ་སློང་མ་དེ་ལའོ།། དད་པ་ཅན་ཞེས་བྱ་བ་ནི། སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་དད་པ་དང་། བདེན་པ་མཐོང་བ་དང་། འབྲས ་བུ་ཐོབ་པ་གང་དག་ཡིན་པའོ། ། བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ལ་སོགས་པའོ།། ཁྱིམ་བདག་ཅེས་བྱ་བ་ནི་དེ་ལས་རིགས་གཞན་པའོ།། ལྷག་པར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ།། ་རབ་ཏུ་མང་པོ་ཞེས་བྱ་བ་ནི། གོས་བདུན་པོ་གང་ཡང་རུང་བ་ལས་ཇི་ཙམ་གྱིས་ཆོག་པའོ།། སྟོབས་ལ་ཞེས་བྱ་བ་ནི་མགྲོན་དུ་གཉེར་ནའོ།། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། ་དགེ་སློང་མ་དེས་ཞེས་བྱ་བ་ནི་དོན་དུ་གཉེར་བ་གང་ཡིན་པ་དེས་སོ།། བླ་གོས་དང་མཐང་ཀོས་དང་བཅས་པའི་མཐར་ཐུག་པ་ཞེས་བྱ་བ་ལ། བླ་གོས་དང་མཐང་ཀོས་དང་བཅས་པ་ནི་གཉིས་ཏེ། ་ཁྱིམ་པའི་བླ་གོས་དང་མཐང་གོས་དང་བཅས་པ་དང་། དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པའོ།། ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང ་བཅས་པ་གང་ཞེ་ན། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་ཁྲུ་བདུན་པ་དང་དོ་པ་སྟེ། འདི་ནི་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཞེས་བྱའོ།། དགེ་སློང ་མའི་བླ་གོས་དང་མཐང་གོས་དང་བཅས་པ་གང་ཞེ་ན། སར་པ་ལས་སྣམ་སྦྱར་ཉི་རིམ་དང་། རས་ཡུག་ཕྲན་ཁྲུ་ལྔ་པ་དང་དོ་བའོ།། གོས་དེ་ལས་བླང་བར་བྱའོ་ཞེས་བྱ་བ་ནི། དེ་ལས་བླ་གོས ་དང་མཐང་གོས་དང་བཅས་པའོ། ། དེ་ལས་ལྷག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཁྱིམ ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཐོབ་ལ~ཾ། ཁྱིམ་པའི་སྟོང་གཡོགས་དང་། སྨད་གཡོགས་དང་བཅས་པ་བླངས་ནས། དེས་རས་སྲག་ཆེམཐུ་བཅུ་གཉིས་པ་དེ་ལ་ན ་སྣམ་སྦྱར་ཉི་རིམ་པར་བྱའོ། ། རས་ཡུག་ཕྲན་ཁྲུ་བདུན་པ་དང་དོ་པ་ལ་ནི་མཐང་གོས་བྱའོ།། གལ་ཏེ་མི་ལྡང་ན་ཡང་བསླང་བར་མི་བྱ་ལ། ལྷག་པར་གྱུར་ན་ཡང་སྦྱིན་པར་མི་བྱའོ།། དགེ་སློང ་མས་དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པར་ཐོབ་ལ། དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པ་བླངས་ན། དེས་སྣམ་སྦྱར་དེ་ལས་ནི་ནམ་སྦྱར་ཉིད་དུ་བྱའོ།། རས་ལུག ་ཕྲན་ཁྲུ་ལྔ་པ་དང་དོ་པ་ནི་མཐང་གོས་བྱའོ། ། གལ་ཏེ་མི་ལྡང་ན་ཡང་བསླབ་པར་བྱའོ།། ལྷག་པར་གྱུར་ན་ཡང་སྦྱིན་པར་བྱའོ།། དགེ་སློང་མས་ཁྱིམ་པ་ལས་ཆུང་བ་སློང་ན། སློང་བ་དེ་ལ་ཉེས ་བྱས་སོ། ། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཆུང་བ་སློང་ན་ཉེས་བྱས་སོ།། ལྷག་སྟེ་མ་བྱིན་ན་སྤང་བའི་ལྟུང་བྱེད་དོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ་སྤང་བའི་ལྟུང་བྱེད་ལྔ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ནས། རྣམ ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་ཡོད་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་སོ།། དེ་ཡང་ཇི་ཙམ་དུས་གཞན་ཞིག་ན། བུད་མེད་གཞན་ཞིག་དང་ལྷན་ཅིག་འཇིག་རྟེན་པའི ་འཕྱན་པོ་དག་ལ་ཞུགས་པ་དང་། དེ་ཆུང་མ་དེས་བཟློག་གོ། དེ་བཟློག་པ་ན་མ་བཏུབ་ནས། དེའི་ཆུང་མ་དེ་ལ་སྙིང་ན་ནས་མི་གཞན་ཞིག་དང་ལྷན་ཅིག་དགའ་དགུར་སྤྱད་པ་ལ་ཞུགས་པས། ཁྱིམ ་དེསྒོ་གཉིས་ཀྱིས་རྒུད་པར་གྱུར་ནས། དེ་གཉིས་ཀྱིས་བྲན་མོ་ཡང་རྒྱུན་དུ་བརྡེགས་སོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་བླངས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས ་ནས། དེ་མཉན་ཡོད་དུ་བསོད་སྙོམས་སྤྱོད་ཅིང་ཁྱིམ་བདག་དེའི་ཁྱིམ་གང་ཡིན་པར་སོང་སྟེ། སོན་ནས་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདོད་ཆགས་ལ་འདོད་ཆགས་དང་བྲལ་བར་བྱ ་བའི་ཕྱིར་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཆོས་བཤད་པ་དང་། དེ་གཉིས་ཀྱིས་ཕན་ཚུན་དུ་བལྟས་ཏེ། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་འདི ་ནི་བདག་གིས་མ་ནོངས་ཏེ། ནོངས་པ་འདི་ནི་རྗེའི་སྲས་འདི་ལགས་སོ།། ཚོང་དཔོན་གྱིས་འདི་སྐད་ཅེས། འདི་བདག་གི་ཡང་མ་ལགས་མོད་ཀྱི། ནོངས་པ་འདི་ནི་བཟང་མོའི་ལགས་སོ་ཞེས་སྨྲས་པ ་དང་། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་ཡང་གཞན་གྱི་བུད་མེད་དང་། ཁྱིམ་བདག་གི་ཆུང་མ་དེ་ཡང་གཞན་གྱི་སྐྱེས་པ་དང་། བསླབ་པའི་གཞི་འཛིན་དུ་བཅུག་གོ། དེ་གཉིས་ཀྱིས་དམ་པ་མ་ཡིན་པའི ་ཆོས་དེ་ལས་ལོག་པས་ཁྱིམ་དེ་རྒྱས་པར་གྱུར་ནས། བྲན་མོ་དེ་ཡང་ཁྱིམ་བདག་དེའི་དཔོན་མོར་བཅུག་གོ། དེ་ནས་ཁྱིམ་བདག་དེ་དང་ཁྱིམ་བདག་གི་ཆུང་མ་ངེས་བསམས་པ། བདག་ཅག་གིས་ལེགས ་པ་དང་སྐལ་བ་གང་ཅུང་ཟད་ཅི་བདོག་པ་ཐམས་ཅད་ནི་འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་སོ། ། བྲན་མོ་དེས་ཀྱང་བསམས་པ། ད་ལྟར་བདག་བདེ་བ་དང་ཡིད་བདེ་བ་ཅུང་ཟད་ཅི་བདོག་པ ་གང་ཡིན་པ་དེ་ཐམས་ཅད་ནི། འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་ཀྱིས། ཀྱེ་མའོ་བདག་གིས་འཕགས་མ་སྦོམ་དགའ་མོ་ལ་དབུལ་བར་བྱའོ་སྙམ་ནས། དེ་ཕྱི་རོལ་དུ་བྱུང་བ་དང ་སྦོམ་དགའ་མོ་མཐོང་ངོ་། ། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ལ་གཏམ་སྙན་སྦྲན་པར་བགྱི་སྟེ། འཕགས་མས་རྗེའི་སྲས་ལས་རས་ཡུག་ཆེན་གཅིག་ཐོབ་པར་འགྱུར་རོ།། ་དེ་ནས་སྦོམ་དགའ་མོ་ཁྱིམ་དེར་སོང་ནས། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁོ་མོ་ལ་སྦྱིན་པར་འདོད་པའི་རིས་ཡུག་ཆེན་གང་ཡིན་པ་དེ་བལྟས་འོན་ཅིག། ་དེ་ནས་ཁྱིམ་བདག་དེ་རས་ཡུག་ཆེན་དེ་བླངས་ནས་སྦོམ་དགའ་མོ་ལ་བྱིན་པ་ལས། སྦོམ་དགའ་མོས་རས་ཡུག་ཆེན་སྦོམ་པོ་དེ་མཐོང་ནས་བཞིན་སྦྱར་བར་བྱེད། ལག་པ་འདྲིལ་བར་བྱེད་པ་དང་། དེ ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་འདི་ཅི་ནོངས། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་འདི་ཅི་བཟང་པོ་ཡིན་སྙམ་མམ། ཁྱིམ་བདག་གལ་ཏེ་འདི་ཁོ་མོས་བགོས་ཏེ ་ཁྱིམ་དག་ཏུ་སོན་ན། ཁོ་མོ་ལ་དེ་དག་སུ་ལས་ཐོབ་པའི་གོས་ཡིན་ཞེས་འདྲི་ན། ཁོ་མོ་ནི་ངོ་ཚན་ཇི་སྐད་ལན་གདའ། དེ་གཉིས་ཀྱི་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་ཅག་ལ་འདི་མཆིས ་ཀྱི། གཞན་ནི་མ་མཆིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁོ་མོས་ཁྱོད་ལ་བསྟན་པར་བྱའོ།། ཇི་ལྟར་བགྱི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་རས་ཡུག ་ཆེན་འདི་ཉིད་བཙོངས་པའི་སྟེང་དུ་ཅུང་ཟད་ཅིག་བསྣན་དང་། ལྷག་པར་བཟང་པོར་འགྱུར་རོ།། ཆུང་མས་ཀྱང་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག། དེ་ཚོང་དུས་སུ་སོང་སྟེ། ཚོང ་པབ་ལ་ཞག་དུས་བཏབ་ནས་རས་ཡུག་ཆེན་སར་པ་ཞིག་སྦྱིན་པོར་བླངས་ཏེ་བསྐོན་ནོ། ། དེ་ནས་ཚོང་པ་དེས་དུས་ཚང་ནས་ཚོང་དཔོན་དེ་བཟུང་བ་གཞན་དག་གིས་མཐོང་བ་ནས། སྨོད་པར་བྱེད་པའི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ། དགེ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱིས་རིན་དག་སྤགས་པར་གྱུར་ལ། དེར་ཡང་དགེ་སློང་མ་དེ ་ལ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་གོས་ཀྱི་རིན་དག་སྤགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིནི་སྤགས་པ་དེ་དག ་གིས། ཚེ་དང་ལྡན་པ་དག་གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན། བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང ་བྱེད་དོ། ། དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། གོས་ཀྱི་རིན་དག་ཅེས་བྱ་བ་ནི་དངུལ་དང་གསེར་རོ།། སྤགས་ཏེ ་ཞེས་བྱ་བ་ནི། བདག་གི་གོས་ཀྱི་རིན་དངུལ་དང་གསེར་འདི་དག་གིས་ཞེས་མངོན་པར་འདུས་བྱས་པའོ།། འདི་ལྟ་བུ་དང་འདི་ལྟ་བུ་དག་ཅེས་བྱ་བ་ནི། གོས་བདུན་པོ་གང་ཡང་རུང་བ་ལས ་གོས་འདི་འདྲ་བ་དག་ཉོས་ཤིག་ཅེས་བྱ་བའོ། ། དགེ་སློང་མ་འདི་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འོངས་ན་ཞེས་བྱ་བ་ནི་འོངས་ནའོ།། སྐོན་ཅིག་ཅེས་བྱ་བ་ནི་ཕུལ་ཅིག་ཅེས་བྱ་བའོ།། གོས་ཞེས ་། བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། རུང་བ་དུས་སུ་ཞེས་བྱ་བ་ནི་ལོངས་སྤྱོད་པར་འོས་པའོ།། དེར་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔར་མ་བསྟབས་པར་ཞེས་བྱ་བ་ནི། སྔར ་དོན་དུ་མ་གཉེར་བར་རོ། ། རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ནས་ཞེས་བྱ་བ་ནི། རྟོག་པ་འགའ་ཁོ་ན་སྐྱེས་པའོ།། ཁྱེད་ཀྱིས་ཁོ་མོའི་ཆེད་དུ་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པའོ།། གོས་གྲུབ ་ན་ཞེས་བྱ་བ་ནི་ཐོབ་ནའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ཁ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐ ་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ཀར་ཤ་པ་ཎ་ལྔ་རི་བ་བྱིན་ལ། གོས་ཀར་ཤ་པ་ཎ་ལྔ་རི་བ་བླངས་ན་ལྟུང་བ་མེད་དོ།། གལ ་ཏེ་ལྷག་པར་སློང་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་ཀར་ཤ་པ་ཎ་ཉི་ཤུ་རི་བའི་བར་དུ་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ།། ཇི་ལྟར་ཁ་དོག ་ལས་ཤེས་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སྔོན་པོ་གང་ཡིན་པ་བྱིན་ལ། གོས་སྔོན་པོ་བླངས་ན་ལྟུང་བ་མེད་དོ།། གལ་ཏེ་སེར ་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲབ་མོའི་བར་དུ་སྔ་མ་བཞིན་ཏེ། ་དེ་ལྟ་བུ་ནི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཚད་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། རས་ཡུག་ཆེན་ཁྲུ་ལྔ་པ ་བྱིན་ལ། རས་ཡུག་ཆེན་ཁྲུ་ལྔ་པ་བླངས་ན་ལྟུང་བ་མེད་དོ།། གལ་ཏེ་ལྷག་པ་བླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ཁྲུ་ཉི་ཤུའི་བར་ལ་ཡང་དེ་བཞིན་ནོ།། ་སྤང་བའི་ལྟུང་བྱེད་དྲུག་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། བྱུང་བ་འདི་ཉིད་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་སོ་སོ་ནས་གོས་ཀྱི་རིན་དག་བསྡོགས་པར་གྱུར་ལ། བདག་ཅག་སོ་སོ་ནས་གོས་ཀྱི་རིན་བསྡོགས་པ་འདི་དག་གིས ་གོས་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང་། དེ་ལ་སོ་སོ་ནས་གོས་བསྐོན་པར་བྱའོ་སྙམ་པ་ལས། དེར་གལ་ཏེ་དགེ་སློང་མ་དེ་སྔར་མ་བསྟབས་བཞིན་དུ་རྣམ ་པབཔར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་སོ་སོ་ནས་གོས་ཀྱི་རིན་བསྡོགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་སོ་སོ ་ནས། གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ། གཉིས་ཀ་འདུས་ཏེ་གོས་རུང་བ་དུས་གཅིག་ཏུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན། བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྷུང ་བྱེད་དོ། ། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བསླབ་པའི་གཞི་འདི་ལ་ཡང་རྗེས་སུ་མཐུན་པར་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱི་ཁྱད་པར་ནི་འདི་ཡོད་དེ། སོ་སོ་ཞེས་བྱ ་བ་ནི་རེ་རེའོ་ཞེས་བྱ་བ་ནས། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བའི་བར་འདི་ནི་ཐ་དད་དུ་བྱ་བ་ཡིན་ནོ།། སྤང་བའི་ལྟུང་བྱེད་བདུན་པ་རྫོགས་སོ།། །། གླེང་གཞི་ནི་རྒྱལ་པོའི ་ཁབ་ནའོ། ། བཅོམ་ལྡན་འདས་ཀྱིས་ཁ་ཅིག་དགེ་སློང་ཐུན་མོང་དང་། ཁ་ཅིག་དགེ་སློང་མ་ཐུན་མོང་དང་། ཁ་ཅིག་གཉིས་ཀ་ཐུན་མོང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡིན་པས། འདིར་ནི ་བཅོམ་ལྡན་འདས་ཀྱིས་གཉིས་ཀ་ཐུན་མོང་བ་མཛད་དེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། རྒྱལ་པོའི་ཁབ་ཏུ་ཉེ་དགའ་ལས་བརྟེན་ཏེ་ཀར་ཤ་པ་ཎ་ལེན་པའི་བསླབ་པའི་གཞི་བཅའ་བར་མཛད་པ་དེའི ་ཚེ། དགེ་སློང་མ་གང་དག་བསླབ་པ་འདོད་པ་དག་ནི་རྗེས་སུ་བྱེད་དོ།། དེ་ནས་དགེ་སློང་མ་ཉེ་དགའ་མོ།། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ལས། ཀར་ཤ ་པ་ཎ་སློང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ ་བདག་གམ། གྲོང་རྡལ་གྱི་མི་འམ། ཡུལ་གྱི་མི་འམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱིས་རིན་དག་བསྐུར་བར་གྱུར་ལ། ་དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས། དགེ་སློང་མ་དེའི་དྲུང་དུ་སོང་སྟེ། སོན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་མཁྱེན་པར་མཛོད་ཅིག། ཁྱོད་ལ་གོས་ཀྱི་རིན་འདི་དག་རྒྱལ ་པོའམ། བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱིས་མི་འམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོ་ཞིག་གིས་བསྐུར་བ་ལགས ་ཀྱིས། འཕགས་མས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། གོས་ཀྱི་རིན་འདི་དག་བཞེས་སུ་གསོལ་ཞེས་སྨྲ་ན། དགེ་སློང་མ་དེས་ཕོ་ཉི་ལ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས ་ནི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་པས། ཁོ་མོ་ཅག་ནི་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ།། གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་རྣམས ་ཀྱིས་ཞལ་ཏ་བགྱིད་པ། འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་མཆིས་སམ་ཞེས་ཟེར་ན། དགེ་སློང་མ་གོས་འདོད་པས། ཕོ་ཉ་འདི་དག་ནི་དགེ་སློང་མ་རྣམས་ཀྱིས ་ཞལ་ཏ་ཉམས་སུ་ལེན་པ་ཡིན་ནོ་ཞེས། ཀུན་དགའ་ར་བ་པ་འམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ།། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ཀ་ན་བ་དེར་འགྲོ་བར་བྱ་སྟེ་སོན་ནས། ཞལ་ཏ ་བྱེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། དགེ་སློང་མ་འདི་ལྟ་བུ་ཞིག་གི་ཆེད་དུ་གོས་ཀྱི་རིན་འདི་དག་རྒྱལ་པོ་འམ་ཞེས་བྱ་བ་ནས། དེད་དཔོན་ཞེས་བྱ་བའི་བར ་གྱིས་བསྐུར་བ་ཡིན་གྱིས། ། ཞལ་ཏ་བྱེད་པ་ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས། གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང་། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས ་བརྗོད་པར་བྱའོ། ། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས། དགེ་སློང་མ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས། དགེ་སློང་མ ་དེ་ལ་འདི་སྐད་ཅེས་འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས། ཁྱོད་དེའི་དྲུང་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས། ་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ།། དགེ་སློང་མ་གོས་འདོད་པས་ཀྱང་ཞལ་ཏ་བྱེད་པ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ་སོན་ནས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས ་འདོད་དོ། ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ།། ལན་གཉིས་ལན་གསུམ་དུ་སོང་སྟེ་བསྐུལ་ཅིང་དྲན་པར ་བྱས་པ་ལས། གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་ལན་བཞི། ལན་ལྔ། ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ།། ལན་བཞི ་ལན་ལྔ། ལན་དྲུག་གི་མཐར་ཐུག་གི་བར་ཕྱོགས་སུ་བསྡད་པར་བྱས་པ་ལས། གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་དེ་ལས་ལྷག་པར་གོས ་བསྒྲུབས་པའི་ཕྱིར་བརྩལ་བར་བྱས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་མ་གྲུབ་ན་དགེ་སློང་མ་དེས་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་ཉིད་འགྲོ་བར་བྱའོ།། ་ཡང་ན་ཡིད་གཅུགས་པའི་ཕོ་ཉ་ལས་ཁྱེད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་གང་ཡིན་པ་དག་བསྐུར་བ་ལས་གོས་ཀྱི་རིན་དེ་དག་གིས་ནི། དགེ་སློང་མ་དེའི་དོན་ཅི་ཡང ་མ་གྲུབ་ཀྱིས། ཤེས་པར་གྱིས་ཤིག། ཚེ་དང་ལྡན་པ་དག་རང་གི་ནོར་ཆུང་མ་གཟན་ཅིག་ཅེས་སྤྲིད་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། དགེ་སློང་མའི་ཆེད་དུ་ཞེས་བྱ་བ་ནི། ་ཤཱཀྱའི་བུ་མོ་ཉེ་དགའ་མོའིའོ།། རྒྱལ་པོ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་སྟེ། བུད་མེད་དམ། སྐྱེས་པ་འམ། མ་ནི་ང་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་བ་གང་ཡིན་པ་དེ་ནི ་རྒྱལ་པོ་ཡང་ཡིན། དེ་ནི་རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ།། བློན་པོ་ཆེན་པོ་འམ་ཞེས་བྱ་བ་ནི། རྒྱལ་པོའི་བྱ་བ་བྱེད་པ་སྟེ། གསང་ཚིག་མཐུན་པས་འ ་བའོ། ། བྲམ་ཟེ་འམ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ནོ།། ཁྱིམ་བདག་གམ་ཞེས་བྱ་བ་ནི་ཕྱུག་པོའོ།། གྲོང་རྡལ་གྱི་མི་ཞེས་བྱ་བ་ནི་གྲོང་གླིངས་པའོ།། ཡུལ་གྱི་མི་འམ་ཞེས་བྱ་བ་ནི་ཡུལ ་ན་གནས་པའོ། ། ནོར་ཅན་ནམ་ཞེས་བྱ་བ་ན་ནོར་བྱེ་བས་ཕྱག་པའོ།། ཚོང་དཔོན་ནམ་ཞེས་བྱ་བ་ནི་ཅོད་པན་བཅིངས་པའོ།། དེད་དཔོན་གྱིས་ཞེས་བྱ་བ་ནི་གང་གིས་ཡུལ་གཞན་དུ་དོན་མཐུན ་ངག་དེད་པའོ། ། ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་གིའོ།། གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་དང་དངུལ་དག་གོ།། བསྐུར་ཏེ་ཞེས་བྱ་བ་ནི་བརྫངས་ཏེའོ།། ་དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་།། གོས་ཀྱི་རིན་དེ་དག་བླངས་ཏེ་ཞེས་བྱ་བ་ནི་ཁྱེར་ནས་སོ།། དགེ་སློང་མ་དེ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དགའ་མོའོ།། ་སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའོ།། འཕགས་མ་མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ནི། གོས་ཀྱི་རིན་འདི་དག་ནི་རྒྱལ་པོས་བསྐུར་བའོ། ་ཞེས་རིག་པར་བྱའོ།། སྣོམས་ཤིག་ཅེས་བྱ་བ་ནི་ལོང་ཞིག་པའོ།། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི། ལེགས་པར་འདོད་པ་ཉེ་བར་བཟུང་སྟེའོ།། དགེ་སློང་མ་དེས ་ཞེས་བྱ་བ་ནི་ཉེ་དགའ་མོས་སོ། ། ཕོ་ཉ་བ་དེ་ཞེས་བྱ་བ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་།། ཚིག་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། འདི་སྐད་ཅེས་ཡང་དག་པར ་བསྒོ་བར་བྱ་བའོ། ། ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི། དེ་དག་ལེན་པ་བཅོམ་ལྡན་འདས་ཀྱིས་བཀག་གི། བཅོམ་ལྡན་འད། ་ཀྱིས་ཁོ་མོ་ཅག་ལ་ནི་གོས་རུང་བ་རྗེས་སུ་གནང་བའོ།། གལ་ཏེ་ཕོ་ཉིད་དགེ་སློང་མ་དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་འདྲི་ནའོ།། འཕགས་མ་རྣམས་ཀྱི་ཞལ་ཏ ་པ་ཞེས་བྱ་བ་ནི། འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་ཞེས་བྱ་བའོ།། དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པ་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ། ཀུན་དགའ་ར་བ་པ་ཞེས་བྱ་བ་ནི ་རུང་བ་བྱེད་པའོ། ། དགེ་བསྙེན་ཞེས་བྱ་བ་ནི་བསླབ་པའི་གཞི་ལྔ་པའོ།། འདི་དག་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། འདི་དག་གིས་དགེ་སློང་མ་དེ་རྣམས་ཀྱི་ཞལ་ཏ་བྱེད་པ ་ཉམས་སུ་མྱོང་བའི་ཕྱིར་རོ། ། གལ་ཏེ་ཕོ་ཉ་དེ་ཞལ་ཏ་བྱེད་པ་གང་ན་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་ཞེས་བྱ་བ་ནི། དེ་ལ་དགོས་པར་རིག་པར་བྱ་བའི་ཕྱིར་ཕྱིན་པའོ།། ཞལ་ཏ་བྱེད་པ་ཤེས་པར་གྱིས ་ཤིག། གོས་ཀྱི་རིན་འདི་དག་ནི་ཞེས་བྱ་བ་ནི། གསེར་དང་དངུལ་དག་རྒྱལ་པོའི་བར་གྱིས་བསྐུར་བ་དག་གོ།། དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དགའི ་འོ། ། དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་།། ཞལ་ཏ་བྱེད་པ་ཀུན་དཀའ་ར་བ་པ་འམ། དགེ་བསྙེན་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ནས་ཞེས ་བྱ་བ་ནི། རྣམ་གྲངས་དུ་མས་སོ།། དགེ་སློང་མ་དེ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དཀའ་མོའོ།། གང་ན་བ་དེར་འགྲོ་བར་བྱ་སྟེ། བྱིན་ནས་ཞེས་བྱ་བ་ནི་སོན་ནས་སོ།། འདི་སྐད་ཅེས་སྨྲ་བར་བྱསྟེ། ་འཕགས་མ་རྣམས་ཀྱི་ཞལ་ཏ་བྱེད་པ་བསྟན་པ་གང་ལགས་པ་དེ་ལ། བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་བཞུད་ཅིག་དང་། དེས་ཁྱོད་ལ་གོས་བསྐོན་པར་འགྱུར་རོ་ཞེས་བྱ་བ་ནི། བདུན་པོ ་གང་ཡང་རུང་བའོ། ། རུང་བ་ཞེས་བྱ་བ་ནི་ལོངས་སྤྱད་པར་འོས་པའོ།། དགེ་སློང་མ་གོས་འདོད་པ་ཞེས་བྱ་བ་ནི། གལ་ཏེ་གོས་དོན་དུ་གཉེར་བར་གྱུར་ནའོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། ་ལན་གཉིས་ཞེས་བྱ་བ་ནི་ལན་གཉིས་ཀྱི་བར་དུའོ།། ལན་གསུམ་དུའོ་ཞེས་བྱ་བ་ནི་ལན་གསུམ་གྱིས་བར་དུའོ།། བསྐུལ་བར་བྱ། དྲན་པར་བྱའོ།། དོན་དེ་གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ ་། དེ་ལྟ་ན་བཟང་བའོ།། ཇི་སྟེ་མ་གྲུབ་ན་ལན་པ་ནི། ལན་ལྔ། ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་པོ་སྨེ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི། ཕྱོགས་སུ་བསྡད་པ་བཞི་དང་། བསྐུར ་བའི་སྒོ་དྲུག་པོ་དག་གིས་སོ། ། ཕྱོགས་སུ་བསྡད་པ་བཞི་པོ་དག་གང་ཞེ་ན། ཀུན་གནས་དང་། འདུག་གནས་དང་། ཟོང་གནས་དང་། ལས་ཀྱིས་མཐའི་གནས་སོ།། ་། བམ་པོ་བཅུ་གསུམ་པ།། ། དེ་ལ་ཀུན་གནས་ཞེས་བྱ་བ་ནི། འདྲེག་མཁན་དང་རྫ་མཁན་གྱི་གནས་སོ།། འདུག་གནས་ཞེས་བྱ་བ་ནི། ཁྱིམ་སྟེ་ལྷག་པར་གནས་པའོ།། ་ཟོང་གནས་ཞེས་བྱ་བ་ནི། ཚོང་ཁང་དང་ཚོང་རྡལ་ལོ།། ལས་ཀྱི་མཐའི་གནས་ནི་གསུམ་སྟེ། སཱ་ལུའི་ལས་ཀྱི་མཐའ་དང་། ལན་ཚྭ་དང་། བུ་རམ་ཤིང་གི་ལས་ཀྱི་མཐའ་སྟེ། འདི་ནི་ཕྱོགས་སུ ་བསྡད་པ་བཞི་ཞེས་བྱའོ། ། བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འོངས་སམ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། འོངས་པ་ལེགས་སོ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ ་དང་། སྟན་འདི་ལ་འདུག་ཅིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། བཅའ་བ་འདི་འཚོ་ཞིག་ཅེས་བྱ་བ་དང་། ཟས་འདི་ཟོ་ཞིག་ཅེས་བྱ་བ་དང་། བ་ལྟུང་བ་འདི་འཐུངས་ཤིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ ་འད་ག་མ་ཛིན་རྒྱས། མརྫོགས་པར་བད་ཅིང་གང་དུག་པས་མེད་པར་བསྐུལན། བཕྲུལ་པ་ཡངས་ས་མརྫོགས་པས་བརྗོད་པར་བྱའོ།། ཎག་པས་ཡོད་པས ་ན། བསྐུལ་བ་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བྱའོ།། དེ་ལྟར་གནས་དེ་རྣམས་སུ་ཅང་མི་སྨྲ་བར་བསྡད་པ་ན་གོས་དེ་གྲུབ་ནའོ་ཞེས་བྱ་བ་ནི་རྙེད་ནའོ།། དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན ་བཟང་བའོ། ། ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ།། ལྷག་པར་བརྩལ་བ་བྱས་ནས་ཞེས་བྱ་བ་ནི། དེའི་འོག་རོལ་ཏུ་ལྷག་པར་རོ།། གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང ་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ།། ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་ཉེ་དགའ་མོའོ།། ཕྱོགས་གང་ནས་གོས་ཀྱི ་རིན་དེ་དག་འོངས་པར་གྱུར་པ་ཞེས་བྱ་བ་ནི། གང་ལས་འོངས་པར་གྱུར་པའོ།། དེར་བདག་ཉིད་འགྲོ་བར་བྱ་བ་འམ་ཞེས་བྱ་བ་ནི་རང་ཉིད་དོ།། ཡིད་གཅུགས་པའི་ཕོ་ཉ་གཏང་བར་བྱའོ་ཞེས ་བྱ་བ་ནི། གང་ཞིག་སོང་ན་དོན་དེ་བྱེད་པར་འགྱུར་བའོ།། ཁྱོད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་བསྐུར་བ་གང་ཡིན་པ་དེ་དག་གིས་ནི། དེའི་དོན་ཅི་ཡང་མ་གྲུབ་ཅེས ་བྱ་བ་ནི། དགོས་པ་ཅུང་ཟད་ཀྱང་མ་བྱས་པའོ།། ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི། ཚེ་དང་ལྡན་པ་དག་རང་གི་ནོར་ཚུལ་མ་ཡིན་པར་ཆུད་མ་གཟན་ཅིག་ཅེས་བྱ་བའོ།། དེ་ལ་དེ་ནི་ཆོ་ག ་ཡིན་ནོ་ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་ཆོས་ཡིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། འཕགས ་མ་གོས་དག་སྣོམས་ཤིག་ཅེས་ཟེར་ན། དགེ་སློང་མ་དེས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། འདི་དག་ཁོ་མོས་སྤངས་ཟིན་གྱིས། དེ་ཉིད་ལ་བྱིན་ཅིག་ཅེས་བརྗོད་པར་བྱའོ།། གལ་ཏེ་ཞལ་ཏ་བྱེད ་པ་དེ་ཡང་འདི་སྐད་ཅེས། འཕགས་མ་གོས་འདི་དག་བཞེས་ཤིག་དང་། བདག་གིས་དེའི་སེམས་གཟུང་ལགས་ཀྱིས་ཞེས་ཟེར་ན། གལ་ཏེ་དགེ་སློང་མས་རིམ་པ་འདི་མ་བྱས་པར་ལེན་ན ་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་དགེ་སློང་མས་བརྟགས་པ་མ་ཡིན་པ་དེས་གང་ཅུང་ཟད་དུ་ན་ལྷུང་བཟེད་དམ། ཆོས་གོས་སམ། གཞན་ཡང་དགེ་སྦྱོང་གི་འཚོ་བའི ་ཡོ་བྱད་གང་ཡང་རུང་བདག་གིར་བྱེད་ན། དེ་དག་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་བརྒྱད་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མོན་དར་གྱི་གདིང་བ་བཀག་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་མོན་དར་གྱི་གདིང་བ་དེ་དག་ཀྱང་བྱེད། བྱེད་དུ་ཡང་འཇུག་པ་དང་། དོན ་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་མོན་དར་སར་པ་ལས་གདིང་བ་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའི་འོ།། སར་པ་ཞེས་བྱ་བ་ལ་སར་པ་ནི་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། སྐབས་འདིར་ནི་སར་པ་ཁོ་ན་ཡིན ་པར་དགོངས་སོ། ། མོན་དར་ཞེས་བྱ་བ་ནི་སྲིན་བལ་ལ་བྱའོ།། གདིང་བ་ཞེས་བྱ་བ་ལ་གདིང་བ་ནི་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པ་སྟེ། སྐབས་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ།། ་བྱེད་ན་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་གྱིས་སོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཆུན་པོ་དང་། མངའ་བ་དང་། ཕུང་པོ་སྟེ། ་དགེ་སློང་མས་སྲིན་བལ་གྱི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན ་བལ་གྱི་མདའ་བ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཕུང་པོ་འབྱེད་པར ་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཆུན་པོ་དང་། མདའ་བ་དང་། ཕུང་པོ་འབྱེད ་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་མདའ་བ་དང་། ཕུང་པོ་དང་། ཆུན ་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཕུང་པོ་དང་། མདའ་བ་དང་། ་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་བྱས་པ་རྙེད་ན་ལོངས་སྤྱད་པ་ལ་ནི་ལྟུང་བ་མེད་དོ།། ་སྤང་བའི་ལྟུང་བྱེད་དགུ་པ་རྫོགས་སོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཙུག་ན་ནོར་བུའི་མདོ་ལས་འབྱུང་བའི་ངོ་བོ་ལ་བརྟེན་ནས་གསེར ་དང་དངུལ་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ། གསེར་དང་དངུལ་རང་གི་ལག་གིས་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད་པ་དང་། དགེ་སློང ་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླལ ་པ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད་དམ། ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ།། གསེར་དང་དངུལ་ཞེས་བྱ་བ་ནི་དབྱིག་དང་གསེར་རོ།། ལེན་པར་བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། ལེན་དུ ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གཞི་བཅོ་བརྒྱད་ཀྱིས་ཏེ། འདི་ལོང་ཞིག། འདི ་ནས་ལོང་ཞིག། འདི་ཙམ་ལོང་ཞིག་ཅེས་བྱ་བ་དང་། འདི་ཁྱེར་ཏེ་ཤོག། འདི་ནས་ཁྱེར་ཏེ་ཤོག། འདི་ཙམ་ཁྱེར་ཏེ་ཤོག་ཅེས་བྱ་བ་དང་། འདི་ཞོག་ཅིག། འདིར་ཞོག་ཅིག། འདི་ཙམ་ཞོག་ཅིག ་ཅེས་བྱ་བ་དང་། དེ་ལོང་ཞིག། དེ་ནས་ལོང་ཞིག། དེ་ཙམ་ལོང་ཞིག་ཅེས་བྱ་བ་དང་། དེ་ཁྱེར་ཤོག། དེ་ནས་ཁྱེར་ཏེ་ཤོག། དེ་ཙམ་ཁྱེར་ཏེ་ཤོག་ཅེས་བྱ་བ་དང་། དེ་ཞོག་ཅིག། དེར་ཞོག་ཅིག། དེ ་ཙམ་ཞོག་ཅིག་ཅེས་བྱ་བ་སྟེ། འདི་ལོང་ཞིག་ཅེས་བྱ་བ་ནི་དབྱིག་གམ་གསེར་རོ།། འདི་ནས་ལོང་ཞིག་ཅེས་བྱ་བ་ནི། ལྕགས་ཟངས་ནས་སམ། རྫ་བོ་ནས་སམ། ཟངས་ནས་སམ། ཕྱི་གྲེད་ནས་སམ ་ཟ་མ་ཏོག་ནས་སོ། ། འདི་ཙམ་ལོང་ཞིག་ཅེས་བྱ་བ་ནི། བརྒྱ་འམ་སྟོང་སྟེ། གང་ན་རུང་བ་བྱེད་པ་འམ། དགེ་སྦྱོང་ཡོད་པ་དེར་ལོང་ཞིག་ཅེས་བསྒོ་ན་ཉེ་བྱས་སོ།། བླངས་ན་སྤང་བའི་ལྟུང་བྱེད་དོ།། འདི ་ལོང་ཞིག། འདི་ནས་ལོང་ཞིག། འདི་ཙམ་ན་ལོང་ཞིག་ཅེས་བྱ་བ་ནས། འཐོབ་པར་མི་འགྱུར་བའི་ཕྱོགས་གང་དུ་རུང་བ་བྱེད་པ་འམ། དགེ་ཚུལ་མ་མེད་པ་དེར་ལོང་ཞིག་ཅེས་བསྒོ་ན་ཉེས་བྱས་སོ།། ་བླངས་ན་ཡང་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། གང་ཡང་ཡུལ་ཙམ་པའི་ཁྱིམ་བདག་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླངས་པར་བྱ་སྟེ། བཤེས་པ་གཞན་གྱིས་བཅང ་བར་བྱའོ། ། བཅང་བར་ནི་འདི་ལྟར་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཀར་ཤ་པ་ཎ་རུང་བ་མ་ལགས་པ་དག་བྱུང་སྟེ། བདག་མིང་འདི་ཞེས་བགྱི་བས་ཡོན ་བདག་གམ། ཡོན་བདག་གི་མཆིས་བྲང་ཆེ་གེ་མོ་ཞེས་བགྱི་བའི་མིང་གིས་རུང་བར་བགྱི་སྟེ། རྐྱེན་དེ་ཁོ་ནས་བཅང་བར་བགྱིའོ།། ནམ་རུང་བར་མ་བགྱིས་པ་འདིས་རུང་བར་བགྱིས་པ་གྲུབ་པ་དེའི་ཚེ། ་བདག་གིས་རུང་བར་བགྱིས་སོ་ཞེས་བྱ་བ་ནས་བཅང་བར་བྱའོ།། སྤང་བའི་ལྟུང་བྱེད་བཅུ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས།། ་དྲུག་སྡེ་རྣམས་ལ་བརྟེན་ནས་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ། མངོན་མཚན་ཅན་གྱིས་སྤྱོད ་འ་ཆོགས་། དན་བྱུང་པའི་དག་སློང་མ་དག་སྤྱོད་པར་བྱུ་པ་གས་ན། ནན་ང་། ནས་བཅཝོབ་ལྡན་འདས་ཀྱིས་བྱ ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་མངོན་མཚན་ཅན་གྱིས་སྤྱོད་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ།། མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ།། སྤྱོད་ན་ཞེས་བྱ་བ་ནི་ལྷག་པར་སྤྱོད་ནའོ།། ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རྣམ་པ་བཞི་སྟེ། ཀུན་ཏུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད།། ་སྐྱེད་འགྱེད་པར་བྱེད་པའོ།། དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི། ཡུལ་གྱི་རྙེད་པའི་ཕྱིར་ཟོང་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང་། ཤིང་རྟ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང་། མི་རྣམས་སྡུད་པར་བྱེད་པ ་དང་། དེ་ནས་རྫས་འདི་ནི་ཁྱེད་ཀྱིའོ།། འདི་ནི་ཁོ་མོའིའོ་ཞེས་བྱ་བ་སྟེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ་དེ་ལྟ་བུ་ནི་ཀུན་ཏུ་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་ཅེ་ན། གསེར་གྱི་རྙེད་པའི་བོང་གོས་བཅུ་ལས་བཅུ་གཅིག་ཏུ་བསྐྱེད་པའི་ཕྱིར། ཟོང་ལ་རབ་ཏུ་སྦྱོར་བར་བྱེད་ཅིང ་དབང་རྒྱའི་ཆེད་དུ་དེར་འགྲོ་བ་དང་། སྣག་ཚའམ་དབང་པོ་ཚོལ་དུ་འགྲོ་བའོ།། ཇི་ཙམ་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་རབ་ཏུ། ་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་བུན་འགྱེད་པར་བྱེད་ཅེ་ན། ནས་དང་གྲོ་གསར་ཐོག་གི་ཕྱིར་བུན་དགྱེ་བར་གཞལ་བའི་སྣོད་ཀྱིས་གྲོ་དང་ནས་སྐྱེད་དུ་གཏོང་བ་སྟེ། དེར་དེ་དག་གཞལ་བའི་སྣོད ་དང་། བེའུ་ཆུང་དང་། ཕུལ་དང་། འཇལ་བ་དང་མི་དག་དོན་དུ་གཉེར་བར་འགྲོ་བ་ཡིན་ཏེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ ་ལྟ་བུ་ནི་བུན་འགྱེད་པར་བྱེད་པ་ཡིན་ནོ། ། ཇི་ལྟར་སྐྱེད་འགྱེད་པར་བྱེད་ཅེ་ན། དེ་དག་མུ་ཏིག་གི་སྐྱེད་ཉིད་ཀྱིས་སྐྱེད་འགྱེད་པར་བྱེད། གསེར་གྱི་སྐྱེད་ཉིད་ཀྱིས་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ།། ་དེར་དེ་དག་གྲོ་བ་དང་། སྣག་ཚ་དང་། དབང་པོ་དོན་དུ་གཉེར་བར་བྱེད་པ་ཡིན་ཏེ། ཇི་སྲིད་དུ་རྙེད་པ་བདག་གི་བར་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི ་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ། ། དེ་ལྟར་བསླབ་པའི་གཞི་བཅས་པ་དང་། མཆོད་རྟེན་གྱི་དང་། དགེ་འདུན་གྱི་མི་ཟད་པར་བྱ་བ་དེ་དག་རབ་ཏུ་སྦྱོར་བར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རབ་ཏུ་སྦྱར་བར་བྱའོ།། དེ་དག་གིས་སུ་ཡང་རུང་བ་དག་ལ་བཏང་བ་དང་། བཏང་བ་དེ་དག་འཁྱམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲེན་པ་ལ་ཡང་ནོར ་མི་བཏང་། ། མཐའ་འཁོབ་གནས་ལའང་མ་ཡིན་ཞིང་།། གཏུམ་པོ་སྡིག་པའི་ལས་ཅན་དང་།། མཐུ་ཅན་ལ་ཡང་ནམ་ཡང་མིན།། སྤང་བའི་ལྟུང་བྱེད་བཅུ་གཅིག་པ ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དྲུག་སྡེ་རྣམས་ཉོ་ཚོང་རྣམ་པ་སྣ་ཚོགས་དག་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉེ་བར་བྱེད། འཚོང་བར ་བྱེད་དོ། ། ཇི་ལྟར་ལེན་པར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད་ན་དཀོན་པར་གྱུར་ལ། ལྗོངས་རྣམས་སུ་མོད་པར་གྱུར་པ་དེའི་ཚེ། ལྗོངས་རྣམས་ནས་བླངས་ནས། མཉན་ཡོད་དུ་ལེན་པར་བྱེད་དེ། ་དེ་ལྟ་བུ་ནི་ལེན་པར་བྱེད་པའོ།། ཇི་ལྟར་གཏོང་བར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད་དུ་ལོ་ལེགས་པར་གྱུར་ལ། ལྗོངས་རྣམས་སུ་ལོ་ཉེས་པར་གྱུར་པ་དེའི་ཚེ། མཉན་ཡོད་ནས་བླངས་ནས། ལྗོངས ་རྣམས་སུ་གཏོང་བར་བྱེད་དེ། དེ་ལྟ་བུ་ནི་གཏོང་བར་བྱེད་པའོ།། ཇི་ལྟར་ཉོ་བར་བྱེད་ཅེ་ན། གང་གི་ཚེ་མོད་པར་གྱུར་པའི་ཚེ་ཉོ་བར་བྱེད་པ་སྟེ། དེ་ལྟ་བུ་ནི་ཉོ་བར་བྱེད་པའོ།། ཇི་ལྟར་འཚོང་བར་བྱེད ་ཅེ་ན། གང་གི་ཚེ་དཀོན་པར་གྱུར་པ་དེའི་ཚེ་འཚོང་བར་བྱེད་པ་སྟེ། དེ་ལྟ་བུ་ནི་འཚོང་བར་བྱེད་པའོ།། ཉོ་ཚོང་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད ་ཡང་དགེ་སློང་མ་གང་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་སོགས་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རྙེད་པ་འདོད་པས་ཉོ་བར་བྱེད་ཅིང་། རྙེད་པ་འདོད་པས་འཚོང་བར་བྱེད་ན། ཉོ་བར་བྱེད་པ་ན་དེ་ལ་ཉེས་བྱས་སོ།། འཚོང་བར་བྱེད་པ་ན་སྤང་བའི་ལྟུང་བྱེད་དོ།། ་རྙེད་པ་འདོད་པས་ཉོ་བར་བྱེད་ལ། རྙེད་པ་མི་འདོད་པས་འཚོང་བར་བྱེད་ན། ཉོ་བར་བྱེད་པ་དེ་ལ་ཉེས་བྱས་སོ།། འཚོང་བར་བྱེད་པ་ན་ལྟུང་བ་མེད་དོ།། རྙེད་པ་མི་འདོད་པས་ཉོ་བར་བྱེད་ལ། ་རྙེད་པ་འདོད་པས་འཚོང་བར་བྱེད་ན། ཉོ་བ་ན་དེ་ལ་ལྟུང་བ་མེད་དོ།། འཚོང་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། རྙེད་པ་མི་འདོད་པས་ཉོ་བར་བྱེད་ཅིང་། རྙེད་པ་མི་འདོད་པས་འཚོང་བར་བྱེད་ན ་གཉིས་ཀ་ལ་ལྟུང་བ་མེད་དོ། ། ཡུལ་གཞན་གྱི་སྦྱོར་བས་སྔ་བའི་རྒྱུད་སྦྱང་བར་བྱའོ།། དེ་ནས་དགེ་འདུན་གྱི་དག་ཡོད་ལ། སྦྱིན་པ་པོ་དག་ཀྱང་འོངས་ཏེ། ཟན་སྦྱར་བར་འདོད་ནས། དེ་དག ་གིས་བཙ་ལ་བ་དང་། བཟའ་བ་དང་བཏུང་བ་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཉོས་པ་བཞིན་སྦྱིན་ནོ།། རེ་འགའ་མོད་པ་ན་ཉོས་ལ་དཀོན་པར་གྱུར། རེས་འགའ ་དཀོན་པ་ན་ཉོས་ལ་མོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དུས་ཀྱི་རིན་ཐང་གིས་སྦྱིན་པར་བྱའོ།། སྤང་བའི་ལྟུང་བྱེད་བཅུ་གཉིས་པ་རྫོགས་སོ།། ། ་སྡོམ་ལ། ལྷུང་བཟེད་སྐུད་པ་དེ་ཕྱིར་དང་། ཕྱིར་འཕྲོག་དེ་བཞིན་བརྟད་པ་དང་། རྙེད་དང་སྨན་དང་ཞག་གཅིག་དང་། བརྗེས་དང་དུས་དང་དུས་མིན་པའོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གིས་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ། ལྷུང་བཟེད་འབྲེལ་བ་མེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ ་གཉིས་སྡེ་རྣམས་ལྷུང་བཟེད་འབྲེལ་པ་མེད་པ་ཡང་འཆང་བར་བྱེད། འབྲེལ་བ་མེད་པ་ལྡན་པ་མེད་པ་ཡང་འཆང་བར་བྱེད་དོ།། དེ་ནས་རང་བཞིན་དུ་གནས་པའི་དགེ་སློང་མ་དག་གིས། བཅུ་གཉིས ་སྡེ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་མ་བཅས་སམ། དེ་ནས་བཅུ་གཉིས་སྡེ་དེ་དག་གིས། དགེ་སློང་མ་དེ་རྣམས་ལ་འདི་སྐད་ཅེས། ་བསླབ་པའི་གཞི་དེ་ནི་དགེ་སློང་རྣམས་ཀྱིས་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་དེ་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ། ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་སྤོང་ཞིང་། ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མ་དེས་ལྷུང་བཟེད་དེ། དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ།། ་དགེ་སློང་མའི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ། དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱོན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར ་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་ངལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན། ་ནོ།། ལྷན་པ་ལྔ་མེད་པའི་ལྷུང་བཟེད་ཅེས་བྱ་བ་ནི། ལྷན་པ་ལྔར་མ་ཚང་བ་གང་ཡིན་པའོ།། ཡོད་བཞིན་དུ་ཞེས་བྱ་བ་ནི། སྤྱད་བཟོད་པའོ།། སར་པ་གཞན་སློང་ན་ཞེས་བྱ་བ་ནི། གཉིས་པ ་ཤོས་སོ། ། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི། མཆོག་འདོད་པའི་ཕྱིར་རམ། ཡང་ན་གཞན་འདོད་པའི་ཕྱིར་རོ།། གྲུབ་ནའོ་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ ་མ་བཞིན་ནོ། ། དགེ་སློང་མ་དེས་ལྷུང་བཟེད་དེ། དགེ་སློང་མའི་དགེ་འདུན་ལ་འབུལ་བར་བྱའོ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའོ།། དགེ་སློང་མའི་འཁོར་གང་ཡིན་པ་དེའི་ཞེས་བྱ་བ་ནི། དགེ ་སློང་མའི་ལྷུང་བཟེད་ཐ་མར་གྱུར་པའོ། ། དེ་ནས་དགེ་སློང་མའི་དགེ་འདུན་དེས། ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པའི་དགེ་སློང་མ་བསྐོ་བར་བྱའོ།། ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ ་བའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་སྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱའོ།། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི ་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ལྷུང་བཟེད་བྲིམས་པ་དང་མ་བྲིམས་པར་མི་ཤེས་པའོ།། དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཡང་སྦྱར་བར་བྱའོ།། དེ ་འོག་ཏུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས། ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་མ་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས ་གསས་པ་བྱས་ཏེ་ལས་རྒྱལ་འདི་ལྟར་། འཕགས་པ་ཉིད་གེ། དུན་སུ་ནུ་མོ་དག་བདཀ་ལ་གསན་དུ་གསོལ། དགེ་སློང་མ་མེ་འདི་གས་བཀྱི་བ་འཕགས་པའི་དགེ ་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་སྤྲོ་ལགས་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་མས ་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོ་བར་བགྱི་སྟེ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག ་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་སྤྲོ་ལགས་ན། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང ་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོས་ཏེ། མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བགྱིད་ན། ཕུ་ནུ་མོ་དག་མིང་འདི་ཞེས་བགྱི་བ་ལྷུང ་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེའི་འོག་ཏུ་ལྷུང ་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་མས། ཚོགས་པའི་དུས་སུ་དགེ་འདུན་ལ་སང་སྔ་དྲོ་འབྲེལ་པ་མེད་པའི་ལྷུང་བཟེད་འདྲིམ་གྱིས། རང་རང་གིས་ལྷུང་བཟེད་སྣོམས་ལ་སྦྲོན་ཅིག། ་ཅེས་བརྗོད་པར་བྱའོ།། དེ་ནས་ནམ་ནངས་པ་དང་འདྲིམ་པར་བྱེད་པའི་དགེ་སློང་མས་གནས་མལ་བཤམ་པ་བྱས་ཏེ། དགེ་སློང་མའི་དགེ་འདུན་ཚོགས་ཤིང་མཐུན་པར་གྱུར་པ་དང་། ལྷུང ་བཟེད་འབྲེལ་པ་མེད་པ་ཐོགས་ཏེ། དགེ་སློང་མའི་གནས་བརྟན་གྱི་མདུན་དུ་འདུག་ནས། ལྷུང་བཟེད་འབྲེལ་པ་མེད་པའི་བསྔགས་པ་ཇི་ལྟ་བ་བཞིན་བརྗོད་པར་བྱ་ཞིང་། འདི་སྐད་ཅེས་གནས ་བརྟན་མ་ལྷུང་བཟེད་བཞེས་ཤིག་ཅེས་ཀྱང་བརྗོད་པར་བྱའོ། ། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་འབྲེལ་པ་མེད་པ་བླངས་ན། དགེ་སློང་གིས་གནས་བརྟན་གྱི་ལྷུང་བཟེད ་གནས་བརྟན་གཉིས་པ་ཤོས་ལ་སྦྱིན་པར་བྱའོ། ། གནས་བརྟན་གཉིས་པ་ཤོས་ཀྱི་ལྷུང་བཟེད་གསུམ་པ་ཤོས་ལ་སྦྱིན་པར་བྱ་སྟེ། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་ཡང་ངོ་།། ་གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བ་ཟེད་འབྲེལ་པ་མེད་པ་མ་བླངས་ལ། གནས་བརྟན་གསུམ་པའི་ཐད་དུ་ཕྱིན་པ་ལས། གལ་ཏེ་སླར་ཡང་དགེ་འདུན་གྱི ་གནས་བརྟན་སློང་ན་སྦྱིན་པར་མི་བྱའོ། ། ལན་གཉིས་སློང་ན་ཡང་སྦྱིན་པར་མི་བྱའོ།། གལ་ཏེ་ལན་གསུམ་དུ་སློང་ན་སྦྱིན་པར་བྱ་སྟེ། འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ།། ་དེ་བཞིན་དུ་དགེ་འདུན་གོ་སར་བུའི་བར་དུ་སྟེ། གལ་ཏེ་སུས་ཀྱང་ལྷུང་བཟེད་འབྲེལ་པ་མེད་པ་མ་བླངས་སམ། གཞན་གྱི་ལྷག་པར་གྱུར་ན་དེ་ཉིད་ལ་སྦྱིན་པར་བྱའོ།། དེས་དེའི་འོག་ཏུ་ཀུན་ཏུ་སྤྱད ་པར་བྱ་བ་བརྗོད་པར་བྱའོ་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ན་མ་ཤེས་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི ་དགེ་སློང་མའི་ཀུན་ཏུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་མ་ལྷུང་བཟེད་འབྲེལ་པ་མེད་པ་འཆང་བ་གལ་ཏེ་བསོད་སྙོམས་ལ་འགྲོ་ན། ལག་པ་གཡས་པར་ལྷུང་བཟེད་འབྲེལ་པ་མེད་པ ་བཀུར་ཞིང་ལག་པ་གཡོན་པར་བྱིན་གྱིས་བརླབས་པའོ། ། གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་བྱིན་གྱིས་བརླབས་པར་བླང་བར་བྱའོ།། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་པ ་མེད་པར་བླང་བར་བྱའོ། ། གལ་ཏེ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་ན། ཞབས་སུ་ནི་བྱིན་གྱིས་བརླབས་པའོ།། སྟེང་དུ་ལྷུང་བཟེད་འབྲེལ་པ་མེད་པའོ།། གལ་ཏེ་བྱི་དོར་བྱེད་ན་དང ་པོར་ལྷུང་བཟེད་འབྲེལ་པ་མེད་པའོ། ། ཕྱི་ནས་བྱིན་གྱིས་བརླབས་པའོ།། གལ་ཏེ་ལྷུང་བཟེད་གདུ་བུའི་སྟེང་དུ་འཇོག་ན། བྱིན་གྱིས་བརླབས་པའི་སྟེང་དུ་ལྷུང་བཟེད་འབྲེལ་པ་མེད་པ ་གཞག་པར་བྱའོ། ། གལ་ཏེ་ལྷུང་བཟེད་ཀྱི་ལས་བྱེད་ན། རྫ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་བསྲེག་པར་བྱའོ།། ངན་པར་ནི་བྱིན་གྱིས་བརླབས་པའོ།། གལ་ཏེ ་ལམ་དུ་འགྲོ་ན་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བྱིན་གྱིས་བརླབས་པ་བསྐུར་བར་བྱ་ཞིང་། ལྷུང་བཟེད་འབྲེལ་པ་མེད་པ་ནི་རང་གིས་སོ།། གལ་ཏེ་ཁྱེར་བ་འགའ་ཡང་མེད་ན། མཚན ་ཁུང་གཡས་ཀྱིས་ནི་ལྷུང་བཟེད་འབྲེལ་པ་མེད་པའོ། ། གཡོན་གྱིས་ནི་བྱིན་གྱིས་བརླབས་པའོ།། ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་མས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། ། དགེ་འདུན་གྱིས་ལྷུང་བཟེད་ཐ་མ་དེ་བྱིན་གྱིས་མི་བརླབ་སྟེ། བྱིན་གྱིས་བརླབ་པར་མི་བྱ། སུ་ལ་ཡང་སྦྱིན་པར་མི་བྱ། ་བར་ཁད་ཀྱིས་དལ་བུས་དལ་བུས་ཇི་སྲིད་ཚོའི་བར། ཆག་པའི་མཐར་ཐུག་པའི་བར་དུ་བཅང་བར་བྱའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མའི་ལྷུང་བཟེད་ཆག ་པར་གྱུར་ཀྱང་ལྷན་པ་གཅིག་གིས་གླན་པར་འོས་ཤིང་། མ་གླན་པ་སྤྱད་བཟོད་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར ་ཀྱང་ལྡན་པ་གཉིས་ཀྱིས་ཀླན་པར་འོས་ཤིང་། མ་ཀླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མ ་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་གསུམ་གྱིས་གླན་པར་འོས་ཤིང་། མ་གླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི ་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་བཞིས་གླན་པར་འོས་ཤིང་། མ་གླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང ་བཟེད་ཆག་པར་གྱུར་ཀྱང་ལྷན་པ་ལྔས་གླན་པར་འོས་ཤིང་། མ་གྲན་ལ་སྤྱད་བཟོད་བཞིན་དུ་གལ་ཏེ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང ་བཟེད་ཆགས་པར་གྱུར་ཀྱང་ལྷན་པ་གཅིག་གིས་གླན་པར་འོས་པས་གླན་ཏེ་སྤྱད་བཟོད་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ། ། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད ་ཆག་པར་གྱུར་ཀྱང་ལྷན་པ་གཉིས་ཀྱིས་གླན་པར་འོས་པས་གླན་ཏེ་སྤྱད་བཟོད་བཞིན་དུ་ཞེས་བྱ་བ་ནས། ཉེས་བྱས་དང་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་ལྷན་པ་གསུམ་འོས ་བཔ་དང་། དེ་བཞིན་དུ་ལྷན་པ་བཞིས་འོས་པ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་ལྔས་གླན་པར་འོས་པས་གླན་ཀྱང་རུང་མ་གླན་ཀྱང་རུང་། ལྷུང་བཟེད ་གཞན་ཚོལ་བ་ལ་ལྟུང་བ་མེད་དོ། ། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་གསུམ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་ཉེ་དགའ་ལས་བརྟེན་ཏེ། ཉེ་དུ་མ་ཡིན་པ་ལས་སྐུད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་སྦོམ་དགའ་མོས། ཉེ་དུ་མ་ཡིན་པ་དང་ཉེ་དུ་ལས་ཀྱང་སྐུད་པ་བསླང ་ཤིང་། ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་ཡང་གོས་འཐག་ཏུ་འཇུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། ་དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་མ་མེས་དང་། ཕ་མེས་ཕྲུགས་བདུན་གྱི་བར་རོ།། སྐུད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའི་འོ།། ཐ་ག་པ་ཉེ ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཐགས་འཐག་པའོ། ། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། འཐག་ཏུ་འཇུག་ན་ཞེས་བྱ་བ་ནི་འཐག་ཏུ་བཅུག་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཉེ་དུ་མ་ཡིན་པ་ལ་སྐུད་པ་བསླངས་ཏེ། ཐག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ། ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ནས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད ་ངམ་ཐ་ག་པ་ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ། ། བདག་ཉིད་འཐག་ན་ཡང་ཉེས་བྱས་སོ།། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བླངས་ཏེ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐ་ག་པ་ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ།། དགེ་སློང་མ་ས་ཉེ་དུ་མ ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ་ཉེ་དུ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་ཡིན་ན་ལྟུང་བ་མེད་དོ།། དགེ་སློང་མས ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་འཐག་གམ། ཉེ་དུ་འམ། ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག ་ཏུའཇུག་ན་ལྟུང་བ་མེད་དོ། ། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བླངས་ཏེ། བདག་ཉིད་འཐག་ན་སློང་བ་ན་དེ་ལ་ལྟུང་བ་མེད། ་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བླངས་ཏེ། ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན། སློང་བ་ན་དེ་ལ་ལྟུང་བ་མེད་དོ།། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ་བདག་ཉིད་དམ། ཉེ་དུ་འཐག་ཏུ་འཇུག་ན་དེ་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ།། ་དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ་བདག་ཉིད་འཐག་གམ། ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་མ་ཡིན་པ་འཐག ་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞིག་ཉེ་དུ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། ཉེ་དུ་འཐག་ཏུ་བཅུག་པ་ལ། ་ཡང་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་ལ་སྐུད་པ་བསླངས་ཏེ་བདག་ཉིད་འཐག་གམ། ཉེ་དུ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག ་ཏུ་འཇུག་ན་ལྟུང་བ་མེད་དོ། ། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་བཞི་པ་རྫོགས་སོ།། ། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་དུ་སྦོམ་དགའ་མོས་ཁྱིམ་བདག་མོ་དང་ཁྱིམ་བདག་འཁོར་དང་བཅས་པ་མངོན་པར་དད་པར་བྱས་པས། ཁྱིམ་བདག ་དེས་དགེ་སློང་མ་སྦོམ་དགའ་མོའི་ཕྱིར་སྐུད་པ་དག་ཐ་ག་པ་ལ་བྱིན་པ། སྦོམ་དགའ་མོས་བྲན་མོ་དེ་ལས་ཐོས་ཏེ། ཐོས་ནས་ཐ་ག་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འདི་སྐད ་ཅེས་སྨྲས་སོ། ། ཐ་ག་པ་བརྒྱངས་ཏེ་འཐག་པའི་རས་ཡུག་ཆེན་འདི་སུའི་ཕྱིར་ཡིན་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། མ་འཚལ་ལོ།། དེས་འདི་སྐད་ཅེས་ཁོ་མོའི་ཕྱིར་ཡིན་ནོ་ཞེས་སྨྲས་ནས།། ་ཇི་ཙམ་གྱི་བར་དུ་དེ་ལ་བཟའ་བ་འམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་སྒྲུབ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང ་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་དགེ་སློང་མའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གིས་ཆུང་མས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ལ། དེ་ཡང་དགེ་སློང་མ་དེ་ལ་སྔར་མ་བསྟབས་བཞིན་དུ། རྣམ་པར་རྟོག་པ ་འགའ་ཞིག་བྱུང་ནས། ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག། གོས་འདི་ཁོ་མོའི་ཕྱིར་ཡིན་གྱིས། ཚེ་དང་ལྡན་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐགས་རན། ་བཟང་བར་ལེགས་པར་གྱིས་ཤིག། དེ་ལྟར་བྱས་ན་ཁོ་མོས་ཚེ་དང་ལྡན་པ་ལ་འདི་ལྟ་སྟེ། བཟའ་བ་འམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་བད་ཙམ་གྱིས་ཀྱང་བསྒྲུབ་པར་བྱའོ་ཞེས་བྱས ་ནས། དེ་ལ་དགེ་སློང་མ་དེ་འདི་ལྟ་སྟེ། བཟའ་བ་འམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་ཟད་ཙམ་བྱིན་ནས་གོས་བསྒྲུབས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དག། ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉེ་དུ་མ་ཡིན་པ་ལས་ཞེས་བྱ་བ་ནི། མ་མེས་དང་ཕ་མེས་ཕྲུགས་བདུན་གྱི་བར་དག་གོ།། ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ།། ཁྱིམ་བདག་གི་ཆུང་མ ་ཞེས་བྱ་བ་ནི་བུད་མེད་དོ། ། ཐ་ག་པ་ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཐགས་འཐག་པའོ།། གོས་འཐག་ཏུ་བཅུག་པ་ལ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། དེ་ནས་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ ་དགའ་མོའོ། ། རྣམ་པར་རྟོག་པ་འགའ་ཞིག་བྱང་ན་ཞེས་བྱ་བ་ནི་དོགས་པ་འགའ་ཞིག་སྐྱེས་ནས་སོ།། ཐ་ག་པའི་དྲུང་དུ་སོང་ནས་ཞེས་བྱ་བ་ནི་ཕྱིན་ནས་སོ།། འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྨྲས ་པའོ། ། གོས་འདི་ཞེས་བྱ་བ་ནི་གིས་ཉེ་བར་སྟོན་པའོ།། ཁོ་མོའི་ཕྱིར་འཐག་ཏུ་བཅུག་གིས་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ།། ཚེ་དང་ལྡན་པ་ཐ་ག་པས་ལེགས་པར་ཞེས་བྱ་བ་ནི།། ་ཚེ་དང་ལྡན་པ་ཐ་ག་པས་བཟང་པོར་རོ།། ཁྱོད་ཀྱིས་གོས་འདི་ཞེས་བྱ་བ་ནི་འཐག་ཏུ་བཅུག་པ་གང་ཡིན་པ་དེའོ།། ཞེང་ཆེ་བ་ཞེས་བྱ་བ་ནི་འདི་ལྟར་རྒྱ་ཆེ་བ་ཉིད་དོ།། ཁྲུན་རིང་བ་ཞེས་བྱ་བ་ནི་འདི་ལྟར། ་ཆུ་རིང་བ་ཉིད་དོ།། ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུང་མེད་པའོ།། ཐགས་རན་བཟང་བར་ཞེས་བྱ་བ་ནི་ཐགས་བཟང་བ་དང་ཁ་ཚར་ཐུང་བར་རོ།། གལ་ཏེ་དེ་ལྟར་ན་ཁོ་མོ་ཁྱོད་ལ་བཟའ་བ ་འམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཆུང་བད་ཙམ་བསྒྲུབས་པར་བྱའོ་ཞེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔ་པོ་དག་གོ། དེ་ལ་གལ་ཏེ་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དས། ་མོའོ།། ཅུང་ཟད་བསྒྲུབ་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། བཟའ་བ་འམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་ཟད་བྱིན་པའོ།། གོས་བསྒྲུབས་ཏེ་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ།། གོས་གྲུབ ་ན་ཞེས་བྱ་བ་ནི་ཐོབ་ནའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་གོས་བསྒྲུབས་པའི་ཕྱིར་ཁྱིམ་རྣམས་སུ་བསོད ་སྙོམས་ལ་འཇུག་ཅིང་། བཅའ་བ་ལྔ་དང་བཟའ་བ་ལྔ་པོ་དག་ཐ་ག་པ་ལ་སྦྱིན་པར་བྱེད་པ་ནས། ཇི་ཙམ་མ་གྲུབ་པ་དེ་སྲིད་དུ་ཉེས་བྱས་སོ།། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། སྤང་བའི་ལྟུང་བྱེད་བཅོ ་ལྔ་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་ཆོས་གོས་དང་ལྷུང་བཟེད་དག་བགོ ་བཤའ་བྱེད་ལ། བུད་མེད་ནི་ཁྲོ་བའི་དབང་དུ་འགྱུར་བ་ཡིན་པས། གང་གི་ཚེ་དེ་དག་དང་དེ་རྣམས་འཐབ་མོ་དང་མཚང་འདྲུ་བར་གྱུར་པ་དེའི་ཚེ། དེ་དག་གིས་ལྷན་ཅིག་གནས་པ་དང་ཉེ་གནས་ལ་ཕྱིར ་ཡང་གོས་དག་འཕྲོག་པར་བྱེད། འཕྲོག་ཏུ་འཇུག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དེ་དགེ་སློང ་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ ་སློང་མ་དག་ལ་གོས་དག་བྱིན་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡི་མ་རངས་པས། དགེ་སློང་མ་ཁྱོད་ལ་གོས་དག་མི་སྦྱིན་གྱིས། ཕྱར་བྱིན་ཅིག་ཅེས་འཕྲོག་གམ། འཕྲོག་ཏུ་འཇུག་ན། ་དགེ་སློང་མ་དེས་གོས་ཀྱི་ལྷག་མ་ཡོད་པ་སླར་སྦྱིན་པར་བྱ་སྟེ། ལོངས་སྤྱད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། དགེ་སློང་མ ་རྣམས་ཞེས་བྱ་བ་ནི། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་སོ།། གོས་དག་བྱིན་ནས་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བ་དག་གོ། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ།། ཁྲོས་འཁྲུགས ་རྔམ་པར་གྱུར་ཅིང་ཡི་མ་རང་པས་ཞེས་བྱ་བ་ནི། འཁྲུག་པ་མ་སངས་པར་རོ།། འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འཕྲོག་ཏུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ།། དགེ་སློང་མ་ཁྱོད་ལ ་གོས་དག་མི་སྦྱིན་གྱིས། ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང་མ་གང་དེ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའི་ལྷག་མ་ཡོད་པའོ།། ཕྱིར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཏང་བར་བྱའོ།། དེ་ལོངས ་སྤྱད་ན་ཞེས་བྱ་བ་ནི། དེ་ཇི་ཙམ་གྱི་བར་དུ་ལོངས་སྤྱད་པར་གྱུར་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར ་བྱེད་པ་དང་། ཚིག་རྗོད་པར་བྱེད་པ་དང་། དེ་གཉིས་ཀ་དང་ལྡན་པའོ།། ཇི་ལྟར་ལུས་གཡོ་བར་བྱེད་པས་ཤེ་ན། ལག་པས་བཅུད་ཞིང་འཕྲོག་པ་སྟེ། ཇི་སྲིད་དུ་གས་ཀྱི ་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ། ། ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ལུས་གཡོ་བར་བྱེད་པས་སོ།། ཇི་ལྟར་ཚིག་རྗོད་པས་ཤེ་ན། ཚིག་འདི་སྐད་ཅེས་དགེ་སློང་མ ་གོས་ཕྱིར་བྱིན་ཅིག་ཅེས་སྨྲས་ནས། ཇི་སྲིད་དུ་གོས་ཀྱིས་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ཚིག་རྗོད་པར་བྱེད་པས་སོ།། ཇི་ལྟར ་དེ་གཉིས་ཀ་དང་ལྡན་པས་ཤེ་ན། ཚིག་ཏུ་གོས་ཕྱིར་བྱིན་ཅིག་ཅེས་སྨྲ་ཞིང་ལག་པས་འཛིན་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཕྲལ་བ་ན་སྤང་བའི་ལྟུང ་བྱེད་དོ། ། དེ་ལྟ་བུ་ནི་གཉིས་ཀ་དང་ལྡན་པས་སོ།། དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ།། ཇི་ལྟར་དོན་གཞན་གྱིས་ཤེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱིས་ལྷན་ཅིག། ་གནས་པ་དང་། ཉེ་གནས་དག་དུས་མ་ཡིན་པས་འཇིགས་པ་དང་བཅས་པའི་དུས་སུ་འགྲོ་བ་ན། དེ་དག་གི་མཁན་མོ་དང་སློབ་དཔོན་དག་གིས་ཆོམ་རྐུན་པ་རྣམས་ཀྱིས་གོས་དག་ཕྲོགས་པར་གྱུར་ན ་མི་རུང་ངོ་ཞེས་འཕྲོག་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དོན་གཞན་གྱིས་ཡིན་ནོ།། ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཤེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས ་མི་དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོགས་ཤིང་འགྲོ་བ་ན། དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོ་བར་གྱུར་ཅིག་ཅེས། དེ་དག་ལས་གོས་འཕྲོག་པར་བྱེད་པ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ ་བྱད་ཀྱིས་ཡིན་ནོ། ། སྤང་བའི་ལྟུང་བྱེད་བཅུ་དྲུག་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཆོས་སྦྱིན་གྱིས་ཉམས་པའི་རྒྱལ་རིགས་འཁོར་དང་བཅས ་པ་བདེན་པ་རྣམས་ལ་རབ་ཏུ་བཀོད་པ་དང་། དེ་རྣམས་ཀྱིས་རྒྱལ་པོ་གསལ་རྒྱལ་ལས་དཔྱ་རྒྱུས་དག་ཐོབ་བོ།། དེ་དག་འདི་སྙམ་དུ་བདག་ཅག་བདེན་པ་མཐོང་བར་བྱེད་པ་གང་ཡིན་པ་དེ་ཐམས ་ཅད་ནི་དགེ་བའི་གཉེན་འཕགས་མ་ཆོས་སྦྱིན་ལས་བརྟེན་ཏེ་ཡིན་ན། དེ་ལ་བདག་ཅག་གིས་ཅི་ཞིག་བྱས་ན་ལན་ལོན་པར་འགྱུར། མ་ལ་བདག་ཅག་གིས་རྒྱལ་པོ་ལས་རྙེད་པ་དང་བཀུར་སྟི་ཐོབ་པ་དེ། ་བདག་ཅག་གིས་ཆོས་སྦྱིན་ལ་དབུལ་བར་བྱ་གོར་མ་ཆག་སྙམ་མོ།། དེ་ནས་ཉམས་པའི་རྒྱལ་རིགས་རྣམས་ཀྱིས་རྙེད་པ་དེ་ཁྱེར་ཏེ། ཆོས་སྦྱིན་ག་ན་བ་དེར་དོང་ནས་ལྷགས་པ་དང་། ཆོས་སྦྱིན་གྱི་རྐང ་པབ་ལ་མགོ་བོས་ཕྱག་བྱས་ཏེ། ཆོས་སྦྱིན་ལ་རྙེད་པ་དང་བཀུར་སྟི་དེ་ཕུལ་ལོ།། ཆོས་སྦྱིན་གྱིས་བསམས་པ། ཅི་བཅོམ་ལྡན་འདས་ལ་འགའ་ཞིག་གིས་ཟླ་བ་གསུམ་དུ་ན་བཟའ་དང་བསོད ་སྙོམས་ཀྱིས་བསྟབས་སམ་སྙམ་མོ། ། དེ་ནས་དེ་རྟོག་པ་ལ་ཞུགས་པ་ན། བཅོམ་ལྡན་འདས་དེ་དག་ཁོ་ན་ལ་བཞེས་པར་ཤེས་སོ།། དེ་ནས་ཆོས་སྦྱིན་གྱིས། ཉམས་པའི་རྒྱལ་རིགས་དེ་དག ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱིམ་བདག་དག་དེང་ལ་བཅོམ་ལྡན་འདས་ལ་ཟླ་བ་གསུམ་དུ་ན་བཟའ་དང་བསོད་སྙོམས་དང་ཞེས་བྱ་བ་ནས། སྨན་དང་མཁོ་བའི་ཡོ་བྱད ་ཀྱི་བར་གྱིས་སྟོབས་ཤིག། དེ་ནས་དེ་དག་དོང་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ཆོས་སྤྲིན་འཁོར་དང་བཅས་པ་ལ་བསྟབས་སོ།། དེ་ནས་ཉམས་པའི་རྒྱལ་རིགས ་ཀྱི་ཆུང་མ་དེ་དག་གིས་དགེ་སློང་མ་རྣམས་ལ་བསྙེན་བཀུར་བྱ་བར་བརྩམས་སོ། ། ཉམས་པའི་རྒྱལ་རིགས་དེ་དག་གིས་ཀྱང་དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་ཕྱིར་རིན་ཐང་ཆེན་པོའི་གོས ་དང་གོས་ཕལ་དག་འཇོག་ཏུ་བཅུག་གོ། ། དེ་དག་དབྱར་གྱི་ནང་ལོགས་སུ་རྒྱལ་པོས་གཞན་དུ་མངགས་པ་ལས། མགོན་མེད་ཟས་སྤྲིན་གྱིས་དེ་དག་བཟློག་པ་དང་། དེ་དག་ལ་དགེ་སློང་མ ་རྣམས་ཀྱིས་དབྱར་ཟད་ནས་གོས་འདོད་པའི་ཕྱིར་བརྡ་བྱས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ཅག་གིས་གོས་ཀྱི་རིན་དེ་དག་ཕུལ་ལགས་སོ།། སྲིན ་རྣམས་ཀྱིས་བོས་སོ། ། དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་དབྱར་གྱི་དུས་ཀྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བགོ་བར་མི་བྱའོ་ཞེས་གསུངས་པས། བསླབ་པ་འདོད་པས་མ ་བགོས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དགེ་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཞིག་རྙེད། ་ལ། བརྟད་པ་ལས་བྱུང་བའི་གོས་འདོད་ན་དགེ་སློང་མ་དེས་བླང་བར་བྱའོ།། བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ་ཞག་བཅུ་ཞེས་བྱ་བ་ནི། ཞག་བཅུ་པ་ལ་དགག་དབྱེ་འབྱུང་བར་འགྱུར་བའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ།། བརྟད་པ་ལས ་བྱུང་བའི་གོས་ཞེས་བྱ་བ་ལ། བརྟད་པ་ལས་བྱུང་བའི་གོས་ལྔ་སྟེ། ལྔ་གང་ཞེ་ན། འོངས་པ་དང་། འགྲོ་བར་ཆས་པ་དང་། ནད་པ་དང་། ནད་གཡོག་དང་། དགེ་སྐོས་མའོ།། གོས་ཤེས་བྱ་བ་ནི ་བདུན་པོ་གང་ཡང་རུང་བའོ། ། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། གོས་སྦྱིན་པའི་དུས་སུ་བཅང་བར་བྱའོ་ཞེས་བྱ་བ་ནི། གོས་སྦྱིན་པའི་དུས་ཞག་བཅུའི་དགག་དབྱེ་གང་ཡིན་པའོ།། ་དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དབྱར་གྱི་རྙེད ་པ་ཅི་ཡང་རུང་། དབྱར་གྱི་ནང་ལོགས་སུ་འགྱེད་པ་དང་། དགག་དབྱེ་ལས་འདས་པར་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གོས་སྦེང་བའི་དགེ་སློང་མ་བསྐོས་ན་ལྟུང ་བ་མད་དོ། ། སྤང་བའི་ལྟུང་བྱེད་བཅུ་བདུན་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན། ་ཏེ། དགེ་འདུན་གྱི་གང་ཟག་རང་གིར་རྒྱུར་བར་བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཆེད་དུ་རྙེད་པ་བླངས་ནས། གང་ཟག་གིར་སྒྱུར་བར ་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཞིག་ཤེས་བཞིན་དུ་དགེ་འདུན་ལ་བསྔོས་པའི་རྙེད་པ་གང ་ཟག་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས ་སྨྲས་པར་གྱུར་པའོ། ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་དགེ་འདུན་གྱིའོ།། རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་པོ་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་སྟེ། སྐབས ་འདིར་ནིགས་ཀྱི་རྙེད་པ་ཡིན་པར་དགོངས་སོ། ། བསྔོས་པའོ་ཞེས་བྱ་བ་ནི་ཕུལ་བའོ།། གང་ཟག་བདག་གིར་བྱེད་ན་ཞེས་བྱ་བ་ནི་རང་གིར་བྱེད་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཤེས་བཞིན་དུ་གང་བག་ལ་བསྔོས་པའི་རྙེད་པ་གཞན་དུ་གང་ཟག་ལ་སྦྱར་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ ་ཉེས་བྱས་སོ། ། རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་དགེ་འདུན་སྡེ་གཞན་དང་གཞན་དུ་གནས་ལ། སྡེ་གཅིག་ལ་བསྔོས་པའི་རྙེད་པ་སྡེ་གཉིས་པ་ཤོས་ལ་སྒྱུར་བར་བྱེད་ན། ཇི་སྲི ་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། ། རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་བསྔོས་པ། དགེ་སློང་མའི་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྔ ་མ་བཞིན་ནོ། ། དེ་བཞིན་དུ་གཉིས་ཀའི་དགེ་འདུན་ལ་བསྔོས་པ། དགེ་འདུན་སྡེ་གཅིག་ལ་བསྒྱུར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་སྡེ་གཅིག་ལ་བསྔོས་པ། གཉིས་ཀའི ་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ། ། དེ་བཞིན་དུ་མཆོད་རྟེན་རྣམས་ཀྱི་མེ་ཏོག་གི་གནས་ནས་བཟུང་སྟེ། བུམ་པའི་བར་མེ་ཏོག་གི་གནས་དང་། སྒོ་ཁང་ལ་སོགས་པ་དང་། དེ ་བཞིན་དུ་རིམ་གྲོའི་ཁང་པར་བསྔོས་པ་དྲོད་ཁང་དུ་སྒྱུར་བར་བྱེད་པ་དང་། དེ་བཞིན་དུ་བསྲོ་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། ཀ་བ་དང་། གདུང་དང་། ས་ལ་ཡང་བརྗོད་པར་བྱའོ།། ་ཐ་ན་མུ་ལྟོ་བ་གཅིག་ལ་བསྔོས་པ་གཉིས་བཤོས་ལ་སྒྱུར་བར་བྱེད་ན་ཡང་ཉེས་བྱས་སོ།། གལ་ཏེ་བཙལ་བ་ལས་མ་རྙེད་དམ་གནང་བར་བྱིན་ན་ཉེས་པ་མེད་དོ།། སྤང་བའི་ལྟུང་བྱེད་བཅོ་བརྒྱད ་པ་རྫོགས་། ། བས་པོ་པ་། ཐང་གཞིན་རྡུལ་། གང་གིས་བཅོམ་ལྡན་འདས་ཨཱ།། ་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལས་བརྟེན་ཏེ། གཉིས་ཀ་ཐུན་མོང་བའི་ནད་ཀྱི་སྨན་གྱི་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ནད་ཀྱི་སྨན་དེ ་ཁས་བྱིན་ལེན་བྱས་ཤིང་ཟ་བར་བྱེད། མྱུར་བར་བྱིན་ལེན་བྱས་ནས་དེ་ལས་བྱིན་ལེན་བྱས་པ་དག་ཕན་ཚུན་དུ་སྲེ་བར་བྱེད། ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤན་འབགས་པ་དབྱེར་ཡང་མི་མངོན་པ་དེ ་དག། དུས་དང་དུས་མ་ཡིན་པར་ཟ་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ནད་པ་རྣམས་ལ་འཕྲོད་པ་སོ་སོར་བསྟེན ་བཔར་བྱ་བའི་སྨན་རྗེས་སུ་གནང་བ་གང་ཡིན་པ་འདི་ལྟ་སྟེ། མར་སར་དང་། ཏིལ་མར་དང་། སྦྲང་རྩིར་དང་། བུ་རམ་གྱི་དབུ་བ་སྟེ། དེ་དག་དགེ་སློང་མ་ནད་པས་གསོག་འཇོག་གི་ལོངས་སྤྱོད་ཀྱིས ་ཞག་བདུན་གྱི་མཐར་ཐུག་པར་ལོངས་སྤྱད་པར་བྱའོ། ། དེ་ལས་འདས་པར་ལོངས་སྤྱོད་ན་སྤང་བའི་ལྟུང་བྱེད་དོ།། ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། ། དགེ་སློང་མ་ནད་པ་རྣམས་ལ་ཞེས་བྱ་བ་ནི་ན་པ་རྣམས་ལའོ།། འཕྲོད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའོ།། སོ་སོར་བསྟེན་པར ་བྱ་བའི་ཞེས་བྱ་བ་ནི་རུང་བའི་འོ། ། སྨན་རྣམས་ཞེས་བྱ་བ་ལ་མར་སར་ཞེས་བྱ་བ་ནི་མར་རོ།། ཏིལ་མར་ཞེས་བྱ་བ་ནི་ཏིལ་མར་ཉིད་དོ།། སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའིའོ།། བུ་རམ་གྱི་དབུ་བ་ཞེས ་བྱ་བ་ནི་བུ་རམ་མོ། ། ཞག་བདུན་པའི་མཐར་ཐུག་པའི་ཞེས་བྱ་བ་ནི་ཉིན་ཞག་བདུན་དུའོ།། གསོག་འཇོག་གི་ལོངས་སྤྱོད་ཀྱིས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་ནས་སོ།། སོ་སོར་བསྟན་པར་ཞེས་བྱ་བ ་ནི་བཟའ་བར་བྱ་བའོ། ། དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་ཚེས་ལ་ན་བའི་སྨན་ཞིག་རྙེད་ན། དེས་ན་བའི་སྨན་དེ་ཞག་བདུན་པའི་ནང་རོལ་ཏུ་བྱིན་གྱིས་བརླབ་པར་བྱ་བ་འམ། གཏང་བར་བྱ་བ་འམ། ལོངས་སྤྱད་པར་བྱའོ།། བྱིན་གྱིས་རློབ་པར ་མི་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས་སྤྱོད་པར་མི་བྱེད་ན། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་ཚེས་ལ་ཞེས་བྱ་བ་ལྟར། ཞག་དྲུག་པའི་བར་དུ་དེ་ཁོ་ན ་བཞིན་སྔ་མ་དང་འདྲ་བར་བརྗོད་དོ། ། དགེ་སློང་མོས་ཚེས་ལ་ན་བའི་སྨན་ཞིག་རྙེད་ལ། ཚེས་གཉིས་ལ་ཡང་གཞོན་ཞིག་རྙེད་ན། དགེ་སློང་མ་དེས་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་བ་འམ། ་གཏང་བར་བྱ་བ་འམ། ཕྱི་མ་ཤོས་ལོངས་སྤྱོད་པར་བྱ་བ་འམ། ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་བ་འམ། སྔ་མ་ཤོས་ལོངས་སྤྱད་པར་བྱའོ།། བྱིན་གྱིས་རློབ་པར་མི ་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས་སྤྱོད་པར་མི་བྱེད་ན། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་ཚེས་ལ་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས ་རྙེད་ན་ཞེས་བྱ་བ་ནས། ཞག་དྲུག་དང་བདུན་གྱི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མས་ཚེས་ལ་ན་བའི་སྨན་རབ་ཏུ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ།། དེ་བཞིན་དུ ་ཚེཆོས་ལ་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་གཞན་དག་ཅེས་བྱ་བའི་བར་དུ་རྒྱས་པར་རོ།། དེ་ལ་ན་བའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན་དུ་འདྲེས་པ་དང ་ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤན་འབགས་པ་དེ་དག་ནི། གཙུག་ལག་ཁང་གཞན་གྱི་དགེ་ཚུལ་མ་རྣམས་སྦྱིན་པར་བྱའོ།། ན་བའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན ་མ་འདྲེས་པ་དང་། ཟས་ཀྱི་ཕྱི་མ་དང་མ་འདྲེས་ཤིང་ཤན་མ་འབགས་པ་དེ་དག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྦྱིན་པར་བྱ་ཞིང་འདི་སྐད་ཅེས། ན་བའི་སྨན་འདི་ཉི་མ་གཅིག་ལོན་ལགས ་ཀྱིས། ཉི་མ་དྲུག་ཏུ་ལོངས་སྤྱད་པར་བགྱིའོ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་ཉི་མ་གཅིག་ལུས་པའི་བར་དུ་སྟེ། དགེ་སློང་མས་ན་བའི་སྨན་སྤང་བར་གྱུར་ལ། དེ་མ་སྤངས་སམ། བྲལ ་བར་མ་བྱས་སམ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ལ་ཡང་སྔ་མའི་ཤན་གྱིས་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་སྤངས་ལ་བྲལ་བར་མ་བྱས་ཤིང་ལྟུང་བ་མ་བཤགས་ན། དེ་ཡང ་སྤང་བའི་ལྟུང་བྱེད་དོ། ། དེ་བཞིན་དུ་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་ན། དེ་ཡང་སྤང་བའི་ལྟུང་བྱེད་དོ།། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ཏེ་ལོངས་སྤྱད་ན་ལྟུང་བ་མེད་དོ།། ལས ་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། ། སྤང་བའི་ལྟུང་བྱེད་བཅུ་དགུ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷུང་བཟེད ་རྙེད་ཅིང་། རྙེད་པ་རྣམས་སོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་མ་འཁོད་པ་ལ་ཡང་འགྱེད་པར་མི་བྱེད། ཐ་ན་སློང་བ་ལ་ཡང་སྦྱིན་པར་མི་བྱེད་པ་ན། དོན་ཉུང་བའི་དགེ ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག་གི་མཐར་ཐུག་གི་བར་བཅང་བར་བྱའོ།། དེ་ལས་འདས་པར ་འཆང་ན་སྤང་བའི་ལྟུང་བྱེད་དོ། ། ཞག་གཅིག་ཅེས་བྱ་བ་ནི་ཉིན་ཞག་གཅིག་གོ། དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ།། ལྷུང་བཟེད ་ཐུག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལས་སྐྲག་པའོ། ། དེ་ལས་འདས་པར་བཅ་ན་ཤེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤྱང་བ་སྒྱིང་བྱེད་དོ་ཞེས་བྱ་བ་ནི་རྫམ ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཞག་གཅིག་ལས་འདས་པར་ལྷུང་བཟེད་ལྷག་པ་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྩུང ་བཟེད་སྐྱ་མོ་འཆང་མ་ལྟུང་བ་མེད་དོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོདན་ཁྱིམ་བདག་ཅིག་གནུས་པ་དེས།། ་ཇི་ཙམ་ན་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་རྩེ་བར་བྱེད་པ་ལས། ཁྱེའུ་ཞིག་བཙས་པའི་བར་དུ་སྟེ། དེའི་མིང་འདུན་པོ་ཞེས་བྱ་བར་བཏགས་སོ།། འདོད་པ་རྣམས་ནི་ཚྭ་ཆུ་དང ་འདྲ་བས་དེ་ཡང་རྩེ་བར་བྱེད་པ་ན། བུ་མོ་ཞིག་བཙས་ཏེ། དེའི་མིང་ནི་འདུན་མ་ཞེས་བྱ་བར་བཏགས་སོ།། དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་ཤི་བར་གྱུར་ཏོ།། གང་གི་ཚེ་ཁྱིམ་བདག་དེ་ཤི་བར ་གྱུར་པ་དེའི་ཚེ། ཁྱིམ་བདག་དེའི་ཆུང་མ་མ་སྨད་གསུམ་རབ་ཏུ་བྱུང་ངོ་།། དེ་ནས་གཞོན་ནུ་འདུན་པ་དགེ་སློང་ཕའི་གཙུག་ལག་ཁང་ནས། དགེ་སློང་མའི་གཙུག་ལག་ཁང་དུ། མ་ལ་བལྟ་བའི་ཕྱིར ་དེས་སྣམ་སྦྱར་ཚོན་གསར་གྱིས་ཁ་བསྒྱུར་བ་དམར་སེར་ཞིག་བགོས་ཏེ་སོང་བ་དང་། སྲིང་མོ་དེས་དྲིས་པ། མིང་པོ་ཆོས་གོས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་བོའི་ཡིན ་ནོ། ། དེས་འདི་སྐད་ཅེས་བདག་ལ་སྩོལ་ཅིག་ཅེས་སྨྲས་པ་ལས། དེས་མ་བྱིན་པ་དང་། དེ་ངུ་བར་གྱུར་ཏོ།། དེ་ལ་མས་དྲིས་པ། བུ་མོ་ཙ་སྟེ་ངུ། དེས་འདི་སྐད་ཅེས་སྨྲས་སོ།། མིང་པོ་ལ ་བདག་གིས་ཆོས་གོས་བསླངས་ན། དེས་མ་སྩལ་ཏོ།། དེ་ནས་མས་གཞོན་ནུ་འདུན་པ་ལ་སྨྲས་པ། བུ་སྲིང་མོ་ལ་ཆོས་གོས་བྱིན་ཅིག། དེས་སྨྲས་པ། ཉེས་པ་འགའ་ཞིག་ཏུ་མི་འགྱུར་ལགས ་གྲང་། དེས་འདི་སྐད་ཅེས་སྨྲས་སོ།། དེ་ལ་ཉེས་པ་ཅི་ཡང་མེད་དོ།། དེ་ནས་འདུན་པས་ཆོས་གོས་དེ་འདུན་མ་ལ་བྱིན་ནོ།། འདུན་མས་ཀྱང་རང་གི་ཆོས་འདུན་པ་ལ་བྱིན་ནོ།། དེ་ནས་འདུན་མས ་ཆོས་གོས་དེ་ཞག་མང་པོ་མ་ལོན་པར་དྲི་མ་ཅན་དུ་བྱས་སོ། ། འདུན་པས་ཡང་ཆོས་གོས་དེ་ལེགས་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བ་བྱས་ནས། ཡང་མ་བལྟ་བའི་ཕྱིར་སོང་བ་དང་། དེ་ནས ་འདུན་མས་མིང་པོ་ལ་འདི་སྐད་ཅེས་སྨྲས་སོ། ། མིང་པོ་ཆོས་གོས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། འདི་དེའི་ཚེ་ཁྱོད་ཀྱི་ཡིན་མོད། དེས་འདི་སྐད་ཅེས་སྨྲས་སོ།། རང་གི་ཆོས ་གོས་འདི་སྣོམས་ལ། བདག་གི་ཆོས་གོས་ནི་ཚུར་སྩོལ་ཅིག། དེས་མ་བྱིན་པ་དང་། དེས་ཡང་མ་ལ་གསོལ་བ་བཏབ་པ་དང་། བུ་བྱིན་ཅིག། དེས་དེ་ལ་བྱིན་ནོ།། དེ་ནས་དགེ་སློང་མ་འདུན་མ་ལ། དགེ ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ཆོས་གོས་ལྟ་རྟག་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བས་གནས་གཙང་མའི་བཞིན་དུ་གྱུར་ཏོ།། དེས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་པ་དང་། ་དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད་འཁོར་གྱི་གཙོ་བོ་དང་ལྷན་ཅིག་ཆོས་གོས་བརྗེ་བ་ཉམས་སུ་མྱོང་བར་བྱེད། དེས་འདི་སྐད་ཅེས་གལ ་ཏེ་བརྗེར་རུང་ཡང་རུང་། བརྗེར་མི་རུང་ཡང་རུང་། བདག་གིས་བརྗེས་ལགས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང ་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན ་ཅིག་ཆོས་གོས་བརྗེས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་པ། འཕགས་པའི་ཆོས་གོས་གང་ལགས་པ་འདི་བཞེས་ལ། བདག་གི་ཆོས་གོས་གང་ལགས་པ་དེ་སླར་སྩོལ་ཅིག་ཅེས་སྨྲས་ན་སྤ ་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འདུན་མ་དང་དགེ་སློང་འདུན་པར་རོ།། ཆོས་གོས་བརྗེས་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། སྤང་བའི་ལྟུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་དང་ཆོས་གོས་བརྗེས་པ་ཉམས་སུ་མྱོང་བར་བྱེད་ན། ཐམས ་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་གཅིག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་དགེ་སློང་མའི་དགེ་འདུན ་དང་ལྷན་ཅིག་སྟོན་ཟླ་ཐ་ཆུངས་ཚེས་ལ། སྲ་བརྐྱང་བ་ཏིང་མ་ཐག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་སྲ་བརྐྱང་དབྱུང་གིས་ཚུར་ཤོག། སྲ་བརྐྱང་ཕྱུང་ན་གྲུབ་པ་དང་བདེ་བ་མང ་པོ་འབྱུང་ངོ་། ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་དུས་མ་ཡིན་པར་སྲ་བརྐྱང་མི་འབྱིན་ཏོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ན། ཁོ་མོས་ཅི་སྲ་བརྐྱང ་དབྱུང་བའི་དུས་གང་ཡིན་པ་མི་ཤེས་སམ། དེས་དགེ་སློང་མ་དེ་དག་གི་ཚིག་མ་མཉན་པར། དུས་མ་ཡིན་པར་སྲ་བརྐྱང་ཕྱུང་ནས་རྙེད་པ་གོས་སོ།། དེ་ནས་དགེ་སློང་མ་དེ་དག་ཆོས་གོས་ལྔ་ཐོགས་ཏེ་ལྗོང ་རྒྱུ་ཞིང་དོང་བ་དང་། དེ་ནས་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་དྲིས་པ། འཕགས་མ་དག་ཁྱེད་ཀྱིས་སྲ་བརྐྱང་བཏིང་བ་ཚང་ངམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་ནི་མི་ཤེས་མོད་ཀྱི། ་འཕགས་མ་སྦོམ་དགའ་མོ་ན་རེ་འདི་སྐད་ཅེས། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ་ཞེས་ཟེར་རོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་སྲས་བརྐྱང ་ཕྱུང་ངམ། དེ་དག་གིས་ཕྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན ་འདས་ལ་གསོལ་ཏོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང་འབྱིན་ན་སྤང་བའི་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། དུས་མ་ཡིན་པ་ཞེས་བྱ་བ་ནི་སྲ་བརྐྱང་གི་དུས་དང་དུས་མ་ཡིན་པ་གང་ཞེ་ན། སྟོན་ཟླ་ཐ་ཆུངས་ནས་བཟུང་སྟེ། དཔྱིད་ཟར ་བའི་བར་དེ་ནི་ས་བརྐྱང་གདིང་བའི་དུས་ཡིན་ནོ། ། གལ་ཏེ་ནང་དེར་སྲ་བརྐྱང་འབྱིནན། དུས་མ་ཡིན་པར་སྲ་བཅུད་བྱུང་བ་ཡིན་ནོ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང ་དགེ་སློང་མས་དུས་མ་ཡིན་པར་སྲ་བརྐྱང་དེ་འབྱིན་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཆོམ་རྐུན་པས་གཏོགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཡིན་ན་ལྟུང་བ་མེད་དོ།། ་སྤང་བའི་ལྟུང་བྱེད་ཉི་ཤུ་གཉིས་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་སྲ་བརྐྱང་དབྱུང་བའི་དུས་སུ་བསྲ་བརྐྱང་མ་ཕྱུང་བ་དང་། དེ་ལ ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་སྲ་བརྐྱང་དབྱུང་བའི་དུས་ལ་བབ་ན། ཁྱོད་ཀྱིས་ཅིའི་སླད་དུ་སྲ་བརྐྱང་མི་དབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ ་པ་ཡིན་པས་ཁོ་མོ་ས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ། ། དེ་ནས་དགེ་སློང་དེ་རྣམས་སྲ་བརྐྱང་གི་དུས་ལས་འདས་ཏེ། བླ་གོས་མཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་དོང་བ་དང་། དགེ་སློང་མ་དེ ་ངག་གིས་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཅག་ཅིའི་ཕྱིར་སྲ་བརྐྱང་དབྱུང་བ་ལས་འདས་ཏེ། བླ་གོས་མཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་དོང་། དེ་དག་གིས་འདི་སྐད་ཅེས་འཕགས་མ་སྦོམ་དགའ ་། མོ་ནར། ཁོ་མོ་ལྔ་སྣོད་གསུམ་པ་ཡིན་ནོ་ཞེས་ཟེར་ནས། ད་དུང་སྲ་བརྐྱང་མ་ཕྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དུས་སུ་སྲ་བརྐྱང་མི་འབྱིན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དུས་སུ་ཞེས་བྱ་བ་ནི་དཔྱིད་ཟླར ་བ་ཉ་ལ་སྲ་བརྐྱང་འབྱིན་པའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་སྲ་བརྐྱང་དུས་སུ་འབྱིན་པར་མི་བྱེད ་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་གསུམ་པ་རྫོགས་སོ།། །། སྡོམ་ལ། མངོན་མཚན་ཅན་དང་སོ་སོ་དང་། དེ་ནི་ཡང་ཡང་འགྲོལ་བ་དང་།། ་གོས་ཕྱིར་དངོས་པོ་གཞན་རྙེད་དང་གནས་མལ་དང་ནི་དབྱར་ཁང་དང་། སྐྱེ་བོ་མང་པོའི་ཕྱིར་རྙེད་དང་། དགེ་འདུན་ཆེད་དུ་སློང་བ་དང་། ལྕི་ལ་རིན་ཐང་ཆེ་བ་དང་། ཡང་བ་དེ་ནི་ཐ་མ་ཡིན།། ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་མཉན་ཡོད་ན་གསེར་མགར་ཞིག་ཡོད་པ་དེས། རིགས་མཉམ་པ ་ལས་ཆུང་མ་བླངས་སོ། ། དེ་ནས་དེ་ཁུ་འཕྲིག་ཅན་ཞིག་པས། ཆུང་མ་གསར་པ་དེ་བགམ་པར་འདོད་ནས། གསེར་གྱི་རྣ་གདུབ་ཅིག་བཞག་སྟེ་དབེན་པར་བསྡང་ངོ་།། དེ་ནས་སྦོམ་དགའ་མོ་སྔ་དྲ ་ཤམ་ཐབས་གོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། གསེར་མགར་གྱི་ཁྱིམ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བག་སར་དེ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱས་ནས ་འདི་སྐད་ཅེས་སྨྲས་སོ། ། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་ཟས་ཕྱེ་ཞིག་ཕྱུང་བ་དང་། དེས་ཟས་ཕྱེ་དེ་མཐོང་ནས་འདི་སྐད་ཅེས། ཁོ་མོ་ཁྱོད་ལས་ཐོག་མར་ཟས་ཕྱེད་ལེན་པ་ནི ་མི་བཟང་སྟེ། མི་ཤིས་ཀྱིས་གསེར་གྱི་རྣ་གདུབ་དེ་བསྟན་ནས། འོ་ནི་བྱོན་ཅིག་ཅེས་སྨྲས་པ་དང་། དེས་སྣོམས་ཤིག་ཅེས་ཀྱང་མ་སྨྲས། མ་སྣམས་ཤིག་ཅེས་ཀྱང་མ་སྨྲས་པ་ལས། དེས་དེ་བླངས ་ཏེ་སོང་ངོ་། ། དེ་ནས་མི་དེས་གསེར་གྱི་རྣ་གདུབ་དེ་མ་མཐོང་ངོ་།། མ་མཐོང་ནས་བག་སར་དེ་ལ་བརྡེག་པར་ཞུགས་པ་དང་། གཡས་གཡོན་ན་འཁོད་པ་དག་གིས་འདི་སྐད་ཅེས། ཁྱོད་གནོད ་མེད་ཅིང་མ་ཉེས་པ་འདི་ལ་དབྱུག་པས་རྡེག་གམ། ཅི་གསེར་གྱི་རྣ་གདུབ་ནི་དགེ་སློང་མ་ཕ་གིས་ཁྱེར་ཏེ་སོང་ངོ་ཞེས་སྨྲས་པ་དང་། དེ་ནས་གསེར་མགར་གྱིས་སྦོམ་དགའ་མོ་གང་ན་བ་དེར་བརྒྱུགས་པ ་ལས། དེ་ཡང་སྐྱེས་པ་དང་བུད་མེད་ཀྱི་རྐང་པའི་སྒྲ་ལ་མཁས་པ་ཡིན་པས། དེས་འཕྲིགས་ནས་གསེར་གྱི་རྣ་གདུབ་ཁར་བཅུག་གོ།། ཇི་ཙམ་ན་མི་དེ་ཉེ་བ་དང་། མི་དེ་ལ་སྦོམ་དགའ་མོས་འདི་སྐད་ཅེས ་སྨྲས་སོ། ། བུ་ཟན་མོའི་བུ་ཁོ་མོ་ཅག་རྒྱལ་པོས་བཙུན་མོའི་ཐབས་གནང་བར་ཁྱོད་ཀྱིས་མི་ཤེས་སམ། ཁོ་མོ་ལ་ལག་པས་མ་རེག་ཅིག། དེས་མགོ་རེག་མོ་ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཁུ་ཚུར ་གྱིས་བསྣུན་ནས། ཁ་ནས་ཁྲག་བྱུང་བྱུང་དུ་ཏེ་པོར་བརྡེགས་སོ།། དེ་ཡང་མིག་ཕུབས་སྤངས་ཤིང་དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་དྲིས་པ། འཕགས་མ་ཅི་ནོངས། ་ཁྲོས་ནས་འདི་སྐད་ཅེས་ཁྱེད་ཅག་ཕ་རོལ་མི་བདེ་བས་སྙིང་ཚིམ་མམ་ཞེས་སྨྲས་ནས། གཏམ་དེ་ཡང་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པ་དང་། དོན་ཉན་པའི་དགེ་སློང་མ་དག་སྨོད་པར་བྱེད་པའི ་སྐབས་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དེ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ།། ་མངོན་མཚན་ཅན་སློང་ན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་རང ་གི་དོན་དུ་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ། ། གསེར་སློང་ན་སྤང་བའི་ལྟུང་བྱེད་དོ།། གང་ཡང་དགེ་སློང་མས་ཅི་ཡང་རུང་། རུང་བ་མ་ཡིན་པ་སློང་ན་དེ་ཡང་སྤང་བའི་ལྟུང་བྱེད་དོ།། ་སྤང་བའི་ལྟུང་བྱེད་ཉི་ཤུ་བཞི་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི ་ཚེ་མཉན་ཡོད་ན་སྦོམ་དགའ་མོ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ལ་ཆོས་སྙན་པ་སྙན་པ་དག་སྟོན་ཏོ། ། དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་ལྔ་ནི་རྙིངས། ནམ་སྦྱར་ནི་དེངས ་པ་དང་། དེ་ལ་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་གལ་ཏེ་འདི་འདྲ་བའི་ཆོས་འཆང་མཁྱེན་ན། ཁྱོད་ཅིའི་སླད་དུ་ཆོས་གོས་རྙིང་པོ་ལྔས་འཁྱམ་པར་མཛད། དེས་འདི་སྐད ་ཅེས་སྨྲས་སོ། ། ཅི་ཁོ་མོ་ལ་ཡང་ཁྱེད་བཞིན་དུ་ཁྱོ་དང་བུ་ལས་བྱེད་པ་དག་ཡོད་དམ། ཁོ་མོ་དགེ་སློང་མ་ལ་སྟེར་བ་སུ་ཡོད། དེ་ལ་དེ་དག་གིས་སྐུད་པ་དག་བསྟན་ནས། བདག་ཅག་གིས་སྐུད་པ་འདི ་འཕགས་མའི་སླད་དུ་གོས་སུ་འཐག་ཏུ་སྩལ་ནས་གསོལ་ལོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས། ཁོ་མོ་རང་གིས་བཏག་གོ་ཞེས་དེ་སྐུད་པ ་དེ་ཁྱེར་ནས་ཚོང་པའི་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚོང་པའི་མི་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ནང་རྗེ་ཁྱོད་སྐུད་པ་འདི་ཇི་ཙམ་གྱིས་ཉོ།། ཉོས་ནས་ཇི་ཙམ་དུ་ཚོང་། དེས་འདི་སྐད་ཅེས་སྨྲས ་སོ། ། ཁོ་བོ་ནི་འདི་ཙམ་གྱིས་ཉོས་ནས། ཁོ་བོ་ནི་འདི་ཙམ་དུ་འཚོང་ངོ་།། དེས་འདི་སྐད་ཅེས་སྨྲས་སོ།། སྐུད་པ་འདི་ཁྱེར་ལ་ཁོ་མོ་ལ་རིན་བྱིན་ཅིག། ཚོང་པའི་མི་དེས་སྐུད་པའི་རིན་ཀར་ཤ ་པ་ཎ་དག་བྱིན་ནོ། ། དེ་ནས་སྦོམ་དགའ་མོ་དབྱར་ཁང་དུ་སོང་ནས། ཀར་ཤ་པ་ཎ་དེ་དག་ལས་ཁ་ཟས་དག་གཡོ་བར་བྱེད་དེ། ཀུན་ཏུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། འབྲས་བུས ་བརྒྱན་པ་དང་། ཚིལ་གྱི་བེ་རེག་དང་། འབྲས་བུའི་བཻ་རེག་དང་། རིམ་པ་བརྒྱ་པ་དང་། ནང་ཚངས་ཅན་དག་སྟེ། དེ་ལྟར་ཁ་ཟས་ཀྱི་གཡོས་ཀྱི་སྔ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ཏེ། ཀ8 ་པ་ཎ་དེ་དག་ཞག་མང་པོ་མ་ལོན་པར་ཟོས་སོ། ། ཟོས་ནས་ཀྱང་ཡང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱི་དྲུང་དུ་སོང་བ་དང་། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས ་སྨྲས་སོ། ། འཕགས་མ་གོས་དེ་བཏགས་ལགས་སམ། དེས་འདི་སྐད་ཅེས་སྨྲས་སོ།། དེ་ལ་གླ་ཡང་གོས་སོ།། དེ་དག་གིས་གླུ་ཡང་བྱིན་པ་དང་། དེ་ཡང་ཟོས་སོ།། དེ་བཞིན་དུ་འདྲུབ་པའི་དང ་ཚོན་རྩིའི་གླ་ཡང་ཟོས་སོ། ། དེ་ནས་སྦོམ་དགའ་མོ་ལ། ཡང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་སླད་དུ་ན་བཟའ་མི་མནཔས། དེས་འདི་སྐད་ཅེས་སྨྲས་སོ།། རྗེས་སུ ་ཡི་རང་བར་གྱིས་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཀྱིས་ཅི་ཞིག་ཏུ་བགྱིས། དེས་འདི་སྐད་ཅེས་སྨྲས་སོ།། གཏེར་དུ་སྤྲོས་སོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་རེ་ཞིག་བདག་ཅག་ནི་བུ་དང་ཁྱོའི་ཆེད་དུ་གཏེར་དུ་སྦེད་ན། ཁྱོད་མུན་དི་ཏི་དང་རྒྱ་ཤུག་ལྟར་གཅིག་པུ་ལགས་ན། སུའི་སླད་དུ་གཏེར་དུ་སྦས། ངེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅིག་ཅི་དོང ་བརྐོས་ནས་གཏེར་དུ་སྦས་སྙམ་མམ། འོན་ཀྱང་ཁོ་མོས་ནི་ཁ་ཟས་ཀྱི་གཡོས་ཀྱི་སྣ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ཏེ། ལག་མཐིལ་ནས་ལྐོག་མར་བརྫངས་སོ།། ལྐོག་མ་ནས་ས ་འོག་ཏུ་བོར་རོ། ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་རེ་ཞིག་བདག་ཅག་ལ་བུ་དང་སྡུམ་ཐབ་ལས་བགྱིད་པ་མཆིས་ཀྱང་། བདག་ཅག་འདི་འདྲ་བའི་ཁ ་ཟས་མི་འཚལ་ན། ཅིའི་སླད་དུ་ཁྱོད་རབ་ཏུ་བྱུང་བར་གྱུར་པ། ཁ་ཟས་ཀྱི་རྣམ་པ་འདི་ལྟ་བུ་ལ་ལོངས་སྤྱོད་ལགས། དེས་འདི་སྐད་ཅེས་ཁོ་མོ་ནི་ཤཱཀྱའི་བུ་མོ་ཤིན་ཏུ་གཞོན་པ་སྡེ་སྣོད་གསུམ ་པ་ཡིན་ཏེ། ཁ་ཟས་ངན་པས་འཚོ་བར་མི་ནུས་སོ་ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་ཐོས་ནས། དགེ་སློང་མ་རྣམས་སྨོད་པར་བྱེད་དོ་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་གོས་ཀྱི་རྙེད་པ་སོ་སོ་བ་དག་བདག་གིས་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ།། སོ་སོ་བ་ཞེས་བྱ་བ་ནི་དངོས་པོ་གཞན་དག་གོ།། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། ་བདག་རང་གི་ཁའི་སྒོར་ཞེས་བྱ་བ་ནི་ལྐོག་མར་མིང་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ། ་ཅུང་ཟད་དགོས་ཀྱི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་ལྔ་པ་རྫོགས་སོ།། ། ་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ཞིག་ལ་ཆགས་པས། དེ་དེའི་འཚོང་ཁང་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ།། གཞིན་བཟངས་སྒྱེརུ་གཤེར་གྱི་ཐུམ་པོ་ཚངས ་ཇི་ཙམ་ན་འཆིང་བ་ལ་བཞུགས་པ་དང་། དེས་ཡང་འདི་སྐད་ཅེས་སྨྲས་སོ།། མ་ཡིན་མ་ཡིན་པི་པི་ལིང་གི་ཐུམ་པོ་ཆིངས་ཤིག། མ་ཡིནིན་མ་ཡིན་ན་ལེ་ཤམ་གྱི་ཐུམ་པོ་ཆིངས་ཤིག། བུད་མེད་ནི ་བརྗེད་ངས་པ་ཡིན་པས། བུ་རམ་གྱི་ཐུམ་པོ་ཆིངས་ཤིག། མ་ཡིན་མ་ཡིན་ཤ་ཁ་རའི་ཐུམ་པོ་ཆེངས་ཤིག། མ་ཡིན་མ་ཡིན་པ་ཙག་ཡུག་སྣམ་གྱི་ཐུམ་པོ་ཆིངས་ཤིག། གང་གི་ཚེ་དེ་གཞན ་འགྲོལ་ཞིང་། གཞན་འཆིང་བ་དེའི་ཚེ། སྤྲོས་འཚོང་གི་ཁྱེའུ་ཁྲོས་ནས་ཐུམ་པོ་དེ་བརྡབས་སོ།། བརྡབས་ནས་འདི་སྐད་ཅེས་མགོ་རེག་མོ་ངན་པ་མོ་ཞེས་སྨྲས་སོ།། དེ་ལ་ཕྱི་བཞིན་འབྲང་བའི ་དགེ་སྦྱོང་མས་སྨྲས་པ། ཁྱོད་ནུས་པ་འདིས་སྡེ་སྣོད་གསུམ་པོ་དག་ལེགས་པར་བཏོན་ནམ། དེས་བླུན་མོ་ཁོ་མོ་བརྗེད་སྙམ་མམ། དེ་ལྟ་མོད་ཀྱི་ཁོ་མོ་ཚིག་ཙམ་རང་གིར་བྱེད་དོ།། ངེས་འདི ་སྐད་ཅེས་སྨྲས་སོ། ། ཁྱོད་འདོད་ཆགས་ཀྱིས་བརྡེགས་ན་མི་འགས་ཤིང་། ཤིང་ཞོགས་ཇི་ལྟ་བ་བཞིན་དུ་མེ་འབར་བ་ངོ་མཚར་ཆེའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་བྲམ་པོ་བཅིངས་ཤིང་བཅིངས་ཤིང་ཡང་དང་ཡང་དུ་འགྲོལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་ཟླ་བ་ནི་སྡོམ། ་དགའ་མོའོ།། ཟླུམ་པོ་བཅིངས་ཤིང་བཅིངས་ཤིང་ཞེས་བྱ་བ་ནི་ཟོང་ངོ་།། ཡང་དང་ཡང་དུ་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་གཞན་དང་གཞན་ནོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆགས་པས་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན། ཐམས་ཅད་དུ་སྤང ་བའི་ལྟུང་བྱེད་དུ་འགྱུར་རོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་དྲུག་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས ་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། བཙུན་མོ་འཕྲེང་ལྡན་མའི་ཕོ་བྲང་གང་ན་བ་དེར་སོང་བ་དང་། བཙུན་མོ་འཕྲེང་ལྡན་མས་རྒྱང་རིང་པོ་ཁོ་ན་ནས་སྦོམ་དགའ་མོ་འོང་བ་མཐོང ་ངོ་། ། མཐོང་ནས་ཀྱང་སྟན་ཤོམ་དུ་བཅུག་གོ།། དེ་ནས་སྦོམ་དགའ་མོ་སྟན་བཤམས་པ་ཉིད་ལ་འདུག་སྟེ། འདུག་ནས་བཙུན་མོ་འཕྲེང་ལྡན་མ་ལ་ཆོས་སྙན་ཅིང་སྙན་པ་དག་བཤད་དོ།། ་དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་སྨད་ལྔ་རྙིངས་ཤིང་། སྣམ་སྦྱར་ཡང་དེངས་སོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོ་ལ། བཙུན་མོ་འཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ།། འཕག ་མཆོད་ཀྱི་ཆོས་གོས་རྣམས་རྙིངས་སོ། ། ནས་འདི་སྐད་ཅེས་སྨྲས་སོ།། བཙུན་མོས་བདག་ལ་གསུས་པོ་ཆེ་འང་བརྗིད་ངམ་འན་ཏེ་སྲག་ཀྱི་དང་གོ་ས་ལ་བའོ།། གཞན་ཡང་བཙུན ་མོ་བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ། ། དེ་ནས་བཙུན་མོ་འཕྲེང་ལྡན་མས། དགེ་སློང་མ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ལ་བདག་གིས་ཆོས་གོས་ལྔ་དབུལ ་དེས་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ཀྱིས་དགེ་སློང་མའི་ཆོས་གོས་དག་འཚེམ་མི་མཁྱེན་ཏེ། དེ་ལྟ་མོས་ཀྱི་བདག་ཉིད་ཀྱིས་བཙེམ་མོ།། དེས་དེ་ལ་ཆོས་གོས་ལྔའི་རྒྱུར་རིན ་ཆེ་བའི་རས་ཡུག་པོ་ཆེ་དག་བྱིན་ནོ། ། དེས་དེ་བླངས་ཏེ་ཚོང་པའི་དྲུང་དུ་སོང་ནས་བཙོངས་ཏེ་ཞེས་བྱ་བ་ནས། ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ནས་ཟོས་ཏེ། ་སླར་ཡང་སོང་བ་དང་ཞེས་བྱ་བ་ནས། འདྲུབ་པའི་དང་ཚོན་རྩིའི་གླ་ཡང་ཟོས་སོ།། དེ་ནས་སྦོམ་དགའ་མོ་ལ། བཙུན་མོ་འཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ།། འཕགས ་མ་ཁྱོད་ཅིའི་སླད་དུ་ཆོས་གོས་དེ་དག་མི་མནབས། དེས་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་གཏེར་དུ་སྦས་ལགས་ཀྱིས། རྗེས་སུ་ཡི་རང་བ་མཛོད་ཅིག། དེ་ནས་སྡོམ ་དགའ་མོ་ལ། བཙུན་མོ་འཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཡུལ་ཀ་ཤི་ཀ་དང་ཀོ་ས་ལ་ཡོད་ཀྱང་གཏེར་མི་འཆའ་འོ་ཞེས་བྱ་བ་ནས། རྣམ་གྲངས་བཅོ་བརྒྱད་པ ་དང་ཉི་ཤུ་པ་དག་བགྱིས་ཏེ། ལག་མཐིལ་ནས་ལྐོག་མར་བརྫངས་སོ་ཞེས་བྱ་བ་ནས། བདག་ནི་སྡེ་སྣོད་གསུམ་པ་ལགས་སོ་ཞེས་བྱ་བའི་བར་རོ།། ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་གོས་ཀྱི་ཕྱིར་དངོས་པོ་གཞན་རྙེད་པ ་རང་གི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དངོས་པོ་གཞན་ཞེས་བྱ་བ་ནི་གཞན་དུ་བསྔོས ་པའོ། ། གོས་ཀྱིས་རྙེད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའིའོ།། ཁའི་སྒོ་ཞེས་བྱ་བ་ནི་ལྐོག་མར་མེད་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་དངོས་པོ་གཞན་རྙེད་པ་དེ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བ ་ལྟུང་བྱེད་ཉི་ཤུ་རྩ་བདུན་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་རང་གི་དབྱར་ཁང་གི་གནས་མལ་གྲུགས་ཤིང་ཆགས་པ་དང་། དེ་ལ ་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་གནས་མལ་གྲུགས་ཤིང་ཆག་པ་དག་ཅིའི་སླད་དུ་མ་བཅོས། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ལོ་མོ་ལ་བུ་དང་ཁྱིམ་ཐབ་ལས ་བྱེད་པ་ཡོད་སྙམ་མམ། དེ་དག་གིས་གནས་མལ་བཅོལ་པའི་ཕྱིར། ཀར་ཤ་པ་ཎ་མང་པོ་བྱིན་ནོ་ཞེས་བྱ་བ་ནས། དེས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ཏེ ་ཟོས་སོ་ཞེས་བྱ་བའི་བར་རོ། ། ཡང་གྲུགས་ཤིང་ཆག་པ་མཐོང་ནས་ཞེས་བྱ་བ་ནས། འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག ་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་གི་གནས་མལ་གྱི་རྙེད་པ་རང་གི་ཁའི་ཟ་བར་བྱིན་གྱིས་རློབ་པར་བྱེད་ན ་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གནས་མལ་གྱི་རྙེད་པ་ཞེས་བྱ་བ་ནི་གདིང་བ་དང་། གཡོག་པ་བཏགས་པ་འམ། རིན་ནོ།། སྤང་བ་ལྟུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་གི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། སྤང ་བའི་ལྟུང་བྱེད་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཚེས་བརྒྱད་དང་བཅོ་ལྔ་དག་ལ་ཁྱིམ་དག་གི་ཆུང་མ་རབ་ཏུ་མང་པོ་ཆོས་ཉན་པའི་ཕྱིར་དབྱར་ཁང ་དུ་འོངས་པ་དང་། དེ་ནས་མཚན་མོ་ཆར་བབ་པས་དབྱར་ཁང་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས ་མ་ཁྱོད་ཀྱིས་ཅིའི་སླད་དུ་དབྱར་ཁང་མི་བཅོས། དེས་འདི་སྐད་ཅེས་ཅི་ཁོ་མོའི་ཁྱིམ་ན་ཡང་བུ་དང་ཁྱིམ་ཐབ་ཡོད་སྙམ་ཞེས་སྨྲས་པ་དང་། དེ་དག་གིས་དབྱར་ཁང་བཅོས་པའི ་ཕྱིར་ཀར་ཤ་པ་ཎ་དག་བྱིན་ཏེ། དེས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཡང་ཐིགས་པ་འཛག་པ་མཐོང་ནས་ཞེས་བྱ་བའི་བར་རོ།། དེ་དག་གིས ་སྨྲས་པ། འཕགས་མ་དབྱར་ཁང་མ་བཅོས་སམ་ཞེས་བྱ་བའི་བར་དུ་སྟེ། དེས་འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་བཅོས་པའི་རྙེད་པ་དག་ཉིད ་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སྦྱོང་མ་གང་ཞེས་བྱ་བ་ནི་སྒྲོམ་དགའ་མོའོ།། དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་།། རྙེད་པ ་ཞེས་བྱ་བ་ནི་གསེར་དང་། དངུལ་ལམ། གཞན་ཅི་ཡང་རུང་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་དབྱ་བ་བང་བཅོས་པའི་རྙེད་པ་ཁའི་གོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་དགུ་པ་རྫོགས་སོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ལྗོངས་ཤིག་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་ལྷགས་པ་དང་། དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཆུང་མས་རྙེད་པ་མང་དུ ་གཏན་ནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གདུགས་ཚོད་མཛོད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཉུངས་ཀྱིས་ཡང་དང་ཡང་དུ་སྣོད་ཅིག། དེ་དག་གིས ་ཡང་དང་ཡང་དུ་བྱིན་ནས་ཀྱང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་གདུགས་ཆོད་བགྱི་བའི་དུས་ནི་འདི་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ད་དུང་ཟན་བྱ་བའི་དུས་ལ་མ ་བབ་པོ། ། གང་གིས་ཚེ་དགེ་སློང་མ་དེ་རྣམས་ལྗོངས་དག་ཏུ་དོང་བ་དེའི་ཚེ། དེས་རྙེད་པ་དེ་ལས་རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པའི་བར་དག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཁོ་མོ་ནི་སྔ་སྣོད ་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ། ། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ། ཡང་དགེ་སློང་མ་གང་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱིས་ཕྱིར་རྙེད་པ་བླངས་ཏེ་གཅིག་པུ་ཟ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཉན་ཐོས་མ་རྣམས་སོ།། རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི ་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་རྙེད་པ་ཡོད་པ་གཅིག་པུ་ཟ་བར་བྱེད་ན།། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར ་རོ། ། སྤང་བའི་ལྟུང་བྱེད་སུམ་ཅུ་པ་རྫོགས་སོ།། ། གླེང་གཞི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟས་དག་ཡང་དག་པར་སྐུལ་བར་བྱེད ་པ་ན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་ཅིའི་སླད་དུ་དགེ་འདུན་པའི་ཟས་ཀྱི་རྙེད་པ་མི་བགྱི། འདི་ལྟར་ཉུངས ་སོ་ཞེས་ཡང་དང་ཡང་དུ་བསླངས་ནས། གཅིག་པུས་ཀུན་ཏུ་གཡོས་པ་དང་། ལེགས་པར་གཡོས་པ་ནས། རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་གི་བར་དག་བྱས་ཏེ་མོས་སོ་ཞེས་བྱ་བ ་ནས། རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བྱ་བ་དང་། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་དག་སྤྱོད་པར་བྱེད་པའི་ཞེས་བྱ་བ་ནས། དེ་ནས་བཅོམ ་ལྡན་འདས་ཀྱིས་བསླབ་པ་བཅའ་པའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་བསླངས་ཏེ། བདག་ཉིད་ཀྱི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན ་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་མའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའིའོ།། རྙེད ་བ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བསླངས་ཏེ་ཞེས་བྱ་བ་ནི་ཕ་རོལ་ལས་སོ།། ཁའི་ཞེས་བྱ ་བ་ནི་ཁའི་བཟའ་བར་རོ། ། བྱིན་གྱིས་རློབ་པར་བྱེད་ན་ཞེས་བྱ་བ་ནི་ལྐོག་མར་མེད་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར། ་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་མའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་སུམ་ཅུ་གཅིག ་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ལུས་འཕགས་ཀྱི་རྒྱལ་པོས། ལ་བ་རིན་པོ་ཆེ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས།། ་དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས། ལ་བ་རིན་པོ་ཆེ་དེ་དེ་ལ་བྱིན་ནོ།། དེས་ཀྱང་ལ་བ ་རིན་པོ་ཆེ་དེ་ཆོས་གོས་ཀྱི་གདང་ལ་གཟར་ཏེ་བཞག་གོ། དགའ་མོ་གནས་ཁང་དུ་ཞུགས་པས་མཐོང་ནས། དེས་ཆོས་སྦྱིན་ལ་དྲིས་པ། འཕགས་མ་ལ་བ་རིན་པོ་ཆེ་འདི་སུའི་ལགས། ་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ཡིན་ནོ།། དེ་ནས་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས། བསོད་ནམས་དག་ནི་བྱ་བ་སྟེ། བསོད ་ནམས་མ་བྱས་སྡུག་བསྔལ་འགྱུར། ། འཇིག་རྟེན་འདི་དང་ཕ་རོལ་ཏུ།། བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་གསུངས་པ་ནི་ཐོག་ཏུ་བབ་སྟེ། ཁྱོད་ནི་བསོད་ནམས་བགྱིས་པས་ལྷ ་དང་མིས་མཆོད་པར་གྱུར་ཏོ། ། དེ་ནས་ཆོས་སྦྱིན་གྱིས། གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་འདོད་ན་ཁྱེར་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ནི་ལྷའི་ཕ་མ་ཕབས ་ལགས་སོ་ཞེས་བྱས་ནས། ལ་བ་རིན་པོ་ཆེ་དེ་བླངས་ཏེ་བགོས་ནས་ལག་པ་གཉིས་སྒྱུར་བ་བྱས་ཏེ། ལམ་པོ་ཆེ་དང་སྲང་དུ་འཁྱམ་པ་ན། དེ་བྲམ་ཟེ་དང་ཕྱིམ་བདག་རྣམས་ཀྱིས་མཐོང་ནས་འདི ་སྐད་ཅེས་སྨྲས་སོ། ། ཕ་གི་སུ་ཞིག་ཡིན། ཅི་ནོར་ཅན་གྱི་ཆུང་མ་འམ། ཚོང་དཔོན་གྱི་ཆུང་མ་འམ། དེད་དཔོན་གྱི་ཆུང་མ་ཞིག་ཡིན། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། གཙུག ་དགབ་མོ་ཡིན་ནོ། ། བལྟས་ནས་ཤེས་ལྡན་དག། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་དག་ཀྱང་ལྕིལ་རིན་ཆེ་བའི་གོས་དག་གྱོན་ལ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་འདི་དག ་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ན་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་ལ་རྨད་པར་མཛད་དེ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟ་བུ་མཛེས་པ་མ་ཡིན་པ་བྱས་པ་བ་དེ་ན་ནམ། བཅོམ་ལྡན་འདས་མེད ་ལགས་སོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། གཙུག་དགའ་མོ་ལ་དགེ་སྦྱོང་མའི་ཚུལ་མ་ཡིན་པ་དང་། རུང་བ་མ་ཡིན་པ་དང་། མཛེས་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས ་སྨད་པ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་རྣམ་པར་སྨད་ནས། གཉིས་ཀའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་ཁ་ཟས་དང་འདྲ་སྟེ། རེ་ཞིག ་གོས་བཟང་པོ་མེད་ན་ཡང་འདོད་པར་བྱ་བ་ཡིན་ན། གོས་བཟང་པོ་བགོས་ན་ལྟ་སྨོད་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེ་དམིགས་གང་ཅི་བྱུང་བ་ཐམས་ཅད་ནི་ལྕི་ལ་རིན ་ཆེ་བའི་གོས་འཆང་བ་ལས་གྱུར་ཏོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དགེ་སློང་མ་གང་ལྕི་ལ་རིན་ཆེ་བའི་གོས་འཆང་ན་སྤང་བའི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། ལྕི་ལ་ཞེས་བྱ་བ་ནི་དགུན་གྱི་བགོ་བའོ།། རིན་ཆེ་བའི་ཞེས་བྱ་བ་ནི་ཀར་ཤ་པ་ཎ་ཉི་ཤུ་འམ། ཉི་ཤུ་ལྔ་རི་བའོ།། འཆང ་ན་ཞེས་བྱ་བ་ན་མྱོད་ནའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ན། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ལྟར་ཆུང་ཟད་ཀྱི་ལ་རིན ་བའི་གོས་འཆང་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་སུམ་ཅུ་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ཀ་ལི ་ཀའི་རྒྱལ་པོས་སེང་རས་རིན་ཆེ་བཞིག། རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག་གི ་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་དེ་ལ་བྱིན་ནོ། ། དེས་དེ་བླངས་ཏེ་ཆོས་གོས་ཀྱི་གདང་ལ་གམར་ཏེ་བཞག་གོ། གཙུག་དགའ་མོ་ཡང་གནས་ཁང་དུ་ཞུགས་པ་ན་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ་འཕགས་པ་སེང་རས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ཡིན་ནོ།། དེ་ནས་གཙུག་དགའ་མོས། ཆོས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནི་བསད་ནམས་བགྱིས་པས ་ལྷ་དང་མིས་མཆོད་པར་འགྱུར་ཏེ། ཁྱོད་ལ་དཔྱིད་ཀའི་དགོན་པ་འདི་ལྟ་བུ་མངའའོ།། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་འདོད་ན་ཁྱེར་ཅིག། དེ་ནས་འདི་སྐད་ཅེས་སྨྲས་སོ།། ལྷའི་ཕམ ་ཕབས་སུ་མི་འཚལ། དེ་ནས་ཆོས་སྦྱིན་གྱིས་སེང་རས་གཙུག་དགའ་མོ་ལ་བྱིན་ནོ།། དེས་རེ་བགོས་ཏེ་བགོས་ནས་སྲང་དུ་ཞུགས་ན་དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ་།། དེ་ནས་བྲམ ་ཟེ་དང་ཁྱིམ་བདག་རྣམས་ཀྱིས། གཙུག་དགའ་མོ་རྒྱང་རིང་པོ་ལོ་ན་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ཕ་གི་སུ་ཞིག་ཡིན། ནོར་ཅན་གྱི་འམ། ཚོང་དཔོན་གྱི་འམ། དེད་དཔོན་གྱི་བུ ་མོ་ཞིག་འོངས་པར་གྱུར་ཏམ། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མ་གཙུག་དགའ་མོ་ཡིན་ནོ།། དེ་རྣམས་ཀྱིས་བལྟས་ནས་འདི་སྐད་ཅེས་སྨྲས་སོ།། འདི་ལྟ་སྟེ། སེང་རས ་གྱོན་པ་འདི་ནི་དགེ་སློང་མ་རྣམས་ལ་མཛེས་པ་མ་ཡིན་ནོ་ཞེས་སྨོད་པར་བྱེད། ཕྱར་ཀ་བཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང ་མ་རྣམས་ཀྱིས། རྒྱས་པར་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། ་གཞི་འདི་དང་། སྐབས་འདི་ལ་ངའི་ཉན་ཐོས་མ་རྣམས་ཀྱིས་རྣམ་པར་ཤེས་པར་འགྱུར་བ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བར་བྱ་བའི་ཕྱིར། གཉིས་ཀའི་དགེ་འདུན་བསྡུ ་བ་མཛད་དོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ།། མི་མཁྱེན་པར་མ་ཡིན་གྱིས། མཁྱེན་བཞིན་དུ་རྨེད་པ་ཡིན་པས་ཞེས་བྱ་བ་ནས། དགེ་སློང་མ་ཁྱོད་ཀྱིས ་མཛེས་པ་མ་ཡིན་པ་འདི་ལྟ་བུ་བྱས་པ་བདེན་ནམ་ཞེས་བྱ་བའི་བར་རོ། ། བཙུན་པ་མེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨོད་པར་མཛད་དེ། དགེ་སློང་མ་དག་བུད་མེད་ནི་ལེགས་པར ་སྦས་ཀྱང་མཛེས་པ་མ་ཡིན་ན། མ་སྲས་པ་ལྟ་སྨོད་ཀྱང་ཅི་གོས་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ་དགེ་སློང་མ་དག ་ངས་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་མཛད་དེ། འདི་ལྟ་སྟེ། དགེ་འདུན་ཡང་དག་པར་བསྡུ་བའི་ཕྱིར ་དང་ཞེས་བྱ་བ་ནས། ལྷ་དང་མིའི་བར་ལ་ཡང་དག་པར་ལེགས་པར་རབ་ཏུ་བཤད་པར་འགྱུར་བའི་བར་རོ།། ཡང་ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི ་སྐད་ཅེས་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཡང་ལ་རིན་ཆེ་བའི་གོས་གྱོན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། གོས་ཡང་ལ་ཞེས་བྱས ་ནི་སེང་རས་སོ། ། རིན་ཆེ་བ་ཞེས་བྱ་བ་ནི་ཀར་ཤ་པ་ཎ་ཉི་ཤུ་རི་བ་འམ། ཀར་ཤ་པ་ན་ཉི་ཤུ་རྩ་ལྔ་རི་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་རྫི ་ལྟར་འགྱུར་ཞེ་ན། དགེ་སློང་མ་སེང་རས་གྱོན་ན་སྤང་བའི་ལྟུང་བྱེད་དོ།། སྣ་ཚོགས་སུ་བཀྲ་བ་གྱོན་ནམ། སྲབ་མོ་གྱོན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། ལས་དང་པོ་པ་ལ་སོགས ་པ་ལ་ནི་ལྟུང་བ་མེད་དོ། ། སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ་པ་རྫོགས་སོ།། །། དགེ་སློང་མའི་འདུལ་བ་རྣམ་པར་བྱེད་པ་ལས། སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། ། ་། བམ་པོ་བཅོ་ལྔ་པ།། ད་ནི་ལྟུང་བྱེད་རྣམས་སྨྲ་བར་བྱ་སྟེ། བསྡུས་པའི་སྡོམ་ན། ཤེས་བཞིན་དང་ནི་ས་བོན་དང་། དེ་བཞིན་ཁུར་བ་ཉིད་དང་ནི།། @ ་མོས་རྡེབས་དང་ཆེད་བསམས་དང་། ། རྐུན་མ་དབང་ཆེན་ཉིད་དང་། སྡོམ་ནི། ཤེས་བཞིན་དང་ནི་སྐྱོན་ནས་དྡྷ། ཕྲ་མ་དང་ནི་མྱ་སྔོགས་དང་། སྐྱེས་པ་ལ་སྟོན་ཆོས་དང་ནི། ་ཡིད་འོངས་བསླབ་པ་ཁྱད་གསོད་པའོ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེདོ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་མ་བཅུ ་གཉིས་སྔ་རྣམས་ཀྱིས་ཤེས་བཞིན་དུ་དགེ་སློང་མ་རྣམས་ལ་བརྫུན་སྨྲས་པས་མཐོ་འཚམ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བྱེད་དོ།། ་ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་སོ།། བརྫུན་སྨྲ་ན་ཞེས་བྱ་བ་ལ། བརྫུན་སྨྲ་བ་རྣམ་པ་བརྒྱད་ཀྱང་ཡོད། བརྫུན་སྨྲ་བ་རྣམ་པ་བདུན་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་དྲུག་ཀྱང ་ཡོད། བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡང་ཡོད། བརྫུན་དུ་སྨྲས་པ་རྣམ་པ་གཉིས་ཀྱང་ཡོད་དོ།། བརྫུན་དུ་སྨྲ་བ ་རྣམ་པ་བརྒྱད་གང་ཞེན། གཞི་མེད་པར་བས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དང་། གའི། ་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས ་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་དྲུག་གང་ཞེ་ན། ་དགེ་སློང་མ་བརྫུན་དུ་སྨྲ་བར་འདོད་པ་འདི་སྙམ་དུ་བརྫུན་དུ་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། ཐོགས་པ་སྟེ། འདི ་ནི་བརྫུན་དུ་སྨྲ་བ་རྣམ་པ་དྲུག་ཡིན་ནོ། ། བརྫུན་དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ་ཉེས་བྱས་ཀྱིས་ཏེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ ་བ་ཉམས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གསུམ ་ཡིན་ནོ། ། གཞན་ཡང་བརྫུན་དུ་སྨྲ་བ་རྣམ་པ་གསུམ་སྟེ། བརྫུན་དུ་སྨྲ་བར་འདོད་པ་ན་འདི་སྙམ་དུ། བདག་གིས་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། ཟླ་བ་ན་འདི་སྙམ་དུ་བདག་བརྫུན་སྨྲའོ་སྙམ་པ་དང་། ་བརྫུན་སྨྲས་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། བརྫུན་སྦ་བ་ན་འདི་སྙམ་དུ་བརྫུན་སྨྲའོ། ་སྙམ་པ་དང་། བརྫུན་སྨྲས་པ་ན་དེ་འདི་སྙམ་དུ་བདག་གིས་བརྫུན་སྨྲས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གཉིས་ཡིན་ནོ།། བརྫུན་དུ་སྨྲ་བ་ལ་གཅིག་པུ་འབའ་ཞིག་ནི་མེད་དོ།། བརྫུན་རྩ ་སྨྲ་བ་ལས་ཕས་ཕམ་པར་འགྱུར་བ་ཡང་ཡོད། ། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡང་ཡོད།། ་བརྫུན་དུ་སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ།། བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་མིའི་ཆོས་བླ་མ་མེད་བཞིན་དུ་སྨྲ་བ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ཕས། ་ཕམ་པར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གཞི་མེད་པར་དགེ་སློང་མ་དག་པ་ལ་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར ་པ་འདེབས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མཆེད་དུ་བསམས་ཏེ། དགེ་འདུན་གྱི་ནང་། ་དུ་ཆོས་མ་ཡིན་པ་ལ་ཆོས་དང་། ཆོས་ལ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ལ་འདུལ་བ་དང་། འདུལ་བ་ལ་འདུལ་བ་མ་ཡིན་པར་སྟོན་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ། ་སྦོམ་པོར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་བརྫུན་སྨྲ་བས་མཐོ་འཚམ་པར་བྱེད་པ་སྟེ། འདི ་ནི་བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། ། བརྫུན་སྨྲ་བ་ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་སོ་སོར་ཐར་པའི་མདོ་འདོན་པས ་ཅི་འདི་ན་ཡོངས་སུ་དག་གམ་ཞེས་དྲིས་པ་ན། དེ་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བ་དང་དུ་ལེན་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡིན་ཏེ། དེ་ལ་རྣམ་པ་བཞི་མ་གཏོགས་པ་དེ ་ལས་གཞན་པའི་བརྫུན་གང་ཡིན་པ་དེ་ཐམས་ཅད་དོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་། མཽ་དགས་དང་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ནམས་སུ་སྲེག་པར་བྱེད། ་འཚེད་པར་བྱེད། ལྟུང་བར་བྱེད་པའོ།། །། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ལ། མ་བརྗེད་པ་དང་ཡིད་གཉིས་དང་། འདུ་ཤེས་མུ་བཞིར་སྦྱར་བའོ།། ་འདིས་མ་མཐོང་བ་དང་། མ་མཐོས་པ་དང་། མ་རྟོགས་པ་དང་། རྣམ་པར་མི་ཤེས་ལ། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར ་འདི་སྐད་ཅེས། ངས་མཐོང་ངོ་།། ཐོས་སོ།། རྟོགས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན། སྤྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། མཐོང་ལ་བརྗོད་ཅིང་བདག་གིས་ཐོས་པ་དང་། རྫོགས་པ་དང ་རྣམ་པར་ཤེས་ལ་བརྗེད་ནས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས་ངས་མཐོང་སྟེམ་བརྗེད་དོ།། ཐོས། རྟོགས།། ་རྣམ་པར་ཤེས་ཏེ་མ་བརྗེད་དོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བ་དག་གིས་མཐོང་ལ་ཡི་དེ་གཉིས་ཟ་བ་དང་། བདག་གིས་མཐོང་བ་དང་། རྟོགས་པ་དང་། བདག་གིས་རྣམ་པར་ཤེས་ལ ་ཡིད་གཉིས་ཟ་བ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས། ངས་མཐོང་སྟེ་ཡིད་གཉིས་མི་ཟའོ།། རྣམ་པར ་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་། ཐོས། རྟོགས། རྣམ་པར་ཤེས་ལ། རྣམ་པར་མ་ཤེས་པར་འདུ་ཤེས་པ་ལས། ་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མ་མཐོང་ངོ་།། ཁོ་མོས་མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་མ ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདི་མ་མཐོས་མོད་ཀྱི། ཐོས། རྟོགས། རྣམ་པར་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མ་མཐོང་ངོ་།། མ ་@#། མཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ཞུང་བྱེད་དོ།། འདིས་མ་མཐོང་མོད་ཀྱིས། མཐོས། རྟོགས། རྣམ་པར་ཤེས་པ་ལས། དེས་འདུ་ཤེས་བསྒྱུར ་ཏེཞེས་བྱ་བ་ནས། ངས་ཐོས་ཀྱི་མ་མཐོང་ངོ་།། མ་རིག་གོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྤྲས་སོ་ཅོག་ཉུང་བྱེད་དོ།། འདིས་མ་རྟོགས་མོད་ཀྱི། མཐོང་ཐོས་རྣམ་པར་ཤེས་པ་ལས། དེས་འདུ ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཀྱི་མ་མཐོང་ངོ་།། མཐོས་སོ།། རྣམ་པར་མི་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་རྣམ་པར་མ་ཤེས་མོད་ཀྱི། མཐོང་ཐོས་རྟོགས་པ་ལས ་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཀྱིམ་མཐོང་ངོ་།། མཐོས་སོ།། མ་རྟོགས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་མ་བརྗེད་ཅིང་། བདག་གིས ་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་བསྒྱུར་ནས་ཞེས་བྱ་ས་ནས། ངས་མཐོ་སྟེ་བརྗེད་དོ།། ཁོ་མོས་ཐོས།། རྟོགས། རྣམ་པར་ཤེས་ཏེ་བརྗེན་དོ་གས་ཆེ ་ན། སྨྲས་སོ་ཅོ་གསུང་བྱེད་དོ།། བདག་གིས་ཐོས་ལ་བརྗེད་ཅིང་བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་པ་ལས། དེས་འགྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཏེ་ས་བརྗོད་དོ།། ་ངས་ཛང་། ཨེ། རྣམ་པ་གས་ཀྱི་བརྗིད་དནས་པདང་། སྤྲས་མ་ཆོག་ཆུང་བྱེད་པ།། བདག་གིས་རྟོགས་ལམ་བརྗེད་ཅིང་བདག་གས་མ་ཐོང་བ་དང་། ཐོས་པ་དང་། རྣམ ་བརྗེད་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཏེ་བརྗེད་དོ།། ངས་མཐོང་། རྟོགས། རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ ་པར་ཤེས་ལ་མ་བརྗེད་ཅིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ཁོ་མོས་མཐོང་། ་ཐོས། རྟོགས་ཏེ་བརྗེད་དོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་ཟ་ཞིང་། བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས ་ཞེས་བྱ་བ་ནས། ངས་མཐོང་སྟེ་ཡིད་གཉིས་མི་ཟའོ།། ཁོ་མོས་ཐོས། རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་ཐོས་ལ་ཡིད་གཉིས་ཟ་ཞིང་། ་བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས་ཞེས་བྱ་བ་ནས། ངས་ཐོང་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་། རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས ་མི་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྕོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལ་ཡིད་གཉིས་ཟ་ཞིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས། ངས། ་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་ཐོས་ལ། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས ་རྣམ་པར་ཤེས་པ་ལ་ཡིད་གཉིས་པ་ཞིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྟགས་པ་ལ་ཡིད་གཉིས་ཟ་བ་ལས། དེས་འདུ་ཤེས་བསྐུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པ། ་ཤེས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་། ཐོས། རྟོགས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། དེས་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། ་རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མཐོང་གི་མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། ་དེས་ཐོས་ལ་མ་ཐོས་པར་འདུ་ཤེས་ཤིང་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཀྱི། མ་མཐོང་ངོ་།། ་མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། རྟོགས་ལམ་རྟོགས་པར་འདུ་ཤེས་ཤིང་། མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདྲ ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ཁོ་མོས་རྟོགས་ཀྱི་མ་མཐོང་ངོ་།། མ་ཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། རྣམ་པར་ཤེས་ལ་རྣམ་པར་མ་ཤེས ་པར་འདུ་ཤེས་ཤིང་། མཐོང་བ་དང་། ཐོས་པ་དང་། རྟོགས་པ་ལ་རྟོགས་པར་འདུ་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཀྱི་མ་མཐོང་ངོ་།། མཐོས་སོ།། ་མ་ཏོགས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མཐོང་བར་གྱུར་ཅིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པར་གྱུར་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མ་མཐོང་ངོ་།། མ་ཐོས་སོ།། མ་རིག་གོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མཐོང ་བར་གྱུར་ལ་མ་བརྗེད་པ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གློས་དང་། རྟོགས་པ་དང་། ་ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མཐོང་ཏེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ།། ངས་རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས ་མཐོང་ལ་ཡིད་གཉིས་མི་ཟ་ཞིང་། བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས ་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མཐོང་སྟེ་ཡིད་གཉིས་ཟའོ།། ངས་ཐོས། རྟོགས། རྣམ་པར་ཤེས་ཏེ་ཡིད་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། ་མཐོང་ལ་མཐོང་བར་འདུ་ཤེས་ཤིང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང ་བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མ་མཐོང་ངོ་།། མཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག ་ལྟུང་བྱེད་དོ། ། འདིས་མཐོང་མོད་ཀྱི་མ་ཐོས། མ་རྟོགས། རྣམ་པར་མ་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མ་མཐོང་སྟེ་འོན་ཀྱང་ཐོས་སོ།། རྟོགས་སོ།། ་རྣམ་པར་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་ཐོས་མོད་ཀྱི། མ་མཐོང་། མ་རྟོགས། རྣམ་པར་མི་ཤེས་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མ་ཐོས་ཏེ་འོན་ཀྱང་མཐོང་ངོ་།། རྟོགས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས ་རྟོགས་མོད་ཀྱི་མ་མཐོང་བ་དང་། མ་ཐོས་པ་དང་། རྣམ་པར་མ་ཤེས་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི ་སྐད་ཅེས། ངས་མ་རྟོགས་ཏེ་འོན་ཀྱང་མཐོང་ངོ་།། ཐོས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་རྣམ་པར་ཤེས་མོད་ཀྱི་མ་མཐོང་། མ་ཐོས ་མ་རྟོགས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། འདི་སྐད་ཅེས་ངས་རྣམ་པར་མ་ཤེས་ཏེ་འོན་ཀྱང་ངས་མཐོང་ངོ་།། ངས་ཐོས་སོ།། ངས་རྟོགས་སོ་ཞེས་ཟེར་ན ་སྨྲས་སོ་ཅོག་ལྟུང་བྱེད་དོ། ། བདག་གིས་མཐོང་ལམ་བརྗེད་ཅིང་། བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་པ་ལས་དེས ་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མ་མཐོང་སྟེ། འོན ་ཀྱང་ཐོས་སོ། ། རྟོགས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་མ་བརྗེད།། བདག་གིས་ཐོས་ལ་མ ་བརྗེད། བདག་གིས་རྟོགས་ལ་མ་བརྗེད། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་འདི་སྐད་ཅེས། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ།། ངས་རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན།། ་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལམ་བརྗེད། བདག་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྣམ་པར་ཤེས་ལམ་བརྗེད་པ་ལས།། དེས་འདུ ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས།། ངས་རྟོགས་ཏེ་བརྗེད་དོ།། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས ་རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ་པར་ཤེས་པ་ལ་མ་བརྗེད། བདག་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ ་བརྗེད། བདག་གིས་རྟོགས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་རྣམ་པར་ཤེས་ཏེ ་བརྗེད་དོ། ། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ་ཞེས་རེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས ་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་པ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང ་རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་མཐོང་སྟེ་ཡིད་གཉིས་ཟའོ།། ངས་མ་ཐོས་ཏེ་ཡིད་གཉིས་ཟའོ།། ངས་རྟོགས་ཏེ་ཡིད་གཉིས་ཟའོ།། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ། ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་བ། བདག་གིས་རྣམ་པར་ཤེས ་ལ་ཡིད་གཉིས་མོ་ཟ་བ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་ཐོས་ཏེ་ཡིད་གཉིས་པའོ།། ངས ་མཐོང་སྟེ་ཡིད་གཉིས་ཟའོ། ། ངས་རྟོགས་ཏེ་ཡིད་གཉིས་པའོ།། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ།། ་བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས། དེས་འདུ་ཤེས་བསྒྱུར་ཏོ་ཞེས་བྱ་བ་ནས། ངས་རྟོགས ་ཏེ་ཡིད་གཉིས་ཟའོ། ། ངས་མཐོང་། ཐོས། རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་ཞིང་། མཐོང་བ་དང་།། ་ཐོས་པ་དང་། རྟོགས་ལ་ཡིད་གཉིས་མི་ཟ་བ་ལས། དེས་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ།། ངས་མཐོང་། ཐོས། རིག་སྟེ་ཡིད་གཉིས་ཟའོ་ཞེས་ཟེར་ན། སྨྲས་སོ། ་ཅོག་ལྟུང་བྱེད་དོ།། མ་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ། རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས།། ་ངས་མཐོང་གི་མཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། མ་ཐོས་ལ་ཐོས་པར་འདུ་ཤེས་ཤིང་། མཐོང་བ་དང་། རྟོགས་པ་དང་། རྣམ་པར ་ཤེས་པར་འདུ་ཤེས་པ་ལས། ངས་ཐོས་ཀྱི་ས་མཐོང་ངོ་།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། མ་རྟོགས་པ་ལ་རྟོགས་པར་འདུ་ཤེས་ཤིང ་མཐོང་བ་ལ་མཐོང་བར་འདུ་ཤེས། ཐོས་པ་ལ་ཐོས་པར་འདུ་ཤེས། རྣམ་པར་ཤེས་པ་ལ་རྣམ་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཀྱི་མ་མཐོང་ངོ་།། ་མཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་འདུ་ཤེས་ཤིང་། བདག་གིས་མཐོང་བ་དང་། བདག་གིས་ཐོས་པ་དང་།། ་བདག་གིས་རྟོགས་པ་ལས། འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ངས་རྣམ་པར་ཤེས་ཀྱི། མ་མཐོང་ངོ་།། མཐོས་སོ།། ་མ་རྟོགས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་དང་པོ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས ་འདི་སྐད་ཅེས། ཞར་མ། ཟང་མོ།། སྒུར་མོ།། མིའུ་ཐུང་མོ།། མཆུ་འཕྱངས་མོ།། མགོ་མོ་ཆེ། ལག་ཞ་མོ།། ཞེས་བུད་མེད་ཀྱི་སྐྱོན་ནས་འདྲུ་ཞིང་། སྨྲ་བའི་ཀུན་ཏུ་སྤྱོད་པས་ཀུན་ཏུ་སྤྱོད ་པར་བྱེད་པ་ན། དེ་རྣམས་དེ་ལྟར་བུད་མེད་ཀྱི་སྐྱོན་ནས་འདྲུང་ཞིང་སྨྲ་བའི་ཀུན་ཏུ་སྤྱོད་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བ་མང་བར་འགྱུར་ཏེ། ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ ་འབྱོར་དང་། ཡིད་ལ་བྱེད་པ་གཏོང་ཞིང་ཆོས་འདུལ་བ་འདི་ལ། ཆོས་དང་ལྡན་པའི་སྡུམ་པ་ཉུང་ངུ་དག་བྱུང་བ་ཡང་བར་ཆད་དུ་གྱུར་པ། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བཀའ་སྩལ་བ། དགེ ་སློང་མ་དག་སྔོན་བྱུང་བ་ལྗོངས་ཤིག་ན། ཁྱིམ་བདག་ཞིང་པ་ཞིག་ཡོད་པའི་དྲུང་དུ་ཁྱེའུ་ཞིག་འོངས་ཏེ་ཞེས་བྱ་བ་ནས། དེས་དེའི་སེམས་མགུ་བར་བྱས་སོ་ཞེས་བྱ་བའི་བར་རོ།། དེས་ཁྱེའུ་དེ་ལ་བུ་མོ་བྱིན་ནོ། ་ཞེས་བྱ་བ་ནས། ཞིང་པ་དེས་མཆུང་མའི་ཚིག་མཉན་ནས་ཡང་མ་བྱིན་ནོ་ཞེས་བྱ་བའི་བར་རོ།། དེས་དེའི་གླང་དེ་དག་བརྡེགས་པ་ལས། གླང་དེ་གཉིས་ཀྱིས། ཁྱེའུ་དེ་ལ་དྲིས་པ་དང་། དེས ་ཀྱང་སྨྲས་སོ། ། དེ་ན་དེ་དག་ལས་གླང་གཉིས་ཤིག་གིས་རྒྱལ་པོའི་ཕོ་བྲང་དུ་སོང་ཞིག་དང་། ཁོ་བོ་ཅག་གིས་དབང་བྱའོ་ཞེས་སྨྲས་སོ་ཞེས་བྱ་བ་ནས། དེས་ཡང་དང་ཡང་དུ་རཱ་ཆག། མཇུག་རྡུམ། ་ཞར་བ་ཞེས་ཀུན་ཏུ་སྨྲས་པ་གཅིག་ཅིག་ཡོད་པ་དེ་མ་བཏུབ་པོ་ཞེས་བྱ་བའི་བར་དང་། རྒྱལ་པོ་འཁོར་དང་བཅས་པའི་ཞེས་བྱ་བ་ནས། མོན་སྲན་གྲེའུའི་ཞིང་ཕུན་སུམ་ཚོགས་པ་ལ་ཉི་མ་བདུན་དུ་མ་གཟན ་པར་བཀྱེ་ཡང་ཅུང་ཟད་ཀྱང་མ་ཟོས་སོ་ཞེས་བྱ་བའི་བར་རོ། ། དགེ་སློང་མ་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་མིའི་སྐྱོན་ནས་སྦུབས་ཀུན་ཏུ་སྤྱད་པ་ན། གནོད་པར་བྱ་བར ་སེམས་པར་བྱེད་ན། མིར་འགྱུར་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནས། སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས། དགེ་སློང་མ ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ་འདས་པ་ན་ཤིང་རྟས་སྤྱོད་པའི་མི་ཞིག་ལ། དགའ་བྱེད་མ་དང་ས་རི་མོ་ཞེས་བྱ་བའི་བ་བཞོན་གཉིས་ཤིག་ཡོད་པ་ལས ་ཞེས་བྱ་བ་ནས། བེའུ་གཉིས་ཡོད་པའི་བར་རོ།། དེ་གཉིས་འཐབས་པ་ལས་གཅིག་གི་རྭ་ནི་ཆག་པར་གྱུར་ཏོ།། ཅིག་ཤོས་ཀྱིས་ནི་དེང་བར་གྱུར་ནས། དེས་རུ་རྡུམ་དང་། རུ་འདི་ལ་ཞེས་བྱ་བའི་བར་རོ།། ་ཤིང་རྟག་པས་འགྲན་པ་ན་ཞེས་བྱ་བ་ནས། སྐུགས་ཡལ་ལོ་ཞེས་བྱ་བའི་བར་རོ།། དགའ་བྱེད་དང་ས་རི་ཞེས་སྨྲས་ནས་ཞེས་བྱ་བ་ནས། ཉིས་འགྱུར་ཐོབ་པོ་ཞེས་བྱ་བའི་བར་དང་། ཚིགས་སུ་བཅད ་པས་སྨྲས་པ། གང་ཚེ་ལ་མ་ནི་ཆེས་དམའ་ལ། གང་ཚེ་ཁལ་ནི་ཆེས་ལྕི་བ།། དེ་ཚེ་ཁལ་དག་ཁྱེར་བྱེད་ཅིང་།། དེ་ཚེ་སྣ་ལ་འདྲེན་པར་བྱེད།། ཡིད་དུ་འོང་བ་སྨྲས་པ་ན།། ཁུར་ལྕི་བ་ཡང་སྒྲོལ་བར་བྱེད།། ་ཅེས་བྱ་བའི་བར་དུའོ།། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དག་ཀྱང་མིའི་སྐྱོན་ནས་སྨྲས་པ་ན། གནོད་པར་བྱ་བར་སེམས་པར་བྱེད་ན། མིར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་མ ་དག་དེ་ལྟ་བས་ན། བུད་མེད་ཀྱི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ།། བུད་མེད་ཀྱི་སྐྱོན་ནས་སྨྲ་བའི་བསམས་པ་ཅན་གྱི་ངག་དང་། ཚིག་དང་། ཐ་སྙད་དང་། རྗོད་པ་དང་། སྙད་དང་། ངེས ་པའི་ཚིག་གི་དང་། ཚིག་གིས་ལམ་དང་། ཚིག་གི་སྒྲ་དང་། རྗོད་བྱེད་དང་། རྗོད་པའི་ལས་དང་། ངག་གིས་རྣམ་པར་རིག་བྱེད་གང་ཡིན་པ་དག་གོ།། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེན། བར་སྡོམ་ནི།། རིགས་དང་བཟོད་དང་ལས་དང་ནི།། རྟགས་ནད་ལྟུང་བ་སྡེ་ལྔ་དང་།། ཉི་མའི་ཉོན་མོངས་རྣམས་དང་ནི།། སྤྱོད་པར་བྱེད་པ་ཐ་མ་ཡིན། དགེ་སློང་མས་དགེ་སློང ་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། འཕགས་པ་ཁྱོད་ནི་བྲམ་ཟེ་མོ་ལས་རབ་ཏུ་བྱུང་བ་ཡིན་ན། དགེ་སྦྱོང་གི་ཚུལ་གྱིས་ནི་ཅི་ཞིག་བྱ།། ཚངས་པའི་ཚུལ་གྱིས་ནི་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཞེས་བྱ་བ་ནས། ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་རྒྱལ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན། ་ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས་བྱས་སུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང ་སྟེ་འདི་སྐད་ཅེས། ཁྱོད་ནི་རྗེའུ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ནོ།། ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། བྲམ་ཟེའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར ་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་དམངས་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན། དགེ་སྦྱོང་གི་ཚུལ་ལམ། ཚངས་པའི་ཚུལ་གྱིས་ཅི། ་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རིགས་ཞེས་བྱ་བ་ཡིན་ནོ།། ། དེ་ལ་བཟོ་ལས་བརྗོད་པ་ནི། བར་སྡོམ་ལ ་བྲམ་ཟེའི་རིགས་དང་རྒྱལ་རིགས་དང་། ། རྗེའུ་རིགས་དམངས་བཟོ་དག་དང་།། ཐག་པ་དང་སྐུད་རིག་མཁན།། བཟང་མཁན་མགར་བ་ལྕགས་མགར་དང་། ལྷ་མ་མཁན་རྫ་མཁན ་འདྲེག་མཁན་དང་། ཤིང་མཁན་སྨྱིག་མཁན་བྲན་རིགས་སོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས། རང་གི་གཞུང ་ལུགས་འདི་ལྟ་སྟེ། བྲམ་ཟེ་རྣམས་ཀྱིས་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས་བྱ་བ་དང ་ཀྱེ་ཞེས་བྱ་བ་དང་། རྒྱལ་བར་གྱུར་ཅིག་ཅེས་བྱ་བ་དང་། ཀུན་ཏུ་བཟླས་བརྗོད་དང་། བཟླས་བརྗོད་དང་། དུས་ཀྱིས་བསྙད་པ་དང་། ངེས་བརྗོད་ཀྱི་རིགས་བྱེད་དང་། མཆོས་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག ་གིས་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ཁོ་ན་བསླབ་དགོས་ཏེ ་ལས་དྲུག་ལ་བརྩོན་པའི་བྲམ་ཟེ་མོ་ནི་ཚངས་པ་ཡིན་ནོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཞེས་བྱས་སུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ། བྲོ་དང་། ཀླུ་དང་། པི་ཝང་དང་། པི་ཝང་རྒྱུད་གཅིག་པ་དང་། བབ་བྷི་ས་ཀ་ཞེས་བྱ་བ་དང་། མན་ཀ་པྲ་པ་ནེ་ཞེས་བྱ་བ་དང་། ་དྲི་བཏག་པ་དང་། མགོའི་བྱི་དོར་དང་། གོས་བལྟབ་པ་དང་། གདོང་བྱི་དོར་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྔ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་ཉེས་བྱས་སུ་འགྱུར་རོ།། དགེ་སློང་མས་དགེ ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ། ཡི་གེ་དང་། རྩིས་དང་། གྲངས་དང་། ལག་རྩིས་བསླབ་དགོས་སོ་ཞེས་སྨྲས་ན། ་དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་དམངས་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས ་འདི་ལྟ་སྟེ། འདྲུ་བ་དང་། འཐག་པ་དང་། རྟུན་དང་། རྟུན་ཤིང་དང་ཞེས་བྱ་བ་ནས། སེལ་བ་དང་། རྨེལ་བ་དང་། འཁལ་བའི་བར་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང ་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་ཐ་ག་མ་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གིས་གཞུང་ལུགས་འདི་ལྟ་སྟེ། དར་དང་། ་རས་ཡུག་པོ་ཆེ་དང་། གོས་དང་། དར་ལ་དང་། མོན་དར་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་སྐུད་རིས་མཁན་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། གླ་མ་དང་། པར་ཏང་དང་། རྒྱབརྟེན་དང་། གོར་ཆེན་ནང་ཚངས་ཅན་དང་། ཞྭ་འདྲུ་། ་པ་དང་། ལླི་ཏོ་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་ཟད་མཁན་ལས་རབ་ཏུ་བྱུང་བ་ལ་བུས་པའི ་གོས་དང་། ཞྭ་དང་། ཡ་ན་ལག་ལྔ་ཁེབས་པ་དང་། འཐབ་པར་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱའི་བར་རོ།། དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ་ལྷུང་ཟེད་དང་། ལྷུང་བཟེད་ཆུང་ངུ་དང་། མཚོན ་ཆ་དང་། ཁབ་དང་། གསོར་བུ་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྕགས་མགར་ལས་རབ་ཏུ་བྱུང་བ་ལ་ཞུགས་གླིང་དང་། གྲི་གུ་དང་། ཕོར་བུ་དང་། ཁ་གཟར་དང་ཞེས་བྱ་བ ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷམ་མཁན་ལས་རབ་ཏུ་བྱུང་བ་ལ་ལྷམ་དང་། ལྷ་མ་ཡུ་ཆད་དང་། མཆིལ་ལྷ་མ་དང་། སྲབ་དང་། སྒ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལ་རྫ་མ་དང་། རིལ་བ་དང་། བྱ་བོ་དང་། ཁམ་ཕོར་དང་། ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དག་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འདྲེག་མཁན་ལས ་རབ་ཏུ་བྱུང་བ་ལ་ཁ་སྤུ་བྲེག་པ་དང་། བྱིན་སྤུ་བྲེག་པ་དང་། སེན་མོ་བཅོས་པ་དང་། སེན་མོ་བྲེག་པ་དང་། སྐྲ་བྲེག་པ་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང ་བ་ལ་ཁྲི་དང་། ཁྲིའུ་དང་། མལ་ཁྲི་དང་། འདུག་ཁྲི་དང་། སྒོ་ཆ་དང་། སྒོ་འཕར་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྨྱིག་མ་མཁན་ལས་རབ་ཏུ་བྱུང་བ་ལ། གདུགས་དང་། ་བསིལ་ཡ་བ་དང་། དིར་དང་། སྐོན་བུ་དང་། དུད་གཟེ་བ་དང་། སྔ་ཁྲིའུ་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱོད་ནི་བྲན་མོ་ལས་རབ ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། བསྐུ་མཉེ་དང་། ཁྲུས་དང་། དྲིལ་ཕྱི་དང་། བང་ཆེན་དུ་འགྲོ་བ་དང་། འོང་བ་དང་། མངག་གཞུག་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱོད་ནི་ཟམ་ཟེ་ལས་རབ་ཏུ་བྱུང་བ ་ཡིན་པ་ས། ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། བླུགས་གཟར་དང་། ཟངས་བུ་དང་། སྦྱིན་སྲེག་དང་། ཡམ་སྲེག་ཤིང་དང་། རྩཝ་དང་། མེ་དང་། བའི་ལྕི་བ་དག་གི་ལས་བྱ་དགོས་སོ་ཞེས་སྨྲས ་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས་བྱས་སུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱོད་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས། ་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། པི་ཝང་དང་། པི་ཝང་རྒྱུད་གཅིག་པ་དང་། བ་བ་བྷི་ས་ཀེའི་ལས་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས་བྱས་སོ།། ། ་དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ཡི་གེ་དང་། རྩིས་དང་། ལག་རྩིས་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང ་བ་ལས་ཞེས་བྱ་བ་ནས། སེལ་བ་དང་། རྨེལ་བ་དང་། འཁལ་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཐ་ག་པ་ལས་རབ་ཏུ་བྱུང་བ་ལ།། ཞེས་བྱ་བ་ནས ་འདི་ལྟ་སྟེ། ཐགས་ཟངས་དང་། སོན་མ་དང་། དྲུ་བུ་དང་། སྣས་དང་། སྣས་གྲི་དང་། སྐུད་པ་དང་། འབྲས་ཐུག་ཏུ་གཞུག་པ་དང་། བརྒྱང་ཐག་གི་ལས་བྱ་དགོས་སོ་ཞེས་སྨྲས་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ། ་དེ་བཞིན་དུ་སྐུད་རིས་མཁན་ལས་རབ་ཏུ་བྱུང་བ་ལ། རྒྱང་ཤིང་དང་། ཐག་ཟངས་དང་། སྤུན་གྱི་སྨྱུག་མ་དང་། སོ་མངས་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཟད་མཁན་ལས ་རབ་ཏུ་བྱུང་བ་ལ། དྲ་གྲི་དང་། ཁབ་དང་། ལྕིབ་མོ་དང་། འཐེབ་ལྕི་བ་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ། སྦུད་རུ་དང་། སོ་མལ་དང་། གྲི་དང་། ་ཐེའུ་དང་། ཟོ་ཆེན་དང་། སྐུད་པ་དང་། སྐམ་པ་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལ། འཁོར་ལོ་དང་། དབྱུག་གུ་དང་། འཁོར་ལོའི་རྟེན་མ་དང་། ་བཞག་པ་དང་། དྲ་བའི་ཐེ་གུ་དང་། ཆུ་སྣོད་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འདྲེག་མཁན་ལས་རབ་ཏུ་བྱུང་བ་ལ། ཆན་པ་དང་། སྤུ་ཀྲི་དང་། སྨང་ཚེར་དང་། སེན་མོ་བྲེག་པ ་དང་། གདར་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང་བ་ལ། སྟེའུ་དང་། གཞི་དང་། གཟོང་དང་། སྟ་རེ་དང་། སོག་ལེ་དང་། སོག་ཆུང་དང་། གསོར ་བུ་དང་ཞེས་བྱ་བ་ནས། ལྟུང་བྱེད་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྨྱུག་མཁན་ལས་རབ་ཏུ་བྱུང་བ་ལ། སྤྲུག་པ་དང་། སྐུད་པ་དང་། གཤེག་ཟི་དང་། ཚོན་རྩི་དང་། ལྗང་ཚེར་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ། ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བྲན་མོའི་རིགས་ལས་རབ་ཏུ་བྱུང་བ་ལ། ཐག་པ་དང་། བུམ་པ་དང་། འབྲུ་མར་དང་། བསྐུ་མཉེ་དང་། ཁྲུས་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། འདི་ནི་ལས ་ཞེས་བྱ་བ་ཡིན་ནོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཐེང་མོ་ཞེས་སྨྲས་ན་ལྟུང་བྱེད་དོ།། སྒུར་མོ་དང་། མིའུ་ཐུང་མོ་དང་། རྐང་ཞ་མོ་དང་། ལྦ་བ་ཅན་མོ་དང་། ལྐུག་མ་དང་། ཐེང་མོ་དང་། ་འོན་མ་དང་། རྟེན་འཕྱེ་མོ་དང་། རྐང་པམ་མོ་ཞེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རྟགས་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། མཛེ་ཅན་མ་ཞེས་སྨྲས ་ན་ལྟུང་བྱེད་དོ། ། ཤུ་བ་དང་། འབྲུམ་བུ་ཕྲ་མོ་དང་། ངལ་སྐྱེན་པ་དང་། གཡའ་བ་དང་། ཁྱི་རྡོ་དང་། གཡན་པ་དང་། ཤུ་བ་གཡའ་བ་དང་། རྐང་ཤུ་དང་། སྐྱིགས་བུ་དང་། སྐྱུག་བྲོ་བ་དང་། རིམས་དང་། ་བོཁོང་སྐམ་དང་། ལུ་བ་དང་། དབུགས་མི་བདེ་བ་དང་། ཁ་སྐམ་པ་དང་། བརྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་ཟ་བ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། མཚན་པར་རྡོལ་མ་ཞེས་དེ་ལ་སོགས ་པ་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་ནད་ལས་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་ཕས་ཕམ་པར་གྱུར་པ་དང་། དགེ་འདུན་ལྷག་མ་ཅན་ཡིན་ནོ།། ་ཞེས་སྨྲས་ན་ལྟུང་བྱེད་དོ།། སོ་སོར་བཤགས་པ་དང་། ཉེས་བྱས་ཅན་ཡིན་ནོ་ཞེས་སྨྲས་ན་ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང ་སྟེ་འདི་སྐད་ཅེས། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་མཚན་མ་ཞེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་ཉེ ་བའི་ཉོན་མོངས་པ་ཞེས་བྱ་བ་ཡིན་ནོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་སྤྱོ་བ་ན་རྒྱ་ཞེས་བྱ་བ་དང་། མངལ་ཞེས་བྱ་བ་དང་། བོང་བུ་དང་ལྡན་པ་དག་གིས་སྤྱོས་པ་ན། དགེ་སློང་མ་སྤ་གོང་བ་ཉིད ་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་མང་པོ་ཞིག་མིང་མཐུན་ན་ལྟུང་བ་མེད་དོ།། དེ་ལ་ཡང་དམིགས་ཀྱིས་བསལ་བ་མེད་པར་མི་བརྗོད་ཀྱི། རྒྱུ་ནི་ཆེད་ཀྱིས་མིང་ནས ་བརྗོད་པར་བྱའོ། ། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས ་ཕྲ་མས་ཀུན་ཏུ་སྤྱོད་པར་བྱེད་དེ། ཚུ་གི་ལས་ཐོས་ནས་ཕ་གི་དག་ལ་རྗོད་པར་བྱེད། ཕ་གི་ལས་ཐོས་ནས་ཚུ་གི་དག་ལ་རྗོད་པར་བྱེད་པ་ན། དེ་དག་ཕྱེ་སྟེ་ཕྱོགས་གཉིས་སུ་གྱུར་པས། ཕན་ཚུན་སྡུག་བསྔལ ་ཞིང་ཡིད་མི་བདེ་བསྐྱེད་ལ། ལུང་མནོད་པ་དང་། མཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། རང་གི་སེམས་ཀྱི་ནི་གནས་ཀྱང་གཏོང་བར་བྱེད་ཅིང་གནས་པ་ནི། དོནཉ ་པརི་དག་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་གཅིག་ལ་གཅིག་ཕྲ་མས་ཀུན་ཏུ་སྤྱོད་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དག་སྔོན་བྱུང་བ་ན་ནགས་ཚང་ཚིང་ཞིག་ན་སེང་གེ་མོ་སྦྲུམ ་ཞིག་ཡོད་དོ། ། དེ་རྣམས་ཀྱི་རང་བཞིན་ནི། བདག་གི་ཕྲུ་གུས་ནུ་མ་ཟ་བ་འམ་ལྟོགས་པར་གྱུར་ན་མི་རུང་ངོ་ཞེས། དེ་ཉིད་ཁ་ཟས་སུ་བྱ་བའི་ཕྱིར་ཤ་ཁོ་ནའི་ཚོགས་བྱས་ཏེ་འབྲང་བར་བྱེད་དོ་ཞེས་བྱ་བ་ནས ་བ་ཞིག་བསད་དེ་འབྲངས་སོ། ། བ་དེ་ལ་ཡང་བེའུ་ཞིག་ཡོད་པ་སེང་གེ་མོ་དེ་ཉིད་ཀྱི་རུ་མ་ལ་འཐུང་ངོ་ཞེས་བྱ་བའི་བར་དུའོ།། ཇི་ཙམ་ན་གཉིས་ཀ་ཆེན་པོར་གྱུར་ནས་དེ་ཡང་འཆི་བའི་དུས་ཀྱི་ཚེ་ཞེས་བྱ་བ་ནས། ་མཛའ་བ་འབྱེད་པ་ནི་མང་དུ་ཡོད་དོ་ཞེས་ཡང་དག་པར་གཏམས་ནས་ཞེས་བྱའི་བར་རོ།། ཝ་ཞིག་གིས་གཉིས་ཀ་ཕྱེ་ནས་ཞེས་བྱ་བ་ནས། དེ་གཉིས་ཀྱང་གཅིག་གིས་གཅིག་སྲོག་དང་ཕྲལ་ལོ་ཞེས་བྱ ་འི་བར་རོ། ། ཇི་ཙམ་ན་ལྷས་ཚིགས་སུ་བཅད་དེ་སྨྲས་པ།། སྐྱེ་བོ་སྡིག་ཅན་འགྲོགས་པ་ལས།། མི་ཡིས་བཟང་པོ་མཐོང་མི་འགྱུར།། སེང་གེ་ཁྱུ་མཆོག་མཛའ་བ་ལས།། ཟ་ཡིས་ཐ་དད་ཕྱེ་ལ་ལྟོས ་དགེ་སློང་མ་དག་རེ་ཞིག་དུད་འགྲོའི་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་ཕྲ་མས་ཀུན་ཏུ་སྤྱད་པ་ན། ཇི་ཙ་ར་ན་གཅིག་ལ་གཅིག་གསོད་པར་བྱེད་ན། བུད་མེད་ལྷག་པར་ཁྲོ་བ་ལྟ་སྨོས་ཀྱང་ཅི་ཀློ་ནས། ་སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ།། གཞན་ཡང་སྔོན་གྱི་སྦྱོར་བ་ནི་དགེ་སློང་མ་དག་སྔོན་བྱུང་བ་སེང་གེ་ཕྲུག་གུ་བཙས་ནས་རིང་པོ་མ་ལོན་པ་ཞིག། མ་སྤྱོད་ཡུལ་དུ་སོང ་བ་དང་། ལྟོགས་ཤིང་འཕྱན་པ་ན་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། སྟག་མོ་ཞིག་འབྲངས་སོ།། དེ་འཕྱན་པ་ན་སྟག་མོ་ཞིག་དང་ཕྲད་ནས་ནུ་མ་བསྣུན་པར་བརྩམས་སོ་ཞེས་བྱ་བ་ནས། གནས་གཅིག་ཏུ་འཁོད་དོ ་ཞེས་བྱ་བའི་བར་རོ། ། དེ་ལ་ཡང་སེང་གེའི་མིང་ནི་མཆེ་བ་བཟངས་ཞེས་བྱའོ།། སྟག་གི་མིང་ནི་དཔུངས་བཟང་ཞེས་བྱ་བ་ནས། དེ་གཉིས་ལ་ཡང་ཝ་ཞིག་གིས་དབྱེན་བྱ་བར་བརྩམས་སོ་ཞེས་བྱ་བའི་བར་རོ།། ་ཇི་ཙམ་ན་སེང་གེས་ཚགས་སུ་བཅད་དེ་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང་།། རྩ་ལ་དང་ཤུགས་དང་ལྡན་པ་ཡི།། མཆེ་བཟངས་ལ་ནི་རྒོལ་བྱེད་པ།། དཔུང་བཟངས་དེ་ནི་ལེགས་པ་མིན།། དཔུང ་བཟངས་ཀྱིས་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང་།། རྩལ་དང་ཤུགས་སུ་ལྡན་པ་ཡི།། དཔུང་བཟངས་ལ་ནི་རྒོལ་བྱེད་པ།། མཆེ་བཟངས་དེ་ནི་ལེགས་པ་མིན།། དེ་གཉིས་ཀྱིས་གཅིག་ལ་གཅིག་དྲིས ་ནས་ཞེས་བྱ་བ་ནས། ཝ་བསད་དོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལྷས་ཚིགས་སུ་བཅད་དེ་སྨྲས་པ། གཞན་གྱི་ཚིག་གིས་གྲོགས་པོ་མི་སྤང་སྟེ།། གཞན་གྱིས་སྨྲས་པ་དག་ནི་བརྟག་པར་བྱ།། དབྱེ་བར་འདོད ་པ་རྣམས་ནི་གླགས་ཚོལ་བྱེད། ། དེ་བས་སྐྱེ་བོ་ཕྲ་མ་ཡིད་མརྟོན།། གྲོགས་པོ་འབྱེད་པའི་ཕྲ་མ་ཅན།། བརྫུན་དུ་སྨྲ་བའི་ལ་སྐྱེས་པོ།། གྲོང་རྒྱུན་སྐྱེས་ཏོ་རི་འདི་ནི།། བསད་ནས་བདེ་བས་དགའ་བར ་བྱེད། ། དགེ་སློང་མ་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་། གཅིག་ལ་གཅིག་ཐམས་ཀུན་ཏུ་སྤྱོད་པ་ན། སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོས་གནས་པར་བྱེད་ན། ་བུད་མེད་ལྷག་པར་ཁྲོ་བ་ལྟ་སྤོས་ཀྱང་ཅི་དགོས། དགེ་སློང་མ་དག་དེ་ལྟ་བས་ན་ཕྲ་མས་ཀུན་ཏུ་སྤྱད་པར་མི་བྱའོ།། ཀུན་ཏུ་སྤྱོད་ན་ལྟུང་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཕྲ་མ་སྨྲས་ན་ལྟུང་བྱེད་དོ།། ཕྲ་མའི་བསམ་པ་ཅན་གྱི་གང་ཞེས་བྱ་བ་ནས། ངག་དང་ཚིག་དང་ཞེས་བྱ་བའི་བར་སྔམ ་བཞིན་ནོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི། ལྟུང་བར་བྱེད་ཅེས་བྱ་བའི་བར་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དྲུང་དུ་སོང་སྟེ་འདི་སྐད ་ཅེས། འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས། ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་ཟེར་རོ་ཞེས་སྨྲ་ཞིང ་རིགས་སྒྲོགས་པར་བྱེད་ན་ཉེས་བྱས་སོ། ། རུས་སྒྲོགས་པར་བྱེད་ན་ཡང་ཉེས་བྱས་སོ།། དེ་བཞིན་དུ་རྒྱལ་རིགས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ།། འདི་ནི་རིགས ་ཞེས་བྱ་བ་ཡིན་ནོ། ། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། འཕགས་མ་ཁྱོད་ལ་དགེ་སློང་མཆེ་གེ་མོ་ཞིག་འདི་སྐད་ཅེས། ཁྱོད་ལ་དགེ་སྦྱོང་གི ་ཚུལ་དང་ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ནི་རང་གི་གཞུང་ལུགས་ལ་བསླབ་གོས་སོ་ཞེས་ཟེར་རོ་ཞེས་སྨྲ་ཞིང་བཟོ་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། ་དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། དེ་ལྟར་བར་སྡོམ་དེ་ཇི་ལྟར་གོང་དུ་བཤད་པ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། དེ་ལ། སྐུད་རིས་མཁན་དང ་བཟང་མཁན་དང་། ། ལྕགས་མགར་དང་ནི་ལྷམ་མཁན་དང་།། རྫ་མཁན་འདྲེག་མཁན་ཤིང་མཁན་དང་།། སྨྱིག་མ་མཁན་དང་བྲན་མོའོ།། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་བྲམ་ཟེ ་ལས་རབ་ཏུ་བྱུང་བའི་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ་ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གིས་གཞུང་ལུགས་ཀྱིས་ལས་བྱ་དགོས་སོ་ཞེས་ཟེར་རོ་ཞེས་སྨྲ་ཞིང་ལས་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་རྒྱལ་རིགས་ལས ་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བ.རརོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། ཇི་ལྟར་གོང་དུ་བཤད་པ་བཞིན་པར་སྡོམ་དེ་རྒྱས་པར་བརྗོད་པར་བྱའོ།། རིགས་དང་བཟོ་དང་ལས་དང་ནི།། རྟགས ་དང་ནད་ནི་ལྔ་པ་ཡིན། ། ལྟུང་བ་དང་ནི་ཉེ་ཉོན་མོངས།། སྤྲོ་བར་བྱེད་པ་ཐ་མ་ཡིན།། ལྟུང་བྱེད་གསུམ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས ་སྡེ་རྣམས་ཀྱིས་རྩོད་པ་ཉེ་བར་ཞི་བར་བྱས་པ་རྣམས། རྩོད་པ་འདི་ནི་ཤད་ཀྱིས་མ་བྱང་སྟེ། ཡང་ཤད་ཀྱིས་སྦྱང་བར་བྱའོ།། རྩོད་པ་འདི་ནི་ངེས་པར་མ་བརྟགས་ཏེ། ཡང་ངེས་པར་བརྟག་པར་བྱའོ།། ། ་རྩོད་པ་འདི་ནི་ལེགས་པར་གཏན་ལམ་ཕབ་སྟེ། ཡང་ལེགས་པར་གཏན་ལ་དབབ་པར་བྱའོ།། རྩོད་པ་འདི་ནི་ཉེ་བར་ཞི་བར་མ་བྱས་ཏེ། ཡང་ཉེ་བར་ཞི་བར་བྱའོ་ཞེས་ཡང་དང་ཡང་དུ་སྐྱོ་སྔོགས་བྱེད ་དེ། དེ་ནས་དགེ་སློང་མ་དེ་རྣམས་འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་བྱུང་ཞིང་མཚང་འདྲུ་བར་གྱུར་པས། གནས་ཤིང་ལུང་མནོད་པ་དང་། ཀློག་པ་དང་། ཁ་སྟོན་དང་། རྣལ་འབྱོར་དང ་ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱིས་ཞི་གནས་གཏོང་བར་བྱེད་པ་ན།། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དེ་དག་གོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སོ།། ། ་ཆོས་བཞིན་དུ་ཞེས་བྱ་བ་ནི། འདུལ་བ་ཇི་ལྟ་བ་བཞིན་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུའོ།། རྩོད་པ་ཞེས་བྱ་བ་ནི། རྩོད་པ་བཞི་པོ་འཐབ་པའི་ཕྱིར་རྩོད་པ་དང་། མི་གད་མས་པའི་ཕྱིར་རྩོད་པ་དང ་ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། ཆོས་བཞིན་དུ་སྦྱངས་པ་ལས་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་སོ།། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི། ཡང་བྱེད་འདོད ་པའི་ཕྱིར་རོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་རྩོད་པར་དུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང ་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། ། དགེ་སློང་མས་ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས ་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། ། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང ་མས་འཐབ་པའི་ཕྱིར་རྩོད་པལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས ་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། ། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བར ་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། ་དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ། ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན ་ལྟུང་བྱེད་དོ། ། ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་མི་གདམས་པའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས ་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། ། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་མི་གདམས་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང ་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། ། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན ་ཉེས་བྱས་སོ། ། མི་གདཔས་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས ་བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། ། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ལྟུང་བྱེད་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ན། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས ་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། ། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་བྱང་བ་ལ་ཤད་ཀྱི་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ལྟུང ་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་བྱ ་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས ་བྱས་སོ། ། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས ་ཟན་ལྟུང་བྱེད་དོ། ། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད ་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང ་བྱེད་དོ། ། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མ་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་མ་གཉུག་མར་གནས ་པ་དང་། ལས་བྱེད་པ་དང་། འདུན་པ་འབུལ་བ་དང་། ལྟ་བ་སྨྲ་བ་དང་། ལྔ་པ་ནི་གློ་བུར་དུ་འོངས་པའོ།། དགེ་སློང་མ་གཉུག་མར་གནས་པ་གང་ཞེ་ན། གང་གིས་རྩོད་པ་དེའི་ཐོག་མ་དང་། བར་དང་། ་ཐ་མ་དག་ཤེས་པའོ།། ལས་བྱེད་པ་གང་ཞེ་ན། གང་གིས་དེར་ལས་བྱས་པར་གྱུར་པའོ།། འདུན་པ་འབུལ་བ་གང་ཞེ་ན། གང་གིས་དེར་རང་གིས་འདུན་པ་འབུལ་བར་གྱུར་པའོ།། ལྟ་བ་སྨྲ་བ་གང ་ཡིན་ན། གང་གིས་དེར་འདི་ནི་བདག་བཟོད་དོ།། འདི་ནི་མི་བཟོད་དོ།། འདི་ནི་བདག་འདོད་དོ།། འདི་ནི་མི་འདོད་དོ་ཞེས་རང་གིས་ལྟ་བ་བརྗོད་པར་གྱུར་པའོ།། གློ་བུར་དུ་འོངས་པ་གང་ཞེ་ན། དེར ་གང་གིས་ཐོག་པ་དང་། བར་དང་། ཐ་མ་དག་མི་ཤེས་པའོ།། དང་པོའི་གསུམ་པོ་གང་ཡིན་པ་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། འདུན་པ་འབུལ་བ་སྟེ། འདི་དག ་གིས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ལས། ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ།། ཐ་མ་གཉིས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཤད་ཀྱིས་ཉེས་པར་སྦྱངས་པ་ཡིན་ན་ལྟུང་བ ་མེད་དོ། ། ལྟུང་བྱེད་བཞི་པ་རྫོགས་སོ།། །། བམ་པོ་བཅུ་དྲུག་པ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དེ་དང ་དེ་རྣམས་སུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བྲམ་ཟེ་དང་ཁྱིམ་བདག་དེ་དག་ལ་གཅིག་པུ་འདུག་ཅིང་ཆོས་སྟོན་པ་ན། དེས་བུད་མེད་རྣམས་ཀྱིས་བུད་མེད་ཀྱི་གསང་བ་དང་། བུད་མེད་ཀྱིས་གསང་ཆེན་གང ་ཡིན་པ་ཐམས་ཅད་སྐྱེས་པ་དེ་དག་ལ་བསྟན་ཏོ། ། སྐྱེས་པ་དེ་དག་གིས་ཀྱང་ཆུང་མ་དེ་དག་ལ་སྨྲས་སོ།། བུད་མེད་ནི་ཕྲག་དོག་ཅན་ཡིན་པས།། དེ་ནས་དགེ་སློང་མ་གནས་བརྟན་གནས་རྟེན་དག་བསོད་སྙོམས་ལ་རྒྱུ་བ ་ན་འཇིག་རྟེན་ལ་ཅོ་འདྲི་བར་བྱེད་པ། ཁྱེད་ཅག་ལ་སུ་ཞིག་བསོད་སྙོམས་སྦྱིན་པར་བྱེད་པར་སེམས་པར་འགྱུར་ཞེས་ཁ་ཟེར་བ་དང་། ཨེ་མའོ་ཕུ་ནུ་མོ་དག་འདི་ཅི་ཉེས་ན་གཤེ་བར་གྱུར། དེ་དག་གིས་འདི་སྐད ་ཅེས་སྨྲས་སོ། ། འཕགས་མ་སྦོམ་དགའ་མོས་བདག་ཅག་ཁྱིམ་ཐབ་དག་གི་མདུན་དུ་ཅོ་དྲིས་སོ།། དེ་རྣམས་ཀྱིས་བསོད་སྙོམས་མ་རྙེད་དེ། དེ་རྣམས་ཀྱིས་བསོད་སྙོམས་པ་རྙེད་པ་ན་སྨོད་པར་བྱེད ་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ཐམས་ཅད་ནི་ཆོས ་བསྟན་པ་ལས་གྱུར་གྱིས། དེ་ལྟ་བས་ན་ཆོས་བསྟན་པར་མི་བྱའོ།། དེ་དག་ཡང་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་མ་དག་ཆོས་ཤོད་ཅིག། ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ།། བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གི་སྡུམ་པའི་བསོད་སྙོམས་ཀྱང་བཀག ་ལགས་མོད། དེ་རྣམས་ཡང་བསོད་སྙོམས་ཀྱིས་འཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཚིག་ལྔའི་ཆོས ་བསྟན་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་ཚིག་ལྔའི་ཆོས་བསྟན་པར་བཀའ་སྩལ་པ་ན། དེ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གཟུགས་ནི་མི་རྟག ་གོ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དེ་རྣམས་ཀྱིས་ཚིག་ལྔའི་ཆོས་བསྟན་པར་བརྩམས་པ་དང་། དེ་ནས་བྲམ ་ཟེ་དང་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་དག་ཅིའི་སླད་དུ་ཁྱེད་ཀྱིས་ཆོས་མང་དུ་མི་བཤད། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་དེ་ཙམ་ཞིག་བཅའ་བ་མཛད་དོ།། ། ་འཕགས་མ་དག་ཅི་ཁྱེད་སྨྲིག་ཀའི་རིན་གྱི་ཆོས་ཤིག་བསྟན་པར་རྩོམ་མམ། དེ་ནས་བྲམ་ཟེ་དང་ཁྱིར་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་བདག་ཅག་ལ་ཆོས ་ཉུང་ངུ་བསྟན་པ་དེ་ལྟར་བདག་ཅག་གིས་བསོད་སྙོམས་ཀྱང་ཉུང་ངུ་འབུལ་ལོ། ། དེ་ལྟར་བསོད་སྙོམས་ཀྱིས་འཕོངས་པར་གྱུར་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཚིག་དྲུག་གི་ཆོས་བསྟན་པར་བྱའོ་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ན། དེ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག ་མིག་ནི་མི་རྟག་གོ། ། ཁྱིམ་བདག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དགེ་སློང་མ་དེ་རྣམས་ཀྱིས་ཚིག་དྲུག་གི་ཆོས་བསྟན་པར་བརྩམས་པ་དང་། ་དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚིག་ལྔ་གང་ཡིན་པ་དེ་དྲུག་པར་བྱས་འདོད་ཅིག། ཚིག་དྲུག་པས་ཆང་ནི་མ་འཐུངས་སྒོག་སྐྱ་ནི་མ་ཟོས་ན་ཉེས་པ་ཅི་ཡོད། དེ་བཞིན་དུ་ཆེད་དུ ་བསམས་ཏེ་ཚིག་དྲུག་བྱས་པ་ལ། ཚིག་བདུན་པར་འདས་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བསྟན་ཏོ་ཞེས་བྱ་བ་ནས། བསོད ་སྙོམས་ཀྱིས་འཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་པ་ལ་ནི་བུད་མེད་དང་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། བཅུ་གཉིས་སྡེ་དེ་རྣམས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ ་བདག་གི་ཁྱིམ་དེ་དག་ཏུ། ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཆོས་ཉོན་ཅིག། འཕགས་མ་རེ་ཞིག་བུད་མེད་དག་གྲོགས་སུ་དགུག་གིས་ཞེས་ཤིག། བཅུ་གཉིས་སྡེ་དེ་དག ་གིས་འདི་སྐད་ཅེས་སྨྲས་སོ། ། བྱ་གག་མོ་འམ། སྤྲ་མོའམ། ལུག་མ་མོ་འམ། བྱིལ་མོ་འདི་དག་མོ་མ་ཡིན་ནམ་ཞེས། དེ་རྣམས་ཀྱིས་རུང་བར་བྱེད་པ་འདིས་སྐྱེས་པ་རྣམས་ལ་ཆོས་སྟོན་པར་བྱེད་དོ།། ་དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོ་རྱ་ཏ་མི་སྔ་དྲོ་ཤམ་ཐབས་བགོས། ལྷུང་ཟེད་དང་ཆོས་གོས་བླངས་ནས་སྤྱོད་ཡུལ་དུ་ཞུགས་ཏེ། དེ་ཁྱིམ་བདག་གིས་ཁྱིམ་དེ་དག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང ་དེ་ནས་ཁྱིར་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་ཆོས་བཤད་དུ་གསོལ། སོང་ལ་བུད་མེད་དག་གྲོགས་སུ་ཁྲིད་དེ་ཤོག་ཅིག། ཁྱིམ་བདག་དེས་ཡང་འདི་སྐད་ཅེས་སྨྲས་སོ།། བྱ། ་གག་མོ་འདི་མོ་མ་ལགས་སམ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ལ་དེ་ལྟ་བུའི་ཆོས་སྟོན་པ་དེ་སུ་ཡིན། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་བཅུ་གཉིས་སྔ་དག་གོ།། དེས་འདི་སྐད་ཅེས་དེས་ན་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་བུད་མེད་མེད་པར་སྐྱེས་པའི་མདུན་དུ་ཚིག་ལྔའམ་དྲུག་གིས་ཆོས་སྟོན་ན། རིག་པའི་བུད་མེད ་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཚིག་ལྔ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ།། ཚིག་དྲུག་གིས ་ཞེས་བྱ་བ་ནི་མིག་ལ་སོགས་པའོ། ། རིག་པའི་བུད་མེད་མ་གཏོགས་ཏེ་ཞེས་བྱ་བ་ནི་རིག་པའི་བུད་མེད་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེ་ན། ཡང་དགེ་སློང་མ་གང་ཞིག་ཆེད་དུ་བསམས་ཏེ། སྐྱེས་པ་ལ་ཚིག་ལྔའི་ཆོས་སྟོན་པ་ན་ཚིག་དྲུག་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་སྟེང་གི་སར་བཤད་ནས་ཞེས་བྱ་བ་ནས། ཁྱིམ་དུ ་ཞེས་བྱ་བའི་བར་ཏེ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་གི་ཆོས་སྟོན་པ་ན། ཚི་གེ་བདུན་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་དྲི་བ་དྲི་ན་ལྟུང་བ་མེད་དོ།། ་ལས་དང་པོ་པ་ལ་སོགས་པ་ལ་ཡང་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་བསྙེན་པར་མ་རྫོགས་པའི་བུད། ་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལ་སོགས་པ་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་གོ།། དེ་ནས་དབྱར་ཁང་དེ་ན་དཔེར་ན། རྩིས་ས་ན་རྩིས་ཀྱི་སློབ་དཔོན་རྣམས་ཀྱི་བཞིན་དུ་སྒྲ་མཐོན ་པོ་དང་སྒྲ་ཆེན་པོ་བྱུང་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང ་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། གང་ཟག་བསྙེན ་པར་མ་རྫོགས་པ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ།། ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ།། ཁ་སྟམས་ཏེ་ཞེས་བྱ་བ་ནི་ཚིག་མཉམ་པར་། ་ཚིག་ལྷག་པ་དང་། ཡི་གེ་མཉམ་པ་དང་། ཡི་གེ་ལྷག་པར་རོ།། དེ་ལ་ཚིག་མཉམ་པ་ཞེས་བྱ་བ་ནི་ཇི་སྲིད་དུ། སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སྨྲ་བ་དེ་སྲིད་དུ་དེ་ཡང་། སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སྨྲ་བ ་སྟ། འདི་ནི་ཚིག་མཉམ་པ་ཞེས་བྱའོ།། ཚིག་ལྷག་པ་ཞེས་བྱ་བ་ནི་ཇི་སྲིད་དུ་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་མ་སྨྲས་པ་དེ་སྲིད་དུ་དགེ་བ་ཕུན་སུམ་ཚོགས་པར་བྱ་ཞེས་སྨྲ་བ་སྟེ། འདི་ནི་ཆོ་ག་ལྷག་པ་ཞེས ་བྱའོ། ། ཡི་གེ་མཉམ་པ་ཞེས་བྱ་བ་ནི། ཇི་སྲིད་དུ་ཨ་ཞེས་སྨྲ་བ་དེ་སྲིད་དུ། དེ་ཡང་ཨ་ཞེས་སྨྲ་བ་སྟེ། འདི་ནི་ཡི་གེ་མཉམ་པ་ཞེས་བྱའོ།། ཡི་གེ་ལྷག་པ་ཞེས་བྱ་བ་ནི། ཇི་སྲིད་དུ་ཨ་ཞེས་མ་སྨྲས་པ ་དེ་སྲིད་དུ། དེ་ཡང་ཨ་ཞེས་སྨྲ་བའོ།། ཆོས་འདོན་དུ་འཇུག་ན་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གང་ཟག་བསྙེན་པར་མ་རྫོགས་པ་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་གལ་ཏེ་ལྔ་པ་ལྗི་བ་ཅན་དང་། སྨྲ་མྱུར་བ་དང་། དྲན་པར་བྱ་བ་དང་། འདྲི་བ་གསོལ་བ་ལ་སྦྱིན་པ་ལ་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པ་རྫོགས་སོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར་དང་། མི་ཤེས་པའི་ཕྱིར་ལྟུང་བ་དག་འབྱུང་ཞིང་། སྔོན་གྱི་ལྟུང་བ་དག་འཆགས་པར་བྱེད་པས་དེ་རྣམས་བཀུར་སྟི་བྱ་བ་སྤྱོད་དེ། ་དེ་རྣམས་ནང་པར་སྔར་ལངས་ཤིང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བསྙེན་བཀུར་བྱེད། ཆག་རླག་དང་། ཕྱག་དར་དང་། ཕྱི་བདར་བྱེད་དོ།། བཅུ་གཉིས་སྡེ་དེ་དག་ནི་སེམས་ལས ་ཆུང་ངུར་འདུག་ཅིང་འཁོད་དོ། ། དེར་ཡང་ཁྱིམ་པ་དག་ལྷགས་ཏེ། དེ་རྣམས་ཀྱིས་དེ་དག་མཐོང་ནས་འདི་སྙམ་དུ། དགེ་སློང་མ་རྒན་མོ་འདི་དག་ནི་རིན་པོ་ཆེ་ཤེས་ཤིང་། རིན་པོ་ཆེ་སོགས་པར་བྱེད ་དོ། ། བཅུ་གཉིས་སྡེ་འདི་དག་ནི་རིན་པོ་ཆེ་མི་ཤེས་ཤིང་། རིན་པོ་ཆེ་སོགས་པར་མི་བྱེད་དོ་སྙམ་སེམས་སོ།། དེ་ནས་བཅུ་གཉིས་སྡེ་དག་གིས་ཁྱིམ་བདག་ལས་ཐོས་ནས་འདི་སྐད་ཅེས་སྨྲས་སོ།། ་ཁྱེད་འདི་ལྟ་བུ་རིན་པོ་ཆེ་སོགས་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་འདི་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སོགས་པ་ལ་མཆོད་པའི་དོན་དུ་བརྩོན་པར་བྱེད། ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྟུང་བ་འདི་དང་འདི་དག་བྱུང་ངོ་།། དེ་དག་གིས་ཐོས་ནས། གང་ལ་རྒན་མོ་རྣམས་ཀྱང་འདི་འདྲ་བའི་གནས་སྐབས་སུ་གྱུར་ན། གཞོན་ནུ་མ་རྣམས་ལ་ཇི་ལྟ་བུ ་ཞིག་ཏུ་འགྱུར་ཞེས་ཡིད་ལ་གཅགས་པར་གྱུར་ཏོ། ། བཅུ་གཉིས་སྡེ་དག་གིས་དོན་དེ་རྟོགས་པར་བྱས་ནས། དེ་དག་གིས་དགེ་ཚུལ་གཞོན་ནུ་མ་རྣམས་ལ་དྲིས་པ། ཁྱེད་ཀྱི་མཁན་མོ་དང་སློབ་དཔོན་དག། ་ཅི་བྱེད། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བསོད་ནམས་བགྱིད་དོ།། དེ་ནས་བཅུ་གཉིས་སྡེ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་བསོད་ནམས་འདི་འདྲ་བ་བྱོས་ཤིག། དགེ་ཚུལ་མ་དེ ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། དེ་ཅི་ལགས། དེ་ནས་བཅུ་གཉིས་སྡེ་དག་གིས། དེ་དག་གི་དགེ་ཚུལ་མ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཀྱིས་སྙིང་ལམ་ན་ཁྱེད་ཀྱི་མཁན་མོ་དང་སློབ ་དཔོན་འདི་དག་ཆོས་ལ་ཆོས་བཟངས་ངོ་ཞེས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སོགས་པ་ལ་བསྙེན་བཀུར་བྱེད་སྙམ་མམ། དེ་ལྟ་མོད་ཀྱི་ལྟུང་བ་འདི་དང་འདི་དག་བྱུང་ངོ་།། གང་གི་ཚེ། ་དགེ་སློང་མ་དེ་དག་ལྟུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ། དེ་དག་གིས་དགེ་ཚུལ་གཞོན་ནུ་མ་དེ་དག་ལ། དགེ་ཚུལ་མ་དག་ལས་དག་གིས་ཤིག་ཅེས་བསྒོ་བ་ན། དེ་དག་གིས་སྨྲས་པ ་ཁྱེད་ཅག་ཅིའི་ཕྱིར་མི་མཛད། གནས་བརྟན་མོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་གིས་མི་རུང་ངོ་།། དགེ་ཚུལ་མ་རྣམས་ཀྱིས་ཡང་འདི་སྐད་ཅེས་སྨྲས་སོ།། ཁ་ཅིག་རུང་ན ་ཁ་ཅིག་མི་རུང་ངམ། དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ལ་སུས་སྨྲས། དེ་དག་གིས་འདི་སྐད་ཅེས། བཅུ་གཉིས་སྡེ་དག་གིས་སོ་ཞེས་སྨྲས་པ་ན། དོན་ཉུང ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྗོད་པར་མི་བྱའོ་ཞེས་དེ ་ལྟར་དགག་པ་མཛད་དོ། ། དེ་ནས་དགེ་སློང་མ་དྲང་མོ་ཞེས་བྱ་བ། ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་བསྐོ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཤེས་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཆོས་ལྔ་དང་ལྡན་པ་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོ་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི ་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སོ་སོར་གོ་བར་བྱས་པ་དང་། སོ་སོར་གོ་བར་མ་བྱས་པའི་ཁྱིམ་ཤེས་པའོ།། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་དྲང་མོ་འདི་གང་གིས་ན་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད ་དེ། མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་པའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང ་མིང་འདི་ཞེས་བགྱི་བ་གང་ལགས་པ་འདི། དགེ་སློང་མ་དྲང་མོའི་སླད་དུ་ཁྱིམ་དུ་སོ་སོར་གོ་བར་བགྱིད་པར་བསྐོ་བར་བགྱི་སྟེ། མིང་འདི་ཞེས་བགྱི་བ་གང་ལགས་པས། དགེ་སློང་མ་དྲང་མོའི་སླད་དུ་ཁྱིམ་རྣམས། ་སུ་ཕུ་ནུ་མོ་དག། ཁྱེད་ཅག་དགེ་སློང་མ་དྲང་མོ་ས་བོན་ཚིག་པ་ལྟ་བུ། ས་བོན་ཉམས་པ་ལྟ་བུ་འདིས་བསྟན་པ་ལ་ཚོད་མ་འཛིན་ཅིག། འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོས་བསྟན་པའི་ཚད་ཟུང་ཞིག ་གོའུ་ཏ་མེ་སྐེམ་མོ་དང་། ཨུཏྤ་ལའི་མདོག་དང་། ཆོས་སྦྱིན་དང་། འཕགས་མ་ཚུལ་ལྡན་གྱིས་ཚད་ཟུང་ཞིག་ཅེས། སོ་སོར་གོ་བར་བགྱིད་པར་འགྱུར་རོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར ་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། ་ཞེས་བྱ་བའི་བར་རོ།། དེ་ནས་དགེ་སློང་མ་དྲང་མོས་ཁྱོད་ཀྱི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་སྤྲོ་བར་བྱས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་དགེ་སློང་མ་དྲང་མོ་ཁྱིམ་དུ་སོ་སོར ་གོ་བར་བྱེད་པའི་དགེ་སློང་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་དགེ་འདུན་གྱིས་ཁོ་མོའི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པར་བསྐོས་སམ། དེས ་འདི་སྐད་ཅེས་སྨྲས་སོ། ། དེ་ཡིན་ནོ།། ཕུ་ནུ་མོ་ཁྱོད་ཀྱིས་ཁོ་མོ་འདི་ལྟར་ཁྱིམ་རྣམས་སུ་མ་དད་པ་མང་དུ་བྱས་པར་ཡིད་ཆེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། ཡིད་ཆེས་སོ།། དྲང་མོས་འདི་སྐད ་ཅེས་སྨྲས་སོ། ། ཇི་ལྟར་གཅིག་ལ་ཡིད་ཆེས་པ་ལྟར། ཅིག་ཤོས་ལ་ཡང་དེ་དང་འདྲ་བས། ཁོ་མོས་ཁྱོད་ཀྱི་ལྷོ་དྲལ་ལ་རྒྱུ་བས་དབྱར་ཁང་འཁོར་བར་བསྐོར་རོ།། དེ་ནས་དགེ་སློང་། ་མ་དེ་སྐྲག་ནས། སྐབས་དེ་དགེ་སློང་མའི་དགེ་འདུན་ལ་རྒྱས་པར་སྨྲས་སོ།། དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ ་རྣམས་ཀྱིས་གསོལ་བ་འབའ་ཞིག་པ་བྱའོ། ། བཅོམ་འདས་ཀྱིས་གསོལ་བ་འབའ་ཞིག་པ་བྱའོ་ཞེས་བཀའ་སྩལ་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་ཤམ་པ ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་དྲང་མོ་འདི་ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ ་རྣམས་སུ་སྤྱོད་པར་བགྱིད་དེ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གསོལ་བ་འབའ་ཞིག་བགྱིས་ནས། དགེ ་སློང་མ་དྲང་མོ་ཇི་ལྟར་སྣང་བ་དང་། གང་དུ་དེ་སྣང་བ་དེ་ཁོ་ནར་འདི་སྐད་ཅེས། ཕུ་ནུ་མོ་དག་ཁྱེད་དགེ་སློང་མ་སྡིག་ཅན་ས་བོན་ཚིག་པ་བཞིན་དུ་སྐྱེ་བའི་མཐུ་མེད་པ་འདིས་བསྟན་པ་ལ་ཚོད་མ་འཛིན་ཅིག ་དེ་ལྟ་མོད་ཀྱི་དགེ་སློང་གན་བརྟན་གནས་བརྟན་དག་གི་བསྟན་པ་འདི་ལ་ཚད་ཟུང་ཞིག་ཅེས་བསྒོ་བར་བགྱི་སྟེ། འདི་ནི་གསོལ་བའོ།། དེ་ལྟར་གསོལ་བ་འབའ་ཞིག་པ་བྱས་ནས་དགེ་སློང་བ་དེ་རྣམས་ཀྱི་གང་དུ ་སྐྱེ་ཚོའི་ཚོགས་ཆེན་པ་ཡོད་པ་དེར་སོ་སོར་གོ་བར་བྱའོ། ། གང་དུ་མ་དད་པར་བྱས་པ་དེར་བརྗོད་པར་བྱའི།། ལྟོགས་པ་ཁོ་ནས་ཤི་བར་གྱུར་ན་མི་རུང་བས་གཞན་དུ་ནི་བརྗོད་པར་མི་བྱའོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཟག་བསྙེན་པར་ར་རྫོགས་པ་རྣམས་ལ། གནས་ངན་ལེན་གྱི་ལྟུང་བ ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། རྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ།། དགེ་འདུན་གྱིས་གནང་བ་མ ་གཏོགས་ཏེ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནང་བ་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ ་མཐར་འགྱུར་བའི་ལྟུང་བ་མཐོང་ལ། དེས་མ་རིག་པ་ལ་མ་རིག་པའི་འདུ་ཤེས་ཀྱིས་རྗོད་ན་ལྟུང་བྱེད་དོ།། དེ་བཞིན་དུ་མ་རིག་པ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་དགེ་སློང་མ་ལ་མཐར་འགྱུར ་བའི་ལྟུང་བ་མཐོང་ལ། དེས་རིག་པ་ལ་མ་རིག་པར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་རིག་པ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། རས་ལ་རི་མོར་བྲིས་པ་ལྟར་ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ།། ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་མཆེག ་པའི་ཁང་བཟངས་ན་བཞུགས་སོ། ། དེའི་ཚེ་མུ་གེ་མི་བཟད་པ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ངོ་།། དེ་ནས་དགེ་སློང་བ་རབ་ཏུ་མང་པོ་ལྗོངས་ཤིག་ཏུ་དོང་བ་དང་། ་བསོད་སྙོམས་ཀྱིས་འཕོངས་པར་གྱུར་ཏོ།། དེ་ནས་དེ་རྣམས་ཕན་ཚུན་དུ་འགྲོགས་པ། ཅིའི་ཕྱིར་བདག་ཅག་གི་ཡོན་ཏན་བསྒྲགས་པར་མི་བྱ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅི་ཡང་དག་པས ་སམ། ཡང་དག་པ་མ་ཡིན་པས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཡང་དག་པས་སོ།། དེ་དག་གིས་ཕན་ཚུན་དུ་ཡོན་ཏན་ཡང་དག་པར་བསྒྲགས་པ་བྱས་པ་དང་། འཇིག་རྟེན་ནི་ཡོན་ཏན་ལ ་དགའ་བ་ཡིན་པས། དེ་རྣམས་ཀྱིས་དེ་དག་བསོད་སྙོམས་ཀྱིས་མ་འཕོངས་པར་བྱས་སོ།། གང་གི་ཚེ་དགེ་སློང་མ་དེ་དག་ལྗོངས་རྒྱུ་ཞིང་དོང་ནས་ཡངས་པ་ཅན་དུ་ཕྱིན་ཏོ།། དེ་ནས་གནས་པ་དང་། ་གཉུག་མར་གནས་པའི་དགེ་སློང་མ་རྣམས་ཀྱིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། སངས་རྒྱས་ལྡན། ཆོས་ལྡན། དགེ་འདུན་ལྡན་དག་འོངས་པ་ལེགས་སོ།། འོངས་པ་ལེགས་སོ།། ཇི་ག་ལེགས ་པར་སྤྱད་དམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལེགས་པར་སྤྱད་དོ།། ཚེ་དང་ལྡན་མ་དག་བསོད་སྙོམས་ཀྱིས་འཕོངས་པར་མ་གྱུར་གྲང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། མ་གྱུར་ཏོ།། ་གནས་བརྟན་གནས་བརྟན་འདི་དག་ནི་བསོད་སྙོམས་ཀྱིས་འཕོངས་པར་གྱུར་ན། ཁྱོད་ཀྱིས་ཐབས་ཅི་ཞིག་བྱས་ནས་མ་གྱུར། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཕན་ཚུན་ཡོན་ཏན་བསྒྲགས་པ ་བྱས་པས་སོ། ། ཁྱེད་མིའི་ཆོས་བླ་མ་བརྗོད་དུ་རུང་ངམ། བདག་ཅག་གིས་བརྗོད་དོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན ་བརྗོད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི་གཉིས་སོ།། ལྷག་མ་རྣམས་ནི་བསྙེན་པར་མ ་རྫོགས་པའོ། ། བདེན་པ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ལ། མཐོང་དང་འདུ་ཤེས ་དགོན་པ་དང་། ཁྱིམ་རྣམས་སུ་རི་སྟན་བཀྲ་དང་།། རང་གི་མཚན་ཉིད་འཛིན་བྱེད་དང་།། བདག་ཉིད་ཉེ་བར་སྟོན་པའོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོགས་པ་དང་། ལྟ་བམ་བསྒྱུར་བར་འདི་སྐད་ཅེས། ལྷ་མཐོང་བ་ཞེས་ཟེར་ལ་བདེན་པ་ཡིན་ན་ལྟུང་བྱེད་དོ།། དེ་བཞིན་དུ་གནོད་སྦྱིན་རྣམས་དང་། ཀླུ་རྣམས་དང་། དྲི་ཟ་རྣམས་དང་། མེ ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གྲུལ་བུམ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། སྲུལ་པོ་རྣམས་ཀྱང་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉས ་བྱས་སོ། ། དེ་བཞིན་དུ་ལྷ་རྣམས་ལ་བལྟ་བའི་ཕྱིར་འགྲོའོ་ཞེས་བྱ་བ་ནས། ལུས་སྲུལ་པོ་རྣམས་ལ་ཞེས་བྱ་བའི་བར་ཏེ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་པའི་ཤ་ཟ ་ཡང་བདེན་ན་ཉེས་བྱས་སོ། ། ཁོ་མོའི་དྲུང་དུ་ལྷ་ལ་སོགས་པ་ཉེ་བར་འོང་བ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དེ་བཞིན་དུ་ལྷ་ལ་སོགས་པའི་སྒྲ་ཐོས་པ་བདེན་ན ་ལྟུང་བྱེད་དོ། ། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། རྣམ་པར་གཏན་ལ་འབེབས་པར་བྱེད་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང ་བདེན་ན་ཉེས་བྱས་སོ། ། དེ་བཞིན་དུ་ལྷ་ཡང་ཁོ་མོ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། རྣམ་པར་གཏན་ལ་འབེབས་པར་བྱེད་དོ་བ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། ་དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས། མི་རྟག་པའི་འདུ་ཤེས་ཐོབ་བོ་ཞེས་ཟེར་ལ་བདེན་པ་ཡིན་ན་ལྟུང་བྱེད་དོ།། ་དེ་བཞིན་དུ་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་གཙང ་བའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རུལ་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་ཞིགས་པའི་འདུ་ཤེས། ་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་དང་། ཁོ་མོས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང ་བཞི་པ་ཞེས་བྱ་བ་ནས། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ཁོ་མོས་ཐོབ་བོ་ཞེས་ཟེར་ལ་བདེན་ན་ལྟུང་བྱེད་དོ།། དགེ་སློང་མས་འདུ་ཤེས་མ་བསྒྱུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བ་ནས ་དགེ་སློང་མ་རབ་ཏུ་མང་པོ་དཀོན་པ་ན་གནས་ན། དེ་དག་ལ་མི་མ་ཡིན་པ་རྣམས་ཀྱིས་རྣམ་པར་མི་འཚེ་ན། ཁོ་མོ་ཡང་དེ་ན་གནས་ན་རྣམ་པར་མི་འཚེའོ་ཞེས་སྨྲས་ལ་བདེན་ན་ལྟུང་བྱེད་དོ།། དེ་བཞིན་དུ ་ཁྱིམ་རྣམས་སུ་སྟན་བཀྲ་བ་རྣམས་ལ་ཡང་བརྗོད་པར་བྱའོ། ། དགེ་སློང་མས་འདུ་ཤེས་མ་བསྒྱུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་གང་གིས་རང་གི་མཚན་ཉིད་འཛིན ་བཞིག་ནས་ཀྱི་མཚན་མ་ལ་བརྟེན་ནས། འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་མནན་པས། འདོད་པའི་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་ཏུ་མི་སྤྱོད་པ ་དེ་ཡོད་དེ་ཞེས་བྱ་བ་ནས། ཁོ་མོས་ཀྱང་ཞེས་བྱ་བའི་བར་དུ་ཟེར་ན་ལྟུང་བྱེད་དོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་མ་བསྐུར ་བར་འདི་སྐད་ཅེས། དགེ་སློང་མ་ལྷ་མཐོང་བ་གང་ཡིན་པ་དེ་ཡོད་དོ་ཞེས་སྨྲས་ཀྱི། ཁམས་སོ་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ།། དེ་བཞིན་དུ་གནོད་སྦྱིན་རྣམས་དང་། ཀུནཿ། ་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གྲུལ་བུམ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། ལུས་སྲུལ་པོ་རྣམས་བདག་གིས་སོ་ཞེས་དེ་སྐད ་མ་སྤྲས་ན་ཉེས་བྱས་སོ། ། ཐ་ན་ཕྱག་དར་ཁྲོད་ཀྱི་ཤཟལ་ཡང་བདག་གིས་སོ་ཞེས་པ་སྨྲས་ན་ཉེས་བྱས་སོ།། དེ་བཞིན་དུ་རིམ་པ་འདིས་སྡོམ་གྱི་ཚིགས་བཅད་འདི་བརྗོད་པར་བྱའོ།། ཡང་དགེ་སློང ་གང་ཞིག་འདུ་ཤེས་མ་བསྒྱུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་རང་གི་མཚན་ཉིད་འཛིན་པ་ནི་གནས་ཀྱི་མཚན་མ་ལ་བརྟེན་ནས། འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན ་མོངས་པ་རྣམས་རྣམ་པར་མནན་ནས། འདོད་པ་ལ་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་ཏུ་མི་སྤྱོད་པ་གང་ཡིན་པ་དེ་ཡོད་དོ་ཞེས་ཟེར་གྱི། ཁོ་མོ་ཡིན་ནོ་ཞེས་དེ་སྐད་མ་སྨྲས་ན་ཉེས ་བྱས་སོ། ། ལྟུང་བྱེད་བརྒྱད་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཆོས་སྦྱིན་ཕོ་ཉས་བསྙེན་པར་རྫོགས་པ་ཐོབ་ཅིང་བདེན་པ་རྣམས་མཐོང་བ་དེའི་ཚེ། ་དེ་རང་གི་དབྱར་ཁང་ན་དགེ་སློང་མ་རྣམས་ཀྱི་ཆོས་དང་ལྡན་པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་དོ།། དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམས་པ་ཅན་ཡིན་པས་འདི་ལྟ་སྟེ། སངས་རྒྱས་སམ། ་ཆོས་སམ། དགེ་བའདུན་ནམ། དགེ་སློང་མ་བཤེས་པ་རྣམས་ལ་མི་འབུལ་བ་འམ། ཡོངས་སུ་མི་གཏང་བ་ཅི་ཡང་མེད་དོ།། དེ་དེ་ལྟར་ཕུལ་ཞིང་དེ་ལྟར་ཡོངས་སུ་བཏང་བས། ཆོས་གོས་རྙིངས་ཤིང ་སྣམ་སྦྱར་ཡང་དེངས་པར་གྱུར་ཏོ། ། དེ་ནས་དགེ་སློང་མའི་དགེ་འདུན་འདི་སྙམ་དུ། དགེ་སློང་མ་ཆོས་སྦྱིན་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམས་པ་ཅན་ཡིན་པས། བསམ་གཏན་དང ་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྤངས་ནས། དགེ་སློང་མ་རྣམས་ཀྱི་ཆོས་དང་ལྡན་པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་ལ། དེ་མི་དབུལ་བ་འམ་ཡོངས་སུ་མི ་གཏོང་བ་ཅི་ཡང་མེད་དེ་ཞེས་བྱ་བ་ནས། སྣམ་སྦྱར་དེངས་པར་གྱུར་གྱིས་ཞེས་བྱ་བའི་བར་རོ།། བདག་ཅག་གིས་རས་ཡུག་ཆེན་ཞིག་གྲུབ་པ་དང་། དེ་བདག་གིས་ཆོས་སྦྱིན་ལ་སྦྱིན་ནོ་སྙམ་དུ་སེམས་སོ།། ། ་དེ་ནས་དུས་གཞན་ཞིག་ན་རས་ཡུག་ཆེན་ཞིག་རྙེད་ནས། དེ་རྣམས་ཀྱིས་ཆོས་སྦྱིན་ལ་བྱིན་ནོ།། དེས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ ་བ་བྱས་ཏེ་སྦྱིན་ནོ། ། འདི་ལྟར་བྱས་ཏེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ཆོས ་སྦྱིན་འདི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ལགས་པས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་མ་བཤེས་པ་རྣམས་ལ་མི་དབུལ་བ་འམ། ཡོངས ་སུ་མི་གཏང་བ་ཅི་ཡང་མ་མཆིས་སོ། ། དེ་དེ་ལྟར་ཡོངས་སུ་གཏང་བས་ཆོས་གོས་ལྔ་རྙིངས་ཤིང་སྣམ་སྦྱར་ཡང་དེངས་པར་གྱུར་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས ་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་ཆོས་སྦྱིན་ལ་རས་ཡུག་ཆེན་སྩོལ་བར་མཛད་དོ།། འདི་ནི་གསོལ་བའོ།། གང ་གི་ཚེ་དེ་དག་གིས་གསོལ་བ་བྱས་ཏེ། ཆོས་སྦྱིན་ལ་རས་ཡུག་ཆེན་བྱིན་པ་དེའི་ཚེ།། སྦོམ་དགའ་མོས་བཅུ་གཉིས་སྡེ་ལྷག་པ་རྣམས་ལ། ཀྱེ་ཕུ་ནུ་མོ་དག་གང་དུ་དགེ་འདུན་གྱི་རྙེད་པ་བཤེས་ངོར་སྔོ་བར་བྱེད་པས། ་དགེ་སློང་མའི་དགེ་འདུན་གྱི་རྙེད་པ་འགྲུབ་པར་ག་ལ་འགྱུར་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། ཕུ་ནུ་མོ་དག་དགེ་སློང་མ་རྣམས་ཀྱིས་བཤེས་ངོར ་བྱས་ཏེ། དགེ་འདུན་གྱིས་རྙེད་པར་བསྔོས་པ་གང་ཟག་གིར་སྔོ་བར་བྱེད་དོ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔར་ལེགས་པར་རུང་བར་བྱས་ནས ་ཞེས་བྱ་བ་ནི་བློ་གྲོས་མཐུར་པར་བྱས་པའོ། ། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨ་ནའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི ་དགེ་འདུན་གྱིའོ། ། རྙེད་པ་ཞེས་བྱ་བ་ནི་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་སྟེ། གོས་ཀྱི་རྙེད་པ་སྟེ། དོན་འདི་ལ་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བཤེས་ངོར་ཞེས་བྱ་བ་ལ་གང་གི་བཤེས་གང ་ཡིན་ཞེ་ན། ལྷན་ཅིག་གནས་པའི་བཤེས་པ་ནི་མཁན་མོ་ཡིན་ལ། མཁན་མོ་ཡི་ནི་ལྷན་ཅིག་གནས་པ་ཡིན་ནོ།། ཉེ་གནས་ཀྱི་ནི་སློབ་དཔོན་ཡིན་ལ། སློབ་དཔོན་གྱི་ཡང་ཉེ་གནས་ཡིན་ནོ།། འགྲོགས ་བཤེས་ཀྱི་ཡང་འགྲོགས་བཤེས་ཡིན་ནོ། ། སྨོས་འདྲིན་གྱི་ཡང་སྤོས་འདྲིན་ཡིན་ནོ།། གནས་གཅིག་པའི་ཡང་གནས་གཅིག་པ་ཡིན་ནོ།། སྔོན་ཞེས་བྱ་བ་ནི་སྒྱུར་ནའོ།། གང་ཟག་ལ་ཞེས་བྱ་བ་ནི་གང་ཟག་ལ ་སྦྱིན་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་དུ་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་དགེ་སློང་མ་རྣམས་ལ ་འདི་སྐད་ཅེས། དགེ་སློང་མས་བཤེས་ངོར་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་གིར་སྦྱར་བར་བྱེད་དོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་བདེན་པ་ཁོ་ན་ཡིན་ན་ལྟུང་བ་མེད་དོ།། ལྟུང ་བྱེད་དགུ་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས། པུ་ནུ་མོ་དག་ཇི་ཙམ ་གྱིས་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་གང་ལ་གཞི་ཡང་མངོན་ལ་གང་ཟག་དང་། ་གྲོང་དང་། ཞིང་ཡང་མངོན་པར་དེ་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་བཏོན་པས་ཅི་ཞིག་བྱ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད ་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རྨ ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས། འཕགས་མ་དག་ཇི་ཙམ་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང ་གདུང་བར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་བཏོན་པས་ཅི་ཞིག་བྱ་ཞེས་ཟེར་ན་ལྟུང་བྱེད་དོ། ། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་སྦོང་དགའ་མོའོ། ། ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་།། སོ་སོར་ཐར་པ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་ཞེས་བྱ ་བ་ནས། ལྟུང་བྱེད་བརྒྱ་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱེད་པ་བདུན་དང་། འདུལ་བ་བའི་བཅུ་བདུན་དང་། ཕྲན་ཚེགས ་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག་པ་དང་། ཉེ་བར་འཁོར་གྱིས་ཞུས་པ་ལས་འབྱུང ་བའོ། ། མདོ་ཞེས་བྱ་བ་ནི་ལེགས་པར་སྦྱར་བའོ།། གདོར་པ་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨནའོ།། ཕུནུ་མོ་དག་འདི་དག་ཅི་དགོས་ཞེས་བྱ་བ་ནི་གང་ལ་གང་ག ་མངོན་ཞིང་གྲོང་དང་། ཞིང་དང་། གཞི་ཡང་མངོན་པ་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བའོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེན། དགེ་སྦྱོང་མས་ཇི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་དུ་ན། དགེ་སློང་མ་རྣམས་ལ། ་འདི་སྐད་ཅེས། ཕུ་ནུ་མོ་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པར་གྱུར་པའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཅི་དགོས་ཞེས་བྱ་བའི་བར་དུ་ཟེར་ན་ལྟུང་བྱེད་དོ།། ཡིད་ལ་གཅགས ་དང་། ཡིད་མི་བདེ་བཞེས་ཟེར་ན་ལྟུང་བྱེད་དོ།། དེ་བཞིན་དུ་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། དེ་བཞིན་དུ་བསླབ་པའི་གཞི་དང་ལྡན་པའི་མདོ་འདོན་པ་ན་ཁྱད་དུ་གསོད་ན ་ལྟུ་བྱེད་དོ། ། དེ་བཞིན་དུ་བསླབ་པའི་གཞི་དང་ལྡན་པའི་ཚིགས་སུ་བཅད་པ་འདོན་པ་ན་ཁྱད་གསོད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། གལ་ཏེ་མདོ་ཉམས་པ་ཡིན་པ་དང་། གལ་ཏེ་དགེ་སློང་མའི་ངགེ ་འདུན་ན་པར་གྱུར་ན་ལྟུང་བ་མེད་དོ། ། ལྟུང་བྱེད་དང་པོའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྔ་མ་ནི། རྦ་ཞིང་རྔར་འཇུག་འཕྱ་བ་དང་། རྣལ་གཟོན་དང་གནས་མལ་དང་། ་གདིང་བ་དག་ནི་ལྔ་པ་ཡིན།། ཡང་ཐོག་ཁྲི་རྩ་འབྱུང་བ་དང་། རྩཝ་དག་དང་ནི་ཁང་ཆེན་དང་། གནས་གཅིག་དེ་བཞིན་འཁོད་པའོ།། གླེང་གཞི་ན ་མཉན་ཡོད་ནའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྔོན་གྱིས་ཤིང་མཁན་བྱེད་བྱེད་པའི་དགེ་སློང་ལས་བརྟེན་ནས། ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་པའི་བསླབ་པའི ་གཞི་བཅའ་བ་མཛད་དོ། ། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་རྩཝ་སྔོན་པོ་རྔ་ཞིང་རྔར་འཇུག་པར་བྱེད་པ་དང་། དེ་རྣམས་ལ་རང་བཞིན་དུ་གརས་པའི་དགེ་སློང་མ་རྣམས ་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདི་ལྟ་བུའི་བསླབ་པའི་གཞི་བཅའ་བ་མཛད་ཀྱིས། ཁྱེད་རྩ་སྔོན་པོ་མ་གཅོད་གཅོད་དུ་མ་གཞུག་ཅིག། དེ་ནས་བཅུ་གཉིས་སྔ་དེ ་རྣམས་ཀྱིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས། བསླབ་པའི་གཞི་འདི་དགེ་སློང་རྣམས་ཀྱི་ཡིན་གྱིས། དགེ་སློང་མ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གམ ་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། ། ས་བོན་གྱི་ཚོགས་ཞེས་བྱ་བ་ལ་ས་བོན་ནི་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོར་ཏོའི་ས་བོན་དང་། འགས་པའི་ས་བོན ་དང་། ས་བོན་གྱི་ས་བོན་ནི་ལྔ་པའོ།། དེ་ལ་རྩ་བའི་ས་བོན་ནི་གླ་སྒང་དང་། ཤུ་དག་དང་། ཡུང་དང་། སྒེའུ་གཤེར་དང་། བོང་དཀར་པོ་དང་། གཞན་ཡང་དེ་ལྟ་བུའི་རྩ་བ་སྟེ། རྩ་བ ་ཉིད་ས་བོན་དུ་གྱུར་པ་གང་ཡིན་པ་འདི་ནི་རྩ་བའི་ས་བོན་ཞེས་བྱའོ། ། སྡོང་བུའི་ས་བོན་གང་ཞེ་ན། ཤིང་ཀན་ཙ་ན་དང་། པི་ཏ་ལ་དང་། ཨ་ཤྭད་ཐ་དད་། ཨུ་དུམ་ཝ་ར་དང་། ནྱ་གྲོ་དྷ་དང་། ་གཞན་ཡང་དེ་ལྟ་བུའི་སྡོང་བུ་སྟེ། སྡོང་བུ་ཉིད་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་སྡོང་བུའི་ས་བོན་ཞེས་བྱའོ།། ཐོར་ཏོའི་ས་བོན་གང་ཞེ་ན། བུ་རམ་ཤིང་དང་། འདམ་བུ་དང་། སྨྱིག་མ ་དང་། རྒྱ་མཚོ་བ་དང་། རྩ་ཀུ་ཤ་དང་། གཞན་ཡང་དེ་ལྟ་བུའི་ཐོར་ཏོ་སྟེ། ཐོར་ཏོ་ཉིད་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་ཐོར་ཏོའི་ས་བོན་ཞེས་བྱའོ།། འགས་པའི་ས་བོན་གང་ཞེ་ན། ་ཨརྫ་ཀ་དང་། སརྫ་ཀ་དང་། ས་ཡ་བ་དང་། རྩ་འཁྲིས་དང་། བྷ་དྲི་ན་ཀ་དང་། གཞན་ཡང་དེ་ལྟ་བུས་འགས་ཤིང་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་འགས་པའི་ས་བོན་ཞེས་བྱའོ།། ་ས་བོན་གྱི་ས་བོན་གང་ཞེ་ན། ནས་དང་། གྲོ་དང་། ས་ལུ་དང་། མོན་སྲན་སྡེའུ་ལ་སོགས་པ་དང་། གཞན་ཡང་ས་བོན་གྱི་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་ས་བོན་གྱི་ས་བོན་ཞེས་བྱ་སྟེལྔ ་པ་ཉིད་ཡིན་ནོ། ། འབྱུང་པོའི་གནས་ཞེས་བྱ་བ་ལ། འབྱུང་ངོ་ཞེས་བྱ་བ་ནི་སྦྲུལ་དང་། སྡིག་སྦྲུལ་དང་། ཏྲེ་མ་བུ་ཀ་དང་། ཏྲེ་ལ་ཏ་དང་། སྲིན་བུ་དང་། ཕྱེ་བ་ལེབ་དང་། ་ཏིལ་གྱི་ཕུབ་མ་ཟ་བ་སྟེ། དེ་དག་གི་ཤིང་གང་ཡིན་པ་ནི་འབྱུང་པོའི་གནས་ཞེས་བྱའོ།། གཅོད་དམ་ཞེས་བྱ་བ་ནི་རང་གིས་སོ།། གཅོད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད ་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ། ། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས ་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོར་དུ་འདུ་ཤེས་ཤིང་། སྐམ་པོ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ ་སློང་མས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་ཏུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དག ་སློང་མས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ཐོར་ཏོའི ་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་། ་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ས་བོན་གྱིས་ས་བོན་ལ་ས་བོན ་གྱི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ས་བོན་གྱི་ས་བོན་ལ་ས་བོན་གྱི ་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སྦྱོང་མས་རྩ་བའི་ས་བོན་ལ་སྡོང་བུའི ་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་རྩ་བའི་ས་བོན་ལ་སྡོང་བུའི ་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང ་མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང ་མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། རྩ ་བའི་ས་བོན་གྱིས་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ། ། དགེ་སློང་མས་སྡོང་བུའི་ས་བོན་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང ་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ ་འཇུག་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། སྡོང་བུའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང ་དེ་བཞིན་སྦྱར་རོ། ། སྡོང་བུའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་ཐོར་ཏོའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ ་ཤེས་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཐོར་ཏོའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། ། ཐོར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་ཇུག་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ ་ན་ཉེས་བྱས་སོ། ། རྩ་བའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། རྩ་བའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། རྩ་བའི་ས་བོན་གྱིས་འགས་པའི་ས་བོན ་ལ་ཡང་དེ་བཞིན་སྦྱར་རོ། ། རྩ་བའི་ས་བོན་གྱིས་ས་བོན་གྱིས་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར ་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟན ་ཉེས་བྱས་སོ། ། སྡོང་བུའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། སྡོང་བུའི་ས་བོན་གྱིས་ས་བོན ་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ། དགེ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་།། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག ་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ཐོར་ཏོའི་ས་བོན་གྱིས་རྩ་བའི་ས་བོན་ལ ་ཡང་དེ་བཞིན་སྦྱར་རོ། ། ཐོར་ཏོའི་ས་བོན་གྱིས་སྡོང་དུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ཐོར་ཏོའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ཐོར་ཏོའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ ་བཞིན་སྦྱར་རོ། ། དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང ་བྱེད་དོ། ། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། འགས་པའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ་འགས་པའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། འགས་པའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། འགས་པའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ་དགེ་སློང་མས་ས་བོན་གྱིས་བོན་ལས་བོན་གྱིས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཕན་ལྟུང་བྱེད་དོ།། སྐམ ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། ས་བོན་གྱིས་ས་བོན་གྱི་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ས་བོན་གྱི་ས་བོན ་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ། ས་བོན་གྱི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ས་བོན་གྱི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ། ་། དགེ་སློང་མའི་འདུལ་བ་རྣམ་པར་བྱེད་པ།། ། བམ་པོ་བཅུ་བདུན་པ།། ། བར་སྡོམ་ལ། རྩ་བའི་ས་བོན་ལྔ་དག་དང་། ལྗོན་ཤིང་རྩ་གཅོད་དེ ་བཞིན་དུ། འཆག་དང་རྩ་རྒྱན་ཉ་ལྕིབས་དང་། ཆུ་དྲེག་མེ་ཏོག་རྒྱས་པའོ།། དགེ་སློང་མས་ས་བོན་རྣམས་ཉམས་པར་གྱུར་ཅིག་སྙམ་བསམས་པས། ས་བོན་གྱི་རིགས་ལྔ་གཏུན ་སྐྱུར་བླུགས་ནས། གཏུན་མགོས་རྡུང་ཞིང་ས་བོན་ཉམས་པར་གྱུར་ཅིག། རྣམ་པར་ཉམས་པར་གྱུར་ཅིག་ཅེས་དྲག་ཏུ་བརྡུངས་པ་ལས། ས་བོན་ཉམས་ན་ལྟུང་བྱེད་དུ་འགྱུར་རོ།། ས་བོན་མ ་ཉམས་ཤིང་ས་བོན་རྣམ་པར་མ་ཉམས་ན་ཉེས་བྱས་སུ་འགྱུར་རོ། ། དེ་བཞིན་དུ་མེ་དང་། ཐབ་དང་། ཞུགས་ལིང་དང་། སླང་དང་། མེ་ཐ་བ་དང་། མེ་དོང་དང་། མ་དོང་ཆེན་པོ་དང་། ས་དང ་ཐུག་པ་དང་། ཁུ་ཚན་དང་། འབྲས་ཁུར་ལྗགས་པ་དང་། དེ་བཞིན་དུ་ས་བོན་ཉམས་པར་གྱུར་ཅིག། རབ་ཏུ་ཉམས་པར་གྱུར་ཅིག་ཅེས། མཚོ་ཆེན་པོ་དང་། འབབ་ཆུ་ཆེན་པོ་དང་ཞེས་བྱ་བ ་ནས། ཆུ་ཉུང་ངུ་དང་། ལྕི་བ་དང་། ཚ་རྒོ་དང་། འགྱུར་བྱེད་དང་། ས་དང་ལྷན་ཅིག་བསྲེས་པ་ལས་དེ་ཡང་ཉམས་ན་ལྟུང་བྱེད་དོ།། མ་ཉམས་ན་ཉེས་བྱས་སོ། ་ཞེས་བྱ་བའི་བར་རོ།། དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཅིག་གཅོད་དམ་གཅོད་དུ་འཇུག་ན། ཉེས་བྱས་གཅིག་དང་ལྟུང་བྱེད་གཅིག་གོ།། དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང ་ལྗོན་པ་གཅིག་གཅོད་ན། དེ་ལ་ཉེས་བྱས་གཉིས་དང་ལྟུང་བྱེད་གཅིག་གོ། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་གཅིག་གཅོད་ན། དེ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་གཅིག་གོ།། དགེ་སློང ་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཉིས་གཅོད་ན། དེ་ལ་ཉེས་བྱས་གཅིག་དང་ལྟུང་བྱེད་གཉིས་སོ།། དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཉིས་གཅོད་ན། དེ་ལ་ཉེས་བྱས ་གཉི་སོ་དང་ལྟུང་བྱེད་གཉིས་སོ། ། དགེ་སློང་མས་སྦྱོར་བ་མང་པོས་ཤིང་ལྗོན་པ་གཉིས་གཅོད་ན། དེ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་གཉིས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང ་ལྗོན་པ་མང་པོ་གཅོད་ན། དེ་ལ་ཉེས་བྱས་གཅིག་དང་ལྟུང་བྱེད་མང་པོར་འགྱུར་རོ།། དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་མང་པོ་གཅོད་ན། དེ་ལ་ཉེས་བྱས་གཉིས་དང་ལྟུང་བྱེད་མང ་པོར་འགྱུར་རོ། ། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་མང་པོ་གཅོད་ན། དེ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་མང་པོར་འགྱུར་རོ།། དགེ་སློང་མས་རྩ་སྔོན་པོ་ལ་སྔོན་པོར་འདུ་ཤེས ་པས་རྔན་ལྟུང་བྱེད་དོ། ། རྔར་འཇུག་ན་ལྟུང་བྱེད་དོ།། སྔོན་པོ་ལ་ཡིད་གཉིས་ཟ་བས་རྔན་ལྟུང་བྱེད་དོ།། རྔར་འཇུག་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོའི་འདུ་ཤེས་པས་རྔ་ན་ཉེས་བྱས་སོ།། ་རྔར་འཇུག་ན་ཉེས་བྱས་སོ།། སྐམ་པོ་ལ་ཡིད་གཉིས་ཟ་བས་རྔན་ཉེས་བྱས་སོ།། རྔར་འཇུག་ན་ཉེས་བྱས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་རྩ་གཅིག་རྔ་ན། དེ་ལ་ཉེས་བྱས་གཅིག་དང ་ལྟུང་བྱེད་གཅིག་གོ། ། དེ་བཞིན་དུ་གཉིས་ལ་ཡང་བརྗོད་པར་བྱའོ།། དེ་བཞིན་དུ་མང་པོས་རྩ་གཉིས་ལ་ཡང་བརྗོད་པར་བྱའོ།། ཇི་ལྟར་ཤིང་ལྗོན་པ་ལ་བརྗོད་པ་དེ་བཞིན་དུ་རྒྱས་པར་རྩ་མང ་པོ་ལ་ཡང་བརྗོད་པར་བྱའོ། ། དགེ་སློང་མས་ཤིང་ལྗོན་པའི་རྩ་རྒྱུན་འབྱིན་ན་ཉེས་བྱས་སོ།། ཕྱི་ཤུན་འཆུ་ན་ཉེས་བྱས་སོ།། ཕྱི་འཆུ་ན་ཉེས་བྱས་སོ།། ནང་ཤུན་འཆུ་ན་ཉེས་བྱས་སོ།། ། ་སྙིང་པོ་འབྱིན་ན་ལྟུང་བྱེད་དོ།། ལོ་མ་སྐྱ་བོ་ན་ཉེས་སོ།། ལོ་མ་རློན་ན་ལྟུང་བྱེད་དོ།། མེ་ཏོག་ཁ་བྱེ་ན་ཉེས་བྱས་སོ།། ཁ་མ་བྱེ་ན་ལྷུང་བྱེད་དོ།། འབྲས་བུ་སྨིན་ན་ཉེས་བྱས་སོ།། འབྲས ་བུམ་སྨིན་ན་ལྟུང་བྱེད་དོ། ། རྩ་ཉམས་པར་འགྱུར་ཅིག། རྩ་བ་རབ་ཏུ་ཉམས་པར་གྱུར་ཅིག་ཅེས། རྩ་སྔོན་པོའི་སྟེང་དུ་འཆགས་པར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཁུ་ཚན་ལ་སོགས་པ ་ལ་ཡང་ལྟུང་བྱེད་དོ། ། ཉམས་པར་གྱུར་ཅིག། རབ་ཏུ་ཉམས་པར་གྱུར་ཅིག་ཅེས་ཤིང་ངམ་ཡལ་ག་འདྲེན་ན་ལྟུང་བྱེད་དོ།། འདྲེན་པའི་བསམ་པ་དང་འཆགས་པའི་བསམ་པ ་ཡིན་ན་ལྟུང་བ་མེད་དོ། ། ཆུ་དྲེག་ཉམས་པར་གྱུར་ཅིག་ཅེས་འཆག་ན་ཉེས་བྱས་སོ།། ཁུ་ཚན་དང་ཤིང་ལ་སོགས་པ་ལ་ཡང་ངོ་།། འཆག་པའི་བསམ་པས་ཡིན་ན་ལྟུང ་བ་མེད་དོ། ། ཉ་ལྕིབས་ཆུ་ནས་ཇི་སྲིད་མ་བཏོན་པ་དེ་སྲིད་དུ་ཉེས་བྱས་སོ།། བཏོན་ན་ལྟུང་བྱེད་དོ།། རྩ་བ་མེད་པའི་ས་བོན་གྱི་ཁམས་འབྱིན་ན་ཉེས་བྱས་སོ།། ཉ་ཚང་དང་། ཕ་བ་ལྦོ་ལྷོ་དང་། ཤ ་འབྱིན་ན་ཉེས་བྱས་སོ། ། བུམ་པའི་འདམ་སྐྱ་བོ་འཕྱིན་ཉེས་བྱས་སོ།། ཁ་ཟས་འདམ་སྐྱ་བ་ཟ་ན་ཉེས་བྱས་སོ།། གལ་ཏེ་རུང་བར་བྱས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དང་པོ ་རྫོགས་སོ། ། །། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་མཛའ་བོ་དང་ས་ལ་སྐྱེས་ཀྱིས་དྲུག་སྡེ་རྣམས་ཀྱི་མདུན་དུ། ཚེ་དང་ལྡན་པ་གྱད་བུ་ནོར་ལ་འཕྱ་བར་བྱེད་པ་ན། དེ་བཞིན ་དུ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་ཡང་བཅུ་གཉིས་སྡེ་རྣམས་ཀྱི་མདུན་དུ་གྱད་བུ་ནོར་ལ་འཕྱ་བར་བྱེད་དོ། ། དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དག་གིས་འདི་སྐད་ཅེས་སྨྲས་སོ།། མཛའ་མོ ་འཁོར་གྱི་གཙོ་བོ་ལ་མ་འཕྱ་ཞིག། དེ་ལ་དེ་སྐད་དུ་སྒོ་བ་ན། འོན་ཀྱང་འཕྱ་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་མཛའ་མོ་ངོར་འཕྱ་བའི་གྲངས་སུ་ཆུ་གཅིག། གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། འཕགས ་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མཛའ་མོ་འདི་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ངོར་འཕྱ་ལགས་ཀྱིས་གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་མཛའ་མོ་ངོར་འཕྱ་བའི་གྲངས་སུ་སྩལ་ཏོ།། འདི་ནི་གསོལ་བའོ།། དེ་བཞིན་དུ་ལས་ཀྱང་བརྗོད་པར ་བྱའོ། ། འོན་ཀྱང་གཞོག་འཕྱས་ཀྱིས་འཕྱ་བར་བྱེད་པ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་མཛའ་མོ་གཞོག་འཕྱས་བྱེད་པའི ་གྲངས་སུ་ཆུག་ཅིག་ཅེས་བྱ་བའི་བར་ཏེ། འདི་ནི་གསོལ་བའོ།། ལས་ཀྱང་བརྗོད་པར་བྱའོ།། ཕྱི་ནས་གཞོག་འཕྱས་དང་ངོར་འཕྱ་བ་གཉིས་ཀ་བྱེད་ནས་ཞེས་བྱ་བ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་མཛའ་མོ་གཉིས་ཀར་འཕྱ་བའི་གྲངས་སུ་ཆུག་ཅིག་ཅེས་བྱ་བའི་བར་ཏེ། གསོལ་བ་དང་ལས་ཀྱང་བརྗོད་པར་བྱའོ།། དེ་དེ་ལྟར་བསྒོ་ཡང་འཕྱ་བར་བྱེད ་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ། འཕྱའམ་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་འམ་ཞེས་བྱ་བ་ནི་འཕྱ་བའི་བསར་པ་ཅན་གྱི་གང་ངག་དང་། ཚིག་དང་། རྗོད་པ་ཞེས་བྱ་བར ་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་བགྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། ། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྲུས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན ་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། ། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས ་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ། ། འཕྱ་བ་དང་གཞོག་འཕྱས་བྱེད ་ན་ལྟུང་བྱེད་དོ། ། དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱན་ལྟུང་བྱེད་དོ།། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། ་འཕྱེ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་མ་གྱུར་པས་ཀྱང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་གཏང་བ་རྣམས་ལ་འཕྱ་ན་ཉེས་བྱས་སོ།། ་གཞོག་འཕྱས་བྱེད་ན་ཉེས་བྱས་སོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་མུ་གཞན་གསུམ་རྒྱས་པར་བརྗོད་པར་བྱའོ།། ལྟུང་བྱེད་གཉིས་པའི་གཉིས་པ་རྫོགས་སོ།། ་། གླེང་གཞི་ནི་ཀོའུ་ཤམ་བི་ནའོ།། དེ་ན་དགེ་སློང་མ་འདུན་མ་ལ་ལྟུང་བ་བྱུང་བ་དང་། དེ་ལ་ཚངས་པ་ཚུངས་པར་སྤྱོད་པ་དོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། ་རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག། དེ་དགེ་སློང་མ་དེ་རྣམས་ཀྱི་བསྒོ་བ་བཅག་པའི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་འདུན་མ་བསྒོ་བ་གཅོག་པའི་གྲངས་སུ་ཆུགཅིག། གྲངས་སུ་གཞུག་པ་ནི ་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལྟུང་བ་བྱུང་ནས། དེ་ལ་ཚངས ་པ་མཚུངས་པར་སྤྱོད་པ་དོན་འཚལ་བ། སྨན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་ལྟུང་བ་བྱུང ་གིས་དེ་ཤོགས་ཤིག་ཅེས་བགྱིས་ན། དེ་དགེ་སློང་མ་དེ་རྣམས་ཀྱི་བསྒོ་བ་གཅོག་པར་བགྱིད་ལགས་ཀྱིས། གལ་ཏེ་འཕགས་པའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འདི་ལྟར་འཕག ་ངའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་བསྒོ་བ་གཅོག་པའི་གྲངས་སུ་སྩལ་ཏོ།། འདི་ནི་གསོལ་བའོ།། དེ་ཁོ་ན་བཞིན་ལས་ཀྱང་བྱའོ།། དེ་འདི་སྙད་དུ་མ ་ལ་བདག་གིས་ཁ་རོག་པའམ། བདག་གིས་མ་སྨྲས་པར་གྱུར་ན། བདག་གྲངས་སུ་བཅུག་པར་མི་གྱུར་པ་ཞིག་སྟེ། འདི་ལྟར་ལ་ལས་ཀྱང་། སྐྱེས་བུ་མཁས་པར་ལྡན ་པ་ཡིས། ངག་རྣམ་བཞི་པོ་བསྲུང་བྱ་སྟེ། ནགས་ཀྱི་ནང་ན་གོང་མ་སྲེག། སྒྲ་འབྱིན་པས་ནི་ཟིན་ལ་ལྟོས། ཞེས་སྨྲས་སོ་སྙམས་དུ་བསམས་ནས། དེ་ཅང་མི་སྨྲ་བས་དགེ་སློང་མ་རྣམས་ཀྱི་བ ་བ་གཅོག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀས་གཅོག་པའི་གྲངས་སུ་གཞུག་པར་བྱ་སྟེ། གསོལ་བ་དང་ལས་བྱའོ།། དེ་ལ་བསྒོ་བ་ན་འོན་ཀྱང ་གཅོག་པར་བྱེད་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། བསྒོ་བ་གཅོག་ན་ལྟུང་བྱེད་དོ།། ་བསྒོ་བ་གཅོག་པ་ཞེས་བྱ་བ་ནི་བསྒོ་བ་གཅོག་པའི་བསམ་པ་ཅན་གྱི་གང་དག་དང་། ཚིག་དང་། བརྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱོད་ཀྱིས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སར ་། ཅན། ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན། མར་གྱིས་ལྷུང་བཟེད་བཀང་བའམ། སྦྲང་རྩིས་ལྷུང་བཟེད་བཀང་བ་འམ། འོ་མས་ལྷུང་བཟེད་བཀང་བས་འགྲོ་བ་ཞིག་མཐོང་ངམ་ཞེས ་ཟེར་བ་དེ་ལ། དེས་འདི་སྐད་ཅེས་དགེ་སློང་མ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་གཞན་ལྗོན་པར་བྱེད་ཅིང་། བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད ་དུ་འགྱུར་རོ། ། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ཀྱིས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སེར་ཅན། ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅེ་ན། ་འཁར་གསིལ་ལྕགས་ཀྱིས་དཀྲིས་པས་བྱུང་བ་ཞིག་མཐོང་ངམ་ཞེས་ཟེར་བ་ན་ཞེས་བྱ་བ་ནས། གཞན་ཐམས་ཅད་བརྗོད་དེ་བསྒོ་བ་བཅག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི ་བར་རོ། ། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ། ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་བུ་རམ་ཤིང་གི་ཁུར་རར། འདམ་བུ་འམ། སྨིག་མའམ། མདའི་ཁུར་རམ། མར་གྱི་བུམ་པའམ ་འབྲུ་མར་རབ། སྦྲང་ཅི་འམ། བུ་རམ་གྱི་དབུ་བའི་བུམ་པས་འགྲོ་བ་མཐོང་ངམ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་ཁོ་མོས་ཁྱིམ་པ་རྐང་པས་འོང་བ་ཞིག་མཐོང་གི། རྒྱུ་གཞན་དག་གིས་ནི ་མ་ཡིན་ནོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་ལྡོན་པར་བྱེད་ཅིང་། བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མ་དགེ་སློང་རའི་དྲུང་དུ་སོང་ནས་འདི་སྐད་ཅེས། ་ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་མོ་ཐམས་ཅད་སྔོ་བ་འམ། ཐམས་ཅད་སེར་བ་འམ། ཐམས་ཅད་དམར་བ་འམ། ཐམས་ཅད་དཀར་བ་བགོས་པས་འགྲོ་བ་མཐོང་། ་ངམ་ཞེས་འདྲི་བ་ན། ཁོ་མོས་ཁྱིམ་པ་མོ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་གཞན་ལྡོན་པར་བྱེད་ཅིང་། བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། ་གལ་ཏེ་གཤེད་མའི་དྲུང་ནས་བྲོས་པ་ཞིག། གཤེད་མས་རྗེས་ལ་ཐོགས་ལ། དེ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། འཕགས་མ་ཁྱོད་ཀྱིས་ལམ་འདི་ནས་གསད་པ་ཞིག་བྲོས ་པ་གཟིགས་སམ་ཞེས་དྲིས་ན། དེས་དེ་ལ་གསོད་པའི་གཤེད་མ་ལ་རིགས་པས་བརྗོད་པར་བྱ་སྟེ། གལ་ཏེ་ཚ་བའི་དུས་ཡིན་ན་བཞིན་བཟངས་རེ་ཡུད་ཙམ་ཞིག་ང་ལ་སོ་ཞིག། རེ་ཞིག་ཆུ་རྦ ་མོ་དག་འཐུངས་ཤིག་ཅེས་བསིལ་ཡབ་དག་གིས་གཡབ་པར་བྱའོ། ། གལ་ཏེ་གྲང་བའི་དུས་ཡིན་ན་འདི་སྐད་ཅེས། བཞིན་བཟངས་རེ་ཞིག་བསྲོ་ཁང་དུ་ཞུགས་ཤིག། ཡུད་ཙམ་ཞིག་གནས་དྲོན ་པོར་ངལ་སོ་ཞིག་ཅེས་བརྗོད་པར་བྱའོ། ། གལ་ཏེ་གཤེད་མ་དེ་འདི་སྐད་ཅེས་བདག་རིངས་ཀྱིས་ཐོང་ཞིག་ཅེས་ཟེར་ན། དེ་ལ་འདི་སྐད་ཅེས་ན་མཁའ་ལ་བལྟས་ཏེ། ནམ་མཁའ་མཐོང་ངོ་ཞེས་བརྗོད ་པར་བྱའོ། ། དེ་བཞིན་དུ་སེན་མོ་ལ་བལྟས་ཏེ། སེན་པོ་མཐོང་ངོ་ཞེས་བརྗོད་པར་བྱའོ།། གལ་ཏེ་གཤེད་མ་ཟིན་པོ་ཞིག་སྟེ་འདི་སྐད་ཅེས། བདག་རྣམ་པ་འདི་དག་མི་འདྲིའོ།། བདག་ནི ་གསད་པ་འདྲིའོ། ། ཞེས་ཟེར་ན། དགེ་སློང་མ་དེས་འདུ་བྱེད་ཐམས་ཅད་སྟོང་པ་ཉིད་དུ་ལྷག་པར་མོས་པར་བྱས་ལ། ཅུང་ཟད་ཀྱང་མཐོང་བ་མེད་དོ་ཞེས་བརྗོད་པར་བྱའོ།། དགེ་སློང་མ་དགེ་སློང་མའི ་དྲུང་དུ་སོང་སྟེ་དེ་སྐད་ཅེས། འདྲི་བ་ལ་གལ་ཏེ་དགེ་སློང་མས་ཅང་མི་སྨྲ་བས་གཅོག་ན་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ན་བའི་སྨན་ཁར་བཅུག་པར་གྱུར་པ་འམ། ཁའི་ནད་ཀྱིས་ཐབས་པ་ལ་ནི་ལྟུང ་བ་མེད་དོ། ། ལྟུང་བྱེད་གཉིས་པའི་གསུམ་པ་རྫོགས་སོ།། །། གླེང་གཞི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་བླ་གབ་མེད་པའི་གནས ་མལ་རབ་ཏུ་མང་པོ་གཟིགས་ནས། བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ན་རང་བཞིན་དུ་གནས་པའི་དགེ་སློང་མ་གང་དག་ཡིན་པ་དེ་དག་ནི་བསླབ་པའི་གཞི་དེའི་རྗེས་སུ་སྒྲུབས་པར ་བྱེད་དོ། ། དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་རྣམས་མ་བརྟུལ་བར་མཚམས་ཀྱི་ཕྱི་རོལ་ཏུ་དོང་ངོ་།། དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དེ ་དག་གིས། བཅུ་གཉིས་སྡེ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་མ་བཅས་སམ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ ་བ་མཛད་པ་དེ་ནི་དགེ་སློང་རྣམས་ཀྱིས་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས ་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་གཉིས་ཀའི་ཐུན་མོང་ཡིན་ནོ།། བཅོམ ་ལྡན་འདས་ཀྱིས་དེ་ལྟར་བླ་གབ་མེད་པར་གནས་མལ་གཞག་པར་མི་བྱའོ་ཞེས་བཅའ་བ་མཛད་པ་དང་། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དོན་མཐུན་དང་ལྷན་ཅིག་འགྲོགས་ཏེ་རི་འོར་ཞིག ་ཏུ་ཕྱིན་པ་དང་། དེ་རྣམས་ཀྱིས་གཙུག་ལག་ཁང་དེར་གནས་མལ་རྙེད་ནས་ཕྱི་དེ་ཉིན་པར་གནས་མལ་གཏོད་པ་ན་དོན་མཐུན་དང་ཡང་བྲལ་ནས། དེ་དག་འབའ་ཞིག་དོང་བ་ལས། ཆོམ་རྐུན་པ ་རྣམས་ཀྱིས་གཏོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོལ་དེ་འདོང་བར་བྱའོ།། བཅོམ་ལྡན་འདས ་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གཙུག་ལག་ཁང་ན་གནས་ན་དགེ་སློང་ལ་བཅོལ་བར་བྱའོ།། དབྱར་ཁང་ན་གནས་ན་དགེ་སློང་མ་ལ་བཅོལ ་བར་བྱའོ། ། དེ་དག་དེ་རྣམས་ལས་འཆོལ་བ་ན་ཡང་ཐོགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཅོལ་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཙུག་ལག་ཁང་འདི ་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདིའི་ཞེས་བྱ་བ་དང་། གནས་མལ་ལྟོས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་གཞུག་པ་ཉིད་ནི་ལྔ་པ་ཡིན་ཏེ། ་དེ་ལྟར་བྱས་ནས་དེའི་འོག་ཏུ་འདོང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་འདི་སྐད་ཅེས ་བཀའ་སྩལ་ཏོ། ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་འདུན་གྱི་ཁྲིའམ། ཁྲིའུ་འམ། སྤྱན་ནང་ཚངས་ཅན་ནམ། ལ་བ་འམ། སྔས་སམ། གོར་བུ་བཏིང་བ་མ ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་ཡོད་པ་ལམ་བཅོལ་བར་དེའི་འོག་ཏུ་དོང་ན།། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས ་བྱ་བ་ནི་ཆོས་འདི་པའོ། ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤོང་བའོ།། ཁྲི ་ཞེས་བྱ་བ་ནི་ཉལ་བའིའོ། ། ཁྲིའུ་ཞེས་བྱ་བ་ནི་འདུག་པའི་འོ།། སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ།། ལ་བ་ཞེས་བྱ་བ་ནི་ལ་བའོ།། སྔས་ཞེས་བྱ་བ་ནི་སྔས་སུ་གཞུག་པའོ།། ་གོར་བུ་ཞེས་བྱ་བ་ནི་གྲུ་བཞིའོ།། བླ་གབ་མེད་པར་ཞེས་བྱ་བ་ནི་བར་སྣང་ངོ་།། བཏིང་བ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ།། གདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་ནོ།། མ་བསྡུས་སམ་ཞེས ་བྱ་བ་ནི་རང་གིས་སོ། ། སྡུད་དུ་མ་བཅུག་པར་ཞེས་བྱ་བ་ནི་གཞན་ནོ།། དེའི་འོག་ཏུ་དོང་ན་ཞེས་བྱ་བ་ནི་ཉེ་འཁོར་སྤངས་ནས་སོ།། གནས་མལ་གྱི་ཉེ་འཁོར་གང་ཞེ་ན། བཅོམ་ལྡན། ་འདས་ཀྱིས་བཀའ་སྩལ་པ། འདོམ་བཞི་བཅུ་རྩ་དགུའོ།། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་རྣས་སོ།། སངས་རྒྱས་བཅོམ་ལྡན། ་འདས་ལ། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་གནས་མལ་ཕན་ཕུན་དུ་འགྱུར་བ་དུ་མཆིས། ཉེ་བར་འཁོར་གཉིས་ཏེ། གཉིས་གང་ཞེ་ན། ཆར་གྱིས་ཕན་ཕུན་དུ་འགྱུར ་བ་དང་། རླུང་གིས་ཕན་ཕུན་དུ་འགྱུར་བའོ།། ཆར་གྱིས་ཕན་ཕུན་དུ་འགྱུར་བ་གང་ཞེན། ཉེ་བར་འཁོར་གལ་ཏེ་ཆར་གྱི་ཆུས་ཀནས་མལ་རིམ་པ་གཉིས་རླན་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ།། ་མརླན་ན་ཉེས་བྱས་ཏེ། འདི་ནི་ཆར་གྱིས་ཕན་ཕུན་དུ་འགྱུར་བ་ཞེས་བྱའོ།། གལ་ཏེ་རླུང་གིས་རིམ་པ་གཉིས་བཟློག་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ།། མ་བཟློག་ན་ཉེས་བྱས་སོ།། གལ་ཏེ ་ལམ་དུ་ཞུགས་པ་ན་དྲན་ན་དེས་སེམས་བསྐྱེད་པར་བྱ་ཞིང་། ཚིག་ཏུ་ཡང་བདག་གིས་གནས་འདི་འདྲ་བ་ཞིག་ཏུ་གནས་མལ་བཞག་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བརྟུལ་གྲང་ཞེས ་བརྗོད་པར་བྱ་ལ། ལྟུང་བ་དེ་ཡང་སླར་ཆོས་བཞིན་བྱའོ།། ལམ་དུ་དགེ་སློང་མ་མཐོང་ན་ཐ་ན་བཏབ་པར་བྱ་ཞིང་།། གར་སོན་ཡང་ཐ་ན་བཏའ་བར་བྱ་ལ། ལྟུང་བ་དེ་ཡང་སླར་ཆོས་བཞིན ་དུ་བྱའོ། ། དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་ཞེས་བྱ་བ་ནི། དེ་ན་ཡོད་པའི་དགེ་སློང་མ་གང་ཡིན་པའོ།། དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི། དེའི་སྲོག་གིས་བར་ཆད་དུ་འགྱུར་བ་གང་ཡིན ་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་འདུན་གྱི་ཁྲི་དང་།། ་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་ཞེས་བྱ་བ་ནས། གནས་མལ་བླ་གབ་མེད་པར་བཏིང་ངམ། གཏིང་དུ་བཅུག་པ་མ་བསྡུས་སམ། སྡུད་དུ་མ་བཅུག་པར་སོང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར། ་རོ།། དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་དུ་གནས་མལ་བླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུག་ལ།། གཙུག་ལག་ཁང་དུ་ཞུགས་ནས། དྲན་པ་ཉེ་བར་མ་གཞག་པ་ཉེ་བར་གཞག་པའམ། ་སེམས་མཉམ་པར་མ་གཞག་པ་མཉམ་པར་གཞག་པ་འམ། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་བཞག་ལ། ཐུན་དང་པོ་ཕྱེད་ཁོར་ན་བྱུང་བ་ན་ཕན་ཕུན་དུ་འགྱུར། ་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་འགྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དང་པོ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་འགྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དབུ་མ་ལ ་ཕྱེད་ཁོར་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། ། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དབུ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས ་སོ། ། དེ་བཞིན་དུ་ཐུན་ཐ་མ་ཕྱེད་ཁོར་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་ཐ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན ་དུ་མ་གྱུར་ན་ཉེས་བྱས་སོ། ། དེ་བཞིན་དུ་སྐྱ་རེངས་ཤར་ཀའི་དུས་ཀྱི་ཚེ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་སྐྱ་རངས ་ཐ་མ་དང་། དེ་བཞིན་དུ་གླང་པོ་ཆེ་འདོན་པའི་དུས་ཀྱི་ཚེ་དང་། དེ་བཞིན་དུ་གླང་པོ་ཆེ་བཏོན་པ་དང་། དེ་བཞིན་དུ་ནམ་ཕན་ཕུན་དང་། དེ་བཞིན་དུ་ན་མནངས་པ་དང་། དེ་བཞིན་དུ་ཉི་མ་འཆར་ཀའི་དུས ་ཀྱི་ཚེ་དང་། དེ་བཞིན་དུ་ཉི་མ་རྩེ་དང་། དེ་བཞིན་དུ་དྲོས་བུ་ཆུང་དང་། དེ་བཞིན་དུ་ཕྱེད་ཡོལ་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དགེ་སློང་མས་དགེ་འདུན ་གྱི་གཙུག་ལག་ཁང་ཞེས་བྱ་བ་ནས། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་འཇོག་གི་ཕྱིར་ཞུགས་ནས་ཞེས་བྱ་བའི་བར་རོ།། དུང་འབུད་པ་གསུམ་པ་ལ་བྱུང་ནས་ཞེས་བྱ ་བ་ནས། ཉི་མ་ནུབ་ཀན་བྱུང་ནས་ཞེས་བྱ་བའི་བར་ཏེ། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་སོ།། ། གཞུང་བླ་མའི་བསྡུས་པའི་སྡོམ་ནི། ཆོས་མཉན་པ་དང་དེ ་བཞིན་དུ། ། ཟན་ཟ་བ་དང་དེ་བཞིན་གྲོང་།། གཙུག་ལག་ཁང་དུ་བཅོལ་བ་དང་།། ནད་པ་དང་ནི་གནས་མལ་དང་། ལྔ་ལ་བཅོལ་བར་མི་བྱ་དང་།། ཁྲི་གཅིག་ལ་ནི་གཉིས་འདུག་པའོ།། ་དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དགེ་སློང་མའི་དབྱར་ཁང་དུ་ལྷགས་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་ལྷན་ཅིག་འདུ་འཛའི་གཏམ་གྱིས་དུས་འདའ་བར་བྱེད་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་འདུ་འཛིའི་གཏམ་སྨྲ་བ་ནི་འཚམ་པ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ཆོས་ཤོད་ཅིག། དེ་དག་ལངས་ཏེ་དགུས་ཤིང་མདུན་དུ་འདུག་ནས་ཆོས་འཆད་པར་བྱེད་པ་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་ལ་ཆོས་བཤད་པར་བྱ་སྟེ། ཁྱིམ་པ་མོ་དེ་རྣམས་ལ་ཡང་སྟན་བསྟབས་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུག་ལ་ཆོས་བཤད་པར ་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་གྲལ་རིངས་སུ་ཤོམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་རྣམ་པ་གཉིས་པོ་ཟླ་གམ་ལྟ་བུ་འམ། གྲུ ་བཞིར་གདིང་བར་བྱའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ་པ་ན། དེ་དག་གིས་གང་གིས་བཤད་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་སྤོབས་པའི་མཐུ་དང་ལྡན་པར་གྱུར་པ་གང་ཡིན་པ་དེས་བཤད་པར་བྱའོ། ། དེ་ནས་རྒན་རིམས་མཐུ་དང་ལྡན་པ་མ་ཡིན་པར་གྱུར་ནས། འོག་མ་གཞོན་རིམས་དག་འཆད་པར་བྱེད་པ་ན་དེ་དག་རྒན་རིམས ་ནས་གཞོན་རིམས་སུ་དོང་ནས་ཉན་པར་བྱེད་པས། རྒན་རིམས་དེ་དག་མི་བརྗིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བའི་སེང་གེའི་ཁྲི་བཤམ་པར་བྱ་ཞིང་། སེང་གེའི ་ཁྲི་ལས་སྨྲ་བར་བྱའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ལས་སྨྲ་བར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ། མདོ་རིང་པོ་དག་རྒྱས་པར་སྨྲ་བར་བྱེད་པ་ན་ཁྱིམ་པ་མོ་རྣམས་སྐྱོ་བར་གྱུར་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆ་གསུམ་པ་དང་ལྔ་པ་ནས། ཆ་གསུམ་པ་དང་སྟོན་པ་ཡོངས་སུ་བསྒྲགས་པ་ལ་ཚྭར་བགྲང་སྟེ་སྨྲ་བར་གནང་པོ་ནས་བྱ་བའི་བར་ག། ་ཇི་ཙམ་ན་ཁྱིམ་བདག་མོ་རྣམས་ཟས་དག་གཡོ་བར་བྱེད་པ་ན་དེ་རྣམས་སྣོད་སྤྱད་དག་རྙེད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙོས་ཤིག། སྟན་དག་རྙེད་པར་བྱེད་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙོས་ཤིག། དེ་ནས་དེ་དག་གྲོང་དུ་མགྲོན་དུ་འབོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་དོང་ལ་ལོངས་སྤྱད་པར་བྱའོ།། དེ་ནས་ཁྱིམ་བདག་མོ ་རྣམས་ཀྱིས་དེ་དག་ལ་འདི་སྐད་ཅེས། འཕགས་མ་བདག་ཁྱེད་ཅག་ཅིའི་སླད་དུ་ཆབ་སྣོད་དག་སྣོམས་ཏེ་མ་བྱོན་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་བུམ་པ་དང་། རིལ ་བ་དང་། སྟན་དང་། སེང་གེའི་ཁྲི་དག་བཀུར་བར་བྱའོ།། ཇི་ཙམ་ན་དགེ་སློང་མ་ནད་པ་ཞིག་ཡོད་པ་དེས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་འཆི་བར་འགྱུར་རོ།། དེ་དག་གིས་འདི་སྐད་ཅེས ་སྨྲས་སོ། ། ཀྱིསྟེ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ནད་པ་ལ་འདྲི་བ་འགའ་ཡང་མེད་དོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བལྟ་བར་བྱའོ།། ལྟ་བར་མི་བྱེད ་ན་འགལ་ཚབས་ཅན་དུ་འགྱུར་རོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ནད་པ་ལ་བལྟ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ཕྱིན་ཆད་གཎྜཱི་བརྡུངས་ཏེ། དགེ་འདུན་ཐམས་ཅད་ནད་པ་ལ་བལྟ་བའི ་ཕྱིར་འདོང་བ་ན། དེ་ནས་ནད་པས་མཐོང་ནས་གང་གིས་ཕྱིར་དགེ་འདུན་ཐམས་ཅད་ལྷགས་པ་ལས་ན། བདག་ནི་འཆི་བར་གྱུར་གོར་མ་ཆག་གོ་སྙམ་ནས་སྐྲག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ་པ། དེ་ལྟ་བས་ན་གཅིག་གམ་གཉིས་འགྲོ་བར་བྱའོ།། དེར་དོང་བ་ན་སྟན་དག་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་འདྲི་བའི་ཆེད་དུ་སྟན་དག་གདིང་བར་བྱའོ།། གང་གི་ཚེ་བཏིང་བ ་དེའི་ཚེ་དེ་དག་འདི་སྙམ་དུ། བཅོམ་ལྡན་འདས་ཀྱིས་བླ་གབ་མེད་པར་གནས་མལ་དོར་བར་མི་བྱའོ་ཞེས་གསུངས་སོ་སྙམ་དུ་སེམས་ཤིང་། དེ་དེ་དག་དེ་ཉིད་ན་སྲུང་ཞིང་འཁོད་པ་ན། དེ་དག་གིས་སངས་རྒྱས ་དང་། ཆོས་དང་། དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་གྱི་བྱ་བ་གང་ཡིན་པ་དེ་དེས་ཉམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོལ་བ་ལ་འདོང་བར་བྱའོ།། དེ་དག ་ནད་པ་ལ་འཆོལ་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རྐྱེན་ལྔས་གནས་མལ་བླ་གབ་མེད་པར་བོར་ཏེ་འདོང་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ལྔ་པོ་དེ་དག་གང་ཞེ་ན ་ཞེས་བྱ་བ་ནས། རྒས་པ་དང་། ངོ་ཚ་མེད་པ་དང་། བར་ཆད་དང་བཅས་པ་དང་། འགྱོད་པ་མེད་པ་དང་། བསྙེན་པར་མ་རྫོགས་པའོ་ཞེས་བྱ་བའི་བར་ཏེ། དེ་དག་རྐྱེན་དུ་བྱས་ནས་དོང་བར་མི་བྱའོ།། ་བྱེད་ན་འགལ་ཚམས་ཅན་དུ་འགྱུར་རོ།། གཉིས་ཁྲི་གཅིག་ལ་འདུག་པ་དང་། གང་གིས་ཁྲི་བརྟུལ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་པས་སོ།། གཉིས་ཀ་གཞོན་པར་གྱུར།། ་གལ་ཏེ་བཟོད་ན་གཅིག་གིས་སོ།། ལྟུང་བྱེད་གཉིས་པའི་བཞི་པ་རྫོགས་སོ།། ། གླེང་བཞི་ནི་མཉན་ཡོད་ནའོ།། གང་གིས་ཚེ་བཅོམ་ལྡན་འདས་ཀྱིས ་ལྷོ་ལམ་ནས་འོངས་པའི་དགེ་སློང་ཞིག་ལ་བརྟེན་ནས། རྩའི་གདིང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། རང་བཞིན་དུ་གནས་པའི་དགེ་སློང་མ་དེ་རྣམས་ཀྱིས་ནི་ཐོས་ནས་རྗེས་སུ་སྒྲུབ་པར་བྱེད་དོ།། ། ་བཅུ་གཉིས་སྡེ་རྣམས་ཀྱིས་ནི་རྩའི་གདིང་བ་དག་བཏིང་ཞིང་། འདིང་དུ་བཅུག་ནས་མི་སྡུད་ཅིང་སྡུད་མ་བཅུག་གོ། དེ་ནས་བཅུ་གཉིས་སྡེ་རྣམས་ལ། དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། ཅིའི་ཕྱིར་རྩའི་གདིང་བ་དག་མི་བརྟུལ། དེ་དག་གིས་འདི་སྐད་ཅེས། བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་དགེ་སློང་རྣམས ་རྒྱ་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དགེ་འདུན་གྱིས་གཙུག ་ལག་ཁང་དུ་རྩའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུ་གནས་མ་བསྡུས་སམ། སྡུད་དུམ་བཅུག་གམ།། དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་ལྟ་བུའི་རྐྱེན་མ་གཏོགས ་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། རྩཝའི་གདིང་བ་ཞེས་བྱ་བ་ལ་རྩཝ་ཞེས་བྱ་བ་ནི་རྩ་ཉིད་དོ།། ལོ་མ་ཞེས་བྱ་བ་ནི་ལོ་མ་དག་ཉིད་དོ།། བཏིང་ངམ་ཞེས ་བྱ་བ་ནི་རང་ཉིད་ཀྱིས་སོ། ། འདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ།། མ་བསྡུས་སམ་ཞེས་བྱ་བ་ནི་རང་གིས་སོ།། སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ།། དེ་ནས་སོང་ན་ཞེས་བྱ་བ་ནི ་ཉེ་འཁོར་སྤངས་ནའོ། ། གདིང་བའི་ཉེ་འཁོར་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོམ་བཞི་བཅུ་རྩ་དགུ་སྟེ། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས ་བྱས་སོ། ། ཉེ་བར་འཁོར་གྱིས་ཞུས་པ། གདིང་བ་ལ་ཕན་ཕུན་དུ་འགྱུར་བ་དུ་མཆིས། ཉེ་བར་འཁོར་གཉིས་ཏེ། རླུང་གིས་ཕན་ཕུན་དུ་འགྱུར་བ་དང་། སྲིན་གྱིས་ཕན་ཕུན་དུ་འགྱུར་བའོ།། རླུང་གིས ་ཕན་ཕུན་དུ་འགྱུར་བ་གང་ཞེ་ན། རླུང་གིས་གདིང་བ་རིམ་གཉིས་བཟློག་པར་གྱུར་པ་སྟེ་ལྟུང་བྱེད་དུ་འགྱུར་རོ།། མ་བཟློག་ན་ཉེས་བྱས་ཏེ། འདི་ནི་རླུང་གིས་ཕན་ཕུན་དུ་གྱུར་པ་ཞེས་བྱའོ།། སྲིན་གྱིས ་ཕན་ཕུན་དུ་གྱུར་པ་གང་ཞེ་ན། གལ་ཏེ་སྲིན་རྣམས་ཀྱིས་གདིང་བ་རིམ་གཉིས་གློངས་པར་གྱུར་པ་སྟེ། གློངས་ན་ལྟུང་བྱེད་དོ།། མ་གློངས་ན་ཉེས་བྱས་སོ།། ལམ་དུ་དོང་བ་ན་དྲན་ན་ཞེས་བྱ་བ་ནས། གནས ་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱང་བར་བྱའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང ་དུ་རྩའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུགནས། མ་བསྡུས་སམ། སྡུད་དུ་མ་བཅུག་པར་ཇི་སྲིད་དུ་ཉེ་འཁོར་སྤངས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་རོ། ། ཡང་དགེ་སློང་མ་གང་ཞིག་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩཝའི་གདིང་བ་འམ། ལོ་མའི་གདིང་བ་བླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུག་ནས། གཙུག་ལག་ཁང་དུ་ཞུགས་ཏེ། དྲན་པ་ཉེ་བར་མ ་བཞག་པ་ཉེ་བར་གཞག་པ་དང་། སེམས་མཉམ་པར་མ་གཞག་པ་མཉམ་པར་གཞག་པ་དང་། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་བཞག་ལ། ཐུན་དང་པོ་ཕྱེད ་ཁོར་ན་བྱུང་ལ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། ། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ཉི་མ་ནུབ་ཀ་ན་ཞེས་བྱ་བ་ནས། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ་ཞེས་བྱ་བའི ་བར་གནས་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། ། ལམ་ཀར་གནས་མལ་བཏིང་བ་ལ་ཉལ་བ་དེ་དག་འགྱོད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློང་བར་བྱའོ།། གློང ་བར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། ། དེ་ནས་ཕྱིས་དབྱར་ཁང་དུ་ཚོན་རྩིའི་ལས་དག་བྱེད་པ་ན། དགེ་སློང་མ་རྣམས་ཀྱིས་རྩཝ་དག་བཀྲམ་པར་གྱུར་པ་དང་། བསླབ་པ་འདོད་པ་དེ་དག་གིས་རྩ་དེ ་དག་བསྡུས་ནས་དབྱར་ཁང་གིས་ཕྱི་རོལ་ཏུ་བོར་བ་དང་། གཞན་དག་འཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་འགའ་ཞིག་སེམས་ལས་ཆུང་བར་གྱིས་ཤིག་ཅེས་ཟེར་ན ་མི་དོར་རོ། ། ལྟུང་བྱེད་གཉིས་པའི་ལྔ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་དབྱར་གྱི་ཐལ་ནས་རྒྱུ་ཞིང་སོང་བ་དང་། དེ་ནས་དགེ་སློང་མ་གཞོན་ནུ ་རྣམས་ཀྱིས། མཁན་མོ་དང་སློབ་དཔོན་མ་དག་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ཅག་ཀྱང་རྒྱུ་ཞིང་མཆི་ལགས་སོ།། དེ་དག་གིས་དྲིས་པ། སུ་དང་ལྷན་ཅིག། དེ་རྣམས་ཀྱིས་འདི་སྐད ་སྨྲས་སོ། ། འཕགས་མ་སྦོམ་དགའ་མོ་དང་ངོ་།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། མ་འདེང་ཞིག། ཅིའི་སླད་དུ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད ་པ་ཡིན་ནོ་ཞེས་དེ་དག་གིས་དེ་ལྟར་བཟློག་ཀྱང་། དེ་དང་ལྷན་ཅིག་རྒྱུ་ཞིང་དོང་སྟེ། དེ་དག་རྒྱུ་ཞིང་དོང་ན་རི་བོར་ཞིག་ཏུ་ཕྱིན་ཏོ།། དེ་ནས་གཞོན་ནུ་དེ་རྣམས་ཀྱིས་རྩ་དག་བསླངས་ཏེ་གདིང་བ་བཤམས་ནས་དེ་དག ་ཉལ་བ་དང་། སྦོམ་དགའ་མོས་དབུས་སུ་མཆོངས་ནས་སྣད་པར་བྱས་ཤིང་ཕུལ་ཏེ་གོ་བཤུགས་ནས་འདི་སྐད་ཅེས། སུ་ལ་གནོད་པར་འགྱུར་བ་དེ་དག་འདོང་བར་འགྱུར་གྲང་ཞེས་སྨྲས་སོ།། དེ་ནས་དགེ ་སློང་མ་དེ་རྣམས་ཕྱི་དེ་ཉིན་པར་སླར་ལོག་པ་དང་། དེ་ནས་དགེ་སློང་མ་སྦོམ་དགའ་མོས། དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱེད་ལ་ནད་ཀྱི་སྨན་ལ་སོགས་པ་སྦྱར་བར་བྱའོ་ཞེས་བྱ་བ་ནས། གཞོན ་ནུ་མ་དེ་དག་གིས་སྐབས་དེ་མཁན་མོ་དང་སློབ་དཔོན་མོ་དག་ལ་རྒྱས་པར་སྨྲས་སོ་ཞེས་བྱ་བའི་བར་རོ། ། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསྒྲུབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་སྔ་ནས་འཁོད ་པར་ཤེས་བཞིན་དུ་དེའི་འོག་ཏུ་འོངས་ནས། སུ་ལ་གནོད་པར་འགྱུར་བ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོད་བྱས་ནས་སྣད་ལ་འདུག་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ། ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། སྔ་ནས་འཁོད་པར་ཞེས་བྱ་བ་ནི་སྔ་ནས་འདུག་པར་རོ།། ཕྱིས་གནོན་བྱས ་ནས་ཞེས་བྱ་བ་ནི་འཕྲལ་དུ་མཐུས་སོ། ། སྟན་ལ་ཞེས་བྱ་བ་ནི་གདིང་བ་ལའོ།། འདུག་པར་བྱེད་ན་ཞེས་བྱ་བ་ནི་འདུག་པར་བྱེད་པ་འམ་ལུས་སྙོལ་བར་བྱེད་པའོ།། སུ་ལ་གནོད་པར་འགྱུར་བ་ཞེས་བྱ་བ་ནི་གོ་མི ་འཆུགས་པ་གང་ཡིན་པའོ། ། དེ་འགྲོ་བར་འགྱུར་གྲང་ཞེས་བྱ་བ་ནི་དེ་ལངས་ཏེ་འགྲོ་བའོ།། དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དག་སྔ་ནས་འཁོད་པར་ཤེས་བཞིན་དུ་སུ་ལ་གནོད་པར་འགྱུར་བ་དེ། འགྲོ་བར་འགྱུར་གྲང་ཞེས་ཕྱིས་གནོད་བྱས་ནས་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ། ། གལ་ཏེ་ནད་པ་ཡིན་ན་ལྟུང་བ་མེད་དོ།། གལ་ཏེ་སྐྲག་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དྲུག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་སྦོམ་དགའ་མོ་འཁོར་དང་བཅས་ཏེ་ལྗོངས་རྒྱུ་ཞིང་སོང་བ་ན་མཉན་ཡོད་དུ་ཕྱིན་ཏོ།། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་དགེ་སློང་དང་དགེ་སློང་མ་རྣམས་གནས་མལ་འགྱེད་པར་བྱེད་པ་འདི་ནི་ལུགས ་ཡིན་པས། དེ་ནས་དགེ་སློང་མའི་དབྱར་ཁང་གིས་གནས་མལ་འགྱེད་པ་ན་སྦོམ་དགའ་མོའི་སྐལ་བར་སྟང་གི་ཡང་ཐོག་ཅིག་བབ་པ་ལས། དེ་ཤེས་བཞིན་དང་མི་ལྡན་པར་གནས་མལ་དེ་ལ་འདུག་སྟེ། ་དེ་འདུག་པ་ན་ཁྲིའི་རྐང་པས་ཁང་ཐོག་རྡོལ་བར་བྱས་ཏེ་ཁྲིའི་རྐང་པ་ལྷུང་བས། དེའི་འོག་ན་དགེ་སློང་མ་ཞིག་ཡོད་པའི་མགོ་བོ་བརྟོལ་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དག ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར ་དུ་མཛད་དེ། ། ཡང་དགེ་སློང་མ་གང་སྟེང་གི་ཡང་ཐོག་ཏུ་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ལྗིད་ཀྱིས་མནན་ཏེ་ཉལ་ལམ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས ་བྱ་བ་ནི་སྦོམ་དགའ་མོའོ། ། དགེ་འདུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། གཙུག་ལག་ཁང་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་ཤོང་བའོ།། སྟེང་གི ་ཞེས་བྱ་བ་ནི་ཁང་ཐོག་གི་སྟང་ངོ་། ། ཡང་ཐོག་ཅེས་བྱ་བ་ནི་གནས་ཁང་ངོ་།། རྩ་བ་འབྱུང་བ་ལ་ཞེས་བྱ་བ་ནི་རྐང་པ་འབྱུང་བའོ།། འདུག་གམ་ཞེས་བྱ་བ་ནི་འདུག་པར་བྱེད་པའོ།། ཉལ་ལམ་ཞེས ་བྱ་བ་ནི་ལུས་སྙོལ་བར་བྱེད་པའོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྟེང་གི་ཁང་ཐོག་གི་ཡང་ཐོག་ཏུ་དྲིའམ་ཁྲིའུའི་རྩ་བ ་འབྱུང་བ་ལ་འདུག་གམ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་སོ་ཕག་གིས་གཡོགས་པ་འམ། སྤང་ལེབ་ཀྱིས་གཡོགས་པའམ། དྲལ་བུ་འམ། ཤིང་ལེབ་བམ། ཤིང་ལེབ་ཆུང ་དུས་གཡོགས་པ་འམ། ཞལ་ཞལ་བྱས་པ་འམ། རྐང་རྟེན་བཅུག་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་བདུན་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་དེདེའི་ཚེ་སྦོམ་དགའ་མོ་སྲོག་ཆགས་དང་བཅས་པའི་ཆུས་རྩལ་འདེབས་པར་བྱེད། ས་དང་ལྕི་བ་ལ་ཡང་འདེབས་པར་བྱེད་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་སྲོག་ཆགས་དང་བཅས་པའི ་ཆུས་རྩ་འམ་ལྕི་བ་ལ་མ་འདེབས་ཤིག། དེས་འདི་སྐད་ཅེས་ཅི་ཁོ་མོ་ལ་བགྲངས་ཏེ་གཏད་དང། ཤར་གྱི་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས། ལྷོ་དང་། ནུབ་དང་། བྱང་གི་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྲོག་ཆགས་དང་བཅས་པའི་ཆུས་རྩཝ་འམ། ལྕི་བ་འམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྲོག་ཆགས་དང་བཅས་པས་ཞེས་བྱ་བ་ལ། སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་དུ་སྣང་བར་འགྱུར་བ་དང་། གང་དག་ཆུ་ཚགས། ་ཀྱིས་ཟིན་པར་འགྱུར་བའོ།། ཆུ་དེས་ཞེས་བྱ་བ་ནི་རྨུས་རྩཝ་འམ། ས་འམ། འཇི་བ་འམ། ལྕི་བ་འམ། ལུད་ལའོ།། འདེབས་སམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འདེབས་སུ་བཅུག ་ན་ཞེས་བྱ་བ་ནི་གཞན་དག་གོ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པའི ་ཆུར་འདུ་ཤེས་ཏེ། འདེབས་སམ་འདེབས་སུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ནས ་འདེབས་སམ་འདེབས་སུ་འཇུག་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ཡུར་བ་འདྲེན་པར་བྱེད་ན། དེར་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ།། ་ཇི་སྙེད་མ་ཤི་བདེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་རྒྱུན་གཅོད་པར་བྱེད་པ་དང་། ཞིང་གི་དཀའ་གཅོད་པ་དང་། འགོག་ཅིང་གཏོང་བ་སྟེ། ཐམས་ཅད་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ།། ལུང ་བྱེད་གཉིས་པའི་བརྒྱད་པ་རྫོགས་སོ། ། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བཅོ་བརྒྱད་པ།། ། གླེང་གཞི ་ནི་མཉན་ཡོད་ནའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བསོད་ནམས་དག་ནི་བྱ་བ་སྟེ།། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར།། འཇིག་རྟེན་འདི་དང་ཕ་རོལ་ཏུ། ་བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་བཀའ་སྩལ་པ་དེའི་ཚེ། དགེ་སློང་མ་དེ་དག་གིས་གནས་ཁང་དང་། ར་བ་དང་། སྒོ་ཁང་ལ་སོགས་པ་བྱ་བར་བརྩམས་སོ།། དེ་ནས་སྦོམ་དགའ་མོས་བསམས ་པ། བདག་གིས་འདི་ལྟ་བུའི་བསོད་ནམས་ཀྱིས་ཕུང་པོ་ལས་ཡོངས་སུ་ཉམས་སོ་སྙམ་དུ་བསམས་ནས། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཚོང་དཔོན་གྱི་ཆུང་མ་ཞིག་གིས།། ་དྲུང་དུ་སོང་ནས་སོན་པ་དང་། འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་ནད་མེད་པར་གྱུར་ཅིག། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དཀའ་མོའི་ཕྱིར་སྟན་བཏིང་ངོ་།། དེ་ནས་སྡོམ་དགའ་མོ ་སྟན་བཏིང་བ་ལ་འདུག་གོ། ། འདུག་ནས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་མདོ་རྒྱས་པར་རྣམ་པར་ཕྱེ་བས། ཁྱིམ་བདག་གི་ཆུང་མ་དེ་དད་པར་བྱས་ནས། སྐབས་འབྱེད་དུ་བཅུག ་གོ་ཞེས་བྱ་བ་ནས། དེས་སྨྲས་པ། གཙུག་ལག་ཁང་གི་རྒྱུ་ཅུང་ཟད་ཅིག་བྱིན་ཅིག་ཅེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་དེ་ལ་སྟོར་ལུང་ཡང་མེང་ཆུ་ཁུང་ཡང་རེར་པ། སྦྱང་གི་དབྱིངས ་ལྟ་བུ་ཞིག་བརྩིག་པར་བརྩམས་པ་དང་། དེ་ནས་དགེ་སློང་བ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་བཅོམ་ལྡན་འདས་ཀྱིས་སྒོ་ཁང་དང་གཏན་པའི་གནས་ཇི་སྲིད་པར། ་འཇི་བའི་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ་ཞེས་བཀའ་སྩལ་པ་མ་ཡིན་ནམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཀའ་སྩལ་གྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ།། དེ་ལྟ་མོད་ཀྱི་བུ་ཟན ་གྱི་བུ་མོ་དག། ཀྱེ་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་གཙུག་ལག་ཁང་ཅི་འདྲ་བར་བརྩིག་པ་ཤེས་སོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་དགེ་སློང་མས་གཙུག་ལག་ཁང་ཆེན་པོ་ཞིག་བརྩིག་ཏུ་འཇུག་ན། སྒོ་ཁང་དང་། གཏན་པ་དང་། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ། འཇི་བའི་རིམ ་པ་གཉིས་སམ་གསུམ་བརྩིག་པར་བྱའོ། ། དེ་ལས་ལྷག་པར་བརྩིག་ན་ལྟུང་བྱེད་དོ།། ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་ནི་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང་ཚད་ལ་སྟེ། དོན་འདི་ལ་ནི ་སྦྱིན་པར་བྱ་བ་ལས་ཡིན་པར་དགོངས་སོ། ། གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤོང་བའོ།། བརྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་ནོ།། སྒོ་ཁང་དང་གཏན་པའི ་གནས་ཞེས་བྱ་བ་ནི་སྒོ་ཁང་དང་། སྐར་ཁུང་གི་འདུ་ཤེས་དང་། ཆུ་ཁུང་གི་འདུ་ཤེས་སོ།། འཇི་བའི་རིམ་པ་གཉིས་སམ་གསུམ་ཞེས་བྱ་བ་ལ་འཇི་བ་ཞེས་བྱ་བ་ནི་འཇི་བའོ།། རིམ་པ་ཞེས་བྱ་བ་ནི་རྩེག ་མའོ། ། བརྩིག་པར་བྱའོ་ཞེས་བྱ་བ་ནི་བསླང་བར་བྱའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་གོང་དུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཇི་བའི་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གཙུག་ལག་ཁང་རྡོ་བའི ་རྒྱུ་ལས་བརྩིག་གམ། གཙུག་ལག་ཁང་གི་བདག་པོ་རིངས་ན་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དགུ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཚེ་དང ་ལྡན་པ་ཤཱ་རིའི་བུ་གཅེར་བུ་པའི་འདུག་གནས་སུ་འདུག་ནས། ཁྱིམ་བདག་ཆུང་མ་དང་འཁོར་དང་བཅས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཞག་གོ།། དེ་ཉིད་ལ་རབ་ཏུ་བརྟེན་ནས་སྲོག་ཆགས་ཁྲི་ཉིས ་སྟོང་བདེན་པ་མཐོང་བར་བྱས་པ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་བརྟེན་ཏེ་ལེགས་པར་བརྟགས་ནས་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་འདུག་གནས་གཅིག་ཏུ ་ཉལ་བར་བྱེད། འདུག་གནས་གཅིག་ཏུ་ཟོས་ནས་བསོད་སྙོམས་ཕྱི་མ་ཤོས་ཀྱང་ཟ་བར་བྱེད་པ་དང་། རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་བཅོམ ་ལྡན་འདས་ཀྱིས་འདུག་གནས་ཀྱི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་བཅས་པ་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་གང་མི་ན་བར་འདུག་གནས་གཅིག་ན་འདུག་པས་བསོད་སྙོམས ་ལན་ཅིག་བཟའ་བར་བྱ་སྟེ། དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ།། འདུག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་གནས་སུ་ཉལ་ནའོ།། དགེ་སློང་མ་གང་ཞེས ་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ། མིན་པར་ཞེས་བྱ་བ་ནི་ན་བ་མ་གཏོགས་པའོ།། བསོད་སྙོམས་ལན་ཅིག་བཟའ་བར་བྱ་སྟེ་ཞེས་བྱ་བ་ནི་ཕྱིར་ཤོས་མ་ཡིན་པའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ ་ལས་འདས་པར་རོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུག་གནས་སུ་གནས་སམ། འདུག་གནས ་སུ་ཟ་བ་ན། གནས་པ་ན་དེ་ལ་ཉེས་བྱས་སོ།། ཟ་ན་ལྟུང་བྱེད་དོ།། འདུག་གནས་སུ་གནས་ཤིང་གཞན་དུ་ཟན། འདུག་གནས་སུ་གནས་པ་ན་དེ་ལ་ཉེས་བྱས་སོ།། གཞན་དུ་ཟ་ན་ལྟུང་བ་མེད་དོ།། ་འདུག་གནས་སུ་བལ་གཞན་དུ་གནས་པར་བྱེད་ན། འདུག་གནས་སུ་ཟ་བར་བྱེད་ན་དེ་ལ་ལྟུང་བྱེད་དོ།། གཞན་དུ་གནས་པར་བྱེད་པ་ལ་ལྟུང་བ་མེད་དོ།། གཞན་དུ་གནས་པར་བྱེད་ཅིང་། གཞན་དུ། ་ཟན་གཉིས་ཀ་ལ་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་བཅུ་པ་རྫོགས་སོ།། ། སྡོམ་ནི། འཁྲུར་བཟ་དང་སྟོབས་པ་དང་།། དུས་དང་དུས་མིན ་རྣམ་པ་གཉིས། ། གསོག་འཇོག་མ་བྱིན་ལྔ་པ་ཡིན།། སྲོག་ཆགས་བཅས་པ་དག་དང་ནི།། གཅེར་བུ་དམག་ལ་ཞག་གཉིས་ལྷག། ཚོགས་ལ་ལྟ་བར་བྱེད་པའོ།། གླེང་གཞིན ་མཉན་ཡོད་ནའོ། ། དེའི་ཚེ་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་པ་ལས ་ཇི་ཙམ་ན་བུ་མོ་གཡས་ཞར་མ་ཞིག་བཙས་ཏེ་ཞེས་བྱ་བ་ནས། ཆུང་མ་གསོད་པ་ཞེས་བྱ་བས་བསླངས་ཏེ་ཞག་དུས་བཏབ་བོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དེའི་ཆེད་དུ་ཕལ་མོ་ཆེ་དག་སྟ་གོན་བྱེད་དོ།། ་ཅི་ཙམ་ན་ཁྱིམ་དེར་དགའ་བོ་དང་ཉེ་དགའ་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ་བདག་གློ་བ་བྲེལ་བ་ཞིག་མཆིས་སོ།། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་ཞིག་བྲེལ། དེས་འདི་སྐད་ཅེས་སྨྲས་སོ།། གཡས་ཞར་མ་རྫོང་པ་ལ་བབ་ལགས་སོ།། དེ་གཉིས ་ཀྱིས་འདི་སྐད་ཅེས་སྨྲས་སོ། ། དེ་རིང་ཁོ་བོ་ཅག་གི་སྲིང་པོ་རྗོད་ན། ཁོ་བོ་ཅག་གིས་དེ་རིང་ཁོ་ན་བསོད་སྙོམས་མི་རྙེད་དམ། དེ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་ཡིད་ཀྱིས ་བསོད་སྙོམས་མང་དུ་བྱིན་ནོ། ། དེ་གཉིས་ཀྱིས་བསོད་སྙོམས་བླངས་ནས་དོང་ངོ་།། དེའི་འོག་ཏུ་སྦོམ་དགའ་མོ་དང་གཙུག་དགའ་མོ་འོངས་ནས། དེ་གཉིས་ཀྱིས་ཀྱང་བསོད་སྙོམས་བླངས་ཏེ་དོང་། ་ངོངོ།། ཇི་ཙམ་ན་རྒྱལ་དང་ཉེ་རྒྱལ་གྱིས། སྦོམ་དགའ་མོ་དང་གཙུག་དགའ་མོ་ལག་པ་གང་ཞིང་ལྷུང་བཟེད་གང་བ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་གཡས་ཞར ་མ་དེ་རིང་རྫོང་བ་ལ་བབ་ཀྱིས་དེངས་ཤིག། དེ་ནས་རྒྱལ་དང་ཉེ་རྒྱལ་ཡང་བསོད་སྙོམས་ཀྱི་ཕྱིར་དེ་ཉིད་དུ་དོང་ངོ་།། དེ་བཞིན་དུ་རྒྱལ་གྲོངས་མ་དང་། རྒྱལ་སྐྱོང་མ་དང་། དེ་བཞིན་དུ་བཟང་མོ ་དང་། ཤིན་ཏུ་བཟང་མོ་དང་། དེ་བཞིན་དུ་མཛེས་དགའ་མོ་དང་། རྒྱལ་ལྡན་མ་ཡང་དོང་ནས། ཁྱིམ་དེ་ན་གཡས་ཞར་མ་རྫོང་པའི་ཆེད་དུ་སྟ་གོན་བྱས་པ། ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད ་བཅུ་གཉིས་སྡེ་རྣམས་ལ་བྱིན་ནོ། ། ཇི་ཙམ་ན་ཡང་སྟ་གོན་བྱ་བར་བརྩམས་པ་དང་། དེ་ནས་ཆུང་མ་གསོད་པ་དེའི་ནི་ཟླ་ཞིག་ཡོད་པ་དེས་སྨྲས་པ། གཡས་ཞར་མ་ནི་སྐྱོན་མང་པོ་ཅན་ཡིན་ཏེ། ་རྒྱ་སྐྱེགས་ཤིང་གི་སོ་ཤིང་དང་། ནུབ་ཏུ་སྔས་བསྟན་ཉལ་བ་དང་། དགོངས་ཀའི་ཞོ་འཐུང་གཡས་ཞར་ལེན།། ཞི་བ་ཡང་ནི་གནས་ནས་འཕོ།། ཞེས་སྨྲས་ཏེ། དེ་ལྟར་གཡས་ཞར་མ་དེ་ལེན་པའི ་བར་ཆད་བྱས་པར་གྱུར་ཏོ། ། བྲམ་ཟེ་དང་ཁྱིམ་བདག་རྣམས། དགེ་སྦྱོང་ཤཱཀྱའི་སྲས་རྣམས་ཀྱིས་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་བུ་མོ་ལེན་པའི་བར ་ཆད་བྱེད་དོ་ཞེས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་རབ་ཏུ་མང་པོ་ཁྱིམ་རྣམས་སུ་དོང་བ་ན། དེ་དག་ལ་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་སྐྱོ་མ་འམ་སྣུམ ་འཁུར་དག་གིས་ཤིན་ཏུ་སྟོབས་པར་བྱེད་ལ་འདོད་ན། དགེ་སློང་མ་དེས་ལྷུང་བཟེད་དོ་འམ་གསུམ་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ།། ལྷུང་བཟེད་དོའམ་གསུམ་བླངས ་ནས། ཁྱིམ་གྱི་ཕྱི་རོལ་ཀུན་དགའ་ར་བར་སོང་ལ། དགེ་སློང་མ་འཁོད་པ་རྣམས་དང་བགོ་བར་བྱ་སྟེ། དེ་ལ་ཆོ་ག་ནི་དེ་ཡིན་ནོ།། ཡང་དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས ་དག་གོ། ། ཁྱིམ་རྣམས་སུ་དོང་བ་ན་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་རྣམས་སུའོ།། དེ་དག་ལ་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཅེས་བྱ་བ་ལ། དད་པ་ཅན་ཞེས་བྱ་བ་ནི་སངས ་རྒྱས་ལ་མངོན་པར་དད་པ་དང་། ཆོས་ལ་དང་དགེ་འདུན་ལ་མངོན་པར་དད་པ་ཞེས་བྱ་བ་ནས། འབྲས་བུ་ཐོབ་པ་ཞེས་བྱ་བའི་བར་གང་ཡིན་པའོ།། ཤིན་ཏུ་ཞེས་བྱ་བ་ནི་ཆོག་པར་རོ།། སྟོབས་པར་བྱེད ་ན་ཞེས་བྱ་བ་ནི་མགྲོན་དུ་གཉེར་ནའོ། ། སྐྱོ་མ་ཞེས་བྱ་བ་ནི་བྱའི་འོ།། སྣུམ་འཁུར་ཞེས་བྱ་བ་ནི་འཁུར་བའོ།། འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ།། དོ་འམ་གསུམ་ཞེས་བྱ་བ་ལ་དོ་ཞེས་བྱ་བ་ནི་ཆེན ་པོའི་འོ། ། གསུམ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའོ།། དེ་ལ་ཆེན་པོ་ནི་ཡུལ་མ་ག་དྷའི་ཟེའུ་ཆུང་གང་ངོ་།། ཆུང་ངུ་ནི་བྲེའུ་ཆུང་ཕྱེད་དོ།། དེའི་བར་མ་ནི་བར་མའོ།། བླངས་ནས ་ཁྱིམ་གྱི་ཕྱི་རོལ་ཀུན་དགའ་ར་བར་སོང་ནས། གཙུག་ལག་ཁང་ན་དགེ་སློང་མ་འཁོད་པ་རྣམས་དང་བགོ་བར་བྱ་སྟེ་ཞེས་བྱ་བ་ནི། དེ་ན་ཡོད་པའི་དགེ་སློང་མ་དག་དང་ངོ་།། དེ་ལས་ལྷག་པར་ཞེས་བྱ་བ་ནི། ་དེ་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ལྷུང་བཟེད་ཆེན་པོ་གསུམ་བླངས་ན་ལྟུང་བྱེད་དོ།། ཆེན་པོ ་གཉིས་དང་བར་མ་གཅིག་བླངས་ན་ལྟུང་བྱེད་དོ། ། དགེ་སློང་མས་ཇི་ཙམ་ཅུང་ཟད་བྲེའུ་ཆུང་དོ་ལས་ལྷག་པར་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ་པའི་དང་པོ་རྫོགས་སོ།། ་2། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་སྤངས་པས་བཟའ་བར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བར་མཛད་པ་དང་། བཅུ་གཉིས ་དག་གི་སྤངས་ཀྱང་ཟ་བར་བྱེད་པ་སྤངས་ཀྱང་ཟ་བར་བྱེད་ནས། དགེ་སློང་མ་དག་གིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་སྤངས་པས་བཟའ་བར་མི་བྱ་བའི་བསླབ་པའི་གཞི་བཅའ་བ་མ ་མཛད་དམ། ། དེ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནི་ཞེས་སྨྲས་པ་དང་། དོན་ཉུང་ངུའི་དགེ་སློང་མ་དག་སྨོད་པར་བྱེད་པའི་གཐ། ་བཅོམ་ལྡན་འདས་ལ་གསོལ་ཏོ།། ལྷག་པོར་བྱ་བའི་གླེང་གཞི་ཡང་དེ་དང་འདྲ་བར་མཚུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་མཛད་དེ། ཡང་དགེ་སློང་མ་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་བོར་མ་བྱས་པར་བཅའ་བ་འམ། བཟའ་བ་འཆའ་འམ། ཟན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། ཟས་ཟོས་ཟིན་ཅིང་སྤངས་པ་ལས་ཞེས་བྱ་བ་ནི། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལས་སོ།། ་ལྷག་བོར་མ་བྱས་པར་ཞེས་བྱ་བ་ནི། ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བར་རོ།། བཅའ་བ་འམ་བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ།། འཆའ ་འམ་ཟ་ན་ཞེས་བྱ་བ་ནི། མགུལ་དུ་མིད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྤངས་པ་ལ་སྤངས་པར་འདུ་ཤེས ་པས། ལྷག་བོར་མ་བྱས་པར་བཅའ་བ་འམ། བཟའ་བ་འཆའ་འམ། ཟ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་མ་སྤངས་པ་ལ་སྤངས་པར་འདུ་ཤེས ་པས་ལྷག་བོར་མ་བྱས་པར་བཅའ་བ་འམ། བཟའ་བ་འཆའ་འམ། ཟ་ན་ཉེས་བྱས་སུ་འགྱུར་རོ།། དི་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་གསུམ་པའི་གཉིས་པ་རྫོགས་སོ།། @ ་། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒན་ཞུགས་ལ་བརྟེན་ཏེ། ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་པ་བཀག་པ་དང་། དེ་ནས་དགེ ་སློང་མ་རང་བཞིན་དུ་གནས་པ་རྣམས་གཉིས་ཀའི་ཐུན་མོངས་པ་ཡིན་ནོ་ཞེས་རྗེས་སུ་སྒྲུབ་པར་བྱེད་དོ། ། བཅུ་གཉིས་སྡེ་དག་གི་ཚུལ་མ་ཡིན་པར་སྤྱོད་པ་ན། དོན་ཉུང་ངུའི་དགེ་སློང་མ་རྣམས་སྨོད་པར ་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང ་མ་གང་ཤེས་བཞིན་དུ་དགེ་སློང་མ་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཅིང་། ཅི་ནས་ཀྱང་དགེ་སློང་མ་འདི་ལ་ཉེས་པ་བྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། འཕགས་མ་འདིའི ་ཞིག་འདི་ཟོ་ཞིག་ཅེས་ལྷག་བོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱི་སྟོབས་པར་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ། ཤེས ་བཞིན་དུ་ཞེས་བྱ་བ་ནི། དེ་རང་ཉིད་ཀྱིས་རིག་པ་འམ་གཞན་དག་གིས་བརྗོད་པས་སོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། ཟས་ཟོས་ཟིན་ཅིང་སྤངས་པ་ལ་ཞེས་བྱ་བ་ནི། ཡོངས་སུ ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལའོ། ། སྐབས་ཚོལ་ཞིང་ཞེས་བྱ་བ་ནི། ཀླན་ཀ་ཚོལ་ཞིང་ངོ་།། ལྷག་བོར་མ་བྱས་པ་ཞེས་བྱ་བ་ནི། ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང ་། བའིའོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི། བཅའ་བལྔ་པོ་དང་བརྡའ་བལྔ་པོ་དག་གོ།། དུས་ཀྱི་སྟོབས་ན་ཞེས་བྱ་བ་ནི། ཡང་དང་ཡང་དུ་སྟོབས་ནའོ།། ལྟུང ་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་དགེ་སློང་མ་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས ་ཚོལ་ཞིང་། ཅི་ནས་ཀྱང་དགེ་སློང་མ་འདི་ལ་ཉེས་པ་བྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། འཕགས་མ་འདི་འཚོ་ཞིག་འདི་ཟོ་ཞིག་ཅེས་ལྷག་བོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས ་ཀྱིས་སྟོབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། བྱེད་གསུམ་པའི་གསུམ་རྫོགས་སོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལས ་བརྟེན་ཏེ། ཚོགས་ཤིང་ཟ་བ་བཀག་པ་དང་། དེ་ནས་དགེ་སློང་མ་དེ་དག་གིས་གཉིས་ཀའི་ཐུན་མོང་ཡིན་ནོ་ཞེས་རྗེས་སུ་སྒྲུབ་པར་བྱེད་དོ།། དེ་ནས་ཕྱིས་ན་བ་དག་ཏུ་གྱུར་ཏེ། ཟས་གཅིག་གིས ་འཚོ་བར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་བ་དུས་ཡིན་ནོ་ཞེས་བྱས་ཏེ་བཟའ་བར་བྱའོ།། དེ་བཞིན་དུ་ལམ་དུ་ཞུགས་པ་བཀྲེས་ནས། དགེ་བའི་ཕྱོགས་བྱེད་མི་ནུས་པར ་གྱུར་ནས་ཞེས་བྱ་བ་ནས། བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལས་བྱེད་པ་དང་། དེ་བཞིན་དུ་གྲུར་ཞུགས་པས་ཀྱང་བཟའ་བར་བྱའོ།། དེ་བཞིན་དུ་མང་པོ་འདུས་པའི་དུས ་སུ་རྙེད་པ་བྱུང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བར་བྱའོ།། དེ་བཞིན་དུ་ཀུན་ཏུ་རྒྱུ་འམ་ཀུན་ཏུ་རྨྨ་མོ།། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་པ་དེ་ལས་ཀྱང་བཟའ་བར ་བྱསྟེ། དགེ་སློང་མ་དག་ཀུན་ཏུ་རྒྱུ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ནི་དཀོན་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས།། འདི་སྐད་ཅེས་བཀའ་སྩལ་ཏོ།། དུས་མ་གཏོགས་ཏེ་འདུས་ཤིང་ཟ་ན་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། ་ནཔ་དུས་དང་། ལས་དུས་དང་། ལམ་དུས་དང་། གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟ་དུས་སོ།། འདུས་ཤིང་ཟ་བ་ཞེས་བྱ་བ་ནི་མི་མཐུན་ཞིང་ཟ་བའོ།། ་དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་འདི་ལྟར་ཡང་ན་བ་དག་ཏུ་གྱུར་ལ། ཟས་གཅིག་གིས་འཚོ་བར་མི་ནུས་པ་ལྟ་བུའོ།། ལམ་དུས་ཞེས་བྱ་བ་ནི་ལམ་དུ་ཞུགས་པ་ལ་སྦྱིན་བདག་གིས་བྱིན་པའོ།། གྲུར ་ཞུགས་པ་ཞེས་བྱ་བ་ནི། གྲུར་འཇུག་པ་ན་སྦྱིན་བདག་གིས་བསོད་སྙོམས་བྱིན་པའོ།། འདུས་པ་ཆེན་པོ་ཞེས་བྱ་བ་ནི། མང་པོ་འདུས་པའི་ཟས་སོ།། དགེ་སྦྱོང་གི་ཟས་དུས་སོ་ཞེས་བྱ་བ་ནི ་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་དགེ་སྦྱོང་ཞེས་བྱའོ། ། དེ་ལ་དུས་ནི་དེ་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་དེ་ནི་མཐུན་པའི་ཆོས་ཡིན་པའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་མཚན ་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟས་ཟན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མ་མཚམ་གྱི་བྱརོལ་ལ་མཚམྦྷ་གྱི་ནང་འདུ་ཤེས ་པས་འདུས་ཤིང་ཟས་ཐན་ཉེས་བྱས་སོ། ། མཽད་གཉིས་ཅན་ཉེས་བྱས་སོ།། དགེ་སློང་མའི་དབྱར་ཡང་གི་བྱམས་དག་ཡོད་ལ། གལ་ཏེ་དགེ་སློང་མ་ལ་ཅིག་དབྱར་ཁང་དུ་ཐལ། ཁ་ཅིག་ཁྱམས་དག་ཅ ་ཟ་ན། དེ་ལ་དབྱར་ཁང་ན་ཟ་བ་གང་ཡིན་པ་དེ་དག་གིས། ཇི་ག་ཁ་ཟས་ཀྱིས་བསྲུལ་ཏམ་ཞེས་དྲི་བར་བྱའོ།། མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་རོ།། ཁྱམས་རྣམས་ལ་ནི་ཉེས་བྱས་སུ་འགྱུར་རོ།། ་དེ་བཞིན་དུ་གནས་ཁང་དང་སྒོ་ཁང་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ།། གལ་ཏེ་ཁ་ཟས་ཀྱིས་བསྐུལ་ན། ཆུང་ངུ་ན་རིལ་བའི་ཆུ་འམ་ལན་ཚྭ་ཁ་གཟར་གང་ཙམ་ཡང་བསྲུལ་ན་ལྟུང་བ་མེད་དོ།། ལྟུང ་བྱེད་གསུམ་པའི་བཞི་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྟེ་རྣམས་ལས་བརྟེན་ནས། དུས་མ་ཡིན་པའི་ཟས ་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་དུས་སུ་ཡང་ཟ་བར་བྱེད། དུས་མ་ཡིན་པར་ཡང་ཟེ་བར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས ་དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི ་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསྒྲུབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཟའ་བ་དང་བཅའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དུས་མ་ཡིན་པ་ཞེས་བྱ ་བ་ལ། དུས་མ་ཡིན་པ་ནི་གཉིས་ཏེ། དུས་མ་ཡིན་པ་ཕྱེད་ཡོལ་བ་དང་། དུས་མ་ཡིན་པ་སྐྱ་རེངས་མ་ཤར་བར་རོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔ་པོ་དག་གོ།། འཚོ། ་སམ་ཟོས་ན་ཞེས་བྱ་བ་ནི་ལྐོག་མར་མིད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དུས་མ་ཡིན་པ་ལ་དུས་མ་ཡིན་པར ་འདུ་ཤེས་ནས་འཆོས་སམ་ཟོས་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་དུས་ལ་དུས་མ་ཡིན་པར་འདུ་ཤེས་ནས་འཆོས་སམ་ཟོས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད ་གཉིས་ཟ་ན་ཉེས་བྱས་སོ། ། ལྟུང་བྱེད་གསུམ་པའི་ལྔ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ནག་པོ་འཆར་ཀ་ལས་བརྟེན་ཏེ། ་གསོག་འཇོག་བྱས་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་ཀྱིས་བསོད་སྙོམས་ལ་བརྒྱུས་ནས། འབྲས་ཆན་སྐམ་པོ་ཡང་ལོགས་ཤིག་ཏུ་ལེན་པར་བྱེད། འབྲས ་ཆན་གཤེར་བ་ཡང་ལོགས་ཤིག་ཏུ་ལེན་པར་བྱེད་ཅིང་། ཇི་སྙེད་ལོངས་སྤྱད་པའི་སྡུག་པ་དེ་དག་སྐེམས་པར་བྱེད་དེ། དེ་དག་བསྐམས་ནས་འཇོག་པར་བྱེད་དོ།། གང་གི ་རླུང་ལངས་པར་འགྱུར་བའམ་ཡུལ་ངན་བྱུང་བ་དེའི་ཚེ། དེ་དག་ཆུས་སྤངས་ནས་མེས་བཅོས་ཏེ་ལོངས་སྤྱོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་བ་དག་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བཞིབར་དུ་མཛད་དེ། ཡང་དགེ་སློང་མ་གང་གསོག་འཇོག་བྱས་པའི་བཅའ་བ་དང ་བཟའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། གསོག་འཇོག་བྱས་པ་ཞེས་བྱ་བ་ལ། གསོག་འཇོག་བྱས་པ་ནི་གཉིས ་ཏེ། སྔ་མའི་ཟས་བྱིན་ལེན་བྱས་ཤིང་། ཕྱི་མའི་ཟས་གསོག་འཇོག་བྱས་པའམ། ཕྱི་མའི་ཟས་བྱིན་ལེན་བྱེད་ཅིང་། དུས་ཚོད་ལས་འདས་པར་གསོག་འཇོག་བྱས་པའོ།། བཅའ་པ་དང་བཟང ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི། ལྟུང་བར་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་གསོག ་འཇོག་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་ན་ལྟུང་བྱེད་དོ། ། གསོག་འཇོགམ་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ་གོས་སྐྱེ་གཙུག་འཇུག་བྱེན་ན་སྲུང་བྱེད་དོ།། བྱུང་བཟེད་ཀྱི་གསོག་འཇོག་བྱེད་ན་ལྟུང་བྱེད་དོ།། བྱམ་བུམ་གསོག་འཇོག་བྱེད་ན་ལྟུང་བྱེད་དོ།། རྣོསྔགས་གསོག་འཇོག་བྱེད་ན་ཉེས་བྱས་སྷོ། ་མིག་ཀྱོག་པོ་གསོག་འཇོག་བྱེད་ན་ཉེས་བྱས་སོ།། སྒོ་ལྕགས་གཟེམ་གསོག་འཇོག་བྱེད་ན་ཉེས་བྱས་སོ།། ལྟུང་བྱེད་གསུམ་པའི་དྲུག་པ་རྫོགས་སོ།། ། གླེང་གཞི་ན ་མཉན་ཡོད་ནའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དུར་ཁྲོད་ཐམས་ཅད་པའི་དགེ་སློང་ནག་པོ་ཆེན་པོ་ལ་བརྟེན་ནས། བྱིན་ལེན་བྱ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ ་དེ་དག་གིས་བྱིན་ལེན་ཇི་ལྟ་བུ་ཡིན་པ་དང་། བྱིན་ལེན་དུ་ཡོད་པ་མ་ཤེས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། བྱིན་ལེན་ནི་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་ལུས་དང་འབྲེལ་པར་དང་། ལུས་ལ་ལུས་ཀྱིས་དང་། ལུས་དང་འབྲེལ་པ་ལ་ལུས་དང་འབྲེལ་པས་དང་། ལུས་ལ་ལུས ་ཀྱིས་འབྲེལ་པ་དང་། བཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ནོ།། སྨད་པ་ཞེས་བྱ་བའི་ཡུལ་ཡོད་དེ། དེ་དག་མ་ལ་ཡང་ཉལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས། དེར་ས་ལ་དཀྱིལ་འཁོར་བྱས་ཏེ་བྱིན ་ལེན་བྱའོ། ། འབྲས་བུ་དག་རྙེད་ན་དེ་དག་གིས་ཇི་ལྟར་བྱིན་ལེན་བྱ་བ་མ་ཤེས་ནས། བྱིན་ལེན་ནི་ལྔ་སྟེ། གནོད་པ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་སྣོད་དེ། ལག་པས ་རེག་པའི་བྱིན་ལེན་བྱའོ། ། བྱིན་ལེན་བྱས་པ་དེ་དག་འདྲིལ་ན། གལ་ཏེ་མ་ལངས་པར་ཟིན་ན་དེ་ཉིད་བྱིན་ལེན་བྱས་པ་ཡིན་ནོ།། གལ་ཏེ་རྒྱང་རིང་པོར་གྱུར་ན་ཡང་བྱིན་ལེན་བྱའོ།། ད ་དག་རུང་བར་བྱ་དགོས་ན་རུང་བ་དུ་ཡོད་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང་། མཚོན་གྱིས་རུང་བ་དང་། ནེ་ཙོས་རུང་བ་དང་། སེན་མོས ་རུང་བ་དང་། རྙིས་པས་རུང་བ་ཉིད་ནི་ལྔ་པའོ།། ཡང་རུང་བ་ནི་ལྔ་སྟེ། ཕྱུང་བ་དང་། གཤེག་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱིས་ཆོས་མེད་པ་ནི་ལྔ་པ་སྟེ། སྔོན་པོ་ལ་ཡང་དེ་ཉིད་ཀྱིས ་རུང་བར་བྱས་པ་ཡིན་ནོ། ། ཕྱིས་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་རྣམས་འདྲིམ་པར་འདོད་པ་ན་མ་བྱིན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ།། དགེ་སློང་མ་དག་ལམ་དུ་ཞུགས ་ནས་དགོན་པའི་གནས་ཤིག་ཏུ་འཁོད་པ་ན། ནགས་ཀྱི་སེང་གེ་དང་། སྤྲེའུ་དང་། དོམ་ལ་སོགས་པ་ལས་བྱིན་ལེན་བྱ་སྟེ། གང་དག་ལ་འཛིན་པ་མངོན་པ་དེ་དག་ལ་བྱིན་ལེན་ཡང་མངོན་ནོ།། དེ་དག་ལམ ་དུ་ཞུགས་པ་ན། ཆུ་དང་སོ་ཤིང་གིས་འཕོངས་པར་གྱུར་པའི་བསྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་དང་སོ་ཤིང་མ་གཏོགས་སོ་ཞེས་རྗེས་སུ་གནང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། ་བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ་གང་ཆུ་དང་སོ་ཤིང་མ་གཏོགས་ཏེ། མ་བྱིན་པར་ཁའི་སྒོ་ནས་མེད་པའི ་ཟས་ཟ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ།། མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སུས་ཀྱང་མ་བྱིན་པར་གྱུར་པའོ།། ཁའི་སྒོར་ཞེས་བྱ་བ་ནི་ཁ་ཟ་བའོ།། ་བཅའ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ཆུ་དང་སོ་ཤིང་མ་གཏོགས་པར་ཞེས་བྱ་བ་ནི་ཆུ་དང་སོ་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན ་དགེ་སློང་མས་བྱིན་ལེན་མ་བྱས་པ་ལ་བྱིན་ལེན་བྱས་པར་འདུ་ཤེས་ནས་འཆོས་སམ་ཟོས་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་བྱིན་ལེན་བྱས་པ་ལ་བྱིན་ལེན་མ ་བྱས་པར་འདུ་ཤེས་ནས་ཟོས་སམ་འཆོས་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། བར་སྡོམ་ལ། བྱིན་ལེན་ལྔ་དང་འབྲས་བུ་དང་།། དེ་བཞིན་དུ་རུང་བ་ལྔ ་དང་ནི། ། སེང་གེ་སྤྲེའུ་དང་དོམ་དག་གི། དེ་བཞིན་གཤེགས་པས་རྗེས་གནང་སྟེ།། བར་གྱི་སྡོམ་དུ་བསྡུས་པ་ཡིན།། ལྟུང་བྱེད་གསུམ་པའི་བདུན་པ་རྫོགས་སོ།། ། ་གླེང་གཞི་ནི་ཀེའུ་ཤམ་བི་ནའོ།། དེའི་ཚེ་རྒྱལ་དང་ཉེ་རྒྱལ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྲོད་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་སྲོག་ཆགས་དང་བཅས་པའི་ཆུ ་ལ་སྤྱོད་པར་མ་བྱེད་ཅིག། དེ་དག་གིས་འདི་སྐད་ཅེས་རྒྱམ་མོ་ཅག་ལ་བཟངས་ཏེ་བཏད་དམ། ཤར་གྱི་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས། ལྦོད་དང་། ནུབ་དང་། ་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་ཏེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཚུ་ལ་སྤྱོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས ་བྱ་བ་ནི་རྒྱལ་དང་ཉེ་རྒྱལ་ལོ། ། སྲོག་ཆགས་དང་བཅས་པའི་ཚུལ་ཞེས་བྱ་བ་ལ་སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་དུ་སྣང་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ།། སྤྱོད་ན་ཞེས་བྱ་བ་ལ ་སྤྱོད་པ་ནི་གཉིས་ཏེ། ནང་གི་དང་ཕྱེའོ།། ཕྱིའི་ནི་ཁྲུས་བྱེད་པ་དང་། ཆག་ཆག་དང་། གོས་ལ་སོགས་པའི་བཀྲུ་བཤལ་དང་། སྲ་བ་དང་། འཚེད་པར་བྱེད་པ་དང་། བྱེད་དུ་འཇུག་པ་སྟེ། འདི་ན ་བྱོའི་སྤྱོད་པ་ཞེས་བྱའོ། ། སོ་ཤིང་བཅའ་བ་དང་བཏུང་བ་ཡང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྲོག་ཆགས་དང་བཅས ་པའི་ཚུལ་སྲོག་ཆགས་དང་བཅས་པའི་ཆུར་འདུ་ཤེས་ནས། གཉིས་པོ་གང་ཡང་རུང་བར་སྤྱོད་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྲོག་ཆགས་མེད་པའི་ཚུལ ་ཐོག་ཆགས་དང་བཅས་པར་འདུགས་ན། གཉིས་པོ་གང་ཡང་ཆུ་བ་སྤྱོད་པར་བྱེད་ན་ཀྱིས་རྒྱས་ས།། དེབནན་ཚུམ་ད་གཉིས་པན་ཉེས་རྒྱས་སོ།། དེ་ཧྲཱིན་ཐོག་ས་དང་བཅས་པས་ས ་ལོམ་དང་། འབྲས་བུ་ལ་སོགས་པ་ཡང་བརྗོད་པར་བྱའོ།། ལྟུང་བྱེད་གསུམ་པའི་བརྒྱད་པ་རྫོགས་སོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་ཀུན་དགའ་བོ་ལ་བརྟེན་ནས། གཅེར་བུ་པ་དང་གཅེར་བུ་མོའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་བཟའ་བ་དང་བཅའ་བ། གཅེར་བྲེ་པ་དང་གཅེར ་བུ་མ་རྣམས་ལ་སྦྱིན་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རང་གི་ལག་གིས་བཟའ་བ་དང་བཅའ་བ། གཅེར་བུ་པའམ། གཅེར་དུ་མའམ། ཀུན་ཏུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ ་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། གཅེར་བུ་པ་ཞེས་བྱ་བ་ནི་གོས་མེད་པའོ།། གཅེར་བུ་མ་ཞེས་བྱ་བ་ཡང་གོས་མེད་པའོ།། ་དེ་བཞིན་དུ་ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་གྲངས་ཅན་ནོ།། ཀུན་ཏུ་རྒྱུ་མོ་ཡང་དེ་བཞིན་ནོ།། རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ།། བཟའ་བ་དང་བཅའ་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བ་ནི། ་གོང་མ་བཞིན་ནོ། དེ་འལུང་པར་ཇི་ལྟར་འགྱུར་ཞེན།། དགེ་སློང་མས་ཙམ་ཅུང་ཟད་དང་གི་ལགགིས་འཟའ་བ་དང་བཅ་བ། གཅེར་བུ་འམ་ཤེས་བྱ་ནས། ་ཀུདདྷ་རྦྷ་མོའི་བར་ལ་སྦྱིན་པར་བྱེད་། སྲུང་བྱེད་དོ།། གལ་ཏེ་པ་དང་མ་ཡིནན་ལྟུང་བ་མེད་དོ།། གལ་ཏེ་ལྟ་བར་སོང་བཞིག་དཔྲལ་བར་འདོད་ན་སྲུང་བ་མེད་དོ།། གལ་ཏེ་སྲོང་ན་དེལ་འདི་སྐང་ཅེས། སློང་པོ་སམ ་ནོས་ཙོ། ཅེས་བརྗོད་པར་བྱའོ།། གལ་ཏེ་བཞས་ན་སྦྱིན་པར་བྱའོ།། འོན་ཏེ་བཞག་ན་སྦྱིན་པར་མི་བྱའོ།། ལྷུང་བྱེད་གསུམ་པའི་དགུ་པ་རྫོགས་སོ།། ། ཟླང་གཞིན་མཉན ་ནའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ནས། དམག་ཤོམ་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་དམ་གཤོམ་པ་ལ་ལྟ་བའི་ཕྱིར་དོང་བ་དང་ཞེས ་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་དམག་ཤོམ་པ་ལ་ལྟ་བའི་ཕྱིར་འགྲོ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཤོམ་པ་ཞེས་བྱ ་བ་ནི་དམག་ལ་མངོན་པར་དགའ་བའོ། ། དམག་ཅེས་བྱ་བ་ལ་དམག་ནི་བཞི་སྟེ། དམག་ཡན་ལག་གཅིག་པ་ཡང་ཡོད། དམག་ཡན་ལག་གཉིས་པ་དང་། ཡན་ལག་གསུམ་པ་དང་། ཡན་ལག ་བཞི་པ་ཡང་ཡོད་དོ། ། དམག་ཡན་ལག་གཅིག་པ་ནི་གླང་པོ་ཆེ་བའི་འོ།། ཡན་ལག་གཉིས་པ་ནི་གླང་པོ་ཆེ་བ་དང་རྟ་པའིའོ།། ཡན་ལག་གསུམ་པ་ནི་གླང་པོ་ཆེ་བ་དང་། རྟ་པ་དང་། ཤིང་རྟ་པའོ།། ཡན་ལག ་བཞི་པ་ནི་གླང་པོ་ཆེ་བ་དང་། རྟ་པ་དང་། ཤིང་རྟ་པ་དང་། དཔུང་བུ་ཆུང་གི་དམག་གོ།། བལྟ་བའི་ཕྱིར་ཞེས་བྱ་བ་ནི་བལྟ་བའི་ཕྱིར་རོ།། འགྲོ་ན་ཞེས་བྱ་བ་ནི་འགྲོ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དམག་ཤོམ་པ་ལ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དབྱར་ཁང་ལམ་ཀ་ན་འདུག་ན ་ལྟུང་བ་མེད་དོ། ། ལྟུང་བྱེད་གསུམ་པའི་བཅུ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་རྒྱལ་པོ་གསལ་རྒྱལ་ལ་རི་འོར་པ་དག་ལོག་པ་དེའི་ཚེ། ཁྱིམ་བདག་མགོན ་མེད་ཟས་སྦྱིན་ལ་སོགས་ཏེ། དགེ་བསྙེན་རྣམས་ཀྱང་རྒྱལ་པོས་སྤྲིང་ནས་དེར་དོང་ངོ་།། དེའི་འོག་ཏུ་དགེ་འདུན་ལ་གསོལ་བ་བཏབ་ནས་དྲུག་སྡེ་རྣམས་དོང་ངོ་།། དེའི་ཚེ་དྲུག་སྡེ་དེ་རྣམས་ལ་ཞག་གཉིས་ཀྱི་མཐའ ་བསླབ་པའི་གཞི་བཅའ་བ་མཛད་དོ། ། དེ་ནས་དུས་གཞན་ཞིག་ན་བཅུ་གཉིས་སྡེ་རྣམས་དམག་ཤོམ་པར་ཞག་གཉིས་ཀྱི་མཐར་གནས་པར་བྱེད་དོ།། གང་གི་ཚེ་དེ་དག་མངོན་དུ་ལྷགས་པ་དེའི་ཚེ། དགེ་སློང ་མདེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། དགའ་མོ། ཉེ་དགའ་མོ།། སྦོམ་དགའ་མོ་དག་འོངས་པ་ལེགས་སོ།། འོངས་པ་ལེགས་སོ།། བྱེད་ཅག་གང་ནས་འདིར་འོངས། གང་དུ་གནས ་། དེ་དགགས་འདི་སྐད་ཅེས་སྨྲས་སྷོ། ཀམྦྷ་ནཱ་གཱ་དམ་གནོས་པ་ལ་ཚུས་འཆད་དུ་།། ཉིད་དུ་གནས་སོ།། དེ་ནས་སློང་བ་དེནམས་སྣས་དཱུ ་སྨྲས་སོ། ། བཅོམ་ལྡན་འདས་ཀྱིས་ཞག་གཉིས་ཀྱིས་ཀྱི་པའི་བསྒྲུབ་པའི་གནི་བཅའ་བ་མམས་དམ། དེ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་རྣམས་ལ་བཅ་བ་མཛད་ཀྱྀ། ད ་རྣམས་ལ་ནི་མ་ཡིན་ན་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྤྱོད་པར་བྱེད་པའི་སྐབས་ཏེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ནས་རྒྱ ་བ་ནས། བསླབ་པ་བཅའ་བོའི་བར་དུ་མཛད་དེ། ཡང་དགེ་སློང་མས་དཔག་ཤོམས་པ་ལ་བ། ད་གོས་པའི་རྐྱེན་དག་བ་བྱུང་ནས། ཞག་གཉིས་ཀྱི་མཐར་དམིག་དེའི་ནང་དུ ་སློང་ས་གནས་པར་བྱའོ། ། དེ་ལས་སྡུག་པར་གནས་ན་ལྟུང་བྱེད་དོ།། དགེ་སློང་མས་ཞེས་བྱ་བ་ནི་བཅུ་གཉིས་སྟོ་ཀྱུ། དེ་ལྟ་བུའི་རྒྱུན་བྱུང་ནས་ཞེས་བྷ་བཱ་ནཱ~ཾ། དེས་བུ་ན ་བྱུང་བ་མ་གཏོགས་པའོ། ། ཤོམ་པ་ཞེས་བྱ་བ་ནི་དམག་ལ་མངོན་པར་དཀའ་བའོ།། དམག་ཅེས་བྱ་བ་ནི་ཞེས་བྱ་བ་ནས། རྣམ་པནིའོ་ཞེས་བྱ་བའི་བར་རོ།། ཞག་གཉིས་ཀྱི་མཐར་ཞེས་བྱ་ནི ་ཞག་གཉིས་སུའོ། ། དེ་ལས་ལྷག་པར་ཞེས་བྱ་བ་འིནི་དེ་ལས་འདས་པར་རོ།། ཆུང་བྱེད་ན་ཞེས་བུ་བ་ནོ་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཅུང་ཟད་ཞག་གཉིས་ལས་ལྷག་པར་དམག་གི་ནང་དུ་གནས་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ་པའི་བཅུ་གཅིག་པ་རྫོགས་སོ།། ། ཀླུང་གཞི་ནི ་མཉན་ཡོད་ནའོ། ། གང་གི་ཚེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྤྲིང་ནས་ཞེས་བྱ་བ་ནས། ཞག་གཉིས་ཀྱི་མཐར་ཐུག་པར་དམག་དེའི་ནང་དུ་གནས་སོ་ཞེས་བྱ་བའི་བར་རོ།། དེའི་ཚེ་བཅོམ ་ལྡན་འདས་ཀྱིས་དེ་རྣམས་ལ་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་གི་བསླབ་པའི་གཞི་བཅའ་བ་མཛད་དོ།། དེ་ནས་བཅུ་གཉིས་སྡེ་དེ་དག་ཡང་གཡུལ་བཤམས་པ་དང་། རྒྱལ ་མཚན་གྱི་མཆོག་དང་། དཔུང་གི་མཆོག་གི་ནང་དུ་དོང་བ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས ་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་གལ་ཏེ་དགེ་སློང་མ་དམག་དེའི་ནང་དུ་ཞག་གཉིས་གནས་པ་ན་གསུལ ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་དང་། དཔུང་བཀོད་པའི་ཚོགས་ལ་ལྟ་བ་སོ་སོར་ཉམས་སུ་མྱོང་བར་བྱེད་ན་ལུང་བྱེད་དོ།། ཡང་དགེ་སློང ་@#། མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། བཀོད་པའི་ཚོགས་ལ་བལྟ་བ་ཞེས་བྱ་བ་ལ། བཀོད་པ་ཞེས་བྱ་བ་ནི་ཤིང་རྟའི་དབྱིབས་ལྟ་བུ་དང་། ནམ་མཁའི་ལྡིང ་གི་འདབ་མའི་དབྱིབས་ལྟ་བུ་དང་། འབྲུའི་ཁ་ལྟ་བུ་དང་། པདྨའི་དབྱིབས་ལྟ་བུ་དང་། ཟླ་བ་ཁམ་པའི་དབྱིབས་ལྟ་བུའོ།། ཚོག་ཞེས་བྱ་བ་ནི་དཔུང་གི་མཆོག་དག་གོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཡུལ་བཤམས་པའི་ནང་དུ་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ ་པའི་བཅུ་གཉིས་པ་རྫོགས་སོ། ། །། སྡོམ་ནི། རྡེག་པ་དང་ནི་ཐལ་མོ་དང་། གནས་ངན་ལེན་འཆབ་ཁྱིམ་དང་མེ།། འདུན་པ་དང་ནི་ནུབ་གཉིས་དང་། བར་ཆད་དང་ནི་ཤེས་བཞིན ་དང་། དགེ་ཚུལ་མ་གཉིས་དང་བཅས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་དང་མཚང་འདྲུ་བར་བྱེད་དོ།། བུད་མེད ་ནི་རང་བཞིན་གྱིས་ཁྲོ་བ་ཡིན་པས། ། དེ་རང་བཞིན་གྱིས་ཁྲོས་པས། ཁྲོས་འཁྲུགས་རྔམ་པར་གྱུར་ནས་དགེ་སྦྱོང་མ་རྣམས་ལ་ལྷག་དབྱུག་དང་ཐལ་ལྕག་གིས་བརྡེགས་པ་དང་། དོན་ཉུང་བའི་དགེ་སློང་མ ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས།། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཟོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས།། དགེ་སློང་མ་ལ་རྡེག་ན་ལྟུང་བྱེད་དོ། ཡང་དགེ་སློང་མ་གང་ཞེས་བྱ་བན་སྦོམ་དགའ་བའོ།། ཐོས་ཞེས་བྱ་བན ་ཀུན་ནས་བཀྲིས་པའོ། ། འཁྲུགས་རྔམ་པར་གྱུར་ཏེ་ཞེས་བྱ་བ་ནི་ལྷག་པར་ཞེན་ནས་སོ།། ཡིད་མ་རངས་ནས་ཞེས་བྱ་བ་ནས་ཡིད་མི་བདེ་བ་སྐྱེས་པའོ།། དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ།། རྡེག ་ན་ཞེས་བྱ་བ་ནི་སོར་མོ་ལྔས་རྡེག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཁྲོས་ནས། དགེ་སློང་མ་རྣམས་ལ་སོར ་མོ་གཅིག་གིས་རྡེག་ན་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་དུ་སོར་མོ་ལྔས་ན་ལྟུང་བྱེད་ལྔའོ།། དེ་བཞིན་དུ་ལག་པ་དང་། མཛུབ་མོ་དང་། མགོ་བོ་དང་། ལྷག་པ་དང་། ལུས་དང་། གྲུ་མོ་དང་། ་བརླ་དང་། བྱིན་པ་དང་། རྐང་པ་དང་། རྐང་པའི་མཐེ་བོས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་དབྱུག་པ་དང་། གསེག་མ་དང་། བོང་བ་ལ་སོགས་པས་ན་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ། ། གལ་ཏེ་ཕྱགས་མས་བརྡེགས་ན་ཕྱགས་མའི་ཉག་མ་ཇི་སྙེད་ཕོག་པ་དེ་སྙེད་ཀྱི་ལྟུང་བྱེད་དོ།། ཇི་སྙེད་མ་ཕོག་པ་དེ་སྙེད་ནི་ཉེས་བྱས་སོ།། དེ་བཞིན་དུ་མོན་སྲན་སྡེའུའི་སྤར་བས་བརྡེགས་ན།། ་མོན་སྲན་སྡེའུའི་འབྲུ་ཇི་སྙེད་ལུས་ལ་ཕོག་པ་དེ་སྙེད་ཀྱི་ལྟུང་བྱེད་དོ།། ཇི་སྙེད་མ་ཕོག་པ་དེ་སྙེད་ཀྱི་ཉེས་བྱས་སོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དང་པོ ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། བྱུང་བ་ལྔ་མ་དེ་ཉིད་ལ་ཁྱད་པར་ནི་འདི་ཡོད་དེ། དགེ་སློང་མ་དེ་རྣམས་ཁོ་ན་ལ་ཞེས་བྱ་བ་ནས། ཐལ ་མོ་གཟས་པ་དང་ཞེས་བྱ་བའི་བར་རོ། ། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས། དགེ་སློང་མ་ལ་བརྡེག་པར་གཟས་ནས། ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང ་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞན་ནི་སྔ་མ་བཞིན་ནོ།། ཁྱད་པར་ནི་འདི་ཡོད་དེ། གཟས་ན་ཞེས་བྱ་བ་ནི་གདེངས་ནས་མ་བརྒྱབ་པའོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་ཁོ་ན་བཞིན་དུ་ལྟུང་བའི་རིམ་པ་བརྗོད་པར་བྱ་སྟེ། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ལ་གཟས་ན ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཞི་པའི་གཉིས་པ་རྫོགས་སོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བཅུ ་དགུ་པ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་གནས་ངན་ལེན་གྱི་ལྟུང་བ་བྱུང་ནས་ཕན་ཚུན་འཆབ་པར་བྱེད་ཅིང་། དེ་དག་འཐབ་པ་དང་མཚང་འདྲུ་བར་བྱེད ་གཙང་། སྨན་ནན་དུ་གཤིངས་ཟེ་བར་བྱེད་པ་དང་།། ད་ཀྱང་པའིདག་སློང་མ་རྣམས་ཀྱིས་ཡོས་ནས་སྤྱོད་པར་བྱེད་པའི་རྣ་། བཙམ་ལྡན་འདསལ་གསུ་ཏོ།། དནས་བནམ་ལྡན་འདས་ཀྱི ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཀ་ནས་ངན་ལེན་ཞེས་བྱ་བ་ནི་གནས་ངན་ལེན་གཉིས་ཏེ། ཕས་ཕམ་པར་འགྱུར་བས་ཀུན་ནས་བསླང་བ་དང་། དགེ་འདུན་ལྷག་མས ་ཀུན་ནས་བསླང་བའོ། ། འཆབ་ན་ཞེས་བྱ་བ་ནི་གཞན་ལ་མི་སྨྲ་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ ་ཕས་ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ལྟུང་བ་བྱུང་བ་མཐོང་ལ། དེའི་དེ་བཅབ་པ་རེ་སེམས་བསྐྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་ལྷག་མ་དང་། དེ་བཞིན་དུ་ལྟུང་བྱེད་དང་། སོ་སོར ་བཤགས་པར་བྱ་བ་དང་། ཉེས་བྱས་ལ་ནི་ཉེས་བྱས་སོ།། གལ་ཏེ་འཐབ་མོར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་གསུམ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད ་ནའོ། ། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། ཚོམ་བུ་པ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་ཁོ་བོ་ཅག་དགེ་སློང་མ་རྣམས་ཀྱིས་བདུད་དུ་མཐོ་བཙམས་ན། ཁོ་བོ་ཅག་གིས་འདི་དག ་ལ་གནོད་པ་ཅི་ཞིག་བྱ་སྙམ་མོ། ། དེ་ནས་སྦོམ་དཀའ་མོ་དང་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ལན་དུ་མཐོ་བ་ཙམ་པར་བྱ་བ་ལྟ་སྨྲའོ་ནས། དེ་དག་གིས་དགེ ་སློང་མ་རྒན་མོ་རྒན་མོ་རྣམས་སྲང་དང་། སུམ་མདོ་དང་། བཞི་མདོ་རྣམས་སུ་མགྲོན་དུ་བོས་ནས། ཇི་སྲིད་ཀྱིས་ཟན་འཆད་པ་དེ་སྲིད་འཁྱམ་དུ་བཅུག་གོ།། བཅུ་གཉིས་སྡེ་རྣམས་ཀྱིས་ནི་གཉིས ་ཤིང་གཉིས་ཤིང་གསང་ནས། བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་རྣམས་སུ་སོང་སྟེ་བསོད་སྙོམས་ཟོས་སོ།། དེ་ནས་དགེ་སློང་མརྒན་མོ་རྒན་མོ་དེ་དག་དབྱར་ཁང་དུ་འོངས་ནས་འཕྲེས་ཏེ་འདུག ་པ་དང་། དེ་དག་གི་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་སྨྲས་པ། འཕགས་མ་དག་གལ་ཏེ་ཟས་གཞན་གྱི་ལགས་ཤེས་ཏེ། ལྟོ་ཡང་གཞན་གྱི་ལགས་སམ། ཅི་དེ་དག་གིས་འདི ་སྐད་ཅེས་སྨྲས་སོ། ། དེ་རིང་སུས་ཟོས་པ་ཡིན་གྲང་། དེ་དག་གིས་འདི་སྐད་ཅེས། བཤོས་མོ་བཀུམ་གྲང་ཞེས་སྨྲས་པ་དང་། དེ་དག་གིས་སྐབས་དེ་དག་དགེ་སློང་མ་རྣམས་ལ་སྨྲས་པ་དང་། ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་བས་ཅི་ནས་ཀྱང་དགེ་སློང་མ་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས། ་འཕགས་མ་ཁྱོད་ཚུར་ཁྱིམ་དག་ཏུ་བཙུད་དོ།། དེར་ཁྱོད་ལ་བཟའ་བ་དང་བཅའ་བ་བསོད་པ་དག་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གནས་སྨྲས་ནཱ། དེས་དེ་ལ་བཟའ་བ་དང་བཅའ་བ་བསོད་པ ་དག་ཇི་ཙམ་འདོད་པར་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། འཕགས་མ་ཁྱོད་དང་ཁོ་མོ་ལྷན་ཅིག་སྨྲ་བ་འམ་འདུག་པ་བདེ་བ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ཁོ་མོ་གཅིག་པུ་སྨྲ་འམ་འདུག ་ན་བདེས། ཁྱོད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་སློང་མ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས། ་མ་ལའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲས་ནའོ།། ཚུར་ཁྱིམ་དག་ཏུ་བཞུད་དང་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། དེར་ཁྱོད་ལ་བཟའ་བ་དང་བཅའ་བ་བསོད་པ ་དག་སྦྱིན་དུ་གཞུག་གོ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། ། ཇི་ཙམ་འདོད་པར་ཞེས་བྱ་བ་ནི་ཇི་ཙམ་ཟ་འདོད་པའོ།། དེས་དེ་ལ་སྦྱིན་དུ་མ་བཅུག་པར་འདི་སྐད་ཅེས། ཁྱོད་དང་ཁོ་མོ ་གྷལྷན་ཅིག་བདེ་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྱོད་དང་ལྷན་ཅིག་དགའ་བ་མ་ཡིན་པའོ།། སྨྲ་འམ་ཞེས་བྱ་བ་ནི་ཚིག་གོ།། འདུག་པ་འམ་ཞེས་བྱ་བ་ནི་འཁོད་པའོ།། ཀླན་ཀ་ཚོལ་བ་ཞེས་བྱ་བ་ནི ་མཐོ་བ་ཙམ་པའི་གླགས་ཚོལ་བའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཀླན་ཀ་ཚོལ་པས ་དེ་སྐད་ཅེས་སྨྲས་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ། ། གལ་ཏེ་ལྡན་པའི་ལུང་ཡོད་པའམ། དེ་ལ་བརྟེན་ནས་དགེ་འདུན་གྱི་ཟན་བཅད་པར་གྱུར་ན་མི་རུང་བཞི། ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་པའི་པོའི་བཞི་པ་རྫོགས་སོ།། ། གླེང་གཞིན་མཉན་ཡོད་ནའོ།། གླང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་རྗེ་རྣམས་ལ་བརྟན་ཏེ། ་བླུག་པ་མེད་པར་མེ་འབུད་པོའི་བསྒྲུབ་པའི་གཞི་བཅའ་བ་མཛད་ལ། དེ་ཡང་ནད་པ་རྣམས་ལ་བརྟེན་ནས་ནི་རྗེས་སུ་གནང་བ་དེའི་རྒྱུ། བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་མཐོར་བར་བྱེད། ་སྔོར་དུ་འཇུག་པར་བྱེད་པ་དང་། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་ངག་སྡོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ད་བ་ཞེས་བྱ་བ ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་བདག་ཉིད་ཀྱི་ཕྱིར་བདེ་བར་འདོད་ནས་མཐོར་རམ། ཐོར་དུ་འཇུག་ན་ལྟུང་བྱེད་ན། ་ཡང་དགེ་སློང་མ་གང་ཞེས་བྱ་བནི་བཅུག་ཉིས་སྡེ་ག་གོ།། མིན་པ་ཞེས་བྱུ་བ་ནི་ནད་པ་ས་ག་ཏོགས་པའོ།། བདག་ཉིད་ཀྱི་ཕྱིར་ཞེས་བྱང་ནི་རང་གི་ཚང་དུའོ།། མཧཱ་རམ་ཞེས་བྱ་བ་ནི་མ་ཛུད་པལ ་བདག་ཉིད་ཀྱིས་ནིས་བྱ་བ་ནི་དང་ནམ་སོ། ། རྫོར་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལུང་བྱེད་དགིས་བྱ་བ་ནི་གོང་པ་བཞིན་ནོ།། དེ་ས་ཟུང་པར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མསས ་དག་མ་ལེན་ཏཱམ། དྲིའི་ཆེད་དུ་མེས་འགེངས་པར་བྱེད་ན། དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བསྒྲུབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དྲི་དག་དྲིའི་ཆེད་དུ་ལྡུགས་ན་ཡང་སངས་རྒྱས་ཀྱི ་ཆེད་ཡིན་ནོ་ཞེས་དུས་བྱིན་གྱིས་བརླབ་པར་བྱའོ། ། བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་མཁན་པོའི་ཕྱིར་ཡང་བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་གྱི་ཕྱིར་མེ ་སྐོསྦྱོར་ན། ཇི་ཙམ་དགོས་པ་མ་རྫོགས་ཀྱི་བར་དུ་དུས་རིང་པོར་བྱིན་གྱིས་བརླབས་པར་བྱའོ།། བྱིན་གྱིས་རློབ་ན་དེ་ལྟ་ན་ལེགས། གལ་ཏེ་བྱིན་གྱིས་མི་རློབ་ན་ལྟུང་བྱེད་དོ།། ཤིང་རེ་རེ་ནས་འཇུག་ན ་ཡང་དུས་བྱིན་གྱིས་བརླབ་པར་བྱའོ། ། བྱིན་གྱིས་རློབ་ན་དེ་ལྟ་ན་ལེགས། གལ་ཏེ་བྱིན་གྱིས་མི་རློབ་ན་ལྟུང་བྱེད་དོ།། དེ་བཞིན་དུ་མེ་འཐོར་བར་བྱེད་དམ། སྤུང་བར་བྱེད་ན་ཡང་ལྟུང་བྱེད་དོ།། དགེ ་སློང་མས་མགལ་མེ་བླངས་ཏེ། མགལ་མེའི་འཁོར་ལོ་སྐོར་བར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་མ་དག་མ་ལ་རི་མོར་འདྲི་བར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་མདག ་མ་ལེན་ན། གལ་ཏེ་དུས་བྱིན་གྱིས་རློབ་ན་དེ་ལྟ་ན་ལེགས། གལ་ཏེ་མི་བྱེད་ན་ཉེས་བྱས་སོ།། གལ་ཏེ་ནད་པའི་ཕྱིར་བླ་གབ་མེད་པར་སྣོད་དུ་བཙོ་བ་འཚེད་དམ། དེ་བཞིན་དུ་ཚོན་རྩིའི་ལས་དང་ལྷུང ་བཟེད་ཀྱི་ལས་བྱེད་པ་སྟེ། ཐམས་ཅད་དུ་དུས་བྱིན་གྱིས་བརླབས་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་ལྔ་པ་རྫོགས་སོ།། གླང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལ་བརྟེན་ནས། དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། རང་བཞིན་དུ་གནས་པའི ་དགེ་སློང་མ་རྣམས་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པས་དགེ་འདུན་གྱི་བྱ་བ་བྱེད་དོ། ། དེའི་ཚེ་བཅུ་གཉིས་སྡེ་དེ་རྣམས་ཀྱིས་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ཟིན་ནས་མི་སྦྱིན་ནོ་ཉེས་པ། ་བྱིན་ནོ།། མི་མཐུན་པས་བྱས་ཀྱིས། མཐུན་པས་མ་ཡིན་ནོ་ཞེས་སྨྲ་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས། དེའི་འོག་ཏུ་སྤོང་བའི་ཆོས་སུ ་བྱེད་ཅིང་། དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག། ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་འདུན་གྱི་བྱ་བ་ཆོས ་དང་ལྡན་པ་ལ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆོས་དང་ལྡན་པའི་དགེ་འདུན་གྱི་བྱ་བ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ།། འདུན་པ་བྱིན་ནས་ཞེས་བྱ་བ ་ནི་རྣཾ་གྲོས་བྱིན་ནས་སོ། ། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ།། སློང་བའི་ཆོས་སུ་བྱེད་ཅི་ཞེས་བྱ་བ་ནི་འདི་སྐ་ཅེས། ཁོ་བོས་འདུན་པ་མ་བྱིན་ནོ་ཞེས་སྨྲས་སོ།། ལྟུང་བྱེད་དེ་ཞེས་བྱར ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས་སྤོང་བའི་ཆོས་སུ་བྱེད་ན་ཐམས་ཅད ་དུལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་བདེན་པ་ཉིད་དམཉེས་པར་བྱིན་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དྲུག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་གོང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྒན་ཞུགས་ཤིག་ལ་བརྟན་ནས། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཐམས་ཅད་དུ་གནས་པར་མི་བྱའོ།། གནས་ན་ལྟུང་བྱེད་དོ།། ཡང་དགེ་ཚུལ ་སྒྲ་གཅན་ཟིན་ལ་བརྟན་ནས། ནུབ་གཉིས་ཚུན་ཆད་རྗེས་སུ་གནང་ངོ་།། དེ་ནས་བཅུ་གཉིས་སྣ་རྣམས་ཀྱིས་འདི་སྐད་ཅེས། གང་དུ་ནུབ་གཉིས་ཡིན་པ་དེ་ལ་ནི་གསུམ་དུ་འགྱུར་འདོད་ཅིག། ་གང་དུ་གསུམ་ཡིན་པ་དེ་ལ་ནི་བཞིར་འགྱུར་འདོད་ཅིག་ཅེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་གནས་པར་མེ་བྱའོ། ། གནས་ན་ལྟུང་བྱེད་དོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས།། དགེ་ཚུལ་མ་དག་དགེ་ཚུལ་གྱི་ཀུན་དགའ་ར་བའི་ཕྱི་རོལ་ཏུ་བྱུང་བ་ན།། དེ་དག་མི་སྐྱེད་ཅིང་མ་བསྲུངས་པར ་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་ཏུ་དབྱུང་བར་མི་བྱའོ།། དེ་ལྟ་མོད་ཀྱི་གཞི་སྤང་བར ་བྱའོ། ། དེ་ལྟར་བྱས་པ་དང་། དགེ་སློང་མ་ཞིག་གིས་དགེ་ཚུལ་མ་ནད་པ་ཞིག་ཡོད་པ་དེ་ལ་ཁ་ཟས་ཙམ་བྱིན་ནས། བདག་གིས་ལག་པས་བྱིན་ལེན་མ་བྱས་པར་མ་གྱུར ་གྲང་ཞེས་སླར་ཡང་རེག་པར་མི་བྱེད་པ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལག་གིས་སྙོད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་དགེ་ཚུལ་མ་ནད་པ ་དེ་དག་ཟས་ཀྱིས་དུས་སུ་འདུག་པས་དུབ་པར་གྱུར་པ་ན་དགེ་སློང་མ་དེ་དག་རྟོན་པར་མི་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ཅིག་ཏུ་འདུག་ལ་བརྟེན་པར་བྱ་སྟེ། དེ་ལ་འགྱོད ་པར་མི་བྱའོ། ། དེ་ནས་ཡང་ནུབ་མོར་གྱུར་པ་ན། དགེ་ཚུལ་མ་དེ་དག་བོར་ཏེ་དོང་བ་དང་། ནད་པ་དེ་ཡང་ནུབ་མོ་སྐོམ་པ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཁོ་ནར ་ལྷན་ཅིག་གནས་པར་བྱ་སྟེ། དཱ་ལ་འགྱོད་པར་མི་བྱའོ།། དེ་བཞིན་དུ་དགེ་སློང་མནན་ཡང་དེར་དགེ་ཚུལ་མ་འམ། ནད་གཡོགས་དག་གནས་པར་བྱ་ཞིང་། སྣང་བ་དང་བཅས་པར་ཡང་གནས ་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་སྔགས ་པ་གསུངས་ནས། སྔ་མ་ནི་བཅས་པའོ།། འདི་ནི་རྗེས་སུ་གནང་བ་སྟེ། ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་ད ་སྐུ་ལ་གང་བརྒྱན་པར་མརྫོགས་པ་དང་ལྡན་ཅིགན་གཉི་སྩ་ལས་སྟུག་པར་གནས་ག་ཏུ་ལ་བྲུ་བྱེད་དུ་སྲུང་བྱེད། ར་སློང་གླུ་ས་བྱུང་ན་བཅུག་ཉིད་ལྡལྡནན།། ་བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ།། ལྷག་མ་ནི་བསྙེན་པར་མ་རྫོགས་པའོ།། ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི ་ནུབ་གཉིས་འདས་པར་རོ། ། གནས་གཅིག་ཏུ་ཉལ་བར་བྱེད་ན་ཞེས་བྱ་བ་ལ་གནས་བཞི་པོ་དག་ཏུ་ཉལ་བར་བྱེད་པ་སྟེ།། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང ་ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་དང་། ཐམ་ཅད་པ་འབྱོར་མ་གཡོག་གིང་པ་ཁྱེར་མ་སྐོར་བ་དང་། ཐམ་ཅད་པལ་ཆེ་རིགཡོགས་ཤིང་བལ་ཆེར་བསྐོར་བའོ།། ཐམ་ཅ་ག་ཡོག་ཤི་ལྔ་ཅད་བསྐོར་བ་ནི་གནས་ཁང ་ངམ། འཁོར་གྱི་ཁྱམས་སམ། ཁང་པ་རྩེག་མ་དག་གོ། ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི། ཁྱམས་ཟླུམ་པོ་འམ། རིམ་གྲོའི་གནས་དག་གོ། ཐམས་ཅད་ཕྲལ་ཆེར ་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི་ཁྱམས་ངོས་གསུམ་པའོ། ། ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི་ཁྱམས་ངོས་བཞི་པའོ།། སྐྱ་རེངས་ཤར་ན་ཞེས་བྱ་བ་ནི་སྐྱ་རེངས ་གསུམ་པོ་སྐྱ་རེངས་དང་པོ་འམ། བར་མ་འམ། ཐ་མ་གང་ཡང་རུང་བ་ཤར་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་འདས་ཏེ། ནུབ་གསུམ་པར་གནས་གཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ ་འགྱུར་རོ། ། ལྟུང་བྱེད་བཞི་པའི་བདུན་པ་རྫོགས་སོ།། 3། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། དེའི་ཚེ་དགེ་སློང་མ་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བར་སོང་བའི་རྣམ་པ་འདི་ལྟ ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས ་བསྟན་པ་ཤེས་སོ་ཞེས་ཟེར་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟ་ས་ལ་བཞམས་ཏེ་སྒོ་ཞིག། ་དེ་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་ནི་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས ་ཀྱིས་བསྒོ་བར་བྱའོ། ། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་ཞེས་བྱ་བའི་བར་རོ་ཞེས་བྱ་བ་ནི་འདི ་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལགསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱིས་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་གྱུར་པ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས ་མཆི་བ་དེ་ལ། དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་སྟེ། དེ་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག ་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི ་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། ། འདི་ནི་གསོལ་བའོ།། དེ་བཞིན་དུ་ལས་ཀྱང་ལན་གསུམ་གྱི་བར་དུ་བྱའོ།། དེ་ལ་གསོལ་བ་དང་བཞིའི་ལས ་ཀྱིས་བསྒོ་བ་ན་འདི་སྐད་ཅེས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དགེ་སློང་མ་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གནས་ནས་དབྱུང་བའི་ལས་བྱོས་ཤིག། ་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་པའི ་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱིས་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི ་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ལགས་ཀྱིས། གལ་ཏེ་འཕགས་མའི ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང ་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དེ་སྲིད་དུ། དེ་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི ་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་། དཔེར་ན་གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱིའོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར ་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་གཅོད་པར་མི་འགྱུར་བ་དེ་ལྟར། ཁོམས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་དུ། འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་། དཔེར་ན་གདོལ་པའི ་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི ་ཅང་མ་གསུངས་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། ལན་གཉིས་སུ་ཡང་དོན་འདི་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག ་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང ་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ ་ཅན་གྱི་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི ་གཏོང་དུ་མི་བཏུབ་པ་དེ་སྲིད་དུ། འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོ་ཡང་དག་པར་དགའ་བར་མི་བགྱི་ཞིང་། གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ ་སྨད་པས་སྨད་པར་གྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་འདོར་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས ་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་གཉིས་པ་སྟེ། ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ ་གསོལ། དགེ་སློང་མ་འཆི་ལྟས་འདི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང ་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་དུ། འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར ་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོ་ཡང་དག་པར་དགའ་བར་མི་བགྱི་ཞིང་།། གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱིའོ།། འདི་ནི་ལས་བརྗོད་པ་གསུམ་པ་སྟེ། འཕགས་པའི ་དགེ་འདུན་གྱིས་བཟོད་ཅིང་གནང་ནས། ། འདི་ལྟར་ཀྱང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་དེ་ལྟར་གནས་ནས་དབྱུང་བའི་ལས་བྱས་ཀྱང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང ་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་ཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས ་འདི་སྐད་ཅེས། ཕུ་ནུ་མོ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པ་མ་སྨྲ་ཞིག། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པ་བཏབ་པས་ནི་ལེགས་པར་མི ་འགྱུར་རོ། ། བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་།། བར་དུ་གཅོད་པའི་ཆོས་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བར་དུ་གཅོད་པའི་ཆོསས ་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་བར་དུ་གཅོད་པར་ཡང་འགྱུར་གྱིས། ཕུ་ནུ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བརྗོད་པར་བྱའོ།། གལ་ཏེ་དགེ་སློང་མ་དེ ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་སྨྲས་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། གཞི་དེ ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དེ།། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་འཆི་ལྟས་སོ། ། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲའོ།། དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། ། དེ་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པ་འདི་ལྟ་སྟེ། ་ཕས་ཕབ་པར་འགྱུར་བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་པ་དང་། ལྟུང་བྱེད་བརྒྱ་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང ་བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་ཏེ། ཆོས་མ་ཡིན་པ་འདི་ལ་ཆོས་ཀྱི་སྒྲར་གསུངས་སོ།། དེ་ལ་སོ་སོར་བསྟེན་ཀྱང་ཞེས་བྱ་བ་ནི། ལྷག་པར་སྦྱད་ནའོ།། བར་དུ་གཅོད ་པར་མི་འགྱུར་ཞེས་བྱ་བ་ནི། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་བའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། འཆི་ལྟས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་དག ་གིས་སོ། ། འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། འདི་སྐད་ཅེས་སྨྲ་བར་བྱ་བའོ།། ཕུ་ནུ་མོ་ཁྱོད་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང ་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པར་མ་སྨྲ་ཞིག་ཅེས་བྱ་བ་ནས། བཞམས་ཏེ་བསྒོ་བ་ན་ཞེས ་བྱ་བའི་བར་རོ། ། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྒོ་བར་བྱའོ་ཞེས་བྱ་བ་ནས། གསོལ ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་རོ་ཞེས་བྱ་བ་ནི། བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུའོ།། ཡང་དག་པར་བསྒོ་བ་ནི་དེ་ཡིན་ནོ།། ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ།། ལྟུང་བྱེད་དོ།། ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས། དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤོས་སོ་ཞེས ་སྨྲས་ན། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་བྱས་སོ།། ལས་དང་པོ་བརྗོད་པ་སྨྲས་པ་ན། ་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་བྱས་སོ།། ལས་བརྗོད་པ་གཉིས་པ་སྨྲས་པ་མ་རྫོགས་པར། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་སྨྲས་པ་རྫོགས་ཀྱང་མི་གཏོང་ན་ཉེས ་བྱས་སོ། ། ལས་བརྗོད་པ་གསུམ་པ་སྨྲས་པ་མ་རྫོགས་པར་མི་མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ་དང་མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ་དང་། ་མི་མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པས་དང་། མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པ་དང་། ཆོས་ཇི་ལྟ་བ་བཞིན་མ་ཡིན་པ་དང་། འདུལ་བ་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སྟོན་པའི་བསྟན་པ ་རྗེས་པ་བནི་རྣམ་མན་པས་སྟན་བྱེད་དཟུང་བ་མེད་། ། ཆོམ་ཛེས་པ་དང་། འདུས་འཛས་པ་དང་། སོན་པའི་བརྫུན་པ་སྐབས་པས་བརྗོད་པ་ཅན་པ་སྨྲས་པཇོག་ཀུ་དུང་བྱེད་གྱུར་། ་བྱེད་བཞི་པའི་བརྒྱད་པ་རྫོགས་སོ།། ། བམ་པོ་ཉི་ཤུ་པ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནི་བཞུགས་སོ།། དེའི་ཚེ་བཅུ་གཉིས་སྡེ ་རྣམས་ཀྱིས་འཆི་ལྟས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས ་བཞིན་དུ་དེ་སྐད་ཟེར་བའི་དགེ་སློང་མ་ཆོས་བཞིན་མ་བྱས་པ། སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། ཀུན་ཏུ ་གནས་པར་བྱེད། གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། ཆོས་བཞིན་མ་བྱས་པ་ཞེས་བྱ་བ་ནི། ་གསོལ་བ་དང་བཞིའི་ལས་ཀྱིས་མ་ཕྱུང་བའོ།། གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི། ལུང་དབོག་པ་སྦྱིན་པར་བྱེད་པའོ།། ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི། བརྗེད་པ་དྲན་པ་སྦྱིན་པར་བྱེད་པའོ།། ་ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅེས་བྱ་བ་ནི། བསྙེན་བཀུར་རང་གིར་བྱེད་པའོ།། ཀུན་ཏུ་གནས་པ་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ་ནི། གནས་བཞི་པོ་དག་ཏུ་སྐྱ་རེངས་འཆར་བར་བྱེད་པའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ། ། གལ་ཏེ་ལྟ་བར་སོང་བ་དེ་དང་དཔྲལ་བར་འདོད་པར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དགུ་པ་རྫོགས་སོ།། །། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། ་སྦོམ་དགའ་མོ་ལ་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་གཉིས་ཡོད་དེ། དེ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས ་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས། བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོམ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས ་བསྟན་པ་ཤེས་སོ་ཞེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ ་གཉིས་ལ་བཞམས་ཏེ་བསྒོ་བ་བྱོས་ཤིག། དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་ཚུལ་མ་གཉིས་ལ་གསོལ་བ་དང ་བཞིའི་ལས་ཀྱིས་བསྒོ་བ་བྱོས་ཤིག། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་རྣམས་ལ་དྲིས་པའི་ལན་ཡང་དག་པར་བསྒོ་ལ། དགེ་ཚུལ་མ་ཐོས་པའི་ཉེ་འཁོར ་ནས་བཀར་ཏེ། མཐོང་བའི་ཉེ་འཁོར་དུ་འདུག་ཏུ་བཅུག་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ ་གསོལ། དགེ་ཚུལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེལ ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། ་དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས ་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་ཟོད་ན།། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས་ལ ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་ཚུལ་མ་མཛེས་མ་དང ་རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། ་དེ་དག་ལ་བཞམས་ནས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར ་བགྱིད་ཀྱིས། འཕགས་མའི་དགེ་འདུན་གྱིས་མཛེས་མ་དང་རྒྱལ་མ་འདི་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱི་བསྒོ་བ་མཛད་པར་ཕུ་ནུ་མོ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད ་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་གཉིས་པ་དང་གསུམ་པ་ཡང་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཞེས་བྱ་བ་ནས། འདི་ལྟར ་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ། ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ་མ་དག་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་ལ་བསྙིལ་བའི་ལས་བྱོས་ཤོག། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་མ་མཐོང་བའི་ཉེ་འཁོར་ནས ་བཀར་ཏེ། མཐོས་པའི་ཉེ་འཁོར་དུ་འདུག་ཏུ་བཅུགནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱིས་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང ་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ནས། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་དེ་གཉིས་ལ། དགེ ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་རོ།། དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་། ་བཞིའི་ལས་ཀྱིས་བསྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆི་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན ་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས་ལ། ཕུ་ནུ་མོ་དག་ཁྱེད་ཅག་དེང་ཕན ་ཚད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཙམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས་ང་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི ་བཞིན་དུ་ཡང་འགྲོ་ཞིག། དག་ཚུལ་མ་གནན་དག་དགེ་སློང་མ་རྣམས་དང་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་གནང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱད་ལ་མེད་ཀྱིས་སུན་མེད ་གཏི་མུག་ཅན་ཁྱེད་གཉིས་གཞན་དུ་དེངས་ཤིག་ཅེས་བསྙིལ་བའི་ལས་མཛད་དོ། ། འདི་ནི་གསོལ་བའོ།། དེའི་འོག་ཏུ་དེ་གཉིས་ལ་བསྙིལ་བའི་གསོལ་བ་མཛད་ཟིན་གྱིས ་སྡིག་པ་ཅན་གྱི་ལྟ་བ་དེ་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ ་དག་བདག་ལ་གསན་དུ་གསོལ། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་བདག་ནི་བར་དུ ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ནས། དགེ་ཚུལ་མ ་མཛེས་མ་དང་རྒྱལ་མ་དེ་གཉིས་ལ། དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར ་རོ། ། དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆི ་ནས། འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་པ་དང་རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དེ་གཉིས་ལ་བསྙིལ་བའི་འཕྲིན་ལས་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང ་མགསུ་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་ཡིན་ནོ།། དེའི་འོག་ཏུ་དེ་གཉིས་ལ་བསྐོ་བར་བྱས།། གལ་ཏེ་གཏོང་ན་དེ་ལྡན་ལེགས།། གལ་ཏེམ་གཏོངན། ་ལན་གཉིས་སུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་ཞེས་བྱ་བ་ནས། ལན་གཉིས་པ་ཉིད་བརྗོད་པར་བྱ་ནས་ཡང་བསྒོ་བར་བྱ་སྟེ། ་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་ཞེས་བྱ་བ་ནས། འཕགས་མའི་དགེ ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་ལ་བསྙིལ་བའི་འཕྲིན་ལས་མཛད་པར། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར ་ཅད་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། ། དེ་ནས་དགེ་ཚུལ་མ་དེ་གཉིས་ངུ་ཞིང་མཁན་མོའི་དྲུང་དུ་དོང་སྟེ་ཕྱིན་ནས། མཁན་མོ་ལ་འདི་སྐད་ཅེས་སྨྲས་སོ།། མཁན་མོ་བདག་ཅག་ལ ་དགེ་སློང་མའི་དགེ་འདུན་གྱིས་བསྙིལ་བའི་འཕྲིན་ལས་མཛད་ལགས་སོ། ། དེ་ནས་སྦོམ་དགའ་མོས་དགེ་ཚུལ་མ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། བསྙིལ་བའི་ལས་བྱས་པ་རྣམས་ལ་ཅི་ཁམས ་གསུམ་ཡང་མ་ལུས་སམ། གྲོང་དང་ལྗོངས་དག་ཀྱང་མེད་དམ་ཅི། ཞེས་དེ་བསྙིལ་བའི་ལས་བྱས་པ་དེ་གཉིས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་ལོངས་སྤྱོད ་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ་ཚུལ་མ་ལ་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྙེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་བའི་དགེ་ཚུལ་མ་དེ་ལ། དགེ་སློང་མ ་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་མ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར ་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མ་སྨྲ་ཞིག། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པ་བཏབ་པས་ནི་ལེགས ་པར་མི་འགྱུར་རོ། ། བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་།། དགེ་ཚུལ་མ་དག་འདོད་པ་རྣམས་ནི་བར་དུ་གཅོད་པར་བྱེད་པ་ཁོ་ན་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བར ་དུ་གཅོད་པར་བྱེད་པར་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་བར་དུ་གཅོད་པར་ཡང་འགྱུར་བས། དགེ་ཚུལ་མ་དག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་ཐོག་ཞིག་ཅེས། དེ་སྐད་དུ ་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ཡང་དག་པར་བསྟན་པར་བྱའོ།། ་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་མ་ཁྱོད་དང་ཕན ་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་ལ་སྟོན་པ་ཞེས་ཀྱང་མ་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བ་དག་གི་རྗེས་བཞིན་རྗེས་བཞིན་དུ་ཡང་མ་འགྲོ་ཞིག། ་དགེ་ཚུལ་མ་གཞན་དག་དགེ་སློང་མ་རྣམས་དང་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་གནང་བ་གང་ཡིན་པ་དེ་ཡང་ཁྱོད་ལ་དེང་ཕན་ཆད་མེད་ཀྱིས། དགེ་ཚུལ་མ་དག་པར་སོང་ཞིག་ཅེས་བརྗོད ་པར་བྱའོ། ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་ཏུ་ལོངས་སྤྱོད་པར་བྱེད་དམ། གནས་གཅིག་ཏུ་ལྷན ་ཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ། ། དགེ་ཚུལ་མ་ཞེས་བྱ་བ་ནི་མཛེས་མ་དང་རྒྱལ་མའོ།། དགེ་སློང་མ་རྣམ་ཞེས་བྱ་བ་ནི་ཆོས་འདི་པདག་གོ།། འདི་སྐད་ཟེར་ན་ཞེ་བྱ་བ་ནི་སྨནའོ།། ཇི་ལྟར་བཅོས་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བྱ་བ་ནི་ལྷག་པར ་སྱཱད་ཀྱང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དུ་མི་འགྱུར་བའོ།། དེ་དགལ་ཞེས་བྱ་བ་ནི་དགེ་ཚུལ་མྱ་མཛེས་མ་དང་རྒྱལ་མ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་དུན ་ཆོས་འདི་པ་དག་གིས་སོ། ། འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བའོ།། ཡང་དག་པར་བསྟན་པ་ནི་དེ་ཡིན། ཡང་དག་པར་བསྒོ་བ་ནི་དེ ་ཡིན་ནོ། ། དེ་གཉིས་ལ་དེ་ལྟར་རྗེས་སུ་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བསྙིལ་བའི་ལས་བྱོས་ཤིག་ཅེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བྱའོ།། ཡང་དགེ་སློང་མ ་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ། ། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་གྱིས་སྨྲས་པར་གྱུར་པའོ།། དེ་ལྟར་བསྙིལ་བ་ཞེས་བྱ་བ་ནི་བསྙིལ་བའི་ལས་བྱས་པའོ།། དགེ་ཚུལ་མ ་ཞེས་བྱ་བ་ནི་མཛེས་མ་དང་རྒྱལ་མའོ། ། ཉེ་བར་འཇོག་པར་བྱེད་དམ་ཞེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ།། ཉེ་བར་སྟོན་པར་བྱེད་དམ་ཞེས་བྱ་བ་ནི་འདྲི་བ་སྦྱིན་པར་བྱེད་པའོ།། ཀུན་ཏུ་ལོངས ་སྤྱོད་པར་བྱེད་དམ་ཞེས་བྱ་བ་ནི་བཀུར་སྟི་རང་གིར་བྱེད་པའོ། ། ཀུན་ཏུ་གནས་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་མ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ་ཞེས་བྱ་བ་ནས། ་གནས་གཅིག་ཏུ་ཉལ་བར་བྱེད་དམ་ཞེས་བྱ་བའི་བར་ཏེ། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་ཚིགས་སུ་བཅད་པའི་སྒོམ་རྫོགས་སོ།། མ་ལ། ་ཁ་དོག་ལེན་དང་ཟླ་ཕྱེད་དང་།། ཆེད་དུ་བསམས་དང་འགྱོད་པ་དང་།། གག་ཚིལ་དང་ཆུར་རྩ་དང་།། སྐྱེས་པ་ཉལ་དང་སྔངས་མི་བྱ།། གོས་སྦེད་གཞི་མེད་ལམ་དུ་ནི།། སྐྱེས་པར་འགྲོགས ་ཏེ་འབྲུ་མི་བྷ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱཱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས་སོ།། གླང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས། ཀླུའི་རྒྱལ་པོ ་རི་བོ་དང་ཡིད་འོང་ལྡན་གཉིས་ཀྱི་དུས་མཆོད་བཙུགས་པ་དང་། དེ་ནས་དུས་གཞན་ཞིག་ན་ལྷོ་ལམ་ནས་གར་མཁན་གྱི་སློབ་དཔོན་ཆེན་པོ་ཞིགས་འོངས་ཏེ། དེས་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི ་གར་ཐབས་བྱས་པ་དང་། དད་པ་ཅན་རྣམས་ལས་བྱ་དགའ་ཆེར་ཐོབ་བོ་ཞེས་བྱ་བ་ནས། དྲུག་སྡེ་རྣམས་སུ་ཕྱུང་ངོ་ཞེས་བྱ་བའི་བར་རོ།། དེ་ནས་དེའི་འོག་ཏུ་དྲུག་སྡེ་རྣམས་དང་། དགེ་སློང་མ་བཅུ ་གཉིས་སྡེ་རྣམས་ཀྱིས་གར་གྱི་རྔ་ཐབས་དག་སྦྱར་ནས་གར་བྱས་པ་དང་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ཐམས་ཅད་ནི་དགེ་སློང་མ་གང་དག་ཁྱིམ་པ་གོན་པའི་གོས་དཀར་པོ་འགྱོན་པ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གྲོགསར་པ་རྙེད་ན་ཁ་དོག་བསྒྱུར་བ་གསུམ་པ་སྔོན་པོ་འམ། འདམ ་ཁའམ། ངུར་སྨྲིག་གང་ཡང་རུང་བའི་ཁ་དོག་ཏུ་བསྒྱུར་བར་བྱའོ།། གལ་ཏེ་དགེ་སློང་མས་ཁ་དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བའི་ཁ་དོག་མ་བསྒྱུར་བའི་གོས་སར་པ་གྱོན་ན་ལྟུང་བྱེད་དོ།། ་སར་པ་ཞེས་བྱ་བ་ལ་སར་པ་ནི་གཉིས་ཏེ། གསར་པ་དང་གསར་དུ་རྙེད་པ་སྟེ། དོན་འདི་ལ་ནི་གསར་དུ་རྙེད་པ་ལ་བྱ་བར་དགོངས་སོ།། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། དགེ་སློང ་མ་ཞེས་བྱ་བ་ནི་ཚུས་འདི་པ་དགག། འདོག་པསྒྱུར་པ་གསུམ་པོ་གང་མང་རུང་བར་མ་བསྒྱུར་ན་ཞེས་བྱ་བ་ནི་ལ་དགས་འགྱུར་ནའོ།། གོས་སར་བགྱོན་ན་ཞེས་བྱ་བ་ནི་པགས་ནས།། ལྟུང་བྱེད་དོ་ཞེས་བྱ་ག ་ཨོང་མ་བཞིན་ནོ། ། དེ་ལ་ལྟུང་ཕྱིར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལ་དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བའི་ཁ་དག་མ་བསྒྱུར་བའི་གོས་ས་བགྱོན་ན་ཐམས་ཅན ་དུསྤྱང་བྱེད་དུ་གྱུ་། ཛྙཱན་བྱུང་བཟེད་ཀྱི་སྣོད་ཙམ་མ་སྦྱི་ན་མ་ཉེས་གྱུ་།། ལྷུང་བྱེད་ལྔ་བའི་དང་བརྫོགས་། སངས་རྒྱས་བཅོམ་ལྡན་ས་རྒྱལ་དུ ་བྱིད་ཀྱི་ཆེལ་མེགནི་མེད་ནས་བྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། ། གང་གི་ཆོབཅོམ་ལྡན་འདས་ཀྱིས་སངས་པ་ཅན་དུ་དྲུག་ས་རྣམས་ལ་བརྟེན་ནས། ལག་པས་ལེན་པའི་འསྲས་པའི་གས ་མཛད་པ། མཉན་ཡོད་དུ་ནི་ཀུན་དཀའ་བོ་ལ་བརྟེན་ནས་རྗེས་སུ་གནང་ངོ་།། དེ་ནས་བཅུ་གཉིས་སྡེ་དེ་དག་གིས་ཀུན་དགའི་ར་བར་གཏོགས་པ་འམ། ཀུན་དགའི་ར་བར་མ་གཏོགས་པ་ན་རིན་པོ་ཆེའམ། ་རིན་པོ་ཆེར་སྨོས་པ་དག་འདུག་པ་རང་གི་ལག་གོས་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད་ཅིང་། གང་གི་ཡིན་པ་དེ་ལ་ཡང་སྦྱིན་པར་མི་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྡོད་པར་བྱེད་པ ་སྐབས་དེ། ། བཅོམ་ལྡན་འདས་ལ་གསོས་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རིན་པ ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་ལེན་དུ་འཇུག་ན། ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་འམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། ་དགེ་སློང་མ་གང་ཞིག་གིས་ཀུན་དགའི་རབར་གཏོགས་པ་འམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་འདུག་ན་འདི་སྙམ་དུ། འདི་སུའི་ཡིན་པ་དེ་ཉིད་ལེན་པར་འགྱུར་གྲང ་ཞེས་བསམས་ནས་བླང་བར་བྱ་སྟེ། དེ་ལ་ཆོ་ག་ནི་དེ་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་གཡུལ་ངོར་སྤྱད་པའི་ཡོ་བྱད་ཐམས ་ཅད་དང་། སྐྱེད་མོས་ཚལ་གྱི་ཡོ་བྱད་ཐམས་ཅད་དོ།། ལེན་ན་ཞེས་བྱ་བ་ནི་རང་གིས་སོ།། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་ནི་སྐྱེད་མོས ་ཚལ་ན་འདུག་པའོ། ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ཞེས་བྱ་བ་ནཱི། གཙུག་ལག་ཁང་གི་ནང་ནའོ།། དེས་འདི་སྙམ་དུ་འདི་སུའི་ཡིན་པ་དེ་ཉིད་ལེན ་པར་འགྱུར་གྲང་ཞེས་དེ་ཉིད་རྐྱེན་དུ་བྱས་ནས་བླང་བར་བྱའོ་ཞེས་བྱ་བ་ནི། དེ་ཉིད་རྗེས་སུ་མཐུན་པར་བྱས་པའི་ཆོས་ཡིན་ནོ།། དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ནོར་བུ་ལེན་པར་བྱེད་ན་མིག་ཕུག་པ་ལེན་ན་ལྟུང་བྱེད་དོ།། མིག་མ་ཕུག་པ་ལེན་ན་ཉེས་བྱས་སོ།། ནོར་བུ་ལ་ཇི་ལྟ་བ ་དེ་བཞིན་དུ། མུ་ཏིག་དང་། རྡོ་རྗེ་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། རིན་པོ་ཆེ་དང་། དམར་པོ་དང་། དུང་གཡས་སུ་འཁྱིལ་བ་ཕུག་པ་ལེན་ན་ལྟུང་བྱེད་དོ།། མ ་ཕུག་པ་ལེན་ན་ཉེས་བྱས་སོ། ། ཐ་ན་ནོར་བུ་མཆིང་བུ་ལེན་ན་ཡང་ཉེས་བྱས་སོ།། མགུལ་གདུབ་ལེན་ན་ལྟུང་བྱེད་དོ།། དེ་བཞིན་དུ་གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། དོ་ཤལ་དང་། ས་མོ ་ལ་སོགས་པ་ལ་ཡང་ལྟུང་བྱེད་དོ། ། ཐ་ན་ནོར་བུ་དོ་ཟན་ལེན་ན་ཡང་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དངུལ་གྱི་ནོར་བུ་ལོན་ན་མངོན་མཚན་ཅན་ཡིན་ན་ལྟུང་བྱེད་དོ།། མངོན་མཚན་ཅན་མ ་མིན་ན་ཉེས་བྱས་སོ། ། ཐན་གོ་སུམ་བཅོས་བུ་ལེན་ན་ཡང་ཉེས་བྱས་སོ།། དགེ་སློང་མས་པི་ཝང་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དོ།། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། དེ་བཞིན་དུ་བ་བྷི་ས་ཀ་དང་། ་པི་ཝང་རྒྱུད་གཅིག་པ་དང་། འཁར་རྔ་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་པ་ཊ་ཧ་ལ་སོགས་པ་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དོ།། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། ཐ་ན་རྩཝ་ལས་བྱས་པའི་ཕྱི ་ཝང་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དོ། ། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། དེ་བཞིན་དུ་རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་། མཚོན་རྩེ་གཅིག་པ་དང་། རལ་གྲི་དང་། མདུང་ཐུང་དང་། མདའ ་བོ་ཆེ་དང་། མདུང་དང་། མདུང་ཕྱེད་ལྕགས་ལ་བྱས་པ་དང་། ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལ་བྱས་པ་འཕང་དུ་རུང་བ་ལེན་ན་ལྟུང་བྱེད་དོ།། འཕང་དུ་མི་རུང་བ་ལེན་ན་ཉེས་བྱས་སོ།། དགེ ་སློང་མས་མདའ་མདེའུ་དང་བཅས་པོ་ལེནན་ལུང་བྱེད་དོ། ། མདའུ་མེད་པ་འི་ནན་ཉེས་བྱས་སོ།། ཟན་ཚྭའི་གཞུལེན་ན་ཡང་ཉོས་བྱས་སོ།། དགེ་སློང་མས་སངས་རྒྱས་ཀྱིས་སྐུ་གཟུགས་བརྙན་རིང་བ ་དང་བཅས་པ་ལེན་ན་ལྟུང་བྱེད་དོ། ། རིང་བསྲེལ་མེད་པ་ཡིན་ན་ཉེས་བྱས་སོ།། གལ་ཏེ་སྟོན་པ་ལ་མཆོད་པའི་འདུ་ཤེས་ཀྱིས་ལེན་པར་བྱེད་ཅིང་། དགེ་ཚུལ་མའམ་རུང་བར་བྱེད་པའི་ལག་ཏུ་བཞག་པ་ལ ་ནི་སྲུང་བ་མེད་གབན་ཛིན། ནོར་བམགུལ་བདུབ་པ་ས་དང་།། མདུ་དང་གཞུང་མ་དག་དང་།། རང་སྲེལ་བརྣས་པའི་ཐུག་ཟུགས་། འདིར་ས་ཡང་དགེ་བས ་ཏ་ཧ་ས་པརྫག་འ་སུལ་ས་ས་ཀྱི་རྒྱམ་པོ་གཟུགས་ཀྱིནི་མྱོང་ངོལཔ་འགྲུབ་ཀྱི་ཆུང་ཆེན ་དང། ཚུན་ཤཱམ་། ། ནས་རྒྱལ་ལོ།། ཐཱག་། ལྷྭ་། ་དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བསམས་པ། བདག་གིས་བཅོམ་ལྡན་འདས་དང་། ཉན་ཐོས་ཀྱི་དགེ་འདུན་ལ་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་མང་དུ་ནི་བྱས་ན་དཀའ་ཐུབ་ཀྱི ་ཆུའི་ཁྲུས་ཀྱིས་མ་བྱས་ཀྱིས། མ་ལ་བདག་གིས་བཅོམ་ལྡན་འདས་དང་། དགེ་སློང་དང་། དགེ་སློང་མ་རྣམས་ལ་དཀའ་ཐུབ་ཀྱི་ཆུ་གཉིས་ཅི་བདེར་དབུལ་ལོ་སྙམ་དུ་བསམས་ནས། རྒྱལ་པོ་གཟུགས ་ཅན་སྙིང་པོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ག། ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན ་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཉན་ཐོས་མའི་དགེ་འདུན་དང་ཐབས་ཅིག་ལ། བདག་དཀར་ཐུབ་ཀྱི ་ཆ་བ་ཉིད་དབུལ་ཏེ། རྒྱལ་པོ་རྒྱལ་རིག་སྤྱི་བོ་ནས་དབང་སྐུར་བ་ཁྲུས་བགྱིད་པ་གང་ལགས་པ་དེར་ནི། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་མཛད་པར་གསོལ། གང་དུ་མཆིས ་བྲང་འཁོར་དང་བཅས་པ་ཁྲུས་བགྱིད་པ་དེར་ནི། ། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ཅི་བདེར་ཁྲུས་བགྱི་ཞིང་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་རྒྱལ་པོ་གཟུགས ་ཅན་སྙིང་པོ་ལས་འདི་ལྟ་སྟེ། བཀའ་ཐུབ་ཀྱི་ཆུའི་ཁྲུས་བཞེས་པར་གནང་ངོ་།། དེ་ནས་ཇི་ཙམ་ན་རྒྱལ་པོ་ཞེས་བྱ་བ་ནས། སོང་ངོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས། བཅོམ་ལྡན ་འདས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཀའ་ཐུབ་ཀྱི་ཆུའི་ཁྲུས་ལ་སྤྱན་དྲངས་པ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་ཞེས་ཐོས་སོ།། ཐོས་ནས་བཅུ་གཉིས་སྡེ་དེ་རྣམས་རྒྱལ་པོ ་གཟུགས་ཅན་སྙིང་པོའི་བཙུན་མོའི་ཁྲུས་བྱེད་པའི་བཀའ་ཐུབ་ཀྱི་ཆུ་གང་ན་བ་དེར་ཁྲུས་ཀྱི་ཕྱིར་དོང་ངོ་། ། དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་ཁྲུས་བྱེད་པར་འདོད་ནས། དེ་དཀའ་ཐུབ ་ཀྱི་ཆུ་གང་ན་བ་དེར་སོང་བ་ན་ཞེས་བྱ་བ་ནས། བཅུ་གཉིས་སྡེ་རྣམས་ལས་སྐབས་མ་རྙེད་དོ་ཞེས་བྱ་བའི་བར་རོ།། དེ་ནས་དགེ་སློང་མ་རྣམས་ཀྱི་མདུན་དུ་སྨོད་པར་བྱེད་པ་ན། དགེ་སློང་མ་རྣམས་ཀྱིས།། ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྲུས་མི་བྱའོ།། དེ་རྣམས་ཁྲུས་མ་བྱས་པས། ལུས་ཤིན་ཏུ་དྲི་མི་ཞིམ་ཞིང་བསོད་སྙོམས་ལ་ཞུགས་པ་ན། ་ཁྱིམ་པ་མོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དྲི་ངན་པ་ཞིག་མན་མ་ལགས་སོ།། དགེ་སློང་མ་དྲང་པོ་དྲང་བའི་རང་བཞིན་ཅན་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དྲི་ངན་པ་དེ་ནི་ཁོ་མོ་ཅག་གི། ་ལུས་ཀྱི་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་ཁྲུས་མ་བགྱིས་སམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཁྲུས་མི་བྱའོ་ཞེས ་དགག་པ་མཛད་དོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ།། ་དེ་ནས་ཚ་བས་གདུངས་ནས་ཞེས་བྱ་བ་ནས། ཟླ་བ་ཕྱེད་དང་གསུམ་ནི་ཚ་བའི་དུས་སོ་ཞེས་བྱས་ཏེ། ཞུས་བྱའོ་ཞེ་བྱ་བའི་བར་རོ།། དེ་བཞིན་དུ་ན་བ་དུས་སོ་ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ།། ་དེ་བཞིན་དུ་ལས་དུས་སོ།། ལམ་དུས་སོ།། རླུང་དང་ཆར་པ་དུས་སོ་ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱར།། དེ་ནས་བཅུ་གཉིས་སྟེ་དེ་རྣམས་ཚ་བ་དུས་སོ་ཞེས་བྱས་ནས། དུས་ཐམས་ཅད ་དུ་ཁྲུས་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཉེས་བྱ་བ་ནས ་བསླབ་པ་བཅའ་བའི་བར་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཅིང་ཁྲུས་བྱའོ་ཞེས་གསུངས་པ་དེ་ལས་འདུམས་པར་བྱེད་པ་ན། རུས་མ་གཏོགས་ཏེ་ལྟུང་བྱེད་དོ།། ་དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་ཟླ་བ་དང་པོ་དང་། ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ནི་ཚ་བའི་དུས་སོ།། ལྷག་མ་ནི་ནེ་བ་དུས་སོ།། ་ལས་དུས་སོ།། ལམ་དུས་སོ།། རླུང་དུས་སོ།། ཆར་དུས་སོ།། རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ནི། ཟླ་བའི་ངོ་ཕྱེད ་ཅིང་ངོ་། ། ཁྲུས་ཞེས་བྱ་བ་ལ། ཁྲུས་ནི་རྣམ་པ་གཉིས་ཏེ། དབང་བསྐུར་བའི་ཁྲུས་དང་། འཇུག་པའི་ཁྲུས་སོ།། དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ།། དེ་ལ་དེ་ནི་དུས་ཡིན ་ནོ་ཞེས་བྱ་བ་ནི། སོ་ག་རྣམས་ཀྱི་ལྷག་མ་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ཐོག་མའི་ཟླ་བ་སྟེ། དབྱར་ཟླ་ར་བ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ།། ལྷག་མ་ནི་ན་བ་དུས ་སོ་ཞེས་བྱ་བ་ནི། ། ཁྲུས་མ་བྱས་ན་ན་བར་འགྱུར་བའོ།། ལས་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། ལས་དག་བྱས་པས་དེ་དག་དུབ་པར་གྱུར་པའོ།། ལམ་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། ལས ་དག་བྱས་པས་དེ་དག་དུབ་པར་གྱུར་པའོ། ། ལམ་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། དཔག་ཚད་ཕྱེད་དམ་དཔག་ཚད་གཅིག་གི་ལམ་ནས་འོངས་པས་དེ་དག་དུབ་པར་གྱུར་པའོ།། རླུང་དུས་སོ་ཞེས ་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། རླུང་གིས་དཀྲུགས་པར་གྱུར་པ་སྟེ། ཐན་ཆོས་གོས་ཀྱི་གྲཝ་ཙམ་རླུང་གིས་བསྐུལ་བར་གྱུར་པའོ།། ཆར་དུས་སུ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། ཆར་གྱི་ཐིགས་པ་གཉིས ་སམ་གསུམ་ལུས་ལ་བབ་པར་གྱུར་པ་ནི་ཆར་གྱི་དུས་ཡིན་ནོ། ། རྫི་ཆར་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། དེ་རླུང་གིས་ཀྱང་བསྐུལ་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་ཡང་ལུས་ལ་བབ་པར ་གྱུར་པའོ། ། སུང་བྱེད་དོ་ཞེས་བྱ་བ་ནི་གངམ་བཞིན་ན། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དབང་བསྒྱུར་བའི་ཁྲུས་ཀྱིས་ཁྲུས་བྱེད། དེས་དུས་བྱེན། ་གྱོས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབས་ན། ཇི་སྲིད་དུ་ཆུ་ལྕི་བར་སོན་གྱིས་བར་དུ་ནི་ཉེས་བྱས་སོ།། ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ།། དགེ་སློང་མས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱེད་ན། དེས་དུས་བྱིན ་གྱིས་བརླབ་པར་བྱའོ། ། བྱིན་གྱིས་མ་བརླབས་ན། ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དབང་བསྐུར་བའི་ཁྲུས་བྱས་ནས་འཇུག་པའི་ཁྲུས ་འདོད་ན་དུས་གཞན་བྱིན་གྱིས་བརླབ་པར་བྱའོ། ། བྱིན་གྱིས་མ་བརླབས་ན། ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་བྱ་བ་ནས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱས་ནས ་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་པར་འདོད་ན། དེ་ཡང་ཞེས་བྱ་བ་ནས། ཇི་སྲིད་དུ་ཆུས་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དྲན་མོའི་ཁྲུས་བྱས་ནས་བསིལ ་བའི་ཁྲུས་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་བསིལ་བའི་ཁྲུས་བྱས་ནས་དྲོན་མོའི་ཁྲུས་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། ་དེ་བཞིན་དུ་གལ་ཏེ་ཁྲུས་དེ་ཉིད་ཀྱིས་ཡང་བྱེད་པར་འདོད་ན། དེ་སྲིད་དུ་དུས་གཞན་བྱིན་གྱིས་བརླབ་པར་བྱའོ།། གལ་ཏེ་བརྒྱལ་བ་ལ་ཆུས་གཏོར་བ་དང་། རྒལ་ཏེ་འགྲོ་བ་དང་། མཆོངས་པ་ན་ཆུར་ལྟུང་བ་དང་། ་ཆུ་བ་རྒལ་བའམ། མཚོ་ཆེན་པོ་རྒལ་བན་ནུར་ནུབ་པ་ལ་ནི་ལུང་བ་མེད་དོ།། སྨྱུང་བྱེད་ལྔ་པའི་གསུམ་པ་རྫོགས་ས། གླེང་གན་ནི་མཉན་ཡོད་ནའོ།། གང་ག་ཚ་བཅོམ ་ལྡན་འདས་ཀྱིས་འཆར་ཀ་ལས་བརྟེན་ཏེ། ཆེད་དུ་བསམས་པའི་དུད་འགྲོའི་སྐྱེ་གནས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་ཆེད་དུ་བསམས་པ་དང་། ་ཆེད་དུ་མ་བསམས་པར་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ། དུད་འགྲོའི་སྐྱེ ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི་སྲོག་ཅོད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆེད་དུ་བསམས་ནས་ཞེས་བྱ་བ་ནི་རྣམ་པར་བཏགས ་ནས་སོ། ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཞེས་བྱ་བ་ནི་ཐ་ན་གྲོག་སྦུར་ཙམ་ཡང་ངོ་།། སྲོག་གཅོད་ན་ཞེས་བྱ་བ་ནི་དེའི་སྲོག་ལ་གནོད་པར་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆེད་དུ་བསམས་ཏེ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི་སྲོག་བཅད་ན་ཐམས་ཅད་དུ་ལྟུང ་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ལྔ་པའི་བཞི་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ཆེད་དུ་བསམས་བཞིན་དུ། ་དགེ་སློང་མ་རྣམས་ལ་འགྱོད་པ་སྐྱེད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ། དགེ་སློང་མ་ལ་ཅི་ནས་ཀྱང་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་རེག་པར་མི་འགྱུར་བར་བྱའོ།། ཞེས་དེ ་ཉིད་རྐྱེན་དུ་བྱས་ཏེ་དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ།། ་འགྱོད་པ་སྐྱེད་ན་ཞེས་བྱ་བ་ནི་འགྱོད་པ་སྐྱེད་པའི་བསམ་པ་ཅན་གྱི་ངག་དང་། ཚིག་དང་། རྗོད་པ་དང་ཞེས་བྱ་བ་ནས།། ངག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་གཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆེད་དུ་བསམས་ཏེ། འགྱོད་པ་སྐྱེད་པའི་བསམ་པས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཕུ་ནུ་མོ་རྒྱལ་པོ་ཆེ་གེ་མོ ་འམ། ཚོང་དཔོན་ཆེ་གེ་མོ་འམ། ས་གཡོས་པ་འམ། ཟླ་བ་གཟས་ཟིན་པའམ། ཉི་མ་གཟས་ཟིན་པ་འམ། ཕྱོགས་ཚིག་པ་དྲན་ནམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་མི་དྲན་ནོ་ཞེས་ཟེར་བ་དང་། དེ་འདི་སྐད ་ཅེས་དུས་སྔར་བྱུང་བ་ཡིན་པས་ཕུ་ནུ་མོ་ཁྱོད་ནི་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་གྱུར་ཏེ། ཕུ་ནུ་མོ་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་པས་སླར་ཡང་བསྙེན་པར་རྫོགས་དགོས་སོ་ཞེས་སྨྲས་ན། དགེ ་སློང་མ་འགྱོད་པ་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། འགྱོད་པ་སྐྱེད་པ་གང་ཡིན་པ་དེ་ལ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་ཕུ་ནུ་མོ་ཁྱོད་ཀྱི་མཁན་མོ་སུ་ཡིན། དེ་འདི་སྐད་ཅེས་ཆེ་གེ་མོ་ཡིན་ནོ་ཞེས་ཟེར་བ་ན། ་དའདི་སྐད་ཅེས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་དེ་ནི། དགེ་འདུན་གྱིས་གནས་ནས་དབྱུང་བའི་འཕྲིན་ལས་མཛད་པ་ཡིན་ནོ་ཞེས་སྨྲས་པ་ན། དགེ་སློང་མ་དེ་འགྱོད་པ་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་ཞེས་བྱ ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཚུལ་ཁྲིམས་འཆལ་པ་ཡིན་ནོ་ཞེས་ཟེར་ན། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕུ་ནུ་མོ་གནས་གང་དུ་བོསྙེན་པར་རྫོགས། དེ་འདི་སྐད་ཅེས ་གནས་ནི་ག་གེ་མོ་ཞིག་ཏུ་བསྙེན་པར་རྫོགས་སོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་གནས་དེ་ནི་མཚམས་མ་བཅད་པ། དེ་ནི་དཀྱིལ་འཁོར་བར་མི་མངོན་པ་མི་མཐུན་པ་འཁྲུགས་པས། ཁྱོད་བསྙེན་པར་རྫོགས ་ཀྱི་མཐུན་པས་མ་ཡིན་པས། ཕུ་ནུ་མོ་ཁྱོད་ནི་བསྙེན་པར་མ་རྫོགས་པ་ཡིན་གྱིས་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕུ་ནུ་མོ་མཁན་མོ་དང་སློབ་དཔོན་གྱི་གོས་དག་ལེན་ནམ། དེ་འདི་སྐད ་ཅེས་ལེན་ནོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་ཁྱོད་ནི་ཕས་ཕམ་པར་འགྱུར་བའི་ལྟུང་འབྱུང་བ་ཡིན་ནོ་ཞེས་སྨྲས་ན་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕུ་ནུ་མོ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད ་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་རབ་ཏུ་སྟོན་ཏམ། དེ་འདི་སྐད་ཅེས་རབ་ཏུ་སྟོན་ཏོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་ཁྱོད་ཀྱིས་མིའི་ཆོས་བླ་མ་སྨྲས་པས ་ཁྱོད་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་ཟེར་བ་ཡང་ངོ་། ། དེ་བཞིན་དུ་ཕུ་ནུ་མོ་ཕྱོགས་ག་གེ་མོ་ཞིག་ཏུ་འགྲོ་འམ། དེ་འདི་སྐད་ཅེས་འགྲོའོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་གཏུམ་པོ ་རྣམས་ཀྱིས་གནས་བཏབ་པའི་ཕྱོགས་ཡིན་པས། ཁྱོད་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བར་འགྱུར་དུ་འོང་ངོ་ཞེས་སྨྲས་ནས་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕུ་ནུ་མོ་ཤ ་དང་། ཉ་དང་། ཤ་སྐམ་དང་། ཆུར་བ་དང་། འོ་མ་དང་། ཞོ་དང་། མར་སར་ཟའམ། རེས་འདི་སྐད་ཅེས་ཟའོ་ཞེས་སྨྲས་པ་ན། དེ་འདི་སྐད་ཅེས་ཁྱོད་ཁ་ཟས་དེ་ལྟ་བུ་ཟ་ན་མཛེ་དང་། འབྲུམ་བུ་ཕྲ་མོ་དང་། ་ཤ་བ་ཀྲ་དང་། ཤ་གཟིག་གུ་དང་། ཤུ་བ་དང་། གཡའ་བ་དང་། ཁྱི་རྔོ་དང་། སྐྱུག་བྲོ་བ་དང་། སྐྱ་ཟ་བ་དང་། སྐེམ་ནད་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། སྐེམ་པ་སྟེ། ནད་ཀྱི་རྣམ་པ་དེ་ལྟ་བུ་དག ་ཁྱོད་ལ་འབྱུང་བར་འགྱུར་རོ་ཞེས་སྨྲས་ན་དགེ་སློང་མ་འགྱོད་པར་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ།། དེ་ལ་དོན་གཞན་ཞེས་བྱ་བ་ནི། ཕྲ ་ནུ་མོ་རྒྱལ་པོ་ཆེ་གེ་མོ་དྲན་ནམ། དེ་འདི་སྐད་ཅེས་དྲན་ནོ་ཞེས་ཟེར་ན། དེ་འདི་སྐད་ཅེས་རྒྱལ་པོ་དེ་ནི་ཡུན་རིང་མོ་ཞིག་ལོན་པས། གུ་རུ་མོ་ཁྱོད་ལ་ཉི་ཤུ་ཚང་ཞིང་ལེགས་པར་བསྙེན་པར་རྫོགས་པ་ཡིན་གྱིས།། ཁྱོད་ལ ་སུས་ཅི་སྨྲས་ཀྱང་འགྱོད་པར་མ་བྱེད་ཅིག་ཅེས་བྱ་བ་དང་། དེ་བཞིན་དུ་ཕྱོགས་ཚིག་པ་དང་ནི་བྱ་བ་ནས། དེ་བཞིན་དུ་ཁྱོད་ཀྱི་མཁན་མོ་ནི་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་བསྙེན། ་པར་རྫོགས་པའི་གནས་ནི་མཚམས་བཅད་པ་དེ་ནི་དཀྱིལ་འཁོར་བར་མངོན་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་ཀྱི་ལྷག་པར་ཉ་འམ་ཤ་འམ་ཞེས་བྱ་བ་ནས། མར་སར་གྱི་བར་དག་མ་ཟོས་གྲང་། ཁྱོད་ན་བར་གྱུར་དུ ་འོང་ངོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་དོན་གཞན་ཡིན་ནོ།། འདུལ་བའི་ཡོ་བྱད་ཇི་ལྟ་བུ་ཞེ་ན། ཕུ་ནུ་མོ་ཁྱོད་ཀྱིས་རྐུ་སེམས་ཀྱིས་མཁན་མོ་དང་སློབ་དཔོན་དག་གི་གོས་བླངས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ལྟུང་བ ་དང་བཅས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ཁྱོད་མིའི་ཆོས་བླ་མའི་གཏམ་སྨྲ་བའི་བསམ་པས་གཏམ་མ་སྨྲས་གྲང་ཞེས་བྱ་བ་དང་། ཁྱོད་གནས་དེར་མ་སོང་ངམ། ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་རྣམས ་དང་མི་མཐུན་པར་མ་གྱུར་གྲང་། མི་འགྱུར་གྲང་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ་བྱད་ཡིན་ནོ།། །། བར་སྡོམ་ནི། རིགས་དང་བསྙེན་པར་རྫོགས་པ་དང་།། མཁན་པོ་ཉིད་དང་དེ་འཕྲོག་དང་།། ་འགྲོ་བ་དང་ནི་སྨྲ་བ་དང་།། དོན་ཉིད་དང་ནི་འདུལ་བའོ།། ལྟུང་བྱེད་ལྔ་པའི་ལྔ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་རྒོད་པའི་བསམ་པས ་སོར་མོས་དགེ་སློང་མ་རྣམས་ཀྱིས་མཚན་ཁུང་དག་ཏུ་འཛུགས་ཤིང་གག་ཚིལ་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ།། ་མོས་ཞེས་བྱ་བ་ནི་ག་ག་ཚལ་བྱ་བའི་བསམ་པ་ཅན་གྱི་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སོར་མོ་གཅིག་གིས ་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། ། དེ་བཞིན་དུ་གཉིས་དང་། ལྔའི་བར་གྱིས་བྱེད་ན་ལྟུང་བྱེད་ལྔའོ།། གལ་ཏེ་སྨེ་བ་འམ་ནག་ནོག་སྟོན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པའི་དྲུག་པ་རྫོགས་སོ།། ། ་། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལས་བརྟེན་ཏེ། ཆུ་ལ་རྩེ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་ཆུར ་ཞུགས་ནས་རྩེ་བར་བྱེད། རྩེར་འཇུག་པར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བམ་མཛད་དམ། དེ ་ངདག་གིས་འདི་སྐད་ཅེས་དགེ་སློང་དག་ལ་ཡིན་གྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཆུ་ལ་རྩེ་ན་ལྟུང་བྱེད་དོ།། ཚུལ་ཞེས་བྱ་བ་ནི། དགེ་སློང་མ ་རྩེ་བའི་བསམ་པ་ཅན་གྱི་ངག་དང་ཚིག་དང་ཞེས་བྱ་བ་ནས། ངག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ན་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཛི། ་འགྱུར་ཞེ་ན། གཞི་དགུ་ལས་ཏེ་དགེ་སློང་མས་ཆུར་རྩེ་བའི་བསམ་པས། ཆུར་འཇུག་པར་འདོད་པ་དང་། རས་ཀྱིས་འཚོང་པ་དང་། ཆུར་འཇུག་པ་དང་། བྱིའུ་ཟུལ་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ ་སྟེང་དུ་འབྱུང་བར་བྱེད་པ་དང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དང་། རྒྱུན་ཕྱོགས་ནས་བཟློག་ཕྱོགས་སུ་རྩོལ་བར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཆུ་ལ་རྔའི་སྒྲ་འབྱིན་ན་ལྟུང ་བྱེད་དོ། ། དེ་བཞིན་དུ་ཆུ་ལ་རྫ་རྔ་ཁ་གཅིག་པའི་བར་གྱི་སྒྲ་འབྱིན་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་ཆུ་ཕན་ཚུན་དུ་འཐོར་བར་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མས་ཆུ་ལ་དགའ་བར་བྱེད་ན ་ལྟུང་བྱེད་དོ། ། དགའ་བར་བྱེད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་རྩེ་བ་དང་། རྩེར་འཇུག་པ་དང་། མགུ་བར་བྱེད་པ་དང་། མགུ་བར་བྱེད་དུ་འཇུག་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ ་རྒོད་པ་དང་། འཕྱར་གཡེང་གིས་ལུས་ཀྱིས་སྙོམས་པར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཐ་ན་བུམ་པའི་ཆུ་ལ་སོར་མོའི་བིམ་ཏིལ་གྱིས་རྡེག་ན་ཡང་ཉེས་བྱས་སོ།། དེ་བཞིན་དུ་ཆུ་སྣོད་དང་། ་ཤ་ལུ་དང་། འབྲས་ཁུ་དང་། ཐུག་པ་ཡང་ངོ་།། ནད་པས་ཚེ་བའི་བསམ་པས་ཐུག་པ་འམ། ཤ་ཁུ་ལ་བེམ་ཏོལ་གྱིས་རྡེག་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པའི་བདུན་པ་རྫོགས་སོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལས་བརྟེན་ཏེ། བུད་མེད་དང་གནས་གཅིག་ཏུ་ཉལ་བའི་བསྒྲུབ་པའི་གཞི་བཅ ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་སྐྱེས་པ་དང་གནས་གཅིག་ཏུ་ཉལ་བར་བྱེད་དོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས། བཅུ་གཉིས་སྡེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་བཅོམ་ལྡན ་འདས་ཀྱིས། གནས་གཅིག་ཏུ་ལྷན་ཅིག་ཏུ་ཉལ་བའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་ཡིན་གྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་པ་བཅའ་བའི་བར་དུ་མཛད་དེ།། ་ཡང་དགེ་སློང་མ་གང་སྐྱེས་པ་དང་གནས་གཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི། ་སྐྱེས་པའི་དབང་པོ་དང་ལྡན་པ་དང་ངོ་།། གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི། གནས་བཞི་པོ་དག་ཏུ་སྐྱ་རེངས་འཆར་བར་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སྟེང་ཁང་གི་གཞོན་ཉལ་བར་བྱེད་ལ། སྐྱེས་པ་ནི་ཤོད་ན་ཉལ་ནོ།། དགེ་སློང་མ་དེས་སྐས་བཏུལ་བར་བྱའོ།། གལ་ཏེ་ཐེམ་སྐས་ཡིན་ན། དེར་ཡང་གཏན་པས ་སྒོ་བཅད་ལ། དེའི་འོག་ཏུ་ཉལ་བར་བྱའོ།། གལ་ཏེ་སྐས་མ་བརྟུལ་ཏམ། གཏན་པས་སྒོམ་བཅད་པར་གློས་ཕབ་སྟེ་ཉལ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་བར་ཁང་ན་སྐྱེས་པ་ཉལ་ལ། ་ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན་ཡང་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྟེང་ཁང་ན་སྐྱེས་པ་ཉལ་ལ། ཤོད་དུ་དགེ་སློང་མ་ཉལ་བར་བྱེད་ན། སྐས་བརྟུལ་བར་བྱ་བ་འམ། གཏན་པས་སྒོ ་གཅད་པར་བྱའོ། ། མ་བྱས་པར་ཉལ་བར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་བར་ཁང་ན་སྐྱེས་པ་ཉལ་ལ། ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན་ཡང་ལྟུང་བྱེད་དོ།། དེ་བཞིན་དུ་ཕྱུགས་ར་ལ་སོགས་པ ་དག་ཏུ་ཡང་ཞེས་བྱ་བ་ནས། དེར་ཡང་ཤིང་དང་། ས་བ་མོ་དང་། རེ་ལྡེ་དག་གིས་འཁོར་བ་ར་བསྐོར་བར་བྱའོ་ཞེས་བྱ་བ་ནས། མ་བྱས་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཇི་ཙམ་ཅུང་ཟད ་སྐྱེས་པ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ལྔ་པའི་བརྒྱད་པ་རྫོགས་སོ།། །། བམ་པོ་ཉི་ཤུ་གཅིག་པ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་རྒོད་པའི་བསམ་པས་མི་སྡུག་ཅིང་། མི་སྡུག་པ་དག་གིས་དགེ་སློང་མ་གཞོན་ནུ་རྣམས་ལ་སྤངས་པར་བྱེད། སྔངས་སུ་འཇུག་པར་བྱེད ་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློངས་གང་དགེ་སློངས་རྣམས་རྫུངས་པར་བྱེད་དུམ། བླངས་པར་བྱེད་དུ་སྨྲས།། ཀུན་པ་ག་ཀྱིབས་མ་སྣང་ན་སྨྲས ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། སྔངས་པར་བྱེད་དམ་ཞེས་བྱ་བ་ནི་རང་གིས་སོ།། སྔངས་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་རྣམས་ལ་སྤངས་པར་བྱ་བའི་བསམ་པས་མ་སྡུག་ཅིང་མི་སྡུག་པ་དག་ཉེ་བར་དོང་ཞིང་། གནག་ཅིང་གནག་པ། སོལ་བའི ་དོག་འདྲ་བ་ཡིད་དུ་མི་འོང་བ་འདི་ལྟ་སྟེ། སྡོང་དུམ་ཚིག་པ་འདྲ་བ་དག་ཉེ་བར་དོང་ནས་འདི་སྐད་ཅེས། གཟུགས་འདི་འདྲ་བ་དག་གི་གནོད་སྦྱིན་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ལུས ་སྲུལ་པོ་དང་། སྲུལ་པོ་རྣམས་ཁྱོད་ཀྱི་དྲུང་དུ་འོངས་ནས། དེ་དག་གིས་གསོད་པར་འགྱུར། སྲོག་དང་ཕྲལ་བར་འགྱུར་རོ་ཞེས་སྨྲས་ན། དགེ་སློང་མ་སྤངས་པར་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། ་དེ་བཞིན་དུ་སྒྲ་འབྱིན་པར་བྱེད་པ་འདི་ལྟ་སྟེ། སེང་གེ་དང་། སྟག་དང་། སྦྱང་ཀི་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་དང་། ཤ་ཟ་རྣམས་ཀྱི་སྒྲ་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་དྲི་འབྱིན་པར་བྱེད་པ་འདི་ལྟ་སྟེ། ངན་སྐྱུགས་དང་། གཅིན་གྱི་དང་། རའི་དང་། ར་རལ་པ་ཅན་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་ལ་སོགས་པའི་དྲི་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད ་གཉིས་བྱ་བའི་བར་ར། ། དེ་བཞིན་དུ་རེག་པན་ཆགས་འབྱིན་པར་བྱེད་པ་འདི་སས། ཤིང་དང་། སབ་མ་དང་། ར་དང་། ཟུར་བ་རྣམས་ཀྱི་དང་། དབཞིན་དུ་མ་དགས་ལ་སོགས་པའི་རིག་པ་ཚོགས ་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མ་ལ་སྤངས་པར་བྱ་བའི་བསམ་པས། ཡིད་དུ་འོང་བའི་གཟུགས་དག་སྟོན་པར་བྱེད་པ་འདི་ལྟ་སྟེ། རྒྱལ་རིགས་ཤིང་ས་ལ་ཆེན་པོ ་ལྟ་བུ་དང་། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་ཏེ། གཟུགས་འདི་འདྲ་བའི་ལྷ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཏེ། དགེ་སློང་མ ་སྔངས་པར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས་བྱས་སུ་འགྱུར་རོ། ། དེ་བཞིན་དུ་སྒྲ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། པི་ཝ་ང་དང་ལྕགས་ཀྱི་སིལ་ཁྲོལ་དང་། འཁར་རྔ་དང་། ཤིན་ཏུ་དབྱངས ་སྙན་རྣམས་ཀྱི་སྟེ། སྒྲ་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དྲི་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། ཨ་ཀ་རུ་དང་། ཙན་དན་དང་། དུ་རུས་ཀ་དང ་ག་པུར་ལ་སོགས་པའི་སྟེ། དྲི་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རེག་པ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། དར་དང་། རས་དང་། གོས་དང་། ་དར་ལ་དང་། དུ་གུ་ལའི་གོས་རྣམས་ཀྱི་སྟེ། དྲི་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས།། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། ལྟུང་བྱེད་ལྔ་པའི་དགུ་པ་རྫོགས་སོ།། གླེང་གཞིན ་མཉན་ཡོད་ནའོ། ། གང་གི་ཚེ་བཅུ་བདུན་སྡེ་རྣམས་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྦེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས ་སྡེ་རྣམས་རྒོད་པའི་བསམ་པས། དགེ་སློང་མ་རྣམས་ཀྱི་གོས་དག་སྦེད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དགེ་སློང་གི་འམ། དགེ་སློང་མ་འམ། དགེ་སློང་མའི་འམ། དགེ་ཚུལ་ལམ་དགེ་ཚུལ ་མའི་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བ་འམ། ཚྭ་ཁུག་གམ། སྐ་རགས་སྦེད་དམ། སྦེང་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ་དགེ་སློང་ངམ་ཞེས་བྱ་བ་ནི་ཆོས་འདི་པའོ།། དགེ་སློང་མ་འམ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་མའིའོ།། དགེ་སློང་མའི་ཞེས་བྱ་བ་ནི། དགེ་སློང་མའི་བསླབ་པ་ལ་སློབ་པ་གང་ཡིན ་པའོ། ། དགེ་ཚུལ་དང་ཞེས་བྱ་བ་ནི་གཞོན་ནུའོ།། དགེ་ཚུལ་མ་ཞེས་བྱ་བ་ནི་གཞོན་མའོ།། ལྷུང་བཟེད་དམ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལ་སོགས་ཏེ། ཟ་ན་སྣོད་ཅིག་ཤོས་ཀྱང་ཡིན་ནོ།། ཆོས ་གོས་སམ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། ། དྲ་བ་འམ་ཞེས་བྱ་བ་ནི་དྲ་བ་ཉིད་དོ།། ཚྭ་ཁུག་གམ་ཞེས་བྱ་བ་ནི་ལན་ཚྭའི་སྣོད་དོ།། ས་རགས་ཞེས་བྱ་བ་ནི་ལྕག་པོད་དམ། རྒྱ་ཅང་གང་ཡང ་རུང་བ་སྟེ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཅི་ཡང་རུང་། གང་སྦས་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་བཞག་སྟེའོ།། ལྟུང་བྱེད ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་ན་རྐྱེན་མ་གཏོགས་ཏེ་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ། ། ལྟུང་བྱེད་ལྔ་པའི་བཅུ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་དང་། དགེ་སློང་མ་རྣམས་སུ་འཐབ་ཅིང་མཚ ་འདྲུ་བར་བྱེད་དོ། ། ཁྲོས་ཤིང་ཞེ་སྡང་བའི་ཟིལ་གྱིས་ནོན་ནས། གཞི་མེད་པར་དགེ་སློང་མ་རྣམས་ལ་དགེ་འདུན་ལྷག་མས་གླེང་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཁྲོས་ཤིང ་ཞེ་སྡང་ལ་མི་དགའ་བར་འགྱུར་ནས། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་དག་ནི་བཅུ་གཉིས་ཏེ ་དག་གོ། ། ཁྲོས་ནས་ཞེས་བྱ་བ་ནི་སྔ་མ་ཇི་ལྟ་བ་བཞིན་ནོ།། དགེ་འདུན་ལྷག་མས་ཞེས་བྱ་བ་ནི་ཉི་ཤུ་པོ་གང་ཡང་བས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ན། དེ་ལ་རྒྱ ་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་པའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ལྟུང་བ་མ་བྱུང་བའི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། ་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ།། ་དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་མཐོང་ལ། དེས་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བླ་གྲོས་དང་། རྟོགས ་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ།། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ ་བྱུང་བ་མཐོང་ལ། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ནས་འདི ་སྐད་ཅེས། ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ།། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེ་དེ ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། བཟད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས། ཁོ་མོས་དགེ་སློང་མ་ལ ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ། ། དེ་བཞིན་དུ་རིམ་པ་འདིས་དགེ་འདུན་གྱི་ལྷག་མའི་བག་ཙམ་གྱི་བསླབ་པའི་གཞི་ལ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ་དེ་ལྟ་མོད་ཀྱི་དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲོས་ཤིང་ཞེ་སྡང་ལ་མི་དགའ་བས།། གཞི་མེད་པར་དགེ་འདུན་ལྷག་མས་སྐུར་པ་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ལྔ ་པའི་བཅུ་གཅིག་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ཙམ་པའི་ཐག་པའི་ཁྱེའུ་ཞིག་ཆུང་མ་བླངས་ནས་རིང་པོ་མ་ལོན་པར། དེ་རང་གི་ཆུང ་མ་ལ་ཁྲོས་ནས་སླར་ཡང་ཙམ་པར་ཆས་པ་ན། དེའི་ཚེ་སྦོམ་དགའ་མོ་ལམ་ཀ་ན་འདུག་པ་དེས། ཁྱེའུ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་གར་འགྲོ།། དེས་འདི་སྐད་ཅེས ་སྨྲས་སོ། ། ཙམ་པར་མཆིའོ།། དེ་ནས་སྦོམ་དགའ་མོ་དེ་དང་ལྷན་ཅིག་ཆས་པ་དང་། ཐ་ག་པའི་ཆུང་མ་ཁང་ཐོག་ན་འདུག་པ་དེས། ཁྱིམ་ཐབ་དགེ་སློང་མ་ཞིག་དང་འགྲོགས་ཏེ་འགྲོན་ལམ་དུ་ཞུགས་ཏེ། ་སོང་བ་མཐོང་ངོ་།། མཐོང་ནས་ཀྱང་སྐད་ཆེན་པོར། ལ་མའི་ཁྲིམ་ཐབ་ཀྱིས་དགེ་སྦྱོང་མ་ཞིག་ཁྲིད་ནས་ཐོས་ས་ནས་བསྒྲགས་པ་དང་། དེ་ནས་ཐག་པ་རབ་ཏུ་མང་པོས་སྦོམ་དགའ་མོ་ལ་བརྡེགས་སོ།། ་དེ་ནས་མིག་ཕུབས་སྐྲངས་ཤིང་དབྱར་ཁང་དུ་སོང་བ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ་ལས། དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི ་བཅམ་ནན་འདས་ལ་གསལ་ཀ། དནས་བཅམ་ཅན་འདས་ཀྱིས་ཟུང་བ་འདིད་ཤེས་བྱ་ནས། བཐབཔ་བཅའ་ང་། ་དགེ་སློང་མ་གང་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན།། ཟ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་རོའོ།། ་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི། གང་དུ་བུད་མེད་མེད་པར་རོ།། འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན་ཞེས་བྱ་བ་ནི། དགོན་པའི་ལམ་དུ་འགྲོ་ནའོ།། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ཞེས་བྱ ་བ་ནི། གྲོང་ནས་གྲོང་དུ་འགྲོ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་མེད་པར་སྐྱེས་པ་དང ་ལྷན་ཅིག་གྲོང་ནས་གྲོང་བར་དུ་འགྲོ་བ་ན། རྒྱང་གྲགས་ཕྱེད་ཕྱེད་དུ་སོང་ན་དེ་ལ་ཉེས་བྱས་སོ།། རྒྱང་གྲགས་རྒྱང་གྲགས་སུ་ནི་ལྟུང་བྱེད་དོ།། ལྟུང་བྱེད་ལྔ་པའི་བཅུ་གཉིས་པ་རྫོགས་སོ།། ་། སྡོམ་ལ། རྐུན་མ་དང་ནི་ལྷན་ཅིག་མིན། མི་བརྐོ་འགྲོན་པོས་བསླབ་པ་དང་། ཉན་རྣ་སྡང་དང་མགུས་དང་། ཆང་འཐུང་དུས་མིན་རྒྱུ་བའོ།། གླེང་གཞི་ནི་མཉན ་ཡོད་ནའོ། ། དེའི་ཚེ་སྦོམ་དགའ་མོ་རྒྱལ་པོའི་ཁབ་ནས་ཤོ་གམ་འདྲལ་བའི་ཚོང་པ་རྣམས་དང་ལྷན་ཅིག་མཉན་ཡོད་དུ་ཆས་ཏེ། དེ་ནས་ཤོ་གམ་འདྲལ་བའི་ཚོང་པ་དང་ལམ་གོལ་བ་ནས་དོང་བ་ན། ་གམ་པ་དག་གིས་སླེབས་ནས། དེར་སྦོམ་དགའ་མོ་ཡང་བརྡེགས་སོ།། དེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་བྱོན་པ་ལེགས་སོ།། ཤོ་གམ་པ་དག་གིས ་མ་གཙེས་གྲང་ཞེས་དྲིས་པ་དང་། དེས་སྐབས་དེ་རྒྱས་པར་སྨྲས་པ་ལས། དགེ་སློང་མ་རྣམས་ཀྱིས་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས ་གང་ཅི་བྱུང་བ་དེ་ཐམས་ཅད་ནི། དགེ་སློང་མ་གང་ཀུན་པོའི་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས ་བསྒྲུབ་པ་བཅའ་བའི་བར་དུ་མ་འདང་། ཡང་དགེ་སློང་མ་གང་རྐུན་པོའི་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ན ་སྦོམ་དག་རརའོ། ། ཀུན་པའི་དོན་མཐུན་དང་ནས་བྱ་བ་ནི་ཤོགས་འབྲལ་བའི་ཚོང་པའམ་རྐུན་པོ་དེང་ང་།། འཚུན་ལམ་དུ་ཞེས་བྱ་བ་ནི་དགནི་ངའི་ལམ་དུ་ཞུགས་ཏེ་འདང་ནའོ།། ལྟུང་བྱེད་དོ་ཞེས ་ནི་གངམ་བཞིནནདེ་ལལུང་བར་ཇི་ལྟར་འགྱུར་ན་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྐུན་པོའི་རིན་མཐུན་དང་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ།། རྒྱང་གྲགས་སྤྱོད་པྱོད་དུ་ནི ་བྱས་སུ་འགྱུར་རོ། ། རྒྱང་གྲགས་རྒྱང་གྲགས་སུན་སྲུང་བྱེད་དོ།། ལུང་བྱེད་དྲུག་པའི་དང་པོ་རྫོགས་སོ། གླེང་གཞི་ན་མཉན་མེ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱི ་དྲུག་སྡེ་རྣམས་ལས་བརྟེན་ཏེ། རང་གི་ལག་གིས་ས་རྐོ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་རང་གི་ལག་གིས་ས་རྐོ་བར་བྱེད ་རྐོར་འཇུག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ས་རྐོའམ། རྐོར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ་ས་ཞེས་བྱ་བ་ལས་ནི་གཉིས་ཏེ། རང་བཞིན་ཅན་དང་། རང་བཞིན་ཅན་མ་ཡིན་པའོ།། དེ་ལ་རང་བཞིན་ཅན་ཞེས་བྱ་བ་ནི་ཆར་ཆུ་ཞོང་པའི་དུས་སུ་ཟླ་བ་གསུམ་གྱིས་ས་རྟས་པར་གྱུར་པ་སྟེ། ་འདི་ནི་རང་བཞིན་ཅན་གྱིས་ཞེས་བྱ་བའོ།། རང་བཞིན་ཅན་མ་ཡིན་པའི་ས་གང་ཞེ་ན། གང་གི་ཚེ་ཆར་མ་བབ་པ་དེའི་ཚེས་མརྟས་པར་གྱུར་པ་སྟེ། འདི་ནི་ས་རང་བཞིན་ཅན་མ་ཡིན་པ་ཞེས་བྱའོ།། ་རྐོན་ཞེས་བྱ་བ་ནི་རང་གིས་སོ།། རྐོར་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རང་བཞིན་ཅན ་གྱིས་དོན། ། གོ་བ་ན་དེ་ལ་ལྟུང་བྱེད་དོ།། རང་བཞིན་ཅན་མ་ཡིན་པ་གོན་ཉེས་བྱས་སོ།། དགེ་སློང་མས་ས་ལ་ཕུར་པ་འདེབས་ན་ལྟུང་བྱེད་དོ།། འབྱིན་ན་ཉེས་བྱས་སོ།། དགེ་སློང་མས་ས་ཞག་འ་གགས ་པར་བྱེད་ན། གལ་ཏེ་སའི་ཁམས་ནི་ཆེས་མངལ། ས་ཞག་ནི་ཆེས་སྲབ་པར་གྱུར་ན་ལྟུང་བྱེད་དོ།། ས་ཞག་གི་ཁམས་ནི་ཆེས་སྟུག་ལ། སའི་ཁམས་ནི་ཆེས་སྲབ་པར་གྱུར་ན་ཉེས་བྱས་སོ།། དེ་བཞིན ་དུ་ལྕི་བ་ནི་ཆེས་མང་ལ། སའི་ཁམས་སམ་བྱེ་མ་ནི་ཆེས་ཉུང་ན་ཉེས་བྱས་སོ།། དགེ་སློང་མས་ས་ལ་བྱེ་ཞག་འགོགས་པར་བྱེད་ན། སའི་ཁམས་ནི་ཆེས་སྟུག་ལ། བྱེ་མའི་ཁམས་ནི་ཆེས་སྲབ་ན ་ལྟུང་བྱེད་དོ། ། བྱེ་མའི་ཁམས་ཆེས་མང་ལ། སའི་ཁམས་ནི་ཆེས་སྲབ་ན་ཉེས་བྱས་སོ།། དོགས་མ་གྲུམ་པ་བརྟིབ་པར་བྱེད་ན་ལྟུང་བྱེད་དོ།། གྲུམ་པ་ལ་ནི་ཉེས་བྱས་སོ།། རྩིག་པ་མ་གྲུམ་པ ་འཇིག་པར་བྱེད་ན་ལྟུང་བྱེད་དོ། ། གྲུམ་པ་ལ་ནི་ཉེས་བྱས་སོ།། རྩིག་པ་ལ་ཕུར་པས་འདེབས་ན་ལྟུང་བྱེད་དོ།། འབྱིན་ན་ཉེས་བྱས་སོ།། ཞལ་ཞལ་མ་གྲུམ་པ་འགོག་ས་ན་ལྟུང་བྱེད་དོ།། ་གྲུགས་པ་ལ་ནི་ཉེས་བྱས་སོ།། ཐ་ན་རླབས་འདྲལ་བར་བྱེད་ན་ཡང་ཉེས་བྱས་སོ།། འདམ་རྫབ་ལ་ཕུར་པས་སམ། ཕུར་བུས་འདེབས་ན་ཉེས་བྱས་སོ།། འཁྲུག་ན་ཉེས་བྱས་སོ།། ་ཕུར་པ་རྙིང་པའི་མཚན་དུ་ཕུར་པ་འདེབས་ན་ཉེས་བྱས་སོ།། ས་ལ་རི་མོ་འདྲི་ན་ཉེས་བྱས་སོ།། གལ་ཏེ་ལག་གི་གླ་ཞིག་རྩིས་བྱེད་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་གཉིས་པ་རྫོགས་སོ།། ། ་། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ། ཟླ་བ་བཞིར་མགྲོན་དུ་བོས་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ་བཅུ་གཉིས་སྡེ་དེ་དག་གིས་ཟླ་བ་ལྔ་དང་། ཟླ་བ་དྲུག་ཏུ་མགྲོན་དུ་བོས་པ་ཡང་བདག་གིར་བྱེད་པ་དང་། དེ་ནས་དེ་དག་ལ་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་བཅོམ་ལྡན་འདས་ཀྱིས་ཟླ་བ་བཞིའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས། དེ་ནི་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ་སློང་མས ་ཟླ་བ་བཞིར་འགྲོན་དུ་བོས་པ་བདག་གིར་བྱའོ། ། དེ་ལས་འདས་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་འདི་ནི་དུས་ཡིན་ཏེ། སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ ་བོས་པ་དང་། ལྷག་པར་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་དུའོ།། ཟླ་བ་བཞི་ཞེས་བྱ་བ་ན་ཟླ་བ་བཞིའོ།། དེ་ལས་ལྷག་པར་མགྲོན་དུ་བོས་པ་ཞེས་བྱ་བ་ནི ་མགྲོན་དུ་གཉེར་བའོ། ། དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ།། སོ་སོར་ཞེས་བྱ་བ་ནི་ཐ་དད་པར་རོ།། ཡང་དང་ཡང་ཞེས་བྱ་བ་ནི་ཕྱིར་ཞིང་ཕྱིར་ཞིང་ངོ་།། ལྷག་པར་ཞེས ་བྱ་བ་ནི་ཆོག་པར་རོ། ། རྟག་ཏུ་ཞེས་བྱ་བ་ན་ཆུན་དུའོ།། དེ་ལ་འདི་ན་དུས་ཡིན་ཏེ་ཞེས་བྱ་བ་ནི། དེ་ལ་འདིན་རྗེས་སུ་མཐུན་པའི་ཆོས་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་སང་མ་བཞིནན ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཚོད་མ་ལ་མགྲོན་དུ་བོས་ལ། ཁུ་བ་སློང་བ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཕལ་པ་ལ་མགྲོན་དུ་བས ་ལ་བསོད་པ་སློང་ན་ཞེས་བྱ་བ་ནས། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ།། བསོད་པ་ལ་ཞེས་བྱ་བ་ནས།། ཕལ་པ་སློང་ན་ཉེས་བྱས་སོ།། གལ་ཏེ་ནད་པ་ཡིན་ནམ་བསོད ་བརྙེད་ལ། ཕལ་པ་སློང་ངམ་པསྟབས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་གསུམ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། བཅོམ་ལྡན་འདས ་ཀྱིས་ཁ་ཅིག་ནི་དགེ་སློང་ཐུན་མོང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡང་ཡོད། ཁ་ཅོག་ནི་དགེ་སློང་མ་དང་ཐུན་མོང་བ་ཡང་ཡོད། ཁ་ཅིག་ནི་གཉིས་ཀའི་ཐུན་མོང་བ་ཡང་ཡོད་པས། གང་གི ་ཚེ་བཅོམ་ལྡན་འདས་ཀྱིས་གཉིས་ཀའི་ཐུན་མོང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་། དགེ་སློང་མའི་དབྱར་ཁང་དུ་དགེ་སློང་སྒོར་བཏང་ངོ་།། གང་གི་ཚེ་དགེ་སློང་གིས་དགེ་སློང་མ་རྣམ ་ལ་བསྒོ་བ་དེའི་ཚེ། དགེ་སློང་མ་དག་གིས་དགེ་སློང་མ་གཞན་དག་ལ་ཡང་བསྒོའོ།། དེ་ནས་ཡང་དགེ་སློང་མ་དེ་རྣམས་ཀྱིས་བཅུ་གཉིས་སྡེ་རྣམས་ལ་བསྒོ་བ་དང་། དེ་དག་གིས་འདི་སྐད་ཅེས་ཁོ་མོ ་ཅག་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཅག་ལ་བསླབ་པ་མི་སློབ་ཀྱི་ཞེས་བྱ་བ་ནས། ཁོ་མོ་ཅག་ནི་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། ་གཞན་དག་ལ་འདྲིའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་ཁྱོད་ཀྱིས ་བསླབ་པ་འདི་ལས་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དེ་དག་ལ་འདི་སྐད་ཅེས་ཁོ་མོ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱིས་ཚིག་གིས་བསླབ་པ་ལ་མི་སློབ་ཀྱི་ཞེས་བྱ་བ ་ནས། དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། གཞན་དག་ལ་འདྲིའོ་ཞེས་སྨྲ་ན་ལྟུང་བྱེད་དོ།། དགེ་སློང་མ་ཀུན་ཤེས་པར་འདོད་པས། བསླབ་པ་དེ་ལ་ཡང ་བསྒྲུབ་པར་བྱ་ཞིང་། དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ལ་ཡང་འདྲི་བར་བྱ་སྟེ། དེ་ནི་དེ་ལ་ཆོ་ག་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི། བཅུ ་གཉིས་སྡེ་དག་ལའོ། ། དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ནི། ཆོས་འདི་པ་དག་གིས་སོ།། བསླབ་པ་དེ་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི། ཕས་ཕམ་པར་འགྱུར་བ་བརྒྱད ་ཅེས་བྱ་བ་ནས། རྩོད་པ་ཞི་པར་བྱ་བའི་ཆོས་བདུན་ཞེས་བྱ་བའི་བར་རོ།། བྱིས་པ་ཞེས་བྱ་བ་ནི། མདོ་སྡེ་མི་འཛིན། འདུལ་བ་མི་འཛིན། མ་མོ་མི་འཛིན་པ་ནི་བྱིས་པ་ཞེས་བྱའོ།། མི ་མཁས་པ་ཞེས་བྱ་བ་ནི། མདོ་སྡེ་ལ་མི་མཁས། འདུལ་བ་ལ་མི་མཁས། མ་མོ་ལ་མི་མཁས་པ་ནི་མི་མཁས་པ་ཞེས་བྱའོ།། མི་གསལ་བ་ཞེས་བྱ་བ་ནི། མདོ་སྡེ་ལ་མི་གསལ། འདུལ་བ་ལ ་མིགས་ལ། མ་མོ་མི་གསལ་བ་ནི་མི་གསལ་བ་ཞེས་བྱའོ།། འདི་ལྟར་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་གཞན་ལ་འདྲིའོ་ཞེས་བྱ་བ་ནས། མདོ་སྡེ་ལ ་གསལ་བ། འདུལ་བ་ལ་གསལ་བ། མ་མོ་ལ་གསལ་བ་ཞེས་བྱ་བའི་བར་རོ།། དགེ་སློང་མ་ཀུན་ཤེས་པར་འདོད་པ་ཞེས་བྱ་བ་ནི། བསླབ་པ་འདོད་པས་སོ།། བསླབ་པ་དེ་ལ ་ཡང་བསླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་དག་གང་ལ་སློབ་པ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་འདི་སྐད་ཅེས་བུས་པ་ཞེས་ཟེར་ན་ལྟུང་བྱེད་དོ། ། རྨོངས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། མི་གསལ་བ་ཞེས་ཟེར་ན་ལྟུང་བྱེད་དོ།། མི་མཁས ་པ་ཞེས་ཟེར་ན་ལྟུང་བྱེད་དོ། ། ལྟུང་བྱེད་དྲུག་པའི་བཞི་པ་རྫོགས་སོ།། ། 2།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས། དགེ་སློང་མ་དག་འཐབ ་མོ་བྱུང་བ་ལ་ཉན་རྣ་བར་སྒོར་བ་སྡད་ནས། དེ་དག་གིས་ཅུང་ཟད་ཅི་ཐོས་པ་ཚྭ་གིས་ལས་ཐོས་པ་དེ། ཕ་གི་དག་ལ་སྦྲོན་པར་བྱེད་ཅིང་། ཕ་གི་དག་ལས་ཐོས་པ་དེ། ཚུ་གི་དག་ལ ་སྦྲོན་པར་བྱེད་པས། དེས་ན་དགེ་འདུན་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད ་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མ་རྣམས་འཐབ་མོ་བྱུང་བར་གྱུར་ལ། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་བྱུང་ཞིང་འཁོད་པ་ལ། དགེ་སློང་མ་དེ་དག་ཅི་སྨྲ་བ་དེ་བདག་གིས ་མཉན་ལ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་ཞེས་ཅང་མི་སྨྲ་བས་ཉན་རྣ་བྱེད་ཅིང་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ་ཉན་རྣ་བྱེད་ཅིང་འདུག་ན་ཞེས་བྱ་བ་ནི། ཐོས་པར་འདོད་པས་སྨོན་སྡོད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མནང་ན ་འདུག་པར་གྱུར་ལ། གཞན་ཕྱི་ལོགས་ནས་ནང་དུ་འཇུག་ན། དེས་སྐད་བསལ་བ་འམ། རྟིང་ཟླ་འམ། སེ་གོལ་བྱའོ།། མི་བྱེད་དམ་གལ་ཏ་སྒྲ་ཡང་མགོ། དོན་ཀྱང་མགོན་ཉེས་བྱས་སོ།། ་སྒྲ་ཡང་གོ་དོན་ཀྱང་གོ་བར་གྱུར་ན་ལྟུང་བྱེད་དོ།། དེ་བཞིན་དུ་གང་ན་འདུག་པ་ལ་ཡང་རུང་སྟེ་ལྟུང་བྱེད་དོ།། གལ་ཏེ་ཐོས་ན་ཉེ་བར་ཞི་བར་བྱའོ་སྙམ་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་ལྔ་པ་རྫོགས ་། སྨྱེ་ན་ཏན་། ཏུ་དེ་དག་དགེ་སྤྱང་པ་དུན་ས་ས་མརྣམ་པ་གཏནམ་ས་པནྡྷ། མ་སྨྲ་བར་ལས ་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོང་བར་མི་བྱའོ།། དེ་དག་ན་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ་མ་ལགོ་བར་བྱས་ཏེ་འདོང་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས། ཡོ་བྱད་བསྒྱངས་པ་ཞེས་བྱ་བའི་བར་རོ།། ་ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་ག་ནི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན། ཅང་མི་སྨྲ་བར་སྟན ་ལས་ལངས་ཏེ་དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆོས་ཀྱི་གཏམ་རྣམ་པར ་གཏན་ལ་འབེབས་པ་ཞེས་བྱ་བ་ནི། ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་འདི་ལྟ་སྟེ། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ།། ཅང་མི་སྨྲ་བར་ལངས་ཏེ་ཞེས་བྱ་བ ་ནི་ཁ་རོག་སྟེའོ། ། དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་ཞེས་བྱ་བ་ནི་འདུན་པ་མ་བྱིན་པར་རོ།། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི་རྐྱེན་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ན། ཅང་མི་སྨྲ་བས་ལངས་ཏེ་འགྲོ་ན་ཞེས་བྱ་བ་ནས། དོན ་མགོན་ཉེས་བྱས་སོ། ། སྒྲ་མགོ་ལ་དོན་གོ་ན་ལྟུང་བྱེད་དོ།། ལྟུང་བྱེད་དྲུག་པའི་དྲུག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་དང་བཅས ་པ་སངས་རྒྱས་ལ་མ་གུས། ཆོས་དང་དགེ་འདུན་ལ་མ་གུས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། གུས་པར་མི་བྱེད་ན་ལྟུང་བྱེད་དོ།། གུས་པར་མི་བྱེད་ན་ཞེས་བྱ་བ་ལ་གུས་པར་མི་བྱེད ་པོ་ནི་གཉིས་ཏེ། དགེ་འདུན་དང་གང་ཟག་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ལ་ཁང་སྐྱོང་གིས་གནས་མལ་ལོང་ཞིག ་ཅེས་བསྒོ་བ་ན་མི་ལེན་ན་ལྟུང་བྱེད་དོ། ། གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་ཤིང་དེ་མ་བླངས་པ་ལ་ལྟུང་བ་མེད་དོ།། དེ་བཞིན་དུ་སོང་ཞིག་སྨྲོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐམས ་ཅད་ལ་ལྟུང་བྱེད་དུ་འགྱུར་། འདི་ནི་དགེ་འདུན་ལ་ཡིན་ནོ།། གང་ཟག་གིས་ཁན་མོ་དང་སློ་བ་དཔོན་གྱིས་གནས་མལ་འཛིགག་ཅེས་པསྒོ་བ་ན་མི་ཡིན་ན་ཉེས་བྱས་སོ།། མ་སོང་ན་ཉེས་བྱས་སོ།། སྨྲས ་བྱས་སོ། ། མ་སྨྲས་ན་ཉེས་བྱས་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཉེས་བྱས་སོ།། གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་བདུན་པ་རྫོགས ་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་ལ་བརྟེན་ཏེ། བག་མེད་པའི་གནས་མྱོས་པར་འགྱུར་བ་འབྲུའི་ཆང་དང ་བཅོས་ངའི་ཆང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མའི་དགེ་འདུན་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བྱ་སྙམ་དུ་བསམས ་ནས། དགེ་སློང་མའི་དགེ་འདུན་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད ་ནས་བཅོམ་ལྡན་འདས་ལ། དགེ་སློང་མ་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་མ་རྣམས་ཀྱིས་འབྲུའི་སྐྱེམས་དང་། བཅོས་པའི་སྐྱེམས་ཀྱི་བསླབ་པའི་གཞི་ལ་རྫ ་ལྟར་གཟུང་བར་བགྱི། ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་འདི་སྐད ་ཅེས་བཀའ་སྩལ་ཏོ། ། འབྲུའི་ཆང་དང་བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དོ།། འབྲུའི་ཆང་ནས་བྱ་བ་ནི་ཕབས་དང་སྦྱོར་བ་དང་། ཟས་དང་སྦྱར་བའོ།། བཙས་པའི ་ཆང་ཞེས་བྱ་བ་ནི་དགུན་ཆང་དང་། བུ་རམ་ཆང་དང་། རྫས་གཞན་དག་སྦྱར་བའི་འོ།། འཐུང་ན་ཞེས་བྱ་བ་ནི་ལྐོག་མར་མེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་འཐུང་ངམ། འཐུང་དུ་འཇུག་ན་ལྟུང་བྱེད་དོ།། བཅོས་པའི་ཆང་ན་ལྟུང་བྱེད་དོ།། བསྲེས ་པའི་ཆང་ན་ལྟུང་བྱེད་དོ། ། ཆང་གི་ཁ་དོག་ན་ཉེས་བྱས་སོ།། ཆང་གི་དྲི་ན་ཉེས་བྱས་སོ།། ཆང་གི་རོ་ན་ཉེས་བྱས་སོ།། གླུམ་ཟ་ན་ཉེས་བྱས་སོ།། གལ་ཏེ་མཛེ་བྱང་ནས་ཡན་ལག་སྐུད་པ་དང་། ཁ་ནད་ཀྱི ་ཕྱིར་ཁར་བླུགས་ཏེ་འཛིན་པ་དང་བསྐོལ་བ་ལ་ནི་ལྟུང་བ་མེད་དོ། ། ལྟུང་བྱེད་དྲུག་པའི་བརྒྱད་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས ་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལས་བརྟེན་ནས། དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་གྲོང་དུ་དུས་སུ་ཡང་རྒྱུ་བར་བྱེད། དུས་མ་ཡིན་པར་ཡང ་རྒྱུ་བར་བྱེད་པ་དང་། དེ་དག་ལ་དགེ་སློང་མནས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅད་པ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང ་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དེ་ལྟ་བས་ན་དགེ་སློང་མས་གོ་བར་བྱ་སྟེ་འགྲོ་བར་བྱའོ།། དེ་ནས་དགེ་སློང་མ་ཞིག་གིས་ཁྱིམ་བདག་ཅིག་གི་ཁྱིམ་དུ་ལྷུང་བཟེད་དང་ཆོས་གོས་བཞག་པ་ལས། ཁྱིམ་བདག་གི་ཁྱིམ་དེ་མེ་ཤོར ་ཏོ་ཞེས་དགེ་སློང་མ་དེས་ཐོས་ནས། དེ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་འཁོད་པ་ལ་གོ་བར་བྱ་སྟེ་འགྲོ་བར་བྱའོ་ཞེས་གསུངས་སོ་སྙམ་ནས། ཇི་སྲིད་དུ་དགེ་སློང་མ་ལ་གོ་བར་བྱེད་པ་དེ ་སྲིད་དུ། ལྷུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ ་པར་འདོད་པ་དང་ཞེས་བྱ་བ་ནས། བསླབ་པ་ལ་ཡོ་བྱད་བསྙུངས་པ་ཞེས་བྱ་བའི་བར་ཏེ། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ།། ཡང་ཉན་ཐོས་མ་རྣམས ་ཀྱིས་འདུལ་བའི་བསླབ་པའི་གཞི་ལ་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་གྲོང་དུ་འགྲོ་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང ་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའི་དགེ་སློང་མའོ།། དུས་མ་ཡིན་པར་ཞེས་བྱ་བ་ལ་དུས་མ་ཡིན་པ་ནི་གང་། དུས་ནི་གང་ཞེ་ན། ཕྱེད་ཡོལ་ཕན་ཆད་ནས་སྐྱ་རེངས་མ་ཤར་བའི ་བར་འདི་ནི་དུས་མ་ཡིན་པའོ། ། ལྷག་མ་ནི་དུས་སོ།། གྲོང་དུ་འགྲོ་ན་ཞེས་བྱ་བ་ནི་ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་@ཡང་དགེ་སློང་མ་གང་ཞིག་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས་འགྲོ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་པ་ན་ལྟུང་བྱེད་དོ།། དུས་འདུས་མ་ཡིན་པར་འདུ་ཤེས ་ཀྱིས་འགྲོ་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། ། བམ་པོ་ཉི་ཤུ་གཉིས་པ།། ་སྡོམ་ལ། རྒྱུ་དང་རྒྱལ་པོའི་ཕོ་བྲང་དང་།། ད་གདོད་རུས་པ་སོར་བརྒྱད་དང་།། ཁྲེའུ་བདལ་གདིང་དང་གཡན་པ་དང་། བདེ་བར་གཤེགས་པའི་ཆོས་གོས་སོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་བླངས་ཏེ། ཕྱི་བཞིན་འབྲང་བའི་དགེ་སློང་མ་ཞིག་དང་ལྷན་ཅིག་སྦྱིན་བདག་ཅིག་གི ་ཁྱིམ་དུ་སོང་ནས། དེས་རྗེས་སུ་མཐུན་པའི་ཆོས་བསྟན་པས་མངོན་པ་དད་པར་བྱས་ནས། དེས་དགེ་སློང་མའི་དགེ་འདུན་གྱི་ཆེད་དུ་ཟས་དག་སྦྱོར་དུ་བཅུག་གོ། དེ་ནས་ཕྱི་དེ་ཉིན་པར་དགེ་སློང་མའི ་དགེ་འདུན་སྔ་དྲོ་ཤམ་ཐབས་བགོས། ། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཁྱིམ་བདག་དེའི་བཀང་ས་གང་ན་བ་དེར་སོང་ནས་ཞེས་བྱ་བ་ནས། སྟན་པོ་ཤམས་པ་ཁོ་ན་ལ་འདུག་གོ་ཞེས་བྱ་བའི་བར་རོ།། དགེ ་སློང་མ་དགའ་མོ་ནི་བྱ་བ་མང་ཞིང་བསྒྲུབ་པ་མང་བས། གཎྜཱིའི་དུས་ལས་ཡོལ་བར་གྱུར་ཏོ།། དགེ་སློང་མ་དེ་རྣམས་ཀྱིས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁྱོད་དགེ་སློང་མའི་དགེ ་འདུན་གྱི་དུས་ལ་བབ་ཀྱིས་བྲིམས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ནི་མ་འཚལ་མོད་ཀྱི། ཟས་ལ་སྐོ་བར་བགྱིད་པ་དགའ་མོ་མཁྱེན་ཏོ་ཞེས་བྱ་བ་དང་། དོན་ཉུང་བའི་དགེ ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ་དག་ཏུ་རྒྱུ་བར་མི་བྱའོ།། ་དེ་ནས་ཞལ་ཏ་བྱེད་པ་དག་གམ་ཟས་བསྒྲུབ་པ་དེ་དག་གི་དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་བསྒྲུབ་པ་དེ་དག་ཉམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་སྔ་མ ་ལ་ཁྱིམ་གཉིས་སུ། ཟས་ཕྱི་མ་ལ་ཁྱིམ་གསུམ་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པར་འདོད་པ་དང་ཞེས་བྱ་བ་ནས། བསླབ་པ་ལ་ཡོ་བྱད་བསྙུངས། ་པས་བསྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ལ། ཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ ་དག་ཏུ་ཁྱིམ་བདག་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་དགའ་མོའོ།། ཟས་དང་བཅས་པ་ཞེས་བྱ་བ་ནི་སྟོན་མོ་ཅན་གྱི་ཁྱིམ ་དུའོ། ། ཁྱིམ་དག་ཏུ་ཞེས་བྱ་བ་ནི་ཁྱིམ་བདག་གི་ཁྱིམ་དག་ཏུ་མགྲོན་དུ་བོས་པའོ།། ཟས་སྔ་མ་ཞེས་བྱ་བ་ནི་སྔ་དྲོའི་དུས་སོ།། ཕྱི་མ་ཞེས་བྱ་བ་ནི་ཕྱི་དྲོའི་དུས་སོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ཟས་དང་བཅས་པའི་ཁྱིམ་དུ་མགྲོན ་དུ་བོས་ནས་སྔ་མ་ལ་ཁྱིམ་གཉིས་སུ་སོང་ལ། ཆེད་དུ་བསམས་ཏེ་ཁྱིམ་གསུམ་པར་འགྲོ་ན་ལྟུང་བྱེད་དོ།། ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ། ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འགྲོ་ན་ལྟུང ་བྱེད་དོ། ། ཁྱིམ་བདག་གི་མི་ལ་གོ་བར་བྱས་ན་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན ་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ། སྒོ་གཏན་གྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་དགེ་སློང་གི་བསླབ་པའི་གཞི་ཡིན་ནོ་ཞེས་བྱ་བ་ནས། ་བསླབ་པའི་གཞི་དེ་དེ་ལ་རྗེས་སུ་སྒྲུབ་པར་མི་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ ་སློང་མ་རྣམས་ཀྱིས་ཀྱང་། ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་གྱི་བར་དུའོ།། གང་གི་ཚེ་རྒྱལ་པོ་འཆར་ཀས་དཔལ་ལྡན་མའི་ཕྱིར། ཁྱིམ་བདག་གདངས་ཅན་ལ་ཁྱོད་ཀྱི་བུ་མོ་དགེ་སློང་རྣམས ་སྲ་བར་འདང་དེ་ཞིས་རྒྱལ་བས་བན་པ་དེའི་ཆ། ཁྱིམ་བདག་ག་དངས་ཅན་གྱིས།། དགེ་སློང་ཤཱ་རི་བུ་ལ་དཔལ་ལྡན་མ་གདུལ་བའི་ཆེད་དུ་གསོལ་བ་བཏམ་ནས་རྒྱལ་ངོའི་པོ་མང་ན་བཏ ་བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་། ། དེས་དུས་གཞན་ཞིག་ན་གདངས་ཅན་གྱི་བུ་མོ་ཡང་དགེ་སློང་མ་རྣམས་ལྟ་བར་འདོད་པ་དེའི་ཚེ། ཁྱིམ་བདག་གདངས་ཅན་གྱིས་སྐྱེ་དགུའི་བདག་མོ་ཆེན ་མོ་ལ་གསོལ་བ་བཏབ་པ་དང་། དེས་རྒྱལ་པོའི་ཕོ་བྲང་དུ་འཇུག་པ་ནི་ཉེས་དམིགས་བཅུ་ཡོད་དོ་ཞེས་བྱ་བ་ནས་མ་བཏུབ་པ་དང་། དེའི་འོག་ཏུ་རྒྱལ་པོ་འཆར་ཀས་གསོལ་བ་བཏབ་པོ།། དེ་ནས ་སྐྱེ་དགུའི་བ་དག་མོ་ཆེན་མོས་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོའུ་ཏ་མ་དྲུག་པོ་དག་གི་ཚིག་ནི་བཅག་ཏུ་མི་རུང་སྟེ། དྲུག་པོ་གང ་གཽ་ཞེ་ན། སློབ་དཔོན་དང་། མཁན་པོ་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དང་། དགེ་འདུན་དང་། དགེ་འདུན་གྱིས་གནས་བརྟན་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ་ཞེས། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་བསྒོ་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་སོ།། གང་གི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་རྒྱལ་པོའི་ཕོ་བྲང་དུ ་ཞུགས་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་གལ་ཏེ་བདག་ཅག་དོང་བར་གྱུར་ན།། དེ་རིང་ཉིད་དུ་དགེ་སྦྱོང་གི་ཚུལ་མ་ཡིན་པ་དང་རུང་བ་མ་ཡིན་པའི་ཁུར་ཁྱེར་བར་འགྱུར་བ་ཞིག་ཅེས་ཁ་ཟེར་བར་བྱེད ་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ནམ་མ་ནངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེ ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བརྟུལ་བར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་ཞིང་འདུག་ན།། དེ་འདྲ་བན ་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་བུད་མེད་དམ། སྐྱེས་པ་འམ། ་མ་ནི་ང་རྒྱལ་པོར་དབང་བསྐུར་ན། དེ་ནི་རྒྱལ་པོ་ཡང་ཡིན། རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ།། ནམ་མནངས་པ་ཞེས་བྱ་བ་ནི། ནམ་ནངས་པར་མ་གྱུར་པའོ།། ་སྐྱ་རེངས་མ་ཤར་བར་ཞེས་བྱ་བ་ནི། སྐྱ་རེངས་གསུམ་པོ་ཞེས་བྱ་བ་སྔ་མ་བཞིན་ནོ།། རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པ་མ་བརྟུལ་བར་ཞེས་བྱ་བ་ནི་མ་བསྡུས་པར་རོ།། སྒོ་གཏན་ཞེས་བྱ ་བི་ལ། སྒོ་གཏན་ནི་གསུམ་སྟེ། གསུམ་གང་ཞེ་ན། གྲོང་ཁྱེར་གྱི་སྒོ་གཏན་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང་། བཙུན་མོའི་གཉེན་རིས་ཀྱིས་སྒོ་གཏན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོངས ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་སྐྱ་རེངས་མ་ཤར་བ་ལ། སྐྱ་རེངས་མ་ཤར་བའི་འདུ་ཤེས་ཀྱིས་སྒོ་གཏན་ལས་འདའ་བར་བྱེད་ན་ལྟུང་བྱེ ་དོ། ། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་སྐྱ་རེངས་ཤར་བ་ལ། སྐྱ་རེངས་མ་ཤར་བར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ་རྒྱལ་པོ་དང་། བཙུན་མོ་དང་། བློན་པོའི་བར་ཆད་དུ་འགྱུར་བ་ཞིག་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་གཉིས་པ་རྫོགས་སོ།། ། གླེང་གཞོན་མཉན་ཡོད་།། ་དེ་ནས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས། ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ལྟར་ཆོས་འདི་ཡང་མདོར་གཏོགས་ཤིང ་མདོར་འདུས་པར་ད་གདོད་ཤེས་སོ་ཞེས་ཟེར་བ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྔོན་དགེ་སློང་མ་དེ་གསོ་སྦྱོང་གིས་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ན། ་དེ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མེ་དེ་སྐད་མ་སྨྲ་ཞིག་ཅེས་བསྒོ་བ་དང་། དེ་དག་ལ་འདི་སྐད་ཅེས་ཁོ་མོ་ཅག་ཇི་སྐད་སྨྲ་བ་དེ་ནི་དེ་བཞིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས།། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཟླ་བ་བྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས། ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་མདོར་གཏོགས་ཤིང་། མདོ ་འདུས་པར་དགདོད་ཤེས་སོ་ཞེས་ཟེར་བ་ན། གལ་ཏེ་དགེ་སློང་མ་རྣམས་ཀྱིས་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ན།། དེ་ལ་འཕགས་མ་མི་ཤེས་པས ་མི་འགྲོལ་བས། དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་པའི་སྟེང་དུ། འཕགས་མ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་པ་ཡིན་ཏེ། ཁྱོད་ཀྱིས ་གང་གི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་འདུན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉིན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། རྩེ་གཅིག་ཏུ་ན་བླུགས་ཏེ་ཉན་པར་མབྱེད། སེམ ་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་དོ་ཞེས་སྤྱོ་བར་བྱའོ། ། དེའི་སྤྲོ་བར་བྱ་བ་ནི་འདི་ཡིན་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཟླ་བ་བྱེད་བྱེད ་ཅིང་ཞེས་བྱ་བ་ནི། ཟླ་བ་བྱེད་བྱེད་ཅིང་ངོ་།། མ་མར་ཐོར་པའི་མདོ་འདོན་པ་འདོན་པའི་ཚེ་ཞེས་བྱ་བ་ནི། ཕས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞི་བར་བྱ་བའི་ཆོས་བདུན ་ཞེས་བྱ་བའི་བར་རོ། ། སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། རིམ་པའི་ནང་དུ་བརྗོད་པར་བྱའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་ཇི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། འདི་སྐད་ཅེས་ཆོས་འདི་ཡང་མདོར་གཏོགས་པར་ཞེས་ཟེར་ན་ལྟུང་བྱེད་དོ།། མདོར་འདུས་པར་ཞེས་ཟེར ་ན་ལྟུང་བྱེད་དོ། ། གཞིན་མ་འདུག་པ་དང་ཚོགས་ལས་གར་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་གསུམ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན ་ཡོད་ན་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ་སོ་མཁན་ཞིག་གནས་པ་དེ། བསོད་སྙོམས་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པར་བྱས་ནས། དེ་གཉིས་ཀའི་དགེ་འདུན་ལ ་ཁབ་རལ་དག་འབུལ་དུ་བཅུག་གོ། དེ་ན་ས་བཅུ་གཉིས་སྡེ་རྣམས་ཀྱིས་པ་སོ་དང་རུས་པ་དང་། རཱ་ལས་བྱས་པའི་ཁ་བ་ར་ལ་དབྱིབས་སྣ་ཚོགས་དག་བྱེད་དུ་བཅུག་གོ།། དེ་རང་གི་ཟན་ཟོ་སང་གིང ་གཞན་གྱིས་ལས་བྱས་པས། དེ་རིང་པོ་མ་ལེན་པར་དབུལ་པོར་གྱུར་ཏོ།། དེ་ནས་མུ་སྟེགས་པ་རྣམས་ཀྱིས་ལག་བཟོ་ཆོས་མཐོང་ནས་འདི་སྐད་ཅེས། ལག་བཟོ་ཆོས་གང་གི་ཚེ་ཁོ་བོ་ཅག་ལ་མངོན ་པར་དད་པར་གྱུར་པ་དེའི་ཚེ་འབྱོར་པ་གྱུར་ལ། གང་གི་རྗེ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་རྣམས་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་བཀྲེན་པར་གྱུར་ཏོ་ཞེས་སྨྲས་པ། དགེ་སློང་མ་རྣམས་ཀྱིས་ཐོས་སོ།། ་ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བ་སོ་འམ ་རུས་པ་འམ། རྭའི་ཁབ་རལ་ལས་སར་པ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། བ་སོ་འམ་ཞེས་བྱ་བ་ནི་བ་ས་ཉིད་དོ།། རུས་པ་འམ ་ཞེས་བྱ་བ་ནི་རུས་པ་ཉིད་དོ། ། རཱ་ལས་བྱས་པ་ཞེས་བྱ་བ་ནི་རཱ་ཉིད་དོ།། ཁ་བ་རལ་ཞེས་བྱ་བ་ལ། ཁབ་རལ་ནི་གཉིས་ཏེ། སྦུ་བུ་ཅན་དང་། རྨང་བ་ལྟ་བུའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད ་ཀྱིས་སོ། ། བྱེད་དུ་བཅུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་པ་སོ་འམ་ཞེས་བྱ་བ་ནས། རྭའི་བར་གྱི་ཁབ་རལ་སར་པ་བྱེད་དམ། བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གང་གི་མདུན་དུ་དེ་འཆགསས་པར་བྱེད་ན། དེས་ཅིག་བཅག་གམ ་ཞེས་དྲི་བར་བྱའོ། ། མ་དྲིས་པར་འཆགས་པར་བྱེད་ན། ལྟུང་བ་དེ་ཡང་མི་བཤགས་ཤིང་། གང་གི་མདུན་དུ་འཆགས་པར་བྱེད་པ་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ།། ལྟུང་བྱེད་བདུན་པའི་བཞི་པ ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ནས། ཁྲི་དང་ཁྲིའུའི་ཚད་བདེ་བར་གཤེགས་པའི་སོར་བརྒྱད ་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་ཚད་ལས་འདས་པའི་ཁྲི་དང་ཁྲིའུ་དག་བྱེད་དུ་འཇུག་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ།། ཁུ་ནུ་མོ ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི ་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་དགེ་སློང་མས་དགེ་འདུན་གྱི་ཁྲིལ་མ་ཁྲིའི་བྱེད་དུ་འཇུགྱན། རྩ་བཅུགར་གཞུག་པ་མ་གཏོགས་པར། བདེ་བར་གཤེགས་པའི་སོང་བརྒྱན་མ་ཚད་དུ་བྱེད་དུ་གཞུག་པར་བྱའོ།། དེ་ལས་! ་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག ་གོ། ཁྲི་འམ་ཞེས་བྱ་བ་ནི་ཉལ་པོའི་འོ།། ཁྲིའུ་འམ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ།། བདེ་བར་གཤེགས་པའི་ཞེས་བྱ་བ་ནི་སྟོན་པའི་འོ།། བདེ་བར་གཤེགས་པའི་སོར་བརྒྱད་གང་ཡིན་པ་དེ་ལ་ནི་ཆད ་དང་ལྡན་པའི་ལག་པའི་ཁྲུ་གང་ངོ་། ། བུ་གར་གཞུག་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ།། དེ་ལས་ལྷག་པར་བྱེད་ན་ཞེས་བྱ་བ་ནི་དེ་ལས་འདས་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ཀྱི་ཚད་ལས་ལྷག་པར་བྱེད་ན། ཐམས་ཅད་དུ་ལྟུང ་བྱེད་དུ་འགྱུར་རོ། ། གང་གི་མདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ལྟུང་བྱེད་བདུན་པའི་ལྔ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི ་བཅོམ་ལྡན་འདས་ཀྱིས། དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་གནས་མལ་བསྐོ་བར་བྱའོ་ཞེས་བསྒོ་བ་མཛད་པ་ན། དེ་ནས་དུས་གཞན་ཞིག་གི་ཚེ་དགེ་སློང་མ་རྣམས་གནས་མལ་སྐོ་བར་བྱེད་པ ་དང་། དེམ་བ་ཏུ་དྲུ་གཉིས་རྟེན་ཀྱྀ། འན་བྱ་བ་དང་ཇིགས་ཤིང་ངལ་དམ་པ་ཏི་པ་ཚེ། གཞན་གྱིས་བསྡུས་ནས་བླངས་པ་ང། དོན་ཉུང་པ་དགེ་སོ ་དམ་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཙའ་བའི་བར་དུ་མཛད་དེ།། ཡ ་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་ལ་ཤིང་བལ་འདིང་ངམ་འདིང་དུ་འཇུག་ན། བསྡུས་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་འདུན་གྱི་ཞེས ་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། ། ཁྲི་ཞེས་བྱ་བ་ནི་ཉལ་བའིའོ།། ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ།། ཤིང་ངལ་ཞེས་བྱ་བ་ལ། ཤིང་བལ་ནི་ལྔ་སྟེ། ལྔ་གང་ཞེ་ན། ་ཨར་ཀའི་ཤིང་བལ་དང་། ཤམ་མ་ལའི་ཤིང་བལ་དང་། ཀ་སའི་ཤིང་བལ་དང་། སུག་གི་བལ་དང་། ལྔ་པ་ཉིད་ནི་ཤན་ནི་ཤིང་བལ་ལོ།། འདིང་ངམ་འདིང་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི ་མ་ཞིནན། དེས་བྱུ་བར་དུསས་སྣུར་ནེན། སེསངསས་ས་བྷྱ6། ས་། མྦུ་བྱན་སོ་རོ ་། ། དེ་ལྟ་མོད་ཀྱི་གང་གི་མདུན་དུ་འཆགས་པར་བྱེད་འནས་བསྡུས་སམ་མ་བསྡུས་ཞེས་དྲི་བར་བྱ། གཞན་ན་སྔ་མ་བཞིན་ནོ།། ལྟུང་བྱེད་བདུན་པའི་དྲུག་པ་རྫོགས་སོ།། ་ཕྲེང་གཞིན་མཉན་ཡོད་ནམ།། དེའི་ཆེདགེ་སློང་མ་རྣམས་ལ་འདས་བུའི་གདིང་བ་མང་པོ་འབྱུང་སྟེ། གདིང་བ་འདོ་ནི་ཧ་ཅང་རིན་ཆེས་སོ་ཞེས་དེ་བོར་ནས་གནན་བྱེད་དུ་འདུག ་གདིང་བ་འདི་ནི་ཧ་ཅང་ཐུང་རྗེས་སོ་ཞེས་དེ་བོར་ཏེ་གཞན་བྱེད་དུ་འཇུག། དེ་བཞིན་དུ་ཧ་ཅང་རྒྱ་ཆེ་བ་དང་། ཧ་ཅང་ཆུང་བ་སྟེ། དེ་དག་དེ་ལྟ་བུ་བྱེད་པས་བྱ་བ་མང་ཞིང་བྱེད་པ་མངས་པས། ལུང ་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམ་གྱི་ཞི་གནས་དག་གཏོང་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ་སློང་མས་གདིང་བ་བྱེད་ན་ཆ ་བཞིན་དུ་བྱེད་དུ་གཞུག་གོ། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དེའོ།། ཞེང་དུ་ཕྱེད་དང་དེའོ།། སྲིད་དུ་མཐོ་གང་གིས་སྲིངས་ཤིག། དེ་ལས་ལྷག ་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ། ། གདིང་བ་ཞེས་བྱ་བ་ནི་གདིང་བའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག ་ན་ཞེས་བྱ་བ་ནི་གཞན་ནོ། ། སྲིད་དུ་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པའོ།། བདེ་བར་གཤེགས་པའི་མཐོ་གང་གིས་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། བདེ་བར ་གཤེགས་པའི་མཐོ་གང་གང་ཡིན་པ་དེ་ལན་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དེ་སྟེ། བདེ་བར་གཤེགས་པའི་མཐོ་གསུམ་གང་ཡིན་པ་དེ་ལ་ཆ་དང་ལྡན་པའི་ཁྲུའི་ཁྲུ་བྱེད་ལྔའོ།། ་ཞེང་དུ་མཐོ་བྱེད་དང་དེའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི་ཁྲུ་དོ་དང་སོར་དྲུག་གོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། ་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གདིང་བ་ཁྲུ་ཕྱེད་དང ་ལྔ་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ན་ལྟུང་བྱེད་དོ།། གང་གི་མདུན་དུ་ལྟུང་བ་འཆགས་པར་བྱེད་ན་ཞེས་བྱ་བ་ནས། ལྟུང་བའི་རིམ་པ་སྔ་མ་བཞིན་ནོ།། གལ་ཏེ ་བྱས་ཟིན་པ་རྙེད་ན་བྱས་ཟིན་པ་ཉིད་ལོངས་སྤྱད་པར་བྱའོ། ། ལྟུང་བྱེད་བདུན་པའི་བདུན་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས ་ཀྱིས། དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་གཡན་པ་དགབ་པའི་གོས་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ། དགེ་སློང་མ་དེ་དག་གིས་ཅི་འདྲ་བ་ཚད་ཇི་ཙམ་པ་བཅང་བ་མ་ཤེས ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞིའོ།། ཞེང་དུ་མཐོ་དེའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚད་བཀའ་སྩལ་པ་དེའི་ཚེ ་བཅུ་གཉིས་སྡེ་དེ་དག་ཆད་ལས་ལྷག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། དགེ་སློང་མ་གཡན་པ་དགབ་པའི་གོས་བྱེད་པས་ཚད་བཞིན་བྱེད་དུ་གཞུག་གོ།། དེ་ལ་གཡན་པ་དགབ་པའོ་གོས ་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞིའོ།། ཞེང་དུ་མཐེ་དོའོ།། དེ་ལས་ལྷག་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ།། གཡན་པ་དགབ་པའི་གོས ་ཞེས་བྱ་བ་ནི་ན་བའི་གོས་སོ། ། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། སྲིད་དུ་བདེ་བར་གཤེགས་པ ་མཐོའི་མཐོ་བཞི་ཞེས་བྱ་བ་ནི། ། དེའི་ཆུ་གང་ཡིན་པ་ཚད་དང་ལྡན་པའི་ཁྲུའི་ཁྲུ་དྲུག་གོ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟེན་པའོ།། ཞེང་དུ་མཐོ་དེའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ།། ་དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། བཅད་ནས་ཞེས་བྱ་བ་ནི་མཉམ་པོར་བྱས་ནས་སོ།། ལྟུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཡན་པ་དགབ་པའི་གོས་ཁྲུ་དྲུག་ལས་ལྷག་པར་བྱེ་དུ་འཇུག་ན། ཐམས ་ཅད་དུ་བཅད་ནས་ལྟུང་བྱེད་དོ། ། གང་གི་མདུན་དུ་འཚུགས་པར་བྱེད་ན་ཞེས་བྱ་བའི་བར་ག་ནས་འབྱུང་བ་བཞིན་ནོ།། སྐུད་བྱེད་བདུན་པའི་བརྒྱད་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཉེ་དགས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཚད་བྱེད་དུ་བཅུག་ལ། བཅོམ་ལྡན་འདས་ཀྱིས་ནི་བཀག་པ་དེའི་ཚེ། སྦོམ་དག་མ ་ཨོས་ཀྱང་ཉེ་དགའ་མཐོང་ནས། བདེ་བར་གཤེགས་པའི་ཆོས་གོས་ཀྱིན་ཀྱི་ས་གེ། བྱེད་དུ་སྲུ་།། དགོས་ཏེ་གེ་སློང་མའི་དབྱར་ཁང་དུ་སོང་ནས། དེས་བདེ་བར་གཤེགས་པའི་ཆོས་གོས་ཀྱི ་ཚང་ཁ་ཅིག་ནི་མཆན་ཁུང་དུ་བརྟུལ། ཁ་ཅིག་ནི་ཕྲག་པ་ལ་བཟད། ཁ་ཅིག་ནི་ལུས་ལ་བགོས་ཁ་ཅིག་ནི་འཇོལ་ཞིང་འདུག་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ་བབགས་མ་ལྷུང་བཟེད་དང་རློས་གོས་བླངས་ཏེ་གང་དུ་འགྲོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གང་དུ་ཡང་མི་འགྲོའོ།། དེ་ལྟ་མོད་ཀྱི་ཁོ་མོས་བདེ་བར་གཤེགས ་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་བཅུག་པ་ཡིན་ནོ། ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བུ་ནུ་མོ་བཅོམ་ལྡན་འདས་ཀྱིས་དགག་པ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམ ་ལ་དགག་པ་མཛད་ཀྱི། དགེ་སློང་མི་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་ཏེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག ་མ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ ་མཐོ་བཅུའོ། ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་མིད་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བདེ་བར་གཤེགས་པའི་ཆོས་གོས ་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། དེ་ལ་འདི་ནི་བདེ་བར ་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ་ཞེས་བྱ་བ་ནི་གྲངས་རྣམ་པར་བཤད་པ་ཡིན་ནོ། ། སྲིད་དུ་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པའོ།། མཐོ་བཅུ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་མཐོ་བཅུ་གང་ཡིན ་པ་སྟེ། དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་བཅོ་ལྔ་པའོ།། ཞེང་དུ་མཐོ་དྲུག་གོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་དགུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པ་དག་བྱེད་དུ་འཇུག་ན། ་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ།། གང་གི་མདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ།། ལྟུང་བྱེད་བདུན་པའི་ཚིགས་སུ་བཅད་པའི་སྡོམ ་རྫོགས་སོ། ། ། བསྡུས་པའི་སྡོམ་ལ། སྒོག་སྐྱ་རྗེན་བསྐྱབས་ཡོད་དང་། རྣར་ག་ཤུབ་མུན་ཁུང་སྔ་ནས་འདུག། དབྱར་ནང་ལོ་ནི་བཅུ་གཉིས་དང་། འདོད་ཆེན་སྡོམ་པ་གནོན། ་ནུ་མའོ།། སྡོམ་ལ། སྒོག་སྐྱེ་མདོམས་སྤུ་འདྲེག་པ་དང་།། སོར་མོའི་ཚོགས་གཉིས་འཇུག་པ་དང་།། ཐལ་མོས་བརྡེག་པར་མི་བྱའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་མུ་གེ་མི་བཟད་པ་དགོན་པ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ནས་ཞེས་བྱ་བ་ནས། མི་ཞིག་ལ་སྒོག་སྐྱའི་ལྡུམ་ར་ཞིག་ཡོད་དོ་ཞེས་བྱ་བའི་བར་ཏེ། དེ་ན་ཚོད་སྔོན་དག་མང་དུ་སྐྱེའོ།། དེ ་ནས་མི་དེ་ལ་དགེ་སློང་མ་རྣམས་ཀྱིས་ཆོད་སྔོན་བསླངས་པ་དང་། དེས་སྨྲས་པ། ཅི་བད་བ་ཁོ་ནར་མཛོད་ཅིག། དེ་ལྟ་མོད་ཀྱི་སྒོག་སྐྱ་དེ་དག་ནི་མ་གདོན་ཅིག་ཅེས། དེ་དག་ཉི་མ་རེ་རེ་ཞིང་ཆོད་སྔོན་དག ་བླངས་ནས། དགེ་སློང་མའི་དབྱར་ཁང་དུ་འདོང་ངོ་།། དེ་ནས་སྦོམ་དགའ་མོས། དགེ་སློང་མ་དེ་རྣམས་ལ་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཀྱིས་ཆོད་སྔོན་གང་ནས་བླངས་ཞེས་བྱ་བ་ནས།། སྦོམ་དགའ་མོ ་ཡང་སྒེག་སྐྱའི་ལྡུམ་རར་སོང་ནས། དེས་ཚེད་སྔོན་དང་སྒོག་སྐྱ་ལྷན་ཅིག་བཏོན་ཏོ།། དེ་ནས་སྒོག་སྐྱའི་བདག་པོ་དེས་འཕྲིགས་ཏེ། འཕྲིགས་ནས་ཀྱང་སྒོག་སྐྱའི་ལྡུམར་གཞན་ཞིག་གིས་ལག་ཏུ ་བཙོངས་ཏེ། བཙོངས་ནས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེ་འཕགས་མ་དག་བདག་གིས་གཞན་ཞིག་གི་སུག་པར་བཙོངས་ལགས་ཀྱིས། དེ་ལས་ཆོད་སྔོན་སྤོངས་ཤིག་ཅེས་བྱ་བ་ནས། དེས ་ཀྱང་སྲུངས་མའི་ཁྱེའུ་ཞིག་བཞག་སྟེ་ཅི་བདེར་བྱེད་དུ་བཅུག་ནས། དགེ་སློང་མ་དེ་དག་ཚོད་མ་རྔ་བ་ན། སྦོམ་དགའ་མོ་སྒོག་སྐྱ་འབའ་ཞིག་བྱིན་པར་བྱེད་དོ།། དེ་ནས་ཁྱེའུས་སྦོམ་དགའ་མོ་ལ་སྒོག་སྐྱ་འབྱིན ་པ་བཟློག་པ་དང་། དེ་ནས་སྦོམ་དགའ་མོས་ཁྱེའུ་དེ་བརྡེགས་སོ།། དེ་ནས་ཁྱེའུ་དེས་པ་ལ་སྨྲས་པ་དང་། དེའི་ཕྱི་དེ་ཉིན་པར་སྒོག་སྐྱའི་ནང་ཞིག་ཏུ་གབ་ནས་བསྡད་དོ།། དེ་ནས་སྦོམ་དགའ་མོ་ཡང ་འོངས་ནས་སྒོག་སྐྱ་འབྱིན་པ་ལས། ཁྱེའུ་དེས་བཟློག་པ་དང་ཞེས་བྱ་བ་ནས། ཁྱིམ་བདག་དེས་ཀྱང་སྦོམ་དགའ་མོ་བརྡེགས་སོ་ཞེས་བྱ་བའི་བར་རོ།། དེ་ཡང་མིག་ཕུབས་སྐྲངས་ཤིང་དབྱར་ཁང་དུ་འོངས་པ ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ་ལས། དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་སྒོག་སྐྱ་ཟན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ ་དགའ་མོའོ། ། སྒོག་སྐྱ་ཞེས་བྱ་བ་བྱི་སྐུའོ།། ཟན་ཞེས་བྱ་བ་ནི་ཚིག་མར་མི་ནའོ།། ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྣང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་སྒོག་སྐྱ་ཟན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་དེ་ལྟར་བསླབ་པའི་གནི་བཅའ་བ་མཛད་པ་དང་། དགེ་སློང་མ་ནད་པ་ཞིག་ཡོད་པ་དེས། སྨན་པ་ལ ་དྲིས་པ་དང་། སྨན་པས་སྒོག་སྐྱ་བསྟན་ཏོ།། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་སྨན་པ་ཁོ་མོ་ད་ནི་ཤི་ཟིན་ནོ།། སྨན་པས་སྨྲས་པ། ནི་ཉེས། དེས་འདི་སྐད་ཅེས་སྨྲས་སོ།། བཅོམ ་ལྡན་འདས་ཀྱིས་བཀག་གོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ཡིན་པས་རྗེས་སུ་གནང་བར་འགྱུར་རོ་ཞེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པའི་ལུང་གིས་ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནས། སྒོག་སྐྲ་དང་ཀིའུ་ལ་སོགས་པ་ཀུན་ཏུ་སྤྱད་པར་བྱའོ།། ་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྡོམ་དགོའ་མོ་ལྷག་པར་ཆགས་པའི་ཟིལ་གྱིས་ནོན་པས་སྒོག་སྨྲ ་བྱིང་བརྡེགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིགས་ཡིན་གྱི། འོན་ཀྱང་འདས་པའི་དུས་ན་ཡང་ལྷག་པར་ཆགས་པས་ཚུལ་མོ ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག་ཅེས་བྱ་བ་ནས། གྲོང་ཁྱེར་ཝཱ་རཱ་ཎཱ་སིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་བྱུང་ངོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་རྐུན་པོ་ཞིག་གིས་རྒྱལ་པོ་འལ ་བྲང་ཐུག་པ་དང་ཤེས་བྱ་བ་ནས། བུ་གུའི་སྒོར་དངུས་སྐྱོགས་ཤིག་བརྗེད་དེ་ལུས་པ་དང་། རྐུན་པོ་དེས་སླར་ཡང་སོང་སྟེ་བླང་ངོ་སྙམ་ནས་ཞེས་བྱ་བ་ནས། རྒྱལ་པོའི་བཀྲབས ་བདག་གིས་བཟུངས་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་སོ། ། དེ་ནས་ལྡནག་གིས་དེའི་ཚེ་ཚིགས་སུ་བཅད་དུ་སྨྲས་པ། ལྷག་པར་ཆགས་པས་ཟིལ་ནོན་ན།། དེན་གྲུབ་པ་ཡང ་ཉམས་གྱུར་ཏེ། བྱར་དོན་གཉེར་བར་བྱེད་པ་མོ།། རྐུན་པའི་སྒྱོགས་ནི་ཇི་བཞིན་ན། དགེ་སློང་དག་གཞན་ཡང་ལྷག་པར་རྣགས་པ་ཁོ་ནས་རིན་པོ་ཆེ་དག་ལས ་ཡོངས་སུ་ཉིམ་སྨྲ་བར་གྱུར་པོའི་ཉོན་ཅིག། དགེ་སློང་དག་སྔོན་བྱུང་བསྲོང་དྷེར་ཝཱ་རཱ་དྷ་སི་ནཱ་མ་བདག་ཅིག་ཡོད་པ་སྐྱེས་བྱ་བ་ནས། དྲིལ་བུ་མོ་ཞིག་བཅས་པ་དང་། ཤི་ནས་པ ་རྒྱལ་བ་རང་བཞིན་གྱིས་སྐྱེང་དྲན་པ་ཅིག་ཏུ་སྐྱེས་སོ་ཞེས་བྱ་བའི་བར་རོ། ། ཇི་ཙམ་ནི་བུ་མོའི་དོན་དུ་ཉི་བ་རི་རེ་ཞིང་རིན་པོ་ཆེ་དག་སྐྱེས་པར་བྱེད་དོ།། དེ་ནས་བུ་མོས་བསམས་པ། @ ་རྒྱལ་པོ་ཡང་བཟུང་ལ། རིན་པོ་ཆེ་ཡང་བླང་ངོ་སྙམ་པ་དང་། དེ་བྲོས་ནས་བྱིན་ཅན་མི་འོང་བར་གྱུར་ཏེ།། ཇི་ཙམ་ན་ལྷོ་ཞོག་གིས་རྒྱགས་སུ་བཅད་དེ་སྨྲས་པ། ལྷག་པར་ཆགས ་པར་མི་བྱ་སྟེ། ། ཆོས་མིན་ཆགས་པ་སྡིག་པ་ཅན།། ངང་པའི་རྒྱལ་པོ་བཟུང་སྙམ་པ།། རིན་ཆེན་རྣམས་ལས་ཡོངས་སུ་ཉམས། དགེ་སློང་དག་ཇི་སྙམ་དུ་སེམས་དེའི་རུན ་བདང་མོག་ཞིན་པདེན་སྦོམ་དཔའ་ཆོ་ད་ཡིན་ཏེ། དེན་ཡང་ལྷག་པར་དགས་པ་འོར་གྱུ་རོ།། དཀར་ཡ་སྩག་པར་རྣམས་པགོ་གྱུར་ཏོ།། ལ ་ཧག་པར་རྣགས་པར་མི་བྱ། ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། ལྟུང་བྱེད་བརྒྱད་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ ་དགའ་མོ་མདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ཅིང་། དེ་ཁྲུས་བྱེད་པ་ན་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ལ་བསྟན་སྟེ། ཏིལ་འབྲས་ཁྲ་བོར་བྱས་པའི་བན་ཙེ་ལྟར་འདུག་པ་འདི་ལ་སྟོས ་དག་གིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་རེ་ཞིག་ཁོ་མོ་ཅག་ནི་སྣུམ་ཐབ་ཀྱི་སེམས་མགུ་བར་བགྱིད་པའི་ཕྱིར་བགྱིད་ན། ཁྱོད་ཀྱི་འདི་ཅིར་འཚལ། ཁྱོད་ཀྱི་སུ་ཞིག་མགུ་བར་བགྱི ་འདོ་ནི་རབ་ཏུ་བྱུང་བ་དངའཚེམ་པ་མ་ལགས་སོ་ཞེས་བྱ་བ་ནས། ངན་ཉུང་བའི་དགེ་སློང་མི་ག་སྨོད་པར་བྱེད་བའི་སྐབས་ཏེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མདོམས་ཀྱི་ཕྱོགས་སུ་སྤུའི་ལས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། མངོམས་ཀྱི་ཕྱོག་ཞེས་བྱ་བ་ནི་གསང་བའི་གནས་སོ།། སྤུའི་ལས་བྱེད་དམ་ཞེས་བྱ་བ་ན་རྨོངས་འདྲེག་ནིའོ།། ལྐུ ་བྱེད་དོ་ཞེས་བྷ་བ་ནི་སོང་མ་བཞིན། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཆུང་བ་ཐརྣམས་ཀྱི་ཕྱོགས་ཀྱི་སྤུ་ལས་བྱེད་ན་ཡང་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ་ཀལ་ཏེ་རྨ་བྱུང་བའི་ཕྱིར་བྱེད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བརྒྱད་པའི་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་གསང ་བའི་གནས་སུ་ལག་པ་བཅུ་གནས། ཇི་ཙམ་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས་པས། དེའི་གསང་བའི་གནས་སྐྲངས་པར་གྱུར་ཏོ།། དེས་པུ་ཤེས་ཅི་དང་ཙན་དན་ལ་སོགས་པའི་བྱུག ་བ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བསླངས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་སྦྱང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་ཞེས་བྱ་བ་ནས། བཅོམ ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་ཁྲུས་མི་བྱའོ།། དེ་དག་ཁྲུས་མ་བྱས་པས་དྲི་ངན་པ་སྐྱེས་པར་གྱུར་ཏོ།། དེ་ནས་དུས ་གཞན་ཞིག་ན་སྐྱེ་དགུའི་བདུག་མོ་ཆེན་མོ་གོའུ་ཏ་མི་ཁྱིམ་བདག་གི་རླུང་མ་རབ་ཏུ་མང་པོ་ལ་ཆོས་འཆད་པ་ན། དེ་དགྲ་བན་ཚུན་དུ་འདི་སྐད་ཅེས། དྲི་ངན་པ་མོན་མ་མོ་ཞེས་ཟེར་རོ།། དེ་ནས ་སྐྱེ་དགུའི་བདག་མོ་ཆེན་མོ་ཀོརུ་ཏ་མི་རང་བཞིན་གྱིས་དྲང་བ་ཡིན་པས་འདི་སྐད་ཅེས་སྨྲས་སོ། ། ཕུ་ནུ་མོ་དག་དྲི་ངན་པ་དེ་ནི་འོ་མོའོ་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅིའི་སླད་དུ ་ཟུས་མི་མན། སྐྱེ་ཡདག་མ་ཚན་མོས་སྨྲ་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོགས་བྱུ་སྨྲ། མ་ནུ ་ཀྱིས་བཀའ་སྩལ་ས། དེ་ལྟ་བས་ན་སོར་མོའི་ཚོགས་གཉིས་ཀྱིས་ཟས་བྱའོ།། ཇི་ཙམ་ན་ན་ཉིད་ཉེས་དམིགས་སུ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཤེས་བྱབ ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲུས་བྱེད་པ་ན། སོར་མོའི་ཚོགས་གཉིས་ལས་འདའ་བར་བྱེད་ན་ལྟུང་བྱེད་དོ།། ་སངས་ཤེས་བྱ་བ་ན་སྡེ་མ་དཀའི་མའོ།། ཁྲུས་བྱེད་ན་ཞེས་བྱ་བན་ནྱ་བླངས་ནས་སོ།། སར་མའི་ཚོགས་གཉིས་ལས་འདས་པར་འཇུག་ན་ཞེས་དུ་བནི་ད་ལས་ལྷག་པར་ངོ།། ལྟུང་། ་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དྲུས་བྱེད་ན། སེར་མོའོ་ཚོགས་གཉིས་ལས་འདས་ཅིང ་བྱེད་པ་རྣམམས་ཅདན་དུ་ལྟུང་བྱེད་དུ་གྱུར་རོ། ། ལྟུང་བྱེད་བརྒྱད་པའི་གསུམ་བ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནནོ།། དེའི་ནི་སྒྲོམ་དཀའ་མཉོན་མོངས ་ཉེརྡོཁྱོན་མ་གྱི་པར་དགས་པ་པའི་ཕྱིགས་ཐམས་མེས་མ་པས། ངཅམན་སྤངས་པ་། ང་ཆགས་ནི་པ་བའི་ཆེན་ནས་ཆོངོས་ད ་ཨེ་ནས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་དྲིས་པ་ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དེན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་བསྒྲུབས་དེ། བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅུ་པའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བླད་མེད་ཀྱི་ཡུལ་ལ་ཐལ་མེས་དགས་ཏུ ་བྱེད་དོ། ཡང་ག་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བུད་མེད་ཀྱི་ཡུལ་ལ་བྲལ་མོས་རྡེག་ན་ཞེས་བྱ་བ་ནི། མོ་མཚན་ལ་ཐལ་ལྕག་གིས་རྡེག་ནའོ།། ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་བད་བུད་མེད་ཀྱི་ཡུལ་ལ་ཐལ་མེས་རྡེག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བརྒྱད་པའི་ཚོགས་སུ་བཅད་པའི་སྡོམ་རྫགས།། ་། སྡོམ་ནོ། རྗེན་པ་བཙོ་བར་མི་བྱེདང། ནུས་ན་གཏོར་བར་མི་བྱ་དང་།། སྔོན་པོར་བཤང་བ་མ་དོར་དང་། ཀཽ་ཙོག་པའི་རྒྱབ་ཏུ་མི་དོར་བའི། གླེང་གཞི་ནི་མཉན་ཡོད་ན། ་གྲོང་ཁྱེར་བ་དག་ལྡུམ་ར་དང་སྐྱེད་མོས་ཚལ་ལ་དགའ་བས། དེ་དག་གི་ཀུན་ཏུ་སྤྱོད་པ་ནི་གང་གི་ཚེ་སྐྱེད་མོས་ཚལ་དག་ཏུ་འདོང་བ་ན། གཡོས་མཁན་གྱིས་བཅའ་བ་འཚེད་པར་བྱེད་པ་ཡིན་པས། དེ་དག་གི ་ཡང་གཡོས་མཁན་ལས་ནང་པར་སྔར་ཤོག་ཅིག་ཅེས་བསྒོ་བ་ལས། དེ་མ་འོངས་པར་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་བླངས་ཏེ། བསོད་སྙོམས་ཀྱི་ཕྱིར་སྤྱོད ་ཡུལ་དུ་ཞུགས་ནས། ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་ཏེ་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག ་བློ་བ་མི་དགའ་ལགས་སོ། ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་སྟེ་མི་དགའ། དེས་བསྐབས་དེ་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་རང་ཉིད་མི་འཚེད། དེས་འདི ་སྐད་ཅེས་སྨྲས་སོ། ། བདག་གིས་རྔོ་མ་ཐོག་ལགས་སོ།། དེ་ནས་སྦོམ་དགའ་མོས། ཁྱིམ་བདག་གི་རླུང་མ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ་བཞིན་དུ་ལས་སྣ་གཅིག་པ་ཞིག་ཡིན་ནམ། ་དེས་ནདི་སྐད་ཅེས་སྨྲས་སོ།། འཕགས་མ་དེ་ལ་མཁྱེན་པ་མངའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའོ་གནས་དང་ལས་ཀྱི་གནས་གང་ལ་མཁས་པར་མ་བྱས་པ་དེ ་གང་ཞིག་ཡོད། དེ་ནས་ཁྱིམ་བདག་གིས་ཆུང་མ་དེས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ད་ཁྱོད་ལ་བདག་གསོལ་བདེབས་ཀྱིས། བཅའ་བ་སྒྲོལ་ལ་བདག་ལ་སྩོལ་ཅིག། ་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར། ཁྱིམ་བདག་གི་ཆུང་མས་འདི་སྐད་ཅེས། སྐད་ཀྱིས་བདག་གིས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ། བདག་གིས་སློབ་དོན་ལ། གས ་གིས་མ་ངན་མོ་ལ། ། བདག་གིས་ཁ་སྐྱོང་མའི་བར་ལ་སྨད་ཀྱིས་དབུལ་ལོ་ཞེས་སྨྲས་པ་དང་། དེས་ལྷུང་བཟེད་དང་ཆེས་གོས་མཐའ་གཅིག་ཏུ་བཞག། གོས་གཞན་དགེ་བརྫེས་ཏེ་ཞེས་བྱ་བ་ནས ་དེས་དོག་ལེ་བཀྲུས་པ་ཤལ་བསྲེགས་ཏེ་མར་ཁྲུས་བཀང་ནས། ཇི་ཙམ་ན་རིམ་བཞིན་དུ་ཀུན་ཏུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། འབྲས་བུ་ལ་གཡོས་པ་དང་ལ་ཐུ་དང་། ལོང ་ཚངས་ཅན་དང་། ཅེ་ཀུར་དང་། རིམ་བརྒྱ་པ་དང་། སྲིན་བུའི་དབྱིབས་ལྟ་བུ་སྟེ། དེ་ལྟ་བུ་དག་བཙོས་ཏེ་དེས་གྲོང་རྡལ་དེའི་ཕྱེད་དྲིས་ཡིས་ཁྱབ་པར་བྱས་སོ།། ཇི་ཙམ་ན་དེས་གྲོང་རྡལ་གྱི་ཕྱེད་ན ་འདུག་པ་དག་འོངས་ནས་དྲིས་པ། ཅི་ཁྱོད་ཀྱི་ཁྱིམ་དུ་གཡོས་མཁན་འོངས་སམ། དེས་འདི་སྐད་ཅེས་སྨྲས་སོ།། མ་འོངས་ཏེ་དེ་ལ་མོད་ཀྱི། འཕགས་མ་སྦོམ་དགའ་མོ་འཚེད་དོ།། དེ་དག་ཀྱང་འོངས། ་ནས་གསོལ་བ་བཏབ་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར།། དེ་དག་གིས་འདི་སྐད་ཅེས། བདག་ཅག་གིས་ཁང་སྐྱོང་གི་བར་ལ་དབུལ་ལོ་ཞེས་སྨྲས་པ་དང་། ་དེ་བཞིན་དུ་སྦོམ་དགའ་མོས་གྲོང་ཁྱེར་བྱེད་ཀྱི་བཅའ་བ་ཐམས་ཅད་བཙོས་ཏེ། དེ་ནས་བཅོས་ནས་བསོད་སྙོམས་ཀྱིས་ཁུར་བསླང་ནས་དབྱར་ཁང་དུ་སོང་ངོ་།། དེའི་འོག་ཏུ་གཡོས་མཁན་ལོངས་ཏེ་འོངས་ནས་སྒོ ་སྒོར་འདི་སྐད་ཅེས་སྨྲས་སོ། ། ཁྱིམ་བདག་མོ་དག། བཙུན་མོ་དག། བཅའ་བ་དག་བཙོས་སྣོམས་ཏེ་སྤྱོན་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་དག་གིས་བཅོས་ཟིན་ནོ།། རྒྱ་ཆོས་མཁན་གྱིས ་འདི་སྐད་ཅེས་སྨྲས་སོ། ། སུ་ཞིག་གིས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོས་སོ་ཞེས་གྲོང་རྡལ་ཕྱེད་པོ་ཐམས་ཅད་ཀྱི་བར་གྱིས་གོ་བར་བྱས་པ་དང་། དེ་འདི་སྐད་ཅེས་ཤཱཀྱའི་སྲས་ཀྱི་དགེ ་སྤྱོད་རྣམས་ཀྱི་ཚུལ་དང་ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འཚོ་བ་ཡང་སད་དོ་ཞེས་འབྱ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པར ་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྗེན་པ་འཆད་པར ་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྗེན་པ་འཚེད་ན་ཞེས་བྱ་བ་ནི་བཅའ་བ་འཚེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྗེན་པ་རྙེད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དོ།། དེ་ནས་དགེ་འདུན་གྱི་བྲེལ་བ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་དབེན ་བར་འདུག་ནས་བཙོ་བར་བྱ་སྟེ་ལྟུང་བ་མེད་དོ། ། ལྟུང་བྱེད་དགུ་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་ཅིག་ཆུང་མ་དང་ལྷན་ཅིག་ཁྱིམ་ནས་ཁྱིམ་མེད ་པར་རབ་ཏུ་བྱུང་ནས་ཞེས་བྱ་བ་ནས། ། དགེ་སློང་མ་རྣམས་ལ་བལྟ་བའི་ཕྱིར་དབྱར་ཁང་དུ་དོང་ངོ་།། ཇི་ཙམ་ན་དེ་དེ་ན་ནང་བར་ཐུག་པ་ཞིག་འཐུང་བ་དང་། དགེ་སློང་མ་དེས་ཡང་དུ་སྣོད་ཅིག་ཐོགས་ཅམ་དུ ་ན་སྡོད་ཅིང་འདུག་གོ། ། དེ་ནས་དགེ་སློང་དེ་རྒོད་ནས་འདི་སྐད་ཅེས། ཁོ་བོ་ཁྱིམ་པར་གྱུར་པ་ན་ཁྱོད་དེ་ལྟར་མདུན་ན་སྡོད་དོ་ཞེས་སྨྲས་པ་དང་། དེས་ཆུ་སྣོད་དེ་ནས་མགོར་གཏོར་ནས་འདི་སྐད་ཅེས་སྨྲས་སོ།། ་བོ་ཁྱོད་ཀྱི་ཡོན་ཏན་ཡང་དག་པར་སྒྲོགས་ན། ཁྱོད་ཁོ་མོའི་སྐྱོན་རྣམས་ལ་འཇུག་པར་བྱེད་དམ་ཞེས་སྨྲས་ནས་བྲོས་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་འཁོར་གྱི་གསུ་མ ་མགོ་ལ་ཆུས་གཏོར་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བརླབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆུ་འཐོར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱང་ང་ནི་ཆོས་འདི་པའོ།། འཁོར་གྱི་གཙོ་བོ་ཞེས་བྱ་བ་ནི་འཁོར་གྱི་མཆོག་གོ། ་འགྲོར་ན་ཞེས་བྱ་བ་ནི་ཆུས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་གྱི་གཙོ་བོ་ལ་ཆུས་གཏོར་ན་ཐམས་ཅད་དུ། ་ལྟུ་བྱེད་དུ་འགྱུར་རོ།། གལ་ཏེ་བརྒྱལ་བ་ལ་གདོང་དུ་རྒྱུག་གིས་འཐོ་ནི་མྦུ་མེད་དོ།། ལྟུ་བྱེད་དགུ་པའི་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དབྱར་ཁང་དང་མི་རིང ་བ་ཞིག་ན་ནེའུ་གསིང་སྔོན་པོ་ཞིག་ཡོད་པ་དེ་ན། བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ། བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས། སྦོམ་དགའ་མོ་སྤྱོད་ཡུལ ་དུ་འཇུག་པ་མཐོང་ནས་མཐོ་བཙམས་སོ། ། ཇི་ཙམ་ན་སྦོམ་དགའ་མོས་འཁྲུ་བར་འགྱུར་བའི་སྨན་ཟོས་པས་དེ་མང་དུ་འཁྲུས་ནས། འཁྲུས་པ་དེ་ཕྱགས་ཏེ་ནེའུ་གསིང་སྔོན་པོའི་སྟེང་དུ་སོང་ནས། དེས ་འཆུ་ནེའག་སང་རྗོན་པོམམས་པན་ཐབས་སོ། ། དེ་ནས་ཡང་ཐམ་ཀྱི་རྣམས་རྣགས་ནས་། ཨཱིཥྚྲྀ་། རྒྱས་། དྷཱ་ཧཱ་ས ་ངན་སྐྱུགས་ཀྱི་དྲི་མནམ་མོ་ཞེས་སྨྲས་པ་ལས། ཇི་ཙམ་ན་དེ་དག་གི་ལག་པ་དང་། རྐང་པ་དང་། གོས་རྣམས་ངན་སྐྱུགས་ཀྱིས་འཕགས་པར་གྱུར་ཏོ།། བྲམ་ཟེ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས། དེ་ནས ་བྲམ་ཟེའི་བུ་དེ་རྣམས་ཡིད་མི་བདེ་ཞིང་འདུག་གོ། ། དེ་ནས་ཡང་སྦོམ་དགའ་མོ་བསོད་སྙོམས་ལས་སླར་ལོག་པ་ན། བྲམ་ཟེའི་ཁྱེའུ་དེ་རྣམས་ཡིད་མི་བདེ་ཞིང་འདུག་པ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ་ཀྱེ་བྲམ་ཟེའི་ཁྱེའུ་དག་ཅི་མང་དུ་གདོན་པར་བྱས་སམ། ཇི་ཙམ་ན་རྒོད་ནས་འདི་སྐད་ཅེས་བྱེད་དེ་ལྟར་བཅོས་སོ་ཞེས་བྱ་བ་ནས། སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ནེའུ་གསིང་སྔོན་པོ་ལ་བཤང་བ་འདོར་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ནེའུ་གསིང་སྔོན་པོ་ལ་ཞེས་བྱ་བ་ནི་རྩེ་སྔོན་པོ་ལའོ།། བཤང་བ་འདོར་ན་ཞེས་བྱ་བ་ནི་མི་གཙང་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ་ལྟུང་བར་ཇི་ལྟར་འགྱུར་ཞེན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྙམ་དུ་ནེའུ་གསེང་སྔོན་པོ་ལ་དོར་སྙམ་ནས། བཤང་བ་འདོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་དགུ་པའི་གསུམ་པ་རྫོགས་སོ།། ་། བམ་པོ་ཉི་ཤུ་གསུམ་པ།། གླེང་གཞི་ནི་མཉན་ཡོད་ནའོ།། སྦོམ་དགའ་མོས་མང་དུ་ཐོས་ཤིང་མངདུ་འཐུངས་པས། དེ་མཚན་མོ་གཅིབས་ཐེབས་ནས། དེས་ཆོལ་ཟང་བཞག་སྟེ་གཅིས ་སོ། ། དེ་ནས་ཡང་གླང་པོའི་སྣ་ཆེན་པོ་ལ་གཏོགས་པ་དཔལ་སྐྱེད་ཅེས་བྱ་བ། རྒྱལ་པོ་གསལ་རྒྱལ་གྱིས་ཆད་པས་བཅད་པ་ཞིག་ཡོད་པ་དེ། ནང་པར་གྱི་དུས་སུ་དབྱར་ཁང་དང་ཉེ་བ་ཞིག་ནས་རྒྱལ་པོའི་ཕོ་བྲང་དུ་སོང་བ ་ལས། སྦོམ་དགའ་མོ་དེས་ཚོལ་ཟངས་གཅིན་གྱིས་བཀང་བ་མ་བརྟགས་པར་གཏོར་བས།། མགོ་ལ་ཕོག་པར་གྱུར་ཏོ་ཞེས་བྱ་བ་ནས། དེ་རིང་བདག་ལ་བཀྲ་ཤིས་པར་འགྱུར་རམ། འོན་ཏེ་བཀྲ་མི་ཤིས་པར་འགྱུར་སྙམ་པ ་ལས། ཇི་ཙམ་ན་རི་དགས་འཛིན་གྱིས་རྒྱལ་པོ་དཔལ་སྐྱེད་ལ་བཟོད་པ་བྱེད་དུ་བཅུག་ནས། འདི་ལྟར་རྒྱལ་པོས་གླང་པོ་རྗེ་པདྨ་དཀར་པོ་ཞེས་བྱ་བ་གཅིག་དང་། དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ།། དེ་ནས་དཔལ་སྐྱེད ་ཀྱིས་རས་ཡུག་པོ་ཆེ་ཞིག་ཁྱེར་ཏེ། དགེ་སློང་མའི་དབྱར་ཁང་དུ་ཕྱིན་པ་ཇི་ཙམ་ན། སྦོམ་དགའ་མོས་ཐོས་ནས་སྐྲག་པར་གྱུར་པ་དང་ཞེས་བྱ་བ་ནས། དཔལ་སྐྱེད་ཀྱིས་འདི་སྐད་ཅེས་སྨྲས་སོ།། གང་གིས་ནང་པར་གྱི་དུས ་སུ་ཁེ་བོ་ལ་གཅིན་གཏོར་བ་དེའི་གཅིན་ནི་བཀྲ་ཤིས་བདགའ་བར་བྱེད་པ་ཡིན་པས། དེ་ལ་ལོ་བོ་དེ་རིང་བསྐོན་པ་རས་ཡུག་པོ་ཆེ་འདུལ་ན། དགེ་སློང་མ་དོ་གང་ལགས། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས ་མེམོ་ཡིན་ནོ་ཞེས་སྨྲས་པ་དང་། དེས་དེ་ལ་རས་ཡུག་པོ་ཆེ་ཅིག་བསྐོན་ནོ།། ཇི་ཙམ་ན་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་དེའི་ཚེ་དེ་ན་རེ། ངན་སྐྱུགས་ཀྱང་ཁྱེད་དང་མི་མཚུངས་སོ་ཞེས ་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ། མ་བརྟགས་པར་དོར་བར་མི་བྱའོ།། འདོར་ན་ལྟུང་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མ་བརྟགས་པར་བཤང་བ་དང་གཅི་བ་འདོར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མ་བརྟགས་པར ་ཞེས་བྱ་བ་ནི་བརྟག་པ་མ་བྱས་པར་རོ། ། བཤང་བ་འམ་གཅིབ་འདོར་ན་ཞེས་བྱ་བ་ནི་འདོར་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྫི ་ཙམ་ཅུང་ཟད་མ་བརྟགས་པར་བཤང་བ་འམ་གཅི་བ་འདོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་ཁང་སྟོང་ངམ་རྩིག་པ་རལ་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་དགུ་པའི་རིག་སུ་བཅད་པའི་སྡོམ་རྫོགས་སོ།། ་། སྡོམ་ནི། སྐྱབས་ཡོད་པ་ནི་སྐྱེས་པ་དང་།། དགེ་སློང་མ་དང་འདུག་མི་བྱ།། བླ་གབ་མེད་པར་སྐྱེས་པ་དང་།། དགེ་སློང་གཉིས་ནི་མ་ཡིན་དང་།། འབའ་ཞིག་གནས་པར་མི་བྱའོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་བྱེད་པ་དང་། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་འདི་སྐད་ཅེས། ད་ལྟར་བརྡ་བྱས་ནས་མཚན་མོ ་ཉེས་པར་སྤྱད་པ་སྤྱོད་པར་འགྱུར་རོ་ཞེས་སྨྲས་པ་ན། དེ་ན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་དང་ལྷན་ཅིག་དབེན་པ་སྒྲུབ་ཡོད་པ་ན་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྡོམ ་དགའ་མོའོ། ། སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་པོ་དང་ངོ་།། གཅིག་པུ་ཞེས་བྱ་བ་ནི་གང་ན་གསུམ་པ་སྐྱེས་པ་འམ། བུད་མེད་དམ། མ་ནིང་མེད་པར་རོ།། དབེན་པ་སྐྱབས་ཡོད་པ་ཞེས་བྱ་བ་ལ། སྐྱབས་ཡོད་པ ་ནི་གསུམ་སྟེ། རྩིག་པའི་སྐྱབས་ཡོད་པ་དང་། སབ་མོའི་སྐྱབས་ཡོད་པ་དང་། ཡོལ་བའི་སྐྱབས་ཡོད་པའོ།། འདུག་ན་ཞེས་ཟེར་བ་ནི་གཏམ་ཟེར་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་པའི་དང་པོ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཆ་འཆར་ལ་དང་སྦེད་མ་རབ་ཏུ་བྱུང་བ་དེའི་ཚེ། འཆར་ལ་དགེ་སློང་མའི་དབྱར་ཁང་གཛིན་པ་དེར་སེང་སྟེ་བྱིན་ནས། ཕྲེད་མ་དང་ལྷན་ཅིག་དབེན་པསྒྲུབས། ་ཡོད་པ་ན་འདུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བར ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་གཅིག་དང་སྤྱན་ཅིག་ཡིན་པ་སྐྱབས་ཡོད་པ་ན་འདུག་ན་བྱེད་དོ།། ཡ~ཾང་གང་ཞེས་བྱ་བ་ནི་སྦེད་མའོ།། གཅིག་པུ་དགེ་སློང། ་གཅིག་དང་ལྡན་ཅིག་ཅེས་བྱ་བ་ནི། གང་ན་གསུམ་པ་སྐྱེས་པ་དང་། བུད་མེད་དང་། མ་ནིང་མེད་པར་འཆར་ལ་དང་ངོ་།། དབེན་པ་སྐྱབས་ཡོད་པན་ཞེས་བྱ་བའི་བར་གོང་བཞིན ་ནོ། ། འདུག་ན་ཞེས་བྱ་བ་ནི་གཏམ་སྨྲ་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་དང་ལྷན་ཅིག། ་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གྲོགས་གཉིས་པ་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད། ་ནའོ།། དེ་ནས་སྦོམ་དགའ་མོ་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གེབས་མེད་པར་འདུག་ནས། རྐུན་ལ་རྩེད་མོ་ཞེས་བརྡའི་རློག་སྨྲའོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང ་མ་གང་གཅིག་པུ་སྐྱེས་པ་གཅིག་དང་ལྷན་ཅིག་བླ་གབ་མེད་པར་དབེན་པར་འདུག་ནི་ལྟུང་བྱེད་དེ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞན་ནི་སྔ་མ་བཞིན་ནོ།། བླ་གབ་མེད་པར ་ཞེས་བྱ་བ་ནི་ཐང་ལའོ། ། དབེན་པར་འདུག་ན་ཞེས་བྱ་བ་ནི་གཏམ་ཟེར་ཞིང་སྟེ། ཁྱད་པར་ནི་འདི་ཡོད་དོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་བླ་གབ་མེད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གྲོགས་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་གསུམ་པ་རྫོགས་སོ།། ་། དེ་བཞིན་དུ་སྦེད་མ་དང་འཆར་ཁ་དབེན་པ་བླ་གབ་མེད་པ་ན་འདུག་ནས་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་གཅིག་དང ་ལྷན་ཅིག་བླ་གབ་མེད་པ་དབེན་པར་འདུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦེད་མའོ།། དགེ་སློང་ནི་འཆར་ཀའོ།། གཞན་ནི་གོང་ནས་འབྱུང་བ་བཞིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཅེས་བྱ་བ་སྔ་མ་བཞིན་ནོ།། གྲོགས་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་བཞི་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། སྦོམ་དགའ་མོས་སྐྱེས་པ་ཞིག་ལ་བརྡ་བྱས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མེ་ཁྱེད་ན་རབ་ཏུ་བྱུང་བ་ལགས་ལ། བདག་ཀྱང་ཁྱིམ ་པའི་ནང་ན་དགེ་བསྙེན་ལགས་ཏེ། གལ་ཏེ་འགའ་ཞིག་གིས་ཤེས་པར་གྱུར་ན་གཉིས་ཀ་སྨད་པར་འགྱུར་རོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཇི་སྙམ་དུ་སེམས་དུང་དང་རྔ་པ་ཊ་ཧ་འབུད་ཅིང་འོང ་དགོས་སམ། དེ་ལྟ་མོད་ཀྱི་དབྱར་ཁང་གི་གནས་ཁང་དུ་ཤོག་ཅིག། ཇོ་ཙམ་ན་སྐྱེས་དེ་གནས་ཁང་དུ་འོངས་སོ།། དེ་ནས་སྔམི་དགའ་མོས་སྐྱེས་པ་དེ་སྐྱབས་ཡོད་པར་ཁྲི་སྟེང་དུ་འདུག་ཏུ་བཅུག་ནས ་འདི་སྐད་སྨྲས་སོ། ། ཁོ་མོ་མཁན་མོའི་ཞབས་བཀྲུ་བའི་ཆེད་དུ་ལྟ་ཞིང་འགྲོའོ་ཞེས་སྨྲས་ནས་སོ།། དེས་ཀྱང་མཁན་མོ་ལ་ཞུས་ནས་ལུང་ཡང་མནོས། གཞོན་ནུས་རྣམས་ལ་ཡང་ལུང་བག། གཏམ ་དགཟུང་བ་ཡང་བྱས་ཏེ། དེ་ལྟར་བྱ་བ་མང་ཤིང་བསྒྲུབ་པ་མངས་པས། ཇི་ཙམ་ནགྱེས་པ་དེ་བརྗེད་།། དེ་གཙུག་ལག་ཁང་གི་ཕྱི་རམ་ཏུ་རྐང་བ་བཟླས་ནས། ནས ་ཁང་གི་ནང་དུ་ཞུགས་ཏེ་ཁྲི་སྟེང་དུ་འདུག་པ་དང་། སྐྱེས་པ་དེ་ཡང་འགུལ་བར་བརྩམས་སོ།། དེས་འགུལ་བས་ཁྲི་ལེགས་པ་དང་། དེས་རྐུན་པོ་བྱུང་ངོ་རྐུན་པོ་བྱུང་ངོ་ཞེས་ཁྲུས་བཏབ་པ ་དང་། དེ་ནས་སྐྱེས་པ་དེ་ཡང་ཁ་ཟེར་ཞིང་བྲོས་སོ།། དགེ་སློང་མ་རྣམས་ཀྱིས་འཕྲིགས་ཏེ། འཕྲིགས་ནས་ཀྱང་སྨོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མས་གང་གཅིག་པུ་གཉིས་སུ་མེད་པར། དགེ་སློང་མ་མེད ་པའི་གནས་ཁང་དུ་མཚན་མོ་གནས་པར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཅིག་པུ་གཉིས་སུ་མེད་པ་དགེ་སློང་མའི་གནས་ཁང་དུ་གནས ་པར་བྱེད་ན་ཞེས་བྱ་བ་ནི་ཉལ་ནའོ། ། སུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་གཅིག་པུ་གཉིས་སུ་མེད ་བར་གནས་ཁང་དུ་ཉལ་བར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། །། སྡོམ་ལ། རྣ་བར ་གཤུབ་པ་གཉིས་དང་ནི། ། བདག་ཉིད་ལ་ནི་མཐོ་འཚམ་དང་།། ཚངས་པར་སྤྱོད་ལ་མནའ་མིན་དང་།། ཉེས་པར་མཐོང་བས་མི་གླེང་བའོ།། །། གླེང་གཞི་ནི་མཉན་ཡོད་ནོག། ་དེ་ནས་སྦོམ་དགའ་མོས་སྐྱེས་པ་ཞིག་གི་རྣ་བར་གཤུབས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་ན་རེ། གང་གི་ཕྱིར་རབ་ཏུ་བྱུང་བ་ཡང་ཁྱིམ་ན་གནས་པའི་རྣ་བར་གཤུབས་ལ། ཁྱིམ་ན ་གནས་པ་ཡང་གཤུབ་པར་བྱེད་ན། འདི་གཉིས་ལ་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་རྩི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་འཕྱ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསམ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྣ་བར་གཤུབ་པར་བྱེད་ན་ཞེས་བྱ་བ་ནི། རྣ་བར་གཏམ་སྨྲ ་བར་བྱེད་ནའོ། ། སྲུང་བྱེད་དོ་ཞེས་བྱ་བ་ནི་གང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན། ་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ།། ལུང་བྱེད་བཅུ་གཅིག་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་སྦེད་མ་འཆར་ཀའི་རྣ་བར ་གཤུབ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་བར་གྱི་སྐབས་དེ།། བཅོམ་ལྡན་འདས་མ་གསོས་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་སྲུང་བྱེད་དོ།། ཡང་ག་དས ་བྱ་བ་ནི་སྦེད་མའོ། ། དགེ་སློང་ཞེས་བྱ་བ་ནི་འཆར་ཀའོ།། ལྷན་ཅིག་རྣ་བར་ག་ཤུབ་པར་བྱེད་ན་ཞེས་བྱ་བ་ནི་རྣ་བར་གཏམ་སྨྲ་བར་བྱེད་ནའོ།། ལྟུང་བྱེད་ངོ་ཞེས་བྱ་བ་མགོང་མ་བཞིན་ནོ།། ་དེལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་གི་རྣ་བར་གཤུབ་པར་བྱེད་ན། ཐམས་ཅད་དུ་སྲུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཅིག་པའི་གཉིས་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་རྩོད་པ་འགའ་ཞིག་ལ་གླེང་བར་བྱེད་དེ། ་དེ་གླེངས་པ་ནའང་ལྔ་འཚོགས་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འཁྲུགས་ནས་རང་ལ་རྡེག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་རང་ལ་རྡེག་ན་ཞེས་བྱ་བ་ནི་རང་ལ་འཆོག་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལུས་ལ ་རྡེག་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་གཅིག་པའི་གསུམ་པ་རྫོགས་སོ།། ། གླེང་བཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་གང་དུ་ཁ་མི ་འདུམ་པ་ཅི་བྱུང་ཡང་རུང་། ཐམས་ཅད་དུ་སངས་རྒྱས་ལ་མནའ་འདོར་བར་བྱེད། ཆོས་དང་། དགེ་འདུན་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། མཁན་མོ་དང་སློབ་དཔོན་ལ་མནའ ་འདོར་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དང་། སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་པའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚངས་པར་སྤྱོད་པ་ལ་མནའ་འདོར་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཚངས ་པར་སྤྱོད་པས་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་མནའ་འདོར་བའོ། ། མནའ་འདོར་བར་བྱེད་ན་ཞེས་བྱ་བ་ནི། ཡིད་ཆེས་པར་བྱ་བའི་ཕྱིར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟང་སངས་རྒྱས་ལ་མནའ་འདོར་བར་བྱེད་ན་ལྟུང་བྱེད་དོ།། ཆོས་ལ་མ་ལུང་བྱེད་དོ།། དགེ་འདུན་ལ་ན་ལྟུང་བྱེད ་དེ། ཚངས་པར་གྱུང་པ་ལ་གནས་པ་ལན་ལུང་བྱེད་དོ།། མཁན་མོ་དང་སློབ་དཔོན་ལན་ཐམས་ཅད་དུ་སྲུང་བྱེད་དུ་འགྱུར་རོ།། སྲུང་བྱེད་བཅུ་གཅིག་པའི་བཞི་པ་རྫོགས་སོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་སྟེ། དེ་དག་འཐབ་མོ་བྱུང་བ་ན་དགེ་སློང་མ་རྣམས་ལ་གླེང་བར ་བྱེད་དེ། གང་གི་ཚེ་ལྕོགས་པར་མི་ནུས་པ་དེའི་ཚེ། དེ་དག་དགེ་སློང་མ་རྣམས་ལ་ཉེས་པར་མཐོང་བས་གླེང་བར་བྱེད། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་བར་བྱེད་པ་ན། དོན་ཉུང་བའི ་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལ་ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ ་གཉིས་སྡེ་དག་གོ། ། དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ།། ཉེས་པར་མཐོང་བས་གླེང་ན་ལྟུང་བྱེད་དོ།། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་མ་བརྟགས་པར་གླེང ་བར་བྱེད་ན་ཞེས་བྱ་བ་ནི་གཤེ་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉེས་པར་མཐོང ་པས་གླེང་ན་སྲུང་བྱེད་དོ། ། ཉེས་པར་ཐོས་པས་ན་ལྟུང་བྱེད་དོ།། ཉེས་པར་དོགས་པས་མ་སུང་བྱེད་དོ།། ལྟུང་བྱེད་བཅུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། ་། སྡོམ་ལ་མུན་པར་རྒྱ་སྐྱེགས་བཅངས་པ་དང་། མ་གཏང་བར་ནི་འགྲོ་བ་དང་། ཁྱིམ་པའི་སྟན་ནི་བཤམས་པ་དང་། དེར་ནི་ཉལ་བར་མི་བྱ་བའོ།། གླེང་གཞི་ནི་མཉན་ཡོད ་ནའོ། དེ་ནས་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན་རི་འོར་ཞིག་ཏུ་ཕྱིན་ནས། དེ་དག་གིས་དེར་ཁྱིམ་བདག་ཅིག་ལ་གནས་ཤིག་བརྙས་ཏེ། དེ་དག་ནུབ་མོ་དེ་ན་རྟེན་ཅིང་འཁོད་པ་ལས། ཇི་ཙམ་ན་མཚན་མོ ་ནམ་པ་སྲོས་པ་ན་ཆར་འབ་ནས། དེ་དག་ཐུགས་སོགས་སུ་ནུར་ཏེ་ཞུགས་པ་དང་། དེ་ན་ཡང་སྐྱེས་པ་ཞིག་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་བཟུང་བ་དང་། དེས་ཁུས་བཏབ་བོ།། ཇི་ཙམ་ན་དགེ ་སློང་མ་རྣམས་ཀྱིས་གསོལ་བ་བྱས་ཏེ་གཏང་བ་ནས། མཉན་ཡོད་དུ་ལྷགས་པ་དང་། སྐབས་དེ་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པའི་བར་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་བྱུང་བ་དེ་ནི་དགེ་སློང་མ་དག་ཁྱིམ་དུ་མ་བརྟགས་པར་གནས་འཆའ་བ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་མ་བརྟགས་པར་གནས་སུ་གནས་འཆའ་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས ་@བྱ་བ་ནི། ཆོས་འདི་པ་དག་གིའོ།། གནས་ལ་མ་བརྟགས་པར་ཞེས་བྱ་བ་ནི། བརྟགས་པ་མ་བྱས་པར་རོ།། གནས་པར་བྱེད་ན་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་དུ་ཉམ་པར་བྱེད། ་ནའོ།། སུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སུམ་ཐུང་དུ་ཁྱིམ་པའི་ཁྱིམ་དུམ་བརྟགས་པ་ཉམ་པར་བྱེད་ན ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་གཉིས་པའི་དང་པོ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་རྨོས་དགའ་མོས་ཁྱིམ་ཟབ་བྱས་སུ་སོང་བའི་རླུང ་མ་ཞིག་གི་དྲུང་དུ་སོང་ནས་དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་སེལ་བར་བྱེད། ཁྱོད་ནི་རབ་ཏུ་བྱུང་བ་ལགས་ན། འདི་ཅིར་འཚལ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པས་ལགས ་སོ་ཞེས་པའི་བར་རོ། ། དེ་ནས་སྦོམ་དགའ་མོས་ཇི་ཙམ་ན་བཙུན་མོ་འཕྲེང་ལྡན་མོའི་དྲུང་དུ་སོང་ནས་དྲིས་པ། བཙུན་མོ་གལ་ཏེ་གསུས་པོ་ཆེ་ཡུལ་གཞན་དུ་གཤེགས་ན། དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན ་མོངས་པ་སེལ་བར་མཛད། དེས་འདི་སྐད་ཅེས་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ན་འདི་ཅི་དགོས་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པས་ཡིན་ནོ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོ་རྒྱ་ཕྱོགས་ཀྱི་ཚིགས ་མ་མཁན་གྱི་དྲུང་དུ་སོང་སྟེ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པ་ཞིག་ཉོས་ཏེ། ཇི་ཙམ་ན་དབྱར་ཁང་དུ་འོངས་ནས། མཚན་མོ་རྐང་པའི་རྟིང་པ་ལ་བཅིངས་ནས་ཉོན་མོངས་པ་སེལ་བར་བྱེད་པ་དང་། ་ཇི་ཙམ་ན་དབྱར་ཁང་དུ་མེ་ཤོར་བར་གྱུར་ཏོ།། དེ་ནས་སྦོམ་དགའ་མོ་སྔགས་ཤིང་བརྟབས་པས། གཅེར་བུ་སྒྲེན་མོར་སྐས་ལས་བབས་པ་དང་། ཀྲོལ་ཀྲོལ་ཟེར་བའི་སྒྲ་བྱུང་བ་ན། སྐྱེ་བོའི་ཚོགས་ཆེན ་པོས་བགད་དོ་ཞེས་བྱ་བ་ནས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག། སྲིང་མོ་ལ་དྲིས་ཤིག། བུ་མོ་ལ་དྲིས་ཤིག། ཅེས་སྨྲས་སོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད ་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་མ་གླེགས་བཅངས་པ་འཆང་ན་ལྟུང་བྱེད་། ཡང་གང་ཞེས་བྱ་བ་ནི། ཐོས་དགའ་མོའོ།། བཅངས་པ་ཞེས་བྱ་བ་ནི། རྒྱ་གླེགས་ལས་བཅོས་པའོ།། འཆང་ན་ཞེས ་བྱ་བ་ནི། རངཤེས་སོ།། མུང་བྱེད་ན་ས་བྱ་བ་ནི། ཀོང་ས་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟ་འཕྲུགྱུ་སྙེན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཀྱི་རྨུགས་བརྩམ་པ་འམང་རྣཐམས་ཅ ་བྱེད་དུ་འགྱུར་རོ། ། དགེ་སློང་རྣམས་ཐེ་ཚོམ་བྱས་ནས་ཞེས་བྱ་བ་ནས། བཙུན་པ་སྒོམ་དགའ་མོས་ཀྱི་བའི་ཚོགས་ཆེན་པོ་བགདས་བརྟོན་པ་ལ་གཟིགས་ཞེས་བྱ་བའི་བར་རོ།། བཅོམ་། ་འདས་ཀྱིས་བཀའ་ཐུས་པ། དགེ་སློང་དག་ད་ཝཱར་གྱི་འདི་མ་ཟད་ཀྱི། འདས་པའི་དུས་ནས་འགྲོམ་དགའ་མོས་ཕྱེ་བའི་གས་ཆེན་པ་གད་མོ་པརྩོན་པ་དེ་ཅན་ཅིག། དགེ་སློང་དག་སྔོན་བྱུང་བ་འང ་བན། གྲོབ་ཁྱེར་ཝཱ་རཱ་ཎཱ་མིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིང་བྱེད་དུ་འཇུག་གོ།། ཇི་ཙམ་ན་བྲམ་ཟེ་ཅིག་གིས་སྤངས་ཀྱི་ཟམ་ཟེ་ཞིག་གི་བུ་མོ་རླུང་མར་བླངས་པ་དང་ཞེས་བྱ། ་པབནས། བྲམ་ཟེའི་བུ་མོ་དེ་བྲམ་ཟེ་དེ་ལ་འཇར་དུ་མ་བཏུབ་ནས་ཞེས་བྱ་བའི་བར་ཏེ། གྱོས་པོའི་ཁྱིམ་དུ་བསྐྱལ་བའི་ཕྱིར་བུ་མོ་དེ་བོང་བུ་ཞིག་ལ་ཞོན་ཏེ། བུ་མོ་དེའི་ཕའི་ཁྱིམ་གང་ན་བ་དེར་ཆས་པ་དང་། ་ཇི་ཙམ་ན་བུ་མོ་དེས་དྲིས་པ་ལས། དེས་ཀྱང་སྨྲས་སོ་ཞེས་བྱ་བ་ནས། བུ་མོ་དེས་དྲིས་པ་ན་ཐ་སྙད་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དེས་ཉལ་བར་བརྩམས་སོ་ཞེས་བྱ་བ་ནས། བྲམ་ཟེ་ནི་གཙང་སྦྲ་འདོད་པ ་ཡིན་པས་ཆུ་ལེན་པར་བྱེད་པ་ན། ཇི་ཙམ་ན་བྱ་མ་བུམ་འཁྲོགས་པའི་སྒྲས་བོང་བུ་འདྲོགས་ཏེ། དེ་འདྲོགས་པས་བུ་མོ་དེ་ཆ་བྱད་དེ་ཉིད་ཀྱིས་གྲོང་ཁྱེར་དུ་སོང་བ་ནས། སྐྱེ་བོའི་ཚོགས་ཆེན་བློ་བགད་མོས་བཅུ ་པའི་བར་རོ། ། དེ་ནས་བྲམ་ཟེ་དེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བྱམ་བུམ་ནི་འཕྲོགས་པ་ཡིས།། བོང་བུ་རབ་ཏུ་འདྲོགས་གྱུར་ཏེ།། བུད་མེད་འདི་ཡི་ལས་ངག་གིས།། བདག་ཀྱང་འདིར ་ནི་ངོ་ཆེའོ། ། དགེ་སློང་མ་དག་ཇི་སྙམ་དུ་སེམས། བྲམ་ཟེའི་བུ་མོ་གང་ཡིན་པ་དེ་ནི། སྦོམ་དགའ་མོ་འདི་ཉིད་ཡིན་ཏེ་ཞེས་བྱ་བ་ནས། སྔོན་དང་ད་ལྟར་ཡང་ཞེས་བྱ་བའི་བར་རོ།། ལྟུང་བྱེད་བཅུ་གཉིས ་བའི་གཉིས་པ་རྫོགས་སོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཁྱིམ་བདག་གི་ཆུའམ་རབ་ཏུ་མང་པོས་སྦོམ་དགའ་མོ་ལ་འཕགས་མ་ཆོས་བཤད་དུ་གསོལ་ཞེས་གསོལ ་པ་བཏབ་པ་དང་། དེས་འདི་སྐད་ཅེས་སྟན་ཤོམས་ཤིག་ཅེ་སྨྲས་སོ།། དེ་དག་གིས་དེའི་ཆེད་དུ་སྤྱན་བཤམས་པ་དང་། དེ་སྟན་པ་ཤམས་པ་ཉིད་ལ་འདུག་ནས་ཁ་རྩིག་པ་ལ་བལྟས་ཏེ་མདོ་རིང་པོ་བཟུང་སྟེ་འཆད་པ ་ལ་ཞུགས་སོ། ། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་རླུང་མ་དེ་དག་འདི་སྙམས་དུ་སེམས་ཏེ། དགེ་སློང་མ་རྣམས་ཀྱི་ལས་ནི་བཀླག་པར་བྱ་བ་དང་དྲན་པར་བྱ་བ་འདི་ཁོ་ནར་ཟད་ཀྱི། བདག་ཅག་ནི་ཁྱིམ་གྱི ་བྱ་བ་དག་ཉམས་པར་འགྱུར་རོ་སྙམ་དུ་བསམས་ནས་དོང་ངོ་། ། ཕྱི་བཞིན་བླང་བའི་དགེ་སྦྱོང་མ་དེས་སྨྲས་པ། འཕགས་མ་སུ་ལ་ཆོས་འཆད། དེས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་དང་ཁྱིམ་བདག ་གི་ཆུང་མ་རྣམས་ལའོ། ། དེ་དག་ནི་སྐྱོ་ནས་དོང་ལགས་སོ་ཞེས་བྱ་བ་ནས། སྦོམ་དགའ་མོས་ཀྱང་སྟན་བོར་ཏེ་སོང་ངོ་ཞེས་བྱ་བའི་བར་རོ།། སྟན་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་སོ་ཞེས་བྱ་བ་ནས ་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཁ་ཟེར་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོས་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར ་དུ་མཛད་དེ། ཡང་དགེ་སློང་མ་གང་ཆོས་འཆང་བ་ན། ཁྱིམ་པ་ལ་སྟན་མ་གཏད་པར་བོར་ཏེ་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འོ།། སྨན ་མ་གཏད་པར་ཞེས་བྱ་བ་ནི་བདག་པོ་ལམ་གཏད་པར་རོ། ། འགྲོ་ན་ཞེས་བྱ་བ་ནི་སོང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ། ་སློང་མས་ཇི་ཙམ་ཅུང་ཟད་ལྡན་བདག་པོ་ལམ་གཏད་པར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལུང་བྱེད་བཅུ་གཉིས་པའི་གསུམ་པ་རྫོགས་སོ།། ་གླེང་གཞིན་མཉན་ཡོད་ནའོ།། དེ་ནས་ཡུལ་དབུས་པའི་ཡུལ་ཆོས་ཀྱིས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་ན་སྟན་བཤམས་པ་དག་མོ་རྟུལ་བ་ཡིན་པས། བྲམ་ཟེ་ཞིག་གི་སྟན་བཤམས་ནས། དེར་སྲུངས་མ ་ཞིག་བཞག་གོ། ། སྦོམ་དགའ་མོ་ཡ་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། དེས་འདི་སྐད་ཅེས་སྨྲས་སོ།། མཚན་བཟང་མ་བསོད་སྙོམས་བྱིན་ཅིག། དེ་ནས་བུད་མེད་དེས་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་སྟན་སྲུང་ལགས་སོ།། ཁོ་མོས་བསྲུང་གིས། ཁྱོད་སོང་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཅིག། བུད་མེད་དེ་ཡང་བསོད་སྙོམས་ཀྱི་ཕྱིར་ནང་དུ་ཞུགས་པ་དང་། སྦོམ་དགའ་མོས་ཀྱང་བྲམ་ཟེའི་སྟན ་ལ་འདུག་གོ། ། བྲམ་ཟེ་དེ་འོངས་ན་སྡོམ་དགའ་མོ་སྟན་དེའི་སྟེང་ན་འདུག་པ་མཐོང་ནས། སྨོད་པར་བྱེད་དོ་ཞེས་བྱ་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བབ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མ་གནང་བར་ཁྱིམ་གྱི་ནང་དུ་སྟན་ལ་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས ་བྱ་བ་ནི་སྦོམ་དཀའ་མོའོ། ། མ་གནང་བར་ཞེས་བྱ་བ་ནི་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་རོ།། ཁྱིམ་གྱི་ནང་དུ་ཁྱིམ་པའི་སྟན་ལ་འདུག་ན་ཞེས་བྱ་བ་ན་བཀད་ནའོ།། ལུང་བྱེད་དོ་ཞེས་བྱ་བ ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་གནང་བར་ཁྱིམ་པའི་སྟན་ལ་འདུག་ན། ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ལྟུང་བྱེད ་བཅུ་གཉིས་པའི་བཞི་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་ལྗོངས་རྒྱུ་ཞིང་དོང་བ་དང་། ཟག་པ་ཞིག་གི་ཁྱིམ་དུ་ནུབ་མོ་བྲང ་བཏབ་སྟེ་འདུག་གོ། ། དེའི་འོག་ཏུ་མུན་སྲོས་པ་དང་ཁྱིམ་བདག་འོངས་ནས། དེས་དགེ་སློང་མ་དེ་དག་མ་མཐོང་མ་མཐོས་སོ།། དེ་ནས་ཁྱིམ་བདག་དེ་ཆུང་མ་དང་ལྷན་ཅིག་ཀུན་ཏུ་སྤོད་པ་ལ་ཞུག ་པ་ན། དེས་སྐད་ངན་ཤོར་བ། གཞོན་ནུ་རབ་ཏུ་བྱུང་བའི་དགེ་སློང་མ་ཞིག་ཡོད་པ་དེས་ཐོས་ནས་བགད་དོ།། དེ་ནས་ཁྱིམ་བདག་གིས་ཁྱིམ་བདག་གི་རླུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ངེས ་ཞིག། དེས་སྨྲས་པ། དགེ་སློང་མའོ།། ཁྱིམ་བདག་དེས་ཐོས་ནས་ཁྲོས་ཏེ་འདི་སྐད་ཅེས། ཅིའི་ཕྱིར་ཁྱོད་ཀྱིས་འཇིག་རྟེན་ལ་ཅོ་འདྲི་བ་རྣམས་ཀྱི་གནས་སྦྱིན་ཞེས་སྨྲས་ནས། དེ་ཁྲོས་ཏེ་ནམ་ཕྱེད་ན་སྒོར ་བཏོན་པ་དང་། དེ་དག་གིས་གསོལ་བ་བཏབ་པ་དང་ཞེས་བྱ་བ་ནས། སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློངས་གང་ཁྱིམ་གྱི་བདག་པོ་ལམ་བརྟགས་པར་ཁྱིམ་གྱི་ནང་དུ་ཆུབ་མོ་གནས་བཅས་ཏེ་འདུག་ན་ལུལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས་འདི ་5མམ་པ་མ་པས་སྐྱེ་ནས་གྱུ་། ། སུ་ས་། ་དོངོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱིས་ནང་དུ་ནུབ་མོ་གནས་འཆའ་ན་ཐམས་ཅད་དུ ་ལྟུང་བྱེད་དུ་འགྱུར་རོ། ། སྲུང་བྱེད་བཅུ་གཉིས་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་ལ། སྔ་ནས་འདུག་པར་ཤེས་པ་དང་།། ནད་པའི་རིམ་གྲོ་བྱ་བ་དང་།། དབྱར་ཁང་ནས ་ནི་མི་བསླང་དང་། ། ཁྲི་དང་གདིང་བ་གཅིག་ལ་མིན། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་སྤོངས་རྒྱུ་ཞིང་ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་པ་དང་། དེ་ན་ཡང་དགེ་སློང་ས ་སྔ་ནས་འཁོད་པ་དག་ཡོད་པ་དེ་དག་གིས། དེ་ལ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང་། དེས་དེ་དག་ཐབས་ཀྱིས་ཁྱིམ་དེ་ནས་བསླད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དགེ་སློང་མ་དག་སྔ་ནས་འདུག ་པར་ཤེས་བཞིན་དུ་དེའི་འོག་ཏུ་འོངས་ནས། ཁྱིམ་ནས་སྨོད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔ་ནས་འདུག་པར་ཞེས་བྱ་བ་ནི་ཐོག་མ་ནས་གནས་པར་རོ། ་ཤེས་བཞིན་དུ་ཞེས་བྱ་བ་ནི་རབ་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་བའོ།། དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། དེའི་འོག་ཏུ་འོངས་ནས་ཞེས་བྱ་བ་ནི་དུས་གཞན་ནོའོ།། ཁྱིམ་ནས་སློང་ན་ཞེས་བྱ་བ། ་ནི་གནས་ནས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་སྔ་ནས་འཁོད་པ་དག་ཁྱིམ་ནས་སློང་བར་བྱེད་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་གསུམ་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནས་དག་ཉེ་བར་བན ་ནས་ན་བ་ན་རིམ་གྲོ་མི་བྱེད་དོ། ། དེ་དག་མགོན་མེད་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་ན ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྷན་ཅིག་གནས་པ་དང་ཉེ་གནས་དག་ཉེ་བར་བཞག་ནས་ཞེས་བྱ་བ་ནི་རབ་ཏུ་བྱུང་སྟེ་བཞག་ནས་སོ།། ན་བ་ན་ཞེས་བྱ་བ་ནི་ནད་ཀྱིས་ཐེབས ་ནོའོ། ། རིམ་གྲོ་མི་བྱེད་ན་ཞེས་བྱ་བ་ནི་རྩ་བའི་སྨན་ལ་སོགས་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་ཏེ། ་པར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། སྲུང་བྱེད་བཅུ་གསུམ་པའི་གཉིས་པ་རྫོགས་སོ།། གླེང་གཞི་ནི་མཉན་མོད ་ནའོ། ། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་དགེ་སློང་མ་གང་ཞིག་དབྱར་ཁང་འདི་ནས་བསྐྲད་པར་བྱ་སྙམ་པ་ལས། འདི་སྙམ་དུ་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་སྤོང་བ་པ་འཁོར་རྒྱ་ཆེན་པོ་ཅན ་ཡིན་ནོ། ། ཆོས་སྦྱིན་མ་འདི་ཡང་ལུང་འབོགས་པས། འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་འདི་ནི་དོན་ཉུང་བ། འཁོར་དོན་ཉུང་བ་ཅན་ཡིན་གྱིས། གོའུ་ཏ་མི་རླུང་ངུ་བསྐྲད་པར་བྱའོ་སྙམ ་དུ་དེས་བསམས་སོ། ། དེ་ནས་སྦོམ་དགའ་མོ་སྔ་དྲོའི་ཚྭ་ལྷའི་གཏམ་དག་གླེངས་ནས། སྔ་དྲོ་ཤམ་ཐབས་བགོས་ཏེ་མ་ལུས་པར་ཆས་ཏེ་དོང་ངོ་།། ཇི་ཙམ་མགོའུ་ཏ་མི་སྐེམ་མོས། དགེ་སློང་མ་དེ་དག ་དགེ་བའི་ཕྱོགས་ལ་སྦྱར་ནས། དེ་ནས་གོའུ་ཏ་མི་སྐེམ་མོ་འདི་སྙམ་དུ། མ་ལ་བདག་གིས་སྦོམ་དགའ་མོ་ལ་ཡང་ཆོས་བཤད་པར་བྱའོ་སྙམ་དུ་བསམས་སོ།། དེ་ནས་གོའུ་ཏ་མི་སྐེམ་མོས་སྦོམ་དགའ ་མོ་ལ་བུ་ནུ་མོ་ཅི་ཁྱོད་ལྷོ་ཁོ་ན་ལ་སེམས་ཤིང་འདུག་གི། དགེ་བའི་ཕྱོགས་ལ་མ་ཡིན་ནམ་ཞེས་ཆོས་བཤད་པར་བརྩམས་པ་དང་། དེ་ནས་བློམ་དཔའ་མོ་འདི་སྙམ་དུ་བདག་གིས་ཡུན་རིང་མོ་ཞིག་ལོན་ནས ་གྲགས་རྙེད་དོ་སྙམ་དུ་བསམས་ཏེ། དེས་དེ་ལ་བུའི་ཤ་བན་སོ།། སེམས་འཁྲུགས་མ། དུར་དུ་བཅུག་ས་ཞེས་སྤྲོས་ནས། དབྱར་གྱི་ནང་ལོགས་སུ་དབྱར་ཁང་ནས་བསླང་བ་དང་། དོན་ཆུང ་པའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔ་མ་ཡི་མ་རངས་པར་གྱུར་ནས། དགེ་སློང་མ་དབྱར་ཁང་ནས་སྐྲོད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ ་དགའ་མོའོ། ། ཁྲོས་འཁྲུགས་རྔམ་ཞེས་བྱ་བ་ནི། ཁྲོ་བའི་ཀུན་ནས་དཀྲིས་པ་ལ་གནས་ནས་སོ།། དགེ་སློང་མ་ཞེས་བྱ་བ་ནི། གོའུ་ཏ་མི་སྐེམ་མོའོ།། དབྱར་ཁང་ནས་ཞེས་བྱ་བ་ནི། གནས ་ནས་སོ། ། སློང་ན་ཞེས་བྱ་བ་ནི་འབྱིན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་སྤྱོད་པར་བྱེད་པ་འམ། ཚིག་ཏུ་སྨྲ་བར ་བྱེད་པ་འམ། གཉིས་ཀ་ལྡན་པས་ཏེ། སྤང་བའི་ལྟུང་བྱེད་ལས་ཇི་སྐད་འབྱུང་བ་བཞིན་ནོ།། ལྟུང་བྱེད་བཅུ་གསུམ་པའི་གསུམ་པ་རྫོགས་སོ།། ། གླེང་གཞི་ནི་མཉན ་ཡོད་ནའོ། ། དེའི་ཚེ་འཆི་ལྟས་མ་དང་ཉེ་བའི་འཆི་ལྟས་མ་ཁྲི་གཅིག་ལ་ཉལ་བར་བྱེད་དོ།། དེ་གཉིས་ཁྲི་གཅིག་ལ་ཉལ་བ་མ། དཔེར་ན་སྐྱེས་པ་དང་བུད་མེད་ལྷན་ཅིག་འཁོད་པ་བཞིན་དུ། རྒོད་པ་དང་། ་འབྱར་གཡེང་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་ལ་ཀ་ལ་ན་སྲུང ་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི། འཆི་ལྟས་མ་དང་ཉེ་བའི་འཆི་ལྟས་མའོ།། ཁྲི་གཅིག་ལ་ཞེས་བྱ་བ་ནི་མལ་གཅིག་ཏུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་ལ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་ནས་ཡང་དགེ་སློང་མ་དག་རྒྱུ་ནིང་དོང་བ ་ན་ཁྲི་ཆེན་པོ་དག་རྙེད་ནས། དེ་དག་རེ་རེ་བཟུང་སྟེ་ཉལ་བ་ན། ལྷག་མ་དག་སྡུག་བསྔལ་བར་གྱུར་པ་དང་། ཁྱིམ་པ་མོ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་ཁྱེད་ཅག་གིས་ཁྲི་འདི་ཐམས ་ཅད་ཞུགས་ཤིང་ལགས་ན། ཅིའི་སླད་དུ་ཁྱེད་ཅག་རེ་རེ་གཟིམས། དེ་དག་གིས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་བཀག་གོ་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལྷག་པར་ངོ་ཚ་བ་དང་འཛེམ་པ་ཉེ་བར་བཞག་སྟེ། གཏུར་བུ་དང་ལྷུང་བཟེད་ཀྱི་གདུ་བུ་ལ་སོགས་པ་བར་དུ་བཞག་ནས་རང་རང་གིས་ལུས་གོས ་ཀྱིས་དཀྲིས་ཤིང་ཉལ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། ལྟུང་བྱེད་བཅུ་གསུམ་པའི་བཞི་པ་རྫོགས་སོ།། དེ་བཞིན་དུ་གདིང་བ་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་གདིང་བ་གཅིགལ་བར་དུས་བཅད་པར་ཉམ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། ཆི ་ལྷས་མ་དང་ཉེ་བའི་འཆི་ལྟས་མའོ། ། གདིང་བ་ཞེས་བྱ་བ་ནི། སྟེང་རིམ་དུ་གདིང་བའོ།། བར་དུ་མ་བཅད་པར་ཞེས་བྱ་བ་ནི། ལུས་ཀྱིས་ལུས་ཀྱི་རེག་པ་རང་གིར་བྱེད་པའོ།། ཉལ་ན་ཞེས་བྱ་བ་ནི། མཚན ་མོ་གནས་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་གདིང་བ་ལ་བར་དུ་མ་བཅད་པར ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། གཞུང་ཐ་མ་ལས་ཇི་སྐད་འབྱུང་བ་བཞིན་ནོ།། ལྟུང་བྱེད་བཅུ་གསུམ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་པ། དབྱར ་གྱི་ནང་དུ་འགྲོ་མི་བྱ། ། དབྱར་རྫོགས་ནས་ནི་འགྲོ་བ་དང་། ངོགས་དང་བཅས་པའི་ཡུལ་འཁོར་གཉིས།། ལྷ་ཡང་དག་ནི་ཕྱི་མ་ཡིན། ཕྲེང་གཞི་ནི་མཉན་ཡོང་ནའོ།། དེའི་ཆ་ཐོམ་དགའ་འ ་ཁོར་དང་བཅས་པ་དབྱར་གྱི་ནལ་ལོགས་སུ་རྒྱུ་ཞིང་འདོང་བ་ན། དགེ་སློང་མ་དེ་རྣམས་ལ། དགེ་སློང་མ་རྣམས་ཀྱིས་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོང་། དེ་དག་གིས ་འདི་སྐད་ཅེས། འཕགས་མ་སྦོམ་དགའ་མོ་ན་རེ། ཁ་མ་སྔོ་སྣོད་གསུམ་ཤེས་ཀྱིས། འདོང་ངོ་ཞེས་སེར་རོ་ཞེས་སྤྲས་པ་ན། དོན་ཉུང་བའི་དགེ་སློངས་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་གྱི་ན ་ལོགས་སུ་རྒྱུ་ཞིང་འདོང་ན་སྲུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་གྱི་ནང་ལོགས་སུ་ཞེས་བྱ་བ་ནི། དགག་དབྱེ་མ་བྱས་པར་རོ།། འདོད་ན་ཞེས་བྱ་བ་ནི། གྲོང་རྡལ ་ལམ་གྲོང་ཁྱེར་རམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་དག་ཏུ་འདོང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོངས་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོད་ན་ལྟུང་བྱེད་དོ། ། ལྟུང་བྱེད་བཅུ་བཞི་པའི་དང་པོ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ལ། ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་དགག་དབྱེ་བགྱིས་ལགས་ཀྱིས། རྒྱུ་ཞིང་བཞུད་དོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ཏེ། ད་དུང་རྒྱུ་བའི་དུས་ལ་མ་བབ ་པོ། ། དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་སྨྲས་པ། པུ་ནུ་མོ་ཁྱེད་ཅག་དགག་དབྱེ་ནི་བྱས་ཟིན་ན། ཅིའི་ཕྱིར་རྒྱུ་ཞིང་མི་འདོང། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ ་དགའ་མོ་ན་རེ། ཁོ་མོས་སྡེ་སྣོད་གསུམ་ཤེས་ཏེ། ད་དུང་རྒྱུ་བའི་དུས་ལ་མ་བབ་པོ་ཞེས་ཟེར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ ་གསོས་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་ས་ཀང་དབྱར་གནས་ནས་རྒྱུ་ཞིང་མི་འདོང་ན་སུ་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་ཐོས་དཀའ་མའོ།། དབྱར་གནས་ནས་རྒྱུ་ནིང་མི་འདོ་ན་ཞེས་བྱ་བ་ནི། དགག་དབྱེ་བྱས་ནས་སོ།། ལུང་བྱེད་དོ་ཞེས་བྱ་བ་ནི་གོངས་བཞིན་ནོ།། ་དེས་ལུང་ས་ངས་འགྱུ་ཞེན། དགེ་སློང་མས་ཇི་ཙམ་ཆུང་མང་དགག་དཔེ་བྱས་ནས་རྒྱུགང་མི་འདོ་ན་ཐམས་ཅུང་དུ་སྲུང་བྱེད་དུ་འགྱུར་རོ།། བན་དབྱམ་འང་ཅགནས་ཅིག་གོས་སུ་ཡང་འདོར་བར་བྱའོ།། ་ལྟུང་བྱེད་བཅུ་བཞི་པའི་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མ་སྐྱེས་དགྲས་སུ་ཡངས་པ་ཅན་དུ་མ་འགྲོ་ཞིག་ཅེས་དྲིལ་བསྒྲགས་པ་བྱས་སོ།། དེ་ནས ་དགེ་སློང་མ་རྣམས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་འདོང་ངོ་། ། དེ་དག་དོང་ན་ལམ་ཀར་ཆོམ་རྐུན་པ་དག་གིས་སུན་ཕྱུང་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དོགས་པ་དང་བཅས་པའི་ཡུལ་འཁོར་དུ་འདོང་བར་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དོགས་པ་དང་བཅས་པའི་ལམ་ནས་ནང་གི་ཡུལ་འཁོར་དུ་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ ་ནི་ཆོས་འདི་པའོ། ། དོགས་དང་བཅས་པའི་ལམ་ཞེས་བྱ་བ་ནི། འཇིགས་པ་དང་བཅས་པར་གྲགས་པའོ།། ནང་གི་ཡུལ་འཁོར་ཞེས་བྱ་བ་ནི། ཕན་ཚུན་མི་མཐུན་པའི་འོ།། འགྲོ་ན ་ཞེས་བྱ་བ་ནི་རྒྱུ་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཕན་ཚུན་མི་མཐུན་པའི་ཡུལ་འཁོར་གཉིས་སུ་རྒྱུ་ཞིང ་འགྲོ་ན་ལྟུང་བྱེད་དོ། ། ལྟུང་བྱེད་བཅུ་བཞི་པའི་གསུམ་པ་རྫོགས་སོ།། གླེང་གཞི་ནི་ཡངས་པ་ཅན་ནའོ།། ཡངས་པ་ཅན་པ་དག་གིས་སུ་ཡང་རྒྱལ་པོའི་ཁབ་ཏུ་མ་འགྲོ་ཞིག་ཅེས ་དྲིལ་ལས་བསྒྲགས་པ་བྱས་སོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དོགས་པ་དང་བཅས་པའི་ལམ་ནས་ཕྱི་རོལ་གྱི་ཡུལ་འཁོར་དུ་རྒྱུ་ཞིང་འགྲོ་ན ་ལྟུང་བྱེད་དོ། ། གཞུང་གོང་མ་ཇི་ལྟ་བ་བཞིན་དུ་ལྟུང་བ་ནི་རྗེས་སུ་མཐུན་པའོ།། ལྟུང་བྱེད་བཅུ་བཞི་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། ་དེ་ནས་སྦོམ་དགའ་མོ་ལྷ་ཁང་དུ་སོང་ནས། ལྷ་ཁང་པ་དག་དང་། གཞན་ཡང་རྩོད་པ་པ་དག་དང་ལྷན་ཅིག་ཏུ་རྩོད་པ་བྱེད་ཅིང་། དེའི་འོག་ཏུ་ཉི་མ་ཡོལ་ནས་དབྱར་ཁང་དུ་འོངས་ཏེ། རྒྱབ་དང་རྐེང་པ་ཚིར་ཅིག་ཅེས ་ཟེར་བ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་གང་དུ་སོན། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ལྷ་ཁང་དུ་རྩོད་པ་རྣམས་ཚར་བཅད་དོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཕྱི ་བཞིན་འབྲང་བའི་དགེ་སྦྱོང་མ་གང་ཞིག། དེས་འདི་སྐད་ཅེས་ཁོ་མོ་འབའ་ཞིག་སོང་ངོ་ཞེས་སྨྲས་པ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ལྷ་ཁང་དུ་སོང་ནས་རྩོད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང ་ཞེས་བྱ་བ་ནི་སྦོམ་དགའ་མེའོ། ། ལྷ་ཁང་དུ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་གྱི་ལྷ་ཁང་ངོ་།། སོང་ནས་ཞེས་བྱ་བ་ནི་ཞུགས་ནས་སོ།། རྩོད་པར་བྱེད་ན་ཞེས་བྱ་བ་ནི་འཐབ་པར་བྱེད་ནའོ།། ལྟུང་བྱེད་དོ ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྷ་ཁང་དུ་སོང་ནས། མུ་སྟེགས་ཅན་དག་དང་རྩོད་པར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ། ། ལྟུང་བྱེད་བཅུ་བཞི་པའི་ལྔ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ལྷ་ཁང་ལྟ་བ་དགག་པ་མཛད་པ་དེའི་ཚེ། རི་མོ་མཁན་གྱི་ཁང་པ་བལྟ་བའི ་ཕྱིར་འགྲོ་བ་དང་། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རི་མོ་མཁན་གྱི་ཁང་པ་འམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ ་ན་ལུང་བྱེད་དོ། ཡང་གང་ཞེས་བྱ་བ་ནི་ཐོས་དགའ་མོའོ།། རི་མོ་མ་ཁན་གྱི་ཁང་པ་འམ། ཀར་མཁན་གྱི་ཁང་པ་ཞེས་བྱ་བ་ནི། དགེ་སྦྱོང་མ་རྣམས་འཇུག ་པར་བྱ་བ་མ་ཡིན་པའི་ཁྱིམ་གང་དག་ཡིན་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རི་མོ་མཁན་གྱི་ཁང་པ་འམ ་གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལུང་བྱེད་བཅུ་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། བམ་པོ་ཉི་ཤུ་བཞི་པ། ་། སྡོམ་ལ། ལོ་ནི་བཅུ་གཉིས་མ་ལོན་དང་།། ལོན་ཡང་བསྒོ་བ་མ་བྱས་པར།། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས།། དེ་ཡང་དགེ་འདུན་མ་བསྐོས་ནའོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་བཅུ་གཉིས་སྡེ་དག་གིས། དགེ་སློང་རྣམས་ལ་དྲིས་པ། ཁྱེ་ཅག་ལོ་དུ་ལོན་ན་བསྙེན་པར་རྫོགས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལོ་བཅུ་ལོན་ནའོ།། དེ་ནས་བཅུ་གཉིས་སྡེ ་རྣམས་ཀྱིས། དགེ་སློང་རྣམས་ལ་འདི་སྐད་ཅེས་ཁོ་མོ་ཅག་ཀྱང་ལོ་བཅུ་སོན་ན་བསྙེན་པར་རྫོགས་པར་བྱེད་ལ། ཁྱེད་ཀྱང་ལོ་བཅུ་ལོན་ན་བསྙེན་པར་རྫོགས་པར་བྱེད་ན། འདི་ལ་ཁྱེད་ཅག་དང་ཁོ་མོ་ཅག་ཏུ ་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་སྨྲ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མ་ལོ་བཅུ་གཉིས་ལོན་ནས་བསྙེན་པར་རྫོགས་པར་བྱའོ།། དེ་ནས་སྦོམ་དགའ་མོ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི ་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལོ་བཅུ་གཉིས་མ་ལོན་པར ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པར་བྱ་བ་ལོ་བཅུ་གཉིས་མ་ལོན་པ་གང་ཡིན་པའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་འཁོར་དུ་འཇོག་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ། ། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ལོན་པར་འཁོར་དུ་འཇོག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་བྱེད་བཅོ་ལྔ་པའི་དང་པོ་རྫོགས་སོ། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལོ་བཅུ་གཉིས་མ་ལོན་པ་འཁོར་དུ་གཞག་པར་མི་བྱའོ་ཞེས་གསུངས ་པ་དེའི་ཚེ། དེ་དག་ཁྱད་པར་མེད་པ་ཁོ་ནར་འཁོར་དུ་འཇོག་ཅིང་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་གང་དག་ཡིན་པ་དེ་དག་ཀྱང་འཁོར་དུ་འཇོག་པས། དེ་རྣམས་ཀྱང་མ་དུལ་བ ་མ་བྱང་བར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་འཇོག་པར་འདོད་པ་གང ་ཡིན་པ་དེས། དགེ་འདུན་ལས་འཁོར་གཞག་པའི་སྡོམ་པ་གསོལ་བར་བྱའོ།། གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། གཎྜཱི་བདུངས་ཏེ། དྲིས་པའི་ལན ་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་སློའམ་དེས་རྒན་པའི་མཐར་འདུག་ནས་དགེ་སློང་མའི་དགེ་འདུན་ལ་འདུད་པ་དང་བཅས་པས། ཐལ་མོ་སྦྱར་བ་བྱས་ནས་ཚིག་འདི་སྐད་ཅེས ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ། འཕགས་མའི་དགེ་འདུན་ལས་འཁོར་གཞག་པའི་སྡོམ་པ་གསོལ་ལགས་ན། འཕགས ་མའི་དགེ་འདུན་གྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ། འཁོར་གཞག་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད ་པར་བྱའོ། ། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། གསོལ་བ་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང ་མ་མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས་འཁོར་གཞག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས ་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་ས་མིང་འདི་ཞེས་བགྱི་བ་ལ་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་ངོ་།། འདི་ནི་གསོལ་བའོ།། ལས་ནི། ་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འ་ཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས་འཁོར་གཞག་པའི་སྡོམ་པ་གསོལ་ནས། ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ། འཁོར་གཞག་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་གྱིས། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་གཞག་པའི ་སྡོམ་པ་སྩོལ་བར་བཟོད་པ་གང་དག་ལགས་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན ་གྱིས། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩ་ལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ནས་སྦོམ་དགའ་མོ་དགེ་འདུན་གྱིས་མ་གནང་བཞིན་དུ ་འཁོར་འཇོག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་ལས་དགེ་སློང་མའི་འཁོར་གཞག་པའི་སྡོམ་པ་མ་གསོལ་བར་འཁོར་འཇོག་པར་བྱེད་ན་ལྟུང་བྱེད་ན་ལྟུང་བྱེད་དོ།། ་སང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིས་སོ།། འཁོར་འཇོག་པའི་སྡོམ་པ་ཞེས་བྱ་བ ་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་སོ། ། མ་གསོལ་བར་ཞེས་བྱ་བ་ནི། མ་བླངས་པར་རོ།། འཁོར་འཇོག་པར་བྱེད་ན་ཞེས་བྱ་བ་ནི། རབ་ཏུ་དབྱུང་བ་འམ། བསྙེན་པར་རྫོགས་པ་འམ། ་གནས་སྦྱིན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་གཞག་པའི་སྡོམ་པ་མ་གསོལ ་བར། འཁོར་འཇོག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅོ་ལྔ་པའི་གཉིས་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཁྱིམ་སོ་བཟུང ་བ་ལོ་བཅུ་གཉིས་ལོན་པ་དག་འོངས་པ་དང་། རབ་ཏུ་བྱུང་ནས་དེ་དག་ལ་ཉི་ཤུའི་བར་དུ་བཞག་པ་ལས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ཅིའི་སླད་དུ་བསྙེན་པར་རྫོགས་པར་མི ་བགྱི། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ད་དུང་ཁྱེད་ཀྱིས་མ་གོམས་སོ།། དེ་དག་གིས་འདི་སྐད་ཅེས་འཕགས་མ་དག་བདག་ཅག་སྡུམ་པ་ན་མཆིས་པ་ན། སྡུམ་ཐབ་ཀྱི་སེམས ་གཟུང་བ་དང་། ཁྱིམ་གྱི་ནང་མིའི་སེམས་གཟུང་བ་དང་། དེ་བཞིན་དུ་ཁྱིམ་གྱི་བགྱི་བ་མང་པོ་དག་བགྱིས་ནས། ད་བདག་ཅག་གིས་དགེ་སློང་མའི་དགེ་འདུན་གྱི་ཐུགས་མཉེས་པར་མི་འགྱུར་རམ་ཞེས ་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ་བཅུ ་གཉིས་ལོན་པ་ཡིན་ན། བསྙེན་པར་རྫོགས་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཡིན་ན། བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་པ་དེའི ་ཚེ། སྦོམ་དགའ་མོས་ལོ་བཅུ་གཉིས་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཁྱིམ་སོ་བཟུང་བ་སོ་བཅུ་གཉིས་སུ་མ་ལོན ་བ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། ་ཁྱིམ་སོ་བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་ལོ་བཅུ་གཉིས་སུ་གནས་པའོ།། ལོ་བཅུ་གཉིས་མ་ལོན་པ་ཞེས་བྱ་བ་ནི་ལོ་བཅུ་གཅིག་ལོན་པའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི ་དགེ་སློང་མའི་དངོས་པོར་རོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ཡོན ་བར་བརྟེན་པར་རྫོགས་པར་བྱེད་མ་སུང་བྱེད་དོ། ། ལྟུང་བྱེད་བཅོ་ལྔ་པའི་གསུམ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྐྱེས ་བུ་གཏི་མུག་ཅན་འཕགས་སྐྱེས་པོ་མི་དགེ་བའི་བཤེས་གཉེན་སྡུག་བསྔལ་གྱི་ས་མོ་ལ་བརྟེན་ནས། ཤཱཀྱ་རྣམས་ཁ་བཏག་པ་དེའི་ཚེ། ཤཱཀྱ་མོ་རབ་ཏུ་མང་པོ་དག་ཁྱིམ་ཟ་བ་དང་བུའི་མྱ་ངན་གྱིས་གདུངས ་ནས་རབ་ཏུ་བྱུང་ངོ་། ། གང་གི་ཚེ་ཁྱིམ་ཐབ་དང་བུའི་མྱ་ངན་གྱིས་གདུངས་ནས་རབ་ཏུ་བྱུང་བ་དེའི་ཚེ། དེ་དག་ཉོན་མོངས་པས་མ་གདུངས་སོ།། གང་གི་ཚེ་དེ་དག་མྱ་ངན་སངས་པ་དེའི་ཚེ། དེ་དག་ཉོན ་མོངས་པས་གདུངས་པར་གྱུར་ཏོ། ། དེ་ནས་ཤཱཀྱ་མོ་རྣམས་ཀྱིས་སྐབས་དེ། སྦོམ་དགའ་མོ་ལ་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས། ཁོ་མོ་ནི་ད་རྒས་པའི་གནས་སྐབས་ལ་བབ་པས ་ཅི་བྱར་ཡོད། ཁྱེད་ཅག་ནི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་གྱིས། དེ་སོ་སོར་ཤེས་པར་གྱིས་ལ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་དག་དང་ལྷན་ཅིག ་རྩེ་བར་གྱིས་ཤིག། དགའ་བར་གྱིས་ཤིག། དགའ་དགུར་སྤྱོད་པར་གྱིས་ཤིག་ཅེས་སྨྲས་སོ།། ཇི་ཙམ་ནགོའུ་ཏ་མི་སྐེམ་མོའི་དྲུང་དུ་སོང་ནས། དེ་དག་གིས་གོའུ་ཏ་མི་སྐེམ་མོ་ལ་སྦོམ་དགའ ་མོས་བསྟན་པ་དག་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་རེ་ཞིག་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ལྷ་ཞོག་གི། ཁོ་མོས་འཇིག་རྟེན་འདིར་སྡུག་བསྔལ་ཉམས་སུ ་མྱོང་བ་གང་ཡིན་པ་དེ་ཉོན་ཅིག། ཁྱིམ་ཐབ་ཤི་བ་དང་། བུ་དང་བྲལ་བ་དང་། ཕ་དང་མ་ཐོག་གིས་བསད་པ་དང་། བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས་འཁྲུགས་པ་དང་། ་སྒྲེན་མོར་འཕྱན་པ་སྟེ། འདི་དག་དང་གཞན་ཡང་འཇིག་རྟེན་འདི་ཁོ་ན་ལ་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་ན། འཇིག་རྟེན་ཕ་རོལ་ལྟ་སྨོས་ཀྱང་ཅི་དགོས། ཕུ་ནུ་མོ་དག་དེ་ལྟ་བུ་མ་བྱེད་ཅིག་ཅེས ་གོའུ་ཏ་མི་སྐེམ་མོས་ཤཱཀྱའི་བུ་མོ་རབ་ཏུ་མང་པོ་དེ་དག་མི་དགེ་བ་ལས་སེམས་བཟློག་སྟེ། དགེ་བ་ལ་སེམས་བཀོད་པ་དང་། དེ་དག་གིས་འདི་སྐད་ཅེས། བདག་ཅག་སྦོམ་དགའ་མོས་ཕྱིར ་མི་གཙང་བའི་དོང་དུ་བཅུག་གོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང ་སྟེ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གིས་བསླབ་པའི་སྡོམ་པ་བྱིན་ཅིག། དེ་དག་ལོ་གཉིས་སུ་བསླབས་པ་དང་མངོན་པར་དགའ་བར་གྱུར་ཏོ།། གང་གི་ཚེ་བཅོམ ་ལྡན་འདས་ཀྱིས། ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ་ན། དེ་དག་གིས་ཇི་ལྟར་བྱིན་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀ ་སྤྲུལ་པ། གནས་མལ་བཤམ་པ་བྱས་ལ། གཎྜཱི་བརྡུངས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས ་། ལོན་པ་དེས། རྒན་པའི་མཐར་འདུག་སྟེ་འདུད་པ་དང་བཅས་པས་ཐལ་མོ་སྦྱར་བ་བྱས་ཏེ་ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་ཕུ་ནུ་དག་བདག་ལ་གསན་དུ་གསོལ། ་བདག་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ལགས་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་རྩེ་བ་ཉེ་བར་བཟུང་སྟེ། བདག ་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་དུ་གསོལ་ཞེས། དེ་ལྟར་ལན་གཉིས ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། ། དེའི་འོག་ཏུ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་མཐོང་བའི་ཉེ་འཁོར་དུ་འདུག་ཏུ་བཅུག་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ་བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་པ་དག་ལ་གསན་དུ་གསོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས ་བགྱི་བས། འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ ་ཅིང་བསོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། ལོ་གཉི ་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག ་བ་དག་ལ་གསན་དུ་གསོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ་འདི། མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང ་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ལོ་གཉིས་སུ་ཆོས་དྲུག་དང་རྗེས ་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་ལས་གང་དག་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བ། ལོ་གཉིས་སུ་ཆོས་དྲུག ་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད ་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྩལ་ལགས ་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ།། གང་གི་ཚེ་དེ་དག་ལོ་གཉིས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་པ་དེའི་ཚེ ་དག་བསླབས་པས་མངོན་པར་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་འོག་ཏུ་ཆིངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག། བཅོམ་ལྡན་འདས་ཀྱིས་ཚངས ་བཔར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་ནས། དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱ་སྟེ་ཞེས་བྱ་བ་ནས། དྲིས ་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས། རྒན་པའི་མཐར་འདུག་སྟེ་འདུད་པ་དང་བཅས་པས། དགེ་སློང་མའི་དགེ་འདུན་ལ ་ཐལ་སོ་སྦྱར་བ་བྱས་ཏེ་ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས ་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས ་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ ་ཕུལ་དུ་གསོལ་ཞེས། དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས ་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི། མཁན ་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ཚང་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི ་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩོལ་བར ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས ་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ཏེ། ་འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་པར་མཛད་ན། འཕགས་མའི་དགེ ་འདུན་ལས་གང་དག་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྤྲུལ་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག ་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལྟར་དགེ་སློང་མའི་དགེ་འདུན་གྱིས། སུ་ཡང་རུང་བ་འགའ་ཞིག་ལ་ཚངས ་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཕོག་ན། དགེ་སློང་མ་དེས་ཅི་བདེར་བསྙེན་པར་རྫོགས་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། དེ་ནས་ཡང་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ ་གཉིས་ལོན་པ་དག། མ་གསོལ་བར་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱེད་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་སོ་བཟུང་བ ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཞེས་བྱ་བ་ནི། ལོ་བཅུ་གཉིས་སུ་ཁྱིམ་ན་གནས་པར་གྱུར་པ་གང་ཡིན་པའོ།། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ནི། གསོལ་བ་དང་གཉིས ་ཀྱི་ལས་ཀྱིས་སོ། ། མ་གསོལ་བར་ཞེས་བྱ་བ་ནི། མ་བསླངས་པར་རོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྤྱོད་པ་ཞི་བར་གནས ་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅོ་ལྔ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་ལ ་འདོད་ཆེན་སྡོམ་པ་བྱིན་པ་དང་། སྦྲུམ་པ་དང་ནི་བསླབ་པ་དང་། བཞག་ནས་ཕན་མི་འདོགས་པ་དང་། བཀར་བར་བྱ་བ་ཐ་མ་ཡིན།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ ་སྦོམ་དགའ་མོས་འདོད་ཆེན་གྱི་འཁོར་བཞག་ནས། མི་འཛིན། མི་སྟོན། གདམས་ངག་མི་སྟེར་བས། དེ་དག་མ་དུལ་བ་དང་། མ་ཞི་བ་དང་། མ་སྦས་པ་དང་། མ་བསྲུངས་པར་གྱུར་པ ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་འདོད་ཆེན་གྱི་འཁོར་བཞག་ནས། རྗེས་སུ་སྐྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ ་བ་ནི་སྦོམ་དགའ་མོའོ། ། འདོད་ཆེན་ཞེས་བྱ་བ་ནི་ཆོག་མི་ཤེས་པའོ།། འཁོར་ཞེས་བྱ་བ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་སོ།། བཞག་ནས་ཞེས་བྱ་བ་ནི་བཟུང་ནས་སོ།། རྗེས་སུ་སྦྱོང་བར ་མི་བྱེད་ན་ཞེས་བྱ་བ་ནི་རྗེས་སུ་འཛིན་པར་མི་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད་ཆེན ་གྱིས་འཁོར་འཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དྲུག་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། རང་བཞིན་དུ་གནས་པའི་དགེ ་སློང་མ་གང་ཡིན་པ་དེ་དག། འདོད་ཆེན་གྱི་འཁོར་འཇོག་པར་སྤྲོ་བའི་སྐབས་དེ་དགེ་སློང་མ་དེ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དེས་དགེ་སློང་མའི་དགེ་འདུན་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་བར་བྱའོ་ཞེས། བཅོམ་ལྡན་འདས་ཀྱིས་གསུངས་པ་མ ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་སློང་མ ་དེས་རྒན་རིམས་ཀྱིས་མཐར་འདུག་པ་དང་བཅས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་བུ་ནུ་མོ ་དག་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས ་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་དུ་གསོལ། དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད ་པར་བྱའོ། ། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ་མིང་འདི་ཞེས་བགྱི་བ་འདི། འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱིས་འཁོར་འཇོག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན ་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས། མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་དོ།། ་དེ་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར ་། འཇོག་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས། མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་ན། གང་དག་མིང་འདི ་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང ་གནང་ནས། འཕགས་མའི་དགེ་འདུན་གྱིས། མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩ་ལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ་དེ་ལྟར་དགེ་སློང་མ་གང་སུ་ཡང་རུང་བ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་ཕོག་པར་གྱུར་པ་དེས། ཅི་བདེ་བ་ཁོ་ནར་འདོད་ཆེན་གྱི་འཁོར་གཞག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། ་དེ་ནས་སྦོམ་དགའ་མོས། དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་མ་གསོལ་བར། འདོད་ཆེན་གྱི་འཁོར་གཞག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་མ་གསོལ་བར། འདོད་ཆེན་གྱི་འཁོར་འཇོག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འདོད་ཆེན་གྱི ་སྡོམ་པ་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པ་མ་གསོལ་བར། རབ་ཏུ་འབྱིན་པ་འམ། བསྙེན་པར་རྫོགས་པ་འམ། གནས ་སྦྱིན་པ་ཅི་འདོད་པར་བྱེད་ན་སྟེ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད་ཆེན་གྱི་སྡོམ་པ་མ་གསོལ་བར།། ་འདོད་ཆེན་གྱི་འཁོར་འཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ ་མོས་བུད་མེད་སྦྲུམ་མ་ཞིག་རབ་ཏུ་ཕྱུང་བ་དེ། བྲམ་ཟེ་དང་ཁྱིམ་བདག་གི་རླུང་མ་རྣམས་ཀྱིས་མཐོང་ནས། དགེ་སློང་མ་འདི་དག་ནི་འདྲེན་མ་འདྲེན་མར་ཚངས་པར་སྤྱད་པ་ལ་སྤྱོད་དོ་ཞེས་ཁ་ཟེར་བའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྦྲུམ་མ་ཞེས་བྱ་བ་ནི་སེམས་ཅན་དང་ལྡན་པའོ།། བུད་མེད་ཅེས་བྱ་བ་ནི ་བུད་མེད་དོ། ། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་སྲུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དྲུག་པའི་གསུམ་པ་རྫོགས་སོ།། ། གླེང་གཞི་ནི་མཉན ་ཡོད་ནའོ། ། དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་སློབ་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་འཁོར་དུ་བཞག་ནས་ཅིའི་ཕྱིར་མི་བསླབ། དེས་སྨྲས་པ། འདི ་ཉིད་དུ་སློབ་གྲང་། གལ་ཏེ་མི་སློབ་ན་འདི་ཉིད་དུ་སློབ་གྲང་ཞེས་ཟེར་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རབ་ཏུ་ཕྱུང་ནས་ཞེས་བྱ་བ ་ནི་ཆོས་འདུལ་བ་འདི་ལའོ། ། མི་སློབ་ན་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དོ། ། ལྟུང་བྱེད་བཅུ་དྲུག་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས ་རབ་ཏུ་ཕྱུང་ནས་གདམས་ངག་མི་འབོགས། མི་སྟོན། ཕན་མི་འདོགས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་ཕན་མི་འདོགས་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། ཕན་མི་འདོགས་ན་ཞེས་བྱ་བ་ནི། ལྷུང་བཟེད་དང་། ཆོས་གོས་དང ་ལྷུང་བཟེད་ཀྱི་སྣོད་དང་། རྒྱ་ཅང་དང་། སྐ་རགས་དང་། ལུང་དབོག་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་བྱུང་ནས་འཁོར་ལ་ཕན་མི་འདོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད ་བཅུ་དྲུག་པའི་ལྔ་པ་རྫོགས་སོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ཁྱིམ་ཟབ་བྱས་སུ་སོང་བའི་རླུང་མ་ཞིག་རབ་ཏུ་ཕྱུང་བ་ལས། དུས་གཞན་ཞིག ་མདོའི་ཁྱིམ་ཐབ་འོངས་པ་དང་། བུད་མེད་དེས་ཀྱང་བདག་གི་ཁྱིམ་ཐབ་འོངས་སོ་ཞེས་ཐོས་སོ།། ཟོས་ནས་ཀྱང་བུད་མེད་དེ་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྦོམ་དགའ་མོ་ལ ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་གི་སྡུམ་ཐབ་མཆིས་ཀྱིས། རེ་ཞིག་བདག་ཕྱོགས་གཞན་ཞིག་ཏུ་བཀར་དུ་གསོལ། དེས་མ་བཀར་བ་དང་། དེ་ནས་ཁྱིམ་ཐབ་དེ་འོངས་ནས ་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ། ། འདི་སུས་གནང་སྟེ་རབ་ཏུ་ཕྱུང་། དེས་དེ་ཉིད་དུ་འཕགས་མ་ཁྱོད་ཀྱིས་བདག་བཀར་བར་གྱུར་ན། སྡུམ་ཐབ་ཀྱིས་བདག་ཟིན་པར་མི་འགྱུར ་བ་ཞིག་ཅེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅབ་པའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མ་བཀར་ན་ལུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི ་ཆོས་འདུལ་བ་འདི་ལའོ། ། མ་བཀར་མཤེས་བྱ་བ་ནི་གནས་གཞན་དུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གང་མ་བཞིན་ན། དེ་ལ་སྲུང་བར་མི་ལར་འགྱུར་ཞེ་ན། དགེ་སློང་མས ་ཅུང་ཟང་འཁོར་དུ་བཞག་སྟེ་མ་བཀར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། སྲུང་བྱེད་བཅུ་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་ལ། ལོ་ནི་ཎི་ཤུར་མ ་ཡོན་དང་། ། ཡོན་ཡང་གསོས་པ་མ་བྱས་དང་།། གཏུམ་མོ་མྱ་ངན་གྱིས་གདུངས་དང་།། ཆོས་དྲུག་དག་ལས་བསླབས་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་ས ་རྣམས་ཀྱིས་གནོན་ནུམ་མོ་ཉི་ཤུ་མ་སོན་པ་དག་བསྙེན་པར་རྫོགས་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་མི་བྱའོ།། ་དེ་ནས་སྦོམ་དགའ་མོས་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཞོན་ནུ་མ་མོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང ་བྱེད་དོ། ། སང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མོ་ཉི་ཤུས་ལོན་པར་ཞེས་བྱ་བ་ནི་གང་གི་ལོ་ཉི་ཤུར་མ་ཚང་བའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་གསོལ ་དང་བཞིའི་ལས་ཀྱིས་སོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལ་ཉི་ཤུམ་མོན་པ་བཉེན ་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་འདུན་པའི་དང་པ་རྫོགས་སོ།། གླེང་གཞི་ནི་མཚན་ཡོད་ནའོ།། དེ་ནས་དགེ་སློང་མ་དེ་དག ་གིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་ཁྱེད་ཀྱང་མོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་མཛད་ན། བདག་ཅག་ཀྱང་མོ་ཉི་ཤུ་ལེན་ནས་བསྙེན་པར་རྫོགས་པར་བགྱིད་པ་མ་ལགས་སམ ་འངས་བྱེད་དང་བདག་ཅག་ཀྱད་པར་ནི་མི་མཆིས། བསས་པ་ནི་ཅི་མཆིས། ཐ་དད་དུ་བགྱི་བནི་ཅིམ་ཆིས་ཞེས་སྨྲ་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསལ་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩས་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། གཞོན་ནུ་མ་མ་རྐ་ཤུ་ལོན་ན་མོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ ་པ་བྱིན་ཅིག། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་ན། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ། ་དགུའི་བདག་མོ་ཆེན་མོ་ཀོཊ་ཏ་མིས་ཟོས་ནས། བཅོམ་ལྡན་འདས་ཀ་ན་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས་ཀྱི་ནབུ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོག་གཅིག་ཏུ་བདུག་གོ། ཕྱོགས་གཅིག་ཏུ་འཇུག་པ་དང་། ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། ཅང་མི་གསུང་ངོ་ཞེས་བྱ་བའི་བར་རོ།། དེ་ནས་སྐྱེ། ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་རྗེས་ཆད་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། བཅོམ་ལྡན་འདས་གང ་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་དམ་པ་གནང་བའི་རིགས་སོ།། བདེ་བར་གཤེགས་པ ་བདག་ལ་དམ་པ་གནང་བའི་རིགས་སོ། ། གོའུ་ཏ་མི་ཁྱོད་དམ་པ་ཅི་གསོལ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་སྡུམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་འདི་དག་དང་། གཞོན ་མ་ལོ་ཉི་ཤུ་ལོན་པ་འདི་དག་གིས་རབ་ཏུ་བྱུང་བ་ནི་ལེགས་པར་རྙེད་ལགས་ན། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་ལགས་ན། ཧ་ཅང་ཐོགས་པར་གྱུར ་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། སྡུམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ན། དེ་དག་ལ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ ་པའི་སྡོམ་པ་སྩལ་བར་གསོལ། དེ་ལྟར་མཛད་ན་འདི་གཉིས་ཀས་ཀྱང་ཚང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་སོ ་བཟུང་བ་ལོ་བཅུ་ལོན་པ་དང་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། དེ་ལྟ་མོད་ཀྱི་ཁྱིམ་སོ་བཟུང་བ་ལོ་བཅུ ་ལོན་པ་དང་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྤྱད་ཟིན་པ་དང་། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས་པའི ་སྡོམ་པ་སྦྱིན་པར་བྱའོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ལ། ཚངས་པར་སྤྲད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་བཀའ་སྩལ་པ་ན། དེ་དག་གིས་མ་ཤེས་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། གཞོན་ནུ་མེ་ལོ་ཀི་ཤུ་ལོན་པ་དེས་རྒན་པའི་མཐའ་ནས་འདུད་པ་དང་བཅས་པར་བྱས་ཏེ། དགེ་སློང་མའི ་དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་བུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་གཞོན་ནུ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ། མ་བན ་མོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་གཞོན་ནུ་མ་ལོ་ཉི་ཤུ ་ལོན་པ་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ་ཞེས། དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། ། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་འདི ་མཁན་མོ་མིང་འདི་ཞེས་བགྱི་བ་འདིས། དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན ་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྲད་པ་ཉེ་བར་གནས་པའི་སྡོམ་པ ་སྩོལ་བར་མཛད་དོ། ། འདི་ནི་གསོལ་བའོ།། དེ་བཞིན་དུ་ལས་ཀྱང་རྒྱས་པར་བརྗོད་པར་བྱའོ།། དེ་ནས་སྦོམ་དགའ་མོས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་བསྙེན ་པར་རྫོགས་པར་བྱེད་པ་ན། དོན་རུང་བའི་དགེ་སློང་ས་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བ ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་པར། བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། གཞོན་ནུ་མ་ཞེས་བྱ་བ་ནི། གཞོན་ནུ་མ་རབ་ཏུ་བྱུང་བའོ།། ལོ་ཉི་ཤུ་ལོན་པར་ཞེས་བྱ་བ་ནི། གང་གི་ལོ་ཉི་ཤུར་ཚང་བར་གྱུར་པའོ།། ཚངས་པར་སྤྱད་པ་ཉེ་བར ་གནས་པའི་སྡོམ་པ་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ལས་ཀྱིས་སོ།། མ་གསོལ་བར་ཞེས་བྱ་བ་ནི། དགེ་འདུན་ལས་སོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས ་སོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི ་སྡོམ་པ་མ་གསོལ་བར། དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་གཉིས་པ་རྫོགས་སོ།། ། གླེང ་གཞི་ནི་མཉན་ཡོད་ནའོ། ། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ནས་སྤྱོད་ཡུལ་དུ་ཞུགས་པ་ན། སྦོམ་དགའ་མོས་ལམ་པོ་ཆེ་ཞིག་ན་བུད་མེད་གཅིག། བུད་མེད་དག་ཅིག་དང་ལྷན་ཅིག་འཐབ ་མོ་བྱུང་བ་མཐོང་ཞིང་། སྦོམ་དགའ་མོས་བུད་མེད་དེ་ཁྲོས་པས་སྐྲ་འགྲེང་བར་གྱུར་པ་མཐོང་ངོ་།། དེ་ནས་སྦོམ་དགའ་མོས་འདི་སྙམ་དུ་བསམས་ཏེ། གང་དག་འཐབ་མོ་འགྱེད་པའི་གྲོགས་སུ ་འགྱུར་བའི་གྲོགས་མོ་ཞིག་བདག་གིས་རྙེད་དོ་སྙམ་དུ་བསམས་ནས། སྦོམ་དགའ་མོས། བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་བྱུང་། དེས་འདི་སྐད་ཅེས་སྨྲས་སོ།། བདག་ནི་ཤིན ་ཏུ་གཏུམ་མོ་ལགས་ན། སུ་ཞིག་གིས་བདག་རབ་ཏུ་འབྱིན་པར་འགྱུར། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས། དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས ་སོ། ། དེ་ནས་སྦོམ་དགའ་མོ་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་ན། དེའི་གྲོགས་མོ་དེ་ཡང་སེམས་ལས་བསྲུངས་ཏེ་ཅང་མི་སྨྲའོ།། དེ་ནས་སྦོམ་དགའ་མོས། དགེ་སློང་མ་དེ་ལ ་འདི་སྐད་ཅེས་སྨྲས་སོ། ། ཁོ་མོས་ཁྱོད་དོན་འདིའི་ཕྱིར་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན། ད་ལྟར་ཁྱོད་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་འདུག་གམ། ཁྱོད་ཁོ་མོ་འཐབ་མོ་བྱུང་བའི ་གྲོགས་གྱིས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཁྱིམ་པ་མོ་དེ་དག་གི་ཁ་ན་མ་ཐོ་བ་ནི་ཤེས་ཀྱིས་བདག་གིས་དགེ་སློང་མ་འདི་དག་གིས་ཁ་ན་མ་ཐོ་བ་ནི་མི་ཤེས་སོ།། སྦོམ་དགའ་མོས ་འདི་སྐད་ཅེས་སྨྲས་སོ། ། ཁོ་མོས་ཁྱོད་ལ་དེ་དག་གི་མཚང་བསྟན་གྱིས། རེ་ཞིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་ཡིན་ནོ།། ཨུཏྤ་ལའི་མདོག་འདི་ནི་གྲོང་ཁྱེར་ཆེན་པོ་དྲུག་དག་ཏུ་སྨད་འཚོང་བྱས ་པ་ཡིན་ནོ། ། གོའུ་ཏ་མི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས་འཁྲུགས་པ་ཡིན་ནོ།། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་དང་འཐབ་མོ་བྱུང་བ་ན། དགེ་སློང་མ་ཤིན་ཏུ་གཏུམ ་མོ་དེས། དགེ་སློང་མ་རྣམས་ལ་ཁ་ན་མ་ཐོ་བ་རབ་ཏུ་བསྒྲགས་པས་སྤྲོ་བར་བརྩམས་སོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས། དགེ་སློང་མ་ཤིན་ཏུ་གཏུམ་མོ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ་ཤིན་ཏུ་གཏུམ་མོ་འདི་སུས་རབ་ཏུ་ཕྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོ་ལགས་སོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང ་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། རང་གིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། བུད་མེད་གཏུམ་མོ་ཞེས་བྱ་བ་ནི། ཁྲོ་བ་འཐབ་ཀྲོལ་ཅན་ནོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི། ་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྷུང ་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་བདུན་པའི་གསུམ་པ་རྫོགས་སོ།། ། བམ་པོ་ཉི་ཤུ་ལྔ་པ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐཿ ་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་ཞེས་བྱ་བ་ནས། སྦོམ་དགའ་མོས་བུད་མེད་མྱ་ངན་གྱིས་གདུངས་པ་ཞིག་རབ་ཏུ་ཕྱུང་ངོ་ཞེས་བྱ་བའི་བར་རོ།། དེ་ཐོ་རངས ་སྔར་ལངས་ཏེ་ངུ་ཞིང་འདི་སྐད་ཅེས། ཀྱི་ཧུད་བུ། ཀྱི་ཧུད་བུ་མོ།། རེ་ཞིག་རྨི་ལམ་ཙམ་དུ་ཡང་སྟོན་ཅིག་ཅེས་སྨྲས་ཤིང་སྨྲེ་སྔགས་འདོན་ལ། བྲང་རྡུང་ཞིང་ཆོ་ངེས་འདེབས་སོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྒྲ་དེ་ཐོས ་ནས། འདི་སྐད་ཅེས་སྨྲས་སོ།། མྱ་ངན་གྱིས་ནོན་པའི་བུད་མེད་འདི་སུས་རབ་ཏུ་ཕྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོས་སོ་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ ་བ་ནི། སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། རང་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། མྱ་ངན་གྱིས་གདུངས་པ་ཞེས་བྱ་བ་ནི། སྡུག་པ་ཉེ་དུ་དང་རང་གི་སྐྱེ་བོ་དང་བྲལ་བའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ ་ནི། ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུང་བ་རབ་ཏུ་འབྱིན ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་བདུན་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་དགེ་སློང་མ་རྣམས་ཀྱིས་དེ་དག་དེ་བཞིན་དུ་རབ་ཏུ་ཕྱུང ་བར་གྱུར་པ་དེའི་ཚེ། དེ་དག་བདག་ཅག་གིས་ལྡན་ཅིག་གནས་པ་དང་ཉེ་གནས་དག་ཇི་ཙམ་ན། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། ་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཆོས་དྲུག་པོ་གང་དག་ཡིན་པ་དང ་རྗེས་སུ་མཐུན་པའི་ཆོས་དྲུག་པོ་གང་དག་ཡིན་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་པུ་ལམ་དུ་འགྲོ་མི་བྱ།། ཆུ་བོའི་ཕ་རོལ་རྒལ་མི་བྱ།། སྐྱེས་པ་ལ་ནི་རེག་མི་བྱ།། སྐྱེས་པ་དང་ནི་འདུག་མི ་བྱ། སྨན་དུ་འགྱུར་བ་མི་བྱ་ཞིང་།། ཁ་ན་མ་ཐོ་བཅབ་མི་བྱ།། འདི་དག་ནི་ཆོས་དྲུག་ཅེས་བྱའོ།། རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། གསེར་ལ་གཟུང་བར་མི་བྱ་སྟེ།། སྤུ་ཡི་ལས་ནི་མི་བྱའོ།། ས་ཡང་བརྐོ་བར་མི ་བྱ་སྟེ། རྩ་སྔོན་དག་ཀྱང་གཅད་མི་བྱ།། བྱིན་ལེན་མ་བྱས་མི་བཟའ་སྟེ།། བཞག་པ་བཟའ་བར་མི་བྱའོ།། ཆོས་དྲུག་པོ་འདི་དག་ནི་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་སྟེ། ལོ་གཉིས་སུ་བསླབས་ནས་ཚངས་པར་སྤྱད།། ་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཏེ། དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱའོ།། དེ་ནས་སྦོམ་དགའ་མོས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཤེས་བཞིན་དུ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། ཤེས་བཞིན་དུ་ཞེས་བྱ་བ་ནི། རང་གིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་དང་ཅེས་བྱ་བ་ནི། ཇི་སྐད་བསྟན་པ་ཡིན་ནོ།། ལོ་གཉིས ་སུ་མ་བསླབས་པར་ཞེས་བྱ་བ་ནི། དགེ་སློང་མར་འགྱུར་བའི་བསླབ་པ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་ཚིགས་སུ་བཅད་པའི ་སྡོམ་རྫོགས་སོ། ། ། བསྡུས་པའི་སྡོམ་ལ། བསླབ་པ་དང་ནི་ལོ་རེ་དང་།། ཚོགས་དང་སྨེ་གབ་ཀྱི་ལྔ་དང་།། ཀེར་ཞི་ཁྱིམ་གྱི་གོ་རེ་ལོང་།། དཔུང་པ་དང་ནི་ཁྱིམ་པ་མོ།། སྐབས་མ ་བྱེབྱབར་འདྲི་བ་དང་། ། བཤང་བར་གཅིག་པུ་འགྲོ་མི་བྱ།། སྡོམ་ལ། ཆོས་དྲུག་དང་ནི་བསླབས་པ་དང་།། ཁྱིམ་ཐབ་ཀྱིས་ནི་མ་གནང་དང་།། གལ་ཏེ་བདག་ལ་གོས་བྱིན་དང་།། ཕྱི ་ནས་ཁྱོད་དཀའ་མ་ཡིན་ནོ། ། །། གླེང་གཞི་ན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནས་དག། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ ་བསླབས་ནས། དེས་དེ་དག་བསྙེན་པར་རྫོགས་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཀྱིས་བསླབས་ནས་ཅིའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད། དེས་འདི་སྐད་ཅེས ་འདི་དག་ཁོ་མོ་ལ་འདི་སྐད་ཅེས་སྦོམ་དགའ་མོ་ནི་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་དོ་ཞེས་ཟེར་བས། ཁོ་མོ་འདི་སྙམ་དུ་རེ་ཞིག་ཤིན་ཏུ་སློབ་ལ་རག་གོ་སྙམ་དུ་སེམས་སོ་ཞེས་སྨྲས་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་འཁོར་ལོ་གཉིས་སུ་ཆོས ་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བསླབས་ནས། བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ་གཞན་གྱིས ་སྤྲས་པར་གྱུར་པའོ། ། བསླབས་ནས་ཞེས་བྱ་བ་ནི། དགེ་སློབ་མར་འགྱུར་བའི་བསླབ་པ་ལའོ།། བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་ལོ་གཉིས་ཀྱིས་བར་དུ་བསླབས་ཏེ། དེ་ལས་ལྷག་པར་འཇོག་ཅིང་བསྙེན་པར་རྫོགས་པར ་མི་བྱེད་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅོ་བརྒྱད་པའི་དང་པོ་རྫོགས་སོ།། @གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་སོ།། ་། ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་པ་ལས། དེ་ན་བུད་མེད་ཅིག་ཁྱིམ་ཐབ་དང་ལྷན་ཅིག་རྩོད་ཅིང་འདུག་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཞིག་ཡིད་མི་བདེ་ཞིང་འདུག། དེས། ་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས། བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། བདག་སུ་ཞིག་གིས་རབ་ཏུ་འབྱིན་པར་འགྱུར། ་དེས་འདི་སྐད་ཅེས་ཁོ་མོས་བྱའོ་ཞེས་སྨྲས་ནས། ཇི་ཙམ་ན་དེས་རབ་ཏུ་ཕྱུང་ངོ་།། དེའི་འོག་ཏུ་ཁྱིམ་ཐབ་འོངས་ནས་དེས་ཁྱིམ་ཚེས་ལ་དྲིས་པ། ཁོ་བོའི་ཆུང་མ་གང་དུ་སོང་། དེས་འདི་སྐད་ཅེས་སྨྲས་སོ།། སྦོམ ་དགའ་མོས་རབ་ཏུ་ཕྱུང་ངོ་། ། དེ་ནས་ཁྱིམ་བདག་དེ་སྦོམ་དགའ་མོ་ག་ན་བ་དེར་སོང་ཏེ་ཕྱིན་ནས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་མཆིས་བྲང་འདི་སུས་རབ་ཏུ་ཕྱུང་། སྦོམ་དགའ ་མོས་འདི་སྐད་ཅེས་སྨྲས་སོ། ། ཁོ་མོས་སོ།། དེ་ནས་ཁྱིམ་བདག་དེས་འདི་སྐད་ཅེས། འཕགས་མ་ཁྱོད་ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་པར་མཛད་པར་རིགས་སམ་ཞེས་སྨྲས་ནས་ཞེས་བྱ་བ་ནས། ཁྱིམ ་བདག་དེས་ཁ་བྱས་ཏེ་སོང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་ཤེས་བཞིན་དུ་ཁྱིམ་ཐབ་ཀྱིས་མ་གནང་བར་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ན་སྦོམ་དགའ་མོའོ།། ཤེས་བཞིན ་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ། ། ཁྱིམ་ཐབ་ཀྱིས་ཞེས་བྱ་བ་ནི་ཁྱོས་སོ།། མ་གནང་བ་ཞེས་བྱ་བ་ནི་མ་གཏང་བའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ལྟུང་བྱེད་བཅོ་བརྒྱད་པའི་གཉིས ་པ་རྫོགས་སོ། ། ། 2། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ལ། དགེ་སློབ་མས་སྨྲས་པ། འཕགས་མ་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དེས་འདི་སྐད ་ཅེས་གལ་ཏེ་ཁོ་མོ་ལ་གོས་བྱིན་ན། དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན། གལ་ཏེ་ཁོ་མོས་གོས་བྱིན་ན། དེའི་འོག་ཏུ ་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན་ཞེས་བྱ་བ་ནི་ཟེར་ནའོ།། གལ་ཏེ་ཁོ་མོ་ལ་གོས་ཞེས་བྱ་བ ་ནི་བདུན་པོ་གང་ཡང་རུང་བའི་འོ། ། བྱིན་ན་ཞེས་བྱ་བ་ནི་ཕུལ་ནའོ།། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ།། བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་དངོས་པོར་རོ།། ལྟུང་བྱེད་དོ། ་ཞེས་བྱ་བ་ནི་གོང་ས་བཞིན་ནོ།། དེས་སྣང་བར་འི་སྨྲར་འགྱུར་ཞེ་ན། དགེ་སློངམས་ཇི་ཙམ་ཅུང་བང་དགེ་སློབ་མས་དེ་སྐད་ཅེས་སྨྲས་པན།། གལན་མོ་མོ་ལ་གོས་བྱིན་ན། ་དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅོ་བརྒྱད་པའི་གསུམ་པ་རྫོགས་སོ།། @། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་བུད་མེད་ཅིག་གོའུ་ཏ་མི་སྐེམ་མོ་ག་ན་བ་དེར་སོང་ཏེ་ཕྱིན་ནས། གོའུ་ཏ་མི་སྐེམ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གལ་ཏེ་ཁྱོད་ཀྱིས་བདག་རབ་ཏུ་བྱུང་ན། བདག་རབ་ཏུ་འབྱུང་བར་འཚལ་ལོ།། དེས ་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ཀྱིས་མངོན་པར་སྤངས་པ་དང་། དེའི་འོག་ཏུ་དཀའ་བར་མི་འགྱུར་རོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་ཏེ་འོངས་པ་ན། གོའུ་ཏ་མི་སྐེམ ་མོ་དེས་ཀྱང་རབ་ཏུ་མ་ཕྱུང་ངོ་། ། དེ་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོས་དེ་སྐད་སྨྲས་པ་ན། ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་ན། དེའི ་འོག་ཏུ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་ལ་འོངས་ནས་རབ་ཏུ་མི་འབྱིན་ན་ལྟུང་བྱེད་དོ། ཡང་གང་ཞེས་བྱ་བ་ནི་གོའུ་ཏ་མི་སྐེམ་མོའོ།། ཁྱིམ་པ་མོ་ཞེས་བྱ་བ་ནི། ཁྱིམ་བདག་གི་ཆུང་མའོ།། ་ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་པ་དང་། དེའི་འོག་ཏུ་ཁྱོད་ལ་དཀའ་བར་མི་འགྱུར་རོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བར་འགྱུར་བ་ལའོ།། དེའི་འོག་ཏུ་རབ་ཏུ་མི་འབྱིན་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས། ཁྱིམ་གྱི་བྱ་བ་མངོན་པར་སྤང་དང་། དེའི་འོག་ཏུ་དཀའ་བར་མི་འགྱུར་རོ།། ་ཞེས་སྨྲས་ལ་འོངས་ནས་རབ་ཏུ་མི་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅོ་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། @། སྡོམ་ལ། ལོ་རེ་རེ་ནི་བཀག་པ་དང་། ་ཞག་ལོན་བདུན་པ་མ་ཡིན་དང་། ཟླ་བ་ཕྱེད་ཕྱེད་གདམས་པ་དང་། དགེ་སློང་མེད་པའི་གསོ་སྦྱོང་དང་།། དགེ་སློང་མེད་པར་དབྱར་གནས་མིན།། དབྱར་གནས་པས་ནི་དགག་དབྱེ་བྱའོ།། གླེང་གཞི ་ནི་མཉན་ཡོད་ནའོ། ། དེ་ནས་སྦོམ་དགའ་མོས་ལོ་རེ་རེ་ཞིང་རབ་ཏུ་ཕྱུང་ནས། ཕྱིས་གང་གི་ཚེ་དེ་དག་ལ་འབོད་པ་དེའི་ཚེ་འདི་སྐད་ཅེས་ལོ་གཅིག་པ། ལོ་གཉིས་པ་ཞེས་བྱ་བ་ནས། ལོ་ལྔ་པ་ཞེས་བྱ་བའི་བར་དག་ཏུ ་འབོད་པ་དང་། དེ་ནས་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་སམ། དེས་འདི་སྐད་ཅེས་འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་སྨྲས་པ་ན ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་ལོ་རེ་ཞིང་འཁོར་འཇོག་ན་ལུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མོ་རེ་ཞིང་ཞེས་བྱ་བ་ནི་ལོ་རེ་རེའོ།། ་འཁོར་འཇོག་ན་ཞེས་བྱ་བ་ནི་རབ་ཏུ་འབྱིན་ནོའོ།། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མོ་རེ་ཞིང་རབ་ཏུ་འབྱིན་ན་ཐམས་ཅད ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དགུ་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བཅོ་ལྔ་པ་སྔ་མའི་འདུན་པ་བླངས་པས། བཅོ་ལྔ་པ ་ཕྱི་མའི་གསོ་སྦྱོང་ཡང་ཉམས་སུ་མྱོང་བར་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས། ཇི་ལྟར་འགྱུར་བ ་ཤེས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་འདུན་པ་ཞག་ལོན་པས་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞག་ལོན ་པས་ཞེས་བྱ་བ་ནི་སྤུན་ཟིན་པའོ། ། འདུན་པ་ཞེས་བྱ་བ་ནི་བློ་གྲོས་སོ།། གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་འདུན་པ་ཞག་ལོན་པས། སོ་སོར་ཐར་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ་པའི་གཉིས་པ་རྫོགས་སོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅོ་ལྔའི་འདུན་པ་ལེན་པའི་དགེ་སློང་མས། དགེ་སློང་མ་རྣམས་ཀྱིས་དྲུང་དུ་འགྲོ་བར་བྱ་ཞིང་། དགེ་སློང་རྣམས་ལས་ཚེས་ཤིང་གདམས་ངག ་དང་། རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་བྱའོ་ན་གསུངས་པ་དང་། འོན་ཀྱང་བཅུ་གཉིས་སྡེ་དེ་དག་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་བྱེད་ཅིང་གད་མྱངག་དང ་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གི་བར་རོ།། ཟླ་བ་བྱེད་ཕྱེད་ཅིང་ཞེས་བྱ་བ་ནི། ཟླ་བ་བྱེད་ཅིང་ངོ་།། གདམས ་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི། དགེ་སློང་མ་རྣམས་དང་ལྷན་ཅིག་རྗེས་སུ་སྒྲུབ་པར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་ཟླ་བ་བྱེད་བྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ ་པའི་གསུམ་པ་རྫོགས་སོ། ། @།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ལྗོངས་རྒྱུ་ཞིང་དོང་བ་ན། དགེ་སློང་མ་ཞིག་གི་དབྱར་ཁང་དུ ་ཕྱིན་ནས། དེར་དེ་དག་གིས་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་མཉན་ཡོད་དུ་ཕྱིན་ནས། དེ་དག་གང་གི་ཚེ་དབྱར་ཁང་དུ་འོངས་པ་དེའི་ཚེ། དགེ་སློང་མ་རྣམས་ཀྱིས་སྨྲས ་པ་སངས་རྒྱས་ལྡན། ཆོས་ལྡན། དགེ་འདུན་ལྡན་འོངས་པ་ལེགས་སོ།། ཁྱེད་ཅག་གིས་གང་དུ་གསོ་སྦྱོང་བྱས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས་ག་གེ་མོ་ཞིག་ཏུའོ།། དེ་ནས་དགེ་སློང ་མ་དེ་རྣམས་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས། ཁྱེད་ཅག་གིས་ཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ།། དགེ་སློང་མེད་པའི་གནས་སུ་ཞེས་བྱ་བ་ནི། གང་ན་དགེ་སློང་མེད་པར་འགྱུར་བའོ།། གསོ་སྦྱོང་ཞེས་བྱ་བ་ནི་སོ་སོར ་ཐར་པ་ཉམས་སུ་མྱོང་བར་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མེད་པའི་གནས་སུ ་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དགུ་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས ་ཀྱིས་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བར་མི་བྱའོ་ཞེས་གསུངས་པ་དང་། དེ་ནས་ཡང་དགེ་སློང་མ་རྣམས་ལྡོངས་ཤིག་ནས་ལྷགས་ནས། དགེ་སློང་མེད་པའི་གནས་སུ ་དབྱར་གནས་པར་ཁས་བླངས་ཏེ། དེ་ནས་དེ་དག་གིས་དབྱར་གནས་ནས་མཉན་ཡོད་དུ་ཕྱིན་པ་དང་། ཇི་ཙམ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གང་དུ་དབྱར་གནས། དེ་དག་གིས་འདི་སྐད ་ཅེས་སྨྲས་སོ། ། གནས་ག་གེ་མོ་ཞིག་ཏུའོ།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། ཅི་རེ་ཞིག་དགེ་སློང་དང་བཅས་པ་ཡིན་ནམ། འོན་ཏེ་དགེ་སློང་མེད་པ་ཡིན། དེ་དག་གིས་འདི་སྐད་ཅེས ་དགེ་སློང་མེད་པ་ཡིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། ཆོས་འདི ་པ་དག་གིའོ། ། དགེ་སློང་མེད་པའི་ཞེས་བྱ་བ་ནི། གང་ན་དགེ་སློང་མེད་པར་གྱུར་པའོ།། གནས་ཞེས་བྱ་བ་ནི། གང་ལས་ཐམས་ཅད་མངོན་པའོ།། དབྱར་གནས་པར་ཁས་ལེན་ན་ཞེས ་བྱ་བ་ནི། ཟླ་བ་གསུམ་དམ་འཆའ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙ ་ཅུང་ཟད་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དགུ་པའི་ལྔ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དབྱར་གནས་པའི་དགེ་སློང་མ་རྣམས་ཀྱིས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས ་སྨྲས་སོ། ། འཕགས་མ་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱས་ཚུར་སྤྱོན། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་དེར་མི་འགྲོའོ།། ཅིའི་ཕྱིར། རེ་ཞིག་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་པས། ཁོ་མོས ་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང་གི་དགེ་འདུན་ལ། ལྕག་ཕོད་དང་། ཤུར་བུ་དང་། ཤུར་བུ་ཕྲེའུ་ཕལ་མོ་ཆེ་དབུལ་དགོས་པས། ཁྱེད་ཅག་དེངས་ཤིག། ཁོ་མོ་ནི་དེར་མི་འགྲོའོ་ཞེས་ཟེར་བའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་དབྱར ་གནས་ནས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། དབྱར་གནས་ནས་ཞེས་བྱ་བ་ནི། ཟླ་བ་གསུམ་གྱི་མཐར་བྱིན ་ནས་སོ། ། གཉིས་ཀའི་དགེ་འདུན་ལ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མའི་དགེ་འདུན་ལའོ།། དགག་དབྱེ་མི་བྱེད་ན་ཞེས་བྱ་བ་ནི། མཐོང་བ་དང་། ཐོས་པ་དང་། དོགས་པས་སོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་གྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་དབྱར་གནས་ནས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་ན་ཐམས་ཅད་དུ་ལུང་བྱེད་དུ ་འགྱུར་རོ། ། སུང་བྱེད་བཅུ་དགུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། རློམས། ཚོགསས་སྟོ་བར་མི་བུ་དང་། མི་སྙན་པ་དང་སེ་ཛཱ་3།། སྤངས་ནས་བརྒྱ ་བར་མི་ཐ་དང་། ། བཙས་པ་བླང་མི་བྱ་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ཚོགས་ལ་སྤྲོས་པ་དང་། དེ་ལ་ལྡན་ཅིག་གནས་པ་དང་ཞེ་གནས་རྣམས ་སྨྲས་པ། འཕགས་ས་དགེ་སློང་མའི་ཚོགས་ལ་སྐྱོ་བ་མི་རིགས་སོ།། དེས་འདི་སྐད་ཅེས་རིགས་ཀྱང་རུང་། མི་རིགས་ཀྱང་རུ་པོ་མོས་ནི་སྤོས་སོ་ཞེས་སྨྲས་པ་ན། དོན་སྲུང་བའི་དགེ་སློང་མ་དག་སོ ་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསྒྲུབ་པ་བཅའ་བའི་བར་དུ་མཛད་དེ། ཡང་། ་རྨོང་ས་གང་ཆོས་ལ་རྩོན་ཀྲུང་བྱེ་། ཡང་ག་ཞེས་བྱ་བ་ནི་ཐོམ་དཔ་འ་ཆོའོ།། ཚོགས་ལ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་པའོ།། སྨོས་ནམས་བྱ་བ་ནི་ཚར་བཅམ་པའོ།། ་སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚོགས་ལ་སྤྱོས་ན་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་ཉི་ཤུ་པའི་དང་པོ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མའི་ཚོགས་ལ་མི་སྙན་པ་ཁྱིམ་ཞེས་བྱ་བ་དང་། ནལ་ཞེས་བྱ་བ་དང་། ་བིང་བུ་དག་དང་ལྡན་པའི་གཤེ་བ་དག་གིས་གཤེ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚོགས་ལ་གཤེ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཚོགས་ལ་ཞེས་བྱ་བ་ནི། ་དགེ་སློང་མའི་དགེ་འདུན་མ་ལའོ།། གཤེ་ན་ཞེས་བྱ་བ་ནི། ཁྱིམ་པ་མོའི་ཚིག་དང་ལྡན་པའི་གཤེ་བས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི ་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚོགས་ལ་གཤེ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་གཉིས་པ་རྫོགས་སོ།། །། གླེང་གཞི་ནི་མཉན ་ཡོད་ནའོ། ། དེ་ནས་སྦོམ་དགའ་མོས་དགེ་སློང་མ་གློ་བུར་བ་རྣམས་ཀྱིས་དབྱར་ཁང་དུ་གནས་བྱིན་ནས། དེ་དག་ལ་རྙེད་པ་དང་བཀུར་སྟི་རབ་ཏུ་མང་པོ་དང་ལྡན་པ་དང་། དེས་སེར་སྣས་དེ་དག ་བསྐྲད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་ཁོ་མོ་གྲང་བའི་ཚེ་ན་གྲང་བས་ཉེན། ཚ་བའི་ཚེ་ན་ཚ་བས་ཉེན་བཞིན་དུ་སྡུག་བསྔལ ་ཆེན་པོས་བསྒྲུབས་པའི་དབྱར་ཁང་ཁོ་མོས་ཁ་འཇམ་ཅན་འདི་རྣམས་ལ་སྐབས་དབྱེ་འམ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གནས་ལ་ཞེས་བྱ་བ་ནི་དབྱར་ཁང་ལའོ།། སེར་སྣ་ཞེས་བྱ་བ་ནི་དེ་དག་དང་ལྷན་ཅིག་ཏུ་མངོན་པར་མི་དགའ་བའོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སྦྱོང་མས་ཇི་ཙམ་ཅུང་ཟད་གནས་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ ་པའི་གསུམ་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་དག་ཏུ་སྐྱེ་དགུའི་བདག་མོ་ཆེན ་མོའི་བསྔགས་པ་དག་རྗོད་པར་བྱེད་དོ། ། སྐྱེ་དགུའི་བདག་མོ་ཆེན་མོ་ནི་བསོད་ནམས་དང་ལྡན་པ་སངས་རྒྱས་ཀྱིས་ཡུམ། བཅོམ་ལྡན་འདས་ཀྱིས་ཀྱང་གནས་བརྟན་མའི་རྒྱལ་མོ་རྣམས་ཀྱི ་ནང་ན་མཆོག་ཏུ་བསྟན་པ་ཡིན་ནོ། ། ཨུཏྤ་ལའི་མདོག་ཀྱང་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་ཡང་འདུལ་བ་འཛིན་མ་རྣམས ་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། ། ཆོས་སྦྱིན་ཡང་མདོ་སྡེ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ།། དེ་ནས་སྦོམ་དགའ་མོས་ཚིག་འདི་ཐོས་ནས། ཀྱེ་བུ་ཟན་མོའི་བུ་མོ་དག་རེ་ཞིག ་སྐྱེ་དགུའི་བདག་མོ་འདི་ནི་རང་ཞུགས་ཡིན་ཏེ། འདི་ལ་མཁན་མོ་དང་སློབ་དཔོན་ཡང་མེད་དོ།། ཨུཏྤ་ལའི་མདོག་འདི་ནི་སྨད་འཚོང་མ་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་ཡིན་ན། ཁྱེད་ཅག་དེ ་དག་གིས་བསྔགས་པ་བརྗོད་པ་ལྟ་ཞེས་སྨོད་པར་བྱེད་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བསྔགས་པའི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས། ཁོ་མོ ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པ་ཡིན་ན། བསྔགས་པར་མི་འོས་པ་དེ་དག་གི་བསྔགས་པ་བརྗོད་ཀྱི། ཁོ་མོའི་མིང་མི་རྗོད་ན་ཅིའི་ཕྱིར་ཁོ་མོ་ལ་གནོད་པར་མི་འགྱུར་ཞེས་སྨྲས་པ་ན ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ། ཡང་དགེ་སློང་མ་གང་བསྔགས་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བསྔགས་པ་ཞེས་བྱ་བ་ནི་ལུང་དང ་རྟོགས་པ་དག་བརྗོད་པ་ན། སེར་སྣ་དང་ཕྲག་དོག་བྱེད་པའོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཡང་དག་པའི་བསྔགས་པ ་ཇི་ལྟ་བ་བཞིན་སྨྲས་པ་ན། བསྔགས་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་བཞི་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ ་མོས། དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་ཁྱིམ་ག་གེ་མོར་ནི་མ་འདེང་ཞིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱིམ་དེ་ངལ་བ་ཆེན་པོས ་ཆོས་བཤད་ནས་དད་པར་བྱས་པ་ཡིན་ནོ། ། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཁྱིམ་གྱི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང ་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ ་སློང་མ་གང་ཁྱིམ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་ལ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་ལའོ།། སེར་སྣ་བྱེད་ན་ཞེས་བྱ་བ་ནི་ཕྲ་དོག ་སྐྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་བྱེད་ཉི་ཤུ་པའི་ལྔ་པ་རྫོགས་སོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་དགེ་སློང་མ་རྣམས་ལ་གདམས་ངག་འབོགས་པ་ན། བུ་རུ་མོ་དག་བྲམ་ཟེ་ལ ་མཚན་དུ་འཛིན་པ་རྣམས་ཀྱིས་ཁུ་ཚུར་དང་ཐལ་ལྕུག་གིས་བརྒྱཔ་ནས་ཀླད་པ་གས་པར་གྱུར་ན་མི་རུང་གིས། ཧ་ཅང་སྔར་བསོད་སྙོམས་ལ་མ་འདོང་ཞིག་ཅེས་དེས་གཞན་དག་བཟློག་ནས། རང་ཉིད་ནང་པར་ཆེས་སྔ་བ་ཞིག ་ཏུ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་། བྲམ་ཟེ་ཡ་མཚན་དུ་འཛིན་པ་ཞིག་གིས་མཐོང་ནས་དེས་དེ་བཟུང་སྟེ། ཁུ་ཚུར་དང་ཐལ་ལྕག་གིས་ཏེ་བོར་བརྡེགས་པས།། ་དེ་མིག་ཕུབས་སྣད་ཅིང་དབྱར་ཁང་དུ་སོང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་སུས་བརྡེགས། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ ་འཕགས་མ་ཁྱོད་རྙེད་པའི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ་ཞེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རྙེད་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ ་མོའོ། ། རྙེད་པ་ལ་སེར་སྣ་བྱེད་ན་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པ་ཡིན་ཏེ། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། སེར་སྣ་སྐྱེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད ་ནནོའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྙེད་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ་སྔོན་གྱི་སྦྱོར་བ་ནི་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦོམ་དགའ་མོ་གཞན་དག་ལ་རྗེས་སུ་སྟོན་ཅིང་རང་མི་སྒྲུབ་པ་ལ་གཟིགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་འདས་པའི་དུས་ན་ཡང་སྦོམ་དགའ་མོ་གཞན་ལ་རྗེས་སུ་སྟོན་ཅིང་། རང་མི་སྒྲུབ་པས་ཚུལ་མ་ཡིན་པས་སྡུག་བསྔལ་དུ་གྱུར་པ་ཡིན་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི ་དུས་ན་ལམ་པོ་ཆེ་ཞིག་ནས་རི་སྐེགས་མོ་རབ་ཏུ་མང་པོ་རྒྱུས་པ་དང་། དེ་ན་རི་སྐེགས་མོ་ཞིག་ཡོད་པ། རི་སྐེགས་མོ་རྣམས་ལ་ཕུ་ནུ་མོ་དག་ཁྱེད་མཁྲིས་པའི་ནད་ཀྱིས་སྨྱོས་པར་གྱུར་དང་མི་རུང་གིས། ཁྱེད་ཅག་ཏིལ་ལ ་མ་ཟ་ཞིག་ཅེས་རྗེས་སུ་བསྟན་ནས། དེ་རང་ཉིད་ཤིང་རྟ་འོང་བའི་ལམ་ཀ་ན་ཏིལ་ཟ་ཟ་བ་ལས། ཤིང་རྟའི་འཁོར་ལོས་མགོ་བཅད་པར་གྱུར་ཏོ།། དེ་ནས་ལྷ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གཞན ་ལ་རྗེས་སུ་སྟོན་བྱེད་ཅིང་། ། རང་ཉིད་སྒྲུབ་པར་མི་བྱེད་པ།། བརྐས་ཆགས་པ་ཡི་རང་བཞིན་ཅན།། རི་སྐེགས་མོ་འདི་འཁོར་ལོས་བཅོམ།། དགེ་སློང་དག་ཇི་སྙམ་དུ་སེམས། རི་སྐེགས་མོ་གང་ཡིན་པ་དེ་ནི། ་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་གཞན་དག་ལ་རྗེས་སུ་སྟོན་ཅིང་། བདག་ཉིད་མི་སྒྲུབ་པས་ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་ལ། ད་ལྟར་ཡང་གཞན་དག་ལ་རྗེས་སུ་སྟོན་ཅིང་། བདག་ཉིད་མི ་སྒྲུབ་པས་ཚུལ་བཞིན་མ་ཡིན་པས་སྡུག་བསྡུས་པར་གྱུར་ཏོ། ། དེ་ས་བྱས་ན་དགེ་སློང་དག་འདི་སྐར་འསླབ་པར་བྷཥྚེ། རྫུན་གང་ལག་བདག་ཉིད་སྒྲུབ་པ་ལ་གཞན་དག་རྗེས་སུ་བསྟན་པར་བ། ་དགེ་སློང་དག་བྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། ལུང་བྱེད་ཉི་ཤུ་པའི་དྲུག་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ལ། ལྷན་ཅིག་གནས་པ ་དང་ཞེ་གནས་རྣམས་ཀྱིས་ལུང་བླངས་པ་དང་། དེས་འདི་སྐད་ཅེས་དེང་ལ་རེ་ཞིག་ཁོ་མོའི་སྣོད་དུ་ཆོས་ཤིག། བུ་རམ་དང་སེ་འབྲུ་དག་ཉེས་ཤིག་ཅེས་སྨྲས་ནས་དེ་ཕན་ཚུན་བརྒྱངས་ཏེ། དེ་དག་ལུང་མ ་བྱིན་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཆོས་ལ་སེར་སྣ་མི་བྱེད་ཟང་། དེས་འདི་སྐད་ཅེས། ཀྱེ་བུ་ཟན་མོའི་བུ་མོ་དག། ཁོ་མོ་དྲུག་སྡེ་རྣམས་ལ་ལུང་གི་ཆེད་དུ་སེ ་འབྲུ་མཉེས་པས་ནི་ལག་པ་སེར་ཀ་བྱུང་། བཟོད་པ་གསོལ་བས་ནི་མགོ་བོ་བྱི། པུས་མོ་བཙུགས་ནས་ལུང་གསོལ་བས་ནི་ལྕགས་ན། ཁོ་མོ་ཅིའི་ཕྱིར་སེར་སྣ་མི་བྱེད་ཅེས་སྨྲས་པ་ན ་དོན་རུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་ཀང་ཆོས་ལ་སེར་སྣ་བྱེད་ན་སྲུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆོས་ལ་སེར་སྣ་བྱེད་ན་ཞེས་བྱ་བ་ས ་ཆོས་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། སེར་སྣ་ལྔའི་བར་སྡོམ་ནི། གནས་དང་སྔགས་དང་ཁྱིམ་དང་ནི། རྙེད་པ་ཉིད་དང ་ཆོས་ལའོ། ། ལུང་བྱེད་ཉི་ཤུ་པའི་བདུན་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས། རྙེད་པ་གནས་གཅིག་ཏུ་ཟོས ་ནས། ཅིག་ཤོས་སུ་ཡང་ཟ་བར་བྱེད་དེ། དེ་ལྟར་སྤངས་པ་དང་མ་སྤངས་པ་ཟ་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཟོས་ཏེ་སྤངས་ཟིན་ནས། བཅའ་བ་དང ་བཟའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཟོས་ཟིན་ནས་ཞེས་བྱ་བ་ནི་གནས་གཅིག་ཏུ་སྤངས་ནས་སྤྱོད་ལམ་བཤིག་པའོ།། ་བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བལྔའོ།། འཆོས་སམ་ཟོས་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིང་ནའོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྤངས་པ་ལ་སྤངས་པའི་འདུ་ཤེས་འཆོས་སམ་ཐོས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལུང་བྱེད་དོ།། དགེ་སློང ་མས་མ་སྤངས་པ་ལ་སྤངས་པར་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་ཉི་ཤུ་པའི་བརྒྱད་པ་རྫོགས་སོ།། @# ་གླེང་གཞི་ནི་མཉན་ཡོད་ནའོ། ། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་ཟེད་དང་ཆོས་གོས་བླངས་ནས་བསོད་སྙོམས་ཀྱི་ཕྱིར་བྱུང་སྟེ། ཁྱིམ་བདག་གཅིག་གི་ཁྱིམ་དུ་ཞུགས་པ་དང་། ་ཁྱིམ་བདག་དེའི་ཆུང་མ་བུ་ཐོན་བུ་བཙས་པས། རང་གིས་ཁྱེའུ་བཀྲུ་བ་མ་ཤེས་སོ།། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། མཚན་བཟང་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས ་སྨྲས་སོ། ། འཕགས་མ་བདག་བློ་བ་མི་དགའ་ལགས་སོ།། སྒྲོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། བདག་གིས་ཁྱེའུ་སུས་ཀྱང་མ་བཀྲུས་སོ།། སྦོམ་དགའ་མོས་འདི་སྐད་ཅེ ་སྨྲས་སོ། ། ཅིའི་ཕྱི་ཁྱོད་མི་འབྲུ། མ་འཚལ་ཏོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ་བཞིན་དུ་ལས་སྣ་གཅིག་སུ་པ་ཡིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་འདིས་བྱ་བ་ཅུང་ཟད་མངའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་མས་ཀྱི་གནས་གང་ལམ་བྱང་བ་ཅུང་ཟད་ཡོད་དམ། དེས་འདི་སྐད་ཅེས་མ ་སོ། ། འཕགས་མ་བདག་གི་ཁྱེའུ་ཁྲུས་གྱིས་ལ་སྩོལ་ཅིག། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུས་བསོད་སྙོམས་སྦྱིན་པར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་དང་། བདག་གིས་མཁན་མོ་དང་། ཁང་སྐྱོང་མ་ལ་དབུལ་ལོ།། དེ་ནས་སྦོམ་དགའ་མོས་ལྷུང་བཟེད་བཞག་གོས་དག་བརྫེས་ནས། ཁྱེའུ་བླངས་ཏེ་ཡུད་ཙམ ་ཞིག་བསྐྱོད་ནས། དེའི་འོག་ཏུ་འདག་རྫས་དག་གིས་བཀྲུས་དྲིལ་ཏེ། དེ་ནས་ཆུ་དྲོན་གྱིས་བཀྲུས་མིག་ཏུ་མིག་སྨན་ཐུགས། ས་ཞག་གིས་ཐིག་ལེ་དྲིས་སྒྲའི་བྱི་དོར་བྱས། སྤང ་རྩི་དང་མར་སར་གྱིས་བསྟོད་ནས། ཁུལ་ཞོར་བཅུག་སྟེ་བསྐལ་ནས་འདི་སྐད་ཅེས། ཁྱོད་ཀྱིས་འདི་བཞིན་དུ་ཉི་མ་རེ་རེ་ཞིང་ཁྲུས་བྱོས་ཤིག་ཅེས་སྒོ་ནས། དེ་ནས་བསོད་སྙོམས་ཀྱི་ཁུར་བསླང ་སྟེ་དབྱར་ཁང་དུ་སོང་ངོ་། ། དེ་ནས་ཁྱིམ་བདག་དེ་འོངས་ནས། ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱིས་དེ་རིང་ཁྱེའུ་ཁྲུས་བྱས་པ་ལེགས་སོ།། འོར་ཆེའོ་ཞེས་བྱ་བ་ནས། ་སྦོམ་དགའ་མོས་བཀྲུས་སོ་ཞེས་བྱ་བ་དང་། བསོད་སྙོམས་རབ་ཏུ་མང་དུ་ཕུལ་ལོ་ཞེས་བྱ་བའི་བར་རོ།། དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་སྔ་དྲོ་ཤམ་ཐབས ་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཁྱིམ་བདག་གི་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི ་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་གི་ཁྱེའུ་ཁྲུས་ཀྱི་ས་ལ་སྩོལ་ཅིག། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མོ་ལོ་མོས་བྱང་ཆུབ་སེམས་དཔའ་བཀྲུས ་ཏེ། དེ་ལས་ཁྱེའུ་གཞན་ནི་མ་བཀྲུས་སོ།། ཕུ་ནུ་མོ་ཁྱོད་དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་ལ་མཆིད་སྩོལ་བ། ཕྱིར་ཡང་བྲན་མོར་འགྱུར་བའི་ལས་སོགས་སམ། དེ་ལྟ་མོད་ཀྱི་པུ་ནུ་མོ་ཁྱོད་ཀྱིས་འདི་ལྟར ་དགེ་སློང་མ་ཁྱེའུ་འཁྲུ་བ་ག་ལས་མཐོང་ངམ་ཐོས། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོས་བཀྲུས་སོ།། སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་དེ་ཁོ་ནས་ཁོ་མོ་ཅག ་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་བུ་ལེན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བུ་ཞེས་བྱ་བ་ནི་བུ་ཆུང་ངུའོ།། ལེན་ན་ཞེས ་བྱ་བ་ནི་རྩེ་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཡང་རུང་བུ་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་ཉི་ཤུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། ། སྡོམ་ནི་ཁྲུས་རས་དག་ནི་བྱ་བ་དང་།། གོས་དང་བཀྲུ་བར་བྱ་བ་དང་།། སྣམ་སྦྱར་དག་ནི་རྗེ་བ་དང་། ་དགེ་ཚུལ་ཆོས་གོས་སྦྱིན་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་བདག་གིས་ཆུང་མ་རབ་ཏུ་མང་པོ་དང་ལྷན་ཅིག་སྒྲེན་མོར་བྱུང་ནས་ཁྲུས་བྱེད་པ་དང ་དེ་ནས་སྦོམ་དགའ་མོ་ཁོ་མོའི་རྨོངས་ཀྱི་ཚོགས་ཤིན་ཏུ་གནག་ལེགས་པར་འཁྱིལ་པ། དཔེར་ན་སྲན་མ་ཤའི་འབྲས་བུ་ལྟར་འདུག་པ་ལ་ལྟོས་ཞེས་སྟོན་པའོ་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། བཅོམ ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མས་ཁྲུས་རས་བཅང་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་དགེ་སློང་མ་རྣམས་ཀྱིས་ཁྲུས་རས་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ། སྦོམ་དགའ་མོ་མི་ཐོགས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཁྲུས་རས་མེད་པར ་ཁྲུས་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྲུས་རས་ཞེས་བྱ་བ་ནི་ཁྲུས་ཀྱི་རས་ཏེ། དེ་མེད་པར་རོ།། ཁྲུས་བྱེད་ན་ཞེས་བྱ་བ་ལ། ཁྲུས་ནི་གཉིས་ཏེ ་འཇུག་པའི་ཁྲུས་དང་དབང་བསྐུར་བའི་ཁྲུས་སོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲུས་གཉིས་བྱེད་ན ་ཁྲུས་ཀྱི་ཁྲུས་རས་མི་འཆང་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་གཅིག་པའི་དང་པོ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་སྦོམ་དགའ་མོས་མི་གཙང་བས་གོས་པའི་གོས་དག་བཙོ་བླག་མཁན་འཁྲུར་བཅུག་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་བདག་ཅག་གི་གོས་དག་ཀྱང་འདིས་ན་མི་གཙང་བར་འགྱུར་རོ་ཞེས་ཁ་ཟེར་བར་བྱེད ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་བཙོ་བྲག་མཁན་ལ་གོས་འཁྲུར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བཙོ་བྲག་མཁན་ཞེས་བྱ་བ་ནི་ཁྱིམ་པ་མོའོ།། གོས ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། ། འཁྲུར་འཇུག་ན་ཞེས་བྱ་བ་ནི་བཀྲུ་བཤལ་བྱེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མི་གཙང་བས་གོས་པའི་གོས་འཁྲུར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅིག་པའི་གཉིས་པ་རྫོགས་སོ།། ་བམ་པོ་ཉི་ཤུ་དྲུག་པ། གླེང་གཞི་ནི་མཉན་ཡོད་ནའོ།། བུད་མེད་ནི་བརྗེ་དངས་པ་ཡིན་པས། དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ན། ་དེ་དག་གིས་བདག་ཅག་གིས་གང་དག་ནི་བྱིན་གྱིས་བརླབས། གང་དག་ནི་བྱིན་གྱིས་མ་བརླབས་པ་མ་ཤེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་མ་རྣམས་ཀྱིས། ཆོས་བཅོ་ལྔ་བཅོ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་བྱའོ།། དེ་ནས་སྦོམ་དགའ་མོས་ཚེས་བཅོ་ལྔ ་བཅོ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་ཚེས་བཅོ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང ་བར་མི་བྱེད། དེས་འདི་སྐད་ཅེས་ཁོ་མོས་སྡེ་སྣོད་གསུམ་དྲན་ན། ཅིའི་ཕྱིར་ཁོ་མོས་ཆོས་གོས་བྱིན་གྱིས་བརླབས་པ་མི་དྲན་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད ་ཕྱེད་ཅིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ནི། ཟླ་བ་ཕྱེད ་ཅིང་ངོ་། ། ཆོས་གོས་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བའོ།། བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པར་བྱ་བ་དྲན་པར་བྱ་བའོ།། ཉམས་སུ་མྱོང་བར་མི་བྱེད ་ན་ཞེས་བྱ་བ་ནི། སྨྱོན་པའི་བསླབ་པ་ཁམས་སུ་མྱོང་བར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གྲོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བཅོ་ལྔ་བཅོ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅིག་པའི་གསུམ་པ་རྫོགས ་སོ། ། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་སྦོམ་དགའ་མོས། གར་མཁན་མོ་ལས་གླར་བཅའ་བ་བླངས་ཏེ་ཆོས་གོས་བྱིན་པ་དང་། དེས་བགོས་ནས་གར ་བྱས་ཏེ། དེ་ཉིད་དུ་དྲུག་སྡེ་དག་སུན་ཕྱུང་ངོ་།། དེ་ནས་དྲུག་སྡེ་རྣམས་ཀྱིས་ཐོས་ནས། སྦོམ་དགའ་མོའི་དྲུང་དུ་སོང་སྟེ། སྦོམ་དགའ་མོ་དང་གཏུགས་ནས་སྣང་པར་བརྡེགས་སོ།། དེ་ཡང ་མིག་ལུགས་སྤངས་ཤིང་དབྱར་ཁང་དུ་སོང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་སུས་བརྡེགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་མང་པོ་དག་གིས་བརྡེགས་ཀྱིས ་མི་དགར་མ་བྱེད་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཁྱིམ་པ ་མོ་ལ་དགེ་སྦྱོང་གི་ཆོས་གོས་བྱིན་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམ་ན་གནས་པའོ།། དགེ་སྦྱོང་གི་ཆོས་གོས་ཞེས་བྱ་བ་ནི ་ངུར་སྨྲིག་གོ། ། སྦྱིན་ན་ཞེས་བྱ་བ་ནི་གཏོང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང ་གིས་ཆོས་གོས་ཁྱིམ་པ་མོ་ལ་བྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་ནི། ་སྨེ་གབ་ཚོགས་ཀྱི་སྨྲེ་གབ་དང་། བཀྲེན་པ་ཡི་རང་འཇུག་པ་དང་། སྲ་བརྐྱང་དབྱུང་བར་བྱ་བ་དང་། གོས་དག་བགོ་བར་བྱ་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་བུད་མེད་ནི་སྔོན་གྱིས་ལས་ཀྱི་འཕངས་པའི་ཤུགས་ཡོད་པས། དགེ་སློང་མ་རྣམས་ཟླ་བ་ངོ་རེ་ཞིང་ཟླ་མཚན་འཇིག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྨེ་གབ་བཅང་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྨེ་གབ་བཅང་བར་བྱའོ་ཞེས་གསུངས་པ་དེའི་ཚེ། དེ་དག་ཐོགས་ཤིང་རྒྱུ་བ་ན་ལྷུང་བར་གྱུར་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྲས་བུས་བསྡམ་པར་བྱའོ།། ཡང་སྦོམ་དགའ་མོ་མི་ཐོགས་པས། དེ་བྱིན་པ་ལ་ཁྲག་འཛག་ཅིང་བསོད་སྙོམས་ལ་སོང་བ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས ་མཐོང་ནས་དྲིས་པ། འཕགས་མ་བྱིན་པ་ལ་ཁྲག་འཛག་པའོ་ནི་ཅི་ལགས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག། སྲིང་མོ་ལ་དྲིས་ཤིག། བུ་མོ་ལ་དྲིས་ཤིག་ཅེས ་སྨྲས་པ་ན། དེ་དག་བདག་ཅག་གིས་ཁྱིམ་ཐམས་ཅད་ཀྱང་བཙོག་པར་འགྱུར་རོ་ཞེས་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད། སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་སྨེ་གབ་མི་འཆང་ན ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྨེ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི་བདེ་བ་དགབ་པའོ།། མི་འཆང་ན་ཞེས་བྱ་བ་ནི་རང་གིར་མི་བྱེད་ནའོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྨེ་གབ་མི་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས ་བའི་དང་པོ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་འབྲེང་ལྡན་མས། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྨྱེ་གཔ་རྗེས་སུ་གནང་ངོ་ཞེས ་ཐོས་ནས་དེ་འདི་སྙམ་དུ་ཀྱེ་མའོ་བདག་གིས་དགེ་སློང་མའི་དགེ་འདུན་ཐམས་ཅད་ལ་སྨེ་གབ་དབུལ་ལོ་སྙམ་དུ་བསམས་སོ། ། དེ་ནས་སྦོམ་དགའ་མོ་བཙུན་མོ་འགྲེང་ལྡན་མ་གང་ན་བ་དེར ་སོང་སྟེ་བྱིན་ནས། བཙུན་མོ་འཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྒེ་གཔ་རྗེས་སུ་གནང་ངོ་།། དེ་ནས་བཙུན་མོ་འགྲེང་ལྡན་མས། ནང་མི ་ལ་བསྒོ་བ་དང་། དེ་དག་གིས་གོས་སྣ་ཚོགས་ཀྱི་སྒྲོམ་དག་མདུན་དུ་བཞག་གོ།། དེ་ནས་བཙུན་མོ་འཕྲེང་ལྡན་མས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གོས་འདི་དགེ་སློང་མའི ་ཚོགས་ཐམས་ཅད་ལ་སྨེ་གབ་ཏུ་བྲིམས་ཤིག། དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་རང་གིར་བྱས་པ་དང་། དགེ་སློང་མ་གཞན་ཞིག་བཙུན་མོ་འཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས ་བཙུན་མོ་འཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་མོ་བདག་ལ་ཡང་སྨེ་གབ་སྩོལ་ཅིག། དེ་ནས་བཙུན་མོ་འཕྲེང་ལྡན་མས། དགེ་སློང་མ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གིས ་དགེ་སློང་མའི་ཚོགས་ཐམས་ཅད་ཀྱི་སྨེ་གབ་སྦོམ་དགའ་མོའི་ལག་ཏུ་གཏད་ལགས་སོ། ། ཇི་ཙམ་ན་སྦོམ་དགའ་མོ་ལ་བསླངས་པ་ལས་མ་བྱིན་པ་དང་། དོན་ཁུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྨེ་ག་བ་ཅན ་གྱི་ཚོགས་ཀྱི་སྲེག་པ་གང་ཟག་རང་གིར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྨེག་པ་ཅན་ཞེས་བྱ་བ་ནི་བུད་མེད་ན་པའོ།། ཚོགས་ཀྱི་སྨེག་པ་ཅེས་བྱ་བ་ནི་དགེ་སློང་མའི་དགེ ་འདུན་དང་ཐུན་མོང་བའོ། ། གང་ཟག་ཅེས་བྱ་བ་ནི་གཅིག་པུའོ།། རང་གིར་བྱེད་ན་ཞེས་བྱ་བ་ནི་བདག་གིར་རློམ་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྨེ་གབ་ཅན་གྱི་ཚོགས་ཀྱི་སྨེ་གབ་གང་ཟག་རང་གིར་བྱེད་ན། ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས་པའི ་གཉིས་པ་རྫོགས་སོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་ནད་པ་སྦྱོར་མི་བཟོད་པ་ཞིག་ཡོད་དོ།། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་དེ་གང་ན་བ་དེར་སོང་སྟེ ་ཕྱིན་ནས། ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་སྲ་བརྐྱང་གི་དུས་ལ་བབ་ཀྱིས་སྲ་བརྐྱང་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་ནི་བྲོ་འཚལ་བ་ཞིག་སྟེ ་ཅི་ཡང་མ་མཆིས་སོ། ། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་ལ་བསྟན་གྱིས། བཞིན་བཟངས་ཚོང་ཁང་ནས་བསྐྱིན་པོ་ལོང་ལ་ཕྱིས་བསྦྱིན་པ་བྱིན་ཅིག། དེ་ནས་སྡོམ་དག ་མོས་ཉམ་ཆུང་ངུ་སྲ་བརྐྱང་ལ་རྗེས་སུ་ཡི་རང་བ་བྱེད་དུ་བཅུག་ནས་བླངས་ཏེ་དབྱར་ཁང་དུ་སོང་ངོ་། ། དེ་ནས་ཁྱིམ་བདག་དེ་དུས་གཞན་ཞིག་ན་ཚོང་པ་དེས་བཟུང་ནས། ཀར་ཤ་པ་ཎ་དག་མ་བྱིན་གྱིས ་བར་དུ་གར་ཡང་མ་འགྲོ་ཞིག་ཅེས་བཟུང་ངོ་། ། དེ་ནས་ནེ་ཟླ་དག་གིས། ཁྱིམ་བདག་དེ་ལ་སྨྲས་པ། གནས་འདི་ན་ཅི་བྱེད། དེས་འདི་སྐད་ཅེས་བུ་ལོན་པ་དག་གིས་བཟུང་ངོ་ཞེས་སྨྲས་སོ།། ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅིའི་ཕྱིར་བུ་ལོན་པ་དག་གིས་བཟུང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་དག་འདི་སྐད་ཅེས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱིས་དགེ་སྦྱོང་གི་ཚུལ་དང ་ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་ནད་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་གོ་ཞེས་ཁ་ཟེར་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འང། ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཉམ་ཆུང་ངུ་ལ་སྲ་བརྐྱང་དབུལ་དུ་འཇུག་གམ་རྗེས་སུ་ཡི་རང་བར་བྱེད་ན་ལྟུང ་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉམ་ཆུང་ངུ་ཞེས་བྱ་བ་ནི་ནད་པའོ།། སྲ་བརྐྱང་དབུལ་དུ་འཇུག་གམ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་གོས་སོ།། རྗེས་སུ་ཡི་རང ་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་སྐྱིན་པོ་ལེན་དུ་འཇུག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉམ ་ཆུང་དྲལ་སྲ་བརྐྱང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར། ། ལྟུང་བྱེད་ཉི་ཤུ་གཉིས་པའི་གསུམ་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་གནས་སུ་སྲ་བརྐྱང་བཏིང་བ་ལས། དགེ་སློང་མཆོམ་རྐུན་པས་བཏོགས་པ་རབ་ཏུ་མང་པོ་དག་ལྷགས་ཏེ་དེ་དག་འདི་སྐད་ཅེས་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་སྲ་བརྐྱང ་དབྱུང་བར་བྱའོ་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་སྟེ་སྲ་བརྐྱང་དབྱུང་བར་བྱའོ།། ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང ་དག་པར་བསྒོ་ལ། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། གནས ་འདིར་དགེ་སློང་མ་ཆོམ་རྐུན་པས་བརྟོགས་པ་རབ་ཏུ་མང་པོ་དག་མཆིས་ལགས་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར ་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ཆོམ་རྐུན་པས་བརྟོགས་པ་རབ་ཏུ་མང་པོའི་སླད་དུ་སྲ་བརྐྱང་དབྱུང་བར་མཛད་དོ།། འདི་ནི་གསོལ་བའོ།། དེ་བཞིན་དུ་ལས ་ཀྱང་རྒྱས་པར་བརྗོད་པར་བྱའོ། ། དེ་ནས་སྦོམ་དགའ་མོ་སྲ་བརྐྱང་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་པ་ནས། དགེ་སློང་མ་རྣམས་ཀྱིས་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྲ་བརྐྱང་འབྱིན་འབྱིན་པ་ཉམས་སུ་མྱོང་བར ་མི་བྱེ་ན་སྲུང་བྱེད་དོ། ། སང་ག་ཞེས་ཐུ་པ་ནི་ཐོས་དགན་མོའོ།། ཟ་བརྒྱད་འབྱིན་པ་ཞེས་བྱ་བ་ནི་དགེ་འདུན་གྱིས་ཆོས་གོས་སོ།། འབྱིན་པ་རྣམས་སུ་སྤོང་བར་མི་བྱེད་ན་ཞེས ་པ་ནི་མཐུན་པ་མི་སྦྱིན་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་དང་ལྷན་ཅིག་སྲ་བརྐྱང ་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ། ། ལུང་བྱེད་ཀྱི་ཤུ་གཉིས་པའི་བཞི་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། ཀཤྨི ་ཚེ་བཅོམ་ལྡན་འདས་ཀྱིས་སྲ་བརྐྱང་ཕྱུང་ནས། དེར་གོས་ཀྱི་རྙེད་པ་གང་ཡིན་པ་དེ་བགོ་བར་བྱའོ་ཞེས་གསུངས་པ་དང་། དེ་ནས་སྦོམ་དགའ་མོ་གོས་ཀྱི་རྙེད་པ་འགྱེད་པ་ཉམས་སུ་མྱོང་བར་མི ་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ། ཡང་དགེ་སློང་མ་གང་སྲ་བརྐྱང་གི་རྙེད་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྲ་བརྐྱང ་གི་རྙེད་པ་འགྱེད་པ་ཞེས་བྱ་བ་ནི་གོས་འགྱེད་པའོ། ། ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་མི་འདུན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང ་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གོས་ཀྱི་རྙེད་པ་འགྱེད་པ་ཉམས་སུ་མྱོང་བར་མི་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ལེན་འདོད་པ ་ཉིད་མ་ཡིན་ན་སྲུང་བ་མེད་དོ། ། སུང་བྱེད་ཉི་ཤུ་གཉིས་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་ནི། ཚུར་ཤོག་ཉེ་བར་ནི་བྱ་དང་། བཅོལ་ནས་འགྲོ་བར་བྱ་བ་དང་། ་རིག་པ་མི་བླང་མི་གཞུག་དང་། ཁ་ཟས་བཙོང་བར་མི་བྱ་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ཀྱི་ལྷན་ཅིག་གནས་པ་དང་ཉེ་གནས་དག་ཕན་ཚུན་འཐབ་པ་ན ་སྦོམ་དགའ་མོས་དེ་ལ་རྐྱེན་དག་ཉེ་བར་བསྒྲུབས་པས་དེས་ན་འཐབ་མོ་ཆེ་ཐང་དུ་བྱུང་ནས། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཚུར་སྤྱོན་འཐབ་མོ་ཉེ་བར་ཞི་བར་བགྱིའོ་ཞེས་སྨྲས་པ་དང་། ་སྦོམ་དགའ་མོས་འདི་སྐད་ཅེས་མགོས་མགོ་ཅིའི་ཕྱིར་མ་བཙལ། རེ་ཞིག་ཁོ་མོ་ནི་འཐབ་མོ་བྱེད་ཀྱི། ཉེ་བར་ཞི་བར་མི་བྱེད་དོ་ཞེས་སྨྲས་པ་ན། དོན་ཆུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབ ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འཐབ ་མོ་ཉེ་བར་ཞི་བར་བྱ་བའི་མཐུ་ཡོད་པར་གྱུར་ལ་ཉེ་བར་ཞི་བར་མི་བྱེད་ན་སྲུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མཐུ་ཡོད་པར་གྱུར་ལ་ཞེས་བྱ་བ་ནི་མཐུ་དང་ལྡན་པའོ།། ་འཐབ་མོ་ཞེས་བྱ་བ་ནི་མཚང་འདྲུ་བའོ།། ཉེ་བར་ཞི་བ་ཞེས་བྱ་བ་ནི་རབ་ཏུ་ཞི་བའོ།། ཉེ་བར་ཞི་བར་མི་བྱེད་ན་ཞེས་བྱ་བ་ནི་མི་ཟློག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཐབ་མོ་དང་མཚང་འདྲུ་བ་ཉེ་བར་ཞི་བར་བྱ་བར་ནུས་ཤིང་མཐུ་ཡོད་པར་གྱུར་ལ། ཉེ་བར་ཞི་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་གསུམ་པའི་དང་པོ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་སྒོ་བཅད་ནས། ལྡེ་མིག་ཁྱེར་ཏེ་ལྗོངས ་རྒྱུ་ཞིང་སོང་བ་ལས་དབྱར་ཁང་དེར་མེ་ཤོར་ཏེ། དགེ་སློང་མ་རྣམས་ཀྱིས་གསད་པར་འདོད་ན་སྒོ་དབྱེར་ལྡེ་མིག་མ་རྙེད་ནས། མེས་ཚིག་པར་གྱུར་པ་དེའི་ཚེ། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་དབྱར་ཁང་མ་བཅོལ་བར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་།། མ་བཅོལ ་བར་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ལ་ལྡེ་མིག་མ་གཏད་པར་རོ། ། ལྗོངས་རྒྱུ་ཞིང་འགྲོ་ན་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས། དགེ་སློང་མ་རྣམས་ལ་ལྡེ་མིགས་གཏད་པར་མཚམས་ཀྱི་ཕྱི་རོལ་ཏུ ་བྱུང་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་སྲུང་བྱེད་དོ།། དགེ་སྦྱོང་མས་མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས། དགེ་སློང་མ་རྣམས་ལ་ལྡེ་མིག་མ་གཏད་པར་མཚན ་ཀྱི་ཕྱི་རོལ་ཏུ་བྱུང་ནི་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་ཉི་ཤུ་གསུམ་པའི་གཉིས་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་སྦོམ་དགའ་མོ་ཆགས་པས་སྐྱེས་པ་འདོད་ནས། དེ་སྤོས་ཚོང་གི་ཁྱེའུ་ཞིག་གི་དྲུང་དུ་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་རིག་པ་ཅུང་ཟད་ཀློག་གམ། དེས་འདི་སྐད ་ཅེས་སྨྲས་ཏེ་ཀློག་གོ། ། སྦོམ་དགའ་མོས་འདི་སྐད་ཅེས་སྤྲས་ཏེ་ཐོན་ཅིག་དང་ཀླག་གོ།། དེས་འདི་སྐད་ཅེས། སི་རི་པུ། བི་སི་རི་པུ། སི་རི་བྱི་སྭཱཧཱ། ཞེས་སྨྲས་སོ།། སྦོམ་དགའ་མོས ་འདི་སྐད་ཡང་དང་ཡང་དུ་རྗོད་ཅིག་ཅེས་སྨྲས་པ་དང་། ཇི་ཙམ་ན་ཁྲོས་ནས་མགོ་རེག་མོ་ངན་པ་ཞེས་སྤྱོས་སོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད་ཅེས་སྨྲས་སོ།། འདི་ལྟར ་ཁྱོད་ཀྱིས་ཚིག་གཉིས་ཀྱང་མི་ཟིན་ན། ཇི་ལྟར་ཁྱོད་ཀྱིས་སྡེ་སྣོད་གསུམ་བཟུང་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བརྗོད་པ་དང་མོད་ལ་བཟུང་ཟིན་མོད་ཀྱི། ཚིག་ཙམ་རང་གིར་བྱེད་དོ།། ་བྲི་བཞིན་འབྲང་བའི་དགེ་སློང་མས་འདི་སྐད་ཅེས། འཕགས་མ་ཁྱོད་འདོད་ཆགས་ཀྱིས་རབ་ཏུ་མ་འབར་བ་ངོ་མཚར་མོ་ནས་སྤྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་པ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་ལས་རིག་པ་ཀློག་ན ་ལྟུང་བྱེད་དོ། ། སང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་ལས་ཞེས་བྱ་བ་ནི་ཁྱིམ་ན་གནས་པ་ཡས་སོ།། རིག་པ་ཞེས་བྱ་བ་ནི་སེལ་བར་བྱེད་པའོ།། ཀློག་མས ་བྱ་བ་ནི་ཀུན་ཆུབ་པར་བྱེད་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པ་ལས་རིག་པ ་ཀློག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་གསུམ་པའི་གསུམ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས ་སྐྱེས་པ་ཞིག་རིག་པ་ཀློག་ཏུ་བཅུག་ནས། ཀྱེ་ནང་རྗེ། སི་རི་ཕུ། བི་སི་རི་ཕུ། སི་རི་བི་སི་རི་ཕུ་སྭཱ་ཧཱ། ཟུང་ཞིག་ཅེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བཏོན་པ་དང་། དེ་ནས ་མི་དེས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་གིས་ཀུན་ཆུབ་པར་བཟུང་ལགས་སོ།། སྦོམ་དགའ་མོས་ཡང་དང་ཡང་དུ་ཟུང་ཞིག་ཅེས་སྨྲས་པ་དང་། དེ་ནས་མི་དེ་ཁྲོས་ནས་འདི ་སྐད་ཅེས། མགོ་རེག་མོ་ངན་པ་ཁྱོད་ཀྱང་མ་མཐོང་ཡང་བླ། རིག་པ་ཡང་མེད་དུ་ཟད་དོ་ཞེས་སྨྲས་པ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཚིག་ཙམ་རང་གིར་བྱེད་དོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད་ཅེས། འཕགས་མ་ཁྱོད་ཉོན་མོངས ་བས་མ་གོས་པ་ངོ་མཚར་བའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་སྐྱེས་པ་ལ་རིག་པ་ཀློག་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྐྱེས་པ ་ལ་ཞེས་བྱ་བ་ནི་མི་ལའོ། ། རིག་པ་ཞེས་བྱ་བ་ནི་རིག་པ་མ་ཡིན་པ་ལ་རིག་པའི་སྒྲར་གསུངས་པའོ།། གློག་ཏུ་འཇུག་ན་ཞེས་བྱ་བ་ནི་འདོན་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པ་ལ་རིག་པ་ཀློག་ཏུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གསུམ་པའི ་བཞི་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསོད་སྙོམས་མང་དུ་རྙེད་པ་དང་། དེ་ལ་བསོད་པ་གང་ཡིན་པ་དེ་ནི་ཟོས། བྱེ་དང ་འབྲས་ཅན་ལ་སོགས་པ་ངན་པ་གང་ཡིན་པ་དེ་ནི་བཙོངས་སོ། ། དེ་ནས་དུས་གཞན་ཞིག་ན་སྦོམ་དགའ་མོ་དགོས་པ་འགའ་ཞིག་གི་ཕྱིར་ཕྱི་རོལ་ཏུ་སོང་བ་དང་། ཕྱེ་ཉོ་བ་ཞིག་འོངས་ནས་དེ་སྐྱེ་དགུའི ་བདག་མོ་ཆེན་མོའི་དྲུང་དུ་སོང་སྟེ། སོང་ནས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཛི་ཀ་ཕྱེ་དག་མངའ་འམ། སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཅི་ཁོ་མོ་བྱེའི་ཚོང་ཁང ་གིས་བསྐོར་རམ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དགེ་སློང་མ་དག་སྐྱེ་འཚོང་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཕྱེ་འཚོང་བའི་དགེ་སློང་མ་དེ་གང་ཡིན། ་དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ལགས་སོ།། སྐྱེ་དགུའི་བདག་མོ་ཆེན་མོ་ཀོའུ་ཏ་མིས་འདི་སྐད་ཅེས། དེ་ཁོ་ནས་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲས་པ་ན། དོན ་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཁ་ཟས་འཚོང་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁ་ཟས་འཚོང་ན་ཞེས་བྱ་བ་ནི་རིན་ལེན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁ་ཟས་འཚོང་ན་ཇི་སྲིད་དུ་རིན་རང་གིར་མ་བྱས་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱས་ན་ལྟུང་བྱེད་དོ།། ་ལྟུང་བྱེད་ཉི་ཤུ་གསུམ་གྱི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། སྡོམ་ནི། ཁྱིམ་གྱི་གོ་རེ་ལོང་མི་བྱ།། སྟན་ནི་སྐྱེད་དུ་མི་གཞུག་ཅིང་།། སྐུད ་བའང་བཀལ་བར་མི་བྱ་སྟེ། ། གདུགས་དང་མཆིལ་ལྷམ་མི་བཅང་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས ་ཏེ། ཁྱིམ་བདག་ཅིག་གིས་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་བདག་གློ་བ་མི་དཀའ་ལགས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅི་དེ་རིང་ཁྱོད་ཀྱི་བེའུ་ས་འོ་མ་ཐམས་ཅད་འཐུངས་སམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱིམ་གྱི ་གོ་རེ་ལོང་གི་རྔོ་མི་ཐོག་ལགས་མོད། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ་ཇི་ལྟ་བར་ལས་སྣ་གཅིག་པ་ཡིན་ནམ། ཁྱིམ་བདག་གི་ཆུང་མས་ཀྱང་འདི་སྐད་ཅེས་སྨྲས་སོ།། འཕགས ་མ་ཁྱོད་འདི་ལ་བྱང་བ་མངའ་འམ། སྦོམ་དགའ་མོས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་ལས་ཀྱི་གནས་གང་ལ་མ་བྱང་བ་ནི་གང་ཞིག་ཡིན། དེ་ནས་ཁྱིམ་བདག་གི་ཆུང་མ ་དེས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་གོ་རེ་ལོང་མཛོད་ཅིག། ངེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུས་བསོད་སྙོམས་སྦྱིན་པར་འགྱུར། ཁྱིམ ་བདག་གི་ཆུང་མས་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཁང་སྐྱོང་ལ་ཡང་དབུལ་ལོ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་ལྷུང་བཟེད་མཐའ་གཅིག་ཏུ་བཞག་ནས་གོས་དག་བརྫེས ་ཏེ། ཁྱིམ་དེ་ཐམས་ཅད་ཆག་ཆག་ལེགས་པར་བཏབ། ཕྱག་དར་ལེགས་པར་བྱས་ནས་བཞག་སྟེ། ཁྱིམ་དེ་ཐམས་ཅད་ཤིན་ཏུ་མཛེས་པར་བྱས་སོ།། དེ་ཡང་བསོད་སྙོམས་ཀྱི་ཁུར་བསླང ་ནས་དབྱར་ཁང་དུ་སོང་ངོ་། ། དེ་ནས་ཁྱིམ་བདག་དེས་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱིས་དེ་རིང་ཁྱིམ་གྱི་བྱི་དོར་གཙང་གཙང་ལྟར་བྱས་སོ།། ངེས་འདི་སྐད་ཅེས་སྨྲས་ཏེ། ་འཕགས་མ་སྦོམ་དགའ་མོས་བགྱིས་ཀྱི། བདག་གིས་མ་བགྱིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་དེ་ལ་ཉི་མ་རེ་རེ་ཞིང་བསོད་སྙོམས་བྱིན་ཅིག་དང་། ཁྱོད་ཀྱི་ཁྱིམ་གྱི་གོ་རེ་ལོང ་བྱེད་པར་འགྱུར་རོ། ། དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ཁྱིམ་དེར་བསོད་སྙོམས་ལ་ཞུགས་པ་དང་། དེ་ནས་ཁྱིམ་བདག་གི་ཆུང་མ་དེས། སྐྱེ་དགུའི་བདག་མོ་ཆེན ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་གི་ཁྱིམ་གྱི་གོ་རེ་ལོང་མཛོད་དེ་སྩོ་ལ། དེས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁོ་མོས་ཟས་གཙང་གི་ཁྱིམ་གྱི་གོ་རེ་ལོང་ཡང་མ་བྱས་ན། ད་རབ ་ཏུ་བྱུང་ནས་བྱ་འམ་དེ་ལྟ་མོད་ཀྱི། ཕུ་ནུ་མོ་ཁྱོད་ཚུལ་ཁྲིམས་དང་ལྡན་པ་ལ་མཆིད་སྩོལ་བ་ནི། བསོད་ནམས་མ་ཡིན་པ་མང་དུ་བསགས་ནས་བྲན་མོར་འགྱུར་བའི་ས་བོན་བསྐྱེད་དམ། གཞན ་ཡང་ཁྱོད་ཀྱིས་རབ་ཏུ་བྱུང་བ་ཁྱིམ་གྱི་གོ་རེ་ལོང་བྱེད་པ་མཐོང་བ་འམ་ཐོས་པ་སུ་ཡོད། དེས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ལགས་སོ།། སྐྱེ་དགུའི་བདག་མོ་ཆེན་མོས་ཀྱང ་འདི་སྐད་ཅེས། དེ་ཁོ་ནས་བདག་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་ཁྱིམ་གྱི་གོ་རེ་ལོང་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས ་བྱ་བ་ནི་སྦོམ་དགའ་མོའོ། ། ཁྱིམ་གྱི་གེ་རེ་ལོང་ཞེས་བྱ་བ་ནི་རང་གིས་ཁྱིམ་གྱི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་གོ་རེ་ལོང་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ནི་ཤུ་བཞི་པའི་དང་པོ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་སྦོམ་དགའ་མོ་དགེ་སློང་མ་རྣམས་ལ་ལུང་ཀློག་ཏུ་འཇུག་པ་ན། དེའི་ཕྱི་བཞིན་དགེ་སློང་མ་རྣམས་སྟན་སྐྱེད་དུ་བཅུག་ཅིང་འདི་སྐད་ཅེས་ཁྱེར་ལ་གནས་ག་གེ་མོ་ཞིག་ཏུ་ཐོང་ཞིག་ཅེས་བསྒོ་བར ་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་ཁྱེད་དགེ་སློང་མ་རྣམས་སྟན་སྐྱེད་དུ་བཅུག་ཅིང་ཉམས་སུ་མྱོང་བར་བྱེད་པ་ནི། བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དོ་ཞེས་སྨོད་པར་བྱེད་པའི་སྐབས་དེ ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅུའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས ་འདི་པའོ། ། ལས་ཞེས་བྱ་བ་ནི་ལས་སོ།། སྟན་ཞེས་བྱ་བ་ནི་ཁྲིའུ་དག་གོ།། སྟན་སྐྱེད་དུ་བཅུག་ཅིང་ཞེས་བྱ་བ་ནི་ཕྱི་བཞིན་ཁྱེར་དུ་བཅུག་ཅིང་ངོ་།། ཉམས་སུ་མྱོང་བར་བྱེད་ན་ཞེས་བྱ་བ་ནི ་རང་གིར་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུརཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་རྒས་པ་སྦྱོར་མི་བཟོད་པ་འམ། ནད་པ་ཞིག་ཆོས་འཆད་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་བཞི་པའི་གཉིས་པ་རྫོགས ་སོ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོས་སྔ་དྲོ་བ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཁྱིམ་བདག་ཅིག ་གིས་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས། ཁྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ་འཕགས་སུ་བདག་སྐུད་པ་འཁལ་པས་སློབ་རྗེལ་ལོ།། གཙུག་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཁྱོད་སོང་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཅིག་དང་། ཁོ་མོས་པ ་ཚོགས་བསོད་སྙོམས་ཀྱི་ཕྱིར་དཀལ་མོ། ། དེ་ནས་དུས་གཞན་ནིགན་སྐྱེ་དགུའི་བདག་མོ་ཀྱིམ་དེར་བསོད་སྙོམས་ས་ཞུགས་ཏེ་འཛིསྐ་ཅེས་སྨྲས་སོ།། མུ་ནུ་མོ་བསོད་སྙོམས་བྱིན་ཅིག། ཁྱིམ་པར ་གི་རླུང་མས་འདི་ག་ཅེས་སྨྲས་སོ། ། འཕགས་ས་སྲུད་པ་གཅིག་པོལ་མཛོད་ཅིག་དང་། དེའི་བྱང་དུ་བསེད་སྙོམས་འཚལ་ཏེ་མཆིའོ།། སྐྱེ་དབུའི་བདག་མོ་ཆེན་མོས་འདི་གང་ཅེས་སྨྲས་སོ།། ་བུ་ནུ་མོ་ཁོ་མོ་ཁྱིམ་པར་གྱུར་བ་ན་ཡང་འཁལ་མ་མྱོང་ན། དུ་རབ་ཏུ་བྱུང་ནས་འཁལ་ལམ་དེ་ཝ་མོད་ཀྱི་ཞེས་བྱ་བ་དང་། བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་སང་དགེ་སློང་མ་གང་སྲུང་པ་ལའསན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། སྲུང་པ་ཞེས་བྱ་བ་ནི་འདུན་པོ་གང་ཡང་རུང་བའོ།། འཁལ་ན ་ཞེས་བྱ་བ་ནི་ལུང་བུར་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་འི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྤྱད་པ་འཁལ་ན་ཐམས་ཅད་དུ ་ཆུང་བྱེད་དུ་འགྱུར་རོ། ། གལ་ཏེ་སོ་སོའི་གནས་དབེན་པར་ཤུར་བུ་དང་། མུག་ཕོད་དང་། རྒྱ་ཅང་གི་ཕྱིར་ནི་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་བཞི་པའི་གསུམ་པ་རྫོགས་སོ།། ་གླེང་གཞིནི་མཉན་ཡོ་ནའོ།། དེ་ནས་ཀ་ཙུག་དགའ་མོ་གཅིས་གྲམ་བགོས་གདུགས་ཐོགས་ཏེ་བསོད་སྙོམས་ལ་རྩུབ་ན། དབྱེ་བོ་མང་པོ་དགོད་ཅིང་ཟས་ཟེ་དང་། ་ཀྱིམ་བདག་རྣམཔ་འབྱུང་གྱི་སྒྲུབ་ས་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནཱ~ཾ། བསླབ་པ་བཅའ་པའི་བར་དུ་མཛད་། ་ཡང་དགེ་སློང་མ་གང་གཟུགས་དང་མཆིས་ལྡུམ་ཐོགསན་སྲུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་གྲོའོ།། གདུགས་ཞེས་ལྔ་བ་ནི་ཚ་བའི་སྐྱབས་སོ།། ་མཆིལ་ལྡམ་ཞེས་བྱ་བ་ནི་ལྷམ་མོ།། ཐོགས་ན་ཞེས་བྱ་བ་ནི་བདག་ཉིད་དོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་གདུགས་དང་མཆིལ་ལྡུམ་ཐོགས་ན་ཐམས་ཅད་དུ་སྲུང་བྱེད་དུ་འགྱུར་རོ། ། དབྱར་ཁང་དུ་གནས་མལ་བསྲུང་བའི་ཕྱིར་མཆིས་ལྷམ་འཆང་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད ་ཉི་ཤུ་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ། ། ། !།། སྡོམ་ནི། དཔུང་པར་པོ་ལ་མིག་བྱུང་བ་དང་།། སྨད་འཚོང་མ་ཡི་དགེ་སློང་དང་།། དགེ་སློང་མ་དང ་དགེ་སློབ་མ། ། དགེ་ཚུལ་མ་ཡི་མཉེ་མི་བྱ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོའི་དཔུང་པར་བོལ་མིག་བྱུང་ནས། དེ་སྨན་པས་བཅིངས་ཏེ་དེ ་ལྟར་བཅིངས་ཟིན་པ་དང་དེའི་འོག་ཏུ་འདི་སྐད་ཅེས། བཞིན་བཟངས་བཅིང་བ་ཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ།། ལྷོད་པར་བྱས་པ་ལས། ཧ་ཅང་ལྷོད་ཆེས་སོ་ཞེས ་དེ་ལྟར་འཆིང་དུ་འཇུག་ཅིང་འགྲོལ་དུ་འཇུག་པ་དང་། དེ་ནས་སྨན་པ་དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་འོན་ཀྱང་མ་མཐོང་ཡང་བླ། པོལ་མིག་ཀྱང་མ་སོས་སུ་ཟད་མོད་ཅེས་སྨྲས་ནས་སོང་ངོ་།། ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཅིའི་ཕྱིར་ཁྱོད་དེ་ལྟར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་དམ་པ་དང་ལྷོང་པ་ཤེས་མོད་ཀྱི་རེག་པ་ཙམ་རང་གིར་བྱའོ།། དགེ་སློང ་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར་གནས་སྐབས་དེར་ཡང་ཁྱོད་འདོད་ཆགས་ཀྱིས་བློ་སྐྱེས་ན། ཁྱོད་ཤིང་སྐམ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ཀྱིས་རབ་ཏུ་མི་འབར་བ་ངོ་མཚར་ཆེའོ་ཞེས་སྨྲས་པའི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དཔུང་པར་རོལ་མིག་བྱུང་བ་སྐྱེས་པ་ཡང་དང་ཡང་དུ་འཆིང་ཞིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། ་དཔུང་པར་ཕོལ་མིག་བྱུང་བྱུང་བ་ཞེས་བྱ་བ་ནི་རྨ་ཞིག་གོ།། ཡང་དང་ཡང་དུ་ཞེས་བྱ་བ་ནི་ལན་དུ་མར་རོ།། སྐྱེས་པས་འཆིང་ཞིང་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་ཁྱིམ་པས་སོ།། ལྟུང་བྱེད་དོ། ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྨ་བྱུང་བ་སྐྱེས་པ་འཆིང་དུ་འཇུག་གམ་འགྲོལ་དུ་འཇུག་ན་ཐམས་ཅད་དུ་སྲུང་བྱེད་དུ ་འགྱུར་རོ། ། གལ་ཏེ་རྨ་ཉིད་ཡིན་ཏེ། བུ་འམ། མིང་པོ་འམ། བའི་དྲན་པ་བཞག་སྟེ་འཆིང་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་དང་པོ་རྫོགས་སོ།། གླེང་གཞི་ནི་མཉན ་ཡོད་ནའོ། ། དེ་ནས་སྦོམ་དགའ་མོས་བུད་མེད་སྨད་འཚོང་མ་ཞིག་རབ་ཏུ་ཕྱུང་ངོ་།། དེ་ནས་གཡོན་ཅན་དང་། ནལ་ཕྲུག་དང་། བརྒྱན་པོ་དག་སྨད་འཚོང་མ་དེ་ཚོལ་བ་ན། དེ་དག་གིས་སྦོམ་དགའ་མོས ་རབ་ཏུ་ཕྱུང་ངོ་ཞེས་ཐོས་ནས། དེ་དག་གི་བློ་སྐྱེས་པ། ད་ནི་ལེགས་པ་ཞིག་བྱས་ཀྱིས། བདག་ཅག་གིས་དེའི་ཟན་དང་གོས་སྦྱིན་མི་དགོས་ཏེ། དེ་ལྟ་མོད་ཀྱི་དགའ་དགུར་ནི་སྤྱད་པར་བྱའོ་སྙམས ་ནས། དེ་དག་གནས་དེར་དོང་ཞིང་ཆ་མ་ཡིན་པའི་ཚིག་དག་འབྱིན་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་སྤང་འཚོང་མ་རབ་ཏུ་འབྱིན་ན་སྲུང ་བྱེད་དོ། ། ཡང་དགེ་སློང་གང་ཞེས་བྱ་བ་ནི་སྦོམ་དགའ་སོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ་གཞན་གྱིས་སྤྲས་པར་གྱུར་པའོ།། བུད་མེད་སྨད་འཚོང་མ་ཞེས་བྱ་བ་ནི་ཀུན་གྱིས ་སྤྱད་པར་བྱ་བའོ། ། རབ་ཏུ་འབྱིན་ནགས་བྱ་བན་ཆོས་འདུས་པ་འད་ལར།། ལུང་བྱེད་ན་ནས་བྱ་བན་ས་མཚན་ནན། དེ་ལ་ལྟུང་བར་དྲི་ལྟར་འགྱུར་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སླད་འཚོང་མ་རབ་ཏུ་འབྱིན་ན་ཐམས་ཅད་ལྟུང་བྱེད་དུ་འགྱུརརོ།། གལ་ཏེ་ཡུལ་གཞན་དུ་བཀར་ནས་རབ་ཏུ་འབྱིན་མ་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་ལྔ་རའི་གཉིས ་པ་རྫོགས་སོ། ། གླེང་གཞིན་མཉན་ཡོད་ནའོ།། དེ་ནས་དྲིམ་དགའ་མོས་རང་ལ་དགེ་སློང་མ་དག་མཉེད་དུ་བཅུག་པ་དང་། དེ་ལ་དགེ་སློང་མ་དག་གིས་སྨྲས་པ། དུར་ཁྲོད ་བསྟེན་པ་འདི་མཉེས་ཏེ་ཅི་ཞིག་བྱ། དེས་འདི་སྐད་ཅེས་པགས་པའི་མདོག་འདི་འཆེར་ཞིང་གསལ་བར་བྱས་དང་། བརྒྱན་པོ་པ་དང་ནལ་ཕྲུག་རྣམས་ཀྱིས་སྙིང་འགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ ་སྦས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་རང་ལ་དགེ་སློང་མ་དག་མཉིད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། རང་ལ་མཉེད་དུ་འཇུག་ན ་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་མཉེད་དུ་འཇུག་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཅི་ཤུ་ལྔ་པའི་གསུམ་པ་རྫོགས་སོ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སློབ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས་ང་མ ་མདག་གིས་མཉ་བར་མི་བྱའོ་གས་གསུངས་པས། མལ་བདག་གིས་དགེ་སློབ་མ་མཉེར་དུ་གཞུག་གོ་སྙམ་ནས། དེས་རང་ལ་དགེ་སློབ་མ་མཉེད་དུ་བཅུག་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐ ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློབ་མ་མཉེད་དུ ་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློབ་མ་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལ་དགེ་སློབ་མར་འགྱུར་བའི་བསླབ་པ་ལ་སློབ་པར་འགྱུར་བའོ།། རང་ལ ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་དགེ ་སློབ་མ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་ལྔ་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གཞོན་ནུ་མ་ལ་ཡང་རྒྱས ་པར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རང་ལ་གཞོན་ནུ་མ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ ་ནི་སྒྲོམ་དགའ་རའོ། ། གཞོན་ནུ་མ་ཞེས་བྱ་བ་ནི་དགེ་ཚུལ་ལའོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ན།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་དགེ་ཚུལ་མ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་ཚིགས་སུ་ཅད་པའི། ་སྡོམ་རྫོགས་སོ།། སྡོམ་ནི། ཁྱིམ་པ་མོ་ཡང་མཉེར་མི་གཞུག། ཀུན་ཏུ་རྒྱུ་མོའང་དེ་བཞིན་ནོ།། དྲི་དང་ཏིལ་གྱི་ཚིགས་མ་དང་། གནིག་ངའི་རྫས་ཀྱིས་འཕྱི་བའོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས་གཞོན་ནུ་མའི་བར་གྱིས་མཉེད་དུ་གཞུག་པ་བཀག་གིས་ན་མ་ལ་བདག་གིས་ཁྱིམ་པ་མོ་མཉེད་དུ་གཞུག ་གོ་སྙམ་ནས། དེས་ཁྱིམ་པ་མོ་མཉེད་དུ་བཅུག་པ་དང་ཞེས་བྱ་བ་ནས། སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་ཁྱིམ་པ་མོ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ ་མོ་ཞེས་བྱ་བ་ནི་ཁྱིམ་ནི་གནས་པའོ། ། མཉན་དུ་འཇུག་ན་ཞེས་བྱ་བ་ནི་སུ་མཉེ་བྱེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པ་མོ་མཉེན་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ནད་པ་སྦྱོར་མི་བཟོད་པའམ། མ་འམ། བུ་འམ། བུ་མོ་འམ། མིང་པོས་མཉེད་ན་ལྟུང་བ་མེད་དོ།། ་ལྟུང་བྱེད་ཉི་ཤུ་དྲུག་པའི་དང་པོ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་ཀུན་ཏུ་རྒྱུ་མོ་ལ་ཡང་རྒྱས་པར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་ལ་ཀུན་ཏུ་རྒྱུ་མོ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྤོས་དགའ་མོའོ།། ཀུན་ཏུ་རྒྱུ་མོ་ཞེས་བྱ་བནི ་གྲངས་ཅན་གྱི་རབ་ཏུ་བྱུང་བའོ། ། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི། ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི།། གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་ཀུན་རྒྱུ་མོ་མི་ཉིད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་སུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་དྲུག་པའི་གཉིས་པ་རྫོགས་སོ།། གླེང་གཞིན་མཉན ་ཡོང་མའོ། ། དེ་ནས་སྒྲོམ་དགའ་མོ་ཛེས་སྤྱད་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་པ་འདི་ཅི་བྱ། དེས་འདི་སྐད་ཅེས་སྨྲས་སོ།། ལུས་དྲི་ཞིམ་པར་བྱའོ།། དེ་དག་གིས་འདི་སྐད ་ཅེས་སྨྲས་སོ། ། རང་བཞིན་གྱིས་དྲིམ་ནིམ་པའི་ལུས་འདི་ཁྱོད་དུའི་ཆེད་དུ་བྲིའོམ་པར་བྱེད་ཅེས་བྱ་བ་ནས། འདོད་ཆགས་ཅན་གྱིས་མཐོང་ན་འདོད་ཆགས་ཀྱིས་གས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྨྲས་པའི་སྐབས་དེ་ས ་ལོང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དྲིས་སྐུད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དྲིས་སྐུད་ན་ཞེས་བྱ་བ་ནི་ཙན་དན་དང་། རུ་རུ་ཀ་ལ་སོགས་ཏེ་དྲི་ཞིམ་པོས་སོ།། སྐུད་ན་ཞེས ་བྱ་བ་ནི་རང་ངམ་གཞན་སྐུད་དུ་འཇུག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དྲིས་སྐུད་དམ་སྐུད་དུ ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་དྲུག་པའི་གསུམ་པ་རྫོགས་སོ།། @།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲིས་སྐུད ་བྱ་བཀག་པ་དང་ཞེས་བྱ་བ་ནས། དེ་བཞིན་དུ་ཏིལ་གྱིས་ཚོག་སེམས་འཕྱི་བ་ལ་ཡང་བརྗོད་པར་བྱསྟེ་ཞེས་བྱ་བ་ནས།། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཏིལ་བྱ ་ཚིགས་མས་འཕྱིར་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཏིལ་གྱི་ཚིགས་མས་འཕྱེ་བར་བྱེད་ན་ཐམས་ཅད་དུ་ཞེས་བྱ་བ་ནི།། ཏིལ་མར་ཕྱུང་བའི་ཚོགས ་མས་ལུས་འབྱིར་འདུག་ནའོ། ། ལྟུང་བྱེད་དོ་ནས་བྱ་ནི་གངམ་བཞིན་ན། དེ་ལ་ལྟུང་བར་ཇི་ལར་འགྱུར་ན་ན། དགེ་སློང་མས་ཇི་ཙ་ཅུང་བ་ཏིལ་གྱི་ཚིགས་མས་འཕྱིར་འཇུག་ན་ཐམས་ཅད ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་གུ་དྲུག་པ་བཞི་པ་རྫོགས་སོ།། ། གླེང་གཞིན་མཉན་ཡོད་ནག།། དེ་ནས་བཅུ་གཉིས་སྡེ་དག་གནིག་པའི་རྫས་ཀྱིས་ལུས་དྲི་མ་འཕྱི་བ་ན་ཅི། ་ཉེས་དམིགས་སུ་གྱུར་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་བ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པའི་རྫས་ཀྱིས་འཕྱིར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། གཅིག་པ ་རྫས་ཞེས་བྱ་བ་ནི་ལུས་ཀྱི་དྲི་མ་འཕྱི་ཞིང་གཅིག་པར་བྱེད་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གནིག་པ ་ཀྱིས་ཕྱིར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། ། བམ་པོ་ཉི་ཤུ་བདུན་པ།། ། སྡོམས ་སྐབས་མ་ཕྱེ་བ་དྲི་བ་དང་། ། ཁྱིམ་པའི་རྒྱན་ནི་ཐོགས་པ་དང་།། སྤྲུལ་ཅིང་ཁྲུས་ནི་བྱེད་པ་དང་།། གར་དང་གླུ་དང་རོལ་མོ་མིན། གླེང་གཞིན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་དུ ་སོང་ནས། དགེ་སློང་ལ་སྐབས་མ་ཕྱེ་བར་དྲི་བ་དྲིས་པ་དང་། དགེ་སློང་དེས་དྲིས་པ་དེ་དཀྲོལ་བར་མ་ནུས་ནས། ཞུམ་ཞུམ་པོར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ ་@ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ནས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་ལ་སྐབས་མ་བྱེ་ཇིབ ་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་ལ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོ་ལའོ།། སྐབས་མ་ཕྱེ་བར་ཞེས་བྱ་བ་ནི་གསོལ་བ་མ་བྱས་པར་རོ།། དྲི་བ་འདྲི་ན་ཞེས་བྱ་བ་ནི་སངས ་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་ལ་སྐབས ་མ་ཕྱེ་བར་དྲི་བ་འདྲིན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་སྔ་དྲོ ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཕྱུག་པོ་ཞིག་གི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་པ་དང་ཀ་དེ་དག་ལུགས་ཀྱིས་རྒྱན་གྱི་སྣོད་སྤྲོག་མ་དག་ཏུ་རྒྱན་རྣམས་བཞག་ནས་སྐྲའི་བྱི་དོར་བྱེད་པ ་ཡིན་པས། དེ་ནས་བླ་མི་དགའ་མོས་མགུལ་གདུབ་དང་། གདུགུ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་པ་མཐོང་ནས་བླངས་ཏེ་ཐོགས་པ་དང་། བུད་མེད་དེ་དག་གིས་སྨྲས་པ། འཕགས་མ་འདི་ནི་མཛད། ་དེས་འདི་སྐད་ཅེས་སྨྲས་སོ།། ཁ་མོའི་ལུས་རྒྱན་གྱིས་མཛེས་སམ་ཅི་བལྟ་མོད། དེ་དག་གིས་སྨྲས་པ། མགོ་རེག་ཚུལ་གཞན་དུ་ཁས་བླངས་པ། ཁྱོད་ལ་མཛེས་སུ་ཙ་ཡོད་ཅེས་བུད་མེད་དེ་དག ་དེ་ལྟར་འཟེར་བར་བྱེད་པའི་སྐབས་དེ་དག་སློང་ས་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བའང་རང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པའི་རྒྱན་ཐོགས་མལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པའི་རྒྱན་ཅེས་བྱ་བ་ནི་མགུལ་གདུ ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་པའོ།། ཐོགས་ན་ཞེས་བྱ་བ་ནི་བརྒྱན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེ་ན། དགེ་སློང་ཇི་ཙམ་ཅུང་ཟད་ཁྱིམ་པའི་རྒྱན་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་གཉིས་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད ་ནའོ། ། དེ་ནས་བཅུ་གཉིས་སྡེ་དག་མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་ལག་པ་སྦྲེལ་ནས།། འབབ་ཆུ་ཨ་ཛི་ར་བ་ཏིར་ལུས་ཁྲུས་བྱེད་པ་ན། དེ་དག་གཅིག་མཛུབ་མོས ་འཛུགས་ཤིང་དེ་དག་དགའ་བར་བྱེད། དགའ་བར་བྱེད་དུ་འཇུག། རྩེ་བར་བྱེད། རྩེར་འཇུག་པར་བྱེད་ཅིང་།། རྒོད་པ་དང་། འཕྱར་གཡེང་དང་། ལུས་ཀྱིས་རྩ་བ་ཧྲལ་བྱེད་པ་ཉེ་བར་སྟོན་པ་ན། དོན་ཉུང་བའི་དགེ ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ལག་པ་སྦྲེལ་ནས་ཁྲུས་བྱེང་ན་ལྟུང་བྱེད་དོ།། ཡང་གང་ཤེས་བྱ་བ་ནཱི་ཅུ་གཉིས་སྡེ་དགག། ལག་པ་སྒྲིལ་ནས་ཤེས་བྱ་བ་ནིསག་པ་སྒྲ ་ཏེའོ། ། ཁྲུས་བྱེད་ན་ཞེས་བྱ་བ་ལ་ཁྲུས་ནི་གཉིས་ཏེ། དབང་བསྐུར་བའི་ཁྲུས་པཾ་དང་། འཇུག་པའི་ཁྲུས་ལ་དོན་འདི་ལ་ནི་འཇུག་པའི་ཁྲུས་ལ་བྱ་བར་དགོངས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དྲི་ཙམ་ཅ་དུ་བང་འཇུག་པ་འི་ཟླས་ལ་ལག་པ་སྣརེལ་ནས་སུ་ས་ཁྲུས་བྱེད་ན་ཐམས་ཅད་དུ་སྙིང་བྱེད་དུ་འགྱུར་རོ།། ལྟུང་བྱུ ་བདུན་པའི་གསུམ་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་དགའ་སྡེའི་ཚོགས་གཉིས་པ་གཅིག་ནི་རྒྱལ་རིགས་ཀྱིས་དགའ་སྡེའོ།། ཅིག ་ཤོས་ནི་བྲམ་ཟེའི་དགའ་སྡེའོ། ། དེ་ལ་རྒྱལ་རིགས་ཀྱི་དགའ་སྡེ་ནི་གཡུལ་ལ་བྱང་བ་ཡིན་ནོ།། བྲམ་ཟེའི་དགའ་སྡེ་ནི་གར་ལ་བྱང་བ་ཡིན་ནོ།། གང་གི་ཚེ་དགའ་སྡེའི་ཚོགས་གཉིས་ལས་གཡུལ ་འགྱེད་པས། འགྲན་པ་དེའི་ཚེ་ནི་རྒྱལ་རིགས་ཀྱི་དགའ་སྡེ་རྒྱལ་བར་འགྱུར། གང་གི་ཚེ་གར་གྱི་ཚེ་ནི་བྲམ་ཟེའི་དགའ་སྡེ་རྒྱལ་བར་འགྱུར་རོ།། དེ་ནས་རྒྱལ་རིགས་ཀྱི་དགའ་སྡེ་རྣམས་འདི་སྙམ་དུ ་སེམས་ཏེ། བདག་ཅག་གིས་སུ་ཞིག་ལ་གར་བསླབ་སྙམ་པ་ལས། དེ་དག་འདི་སྙམ་དུ་སེམས་ཏེ། འཕགས་མ་སྦོམ་དགའ་མོ་འདི་ནི་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་བཟོའི་གནས་ཐམས ་ཅད་དང་། ལས་ཀྱིས་གནས་ཐམས་ཅད་ལ་བྱང་བ་ཡིན་ནོ་སྙམ་དུ་བསམས་ནས། སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ ་ཁྱོད་ཀར་ལ་བྱང་བ་ཅུང་ཟད་མངའ་འམ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་ལས་ཀྱི་གནས་གང་ལམ་བྱང་བ་དེ་གང་ཞིག་ཡོད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་རེ་ཞིག་བདག་ཅག་གིས་གར་བཅའ་བ་གདོན་གྱིས། བདག་ཅག་ལ་གར་སློབས་ཤིག། དེས་སྨྲས་པ། འདི་ལྟར་ལག་པ་སྒྱུར་ཅིག། འདི་ལྟར་རྐེད་པ་སྒྱུར་ཅིག། འདི་ལྟར་རྐང་པ་ཞོག་ཅིག་ཅེས ་བྱ་བ་ནས། རྒྱལ་རིགས་ཀྱི་དགའ་སྡེ་རྣམས་གར་སློབ་ཏུ་བཅུག་ཞེས་བྱ་བའི་བར་རོ།། དེ་ནས་རྒྱལ་རིགས་ཀྱི་དགའ་སྡེ་དེ་དག་གིས། བྲམ་ཟེའི་དགའ་སྡེ་རྣམས་གར་གྱིས་ཕམ་པར་བྱས་སོ།། དེ་ནས ་བྲམ་ཟེའི་དགའ་སྡེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཅག་སུས་བསླབས། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོས་སོ་ཞེས་སྨྲས་པ་ན། དེ་དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱིས་དགེ ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་ཀར་ཡང་སློབ་ཏུ་འཇུག་གོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་སློབ་ཏུ ་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གར་ཞེས་བྱ་བ་ནི་ལག་པ་དང་རྐང་པ་སྦྱར་བའོ།། སློབ་ཏུ་འཇུག་ན་ཞེས་བྱ་བ་ནི་སྟོན་པ ་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་སློབ་ཏུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལྷུལྟུང་བྱེད་ཉི་ཤུ་བདུན་པའི་བཞི་པ་རྫོགས་སོ།། ། གླེང་གཞི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གར་སློབ་ཏུ་གཞུག་པར་མི་བྱའོ་ཞེས་དགག་པར་མཛད་པ་དང་། ་དེའི་འོག་ཏུ་སྦོམ་དགའ་མོ་དགའ་སྡེའི་དྲུང་དུ་སོང་ནས་གར་སྟོན་པར་བྱེད་དོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་གར་སྟོན་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དེ་བཞིན་དུ་གར་སྟོན་ན་ཞེས་བྱ་བ་ནི་ཉེ་བར་སྟོན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་སྟོན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་ལྔ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ ་བཞིན་དུ་ཀར་ལ་ལྟར་འགྲོ་བའི་བར་དུ་བྱ་སྟེ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། ཡང ་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ། ། གར་ལ་ལྟར་འགྲོན་ཞེས་བྱ་བ་ནི་ལྗང་མོ་འདོད་དེ་འགྲོནའོ།། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ངན ་སློང་མས་ཇི་ཙམ་ཅུང་ཟད་ཀར་ལ་ལྟར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་དྲུག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང ་གི་གིཚེ་དགའ་སྡེ་གཉིས་ལས་བླངས་ནས། དེ་ནས་བྲམ་ཟེའི་དགའ་སྡེ་རྣམས་ཀླུའི་ཆེད་དུ་སྦོམ་དགའ་མོ་གང་ན་བ་དེར་དོང་སྟེ་ཞེས་བྱ་བ་ནས། འཕགས་མ་བདག་ཅག་ལ་ཡང་གླུ་སློབས་ཤིག་ཅེས་བྱ་བའི ་བར་རོ། ། དེས་ཡང་དྲུག་ལྡན་དང་ཞེས་བྱ་བ་ནས། ཤེས་གསལ་ཞེས་བྱ་བ་དང་། ཀེའུ་ཤི་ཀེ་ཞེས་བྱ་བ་དང་། ས་འཛིན་པ་དག་གི་བར་དེ་ལྟ་བུ་རོལ་མོའི་དབྱངས་བདུན་རྒྱས་པར་བསླབས་པ་དང་ཞེས་བྱ ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་གླུ་སློབ་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གླུ་ཞེས་བྱ ་བ་ནི་ཁར་འབྱིན་པའོ། ། སློབ་ཏུ་འཇུག་ན་ཞེས་བྱ་བ་ནི་སྟོན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་གླུ་སློབ་ཏུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་གྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་བདུན་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གླུ་སྟོན་པ ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གྲུ་སྟོན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ། ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་བརྒྱད་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གླུ་ལ་ལྟར ་འགྲོ་བ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གྲུལ་ལྟར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོར། ་ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་དགུ་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ་ཞེས་བྱ་བ་ནས། རྒྱལ་རིགས ་ཀྱི་དགའ་སྡེ་དག་རོལ་མོའི་ཆེད་དུ་སྦོམ་དགའ་མོ་གངན་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་ཅག་ལ་རོལ་མོ་དག་སློབས་ཤིག། དེས་པི་ཝང་དང་། གླིང་བུ་དང་། ་རྗེ་དང་། པི་ཝང་རྒྱུད་གཅིག་པ་དང་། འབབ་བྷི་ས་ཀེ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། ཤིན་ཏུ་དབྱངས་སྟན་ལ་སོགས་པ་དབྱངས་བདུན་པོ་དག་བསླབས་ནས་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རོལ་མོ་སློབ་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སློབ་ཏུ་འཇུག་ན ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་དང་ལྡན་པའི་སྐུ་ལའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟང་རོལ་མ ་སློབ་ཏུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་བཅུ་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་རོལ་མོ་སྟོན་པ་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རོལ་མོ་སྟོན་ན་ལྟུང་བྱེད་དེ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི ་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་མཐུན་པར་བྱའོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་བཅུ་གཅིག་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་རོལ་མོ་ལ་ལྟར་འགྲོ་བ ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རོལ་མོ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ།། ་ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། །། སྡོམ་ནི། དགེ་སློང་བཅས ་པའི་གནས་དག་ནས། ། འབའ་ཞིག་བཤང་བར་འགྲོ་མི་བྱ།། པུ་ཤེལ་ཅི་དང་སོ་མངས་དང་།། རྩཝ་ཐུམ་སྐྲ་བརྙན་བཅང་མི་བྱ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག། ་དགའ་མོས་སྐྱེས་པ་ཞིག་ལ་འདི་སྐད་ཚུར་ཤོག་འདི་དང་འདི་དག་བྱའོ་ཞེས་སྨྲས་ཏེ། ཇི་ཙམ་ན་དབྱར་ཁང་དུ་ཤོག་ཅིག་པའི་བརྡ་བྱས་སོ།། དེ་ནས་སྐྱེས་པ་དེ་ནུབ་མོ ་དབྱར་ཁང་དུ་འོངས་པ་དང་། དེས་དེ་ཆབ་ཀུང་སར་བཞག་ནས་བྱ་བ་མང་པོ་དང་བསྒྲུབ་པ་མང་པོ་གང་ཡིན་པ་དེ་དག་བྱས་ནས། ཆབ་ཀུང་སར་སོང་སྟེ་སོན་ནས། སྐྱེས་པ་དེ་ལ་འདི་སྐད ་ཅེས་སྨྲས་སོ། ། གནས་འདི་ནི་མི་གཙང་གིས་གནས་གཞན་དུ་འདོང་ངོ་།། དེས་འདི་སྐད་ཅེས་སྨྲས་སོ།། གང་དུ། གཙུག་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཁྱོད་ཀྱིས་ཁྱིམ་དུའོ།། ་དེ་ནས་སྐྱེས་པ་དེས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་འདོད། གཙུག་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཀྱེ་རེ་ཞིག་ཁོ་མོའི་ཕྲག་པ་ལ་ཞོན་ཅིག་ཅེས། དེས་སྐྱེས་པ་དེ་ཕྲག་པ་ལ་བགོན་པ་དང་། ་དེ་ནས་གཙུག་དགའ་མོ་འདི་སྙམ་དུ་སེམས་ཏེ། བདག་དགེ་སློང་མ་རྣམས་ཀྱི་སྣ་ལ་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཚུལ་ཁྲིམས་ཙམ་གྱི་ཡིན་ན། གལ་ཏེ་བདག་དགེ་སློང་མའི ་དངོས་པོ་ཞིག་པར་གྱུར་ན། བདག་གིས་ཚིག་ཙམ་ཡང་སྨྲ་བར་ག་ལ་ནུས་ཏེ་ཇི་སྐད་དུ། གཙང་མས་འཇིག་རྟེན་ཟིལ་གནོན་ཏེ། བཅོག་པས་འཇིག་རྟེན་ཟིལ་མི་གནོན། ཅེས་ཟེར་བ་ལྟ ་ཟའོ་སྙམ་དུ་བསམས་ནས། གཙུག་དགའ་མོས་ཁྲོས་ཏེ་འཕགས་མཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲས་པ་དང་། སྐྱེས་པ་དེས་ཕྲག་པ་ལས་ས་ལ་མཆོངས་ཏེ་འདི་སྐད་ཅེས། མགོ་རེག་མོ ་ངན་པར་རང་གིས་བརྡ་བྱས་ལ། འདི་སྐད་ཅེས་ཆོམ་རྐུན་པས་ཟིང་ངོ་ཞེས་སྨྲའམ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལགསས ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་ཆབ་ཀུང་སར་འགྲོ་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་ཤོས་མེད་པར་རོ།། ཆབ་ཀུང་སར་འགྲོ་ན་ཞེས་བྱ་བ་ནི་བཤང་བའི་སར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཅིག་པུ་ཆབ་ཁུང་སར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་དང ་པོའོ། ། གྲེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་བུ་ཤེལ་ཙེའི་སྐྲ་འཆོས་ཤིང་མཉམ་པར་འཆད་པ་ན། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་ཕུ་ནུ་མོ་དག་འདི་ཅི་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྐ་མ་འཛིངས་པར་སྐྱེད་མོད། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། ཁྱེད་ཅག་དེ་ལྟར་བྱེད་པ་ནི་སྒྲ་མ་ཡིན་གྱི། ཉོན་མོངས་པ་སྐྱེད ་དོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་སྣང་གས་རྒྱས་སུ་བྱུ་དང་བྱེད་ན་སྲུང་བྱེ་ཡང་གང་ཤེས་བྱ་ན་ན་ག་ས་། རྣས་ས་ན ་བས་སོ། ། སྒྲའི་བྱི་དོར་བྱེད་ན་ཞེས་བྱ་བ་ནི་མགོ་སྡེ་འཆོས་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་པུ་ཤེལ་ཅིས་སླའི་བྱི་དོར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བརྒྱད་པའི་གཉིས་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན ་འདས་ཀྱིས་པུ་ཤེལ་ཅིས་སྒྲའི་བྱི་དོར་མི་བྱའོ་ཞེས་དགག་པ་མཛད་པ་དེའི་ཚེ། སོ་མངས་ཀྱིས་བྱི་དོར་བྱེད་པ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ ་སློང་མ་གང་སོ་མངས་ཀྱིས་སྒྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། སོ་མངས་ཀྱིས་ཞེས་བྱ་བ་ནི་སོ་མངས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་གསུམ་པའོ།། །། གླེང ་གཞི་ནི་མཉན་ཡོད་ནའོ། ། ཡང་རྩཝའི་ཐུམ་པོས་སྒྲའི་བྱི་དོར་བྱེད་པ་དང་ཞེས་བྱ་བའི་བར་གྱིས་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་རྩཝའི་ཐུམ་པོས་སྒྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ ་གཉིས་སྡེ་དག་གོ། རྩཝའི་ཐུམ་པོས་ཞེས་བྱ་བ་ནི་སྡོང་བུ་གཤིངས་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བའི་བར་གོང ་ནས་འབྱུང་བ་བཞིན་ནོ། ། ལྟུང་བྱེད་ཉི་ཤུ་བརྒྱད་པའི་བཞི་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ཡང་སོ་མངས་དང་རྩཝའི་ཐུམ་པོས་སྒྲའི་བྱི་དོར་བྱེད་པའི་བར་དུ་བྱ་སྟེ་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་སོ་མངས་དང་རྩཝའི་ཐུམ་པོས་སྒྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི ་བཅུ་གཉིས་སྡེ་དག་གོ། ། སོ་མངས་དང་རྩཝའི་ཐུམ་པོས་ཞེས་བྱ་བ་ནི་གཉིས་ཀས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བའི་བར ་གོང་ནས་འབྱུང་བ་བཞིན་ནོ། ། ལྟུང་བྱེད་ཉི་ཤུ་བརྒྱད་པའི་ལྔ་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་བྱས་སོ་ཅོག ་ཐམས་ཅད་ནི་ཕུལ་ཕྱིན་པར་བྱས་ཀྱིས། མ་ལ་རེ་ཞིག་བདག་གིས་སྒྲ་བརྙན་ཡང་ཐོགས་པར་བྱའོ་སྙམ་དུ་བསམས་ནས། རོལ་མོ་མཁན་གྱི་རྒྱན་དང་། རོལ་མོ་མཁན་གྱི་གོས་དང་། རོལ་མེ ་མཁན་གྱི་ལྷམ་ཟུང་གཅིག་བརྙས། གར་མཁན་ཞིག་ལས་སྒྲ་བརྙན་བསྙེས་ཏེ། དེ་ནས་སྦོམ་དགའ་མོས་རྒྱན་ཐམས་ཅད་བགོས་ནས་སྨད་འཚོང་མ་ཡོད་པའི་རྟགས་བཙུགས ་ཏེ་གནས་ཅིག་ཏུ་བསྡད་པ་དང་། དེ་ནས་སྐྱེས་པ་ཞིག་འོངས་ནས་དེས་དྲིས་པ། ཉི་མ་གཅིག་ལ་གླ་ཅི་ཙམ། དེས་འདི་སྐད་ཅེས་སྨྲས་ཏེ་ཀར་ཤ་པ་ཎ་ལྔ་བརྒྱའོ།། སྐྱེས་པ་དེས་འདི་སྐད་ཅེས་སྨྲས ་སོ། ། ཧ་ཅང་མང་ཆིས་སོ།། དེས་འདི་སྐད་ཅེས། རེ་ཞིག་གཟུགས་བཟང་བ་ལས་ལྟོས་ཤིག། གང་གི་ཚེ་བྱེད་ཚུལ་དག་མཐོང་ནས་མགུ་བར་གྱུར་ན། ལྷག་པར་གཞལ་དགོས་པའི་གནས་འདི ་ཡོད་ཅེས་སྨྲས་པ་དང་། དེ་ནས་སྐྱེས་པ་དེས་ཀར་ཤ་པ་ཎ་ལྔ་བརྒྱ་བྱིན་ནའོ།། དེས་སྨྲས་པ། ནང་དུ་ཞུགས་ཤིག། དེ་ནས་སྦོམ་དགའ་མོས་བསམས་པ། བདག་དགེ་སློང་མའི་སྣ་ལ་འགྲོ་བ ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཡིན་ན། གལ་ཏེ་བདག་དགེ་སློང་མའི་དངོས་པོ་ཞིག་ན་ཚུལ་ཁྲིམས་རལ་པ་ཡིན་ནོ་ཞེས་བྱ་བ་ནས། སྣོད་ཆག་པ་ཇི་ལྟ་བ ་བཞིན་དུ་བདག་ལ་སུ་ཞིག་འདྲི་བར་འགྱུར་སྙམ་དུ་བསམས་ནས། སྦོམ་དགའ་མོས་རོལ་མོ་མཁན་གྱི་རྒྱན་ཕུད་ནས་བྲོས་སོ།། སྐྱེས་པ་དེས་ཀྱང་འཕྲིགས་ནས་སྦོམ་དགའ་མོ་གང་ན་བ་དེར་བརྒྱུགས ་ཏེ། དེས་སྐྲ་བརྙན་ནས་བཟུང་བ་དང་སྐྲ་བརྙན་བུད་ནས། སྒྲ་བརྙན་དེ་ཡང་སྐྱེས་པའི་ལག་ཏུ་འོངས་ནས་འདི་སྐད་ཅེས། མགོ་རེག་མོ་ངན་པ་མོ་ཞེས་སྨྲས་སོ།། དེ་ནས་སྦོམ་དགའ་མོས། སྐྱེས་པ ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། བུ་ཟན་མོའི་བུ་རྒྱལ་པོ་གསལ་རྒྱལ་གྱིས། དགེ་སློང་མ་རྣམས་བཙུན་མོའི་ཐབས་སུ་གནང་བར་ཁྱོད་ཀྱིས་མི་ཤེས་སམ། གལ་ཏེ་ཁོ་མོ་ལ་ལག་པས་རེག་པར་གྱུར་ན། ་ལག་པ་ཁྲིག་མའི་དྲུང་དུ་གཅོད་དུ་གཞུག་གོ།། དེས་འདི་སྐད་ཅེས་མགོ་རེག་མོ་ངན་པ་མོ་ཁྱོད་འདྲ་བ་ནི་གནང་བ་མ་ཡིན་ཏེ། གནང་བ་ནི་སྐྱེ་དགུའི་བདག་མོ་ཆེན་མོ་དང་། གོའུ་ཏ་མི་སྐེམ་མོ་དང་། ་ཨུཏྤ་ལའི་མདོག་དང་། ཆོས་སྦྱིན་དང་། བཟང་ལྡན་མ་དང་། སེར་སྐྱ་མོ་དག་ཡིན་གྱི། མགོ་རེག་མོ་ཁྱོད་འདྲ་བ་ནི་མ་ཡིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབ ་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་སྨྲ ་བརྙན་ཐོགས་ན་ལྟུང་བྱེད་དེ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྒྲ་བརྙན་ཐོགས་ན་ཞེས་བྱ་བ་ནི་གར་མཁན་གྱི་སྒྲ་བརྙན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྒྲ་བརྙན་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་ཚིགས་སུ་བཅད ་པའི་སྡོམ་རྫོགས་སོ། ། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། ལྟུང་བྱེད་རྣམས་རྫོགས་སོ།། ། ད་ནི་སོ་སོར་བཤགས ་པར་བྱ་བ་རྣམས་སྨྲ་བར་བྱ་སྟེ། དེ་ལ་སོ་སོར་བཤགས་པར་བྱ་བ་རྣམས་ཀྱི་སྡོམ་གྱི་ཚོགས་སུ་བཅད་པ་ནི་འདི་ཡིན་ཏེ། སྡོམ་ལ། འོ་མ་ཞོ་དང་མར་དང་ནི། ་ཐུན་མར་འབྲུ་མར་ཧྭགས་དག་དང་།། སྦྲང་རྩི་ཉ་ཤ་ཤ་དག་དང་།། ཤ་སྐམ་སློབ་པ་བསྐོས་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་དག་བུད་མེད་ཀྱི ་བརྐམ་ཆགས་ཀྱིས། གཞན་གྱི་ཁྱིམ་དག་ནས་འོ་མ་བསླངས་ཤིང་ལོངས་སྤྱོད་པར་བྱེད་དོ།། དེ་དག་འོ་མ་ཚོལ་བའི་རྒྱུས་ལུང་ནོད་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད ་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་ཤོར་བ་དང་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླང་བར་མི་བྱའོ།། ཕྱིས་ཉོ་བར་བྱེད་པ་ན་ཉེས་པ་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོ་བར་མི་བྱའོ།། ཉེ་དུ་དག་ལས་སློང་བ ་ན་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤང་བར་མི་བྱའོ།། ཇི་ཙམ་ན་དགེ་སློང་མ་ནད་པ་ཞིག་ཡོད་པ་དེ་ལ། སྨན་པས་འོ་མ་སྟན་ཅིག་ཅེས་བསྟན་པ ་དང་། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཁོ་མོ་ཤི་ཟིན་ནོ།། སྨན་པས་སྨྲས་པ། ཅིའི་ཕྱིར། དེས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ།། སྨན་པས་སྨྲས་པ། ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས། རྗེས་སུ་གནང་བར་འགྱུར་རོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པས། ་བསྟན་ན་ནད་ཀྱི་སྨན་དུ་ལོངས་སྤྱད་པར་བྱའོ།། དེ་ནས་སྦོམ་དགའ་མོ་ན་ཡང་རུང་མི་ན་ཡང་རུང་། གཞན་གྱི་ཁྱིམ་དག་ནས་འོ་མ་བསླངས་ནས་ལོངས་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་འོ་མ་བསླངས ་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རང་གི་དོན་དུ་ཞེས་བྱ་བ་ནི་རང་གི་ལུས་ཀྱིའོ།། མི་ན་བར་ཞེས་བྱ་བ་ནི ་ནད་ཀྱིས་མ་ཐེབས་པར་རོ། ། ཁྱིམ་དག་ཏུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ།། འོ་མ་ཞེས་བྱ་བ་ལ། འོ་མ་ནི་ལྔ་སྟེ། བའི་འོ་མ་དང་། མ་ཧེའི་འོ་མ་དང་། རྔ་མོའི་འོ་མ་དང་། རའི་འོ ་མ་དང་། ལྔ་པ་ནི་ལུག་གི་འོ་མའོ།། བསླངས་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་ནས་སོ།། འཆའ་འམ་ཟ་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིད་པའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ཡིན་པའི་དགེ ་སློང་མ་དེས་སོ། ། དབྱར་ཁང་དུ་སོང་ནས་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ།། དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་དག་ལའོ།། སོ་སོར་བཤགས་པར་བྱའོ་ཞེས ་བྱ་བ་ནི་མཐོལ་བར་བྱའོ། ། འཕགས་མ་སྨད་པའི་གནས་ཞེས་བྱ་བ་ནི་དགེ་སློང་མས་དེ་བྱ་བ་མ་ཡིན་པའོ།། མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ།། སོ་སོར་བཤགས་པར་བྱ་བ ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་ནི་ངེས་པར་མཐོལ་བའོ།། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་མཐོལ་བར་བྱའོ།། ་དེ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འོ་མ་སློང་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ཐོབ་ན་ཉེས་བྱས་སོ།། ལོངས་སྤྱོད་ན་སོ་སོར་བཤགས་པར་འགྱུར་རོ།། ལས ་དང་པོ་དང་། སྤྲོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེས་པ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་འདུལ་བ་རྣམ་པར་བྱེད་པ་ལས། མི་སོར་བཤགས་པར་བྱ་བ་དང་པོལ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་འོ་མ་དགག་པར་མཛད་པ་དང་། དེ་ནས་ཞོ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་བེར་རང་གི་དོན་དུ་ཁྱིམ་དག་ཏུ་ཞོ་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས ་། འཕགས་མ་སྤང་བའི་གནས་མ་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནསོ་སོར་བཤགས་པར་བྱ་བའི ་ཆོས་ཡིན་ནོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱ་སྟེ། དེར་འོ་མ་ལྔ་ཞེས་འབྱུང་བ་ནི་འདིར་ན ་ལྔ་ཞེས་རྒྱས་པར་བརྗོད་པར་བྱའོ། ། སོ་སོར་བཤགས་པར་བྱ་བ་གཉིས་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་མར་སར་སྤོང་བ་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་མར་སར་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས ་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས ་པར་བྱ་བའི་ཆོས་ཡིན་ནོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། མར་སར་ནི་ལྔའོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་ལྷག་མ་ནི་གོང་མ་ཇི་ལྟ་བ་བཞིན ་དུ་རྗེས་སུ་མཐུན་པར་བྱའོ། ། སོ་སོར་བཤགས་པར་བྱ་བ་གསུམ་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཞུན་མར་སྤོང་བ་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཞུན་མར་བསྲུངས་ནས་འཆའ་འམ་ཟན། དགེ་སློང་མ་དེས ་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། ཀུན་མར་ཞེས་བྱ་བ་ནི་མྱུར་ལྔའོ་ཞེས་བྱ་བའི་བར་རོ།། ལྟུང ་བའི་རིམ་པ་ལྷག་མ་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ། ། སོ་སོར་བཤགས་པར་བྱེ་བ་བཞི་པའོ།། །། གླེང་གཞི་ནི་མཉེན་ཡོད་ནའོ།། དེ་ནས་ཏིལ་མར ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཏིལ་མར་བསླངས་ནས་འཆའ་འམ་པ་ན། དགེ ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས ་བར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། ཏིལ་མར་ཞེས་བྱ་བ་ནི་ཏིལ་འབྲུའི་སྙིང་ཁུའོ་ཞེས ་བྱ་བའི་བར་རོ། ། ལྟུང་བའི་རིམ་པ་ལྷག་མ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་ལྔ་པའོ།། ། གླེང་གཞི་ནི་མཉན ་ཡོད་ནའོ། ། དེ་ནས་བུ་རམ་གྱིས་ལྦུ་བ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་བུ་རམ་གྱི་ལྦུ ་བ་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས ་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། ་རམ་གྱི་ལྦུ་བ་ཞེས་བྱ་བ་ནི་བུ་རམ་གྱིའོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་དྲུག་པའོ།། ། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦྲང་རྩི་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་མིན་པར་རང ་གི་དོན་དུ་ཁྱིམ་དག་ཏུ་སྦྲང་རྩི་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར ་བྱ་བ་བྱང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས ་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའི་འོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། སོ་སོར་བཤགས ་པར་བྱ་བ་བདུན་པའོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཉ་ཤ་དག་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང ་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་ཉ་ཤ་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི ་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང ་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། ཉ་ཤ་ཞེས་བྱ་བ་ནི་ཆུ་ན་རྒྱུ་བ་ལ་སོགས་པའི་འོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། ་སོ་སོར་བཤགས་པར་བྱ་བ་བརྒྱད་པའོ།། །། གླེང་གཞི་ནི་མཉན་ནའོ།། དེ་ནས་ཤ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ་ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཤ་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི ་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆག་སོ་ཞེས་སོ་སོར་བཤག་པར་བྱསྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ ་མོའོ་ཞེས་བྱ་བ་ནས། ཤ་ཞེས་བྱ་བ་ནི་ཕྱུགས་ལ་སོགས་པའི་འོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ ་དགུ་པའོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཤ་སྐམ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཤ་སྐམ་བསླངས་ནས་འཆའ་འམ་ཟན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར ་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ ་དགའ་མོའོ་ཞེས་བྱ་བ་ནས། ཤ་སྐམ་ཞེས་བྱ་བ་ནི་ཤ་སྐམས་པ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ ་བཅུ་པའོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྡེ་དཔོན་སེང་གེས་བདེན་པ་རྣམས་མཐོང་བ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ནས། དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པ་དང་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་དེར་ཞུགས་ནས་བསོད་སྙོམས་བླངས་པ་དང་། དེ་ནས་དེ་དག་ལ ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་ཁྱིམ་དེར་བསླབ་པའི་སྡོམ་པ་མ་བྱིན་ནམ། དེ་དག་གིས་འདི་སྐད་ཅེས། དགེ་སློང་རྣམས་ལ་བྱིན་གྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན ་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། དགེ་སློང་མ་དག་དགེ་འདུན་གྱི་བསླབ་པ་བཅས་པའི་ཁྱིམ་གང་དག་ཡིན་པ་ནི། བསླབ་པའི་སྡོམ་པ་བཅས་པ་ཡིན་ཏེ། ཡང་དགེ་སློང་མ་གང་སློབ་པར་གྲགས ་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དེ་ལྟ་བུ་དག་ཏུ་སྔར་མ་པོས་བཞིན་དུ་སོང་ནས། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས ་དགེ་སློང་མ་རྣམས་ལ། འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས ་པར་བྱ་བའི་ཆོས་ཡིན་ནོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ།། སློབ་པར་གྲགས ་པའི་ཁྱིམ་གང་དག་ཡིན་པ་ཞེས་བྱ་བ་ནི་བདེན་པ་མཐོང་བ་དག་གིའོ། ། བསླབ་པའི་སྡོམ་པ་བཅས་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་སོ།། སྔར་མ་བོས་བཞིན་དུ་ཞེས་བྱ་བ་ནི་མགྲོན་དུ་མ ་གཉེར་བར་རོ། ། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ།། བླངས་ཏེ་འཆའ ་འམ་ཟ་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིད་པའོ། ། དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ཡིན་པའི་དགེ་སློང་མ་དེས་སོ།། དབྱར་ཁང་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ།། དགེ་སློང་མ ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་དག་ལའོ། ། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་མཐོལ་བར་བྱའོ།། འཕགས་མ་སྨད་པའི་གནས་ཞེས་བྱ་བ་ནི་དགེ་སློང་མས་དེ་བྱ་བ་མ་ཡིན་པའོ།། ་མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ།། སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་ནི་ངེས་པར་མཐོལ་བའོ།། ཆོས་འདི་ནི་སོ་སོར་བཤགས ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་མཐོལ་བར་བྱའོ། ། དེ་ལྟ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སློབ་པར་གྲགས་པའི་ཁྱིམ་བསླབ་པའི ་སྡོམ་པ་བཅས་པ་དག་ཏུ་སྔར་མ་པོས་བཞིན་དུ་ཞེས་བྱ་བ་ནས། འཆོས་སམ་ཟོས་ན་ཐམས་ཅད་དུ་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་བར་རོ།། གལ་ཏེ་ཐོག ་མ་ཉིད་ནས་བོས་པ་འམ། བསླབ་པའི་སྡོམ་པ་བག་ཡངས་སུ་གནང་བ་བྱིན་པ་ལ་ནི་ལྟུང་བ་མེད་དོ།། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པ་རྫོགས་སོ།། ། དགེ ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ།། །། ད་ནི་བསླབ་པ་རྣམས་སྨྲ་བར་བྱ་སྟེ། དེ་ལ་བསླབ་པ་རྣམས་ཀྱི ་སྡོམ་གྱི་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ། སྡོམ་ལ། ཆོས་གོས་ལེགས་བགོ་མགོ་མི་གཡོག། མཆོད་དང་ལུས་ནི་བསྒྱུར་བ་དང་།། འདུག་པ་དང་ནི་རྐང་པ་དག། ཚོགས་སུ ་ཡང་དག་བསྡུས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་སྒྲ་ཅན་གྱི་དྲང་སྲོང་ཀུན་འཛི་ཀའི་འདུག་གནས་ན་བཞུགས་སོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི། ཤཱཀྱ ་མོ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་ལྔ་བརྒྱ་ཙམ་དང་ལྷན་ཅིག་སྒྲ་ཅན་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་ན་སྒྲ་ཅན་གྱི་དྲང་སྲོང་ཀུན་འཇི་ཀའི་འདུག་གནས་སུ་ལྷགས་སོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་བརྟེན་ནས། ཆོས་འདུལ་བ་འདི་ལ་དགེ་སློང་མ་རྣམས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་རྗེས་སུ་གནང་བར ་མཛད་པ་དེའི་ཚེ། དེ་དག་བདག་ཅག་གིས་ཆོས་གོས་དག་བགོ་བར་བྱ་ཞེས་མ་ཤེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་ཟླུམ་པོར་བགོ་བར་བྱའོ།། གང ་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་གོས་དེ་ལྟར་བགོ་བར་བྱའོ་ཞེས་གསུངས་པ་དེའི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་ཏེ། རང་བཞིན་དུ་གནས་པའི་དགེ་སློང་མ་དེ་རྣམས་ཀྱིས་ཆོས ་གོས་དང་ཤམ་ཐབས་བགོས་སོ། ། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་བཅུ་གཉིས་སྡེ་དག་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད ་ཅག་ཅིའི་ཕྱིར་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན། དེ་དག་གིས་འདི་སྐད་ཅེས། ཁོ་མོ་ཅག་ཁྱིམ་པ་ན་འདི་ལྟར་གོམས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཆོས་གོས་དང་ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་མི་བྱའོ།། དེ་བཞིན་དུ་ཤམ་ཐབས་ཧ་ཅང་འཇོལ་བར་ཡང་བགོ་བར་མི་བྱའོ་ཞེས། དེ་ལྟར་བསླབ་པའི་གཞི་བ ་བ་མཛད་པ་དང་། ། དེ་དག་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབས་པར་བྱེད་ནས། དེ་དག་ལ་དགེ་སློང་མ་རྣམས་ཀྱི་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་གྱོན་པ ་ན་གློ་དག་ཏུ་ལྟེབས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་པ་མོ་དག་འདི་ལྟར་གྱོན་ནོ།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས། ཅི་ཁྱེད་ཅག་ཁྱིམ ་པ་མོ་ཡིན་ནམ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ་ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཤམ་ཐབས་དང་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཆོས ་གོས་གླང་པོ་ཆེའི་སྣ་ལྟར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན། དེ་དག་གིས་འདི་སྐད་ཅེས་ནོར་ཅན་དང་། ཚོང ་དཔོན་དང་། དེད་དཔོན་དག་འདི་ལྟར་གྱོན་ནོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་དང་ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་བལྟབ ་བ་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་དགུ་པོ་ལྟར་རྐེད་པའི་ཕྱོགས་སྣང་བ་མ་ཡིན་པར་བགོ་བར་བྱའོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་ཕྱུང་ནས་ཁྱིམ་དག་ཏུ་འདོང་བ་ན། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་དག་ཁྱེད་ཅག་ཅིའི་ཕྱིར ་ཕྲག་པ་ཕྱུང་ཞིང་འདོང་། དེ་དག་གིས་འདི་སྐད་ཅེས་རེ་ཞིག་གཡོན་ཅན་དག་གིས་མཐོང་ན་དེ་དག་གིས་སྙིང་འགས་པར་འགྱུར་བར་བྱའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཤིན་ཏུ་བསྡམས་པ་དང་ལེགས་པར་བགོས་པས་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ། ། ཁྱིམ་དག་ཏུ་འཇུག་པ་ན་སྒྲ་མཐོན་པོ་དང་སྒྲ་ཆེན་པོས་འདོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། བཅོམ་བསྐྱུང་ཞིང་འཇུག་པར་བྱའོ།། དེ་ནས་ཕན་ཚུན་དུ་ལྟ་ཞིང་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལ་པ། མིག་མི་གཡེང་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། ་དེ་དག་དུ་མི་ལྟ་བར་འདོད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། བཅོམ་བསྒྱངས་པ་དང་། མིག་མི་གཡེང་བ ་དང་། གཉའ་ཤིང་གང་ཙམ་དུ་ལྟ་བས་ཁྱིམ་གྱི་ནང་དུ་འཇུག་པ་དང་འདུག་པར་བསླབ་པར་བྱའོ།། །། དེ་ནས་བཅུ་གཉིས་སྡེ་དག་མགོ་གཡོགས་ནས་འདོང་བ་ན། དེ་དག་ལ ་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་སྔོན་དྲ་མ་དག་གི་མནའ་མར་གྱུར་པ་ན་ཁྱིམ་དག་ན་འདི་ལྟར་བྱེད་དོ།། དེ་རྣམས་ཀྱིས ་འདི་སྐད་ཅེས་སྨྲས་སོ། ། ཅི་ཁྱེད་ད་དུང་ཡང་དྲ་མ་དག་གི་མནའ་མ་ཡིན་ནམ། དེ་དག་གིས་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླབ་པ་ལ་བསླབ ་པར་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་ག་ཡོགས་ཏེ་ཁྱིམ་གྱི་ནང་དུ་འདོང་བར་མི་བྱའོ།། @ ་པོ་ཉི་ཤུ་བརྒྱད་པ་སྟེ་ཐ་མའོ། ། །། དེ་ནས་བཅུ་གཉིས་སྡེ་དག་ལག་པ་གཉིས་ཀྱིས་ཤིང་དཔུང་ཅད་བརྫེས་ནས་འདོད་པ་ན། དེ་རྣམས་ཀྱིས་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར ་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དྲ་མའི་མནའ་མ་དག་འདོད་ན་དེ་ལྟར་བྱེད་དོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས ་སོ། ། ཅི་ཁྱེད་ཅག་དྲ་མའི་མནའ་མ་ཡིན་ནམ། བཅུ་གཉིས་སྔ་དག་གིས་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླབ་པ་ལ་བསླབས་པར ་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བརྫེ་བར་ཁྱིམ་དེར་འཇུག་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཇི་ལྟར་ཕྱུགས་རྫི་དག་འདོང་བ་བཞིན ་དུ་ཆོས་གོས་དག་ཕྲག་པ་ལ་གཟར་ཏེ་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཟར་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱེའུ ་དག་ཁྱེའུ་དག་བྱིས་པའི་གྲཝ་གང་དུ་འདི་ལྟར་འདོད་དོ་ཞེས་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གྱི་ནང་དུ་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉའ་གོང་དུ་མི་བསྣོལ་བར་ཁྱིམ ་གྱི་ནང་དུ་འཇུག་པར་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་གཉིས་ཀ་ལ་གཟར་ནས་ཁྱིམ་གྱི་ནང་དུ་འདོང་བ་ན་ཞེས་བྱ་བ་ནས། འདི་སྐད་ཅེས་གཡོགས ་ངག་འགྲོ་བ་ལྟར་འདོང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་མི་གཡོགས་པ་དང་། མི་བརྫེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ ་དང་། ཕྲག་པ་གཉིས་ཀ་ལ་མི་གཟར་བར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། །། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན ་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་གང་རྒྱངས་དག་བྱེད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ་དེ་ནས་བཅུ་གཉིས་སྡེ་དག་བཅོས་མ་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་འགྲུམ་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི ་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་རྐང་པའི་ཟང་བ་དྲས་པ་དག་འདི་ལྟར་འདོད་དོ་ཞེས་ཁྱིམ་གྱི་ནང་དུ་རྐང་པ་བྲང་བས་འཇུགས་ཤིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་འབིགས་པ་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་འཕྱེ་ཞིང་འགྲོ་ཞེས་བྱ ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཚོང་དཔོན་དག་འདྲ ་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་དཀུར་བརྟེན་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བགད་པ་དང་། མི་མཆོད་པ་དང་། བྲང་བས་མི་གཟུགས་པ་དང་། ་འཕྱེ་བ་དང་། དཀུར་མི་བརྟེན་པར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ་ནས་བཅུ་གཉིས་སྡེ་དག་གླང་པོ་ཆེ་དགའང ་ལྟར་འགྲོའོ་ཞེས་ལུས་བསྒྱུར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་བསྒྱུར་ཞིང་ཁྱིམ་གྱི་ནང་དུ་འཇུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཚོང་དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་དཀྱོགས་ཀ་བྱེད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་སྲོག་ཆགས་རྩངས་པ་དག་འདི་ལྟར་འགྲོའོ་ཞེས་ཁྱིམ་གྱི་ནང་དུ་མགོ་བསྒྱུར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདིང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་སྨྲམ ་ཏེའགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱ་ཞེས་བྱ་བའི་བར་རོ།། བཅུ་གཉིས་སྡེ་དག་འདོད་ཆགས་ཀྱི་ཆགས་པར་གྱུར་བཞིན་དུ་ཀྱི ་གཞན་དུ་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཤེད་མཐུན་དག་འདི་ལྟར་འདོད ་དོ་ཞེས་ཁྱིམ་གྱི་ནང་དུ་ཕྲག་པ་སྤྲད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་མི་བསྒྱུར་བ་དང་། ལག་པ་མི་དཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ལག་པ ་མི་སྦྲེལ་བ་དང་། ཆགས་པར་གྱུར་པ་དང་། ཕྲག་པ་མི་སྤྱད་པར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། གང་གིས་ཚེ ་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལས་བརྟེན་ཏེ། སྟན་ལ་སོ་སོར་བརྟགས་ཏེ་འདུག་པར་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་ཡང་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང ་དུ་སྟན་ལེམ་བརྟགས་པར་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འདུག་པར་མི་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གཞིར་འཆར ་ལས་བརྟེན་ཏེ། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མནན་ཏེ་འདུག་པར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་ལུས་ཐམས་ཅད་ཀྱི་གླིང ་ཀྱིས་མནན་ཏེ་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ། དེ་ལྟར་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག ་འདི་ལྟར་འདུག་གོ་ཞེས་ཁང་པའི་ནང་དུ་རྐང་པ་བསྣོལ་ནས་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཚོང་དཔོན་དག་འདི་ལྟར་འདུག་གོ་ཞེས་ཁྱིམ་གྱི་ནང་དུ་བརླ་བསྣོལ་ཏེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་གྱི་ནང་དུ་སོ ་སོར་མ་བརྟགས་པ་མ་ཡིན་པ་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་མནན་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བར་ཁྱིམ་གྱི་ནང་དུ་འདུག་པར་བསླབ་པར་བྱའོ་ཞེས་བྱ ་བའི་བར་རོ། ། ། དེ་ནས་བཅུ་གཉིས་སྟི་དག་གར་ལ་ལྟ་བ་དག་འདི་ལྟར་འཁོད་དེ་ཞེས་སྟན་གཅིག་ལ་དགུ་དང་དཀུར་སྤྲད་ནས་འདྲག་ཅེས་བྱ་བ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་སེམས་ཁོང་དུ་ཆུད་པ་དག་འདི་ལྟར་འཁོད་དོ་ཞེས་ལོང་བུའི་སྟེང་དུ ་ལོང་བུ་བཞག་སྟེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་རྐང་པ་བཀུག ་སྟེ་འདུག་པ་དང་། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་འོངས་ནས་རྐང་པ་ལ་ཕྱག་བྱེད་པ་ན། དེ་དག་གིས་རྐང་པ་ཕྱེ་བ་དང་། དེ་དག་གིས་མགོ་བོས་ལ་ཐུག་ནས་སྤོང་བར་བྱེད་པ་ནས། @ ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བཀུག་སྟེ་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་རྐང་པ་གདངས་ནས་འདུག་པ་དང་། བྲམ་ཟེ་དང་ཁྱིམ་བདག ་གི་ཆུང་མ་དེ་དག་འོངས་ནས། རྐང་པ་ལ་ཕྱག་བྱས་པ་དང་། དེ་ནས་བཅུ་གཉིས་སྡེ་དག་གིས་དེ་དག་ལ་ནང་མེད་པར་གྱུར་ཅིག་ཅེས་བྱ་བའི་ཚིག་ཕྱེད་སྨྲས་པ་ན། འདི་སྐད་ཅེས་ཅིའི་ཕྱིར་ནད་མེད་པར ་གྱུར་ཅིག་ཅེས་རྫོགས་པར་མི་གསུང་ཞེས་སྨྲས་པ་དང་། བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས། འདི་ལྟར་ཁྱེད་ཀྱིས་རྐང་པ་ཡ་གཅིག་ལ་ཕྱག་བྱས་ཀྱིས། རྐང་པ་ཡ་གཅིག་ལ་ཡང་ཕྱག་བྱོས ་ཤིག་དང་བྱའོ་ཞེས་སྨྲས་པ་ན། སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་གདངས་ཏེ་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི ་ནང་དུ་རྐང་པ་ཧ་ཅང་བཀུག་སྟེ་འདུག་པ་དང་། ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་ཕྱག་བྱེད་པ་ན། སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀུ་དང་དཀུར ་མི་སྤྲད་པ་དང་། ཁོང་བུའི་སྟེང་དུ་ལོང་བུ་མི་བཞག་པ་དང་། རྐང་པ་དགུག་པ་དང་། རྐང་པ་མི་གདངས་པར་ཁྱིམ་གྱི་ནང་དུ་འདུག་པར་བསླབ་པར་བྱའོ།། ། སྡོམ་ལ། ལེགས ་བར་བླང་དང་མ་འོངས་དང་། ། ཙུག་ཙུག་འབྲུ་ནི་འབྱེད་པ་དང་།། ལག་པ་དང་ནི་ཁ་བེར་དང་།། མ་བཏིང་བ་དང་འགྲེང་སྟེ་མིན། སངས་རྒྱས་བཅོམ་ལྡན་འདས ་ཡུལ་བྷ་ར་གའི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་འཇིགས་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། ། དེའི་ཚེ་རྒྱལ་བུ་རྟོགས་ལྡན་གྱིས་ཆུ་སྲིན་ཉིས་གསོད་ཀྱི་རི་ལ། ཁང་བཟངས་པདྨ་དཀར་པོ་སར་པ་ཅན ་ཞེས་བྱ་བ་ཞིག་བརྩིག་ཏུ་བཅུག་ནས། དེར་སངས་རྒྱས་བཅོམ་ལྡན་འདས་དགེ་སློང་དང་དགེ་སློང་མ་རྣམས་དང་ཐབས་ཅིག་ཏུ་སྤྱན་དྲངས་སོ།། དེ་ནས་རྒྱལ་བུ་གཞོན་ནུ་རྟོགས་ལྡན་གྱིས་འཁོར ་ནིམ་དད་པ་ཡིན་པས། དེ་དག་གིས་ཁ་ཟས་ཀྱི་གོང་བུ་དྲག་ཏུ་བོར་བས། དགེ་སློང་མ་རྣམས་ཀྱི་ལག་པ་དང་ལྷུང་བཟེད་གཅོག་པར་བྱེད་དོ།། དེ་ནས་ཡང་ཕྱོགས་གཅིག་ན་བཅུ་གཉིས་སྡེ ་ངག་འཁོད་པས། དེ་དག་གིས་གཅིག་ལ་གཅིག་འདི་སྐད་ཅེས། གཙུག་དགའ་མོ། ཉེ་དགའ་མོ། སྦོམ་དགའ་མོ། བདག་ཅག་གིས་བུ་གསོད་མོའི་བུ་འདི་དག་བསླབ་པར་བྱའོ་ཞེས་སྨྲས་ནས། ་གང་གི་ཚེ་ཁ་ཟས་འོང་བ་དེའི་ཚེ། ལྷུང་བཟེད་བཟེད་ནས་ཕྱིར་བཀྱེད་པ་དང་། འབྲས་ཆན་དེ་དག་ས་ལ་བོ་བན། དོན་ཉུང་བའི་དགེ་སློང་མ་ངག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ལེགས་པར་ཁ་ཟས་བླང་བར་བྱའོ།། དེ་བཞིན་དུ་ཁྱིམ་ཞིག་ཏུ་སྤྱན་དྲངས་དང་ཞེས་བྱ་བའི་བར་དུ་སྟེ། འབྲས་ཆན་དང་ཚོད་མ་ཇི་སྙེད་ཀྱིས་ལྷུང་བཟེད ་ནས་ས་ལ་འཕོ་བ་དེ་སྙེད་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མུ་དང་ཁར་ཆང་མ་ཡིན་པར་ཁ་ཟས་བླང་བར་བྱའོ།། མཉན་ཡོད་དུ་ཁྱིམ་བདག་ཅིག་གིས ་ཞེས་བྱ་བ་ནས། ཁྱིམ་དུ་སྤྱན་དྲངས་སོ་ཞེས་བྱ་བའི་བར་ཏེ། བཅུ་གཉིས་སྡེ་དེ་དག་ལ་འབྲས་ཆན་དང་ཚོད་མ་མཉམ་པར་བྲིམས་པ་ན། ལྷག་པར་སློང་བར་བྱེད་པ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཟན་འབྲས་ཆན་དང་མཉམ་པར་བཟའ་བར་བྱའོ།། དེ་བཞིན་དུ་ཡང་ཁྱིམ་བདག་ཅིག་གིས་ཁྱིམ་དུ་སྤྱན་དྲངས་པ་དང་ཞེས་བྱ་བའི་བར་ཏེ། དེ་ན ་ཡང་འབྲས་ཆན་ནི་མང་ལ། ཚོད་མ་ནི་ཆེས་ཉུང་བ་དང་། དེ་དག་འབྲས་ཆན་གྱིས་ཚེད་མ་བཀབ་ནས། ཡང་སློང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲས་ཆན ་གྱིས་ཚོད་མ་དགབ་པར་མི་བྱའོ། ། དེ་བཞིན་དུ་གཞན་དུ་ཡང་ཞེས་བྱ་བའི་བར་ཏེ། ཚོད་མ་ནི་མང་ལ། འབྲས་ཆན་ནི་ཆེས་ཉུང་བ་དང་། དེ་དག་མང་དུ་འདོད་པའི་ཕྱིར་ཚེད་མས ་འབྲས་ཆན་བཀབ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཁ་ཟས་བླངས་ཏེ་བཟའ་བ་དང་། ཁང་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པ་དང་། མང་དུ ་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགའ་པ་དང་། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ།། ། དེ་ནས་བཅུ་གཉིས་སྡེ་དག་བཅའ་བ་རྣམས་མ ་འོངས་པར་ལྷུང་བཟེད་བཟེད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟེད་པར་མི་བྱའོ།། དེ་ནས་སྦོམ་དགའ་མོའི་མདུན་ན། གྲལ་གྱི་སྣལ ་དགེ་སློང་མ་རབ་ཏུ་ཕྱུང་བ་རྒན་མོ་ཞིག་ཁ་གདངས་ཏེ་འདུག་པ་དང་། དེ་ནས་སྦོམ་དགའ་མོས་དེའི་ཁར་ལ་ཐུ་ཞིག་བཙངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་མ་གཟས་པར་ཁ ་གདང་བར་མི་བྱའོ། ། དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཟ་བ་ན་སྒྲ་འབྱིན་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི ་སྐད་ཅེས་མིང་བརྗེད་ན་མི་རུང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཁམ་གྱིས་བཀང་བ་དང་བཅས་པས་སྨྲ་བར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག ་འབྲས་ཆན་འབྲུ་བུ་གཉིས་སམ་གསུམ་ཞིང་ཁར་འཇུག་པ་དང་ཞེས་བྱ་བ་ནས་འདི་སྐད་ཅེས། ཡི་གར་མི་འོང་བ་ལ་བྱིན་པ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཁམ་ཧ་ཅང་ཆུང་བར་མ་ཡིན་པར་བྱའོ། ། དེ་ནས་བཅུ་གཉིས་སྡེ་དག་ཁམ་ཧ་ཅང་ཆེ་བར་ཁར་འཇུག་པར་བྱེད་པ་དང་ཞེས་བྱ་བ་ནས་འདི་སྐད་ཅེས། ལྟོགས་པ་དག་འདི་ལྟར་ཟའོ་ཞེས ་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་དང་ཟ་བ་མ་འོངས་པར་ལྷུང་བཟེད་བཟེད་པར་མི་བྱ་བ་དང་། ཁམ་མ་གཟས་པར་ཁ་གདང་བར་མི་བྱ་བ་དང་། ཁ་ཁམ་གྱིས་བཀང་བ ་དང་བཅས་པས་སྨྲ་བར་མི་བྱ་བ་དང་། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེ་བ་མ་ཡིན་པར་ཁམ་རན་པར་བྱ་བ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ་ནས ་བཅུ་གཉིས་སྡེ་དག་ཁ་ཟས་ཙུག་ཙུག་བྱེད་ཅིང་ཟ་བ་ན། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས་བྱིས་པ་དག་ཟ་བ་འདི་ལྟར་བྱེད་དོ་ཞེས་སྨྲས་པ ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཧུ་ཧུ་བྱེད་ཅིང་ཁ་ཟས་ཟ་བ་ན་ཞེས་བྱ་བ་ནས ་འདི་སྐད་ཅེས། ནད་པ་ཡི་གར་མི་འོང་བ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ཁྱིམ་བདག་ཅིག ་གིས་ཁྱིམ་དུ་དགེ་སློང་མའི་དགེ་འདུན་མགྲོན་དུ་བོས་པ་ན། དེས་འབྲས་ཆན་ནི་མང་ལ་ཚོང་མ་ཉུང་ངུ་བྲིམས་པ་དང་། དེ་དག་རྒོད་པའི་བསམ་པས་ཅག་ཅག་བྱེད་ཅིང་ཟ་བ་དང་། དེ་ནས་ཁྱིམ་བདག་དེ་ཞུམ ་ཞུམ་པོར་གྱུར་ནས་འདི་སྐད་ཅེས། འཕགས་མ་དག་འབྲས་ཆན་སྐམ་པར་བདག་གིས་འཚལ་མོད་ཀྱི། ཚོང་མའི་རྫེའུ་ཆག་ལགས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཅག་ཅག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཁྱིམ་བདག་ཅིག་གིས་མགྲོན་དུ་བོས་པ་ན། ཁྱིམ་བདག་དེ་ཡང་དབུལ་པོ་ཞིག་ཡིན་པས། དེས་དགུན ་ཁའི་དུས་ན་ཁ་ཟས་གྲང་མོ་དག་བྲིམས་པ་དང་། དེ་དག་ནོད་པའི་བསམ་པས་ཕུ་ཕུ་ཞེས་བྱས་ཏེ་ཟ་བར་བྱེད་དོ།། དེ་ནས་ཁྱིམ་བདག་དེ་ཞུམ་ཞུམ་པོར་གྱུར་ནས་འདི་སྐད་ཅེས། འཕགས་མ། ་བདག་གིས་འཚལ་མོད་ཀྱི། བདག་གཞི་ངན་པས་ཅི་བགྱིར་ཡང་མ་མཆིས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུ་ཕུ་མི་བྱ་བར་ཁ་ཟས་ཟ་བར་བྱའོ་ཞེས་བྱ་བའི་བར་རོ།། ་དེ་ན་ས་བཅུ་གཉིས་སྡེ་དག་ལྗོངས་རྒྱུ་ཞིང་དོང་བ་ན་ཞིང་པའི་ཁྱིམ་ཞིག་ཏུ་ཕྱིན་པ་དང་། དེ་དག་གིས་གནས་དེར་ཆོས་གོས་དག་སྤྲུགས་རྐང་པ་དང་ལག་པ་དག་བཀྲུས་ནས་ཟས་ཀྱི་བྱ་བ་ལ་ཞུགས་པ་དང་། དེ ་ནས་ཁྱིམ་ཅིག་ཤོས་སུ་ཡང་གཅེར་བུ་པ་དག་ལྷགས་ནས། ཇི་ཙམ་ན་དེ་དག་ཀྱང་ཟས་ཀྱི་བྱ་བ་ལ་ཞུགས་སོ།། དེ་ནས་བཅུ་གཉིས་སྡེ་རྒོད་པའི་བསམ་པ་ཅན་དག་གིས། ཁ་ཟས་ལ་རྫོགས་བྱེད་ཅེས་བྱ་བའི་མཆོད ་རྟེན་བྱས་ནས། ལ་ཕུག་སྲོག་ཤིང་བཙུགས་ཏེ། གཅེར་བུ་པ་དེ་དག་ལ་འདི་སྐད་ཅེས། འདི་ནི་ཁྱོད་ཀྱི་སྟོན་པའི་མཆོད་རྟེན་ཡིན་ནོ་ཞེས་སྨྲས་ནས། དེ་ནས་མཆོད་རྟེན་དེ་ལས་ཁམ་གྱིས་བཅད་དེ་ཟ་ཞིང་སྒྲ་གཅིག་ཏུ་འདི ་སྐད་ཅེས། རྫོགས་བྱེད་ཀྱི་མཆོད་རྟེན་ཞིག་གོ་ཞེས་སྨྲས་པ་དང་། དེ་ནས་གཅེར་བུ་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ནས་ངུ་ཞིང་འདི་སྐད་ཅེས། དེ་རིང་བདག་ཅག་གི་སྟོན་པ་དུས་ལས་འདས་པ་ལྟ་ཞེས ་ཟེར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། ཅག་ཅག་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། མཆོད་རྟེན་འདྲ་བར་སྤྲུལ་ཏེ་ཟས་བཟའ་བར་མི་བྱ་བར་བསླབ་པར་བྱའོ།། ། ་། དེ་ནས་བཅུ་གཉིས་སྡེ་དག་སྤང་ལེབ་ཀྱི་སྟེང་དུ་ཁ་ཟས་བཀྲམ་ནས། འབྲུ་རེ་ནས་བླངས་ཏེ་ཁར་འཇུག་པར་བྱེད་པ་ན། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དེ་ལྟར་བྱེད ་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས། བྱ་གག་དག་གཏོར་མ་ཐུན་འདི་ལྟར་བྱེད་དོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ལ་འབྲུ་རེ་ནས་བསལ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ་དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་མགྲོན་དུ་བོས་ནས། དེས་དེ་དག་ལ་ཁ་ཟས་ཕལ་པ་དག་བྲིམས་པ་དང་། དེ་དག་གིས་ཁ་ཟས་དེ་ལ་བསྔགས་པ་དག་བརྗོད་དོ།། གཞན་གྱིས་ཡང ་ཁ་ཟས་བསོད་པ་དག་བྲིམས་པ་ན། དེ་ལ་སྐྱོན་དག་བརྗོད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ལ་བསྔགས་པ་དང་སྐྱོན་གདགས་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག ་ཟས་ཀྱི་ཁམ་མཁུར་བ་ནས་མཁུར་བར་སྦེད་ཅིང་ཟ་བ་ན་ཞེས་བྱ་བ་ནས་འདི་སྐད་ཅེས། ནད་པ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་མཁུར་བ་སྤོ་བར་མི་བྱའོ། ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁམ་ཕྱེད་བཅད་ཅིང་ལྕེའི་གྲཝར་བཞག་སྟེ། ཕན་ཚུན་དུ་སྟོན་ཅིང་སླར་ཡང་མེད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟས ་ལ་ལྕེ་ཕྱིར་དབྱུང་བར་མི་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་ཟས་ཀྱི་ཁམ་སོས་བཅད་ནས། དེ་དག་ལས་ཁམ་གཅིག་ནི་ཁར། གཉིས་པ་ནི་ལག་པར། གསུམ་པ་ནི་ལྷུང་བཟེད་དུ ་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲུ་རེ་ནས་བསལ་བར་མི་བྱ་བ་དང་། བསྔགས་པ་དང་སྐྱོན་མི་གདག་པ་དང་། མཁུར་བར་མི་སྤོ་བ་དང་། ལྕེ་མི ་དབྱུང་བ་དང་། ཁམ་འཕྲོ་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཡོད་བཞིན་དུ་ལག་པ་ལ་ལྡག་པར་བྱེད་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་ལ་ལྡག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་བྱོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད ་བྱོཕྱོག་པར་མི་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་སྦོམ་དགའ་མོ་ཁ་ཟས་ཁར་བཅུག་ནས་ལག་པ་སྤྲུག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་སྤྲུག་པར་མི་བྱའོ་ཞེས་བྱ ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་མགྲོན་དུ་བོས་པ་ན། དེ་ནས་སྦོམ་དགའ་མོས་ཕྱེ་དག་རྙེད་པ་དང་། ལྷུང་བཟེད་བསྐྱམས་ནས་འདི་སྐད་ཅེས། ཁོ་མོའི་ལྷུང་བཟེད་འདི་བླངས་པ ་ཡིན་གྱིས། ལུགས་ཤིག་ལུགས་ཤིག་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བསྐྱམ་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་ཡང་ཁྱིམ་བདག་ཅིག་གིས་ཁྱིམ ་དུ་དགེ་སློང་མའི་དགེ་འདུན་མགྲོན་དུ་བོས་ནས། དེས་བཅའ་བ་དང་བཟའ་བ་བསོད་པ་རབ་ཏུ་མང་པོ་དག་སྟ་གོན་བྱས་སོ།། ཡང་བཅུ་གཉིས་སྡེ་དག་གིནང་ན་དགེ་སློང་མ་རབ་ཏུ་བྱུང་བ་རྒན་མོ་ཞིག་འདུག་གོ། ་ཁྱིམ་བདག་དེས་ཀྱང་ཐོག་མར་དགེ་སློང་མའི་དགེ་འདུན་ལ། ཞུན་མར་དང་ཕྱེ་དག་བྲིམས་པ་ལས། དེ་ནས་བཅུ་གཉིས་སྡེ་དག་གིས་ཕྱེ་རབ་ཏུ་མང་དུ་བླངས་སོ།། ཁྱིམ་བདག་དེས་ཡང་གཡོས་ཀྱི་རྣམ་གྲངས་ཉི་ཤུཿ། ་བརྒྱད་རྒན་པའི་མཐའ་ནས་བྲིམས་པ་དང་། དེ་ནས་རབ་ཏུ་བྱུང་བ་རྒན་མོ་དེ་རྒན་རིམས་གང་ན་བ་དེ་ལོགས་སུ་ལྟ་བར་བྱེད་པ་ན། བཅུ་གཉིས་སྡེ་དག་གིས་ཡང་རྒན་མོ་རབ་ཏུ་བྱུང་བ་དེའི་མདུན་དུ་ཁ་ཟས ་ཀྱིས་གོང་བུ་དག་གཏོར་ནས་འདི་སྐད་ཅེས། རྒྱལ་པོ་ང་ལས་ནུ་ལ་རིན་པོ་ཆེའི་ཆར་དག་བབ་བོ་ཞེས་དེ་སྐད་གྲག་ན། ཁྱོད་ཀྱང་བསོད་ནམས་དང་ལྡན་ནམ། ཁ་ཟས་ཀྱི་ཆར་བབ་ཅེས་སྨྲས་པ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་བསྐྱམ་པ་དང་། ལྷུང་བཟེད་ཀྱི་འདུ་ཤེས་ཀྱིས་ཟས་བཟའ་བར་བསླབ་པར་བྱའོ།། ། ་། དེ་ནས་བཅུ་གཉིས་སྡེ་དག་གྲལ་ཟླའི་དགེ་སློང་མ་རྣམས་ཀྱིས་ལྷུང་བཟེད་ལ་བལྟས་ན། འདིར་ནི་མང་དུ་བྲིམས་ལ། ཁོ་མོ་ཅག་ལ་ནི་ཉུང་ངུ་བྲིམས་སོ་ཞེས་ཁ་ཟེར་བར་བྱེད་པ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟེར་བར་འདོད་པས་དགེ་སློང་མ་གྲལ་ཟླ་རྣམས་ཀྱི་ལྷུང་བཟེད་བལྟ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ལག་པ་ཁ ་ཟས་ཀྱིས་འབགས་པས་བྱ་མ་བུམ་ལེན་པ་ན། དེ་ཁ་ཟས་ཀྱིས་འབགས་པས་སྦྲང་བུ་དག་གིས་ཟི་ཟི་བཏོན་པ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་ལ་གཟུང་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་ཡང་ཁྱིམ་བདག་ཅིག་གིས་དགེ་སློང་མའི་དགེ་འདུན་མགྲོན ་དུ་བོས་པ་དང་། དེ་ནས་འདུན་མ་དང་ཉེ་དགའ་མོའི་བར་ན། དགེ་སློང་མ་སྣམ་སྦྱར་དམར་སེར་གྱོན་པ་ཞིག་འདུག་པ་དང་། དེས་དེ་ལ་ལྷུང་བཟེད་བཤལ་བའི་ཆུས་གཏོར་ནས། དེ་དག་འདི་སྐད་ཅེས། བཀྲེན་མ ་ངན་པ་མོ་ཁྱོད་འབའ་ཞིག་ལ་སྣམ་སྦྱར་ཡོད་དམ་ཞེས་ཁ་ཟེར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱིས་འབགས་པའི་ཆུས་གཏོར་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ་གང་གི་ཚེ་ཆུ་སྲིན་བྱིས་པ་གསོད་ཀྱི་རོ་ལ་ཁང་བཟངས་པདྨ་དཀར་པོ་ཅན་ལ་བརྟེན་ནས། ཁྱིམ་གྱི་ནང་དུ་ཟས་ཀྱིས་འབགས་པའི་ཆུ་དབོ་བར་མི་བྱའོ་ཞེས་དགག་པ་མཛད་པ། ཁྱིམ་བདག་གཞན་ཞིག། ་ལཁ་བརྟེན་ནས་རྗེས་སུ་གནང་སྟེ། ཁྱིམ་བདག་ཡོད་པ་ལ་དྲིས་ནས་དབོ་བར་བྱའོ།། དེ་ནས་ཡང་བཅུ་གཉིས་སྡེ་དག་གིས་མ་དྲིས་པར་ཁྱིམ་གྱིས་ནང་དུ་འབོ་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་ཁྱིམ་གྱི་ནང་དུ་དབོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། མཉན་ཡོད་ན་བྲམ་ཟེ་ཞིག་གིས་བུ་སེམས་འཁྲུགས ་ནས། དེ་མཉན་ཡོད་དུ་སོང་བ་ལས། དགེ་སློང་ཞིག་གི་ལྷུང་བཟེད་ཀྱི་ཆུས་རེག་པར་བྱས་པ་དང་། རང་གི་སེམས་སླར་རྙེད་པར་གྱུར་ཏོ།། དེ་ནས་ཡང་བྲམ་ཟེ་ཞིག་གི་བུ་སེམས་འཁྲུགས་པ་དང་། དེ་ནས་བྲམ་ཟེ་དེས ་བྲམ་ཟེ་དེ་ལས་ཐོས་ནས། དགེ་སློང་མའི་དབྱར་ཁང་དུ་སོང་སྟེ། ཇི་ཙམ་ན་སྦོམ་དགའ་མོ་ལས་ལྷུང་བཟེད་ཀྱི་ཆུ་བསྲངས་པ་དང་ཞེས་བྱ་བ་ནས། དེས་དགེ་འདུན་གྱི་ཟས་ཀྱི་ལྷག་མས་ལྷུང་བཟེད་བཀང་ནས་བྱིན ་པ་དང་། བྲམ་ཟེ་དེས་བདག་གི་བུ་ཤི་བ་ནི་བླའི། མནོལ་བར་ནི་མི་བྱའོ་ཞེས་བྱས་ཏེ་མ་བླངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲལ་ཟླའི་དགེ་སློང་མ་རྣམས་ལ་ཁ་ཟེར་བར་འདོད་པས་བལྐ ་པར་མི་བྱ་བ་དང་། ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་མི་གཟུང་བ་དང་། ཟས་ཀྱིས་འབགས་པའི་ཆུས་དགེ་སློང་མ་གྲལ་ཟླ་ལ་མི་གཏོང་བ་དང་། ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་དང་འབགས ་པའི་ཆུ་ཁང་པའི་ནང་དུ་མི་དབོ་བ་དང་། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ་ནས་བཅུ་གཉིས་སྡེ་དག་འོག་གཞི་མེད་པའི ་སར་ལྷུང་བཟེད་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་གིས་གཡང་སར་ལྷུང་བཟེད་གཞག་པ་དང་། དེ་ནས་ལྷུང ་བཟེད་ལྷུང་ནས་དུམ་བུར་ཆག་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་གཡང་སར་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་འབབ་ཆུའི་འགྲམ་དུ་འཇོག ་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབབ་ཆུའི་འགྲམ་དུ་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་ལམ་ཀར་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ལམ་ཀར་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་ནས་ལྷུང་བཟེད་བྱེ་མ་དང་བཅས་པའི་ལྕི་བས་རུང་བར་བྱེད་པ་ན། དེ་དག་རིང་པོ་མ ་ལོན་པར་སྐྱ་སྐྱ་བོར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་གཞི་མ་བཏིང་བའི་ས་ལ་ལྷུང་བཟེད་གཞག་པར་མི་བྱ་བ་དང་། གཡང་སར་མི་གཞག་པ་དང་། འབབ་ཆུའི་འགྲམ་དུ་མི ་གཞག་པ་དང་། ལམ་ཀར་མི་གཞག་པ་དང་། བྱེ་མ་དང་བཅས་པའི་ལྕི་བས་ལྷུང་བཟེད་མི་ཕྱི་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། །། ཇི་ཙམ་ན་གཞོན་ནུ་མ་ཞིག་འགྲེང་སྟེ ་ལྷུང་བཟེད་འཁྲུ་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་འགྲེང་སྟེ་ལྷུང་བཟེད་མ་འཁྲུ་ཞིག། དེས་འདི་སྐད་ཅེས་ཅིར་འགྱུར་ཞེས་སྨྲས་པ་ན། དེའི་ལྷུང་བཟེད་དེ་ལག་ནས་ལྷུང་ནས་ཆག ་བ་དང་། དེ་ལ་འདི་སྐད་ཅེས་འདིར་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྐེམས ་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་བསྐམ་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འཕྱི་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། འགྲེང་སྟེ་ཕྱི་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་ཀྱི་སྣོད་དུ་གཞུག ་པར་མི་བྱའོ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་ནས་འབྱིན་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འགྲེང་སྟེ་ལྷུང་བཟེད་བཀྲུ་བ་དང་། བསྐམ་པ་དང་། ་ཕྱི་བ་དང་། ལྷུང་བཟེད་ཀྱི་སྣོད་དུ་གཞུག་པ་དང་། འབྱུང་བ་མི་བྱ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། །། སྡོམ་ལ། འགྲེང་སྟེ་མ་ཡིན་མགོ་གཡོགས་མིན།། གླང་ཆེན ་དོ་ཀེར་ལག་ན་མིན། ། འགྲེང་ཤིང་ཆུ་ལ་བཤང་མི་བྱ།། ཤིང་ལ་མི་གང་ཙམ་མ་ཡིན། དེ་ནས་བཅུ་གཉིས་སྡེ་དག་འགྲེང་ནས་འདུག་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ནད་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་ཆོས་བཤད་པར་བྱན ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་འདུག་པ་དང་ཉལ་བ་ལ་ཡང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་སྟན་དམའ་བ་འདུག་ནས། སྟན་ཐོན་པོ་ལ་འདུག་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ ་བའི་བར་རོ། ། དེ་དག་གི་མདུན་དུ་འགྲོ་བ་ལ། དེའི་ཕྱི་བཞིན་འབྲང་ཞིང་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ ་བའི་བར་རོ། ། དེ་བཞིན་དུ་ལམ་ནས་འགྲོ་བ་ལ། ལམ་གྱི་འགྲམ་ནས་འགྲོ་ཞིང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་ནས་མིན། ་བབར་འདུག་པ་ལ་ཆོས་བཤད་པར་མི་བྱ་སྟེ། འདུག་པ་ལ་མ་ཡིན་པ་དང་། ཉལ་བ་ལ་མ་ཡིན་པ་དང་། སྟན་དམའ་བ་ལ་འདུག་སྟེ། སྟན་མཐོན་པོ་ལ་འདུག་པ་མ་ཡིན་པ་དང་། མདུན་དུ་འགྲོ་བ་ལ། དེའི་ཕྱི ་བཞིན་འབྲང་ཞིང་མ་ཡིན་པ་དང་། མིན་བར་ལམ་དུ་འགྲོ་བ་ལ། ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ་ནས་བཅུ་གཉིས་སྡེ ་དག་མགོ་ག་ཡོགས་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་མིག་ནད་ཅན་དག་འོངས་ནས། ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ནད་ཅན་ལ་ཆོས་བཤད་པར་བྱའོ།། དེ་བཞིན་དུ་བརྫེས་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལས་མི་དག་འོངས་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་གཟར་བའི་བར་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་པ ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། ། རྟ་གང་བྱེད་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་པ་ལ་ཆོས་བཤད་པར་མི་བྱན ་ཞེས་བྱ་བའི་བར་རོ། ། གཉའ་གོང་དུ་བསྣོལ་བའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་ཇི་ཙམ་ན་གཉའ་གོང་དུ་བསྣོལ་བའི་བར་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་མགོ་གཡོགས་པ་ལ་ཆོས་བཤད་པར་མི་བྱ་སྟེ། བརྫེས་པ་ལ་མ་ཡིན་པ་དང་། གཟར་བ་ལ ་མ་ཡིན་པ་དང་། ཕྲག་པ་གཉིས་ཀ་ལ་གཟར་བ་མ་ཡིན་པ་དང་། མི་ན་བར་གཉའ་གོང་དུ་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། །། དེ་ནས་བཅུ ་གཉིས་སྡེ་དག་གླང་པོ་ཆེ་ཞོན་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་གླང་པོ་ཆེ་ཞོན་པ ་ངག་གཡུལ་དུ་ཆས་ནས། དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཆོས་བཤད་དུ་གསོལ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བོབས་ཤིག་དང་ཆོས་བཤད་དོ།། དེ་དག་གིས་འདི་སྐད ་ཅེས། བདག་ཅག་འགུམས་པར་བགྱིད་པ་ཕས་ཀྱི་རྒོལ་བ་དག་རྟིང་ལ་ཐུག་ལགས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ནོ་ཞེས་བྱ་སྟེ། བཤད་པར་བྱའོ་ཞེས་བྱ་བའི ་བར་རོ། ། དེ་བཞིན་དུ་རྟ་ཞོན་པ་དང་། ཤིང་རྟར་ཞུགས་པ་ལ་ཡང་བརྗོད་པར་བྱའོ།། དེ་ནས་མིའི་ཕྲག་པ་དང་མགོ་ལ་ཞོན་ཞིང་འགྲོ་བ་ནས། ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་ཇི་ཙམ་ན་ནང་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། ལྷམ་མཐོན་པོ་གྱོན་པའི་བར་དག་ལ་ཆོས་འཆད་པར་བྱེད ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་པར་མི་བྱ་སྟེ། རྟ་ཞོན་པ་ལ་མ་ཡིན་པ་དང་། ཤིང་རྟར་ཞུགས་པ་ལ་མ་ཡིན་པ་དང་། མི་ལ་ཞོན་པ་ལ་མ་ཡིན ་པ་དང་། མི་ན་བར་ལྷམ་མཐོན་པ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། །། དེ་ནས་བཅུ་གཉིས་སྡེ་དག་སྐྲ་དོ་ཀེར་ཅན་ལ་ཆོས་འཆད་པར་བྱེད་པ ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། རྒྱལ་པོ་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་མགོ་དཀྲིས་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་བློན་པོ་ཆེན་པོ་འམ། ་ནད་པ་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་མགོ་འཕྲེང་བས་བཅིངས་པ་དག་འོངས་ནས་བཤད་པར ་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགོ་ཅོད་པན་གྱིས་བཅིངས་པ་དག་འོངས་ནས་བཤད ་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་ནམ་ནང་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་ཡང་ཞྭ་གྱོན་པ་དག་འོངས་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ནད་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བར་སྒྲ་དོ་ཀེར་ཅན་ལ་ཆོས་བཤད ་པར་མི་བྱ་སྟེ། མགོ་དཀྲིས་པ་ལ་མ་ཡིན་པ་དང་། མགོ་འཕྲེང་བས་བཅིངས་པ་ལ་མ་ཡིན་པ་དང་། མགོ་ཅོད་པན་གྱིས་བཅིངས་པ་ལ་མ་ཡིན་པ་དང་། མི་ན་བར་ཞྭ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར ་བྱའོ་ཞེས་བྱ་བའི་བར་རོ། ། །། དེ་ནས་བཅུ་གཉིས་སྡེ་དག་ལག་པ་ན་མཚོན་ཐོགས་པ་ལ་ཆོས་འཆད་པ་བྱེད་པ་ནས། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ ་ན་གཡུལ་དུ་ཆས་པ་འམ་ནད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་གདུགས་ཐོགས་པའི་བར་དག་འོངས་ནས་བཤད ་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལག་ན་འཁར་བ་ཐོགས་པ་འོང་ནས་བཤད་པར་མི་བྱའོ། ་ཞེས་བྱ་བ་ནས། ཡང་ནད་པ་འམ་རྒས་པ་འཁར་བ་མེད་པར་འཚོ་བར་མི་ནུས་པ་ཞིག་ཡིན་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་ཆོས་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་ལག་ན་རལ་གྲི་ཐོགས་པ་འོངས་ཞེས་བྱ་བ་ནས། བཤད་པར་བྱའོ་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་དུའོ།། དེ་བཞིན་དུ་གོ་ཆ་སྣ་ལྔ་གྱོན་པ་དག་འོངས ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ལག་ན་ཚོན་ཆ་ཐོགས་པ་ལ་ཆོས་བཤད་པར་མི་བྱ་སྟེ། ལག་ན་གདུགས་ཐོགས་པ་ལ་ཡིན་པ་དང་། ལག་ན་འཁར་བ་ཐོག་པ་ལ་མ་ཡིན་པ་དང་། ་ལག་ན་རལ་གྲི་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་དགྲ་ཆ་ཐོགས་པ་ལ་མ་ཡིན་པ་དང་། མི་ན་བར་གོ་ཆ་སྣ་ལྔ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ ་ནས་བཅུ་གཉིས་སྡེ་དག་འགྲེང་སྟེ་བཤང་གཅི་བྱེད་པ་དང་ཞེས་བྱ་བ་ནས། མི་བྱའོ་ཞེས་བྱ་བའི་བར་རོ།། ནད་པར་གྱུར་ཏེ་འདུག་མི་ནུས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ན་རྗེས་སུ ་གནང་ངོ་། ། དེ་ནས་སྦོམ་དགའ་མོས་བཙོ་བྲག་མཁན་ལ་གོས་འཁྲུར་ཅུག་པ་མ་བཏུབ་ནས། ཇི་ཙམ་ན་བཀྲུ་སྨན་ཟོས་ནས་ཞེས་བྱ་བ་ནས། མི་གཙང་བས་བསུག་པའི་སྣོད་དང་། བརྡབ ་པའི་གཞི་དང་། གོས་བཤལ་བའི་ཆུ་སྣོད་མ་རུང་བར་བྱས་སོ།། དེ་ནས་བཙོ་བླག་མཁན་དེ་གོས་འཁྲུ་བ་ན། ཀོས་དེ་ཚོན་ཁྲ་བོ་སྣ་ཚོགས་ཀྱི་ཚོན་གྱིས་བཀྲ་བ་དང་། མནམ་པ་མཐོང་ངོ་ཞེས་བྱ་བའི་བར་རོ།། དེ ་ནས་སྦོམ་དགའ་མོ་འོངས་ནས་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ནང་རྗེ་གོས་དག་ཅི་སྟེ་སྐྱ་བོར་གྱུར། དེས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་མ་བྱས་གྲང་ཞེས་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས། ཁྱོད ་དེ་ལྟར་སྨོས་སོ་ཞེས་སྨྲས་པ་ན་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ནང་དུ་བ་གང་གཙོ་དོར་བར་མི་བྱིའོ་ཞེས་བྱ་བའི་བར་རོ།། ན་བདག་དེ་ཉིད་དུ་འདོར་བར་འབྱེད་བ་ནས། བཅོམ་དུ། ་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་ངོ་།། དེ་བཞིན་དུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་ཞེས་བྱ་བ་ནས། ནད་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་དགེ་སྐོས་ལས་བརྟེན་ནས། ཤིང་ལ་འཛེག་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། སྦོམ་དགའ་མོ་བྱ་བ་འགའ་ཞིག་གི་ཕྱིར་ཤིང་ཁར་འཛེག་པ་ན། ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ཆུའི་ནང་དུ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་དོར་བར་མི་བྱ་བ་དང་། གནོད་པ་བྱུང་བ་མ ་གཏོགས་པར། ཤིང་ལ་མི་གང་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། བསླབ་པ་མང་པོ་རྫོགས་སོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ ་ལས། བསླབ་པ་མང་པོ་རྫོགས་སོ།། །། ད་ནི་རྩོད་པ་ཞི་བར་བྱེད་པ་རྣམས་སྨྲ་བར་བྱ་སྟེ། སྡོམ་ལ། མངོན་སུམ་དང་ནི་དྲན་པ་དང་།། མ་མྱོས་འདུལ་དང་དེའི་ངོ་བོ།། ་ཚུལ་ཤིང་མང་པོ་བྲིམ་པ་དང་།། ཁས་བླངས་པ་དང་རྩ་བཀྲམ་པའོ།། མངོན་སུམ་གྱིས་འདུལ་བར་འོངས་པ་ལ་ནི་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ།། ་དྲན་པས་འདུལ་བར་འོས་པ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ།། ། མ་མྱོས་པར་འདུལ་བར་འོས་པ་ནི་མ་མྱོས་པས་འདུལ་བ་སྦྱིན་ནོ། 3། དེའི་ངོ་བོ་ཉིད་ཚོལ་དུ་གཞུགས་པར་འོས་པ་ལ་ནི་དེའི་ངོ་བོ ་ཉིད་ཚོལ་དུ་གཞུག་པ་སྦྱིན་ནོ། ། ། གང་ཚུལ་ཤིང་མང་པོ་བྲིམ་པར་འོས་པ་ལ་ནི་ཚུལ་ཤིང་མང་པོ་བྲིམ་པ་སྦྱིན་ནོ།། ཁས་བླང་བར་འོས་པ་ལ་ནི་ཁས་བླང་བ་སྦྱིན་ནོ།། རྩ་བཀྲམ་པ་ལྟ་བུར་འོས་པ་ལ ་ནིརྩི་བཀྲམ་པ་ལྟ་བུ་སྦྱིན་ཏེ། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་འདི་དག་གིས་རྩོད་པ་བྱུང་བར་གྱུར་པ་རྣམས་ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ་འདུལ་བར་བྱ། ཞི་བར་བྱ། རྣམ ་བར་ཞི་བར་བྱ་བར་བསླབ་པར་བྱའོ། ། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་སོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན ་རྫོགས་སོ། ། ། མཐའ་བརྒྱས་དགེ་འདུན་ལྷག་མ་ཉི་ཤུ་དང་།། དེ་བཞིན་སྤང་བ་སུམ་ཅུ་རྩ་གསུམ་དང་།། གཞན་ཡང་ལྟུང་བྱེད་བརྒྱ་ནི་བརྒྱད་ཅུ་དང་།། སོ་སོར་བ ་པར་བྱ་བ་བཅུ་གཅིག་ནི། ། བསླབ་པ་ཡི་ནི་འཕྲེང་བ་ལྷག་པ་སྟེ།། ཞི་བར་བྱེད་པ་དགེ་སློང་ཕ་དང་མཐུན།། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས ་གསུང་། ། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་ཕ་རོལ་གནོད་ཡོད་ན།། ཉམ་ང་བ་དག་ཇི་བཞིན་དང་། མཁས་པ་འཚོ་བའི་འཇིག་རྟེན་འདིར།། སྡིག ་པ་དག་ནི་ཡོངས་སུ་སྤོང་། ། སྐུར་པ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པའང་བསྡམ་པར་བྱ།། ཟས་འདི་ཆོད་ཀྱང་རིག་པར་བྱ།། བས་ཐའི་གནས་སུ་གནས་པར་བྱ།། ལྷག་པའི་སེམས་ལ་ཡང ་དག་སྦྱོར། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུང་བ་མེ་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་བཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གིས ་རིགས་དང་མི་རིགས་ལ། ། བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།། མི་མཐུན་པ་དང་གཞན་རྣམས་ཀྱི།། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས ་ལ་བསླབ། ཉེར་ཞི་རྟག་ཏུ་དྲན་ལྡན་པ།། སྐྱོབ་པ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན ་མོངས་ཟད་པས་མྱ་ངན་འདའ། ། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་གདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱིས་སྡོམ་པ་ལེགས ་པ་སྟེ། ། ངག་གིས་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱིས་སྡོམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ།། ངག ་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། ། ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས།། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར ་འགྱུར། ། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་།། ཤཱཀྱ་ཐུབ་པ་གོའུ་ཏམ་ལྷ་ཡི་ལྷ།། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན ་པོ་སྐྱོབ་པ་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།། འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་གཉན་ཐོས་རྣམས ་ཀྱང་གུས། ། འདི་ལ་གུས་པར་བཅས་འགྱུར་བས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང ་ཆེན་བཞིན། ། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད ་པར་འགྱུར། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། སོ་སོར་ཐར་པ་དང་བཅས་པ་རྫོགས་སོ།། །། ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་། དྷརྨ་ཀ་ར་དང་། རྒྱ་གར་གྱི ་