| Wylie | e-texts produced with BDRC’s OCR application |
#། རྒྱ་གར་སྐད་དུ། བུདྡྷ་ཨ་བྷིའི་ཀ་མ་ནཱ་མ་སྟོ་ཏྲ་མ་བོད་སྐད་དུ། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དེ་ནས་བསྐ ་པ་གྲངས་མེད་གསུམ། ། ཕ་རོལ་ཕྱིན་རྣམས་རྫོགས་པ་ཡི།། ཐུབ་ལ་ལྷ་རྣམས་ཀྱིས་གསོལ་པས།། མཐོ་རིས་ནས་ནི་མི་ནང་གཤེགས།། ཉི་མའི་རིགས་ཏེ་ཟླ་བ་ཡི།། ས་ཡི་བདག་པོ་ཟས་གཙང་དང་། ་གཙོ་མོ་སྒྱུ་འཕྲུལ་ལྷ་མོ་ཡི། མངལ་དུ་ཉིང་མཚམས་སྦྱོར་བར་མཛད།། དེར་ནི་རིན་ཆེན་ཁང་གནས་ཤིང་།། ལྷ་ཡི་མཆོག་རྣམས་བསྟོད་བྱེད་ལ།། དེ་ལ་གསུང་ནི་མངོན་པོ་ཡིས།། དམ་པའི་ཆོས་ནི་སྟོན་པར་མཛད།། ་ལྷ་རྣམས་ཐལ་མོ་སྦྱར་བྱས་ཏེ།། དུས་གསུམ་དུ་ནི་དེར་ལྟ་བ།། རྡུལ་མེད་མུ་ཏིག་འཕྲེང་བ་ནི།། བཻ་ཌཱུཪྻའི་སྣོད་གནས་འདྲ།། བདུད་རྩི་རབ་སྤྲིན་གཟུགས་ཅན་ཏེ།། དེ་ཡིས་ལྷ་མོ་མཛེས་པར་གྱུར།། ཟླ་བ་ཤིན་ཏུ་གསལ་བ་འམ། ་མུ་ཏིག་འོ་མའི་རྒྱ་མཚོ་འདྲ།། འབྱུང་པོ་རྣམས་ནི་དབུགས་འབྱིན་ཅིང་།། ཡིད་ལ་རེ་བའི་དོན་རྫོགས་མཛད།། དེ་ནི་འདོད་པ་སྩོལ་བ་སྟེ།། འདོད་པ་ཐམ་ཅད་ཕུན་ཚོགས་མཛད།། སྐྱེད་མོས་ཚལ་ནི་ལུམ་བི་ནི་རེ།། འཇིག་རྟེན ་གཙོ་མོ་སོང་གྱུར་ཏེ། ། ས་བདག་དང་ནི་སྲས་རྣམས་དང་།། འདུན་ན་འདོན་དང་ལྷན་ཅིག་ཏུ།། དེར་ནི་མྱ་ངན་མེད་པ་ཡིས།། ཡལ་ག་ལ་འཇུས་བརྟུལ་ཞུགས་གནས།། ནམ་མཁའ་ལྷ་ཡི་བུ་མོ་རྣམས།། ཟླ་བ་དང་ནི་སྐར ་ཚོགས་འདྲ། ། སྐར་བ་རྒྱལ་ལ་བབ་པ་ན།། དེ་སྲས་རྩི་མའི་ལོགས་ནས་ནི།། འགྲོ་ལ་ཕན་པ་མཁྱེན་པ་ཡིས།། ཉི་མ་ཤར་བ་བཞིན་དུ་བྱུང་། མཚན་མཆོག་ཡང་དག་རྫོགས་པ་ཡིས།། གཙོ་བོ་ཉིད་ཀྱི་སྐུ་ཡི་འོང་།། འཛམ་བུའི་ཆུ་བོའི་གསེར ་འདྲ་ཡིས། ། ཕྱོགས་རྣམས་རབ་ཏུ་སྣང་བར་གྱུར།། བརྒྱ་བྱིན་མ་མའི་ཆ་བྱད་ཅན།། སྨིན་མ་བཀོད་པས་བཟློག་པར་མཛད།། ས་ལ་གོམ་པ་བདུན་བོར་ན།། གཏེར་དང་པདྨས་བརྒྱན་པར་གྱུར།། བདག་གི་སྐྱེ་བ་ཐ་མ་ནི།། འདི་ལ་ཡང་སྲིད ་ཡོད་མིན་ཞེས། ། སྙན་པའི་གསུང་ནི་བསྒྲགས་ནས་ཀྱང་།། ཕྱོགས་རྣམས་ཀུན་ཏུ་གཟིགས་པར་གྱུར།། ཉི་ཟླ་རིན་ཆེན་བུམ་པ་ལས།། དྲོ་གྲང་ཆུ་ཡི་རྒྱུན་གཉིས་ནི།། དྲི་མ་མེད་པའི་ནམ་མཁའ་ལས།། དེ་ཡི་དབུ་ལ་བབ་པར ་གྱུར། ། བདེ་གཤེགས་འགྲོ་བའི་བླ་མ་ནི།། རིན་ཆེན་སྣ་ཚོགས་བཀྲམ་པ་ཡི།། སེང་གེའི་གདན་ནི་མཐོན་པོ་ལ།། དགྱེས་པས་དེར་ནི་བཞུགས་པར་གྱུར།། བརྒྱ་བྱིན་གནས་ཀྱི་ཆུ་བོ་དང་།། འཇུག་དོགས་ལས་བླངས་ལྷ ་ཡི་ཆུ། ། གསར་ལས་བྱས་པའི་བུམ་པ་ཡི།། ལྷ་རྣམས་ཀྱིས་ནི་དབང་བསྐུར་བསྟབས།། ལྷ་ཡི་གོས་དང་འཕྲེང་བ་དང་།། བསྟོད་པ་ལ་ནི་བརྩོན་པ་ཡི།། ཚོགས་རྣམས་དུ་མ་འདུས་པ་ཡིས།། ལྷ་ཡི་ཚལ་ནི ་གང་བར་གྱུར། ། རྔ་སྒྲ་རྣམས་ཀྱི་ཅ་ཅོ་ཡིས།། མཁའ་དབྱིངས་མ་ལུས་ཁྱབ་པར་གྱུར།། ནམ་མཁའ་ལས་ནི་མེ་ཏོག་ཆར།། རྒྱུན་མི་འཆད་པར་བབ་པར་གྱུར།། མནྡར་མེ་ཏོག་ཆ་ལ་བཀྲམ་པས།། གཙང་མ ་ཡི་ནི་གནས་ལྟར་གྱུར། ། ག་བུར་ཙན་དན་ཕྱེ་མ་ཡིས།། འཇིག་རྟེན་མགོན་ལ་གཏོར་བར་གྱུར།། རི་བོ་རྒྱ་མཚོར་བཅས་པ་དག། གར་མཁན་གྱི་ནི་གོས་ལྟར་གཡོས།། བཅུད་རྣམས་སྣ་ཚོགས་འཛིན་པ ་ཡིས། ། ས་དག་རྣམ་དྲུག་གཡོས་པར་གྱུར།། བུང་བ་རྣམས་ནི་སྒྲ་སྒྲོགས་ཤིང་།། དུས་རྣམས་ཀུན་ཏུ་བྱུང་བ་ཡི།། ཤིང་རྣམས་རང་ཉིད་འདུད་པ་དང་།། མེ་ཏོག་རྣམས་ནི་འཕོར་བར་གྱུར།། བློན་པོ ་རྒན་དང་འདུན་ན་འདོན། ། བཀྲ་ཤིས་ངག་ནི་འངོན་པར་བྱེད།། ས་དང་མཁའ་དང་གྲུབ་པ་དང་། མི་འམ་ཅི་དང་ལྷན་ཅིག་སྤྱོད། ནགས་ན་གནས་པའི་ལྷ་རྣམས་དང་།། ལྷ་དང་གྲུབ་པ་རིག་འཛིན་མི ་ནང་གི་སྲས་ཀྱི་བུད་མེད་ཀྱང་། ། རབ་ཏུ་དགའ་བས་གར་ཡང་བྱེད།། ལོང་བས་མིག་དང་འོན་པས་ཐོས།། ལྐུགས་པ་རྣམས་ནི་སྒྲ་གསལ་དང་། ནད་པ་ནད་ལས ་ཐར་པ་དག། སྐད་ཅིག་དེར་ནི་ཐོབ་པར་གྱུར།། རི་དགས་བྱ་དང་སྡིག་སྦྲུལ་དག། ཕན་ཚུན་འཚོ་བར་འདོད་པ་ཡི།། སེམས་ཅན་ཐམས་ཅད་དེ་ཡི་ཚེ།། རྩོང་མེང་འཚེ་བ་མེད་པར་གྱུར།། དེ་ཚེ་གང་ལའང ་སྡུག་བསྔལ་དང་། ། ཉེས་སྤོད་བྱང་བར་མ་གྱུར་ཏོ།། འགྲོ་བ་འདི་དག་ནད་མད་ཅིང་།། བདེ་ཞིང་ལོ་ཡང་ལགས་པར་གྱུར།། དེ་ཚེ་ཀུན་ཏུའང་མདུན་དུ་ནི།། གདར་རྣམས་དེར་ནི་བྱང་བར་གྱུར།། དེའི ་སྲིད་གསུམ་རྒྱས་པར་ནི། ། དགའ་ཞིང་བདེ་བ་དག་ཏུ་གྱུར།། རྒྱལ་བ་དབང་བསྐུར་བསོད་ནམས་གང་།། བསོད་ནམས་ལྡན་པའི་སེམས་ཀྱིས་ནི།། ཉན་པར་བྱེད་པ་དེ་དག་ལ།། ་ཕུན་སུམ་ཚོགས་ཀུན་ལག་མཐིལ་གནས།། ཚེ་དང་ནད་མེད་དབང་ཕྱུག་དང་།། དགའ་ཞིང་རྒྱས་དང་རྒྱལ་དང་གྲགས།། རྫོགས་སངས་ཡོན་ཏན་སྒྲོགས་པ་ཡི།། ་ད་པའི་མི་ཡིས་ཐོབ་པར་འགྱུར།། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་ཀ་ར་ཝར་མ་དང་། ་