CLOSE WINDOW

S444: rab tu gnas pa mdor bsdus pa'i rgyud
Wyliee-texts produced with BDRC’s OCR application

མཛོད་དེ་དགེས་འགྲོ་བ་ཀུན། ། འགྲོ་མགོན་ཐུབ་ཆེན་ཉིད་གྱུར་ཅིག། བཀྲ་ཤིས་པར་གྱུར་ཅིག།། ། རྒྱ་གར་སྐད་དུ། སཾ་ཀྵེ་པ་པྲ་ཏིཥྛ་བི་དྷི་ཏནྟྲ། བོད་སྐད་དུ། རབ་ཏུ ་གནས་པ་མདོར་བསྡུས་པའི་ཆོ་གའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་བྱིན་གྱིས ་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་ག་གསུངས་པ། སློབ་དཔོན་དེ་ཉིད ་བཅུ་ཤེས་ཤིང་། ། མཚན་ཉིད་ཀུན་དང་ཡང་དག་ལྡན།། ཕྱག་རྒྱ་སྔགས་དང་ཆོ་ག་ཤེས།། ལས་རྣམས་ཀུན་ལ་མཁས་པས་སོ།། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ།། ཞི་བ་ལ་སོགས་རོ་ཡིས་ལྡན།། ཚད་ཀྱིས ་ཚད་ལ་ཕབ་ཅིང་བཟང་། ། དེ་འདྲ་རབ་ཏུ་གནས་པར་འགྱུར།། ཡང་ཐོག་མཆོད་རྟེན་སོགས་གནས་དང་།། ཁྱིམ་དང་ལྷ་ཡི་གནས་རྣམས་སུ།། སངས་རྒྱས་ལ་སོགས་རབ་གནས་ནི།། ཆོ་ག་དག་དང་ལྡན་པས ་བྱ། ། ཆོ་ག་དམན་པས་མི་བྱ་སྟེ།། རབ་གནས་རྟག་པར་བཀྲ་མི་ཤིས།། འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ།། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ།། དེ་བས་འབད་པ་ཐམས་ཅད་ཀྱིས།། དངོས་གྲུབ ་འདོད་པས་ནན་ཏན་བྱ། ། ཆོ་ག་བདག་ཉིད་ནུས་པ་ཡིས།། བརྟག་པ་ལས་གསུངས་ཚུལ་ལེགས་པས།། དེ་བྱས་བསོད་ནམས་ཆེ་བ་ནི།། མཐོང་དང་མི་མཐོང་རྣམས་སུ་སྐྱེ།། སྐུ་གཟུགས་སྔགས་ཀྱི ་མཚན་ཉིད་ཀྱིས། ། དེ་ལ་བྱིན་རླབས་འཇུག་པར་འགྱུར།། གང་དུ་སྐུ་གཟུགས་རྫོགས་པ་ལ།། བྱིན་མ་བརླབས་པར་རིང་གནས་ན།། དེ་ལ་བཀྲ་མི་ཤིས་འགྱུར་ཞིང་།། དེ་སྲིད་མཆོད་པར་དེ་མི་འོས།། དཔེར ་ན་སྐྱེས་བུ་ལ་ལ་ཞིག། རིག་པའི་མཚན་ཉིད་སྤངས་པ་ན།། འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད།། དེ་དེ་བཞིན་དུ་གཟུགས་བརྙན་དེ།། རབ་གནས་མ་བྱས་གཟུགས་བརྙན་ལ།། གང་གིས་མཆོད་ཅིང་ཕྱག་བྱེད ་པ། དམ་ཚིག་བྲལ་ཞིང་སྔགས་དམན་པས།། སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས།། དེ་བཞིན་དུ་ཡང་སྔགས་གནས་པས།། ཆོས་ལྡན་མཆོད་པ་བྱེད་པ་གང་།། དེ་ཡི་ལས་ཀྱི་རྣམ་སྨིན་གྱིས།། སྐྱེ་བ་དུ ་ནི་མཆོད་པར་འགྱུར། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་ལགས་ན། ཇི་ལྟར་ན་རྒྱལ་བ་རྣམས་ཀྱིས་རབ་ཏུ་གནས་པ་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས།། རབ་ཏུ་གནས་པ་གང་ནའང་མེད།། ཀུན་ཏུ་མཁའ་ལྟར་གནས་པ་ལ།། ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟགས།། འཇིག་རྟེན་ཀུན་རྫོབ ་ལ་བརྟེན་ནས། ། རབ་ཏུ་གནས་པ་རབ་ཏུ་བརྟགས།། དམ་པའི་དོན་དུ་དཔྱད་པ་ན།། གང་ཞིག་གང་གི་གང་དུ་བརླབ།། གཟོད་མ་ནས་ཞི་སྐྱེ་མེད་པ།། ཅི་འདྲས་ཇི་ལྟར་རབ་ཏུ་གནས།། དང་པོའི་ལས་ཅན་སེམས་ཅན ་རྣམས། རྟོགས་པའི་རྒྱུ་རུ་བཤད་པར་ཟད།། དང་པོར་རེ་ཞིག་ཡོངས་སུ་བརྟག་པའི་གནས་ཡོངས་སུ་སྦྱངས་པ་དང་། གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། བ་དན་བསྒྲེང་བ་རྣམས་སུ་མཆོག་ཏུ་གསོལ་བ་འདེབས ་པས། གསོལ་བ་བཏབ་པའི་བླ་མ་སྤོས་དང་མེ་ཏོག་ལ་སོགས་པ་དང་ལྡན་པས། ཚེས་དང་རྒྱུ་སྐར་ཤིས་པ་ལ་སློབ་དཔོན་ལེགས་པར་མཉམ་པར་བཞག་པས་རབ་ཏུ་གནས་པའི་སར་འཁོད་དེ། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རིགས་ལྔ་དང་རབ་ཏུ་འབྲེལ་བ་ཡིན་ལ། དེ་བཞིན་དུ་རབ་ཏུ་འབྲེལ་བའི་དཀྱིལ་འཁོར་གྱི་ཚོགས་ས་ཡོངས་སུ་བཟུང་ཞིང་རྡུལ་ཚོན་གྱི་ལས་དང་། ཐིག་གདབ་པ་དང་། ་གསོལ་བ་གདབ་པ་ལ་སོགས་པ་བྱས་ལ། རྩ་བའི་སྔགས་སམ་རྒྱུད་ཀྱི་དགོངས་པས་སའི་གཏེར་དུ་ནོར་བུ་འམ་སོར་གདུབ་བཅུག་ལ། དེ་ནས་ལྷའི་ཁང་པར་རང་གི་སློབ་མ་བཅུག་སྟེ ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུར་བལྟས་ལ། ལྷ་ལ་མངོན་པར་ཕྱོགས་ཏེ་ཕྱག་འཚལ་ཞིང་། ཇི་ལྟར་འབྱོར་པའི་མེ་ཏོག་ཐལ་མོ་དང་།། དྲི་ཆུ་གཙང་མས་ཆོ་ག་བཞིན་བརྟག ་ལ། ཏིང་ངེ་འཛིན་ལ་ལེགས་གནས་པས།། ཞབས་བསིལ་མེ་ཏོག་སྤོས་སོགས་ལྡན།། རྣམ་པར་མི་རྟོག་སེམས་ཀྱིས་ནི།། མཆོད་ཡོན་རྣམས་ནི་ཕུལ་བྱས་ལ།། མཉམ་པར་བཞག་པས་སྔགས་འདི་ཡིས།། ལན ་གསུམ་བར་དུ་བརྗོད་པར་བྱའོ། ། ཨོཾ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ས་མ་ཡ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི།། དགའ་ལྡན་དུ་ནི་གནས་པ་ནི།། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར།། དེ་བཞིན་གཟུགས་བརྙན་འདིར ་ཞུགས་ཤིག། འདི་རུ་མགོན་པོ་རྟག་བཞུགས་ནས།། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། འདི་ཞེས་བྱ་བའི་དོན་སླད་དུ།། བདག་གི་འབྱོར་པ་ཉིད་ཀྱིས་ནི།། ཅི་འབྱོར་པ་ཡི་མཆོད་པ་རྣམས།། མེ་ཏོག་ལ་སོགས་འདི་བཞེས ་ཤིག། བདག་དང་སློབ་མར་བཅས་པ་ལ།། རྗེས་སུ་བརྩེ་བས་དགོངས་སུ་གསོལ།། ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་།། དེ་ཉིན་དུ་ནི་བཞུགས་པར་རིགས།། སྐུ་གཟུགས་སྟ་གོན་ལེགས་བྱས་ལ།། དེ་ནས ་བརྟག་པ་མཉམ་པར་བརྩམ། ། སློབ་མ་སྨྱུང་བར་གནས་པ་ཡིས།། དེ་ལྟར་ཐམས་ཅད་དབང་བས་ལ།། སྔགས་པས་མཆོད་པའི་ཆོ་ག་སོགས།། བླ་མ་ཡིས་ནི་གང་བསྒོ་བ།། མ་འཚོགས་པ་ཀུན་བསྒྲུབ ་པར་བྱ། ། མཆོད་ཡོན་འབྲས་བུ་ཆེན་པོར་འགྱུར།། དེ་ནས་སྔགས་པས་སྙན་གསན་དབབ།། གདན་ལ་བསྟིམ་བྱས་མཆོད་ཡོན་དང་།། མཆོད་པ་སྤོས་དང་མེ་ཏོག་དང་།། དེ་བཞིན་དུ་ནི་མར་མེ་དང་།། སྔགས་དང་ལྡན་པས་དབུལ་བར ་བྱ་སྐུ་གཟུགས་མདུན་དུ་ཕྱོགས་བྱས་ལ། ། ན་བཟའ་སེར་པོས་གཡོགས་བྱ་ཞིང་།། དེ་ནས་སྔགས་པས་འདུ་བྱ་བ།། ཁྱད་པར་དུ་ནི་བདུག་པར་བྱ།། དེ་ནས་གྲུབ་ཕྱིར་དེ་ལ་ནི།། དེ་ལ་ལན་ཅིག་གཏོར་བྱ་བ།། དེ་ནས་དེ་ལ ་སྔགས་འདི་ནི། ། མེ་དང་དེ་ནས་ཆུ་ལ་ནི།། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བྱ་བས་སོ།། དེ་ནས། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། དོན་བཞིན་དུ་ནི་བསྒོམ་བྱ་སྟེ།། དེ་ནས་གསུམ་གནས་རྣམས་སུ་བསྟིམ།། ཨོཾ་ཧཱུཾ་ཨཱཿ ་ཡི་གེ་གསུམ། ། ཨོཾ་ཡིག་སྤྱི་བོར་བསྟིམ་བྱ་ཞིང་།། སྙིང་ཁར་ཧཱུཾ་གི་ཡི་གེར་འགྱུར།། ངག་གི་ཕྱོགས་སུ་ཨཱཿཡིག་གོ། སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ།། ཡང་ན་གང་གི་ས་བོན་གང་ཡིན་པ།། དེ་ཡི་ཐུགས་ཀར་དེ་དགོད ་དོ། ། ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ཞིང་།། ཅི་རིགས་པར་ནི་སྙན་གསན་དབབ།། གསེར་རམ་དངུལ་ལམ་ཟངས་མ་འམ།། རྡོ་དང་དེ་བཞིན་ཤིང་དང་ནི།། ཡང་ན་ཤིང་ལོའི་འདབ་མ་རྣམས།། མཆོད་ཡོན་དུ་ནི་སྦྱར་བར་བྱ།། ་དེ་བཞིན་བུམ་པ་གསེར་ལ་སོགས།། ཟངས་མའི་སྣོད་ཀྱི་མཆོད་ཡོན་ནི།། མཆོད་ཡོན་སྣོད་ལ་རབ་ཏུ་ཤིས།། གལ་ཏེ་ནུས་པས་མ་རྙེད་ན།། ཇི་ལྟར་རྙེད་པས་ཀུན་ཏུ་བྱ།། དེ་ནས་དེ་ཡི་ཏིལ་མར་སོགས།། དུར་བའི་བོན་གྱི་པིར ་གྱིས་སྦྱང་། ། བཀྲ་ཤིས་རྔ་ལ་སོགས་པའི་སྒྲས།། ན་ཆུང་རྣམས་ཀྱིས་དེ་བཞིན་བརྗོད།། ཏིལ་མར་ལ་སོགས་པའི་སྔགས་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། བུམ་པ་ལྔ་འམ་ཡང་ན་བརྒྱད།། ་ཙན་དན་ལ་སོགས་རྣམས་ཀྱིས་བྱུགས།། སྣ་ཚོགས་དྲི་ཆུས་དགང་བ་དང་།། འཁོར་ལོ་བྱས་ལ་མངོན་པར་བསྔགས།། བུ་མོས་བཀལ་བའི་སྲད་བུ་འམ།། ཡང་ན་གསོ་མའི་སྐུད་པའང ་རུང་། ཚོན་ཆེན་པོ་ཡིས་བསྒྱུར་བྱས་ལ།། དེ་ལ་སྔགས་ཀྱིས་དཀྲི་བར་བྱ།། སྨན་ལྔ་རིན་ཆེན་ལྔ་དང་ནི།། མེ་ཏོག་འབྲས་བུར་ལྡན་པ་སྟེ།། སྐུ་གསུམ་པ་དང་ཡུངས་ཀར་ལྡན།། བུམ་པ་མངོན་པར་བསྔགས་པར་བྱ།། གཙུ ་ཏོར་རྣམ་རྒྱལ་ཞེས་བྱ་བ། ། གཟི་བརྗིད་གཞན་གྱིས་མི་བརྫི་དང་།། བཀྲ་ཤིས་ཞི་རྣམས་སྔགས་ཀྱིས་ནི།། ཁྲུས་ཀྱི་ཆེད་དུ་མངོན་པར་བསྔགས།། འཇམ་པའི་ཏིལ་མར་དག་དང་ནི།། ཨུ་དུམ་བ་རའི་ལྕུག་མ་བཟང་། ་འཁར་བའི་སྣོད་ཀྱི་ནང་དག་ཏུ།། བཀོད་ལ་རབ་ཏུ་དབུལ་བར་བྱ།། དྲི་ལྔ་ཡིས་ནི་དེ་ནས་བྱུགས།། ས་བོན་ལྔ་ནི་གཏོར་བར་བྱ།། སློབ་མ་ཚོགས་དང་བཅས་པ་ཡི།། སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ།། བཀྲ་ཤིས་ཞེས ་བྱ་ཡིད་འོང་བའི། ། བློ་དང་ལྡན་པས་ཚིགས་བཅད་བརྗོད།། རིག་མ་སྤྱན་མ་ཇི་བཞིན་དུ།། ཆོ་ག་བཞིན་དུ་མངོན་དབང་བསྐུར།། སྔགས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་གཤེགས ་ཀུན་ཁྲུས་གསོལ་ལྟར། ། དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ཞེས་བྱ་བ་ལ་སོགས་པས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། ལུགས་མ་ལ་ནི་དངོས་སུ་བཀྲུ།། རི་མོ་རྣམས་ནི་མེ་ལོང་ལའོ།། ་དག་བྱེད་ལྔས་ནི་སྔོན་དུ་བསྒོ།། དུར་བ་ཡིས་ནི་མེད་པར་བྱ།། རས་སམ་ལག་པ་དག་གིས་ནི།། བློ་དང་ལྡན་པས་སྐུ་ལུས་ཕྱི།། གུར་ཀུམ་མར་དང་བཅས་པ་བསྐུ།། གོས་བཟང་དག་ཀྱང་སྐུ་ལ ་གསོལ། ། བློ་དང་ལྡན་པས་སྔགས་འདི་ཡིས།། དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ།། ཨོཾ་དྷི་བཛྲ་བཱ་ས་སེ་སྭཱཧཱ། ཨོཾ་བཛྲ་གནྡྷེ་སྭཱཧཱ། ཨོཾ་བཛྲ་ཨཱ་བ་ར་ཎ་བ་སུ་ཥ་ཎེ་སྭཱཧཱ། བློ་ལྡན་གྱིས་རང་དམ་ཚིག་བསྐུལ། ་ཕྱག་རྒྱ་སྔགས་ཀྱིས་དབང་བསྐུར་ལ།། ཇི་ལྟར་འོས་པར་མངོན་དབང་བསྐུར།། ཨོཾ་ཧཱུཾ་ཨཾ་ཛྲིཾ་ཁཾ། དེ་ལྟར་ཅོད་པན་བཅིང་བ་བྱས་ལ་བཞུགས་སུ་གསོལ་ཏེ། བརྟག་པ་ལས་གསུངས་པའི་ཚུལ་གྱིས་སོ།། མདུན ་གྱི་ཕྱོགས་ནི་མ་ནུབ་ཅིང་། ། ཡོ་བ་མིན་ཞིང་དྲང་བ་ཡིས།། དེ་ལྔར་སྐུ་གཟུགས་མཛེས་པར་དགོད།། དེ་ལྟར་མིན་ན་སྐྱོན་འབྱུང་འགྱུར།། མེ་ཏོག་སོགས་དང་དེ་བཞིན་དྲི།། མར་མེ་ན་བཟའ་སོགས་སྦྱོར་གང་།། དེ ་ཀུན་སྔགས་དང་ལྡན་པ་ཡིས། ། ལྷ་རྣམས་ལ་ནི་དབུལ་བར་བྱ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་བྱ་བ་འདི་དག་ལ་སོགས་པས་སོ།། མཆོག་གི་མེ་ཏོག་འདི་དག་ནི།། ཆུ་དང་ཐང་ལས་དེ་བཞིན་སྐྱེས།། མཆོག་ཏུ་དང ་པས་ཁྱེད་ལ་འབུལ། ། ཅི་བདེ་བར་ནི་སོ་སོར་བཞེས།། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་།། མཆོག་གི་བདུག་པ་འདི་དག་ནི།། བདག་གིས་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་བནས་སུ་གསོལ། ་ལྷལྡན་ཅིག་སྐྱེས་དང་སྦྱར་ལས་བྱུང་།། མཆོག་ཏུ་གྱུར་པའི་དྲི་འདི་ནི།། མཆོག་གི་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་སོ་སོར་བཞེས།། མུན་པ་འཇོམས་བྱེད་སྣང་བའི་མཆོག། མར་དང་ཏིལ་གྱི ་མར་མེ་འདི། ། ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར།། དད་པས་བདག་གིས་འབུལ་བར་བགྱི།། བཟའ་དང་བཅའ་བ་ཕུན་སུམ་ཚོགས།། ཁ་དོག་དྲི་རོ་རྣམས་དང་ལྡན།། ཐམས་ཅད་ལྡན་པ་ལྔ་ཡི་བཤོས།། བདག་གིས་དངུལ་གྱིས་སོ་སོར ་བཞེས་དེ་ལ་སོགས་པ་གང་ཡང་རུང་། ། ཅུང་ཟད་ཅི་འབྱོར་སྐུ་གཟུགས་ལ།། དེ་དག་ཐམས་ཅད་འདི་ཉིད་ཀྱིས།། རིམ་པ་ཡིས་ནི་དབུལ་བར་བྱ།། སྔགས་ཀྱི་གཙང་སྦྲ་ཙཱ་རུ་བྱ།། དེར་ནི་གསེར་གྱི་རང་བཞིན ་གྱི། ། ཐུར་མས་སྤྱན་ནི་དབྱེ་བར་བྱ།། ཞལ་ཟས་དེར་དབུལ་བློ་ལྡན་པས།། ཨོཾ་ཙཀྵུཿཙཀྵཿས་མནྟ་ཙཀྵུ་ར་བི་ཤོ་དྷ་ནི་སྭཱཧཱ། ཨོཾ་དྷི་བྱ་ཨ་ནེ་ས་མཱ་དྷི་དྷྱཱ་ན་པྲི་ཎ་མེ་སྭཱ་ཧཱ། དེ་ལྟར་བྱས་ཏེ་དེ་ནས་ཡང་།། སློབ་མ་རབ་ཏུ་བཅུག་བྱས་ལ། ་ཁྱོད་ཀྱིས་ང་ལ་གོང་གསོལ་བའི།། སྐུ་གཟུགས་དག་ནི་ཁྱད་པར་དུ།། ཇི་ལྟར་གསུངས་པར་རབ་གནས་པར།། དེ་དག་དོན་ནི་ངས་བྱས་ཏེ།། དེ་རྣམས་དོན་ནི་གྲུབ་ཟིན་གྱིས།། ཅི་བདེ་བར་ནི་མཆོད་པར་བྱོས།། དེ ་ནས་དམ་ཚིག་དབང་བསྐུར་བས། ། ཁྱོད་ལ་བྱས་ཀྱིས་སྲེག་བླུགས་ནི།། སྟོང་ངམ་ཡང་ན་དེ་ཡི་ཕྱེད།། མངར་གསུམ་བཏགས་ལ་འབྲུ་རྣམས་ཀྱིས།། འོ་མ་ཅན་གྱི་བུད་ཤིང་ལ།། སྲེགས་ཁུང་གྲུ་བཞིར་སྲེག ་བླུགས་བྱ། ། དེ་ཉིད་མར་དང་འོ་མ་ཡིས།། ལྷག་པའི་ཙཱ་རུ་ཕུལ་བྱས་པས།། བདག་དང་སློབ་མ་ཐམས་ཅད་ནི།། ཞི་དང་རྒྱས་པ་འཕེལ་བར་བྱ།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ཨཱ་གཙྪ་ཧ་རི་པིང་ག་ལ་དཱིཔྟ་ཀྵ་དེ་ཧི་དེ་ཧི་དཱ་པ ་ཡ་ཨི་དན་ཙ་མེ་ཀཨཱརྱཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་པུཥྤ་ཡེ་སྭཱ་ཧཱ། དེ་ལྟར་བྱས་ལ་འབད་པ་ཡིས།། ཁྲི་ཡི་སྟེང་དུ་བཞུགས་པར་བྱ།། སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆའི།། ཚད་ཙམ་དུ་ནི་རབ་ཏུ་བསྒྲགས།། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ་མེ་ཏོག་སྤོས་སོགས་སྔོན་འགྲོ་བས།། ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ།། ཨོཾ་ཨིནྡྲ་ཡ་སྭཱ་ཧཱ། ཞེས་བྱ་བ་དབང་ལྡན་ལ་ཐུག་གི་བར་དུ་རོལ་མོའི་སྒྲ་ལ་སོགས་པས་ཡང་དག་པར་མཆོད་དེ། གཤེགས་སུ་གསོལ ་བར་བྱ་བ་ནི། ། རྫོགས་སངས་རྒྱས་དང་དེ་ཡི་སྲས།། ཚངས་སོགས་ལྔ་ཡི་ཚོགས་རྣམས་དང་།། གང་དག་ཆོ་ག་མ་ཚང་བས།། དེ་དག་བཟོད་པ་མཛད་པར་རིགས།། ཀུན་ཏུ་ཞི་དང་རྒྱས་པ་རུ།། ཡོན་བདག་ཚེ་ལ་རབ ་མཛད་ནས། སངས་རྒྱས་ཡུལ་དུ་གཤེགས་ནས་ནི།། སླར་ཡང་འབྱོན་པར་མཛད་དུ་གསོལ།། ས་དང་ཆུ་དང་མེ་རླུང་གི། ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ།། བསྐལ་པ་བརྒྱ་རུ་སྲུང་གནས་མཛོད།། དགྱེས་ཤིང་ཡིད ་བཟང་འགྱུར་བ་ཡིས། ། སློབ་དཔོན་བླ་མར་བཅས་པ་ཡི།། བུ་དང་ཚ་བོ་བསྲུང་མཛད་ནས།། རང་གནས་དགེ་བར་གཤེགས་སུ་གསོལ།། དཔྱིད་བླ་ར་བའམ་དཔྱིད་ཟླ་འབྲིང་།། དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། ་དབྱར་ཟླ་དེ་བཞིན་དབྱར་འབྲིང་ངོ་པོ།། ཉི་མ་བྱང་དུ་གནས་པ་ཡི།། དཀར་པོ་ཕྱོགས་ཀྱི་གཉིས་པ་འམ།། རིམ་བཞིན་དེ་ལྟར་གསུམ་པ་འམ།། གང་ཚེ་གཟའ་དང་རྗེས་མཐུན་ན།། ནག་པོའི་ཕྱོགས་ལའང ་བརྩམས་པར་བྱ། ། གང་ཚེ་ཐམས་ཅད་མཐུན་གྱུར་ན།། མི་རྣམས་ཡུན་དུ་འཕེལ་བར་བྱེད།། བཅོ་ལྔ་དེ་བཞིན་བརྒྱད་པ་དང་།། བཅུ་གསུམ་པ་ཡང་དེ་བཞིན་ནོ།། གནམ་སྟོང་དང་ནི་དེ་བཞིན་དུ།། བཅུ ་བཞི་པ་ལའང་བྱ་བ་མིན། ། ཐམས་ཅད་དུ་ནི་ཆུ་སྨང་དང་།། སྣར་མ་གྲོ་བཞིན་དེ་བཞིན་ཏེ།། ལག་པ་སྣརུབས་དང་སྔོན་དང་ནི།། རྒྱལ་དང་ཆུ་སྨད་དེ་བཞིན་ནོ།། ཁྲུམས་སྦྲང་དག་ཀྱང་དེ་བཞིན་དུ།། རྒྱུ་སྐར་འདི་རྣམས་ཐམས་ཅད་དུ།། སྐྱེ་དགུ ་འཕེལ་ཞིང་དེ་ཡི་ནི། ། རབ་ཏུ་གནས་པ་མཆོག་ཏུ་བྱེད།། ཡིད་ལ་འདོད་པ་ཅི་ཡང་རུང་།། དངོས་གྲུབ་མོ་བཞིས་སྟེར་བར་འགྱུར།། ལུང་ལས་ཤེས་པའི་ཡང་དག་པ།། ཁྲུམས་སམ་ཡང་ན་གྲོ་བཞིན་གྱིས།། ལག་གིས ་སྐལ་བཟང་སྣར་མས་ནི། ། གཞན་དག་ལས་ནི་རྒྱལ་བར་བྱེད།། མགོ་ཡིས་ཞི་བ་ཉེ་བར་སྟོན།། ཆུ་སྟོད་ཀྱིས་ནི་བུ་དག་གསོན།། རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས།། རྒྱལ་གྱིས་རྟག ་པར་ཚེ་རིང་འགྱུར། ། སྣརོན་གྱིས་མཆོག་ཏུ་བདེ་བར་བྱེད།། ལྷ་མཚམས་ཀྱིས་ནི་མཆོག་སྔར་འགྱུར།། ཕུར་བུ་ལག་དང་པ་ཝ་སངས།། ཟླ་བའི་གཟའ་སོགས་ཤེས་བྱ་སྟེ།། འདི་རྣམས་བཟང་ལྡན་ལ་བྱས་ན།། རབ་ཏུ་གནས་པ་མཆོག་ཏུ་དགེ། གསུམ ་པ་དྲུག་པ་བདུན་པ་ལ། ། བཅུ་དང་བཅུ་གཅིག་ལ་ཟླ་བ།། གཉིས་པ་བཞི་པ་དེ་བཞིན་བརྒྱད།། བཅུ་དང་བཅུ་གཅིག་རྣམས་ལ་ལག། གཉིས་དང་བདུན་དང་དེ་བཞིན་དགུ།། དེ་བཞིན་ཕུར་བུ་བཅུ་གཅིག་པ།། དུས་སྦྱོར་བཞི་པ་ལ ་བརྟེན་ནས། ། དེ་ལ་ལྷག་པར་གནས་པར་བྱ།། དྲུག་བདུན་བཅུ་པ་དོར་བ་ཡི།། པ་ཝ་སངས་ཉིད་དགེ་བ་ཡིན།། དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱིས།། སྟོབས་ལྡན་མི་ལྡན་དེར་ཤེས་བྱ།། གང་ཚེ་ཞི་བའི་གཟའ ་རྣམས་དང་། ། ཞིང་རྣམས་ཞི་བ་དགེ་བ་ཡིན།། དང་པོ་ལྔ་པ་གསུམ་དེ་བཞིན།། ནོར་རྣམས་འཇོམས་པ་སྤང་བར་བྱ།། རྗེས་སུ་མཐུན་པར་བྱེད་པ་པོས།། སྐད་ཅིག་དེ་ལ་ཡོངས་གྲུབ་ཅིང་།། ཇི་ལྟར་གསུངས་བཞིན ་ཀུན་བྱས་ན། ། རབ་ཏུ་གནས་པ་མཆོག་འགྱུར་ཞིང་།། འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི།། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། གཟའ་དང་རྒྱུ་སྐར་འདིར་མེད་དེ།། བགེགས་དང་ལོག་པར་འདྲེན་པའང་མེད།། གཟའ་རྣམས་ཐམས་ཅད་རྗེས ་མཐུན་ཕྱིར། ། བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད།། དེ་རུ་སྒྲུབ་པར་ཀུན་གནས་ཤིང་།། གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱིས།། དངོས་གྲུབ་དག་ནི་སྟེར་བར་མཛད།། ཡིད་ཀྱིས་ཅུང་ཟད་གང་བསམས་པ།། སྐྱེ་དང་སྐྱེ་བ་འགྲུབ་པར ་འགྱུར། ། རྒྱན་རྣམས་མ་ལུས་པ་ཡིས་ནི།། ཕྱི་ནས་བཟོ་བོ་རྣམས་ལ་མཆོད།། གང་དག་དེ་ལ་གྲོགས་བྱེད་པ།། གཞན་དག་ཀྱང་ནི་མཆོད་པར་བྱ།། དེ་ནས་དེ་དག་ཐམས་ཅད་ལ།། དགའ་བས་འདི་སྐད་བརྗོད་པར་བྱ།། ཇི ་ལྟར་གསུངས་པའི་མཆོད་པ་རྣམས། ། བདག་ལ་མཐུན་པའི་ནུས་པ་མེད།། དེ་ཕྱིར་ཁྱོད་ལ་བདག་བཟོད་གསོལ།། སྔགས་ཀྱི་གཙང་སྦྲའི་བཟའ་བྱ་དག། གཟུགས་བརྙན་དག་ལ་བཞིན་བྱ་སྟེ།། བདེར་གཤེགས་ལྷག་མ་འདི ་དག་ནི། ། ཟོས་ཤིང་སྡིག་པ་བྱང་བར་འགྱུར།། ཞེས་བྱ་བས་སོ།། གླང་པོ་རྟ་གླང་ཤིང་རྔ་ནོར།། ཡོན་གྱི་དམ་པ་དབུལ་བར་བྱ།། དེ་ནས་དེ་ལ་ནན་ཏན་གྱིས།། ལོངས་སྤྱོད་གཡོ་བ་དབུལ་བར་བྱ།། གལ་ཏེ་ལྷ་ཉིད་དགྱེས་འདོད་མ ་བླ་མ་གུས་པས་དགྱེས་བྱ་ཞིང་། ། དེ་ལྟར་རྣམ་པ་ཐམས་ཅད་དུ།། བླ་མ་ཡང་དག་མཉེས་པར་བྱ།། དེ་ནས་གང་དག་བརྟུལ་ཞུགས་ཅན།། དགེ་སློང་དགེ་བསྙེམ་དགེ་སློང་མ།། མཆོག་ཏུ་གྲུབ་པས་མཆོད་བྱས་ལ།། ཇི་ལྟར་འོས་པའི་ཡོན ་ཡང་དབུལ། ། དུང་ངམ་རོལ་མོ་སྒྲ་ལ་སོགས།། བཟང་བའི་གླུ་དང་གར་རྣམས་ཀྱིས།། གཉེན་དང་རིགས་བརྒྱུད་འཁོར་རྣམས་ཀྱིས།། རོལ་མོ་ཆེན་པོ་མཚན་མོ་དབུལ།། དེ་ལྟར་ཐམས་ཅད་ཕུལ་ཟིན་ནས།། གང་རུང་མཆོད་སྦྱིན ་དཀྱིལ་འཁོར་ལ། ། ཕུལ་ལམ་དབུལ་བར་བྱེད་པ་རྣམས།། སློབ་དཔོན་ལ་ནི་དབུལ་བྱ་ཡི།། བཟོ་བོ་ལ་ནི་མི་སྦྱིམ་ཞིང་།། དགེ་སློང་རྣམས་ལའང་སྦྱིན་མི་བྱ།། སློབ་དཔོན་མཆོག་གི་ལྷ་ཡིན་ཏེ།། ནོར་རྣམས་ཐམས་ཅད་དེ་ལ་དབུལ།། དེ་ནས ་དཀྱིལ་འཁོར་བྱུགས་བྱས་ཏེ། ། བ་ཡི་ལྕི་བས་བྱུགས་བྱས་ཤིང་།། རྡུལ་ཚོན་ཆུ་བོར་རབ་དོར་རོ།། དེ་ཡིས་ཡང་དག་ལེགས་པར་འགྱུར།། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་རྫོགས་སོ།། ་