CLOSE WINDOW

S460: rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po
Wyliee-texts produced with BDRC’s OCR application

དང་། སྒྲ་བསྒྱུར་གྱི་ལོ་ཙ་བ་དགེ་སློང་བྱའི་གདོང་པ་ཅན་གྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། བཛྲ་བྷཱུ་མི་ཏྲི་རཱ་ཛཱ་ཀལྤ་ནཱ་མ ་བོད་སྐད་དུ། རྡོ་རྗེས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་དབང་ཕྱུག་པོ།། ཤཱཀ་ཐུབ་ཀྱི་ནི ་རིགས་ཁྲོ་བོ། ། ཕྱིས་ཀྱི་རྟོག་པ་ལས་རྒྱལ་བྱེད།། རྟོག་པའི་བླ་མ་འདི་མཆོག་བཤད།། ལྷ་དང་སྔགས་དང་སྦྱོར་བ་ཡིས།། རྟོག་པས་རྟོག་པ་འཇོམས་པའི་ལམ།། རྟོག་པ ་མེད་པའི་རིག་པ་ཡིས། ། ཁྲོ་བོའི་དབང་ཕྱུག་ཞི་བ་བརྙེས།། དང་པོ་ཕྱག་འཚལ་དེ་འོག་ཏུ།། བཞི་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པས་མཛེས་པར་བྱས།། དྲག ་པོའི་གསུམ་པ་བླངས་བྱས་ལ། ། འོག་ཏུ་དབྱངས་ཀྱི་གཉིས་པས་བརྒྱན།། དེ་ལ་ཟླ་ཕྱེད་དང་ཐིག་ལེ།། ལྔ་པའི་བཞི་པ་ཉིད་དང་ནི།། དྲུག་པའི་གཉིས་པ་ཉིད་དང་ཡང་།། བཞི ་པའི་བཞི་པ་ཡང་དེ་བཞིན། ། ཡང་ནི་མེ་ཡི་ས་བོན་དང་།། ལྔ་པ་ཡི་ནི་གསུམ་པ་དང་།། གཉིས་པ་ཡི་ནི་གསུམ་པ་ཡི།། འོག་ཏུ་མེ་ཡི་ས་བོན་ནོ།། ལྔ་པའི་དང་པོ་ཉིད་དང ་ཡང་། ། གསུམ་པའི་སྡེ་པ་ལྔ་པ་ལ།། དབྱངས་ཡིག་གསུམ་པས་བརྒྱན་པ་དང་།། དེ་ནས་རྡོ་རྗེ་སེམས་དཔའ་དང་།། ལག་ན་རྡོ་རྗེའི་སྙིང་པོའོ།། ལྔ་པ་ཡི་ནི་གཉིས་པ་ལ ་གསུམ་པའི་དང་པོ་མཐར་གཞག་པ། ། འདི་རྣམས་རིགས་སྔགས་དབང་བྱེད་པ།། གྲངྒཱ་ཀླུང་བཅུའི་བྱེ་སྙེད་ཀྱི།། སངས་རྒྱས་ཁྲོ་བོ་བྱང་ཆུབ་སེམས།། འབྱུང་པོར་བཅས་པ ་འགུགས་མཛད་དོ། ། རིག་སྔགས་རྣམས་ནི་ལྷ་ཉིད་དེ།། སྟོང་དང་སྙིང་རྗེ་འདྲེས་པ་ཡི།། ལྷ་འདི་སྙིང་ཁའི་སྦྱོར་བ་རུ།། ལེགས་པར་བཞག་པ་བསམ་པར་བྱ།། ལུགས་སུ ་བྱུང་དང་བཟློག་པ་ཡི། ། སྔགས་འདི་བཟླས་དང་བྲི་བར་བྱ།། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། རིག་སྔགས་འབུམ་ཕྲག་བཟླས་པ་དང་།། ཡི་གེ་རེ་ལ་འབུམ་ཕྲག་དང་། ་དེ་ལས་ལྷག་པའི་སྦྱོར་བ་ཡིས།། སྒྲུབ་པ་པོ་ཡི་བསམ་པ་ནི།། ཞི་དང་རྒྱས་དང་དབང་དགུག་དང་།། བསྐྲད་དང་དབྱེ་རེངས་གསད་པ་དང་།། ལས་ནི་གང་གང་འདོད་པ་དེས།། ་སྙིང་ཁར་སྦྱོར་བ་རིམ་བཞིན་སྒྲུབ།། ལུས་རྩ་སྙིང་རྗེར་ལྡན་པ་ཡིས།། རང་ལུས་ལྷ་དང་བླ་མ་ལ།། ཕྱག་སོགས་བྱ་བ་སྔོན་འགྲོ་བས།། རིག་པའི་ཁྲོ་བོ་བསྒོམ་པར ་བྱ། ། དང་པོར་སྟོང་ཉིད་རྣམ་བསམས་ལ།། ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ།། རང་གི་སྙིང་ཁར་དབྱངས་ཡིག་ནི།། དང་པོ་ལས་བྱུང་ཟླ་བ་ལ།། ཧཱུཾ་ཡིག་སྔོན་པོ་རྣམ་པར་བསྒོམ།། ་རང་གི་འདུས་འདྲའི་འོད་འཕྲོས་ནས།། སེམས་ཅན་དྲི་མ་རྣམས་བསལ་ཏེ།། སྐུར་གྱུར་སྙིང་པོ་བསྡུ་བར་བྱ།། ཧཱུཾ་ཡང་རྡོ་རྗེ་སྔོན་པོར་འགྱུར།། སྔོན་བཞིན་སྤྲོ་དང་བསྡུ་བྱས་ལ།། ་སྐུ་མདོག་སྔོན་པོ་ཆེར་འབར་བ།། རབ་ཏུ་དྲེགས་པས་ཁྲོས་པའོ།། རི་བོང་འཛིན་པའི་སྟེང་དུ་ནི།། བདེ་བར་གཡོན་བརྐྱང་གར་གྱིས་བཞུགས།། བརྒྱད་གཉིས་ལོན་པའི་ཉམས་ཚུལ ་ཅན། དྲག་ཅིང་ཁྲོས་པའི་རོ་དང་ལྡན།། བྲང་འགྲོ་བརྒྱད་པོས་སྐུ་ལ་བརྒྱན།། གཞལ་གཅིག་པ་ལ་ཕྱག་གཉིས་པ།། རང་གིས་རྡོ་རྗེ་བསྣམས་པ་ནི།། བསྣུན་པའི་ཚུལ་དུ་འཛིན་པ་དང་།། ་གཡོན་པ་བསྡིགས་པའི་མཛུབ་མོ་ཅན།། ན་བཟའ་སྔོན་པོའི་ཤམ་ཐབས་འཛིན།། སྤྱན་མིག་དམར་ཞིང་མཆེ་བ་གཙིགས།། དབུ་སྐྲ་ཉི་མའི་འོད་འདྲ་པ།། སྟེང་དུ་བཅིངས་དབུས་ཅོད ་པན་ལྡན། ། ཞལ་ནས་ཧ་ཧིའི་གད་རྒྱངས་ལྡན།། ཁྲོ་བོའི་བདག་པོ་འཇིགས་པར་བྱེད།། ལོག་འཛིན་ལ་སོགས་འཇོམས་མཛད་པ།། དེ་འདྲར་བདག་ཉིད་རབ་བསྒོམས་ལ།། དེ་ནས་བདག ་ཉིད་སྙོམས་འཇུག་པ། ། དེ་ཡི་སྙིང་ཁར་ཉི་མ་ལ།། རང་གི་ཆོས་ཀྱི་ཡི་གེ་ལས།། ཁྲོས་པས་ཡང་ཡང་སྤྲོས་མཛད་ཅིང་།། དེ་དང་ལྷན་ཅིག་བསྒོ་བར་བྱ།། སྔགས་དང་ཕྱག་རྒྱ་བཅས་པ ་ཡིས། ། དེ་བཞིན་དུ་ཡང་དབང་བླང་ཞིང་།། རྡོ་རྗེ་ཧཱུཾ་མཛད་ཏིང་འཛིན་གནས།། གདུག་པའི་སེམས་ཅན་འཛིན་བྱེད་ཅིང་།། འོད་ཟེར་འབྱུང་བ་སྣ་ཚོགས་ཀྱིས།། རིམས་དང་གདོན ་དང་དུག་སོགས་གཟའ། ། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་དང་པོའོ།། །། དེ་ནས་སྤྱན་སོགས་སྐྱེ་མཆེད་ལ།། ཧཱུཾ་བྱུང་ཁྲོ་བོ་བསྒོམ་པར་བྱ།། སྐུ་སོགས་གསུམ་ལ ་རྡོ་རྗེ་གསུམ། ། སྒོམ་པ་འདི་ནི་དབང་བྱེད་པའོ།། དང་པོ་ཞི་བས་ཞི་བར་བྱ།། ཀླུ་ལ་སོགས་པའི་གཟུགས་བྱས་ལ།། རང་སྙིང་འོད་ཀྱིས་བཀུག་ལ་བསྟིམ།། མཆོད་སྦྱིན་བྱ་བ་སྙིང་རྗེས ་སྦྱིན། ། འཇོག་པོ་དང་ནི་རིག་ལྡན་དང་།། མཐའ་ཡས་ནོར་རྒྱས་པདྨ་དང་།། པད་ཆེན་དུང་སྐྱོང་སྟོབས་ཀྱི་རྒྱུ།། དུག་རྣམས་སྙིང་རྗེའི་སྦྱོར་བས་སྦྱངས།། ནག་པོ་དཀར་པོ་སྔོན་པོ་དང་།། ་རང་གི་གནས་སུ་སྦྱང་བར་བྱ།། ཡང་ན་ཞི་བའི་ཐབ་ཁུང་དུ།། ཀླུ་ཡི་སྡིག་པ་ཞི་བར་བྱ།། ཤིན་ཏུ་གནག་པའི་རིགས་དེ་ལ།། མངར་གསུམ་ཆུ་ཡིས་གསོ་བར་བྱ།། གང་ཞིག་སྡིག་ཅན་ཞི ་མི་འདུལ། ། གཉིས་ཀྱི་སྦྱོར་བས་རྒྱུན་གཅོད་བྱ།། ཁྲག་དང་དུག་སོགས་རྫས་དག་ལ།། རིག་པ་བཟློག་པས་བསྒྲུབས་ནས་ནི།། ཤིན་ཏུ་ཁྲོས་པའི་ཁྲོ་བོ་ཡིས།། དགུག་དང་གཞུག་དང ་མྱོས་གསད་དང་། ། ཆོ་གས་གདུག་པ་དབང་བྱས་ལ།། སྲེག་པ་ལ་སོགས་ལས་བྱའོ།། བརྒྱད་དང་བཅུ་བཞིའི་དུས་ཀྱི་ཚེ།། སྐྱ་རེངས་ཤར་དང་དམར་རེངས་ཆ། ་ཉིན་མཚན་ཟད་པའི་དུས་ཀྱི་ཚེ།། སྐྲ་བཀྲོལ་བཅུད་འཛག་གཅེར་བུ་ནི།། བྱོལ་སོང་གནས་སུ་ཁྲག་སྐྱུག་གོ། ལུས་དབུས་མེ་འབར་བསྒྲུབ་བྱ་དེ།། ཁྲོ་བོའི་སྤུ་ཡི་བུ་ག་ལས།། སྤྲོས ་པའི་ཁྲོ་བོ་ཁྲོས་པ་དང་། ། མངག་གཞུག་རྣམས་ཀྱིས་དྲངས་བྱས་ནས།། རྟོག་པས་རྟོག་པ་བཟའ་བར་བྱ།། སྔར་ནི་རྡོ་རྗེ་ས་འོག་ལས།། གདུག་པ་བཟའ་བར་བྱས་ཚུལ་དུ།། གདུག་པ་འདིར་ནི ་བཟའ་བར་བྱ། ། མང་དུ་སྨྲས་པས་ཅི་ཞིག་དགོས།། མ་བཅོས་པ་ཡི་སེམས་ཅན་ལ།། སྙིང་རྗེའི་ཡིད་ཅན་རྡོ་རྗེ་སེམས།། ཏིལ་སོགས་རྫས་དང་སྔགས་སྦྱོར་གྱིས།། སྡིག་པ་ཞི་བྱེད་སྦྱིན་སྲེག ་བྱ། ། རིག་པའི་བློ་ཅན་ཀུན་བཟང་གིས།། ཞོ་ལ་བསྲེག་བྱ་རྒྱས་པའོ།། མི་རྟག་གྱུར་པའི་གདུལ་བ་ལ།། འདོད་ཆགས་ཡིད་ཅན་བདེ་ཆེན་གྱིས།། བདག་ཉིད་དགོས་པ་བརྟན་བྱའི་ཕྱིར།། ་ཨུཏྤལ་དམར་སོགས་ཀྱིས་སྒྲུབ་པའོ།། འདིར་ནི་མ་རུང་སྡིག་པ་བྱེད།། གཙོར་ནི་སྦྱངས་ཕྱིར་ཁྲོ་སེམས་ཀྱིས།། མངོན་སྤྱོད་ལས་ནི་རྒྱུད་ཀུན་ལས།། བཤད་པ་ཐམས་ཅད་འདིར་བྱའོ།། ་རིག་སྔགས་སྙིང་རྗེའི་ཤུགས་ཀྱིས་འགྲོ།། ལས་ངན་རྒྱུན་གཅོད་བཅོས་མ་ཡིན།། ལས་ངན་དག་པའི་རང་བཞིན་དུ།། ཁྲོས་པས་དམིགས་པར་མི་འགྱུར་ཏེ།། སྦྱོར་བ་རྣམས་ནི་བཅོས ་མར་འགྱུར། ། བྱང་ཆུབ་བཅོས་མེད་འབད་སྤངས་པའོ།། རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟོག་པ་གཉིས་པའོ།། ། དེ་ནས་ཁམས་གསུམ་རྣམ་རྒྱལ་པོ།། སྔར་ནི་སྤྲུལ་པ ་དྲུག་པོས། ། རྟོག་པ་བཅུ་ཕྲག་དང་བཞི་ཡང་།། གཉིས་ཀྱིས་རིག་མ་འཇོམས་བྱེད་འདིར།། སྤྲུལ་པ་བརྒྱད་དུ་བསྡུས་པ་དང་།། བདག་ཉིད་གཅིག་པུ་བསྒོམ་པའང་གསུངས།། ནམ ་མཁའི་ཁམས་སུ་འབྱུང་བཞི་བསམ། ། རི་རབ་ལྷུན་པོའི་ཧྲཱི་ཡིག་ལས།། པདྨ་འདབ་གྲངས་ལྟ་བ་ལ།། ཟླ་བའི་དཀྱིལ་འཁོར་རྫོགས་པའོ།། ཧཱུཾ་ལས་བྱུང་བའི་ཁྲོ་བོ་ནི།། ཞལ་གཅིག ་ཕྱག་བཞིན་བཟའ་སྔོ། ། རྡོ་རྗེ་དྲིལ་བུ་མདའ་གཞུ་འགེངས།། སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་།། སྟག་ལྤགས་སྨད་དཀྲིས་འཇིགས་སེལ་བ།། ཁྲོ་བོ་རྣམ་རྒྱལ་བསྒོམ་པར་བྱ།། ་ཐུགས་ཀའི་ཧཱུཾ་གི་སྦྱོར་བ་ཡིས།། ཤར་ལ་སོགས་པའི་ཕྱོགས་མཚམས་སུ།། འཇིག་རྟེན་གསུམ་སྣང་རྡོ་རྗེ་དང་།། འཇིག་རྟེན་གསུམ་འདུལ་རིན་ཆེན་དང་།། འཇིག་རྟེན་གསུམ་འཆིང ་པདྨ་དང་། ། འཇིག་རྟེན་གསུམ་འཇིག་ལས་ཉིད་དག། གཡས་རྣམས་རང་མིང་མཚན་མ་ལ།། གཡོན་རྣམས་གདུག་པ་བསྡིག་པའོ།། བདུད་རྩི་འཁྱིལ་དང་དབྱུག་སྔོན་དང་།། མི་གསོ ་བ་དང་རྟ་མགྲིན་ཁྲོ། ། རྡོ་རྗེ་དང་ནི་དབྱུག་པ་དང་།། རལ་གྲི་པདྨ་གཡས་རྣམས་སོ།། གཡོན་པ་གདུག་པ་བསྡིགས་པའོ།། བརྒྱད་ཀྱི་དབུས་ན་ཁྲོ་བོ་བདག། འཇིག་རྟེན་གསུམ་གྱི་འཁྲུལ ་པ་སྦྱོང་། ། དབྱུག་པ་ནག་སོགས་ཕོ་ཉ་བཞི།། སྐུ་མདོག་མཚན་མས་བརྒྱན་པ་ཁྲོས།། ལྕགས་ཀྱུ་ལ་སོགས་སྒོར་གནས་པ།། ཁྲོ་བོའི་འཁོར་ལོ་འཇིགས་སེལ ་བསྒོམ། ། གཙོ་བཅས་རིག་པའི་ཁྲོ་བོ་ཀུན།། རྒྱུ་མའི་བ་ཕྲེང་བས་དོ་ཤལ་བྱས།། གོས་སྔོན་ཅན་ལ་སྟག་ལྤག་དཀྲིས།། གདུག་པ་སེལ་བའི་ལམ་དུ་བསྒོམ།། དེ་ནས་ཁམས ་གསུམ་རྣམ་རྒྱལ་གཙོ། ། ཁྲོ་བོའི་མཚན་ཉིད་སྔགས་བཅས་བཤད།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྤྱན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམ་པ།། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ།། འཇིགས ་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོསེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྷ་གློག ་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར ་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་ལ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གང་རྒྱངས ་ཆེན་པོ་དགོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིག་པར་བྱེད་པ། ཀླུ་ཐམས་ཅད་རླག་པར་བྱེད་པ་ལ་ཕྱག་འཚལ་ལོ།། དེ་ནས་སངས ་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། ། ཏདྱ་ཐཱ། བྷོ་བྷོ་པཾ་ནཱ་ག་ཨ་དྷི་པ་ཏ་ཡ། ཨི་དན་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ ་པཱ་ཎི་ཧྲྀ་ད་ཡཾ་ཡ་ས་མཱ་ཏི་ཀྲ་མ་ཐ་མཱ་ཀུ་ལོཏ་སཱ་ད་ནཾ། བྷཾ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུད་དྷ་བི་བུད་དྷ། མ་ཧཱི་པྲཱཔྟ་ཏ་ར་ཧ་ར་ན་ག་ནཱན། ཙྪིནྡ་ཙཱིནྡ། ནཱ་ག་ཧྲི་ད་ཡཱ་ནི། ་བྷིནྡ་བྷིནྡ་ནཱ་ག་ད་མ་ནི། བྷི་ཥིརྱནྟུ་ནཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊཱ་ཡ། ནཱ་ག་ནཱ་ཡ་ནི་ཧཱུཾ་ཧཱུཾ་ཕཊ། ཏདྱ་ཐཱ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་གོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཾ་བ་སན ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་བ་ར་ཀྲ་མཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏནྟ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱནྟ་རཱུ་པ་ཡ་ཕཊ། རོ་ཥ་ནཱ་ཡ་ཧཱུཾ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུཾ་ཕཊ་ཀུཾ་བྷཱཎྜ། ཨུཏ་སཱ་ད་ནཱ་ཡ་ཧཱུཾ་བཊ། ་པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀ་རཱི་ཡ་ཧཱུཾ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣན་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ་སརྦ་ཤ་ཧཱུཾ་སཾ་བརྟ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ཆུ་ལ་སྔགས་ཀྱིས་བཏབ་སྟ་གཏར་ན་བཏང་། ་བར་འགྱུར་རོ།། ཀླུ་བཟློག་པར་འདོད་ན་སྨུག་ཤད་ཀྱི་ལྕུག་མ་འམ་བལ་པོ་སེའུའི་ལྕུག་མས་བྱའོ།། ཡི་དགས་དང་བརྗེད་བྱེད་རྣམས་ལ་ནི་སྐུད་པ་སྔོན་པོས་བྱའོ།། རིམས་ནད་མེད་པར་བྱ་བ་དང་། ་ཡི་གེ་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ནོར་འདོད་ན་ཞག་གཅིག་སྨྱུང་བར་གནས་ཏེ་པོག་གིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་པར་འགྱུར་ལ། གསེར་གྱི ་དོང་ཚེ་བདུན་སྟོང་སྟེར་བར་འགྱུར་རོ། ། རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ།། འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི ་མར་རྙིང་པ་འམ། ཐལ་བ་འམ། ཡུངས་ཀར་གྱིས་བྱའོ།། ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ ་འགྱུར་རོ། ། བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ།། དུག་ལ་ནི་རྩཝ་ཀུ་ཤས་བྱ་བ ་པར་བྱའོ། ། བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ།། གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ། བདུན་ནམ། ་བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བརྗོད་པར་བྱའོ།། དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ།། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་གསུམ་པའོ།། ་། རྟོག་པ་འདི་དག་དབང་བྱེད་པ།། ལག་ན་རྡོ་རྗེ་ཁྲོས་པ་ལས།། བདུད་རྩི་འཁྱིལ་བའི་རྣལ་འབྱོར་གྱིས།། བྲན་གཡོག་རྣམས་ནི་བསྐུལ་བར་བྱ།། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ་འདི་ནི་བཀའ་ཙམ་ངེས་བསྒྲགས་ཅིང་།། བཻ་ཡིག་སུམ་ཅུ་རྩ་གཉིས་བརྗོད།། སྙིང་ཁའི་འོད་ཀྱིས་དབང་བྱ་ཞིང་།། གུ་གུལ་དུད་པས་དྲོད་བྱས་ལ།། སེར་སྣ་ཆེན་པོ་སང་གེ་ལ་ཞོན་པ ་དང་། རྨུགས་འཛིན་དང་། གངས་པ་བཟང་དང་། ནོར་བུ་བཟང་དང་། ཀུ་བེ་ར་དང་། ཡང་དག་ཤེས་དང་། འབྲོག་གནས་དང་། ལྔས་རྩེན་དང་། པི་ཙི་ཀུཎྜ་ལི་རྣམས ་ལ་མཁོ་བ་སྦྱིན་པར་བྱའོ། ། འདི་རྣམས་རྟལ་ཆིབས་པ་ལ།། འོད་དང་ལྡན་ཞིང་མེ་ལོང་ཅན།། རས་དཀར་གཙང་མས་གསལ་བྱས་ལ།། གསལ་སྣང་ཀུན་ནི་བྲི་བར་བྱ།། ཡང་ན ་ཀུན་ཀྱང་སྦྲུལ་ནག་ཆིབས། ། འཇིགས་པའི་མཚོན་ཆ་ཕྱག་ན་བསྣམས།། བསྐུལ་བ་དག་པར་དབང་བྱས་ན།། མངོན་སྤྱོད་ལས་ཀུན་བྱེད་པར་འགྱུར།། དྲག་པོ་དགུ་དང་ཉི་ཤུ་བརྒྱད།། ་ས་གསུམ་ཁྱབ་པ་སྤྲོས་ནས་ནི།། སྔགས་གྲུབ་སྟོབས་ཀྱིས་བདག་བྲན་བྱེད།། དུས་ཚོད་དུས་ལ་མཆོད་པ་བྱེད།། དེ་ནས་དབུལ་བས་འཇིགས་པ་ལ།། རྨུགས་འཛིན་སྒྲུབ་པ་ཡིད་འོ། ་བཤད།། ཀུན་ཀྱང་གཏེར་རྣམས་མནན་པ་ལ།། རིན་ཆེན་འབར་བས་ཁྱིམ་འགེངས་པ།། སྦྱོར་གང་རྡོ་རྗེ་ཆུས་འགྲུབ་འགྱུར།། པདྨ་ཟླ་དང་གཏེར་ཆེན་ལ།། ཛཱ་ལས ་བྱུང་བའི་གནོད་སྦྱིན་དགུ། ། བཀུག་ལ་རང་རང་གསང་སྔགས་ཀྱིས།། ཆུ་དང་བཅས་པའི་མཆོད་སྦྱིན་དབུལ།། འདི་ནི་སྔགས་ཀྱི་རྐང་པ་རྣམས་སོ།། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ ་ལཱ་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སཱཧཱ། ཨོཾ་ཀུ་བེ་རཱ་ཡ་སཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱཧཱ། ཨོཾ་གུ་ཧྱ་དྷ་ནཱ་ཡ་སྭཱཧཱ། ཨོཾ་པཉྩི་ཀཱ་ཡ་སཱཿ། ཨོཾ་བིཙི ་ཀུཎྜ་ལཱ་ཡ་སྭཱ་ཧཱ། དེ་ནས་ཡང་དག་སྤྱོད་པའི་མཆོག། ལྷ་ཡི་བརྟུལ་ཞུགས་དག་པ་བཤད།། ཀུན་ཏུ་རས་གཙང་གོས་སྔོན་བྱིན་གྱིས་བརླབ་བྱ་ཞིང་།། བྲམ་ཟེའི་རིགས་ལྟར་དྲི་ཅན་ཟས ་དང་འགྲོ་མགྱོགས་ཤ་ལས་རིང་དུ་འདུག། སྨྱུང་བར་གནས་ཤིང་ཆུས་བཀྲུས་དཀར་གསུམ་གཙང་མའི་ཟས་ཟ་ཞིང་།། ངག་གི་རླུང་བསྡམས་དང་དང་སྙིང་རྗེས་ཡིད་བརླན་བརྩོན་པར ་འཇུག། བསམ་གཏན་ཁང་པ་མདོག་ནི་སྔོ་བསྒྱུར་བ་ཡི་ལྕི་བ་དྲི་ཞིམ་ཆུ་ཡིས་བྱུགས།། དཀར་དང་སྔོ་བའི་མེ་ཏོག་བཀྲམ་ལ་སྐུ་གདུང་བླ་མ་མདུན་བཞག་ལ།། ཆོ་རིགས་བཙུན་པའི་སྒྲུབ ་པ་པོས་ནི་གོས་དཀར་བགོས་ལ་ཀུ་ཤའི་སྟན་ལ་འདུག། སྙིང་རྗེས་ཁྲོས་པའི་རིག་སྔགས་དམ་པ་མཛེས་པར་བཟླས་པ་བྱ།། རུ་རག་ཤ་ཡི་བགྲང་འཕྲེང་བརྒྱ་ཕྱེད་བྱིན་གྱིས་བརླབས་ལ ་ལག་པ་གཡས་པས་གཟུང་། ། རིལ་བུ་རེ་དང་ལྷ་རེ་སྔགས་རེ་བཅས་ནས་སྙིང་ཁུར་གཟུང་།། རྣལ་འབྱོར་འདི་རྣམས་སྤྱད་ཅིང་འགྲོ་ལ་འཇུངས་པའི་སེམས་ལྡན་པས།། བདག་དང་གཞན ་ལ་ཕན་ཕྱིར་རྟོག་པ་བཤད་པ་ཡིན། ། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་བཞི་པའོ།། །། དབྱར་ཁ་སྐྱེས་པའི་རྩ་དང་ནགས་ཚལ་ལས་བྱུང་མེ་མཆེད་ལྟར། ་རླུང་གི་གྲོགས་བྱས་བསྲེགས་ནས་ཐལ་བའི་ལྷག་མའང་མ་ལུས་བཞིན།། བསྐལ་པ་དཔག་མེད་སྐྱེས་པའི་རྟོག་པའི་དྲི་མའི་རྨ་རྣམས་ལ།། སྲུང་བ་དད་དང་བརྩོན་འགྲུས་སྔགས་བཟླས ་སེམས་དག་མེ་ཡིས་སྲེག། ཉི་མའི་སྙིང་པོ་འཛམ་གླིང་དབུས་སུ་རིགས་བཟུང་སྟེ།། སྐྱེས་དང་བུད་མེད་དབང་པོ་སྐྱོན་མེད་ཚུལ་ཁྲིམས་ཅན།། སྐྱེ་བ་སྔ་མའི་ལམ་ཤུགས་དག་དང་བླ ་མའི་ལུང་ཐོབ་པ། ། དད་དང་སྙིང་རྗེའི་སེམས་ཅན་གཏོང་བའི་ཅན་བློ་དེས།། རིག་པའི་ཁྲོ་བོ་བསྒོམ་དང་དེ་རྗེས་དེ་ནི་བཟླས་འབད་ན།། བསྟོད་དང་མཆོད་མཉེས་བྲན་གཡོག་ལྷ་མིན ་གསང་བ་བརྙས་མེད་ཅིང་། ། ཆུ་ཡི་མཆོད་སྦྱིན་འཁོར་ལོ་གཏོར་མ་ལ་བརྩོན་ཞིང་།། སྦྱིན་སྲེག་རྣམས་ཀྱིས་ལྷ་དང་བྲན་གཡོག་མཉེས་བྱས་ན།། རིང་པོར་མི་ཐོགས་སྒྲུབ་པ་པོས་དེས ་རྟགས་དང་ཕྱག་རྒྱ་འབྱིན་པར་འགྱུར། ། འདིར་ནི་མང་དུ་སྨྲས་མི་དགོས།། སྔར་ནི་རྡོ་རྗེས་འོག་ཏུ།། བཤད་པའི་མཚན་མ་སྟེར་བར་འགྱུར།། ཟངས་ལྕགས་བླ་མའི་གནང་བྱའོ།། ་ལུས་སོགས་རིགས་པའི་དབང་གྱུར་ནས།། མེ་དང་རླུང་སོགས་འབྱུང་བ་དང་།། ནད་དང་གདོན་དང་བྱད་རྣམས་དང་།། བདུད་ཀྱིས་གླགས་ནི་རྙེད་མི་འགྱུར།། ་མེ་ལྕེ་འཕྲེང་བའི་རྟོག་པ་ལས།། བཤད་པའི་འཆི་བའི་སྦྱོར་བྱུང་ན།། སེར་ན་འདི་ནི་ཕ་རོལ་འཕང་།། སྨོན་ལམ་ལམ་ན་སྣ་བརྟེན་ནས།། འདི་འོག་བྱང་ཆུབ་སེམས་དཔའ་ནི།། འགྲོ་བ་སྨིན ་པའི་བླ་མར་འགྱུར། ། ཡང་ན་སྲིད་པའི་བར་མ་དོར།། སྔགས་ཀྱི་རྣམས་ཤེས་གཟི་བསྐྱེད་ནས།། འགྲོ་ཕན་རིག་པ་འཛིན་འགྱུར་ནས།། དེ་ཡི་འོག་ཏུ་སེམས་པའོ།། ཐ་མའང་ལམ་ལ ་བརྟེན་ནས་ནི། ། རང་འདོད་དམ་པའི་ལུས་རྙེད་ནས།། སྔ་མ་ལམ་སེལ་དེ་འོག་ཏུ།། དངོས་གྲུབ་ལ་ནི་རྣམ་པར་གནས།། ལྷ་དང་སྔགས་སོགས་རྟོགས་པ་དེས།། རྟོག་པ་དམན་པ་མནན་པ ་ཡིན། ། ནམ་མཁའ་ལྟ་བུར་རྟོག་མེད་ལ།། འཇིག་རྟེན་ངོར་ནི་རྟོག་པས་སྤྲུལ།། གདུལ་བྱ་སྡང་སོགས་སེམས་འཁྲུགས་ལ།། ང་ནི་སྙིང་རྗེས་སྡང་བར་མཛད།། ཁྲོ་སོགས་གསལ་དུ ་མེད་གྱུར་ན། ། ཁྲོ་བོར་ད་ནི་ཅི་ཕྱིར་འགྱུར།། དང་པོ་རྣལ་འབྱོར་འཚེ་བ་བཅོམ།། དེ་ཕྱིར་རིག་སྔགས་སྦྱོར་བ་རྣམས།། རྒྱུད་ཀུན་ཏུ་ནི་གསུང་བ་ཡིན།། འཚེ་བ་བཅོམ་ནས་དག་པ་ནི།། ་སེམས་དག་པ་ནི་བདེ་བ་ཡིན།། གདུག་པའི་སྦྱོར་བ་ཕྲོགས་པས་ན།། བདེ་བར་བྱང་ཆུབ་ལམ་བརྟེན་ལ།། རྡོ་རྗེ་སྐུ་ཉིད་འགྱུར་མེད་ལ།། བདག་གིས་རིག་པའི་ཡེ་ཤེས་དེ།། ལུས་ཅན ་དེ་ཡི་འབྲས་བུའོ། ། ཇི་ལྟར་ཤེས་ནི་འཛམ་བུ་ཀའི།། མེ་ཏོག་གིས་ནི་གཞན་དུ་སྣང་།། དེ་བཞིན་རྟོག་མེད་རིག་པ་ཡང་།། ཁྲོ་བོའི་དབང་ཕྱུག་འདིར་སྣང་ནས།། ཇི་ལྟར་འདུལ་རྒྱུར་སྤྲུལ་པ་ཡིས། ་རྒྱུན་མི་འཆད་པར་ཁྲོ་བོར་སྣང་།། སྙིང་རྗེ་མེད་ན་འབྲས་བུ་ཉམས།། འགྲོ་ལ་ཕན་བཏགས་གནོད་བསལ་ན།། རང་སེམས་དག་པས་འབྲས་བུ་འགྲུབ།། རྒྱུ་དང་འབྲས་བུའི་སྒྲིབ་པ་རྣམས།། ། ་བྱང་ཆུབ་སེམས་ཀྱིས་རིང་དུ་སྤང་།། འདིས་ནི་འཁོར་བ་འཇིག་པར་ངེས།། བརྟན་དང་གཡོ་བའི་སྒྲིབ་པ་རྣམས།། བློ་མཉམ་དུས་ན་གཉེན་པོ་དང་།། མི་མཐུན་ནམ་མཁའ་ལྟར་ཡང་པ།། ་ལྷུན་གྱིས་འགྲུབ་འབྲས་ཕྱེ་མ་ཡིན།། ཇི་སྲིད་རྟོག་པའི་དྲི་མ་ཡོད།། དེ་སྲིད་འབད་དེ་རིག་པ་བསྒོམ།། སེམས་སྦྱོང་སྔ་མ་རིག་པ་ཡིས།། རྒྱུད་ཉིད་དུ་ནི་འདོད་པ་ཡིན།། གང་ལ་སེམས ་ནི་དྲི་མེད་པ། ། རྟོག་པའི་དྲི་མས་ནག་པོར་བྱས།། དེ་ལ་སྤང་བའི་བློ་མེད་པ།། རྟོག་པའི་བློ་ཅན་འཁོར་བ་ཡིན།། དེ་ཕྱིར་ཤཱཀྱའི་རིགས་ཅན་རྣམས།། ས་འོག་ཏུ་རྒྱུ་བའི་ཀླུའི་རྟོག་པ ་ལ་སོགས་པ་ཚར་གཅོད་པའི་ཕྱིར་སྦྱོར་བ་རྣམས་ལ་གུས་པར་བྱའོ། ། རྡོ་རྗེ་ས་གསུམ་དུ་རྒྱུ་བ་ལས་རྟོག་པ་ལྔ་པ་རྫོགས་སོ།། །། དབང་ཕྱུག་དམ་པའི་མངའ་བདག་ཁྲི་སྲོང ་