| Wylie | e-texts produced with BDRC’s OCR application |
རྒྱ་གར་སྭཱངྐ་དུ། ཤྲཱི་མཱ་རཀྵ་ས་མཱ་རི་ཀནྟ་རརཱ་ཛེ་ནཱམ། བད་སྐད་དུ། དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། གཤིན་མ་པར་བྱེད་དམ ་ལ་ཕྱག་ཚལ་ལོ། ། འད་སྐར་བདག་གིས་ཟས་པོའི་དུས་གཙིགས་བཅོམ་ལྡན་འདས་དེ་བཞིན་གཤེགས་སུ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་བདག་མེད་པར་ཟླ་ཀ་ལ་ནུགས་སོ། ་དེལ་མཐོན་པར་དམ་འགྱུར་རོ།། རབ་ནི་སེམས་ཅན་ཆེ་ཞུས་པ། ཚེ་ལ་རྡོ་རྗེར་གསུངས་པ་དག་པར་པ་དེ་བཞིན་སྡོམ་པར་ཡང་།། འདུས་པ་ལ་སོགས་དྲུང་དུ་ཡང་། མར་མང་ཆེས་མང་ས་ས་སུམ ་ཀྱང་། ། སེམས་ཅན་བསམ་པ་ཡོངས་རྫོགས་བྱེད།། ད་ནི་བདག་གིས་རབ་བཤད་བྱ།། ཁ་ཅིག་རྒྱལ་སྲིད་འདོད་པ་དང་།། ཚེ་རིང་ནད་མེད་ཕུན་སུམ་ཚོགས།། ཞི་བ་ལ་སོགས་ལས་རྒྱས་པ།། ་སྣ་ཚོགས་རྒྱུད་དུ་གསུངས་པ་ཡང་།། གང་ཡང་མངོན་པར་སྤྱོད་པ་དང་།། དགྲ་ཡི་སྡེ་ཉམས་བྱེད་པ་དང་།། སྐྲོད་དང་འགུགས་དང་བསོད་པ་དང་།། སྣ་ཚོགས་རྒྱུད་དུ་མ་བརྗོད་པའི།། འཁྲུལ་འཁོར་འཇིག་རྟེན་གསུམ ་རྙེད་དཀའ། ། ཁྱོད་ལ་ཕན་པའི་ཐབས་གཟུང་ཕྱིར།། བཤོད་བྱ་ལྷ་མོ་གུས་བཅས་ཉོན།། འཁྲུལ་འཁོར་གང་གི་མཐུ་སྟོབས་ཀྱིས།། རྟག་ཏུ་རྒྱལ་སྲེང་ཐོབ་བྱི་ནི།། ཇི་སྲིད་ཉི་མ་ཟླ་བ་བཞིན།། འཚེ་བར་འདོད ་རོངོ་གལ་ཏེ་མིན། ། ད་ནི་མིང་གི་སྤྱོད་ཡུལ་དུ།། ཁུ་བ་རེངས་དང་སྡེ་འགུགས་དང་།། མཁའ་སྤྱོད་ཉིད་དང་མཆོག་ཏུ་མྱུར།། དེ་ཡི་སྨན་ནི་བཤད་པར་བྱ།། དང་པོར་བྱམས་པ་བསྒོམ་པར་བྱ།། གཉིས་པར་སྙིང་རྗེ ་དེ་བཞིན་ནོ། ། གསུམ་པར་དགའ་བ་བསྒོམ་པར་བྱ།། བཞི་པར་བཏང་སྒོམས་རྣམ་བསྒོམ་བྱ།། འཇིག་རྟེན་ཆོས་རྣམས་བརྒྱད་པོ་ནི།། ཡོངས་བཏང་སྟོང་པར་བསམ་པར་བྱ།། སླར་ཡང་སྟོང་ཉིད་བྱང ་ཆུབ་སྟེ། ། གཉིས་པ་ལ་ནི་ས་བོན་བསྡུ།། བཞི་པར་ཡི་གེ་དགོད་པའོ།། ར་ཡིག་ལས་བྱུང་ཉི་མ་ལ།། པཱུ་བྱུང་སྣ་ཚོགས་རྡོ་རྗེའོ།། དེ་ཉིད་ཀྱིས་ནི་རྡོ་རྗེ་ཡི།། ར་བ་ཞེས་དང་དེ་བཞིན་དུ།། ས་གཞི་རྡོ་རྗེ་བཅིངས་པ ་འོ། ། དང་པོར་སྟོང་པར་བསྒོམ་པར་བྱ།། དེ་ནས་ཡི་གེ་ཨཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཡི་གེ་ཧཱུཾ་དམར་པོའོ།། དེའི་སྟེང་དུ་བརླན་དང་བཅས་པའི་མགོ་བོས་བརྒྱན ་པའི་དབྱུག་པའི་དབུས་སུ་ཧཱུཾ་ཡིག་དམར་པོའོ། ། དེར་ཡང་ཉི་མ་ལ་ཧཱུཾ་ཡིག་གོ། དེ་ལས་ངེས་པར་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའི་ཕྱོགས་སུ་དཔའ་བོའི་གཟུགས་དེ་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་བསྡུས་ནས ་སླར་ཡང་དེ་ཉིད་དུ་བཅུག་སྟེ། དཔལ་གཤིན་རྗེ་གཤེད་དམར་པོའི་གཟུགས་སུ་བདག་ཉིད་བསམ་པར་བྱའོ།། སྐུ་མདོག་དམར་པོ་གཡོན་བརྐྱང་ཞིང་རྣམ་པར་འགྱུར་པའི་ཞལ་མཆེ་བ་གཙིགས་པ། ལྗགས་བསྒྲལ ་འཇིགས་པར་བྱེད་པ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། རྐེད་པའི་ཕྱོགས་སུ་སྟག་གི་པགས་པ་འཛག་པས་རྣམ་པར་བརྒྱན་པ། མིའུ་ཐུང་གསུས་པ་འཕྱང་ཞིང་འཇིགས ་པ། སྤྱན་གསུམ་པ། ཤིན་ཏུ་འཇིགས་པར་བྱེད་པ། དམར་པོ་འབར་བའི་རྒྱུན་མི་ཟད་པ། འོད་ཟེར་སྣ་ཚོགས་ཀུན་ཏུ་འཁྲུགས་པ། གཡོན་པར་སྲེད་མེད་ཀྱི་བུ་ལ་སོགས་པའི་ཁྲག་གིས་གང་བའི་ཐོད་པ་དང་། ་གཡས་པར་བདུད་བཞི་རྣམ་པར་འཇོམས་པར་བྱེད་པའི་དབྱུག་པ་དཀར་པོ་དང་ཀླུའི་རྒྱན་ལ་སོག་པས་སྤྲས་པ། རྡོ་རྗེ་རོ་ལངས་མས་ཕྲག་པར་འཁྱུད་པ། འདོད་ཆགས་ཆེན་པོ་གཅིག་ཏུ་ངེས་པར་རྒྱས་པ་དང་མཚུངས ་པ་གང་ཡིན་པའི་རྗེ་བཙུན་གྱི་གཟུགས་སོ། ། རྗེ་བཙུན་མ་ཡང་དེ་དང་འདྲ་སྟེ་ཁྱད་པར་དུ་མགོ་བོ་སྐམ་པོས་བརྒྱན་པ། བཅོམ་ལྡན་འདས་ནི་འཛག་པ་དང་བཅས་པའི་མགོ་བོའི་རྒྱན་དང་སྐ་རགས་ཀྱང་གྲོལ ་གྲོལ་བར་གྱུར་པའོ། ། མ་ཧེ་དམར་པོ་ལ་གཡོན་བརྐྱང་གི་ཞབས་ཀྱིས་གནས་པས་བཞུགས་པའོ།། ཕྱི་ནས་བཅོམ་ལྡན་འདས་ལས་སྐྱེས་པའི་རྩེ་གསུམ་པའི་དབྱུག་པ་དཀར་པོའི་དབུས་སུ་སླར་ཡང་ས་བོན ་དོག་དམར་པོ་བསམ་པར་བྱའོ། ། ཕྱི་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཡང་ཧཱུཾ་ཡིག་ལས་སྐྱེས་པའོ།། སླར་ཡང་བཅོམ་ལྡན་འདས་མའི་གསང་བའི་པདྨར་ཡང་པདྨ་འདབ་མ་བརྒྱད་པ་དངོས ་སུ་ཨཱཿཡིག་གིས་རྫོགས་པར་མཚན་པོའོ། ། དེའི་རྗེས་སུ་གསང་སྔགས་རྒྱལ་བའི་བདག་ཉིད་ཅན་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཧཾ། ལྟེ་བའི་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པ ་ཁ་དོག་དམར་པའོ། ། དེར་ཡི་གེ་ཧྲཱིཿདམར་པོ་ངེས་པར་སོན་པའོ།། སྤྱི་བོར་སོན་པའི་རེ་ཁ་དཀར་པོ་སླར་ཡང་བསམ་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱི་དབུལ་གཞུག་པར་བྱའོ།། སླར་ཡང་རྡོ་རྗེའི་ལམ ་དེར་སོན་པར་བློ་བཟང་པོས་བསམ་པར་བྱའོ། ། ཕན་ཚུན་གཉིས་གཉིས་སྒོམས་པར་ཞུགས་པས་རོ་མཉམ་པའི་ས་བོན་གྱི་གཟུགས་ཅན་ནོ།། ས་བོན་དེ་ལྷ་མོ་བཞིས་རང་གི་གཟུགས་སུ་བླང་བ་ནི། ་ཤར་ལ་སོགས་པའི་ཕྱོགས་བཞི་རྣམས་ན་གནས་པ་དེ་རྣམས་རང་གི་བདག་པོ་ལ་བལྟ་ཞིང་སློང་བར་བྱེད་པས་ལྷ་མོ་ཐམས་ཅད་བླང་བའི་ཆེད་དུ་གླུའི་མཆོད་པ་བྱེད་པར་བལྟའོ།། ཐུགས་རྗེའི་ཁྲོ་བོ་རྗེ་བཙུན ་ཉིད་བཞེངས་ཤིག། ས་གསུམ་མཐའ་དག་རྨོངས་པ་སོལ་མཛོད་ཅིག། རྡོ་རྗེ་ཙརྩི་ཀ་ཡིས་སོ།། ཇོ་བོ་བདུད་བཞི་པོ་ནི་ལས་རྒྱལ་བ།། སེམས་ནི་གཡེང་སུ་རྗེ་བཙུན་ཉིད་བཞེངས་ཤིག། ཕག་མོ་ཡིས་སོ།། ་འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི།། རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས།། དབྱངས་ཅན་མ་ཡིས་སོ།། བྱང་ཆུབ་རང་བཞིན་འཇིག་རྟེན་མགྲོན་གཉེར་ནས།། ཁྱོད་ཉིད ་སྟོང་ཉིད་སེམས་ཤིང་ཅི་ལ་བཞུགས། ། གཽ་རིའི་འོ།། རབ་ཏུ་སད་པར་བྱས་ནས་སླར་ཡང་དེ་ལ་རབ་ཏུ་ཞུགས་སོ།། དེའི་འོག་ཏུ་དེ་ལ་ཁུ་བའི་ཚོགས་གྱུར་པ་ལས་བདག་ཉིད་ལྷའི་བདག་ཉིད་ཅན་མ་ཧེ་དམར་པོའི ་སྟེང་ན་དེ་ཡང་གར་གྱི་ཉམས་དགུ་དང་ལྡན་པ། བན་དྷུ་ཀའི་མེ་ཏོག་ལྟ་བུ་དྲག་པོ་ཞལ་གཅིག་པ། ཕྱག་གཉིས་པ། མཆེ་བ་རྣམ་པར་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་དམར་སེར ་འཇིགས་པར་བྱེད་པ། མེའུ་ཐུང་གསུས་པ་འཕྱང་ཞིང་འཇིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལྗགས་བསྒྲིལ་ཞིང་ཁྲག་འཛག་པ། སྨིན་མ་གཉེར་ཞིང་དྲག་ཏུ་བཞད་པ། མགོ་བོས་མཚན་པའི ་དབྱུག་པ་དཀར་པོ་གཡས་པའི་ཕྱག་གིས་འཛིན་པ། ཕྱག་གཡོན་པས་མྱོས་བྱེད་དང་ཁྲག་གིས་གང་བའི་ཐོད་པ་འཛིན་པ། ཉི་མ་བྱེ་བའི་གཟི་བརྗིད་དང་མཉམ་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས ་བ། གཤིན་རྗེ་འཇིགས་ཤིང་བསྡིགས་པར་མཛད་པ། མ་ཧེའི་རྒྱབ་ན་གནས་པ། བརྒྱད་གཉིས་ལོན་པའི་རྣམ་པ་ཅན། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། མགོ་བོའི་འཕྲེང་བ་དབུལ་བཅིངས་པ། མགོ ་བོཔོའི་འཕྲེང་བ་རབ་ཏུ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། རྡོ་རྗེ་ཕག་མོས་འཁྱུད་པའོ།། བཅོམ་ལྡན་འདས་ཀྱི་གཟུགས་དང་ཁ་དོག་འདྲ་བ་ལ་གྲི་གུག་དང་ཐོད་པ་ཅན། ཕྱག་རྒྱ་ལྔས ་རྣམ་པར་བརྒྱན་པའི་ལུས་ཅན་མར་བརྩོན་པའི་སེམས་ཀྱིས་བསྒོམ་པར་བྱ་ཞིང་། དེ་ནས་ང་རྒྱལ་བྱས་ན་བདག་ཉིད་གྲུབ་པར་འགྱུར་བར་ཐེ་ཙོམ་མེད་དོ།། དེ་ནས་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཧཾ་གི་གསང ་སྔགས་ཀློག་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་མས་རྗེས་སུ་ཆགས་པ་ཆེན་པོས་ཡན་ལག་དང་ཉིང་ལག་ཐམས་ཅད་རྣམ་པར་བལྟས་ནས་པདྨར་རྡོ་རྗེ་གསོར་ཏེ་གཉིས་ཀའི་སྟག ་ལྤགས་ཀྱི་ན་བཟའ་འཕྱར་བར་བསྒོམ་པར་བྱའོ། ། དེ་ལ་འདི་དག་རྗེས་སུ་ཆགས་པར་བྱེད་དོ་ཞེས་བྱས་ནས་རྡོ་རྗེ་པདྨ་དག་སེམས་ལ་བྱིན་ནས་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རྩེ་མོར་ཨོཾ་ཡིག་སེར ་པོས་བྱིན་གྱིས་བརླབས་པ་རབ་ཏུ་བསྒོམ་པར་བྱའོ། ། ཨཱཿཡིག་དམར་པོས་པདྨ་དེའི་ཟེ་འབྲུ་ལ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ།། དེ་ནས་ཨོཾ་སརྦ་ཏ་ཐཱ་ཀ་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཿ། ་ཞེས་ཀློག་ནས། རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལས་བཞེངས་པར་བདག་ཉིད་བསྒོམ་པར་བྱ་སྟེ། ཕྱི་རོལ་གྱི་གཉིས་གཉིས་བཞིན་ནོ།། དེ་ནས་འཕོ་བའི་གནས་སྐབས་ན་བདག་ཉིད་དུ་བསྒོམས་པའི་ལྷ་མོའི་བདྲིན ་ཁོངས་སུ་དུས་མཉམ་པར་འཛག་པའི་ཁམས་གཉིས་འདྲེས་པར་བསྒོམ་པར་བྱའོ། ། དཀར་པོ་དང་དམར་པོ་དེ་དག་ཡོངས་སུ་གྱུར་པས་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་རྣམས་བདག་ཉིད་ཇི་ལྟ་བ་བཞིན་དུ་པདྨའི ་དབུས་སུ་བསམས་ནས། བཅོམ་ལྡན་འདས་མ་ལས་སྐྱེ་བར་བསྒོམ་པར་བྱའོ།། དེའི་འོག་ཏུ་དེ་རྣམས་མདུན་དུ་བལྟས་ནས་རང་རང་གི་གནས་སུ་སོ་སོར་གནས་པར་བསམ་པར་བྱའོ།། དེ་ནས་ཤར་གྱི་འདབ་མའི་ནི ་མ་ལ་གཏི་མུག་གཤིན་རྗེ་གཤེད་ཙརྩི་ཀཱ་ནག་མོས་འཁྱུད་པའོ། ། ལྷོའི་འདབ་མའི་ཉི་མ་ལ་ཕྲ་མ་གཤིན་རྗེ་གཤེད་སེར་པོ་ཕག་མོ་སེར་མོས་འཁྱུད་པ་སྟེ། དེའང་ཕག་པའི་གདོང་པ་ཅན་ནོ།། ནུབ་ཀྱི་འདབ་མའི་ཉི་མ ་ལ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དབྱངས་ཅན་མ་དཀར་མོ་དང་སྦྱར་བའོ། ། བྱང་གི་འདབ་མའི་ཉི་མ་ལ་ཕྲག་དོག་གཤིན་རྗེ་གཤེད་སྔོ་བསངས་གཽ་རི་མ་དང་སྙོམས་པར་འཇུག་པའོ།། ཡང་ན་ཐམས་ཅད་ཀྱང་གཤིན ་རྗེ་གཤེད་དམར་པོ་དང་། རོ་ལངས་མ་དང་མཚུངས་པར་བསྒོམ་པར་བྱའོ།། མེ་རུ་མུ་མེན་གྱི་བུམ་པ་བཞི་མཉམ་སྦྱར་བས་གང་བའོ།། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་རྩིས་གང་བའོ།། དེ་བཞིན་དུ་རླུང་དུ་བྱུ་རུའི་བུམ ་པ་སི་གཱས་གང་བའོ། ། དབང་ལྡན་དུ་དངུལ་གྱི་བུམ་པ་ག་པུར་གྱིས་གང་བ་ཇི་ལྟ་བ་བཞིན་ནོ།། ཟོད་པ་གང་བ་བལྟས་ནས་ཉི་མ་དང་ཟླ་བ་ཀུན་རྫོགས་པ་དག་ལའོ།། འདི་ཉིད་བདེ་བ་ཆེན་པོ་དང་ཟུང་དུ་འཇུག་པ་མཆོག ་ལས་གཞན་པ་མ་ཡིན་པའོ། ། དེ་ནས་རང་གི་སྙིང་ཁར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པ་དེའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པ་ཀུན་གྱིས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ ་ཞེས་པས་བདེན་པར་དགུག་པ་དང་གཞུག་པ་ལ་སོགས་པ་དང་མཆོད་པར་བྱའོ། ། སེམས་ཅན་རྣམས་ཐམས་ཅད་ཐ་མའི་མན་ངག་ཇི་ལྟ་བས་ལས་སོ་ཞེས་རྣལ་འབྱོར་གཉིས་པའོ།། དེ་ནས་ཕྱོགས་བཅུར་བཞུགས ་རྣལ་འབྱོར། ། རྣལ་འབྱོར་མ་ཚེགས་དེ་རྣམས་ལ། བློ་དང་ལྡན་པས་སྔར་བཞིན་དགུག། མཆོད་ཅིང་དབང་བསྐུར་ལ་སོགས་པ།། ཞེས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བཞིན་པ་ལ་སྤྱན་མ་ལ། ་སོགས་པ་རྣམས་ཀྱིས་ཀུན་དགའ་བའི་ཐུགས་ཀྱིས་སྣ་ཚོགས་པར་གྱུར་པའི་གླུ་ལ་སོགས་པ་དང་གར་གྱིས་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས། དབང་བསྐུར་རིན་ཆེན་ཆེན་པོ་ལ།། ཁམས་གསུམ་པ ་ཡིས་ཕྱག་བྱས་པ། ། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། གནས་ལ་བྱུང་བ་སྦྱིན་པར་བྱ།། ཞེས་ཀློག་ཅིང་བསྟོད་པས། དཀྱིལ་འཁོར་བ་ཐམས་ཅད་ཀྱི་དབུལ་ཁུ་བ་སྟེར་དུ་འབྱུང་བ་ལས། ་རྡོ་རྗེ་སེམས་དཔས་རྒྱས་བཏབ་པར་བསམ་མོ།། ཆོ་གའོ།། གཏི་མུག་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་རྣམས་ཀྱིས་གསོལ་བ་འདེབས་པར་བྱེད་པ་ནི། ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ།། བླ་མ ་སྲིན་པོའི་གཟུགས་རང་བཞིན། ། ཁོ་བོས་ཁྱོད་མཐོང་རྣམ་པར་འཇིགས།། བླ་མ་ཁྲོ་བོའི་རང་བཞིན་སྤོངས།། ཁྱོད་ཀྱིས་གར་མཛད་ས་སྟེང་དང་།། ས་བླ་དང་ནི་ས་འོག་གཡོ།། ཆགས་པས་བརྒྱན་པའི་ཁྲོ་བོ་ཡི།། ་གར་མཛད་ཁྱོད་ནི་རོ་ལངས་ལགས། སྐུ་ནི་སྦོམ་ཐུང་དམར་པོ་སྟེ།། རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ།། རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད།། གར་མཛད་ཁྱོད་ནི་བདེ་བ་ཆེ།། ཧྲཱིཿཥྚྲཱིཿགསང་སྔགས་དག་གིས་ནི།། ཁྱོད ་ནི་ས་གསུམ་འཁྲུལ་པ་སེལ། ། རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས།། གར་མཛད་ཁྱོད་ནི་འགྲོ་ལ་གཟིགས།། ཨོཾ་སརྦ་ཏ་ཐཱ་ཀ་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཧཾ་ཞེས་སོ།། དེ་ནས་སྔར་བཞིན་དུ་རླུང་གི་དཀྱིལ་འཁོར ་གྱི་སྟེང་དུ་མེའི་དཀྱིལ་འཁོར། ། དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པའི་གསང་བའི་དཀྱིལ་འཁོར་གསུམ་གྱི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་ཐོད་པ་བསྒོམ་པར་བྱའོ་ཞེས་སོ།། དེའི་དབུས་སུ་བདུད ་རྩི་ལྔ་དང་། ཤ་ལཱ་དང་། ཞོ་དང་། འོ་མ་དང་། ཤ་དང་། ཞལ་སོགས་པ་དབྱུག་པས་དཀྲུགས་པས་རོ་མཉམ་པར་བྱས་ལ་ཆོས་ནས་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུར་བལྟའོ།། ཨོཾ་ཨཱཿཧཱུཾ། ཞེས་པ་འདིས་བསིལ ་བར་གྱུར་པར་བྱས་ནས་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་ལྕེ་བུ་གུ་ཅན་བསམས་ནས་བཏུང་བར་བྱའོ། ། རང་རང་གི་ཁས་ནི་ལྷ་མོའི་ཁ་རུ་སྦྱིན་པར་བྱའོ།། དཀྱིལ་འཁོར་པ་རྣམས་ཀྱིས་ཀྱང་བསམས་ནས་ཀུན་ཏུ་སྤྱད ་པར་བྱའོ། ། དེ་ནས་བདུད་རྩི་མྱངས་པས་ཡང་དག་པར་དགོས་པར་གྱུར་ནས་ཕྱི་ནས་གསང་སྔགས་བཟླས་པར་བྱའོ།། སྙིང་ཁར་གནས་པའི་ས་བོན་དང་མཚན་མ་བསྟན་པར་བྱས་ནས་གསང་སྔགས་བཟླས་པར ་བྱའོ། ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཇི་སྲིད་འདོད་པར་བསམས་ནས་བཟླས་པར་བྱའོ།། ལྡང་བར་འདོད་ན་རང་གི་ལུས་ཀྱི་འོད་ཟེར་གྱིས་སེམས་ཅན་གྱི་དོན་བྱས་ནས་ཐམས་ཅད ་བདག་ལ་རབ་ཏུ་བཅུག་སྟེ། ཡིད་ཀྱིས་གཤིན་རྗེ་གཤེད་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ་ཞེས་པའོ།། ལྷན་ཅིག་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱི་གནས་སྐབས ་ནི་བདག་ཉིད་ཀྱི་གཟུགས་ལྟ་བུརང་བཞིན་གྱིས་གྲུབ་པའི་གཤིན་རྗེ་གཤེད་དུ་ང་རྒྱལ་བྱེད་པར་བརྗོད་པར་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་ཞལ་གཅིག་པ་ཕྱག་གཉིས་པ་གཤིན་རྗེ་གཤེར་ཁོ་ན་ངའོ་ཞེས་སོ།། ་རྣལ་འབྱོར་ཆེན་པོའོ།། རྣལ་འབྱོར་བཞི་བརྗོད་པ་འདིས་ཐུན་གསུམ་ཉིད་ཀྱིས་སམ་ཐུན་བཞིས་ཀྱང་རུང་སྟེ། ཇི་ལྟར་མངོན་པར་འདོད་པའི་དུས་སུ་རྟག་ཏུ་ཡོངས་སུ་རྫོགས་པའི་བར་ཇི་སྲིད་དུའོ་ཞེས་སོ། ་དེ་ནས་འབུམ་ཕྲག་གི་མཐར་མཚན་ཐོག་ཐག་ཏུ་བཟླས་པར་བྱ་སྟེ། སྔོན་དུ་བསྙེན་པར་བྱས་པར་འགྱུར་རོ།། དེ་ནས་ལས་ཐམས་ཅད་པའི་ཟབ་ཀྱི་ཆོ་གས་མར་དང་། སྦྲང་རྩི་དང་། མེ་ཏོག་དམར་པོས་སྟོང ་ཟག་བཅུར་སྦྱིན་སྲེག་བྱ། ། རེ་ཞི་གསང་སྔགས་བཐགས་ནས་ས།། མནྟྲཿཧྲཱིཿལ་པ་ཀུན་ན་མན་པ་ན་དན་ཏཱ་དྷུ་དྷཱུ་ཝལ་ཊ་སྭཱཿ། དེ་ནས་གསང་སྔགས་ཀྱི་སྔགས་ཀྱི་དངས་གྲུས ་འགྱུར་རོ། ། ལས་ཐམས་ཅད་ཀྱི་དངོས་གྲུབ་བོ།། དམར་པོ་ཞེས་པའི་ལྷ་ལ་སོགས་པའི་ལེའུ་སྟེ་དང་པོའོ།། ། འདིར་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེའི། ་དངོས་གྲུབ་ཇི་ལྟར་འགྱུར་པ་དང་།། རྣམ་པ་ཅི་ཡིས་བསྒྲུབ་བྱ་བ།། དེ་ཡང་བཅོམ་ལྡན་གསུང་དུ་གསོལ།། ཁ་ཡིས་ཁ་ལའོ་བྱས་ནས།། ཕན་ཚུན་དམ་པོ་ཡིས་ནི་འཁྱུད།། མཆོག་ཏུ་དགའ་བའི་གཟུགས་ཀྱིས་ནི།། ། ་དགའ་མ་བཤད་པར་བྱ་ཡིས་ཉོན།། གར་བྱེད་པའི་འབྱུང་གནས་རྣལ་འབྱོར་བདག་ཉིད་ཀྱི་གཟུགས་གང་ཡིན་པ། བཅོམ་ལྡན་འདས་མཆོག་ཏུ་རྣམ་པར་མ་ཆད་པར་འབབ་པ་སྟེ།། དཔེར་ན་ཆུ་ཀླུང་གི་རྒྱུན་རབ་ཏུ་འབར། ་པ་བཞིན་ནོ།། འདིར་ཇི་སྲིད་དུ་བསྒོམས་པ་ལས་སྐྱོན་སྔགས་བཟླས་པར་བྱའོ།། བཅོམ་ལྡན་འདས་ཀྱི་གཟུགས་གལ་ཏེ་མྱུར་དུ་གྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ།། ཇི་སྲིད་དུ་འདིར་དངོས་གྲུབ་ཀྱང་ཕྱག་རྒྱ ་ཆེན་པོའི་དངོས་གྲུབ་ཁོ་ན་དེའོ། ། འདི་རྣམས་ཀྱང་རྣལ་འབྱོར་གོམས་པ་ཁོ་ནས་ཐམས་ཅད་སྒྲུབ་པར་བྱེད་ཀྱི་གཞན་དུ་མ་ཡིན་ནོ།། གོམས་པའི་སྦྱོར་བར་འགྱུར་བ་ནི་སྐྱེས་པ་དང་། བྱུང་བ་དང་། མ་བྱུང་བ་དང་། ་སྔོན་དུ་གནས་པ་རྣམས་ཐར་པའི་དོན་དང་། འདོད་པའི་དོན་རྣམ་པ་སྣ་ཚོགས་པ་དང་། སངས་རྒྱས་ཉིད་ཀྱི་དངོས་གྲུབ་ཀྱང་སྐྱེ་བ་འདི་ཉིད་ལའོ།། ལས་ཐམས་ཅད་ཡོངས་སུ་སྤངས་ནས་དེར་སོན་པའི་ཡིད ་དུ་གྱུར་ནས། ཇི་སྲིད་རང་ཞིང་འོངས་ནས་སྨྲ་བར་བྱེད་དེ། ཀྱེ་ཀྱེ་སྒྲུབ་པ་པོ་མཆོག་ཅི་ཡིན་པ་དེ་སྩལ་བར་བགྱིའོ།། དེ་ནས་མཆོད་ཡོན་བྱིན་ནས་ཕྱག་བྱས་ཏེ། དངོས་གྲུབ་བླང་བར་བྱས་པ་དེ་སྦྱིན་པར་བྱེད་དོ།། ་ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རྡོ་རྗེ་རོ་ལངས་མ་སྒྲུབ་པར་འདོད་ན་རྡོ་རྗེ་རོ་ལངས་མའི་གཟུགས་བརྙན་བྱས་ཏེ། རས་སམ་འབྲས་བུ་ལ་བྱས་ཏེ། རྗེ་བཙུན་གྱི་ཁ་དོག་དང་དབྱིབས ་སུ་ཐོག་མར་ཡང་དག་པར་གནས་ཏེ། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། དེ་དག་རང་རང་སོ་སོའི་གཟུགས་མ་འདྲེས་པས་ཀུན་ཏུ་མཐོང་བ་དེ་སྲིད་དུ་བཟླས་པར་བྱའོ།། ཇི་སྲིད་དུ་འོངས་ནས་སྒྲུབ་པ་པོ་ལ་འཁྱུད་དེ། ་སྨྲས་པ། ཀྱེ་སྒྲུབ་པ་པོ་ཁྱོད་ཀྱི་བཀའ་བསྒོ་བ་ཅི་ལགས། སྒྲུབ་པ་པོས་མཆོད་ཡོན་བྱིན་ནས་སྨྲ་བར་བྱ་སྟེ། བདག་གི་ཆུང་མར་འགྱུར་བའོ་ཞེས་པས་ཆུང་མར་འགྱུར་རོ།། དེ་ལ་ལོངས་སྤྱོད་པས་གཤིན་རྗེ ་གཤེད་ཀྱི་གཟུགས་སུ་གྲུབ་པར་འགྱུར་རོ། ། ཨོཾ་དྭེ་ཥ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛཿསྭཱ་ཧཱ། ཡང་ན། ཨོཾ་བཛྲ་བེཏྟཱ་ལི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾཿཛྲཿསྭཱ་ཧཱ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པ་ཡན ་ལག་བཟང་མོ་བག་མར་བླངས་པས་སམ། བསྐྱེད་ནས་སྐལ་ལྡན་མར་བྱས་ཏེ། དབང་བསྐུར་བའི་རྣལ་འབྱོར་མ་སྔགས་ཀྱི་བསྒོམ་པའི་ཚུལ་གྱིས་ཡང་དག་པར་མཆོད་དེ། ལག་པ་གཡོན་པས་འཁྱུད ་ལ་རྣལ་འབྱོར་མའི་གཟུགས་སུ་བསམས་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་དེ་ལ་གཟུང་ན་གཤིན་རྗེ་གཤེད་ཀྱི་གཟུགས་སུ་གྲུབ་པར་འགྱུར་རོ།། ཨོཾ་བཛྲ་བེཏྟ་ལི་ཛྭ་ལཾ་ཧཱུཾ་ཛཿ ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་གཏི་མུག་གཤིན་རྗེ་གཤེད་སྒྲུབ་པར་འདོད་ན་གཏི་མུག་གཤིན་རྗེ་གཤེད་ཀྱི་ཆ་ལུགས་སུ་བྱས་ནས། གཡས་པ་དང་ཅིག་ཤོས་ཀྱི་རྐང་པའི་མཐིལ་གྱིས་པདྨ ་མནན་ཏེ། ཇི་སྲིད་དུ་ཀྱེ་སྒྲུབ་པ་པོ་ཞེས་བོས་ནས་བཀའ་བསྒོ་བ་ཅི་ལགས་ཞེས་སྨྲ་བར་བྱེད་པ་དང་། ཅི་བགྱི་བར་འགྱུར་ཞེས་སྨྲ་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་བརྩམས་ཏེ་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱང ་སྟེར་རོ། ། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ཕྲ་མ་གཤིན་རྗེ་གཤེད་དང་། འདོད་ཆགས་གཤིན་རྗེ་གཤེད་དང་། ཕྲག་དོག་གཤིན་རྗེ་གཤེད་སྒྲུབ་པར་འདོད་ན་དེ་བཞིན་ཉིད་དུ་འབྲས་བུ་སྲུབ་པའི ་། གསང་སྔགས་ནི། ཨོཾ་མོ་ཧཱ་ཡ་མཱནྟ་ཀྲྀཏ་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་པི་ཤུན་ཡ་མནྟ་ཀྲྀཏ་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་རཱ་ག་ཡ་མནྟ་ཀྲྀཏ་ཨཱ་གཙྪ་ཨ་གཙྪ་ཧཱུ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཱིཪྵཱ་ཡ་མཱནྟ་ཀྲྀཏ་ཨཱ ་གཙྪ་ཨ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་གཏི་མུག་དགའ་མ་སྒྲུབ་པར་འདོད་ན་གཏི་མུག་དགའ་མ་ལྟ་བུའི་སྔར་བརྗོད་པའི་ལྷ་མོའི་གཟུགས་མ་ཧེ་ལ་ཞེན་པ་བདག་ཉིད་དང་ལྷན་ཅིག་པ་བྱས་ནས་སྔར ་བཞིན་དུ་མནན་ཏེ། ཇི་སྲིད་དུ་འོངས་ནས་ཅི་བགྱི་བར་འགྱུར་ཞེས་སྨྲ་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་བརྩམས་ནས་སྒྲུབ་པ་པོ་མངོན་པར་འདོད་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་སོ།། དེ་བཞིན་དུ་ཕྲ་མ ་། དགའ་མ་དང་། འདོད་ཆགས་དགའ་མ་དང་། ཕྲག་དོག་དགའ་མ་བསྒྲུབ་པར་བྱའོ།། དེ་ནས་སྔགས་ནི། ཨོཾ་མོ་ཧཱ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་པཱུ་ཛཿོཾ་བི་ཤུ་ནཱ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཛཿ། ཨོཾ་རཱ་ཀཱ་ར་ཏི་ཨ་གརྦྷ ་ཨཱཿཙྪརྦུ་ཨོཾ་ཨཱིཪྠ་ར་ཏི་ཨཱ་ཀཙྪ་ཨཱཀནྣ་ཧཱུ། ཞེས་བཟླས་པར་བྱའོ།། ཡང་ན། ཨ་བཛྲ་ཙཿཀྵེ་ཨཱ་ཀཪྵ་ཨཱ་རྦནྡ་དྷཛ། དེ་བཞིན་དུ། བཛྲ་མཱ་ར་ཏྲི། མཛ་སྭ་རས་ཏི། བཛྲ་ག་རིབས་བཟླས་པར་བྱའོ། ་ནས་གནོད་སྐྱོན་སྒྲུབ་པར་འདོད་ན། དེའི་ཚེ་འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་པའི་འདུ་ཤེས་ཀྱིས་གནོད་སྦྱིན་གྱི་གཟུགས་བརྙན་བྱས་ཏེ། དེ་མནན་ཏེ་བསྒྲུབ་པར་བྱའོ།། བཀའ་སྒོ་བ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར ་རོ། ། དེ་བཞིན་དུ་གནོད་སྦྱིན་མོ་དང་། ཀླུ་དང་། ཀླུ་མོ་དང་། ཡི་དགས་དང་། ཡི་དགས་མོ་དང་། ཤ་ཟ་དང་། ཤ་ཟ་མོ་དང་། ལྷ་དང་། ལྷ་མོ་དང་། མི་དང་། མི་མོ་ཡང་ངོ་།། གཞན་ཡང་མངོན་དུ་བསྒྲུབ་པར་བྱ་སྟེ། ་། ཨོཾ་ཧྲཱིཿཥྚྲཱིཿཝཾ་ཀྲྀ་ཏཱ་ན་ནི་ཆེ་གེ་མོ་སཱ་དྷ་ཡ་སཱ་དྷ་ཡ་དྷཱུ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་རྡོ་རྗེ་དབྱུག་པ་སྒྲུབ་པར་འདོད་ན་སྐར་མ་རྒྱལ་ལ་རྡོ་རྗེའི་དབྱུག་པ་ཤིང་ལས་བྱུང་བ་སོར་མོ་སུམ་ཅུ་པོའི་དབྱུག་པ་བྱས ་ནས་མ་བྱུང་ལྔས་བྱུགས་ཏེ། ཙན་དན་དང་མེ་ཏོག་གི་འཕྲེང་བས་ཉེ་བར་མཛེས་པར་བྱས་ཏེ། གང་དེ་ཐོག་མར་རལ་གྲིའི་ཚུལ་གྱིས་བཟུང་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་དབྱུག ་པ་འཛིན་པར་འགྱུར་ཏེ། གཤིན་རྗེ་གཤེད་དང་མཚུངས་པར་ཕ་རོལ་གནོན་ཏོ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་བཛྲ་དནྟ་ཛྭ་ལ་ཡ་ཛྭ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ཐོད་པ་སྒྲུབ་པར་འདོད ་ན་གཤིན་རྗེ་གཤེད་ཤིང་གི་གཟུགས་ཀྱི་ཐོད་པ་སོར་མོ་སུམ་ཅུ་སོ་གཉིས་པ་བྱས་ནས་སྔར་བཞིན་དུ་ལག་པ་གཡོན་པས་ཐོགས་ཏེ། ལག་པ་གཡས་པས་གཡོགས་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ ་བཟླས་པར་བྱའོ། ། འབྲས་བུ་ནི་དེ་ལྟ་བུ་ཁོ་ནའོ།། སྔགས་ལ་ནི། ཀ་པཱ་ལཾ་ཛྭ་ལ་ཡ། ཞེས་པ་ཁྱད་པར་རོ།། དེ་ནས་དབྱུག་པའི་ཕྱག་རྒྱ་བསྒྲུབ་པར་བྱ་སྟེ། དེའི་ཚེ་ལག་པ་གཡས་པ་ཁུ་ཚུར ་བྱས་ནས་སྡིགས་མཛུབ་བརྐྱང་བར་བྱའོ། ། དེའི་ཕྱག་རྒྱ་བཅིངས་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། སྔགས་ལ་ནི། དཛམ ་ཏཱ་ཛྭ་ལ་ཡ། ཞེས་པ་ཁྱད་པར་རོ།། འདི་ནི་འདོད་པ་ལྔ་པོ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས་ཐམས་ཅད་དུ་བསྒྲུབ་པར་བྱའོ་ཞེས་ཏེ། ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་བསམ་པ་རབ་ཏུ་རྫོགས་པའི་དོན་དུ ་བཟའ་བར་བྱ་ཞིང་བཏུང་བར་བྱའོ། ། ཡང་ནས་ཡང་དུ་གང་ཅིའང་རུང་།། དེ་ཀུན་གདོན་མི་ཟ་བར་ཡང་།། བཟའ་བྱ་ཐམས་ཅད་བཏུང་བར་བྱ།། ཕུད་ཀུན་གཤིན་རྗེ་གཤེད་ལ་དབུལ།། ཞེས་པ་དངོས་གྲུབ་ཆེན་པོ ་སྒྲུབ་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ། ། །། དེ་ནས་དངོས་གྲུབ་ཕྲན་ཚེགས་སྒྲུབ་པར་འདོད་ན་དེ་ལ་ཞི་བ་ཅན་ལ་སོགས་པ་བསྒྲུབ་པར་བྱ་སྟེ། གྲོ་ག་ལ་ཡང་ལན་བརྒྱ་རྩ་བརྒྱད་དུ་བསྔགས་པའི ་འོརོམས་རྩིབས་བཅུ་གཉིས་པའི་འཁོར་ལོ་སོ་ས་ཐ་དད་པ་མངོན་པར་བྲི་བར་བྱའོ། ། དེའི་ཤར་སྒོ་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཡི་གེ་བཅུ་གཉིས་བྲི་བར་བྱའོ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ ་དབུས་སུ་ཚུའི་ས་བོན་ཝཾ་ཡིག་བྲི་བར་བྱ་སྟེ། བཾ་ཡཾག་གཉིས་ཀྱི་ཁ་སྦྱར་ལ་བསྒྲུབ་བྱའི་མིང་དེའི་དབུས་སུ་བྲི་བར་བྱའོ།། ཕྱི་རོལ་ཏུ་ཡི་གེས་བསྐོར་བར་བྱའོ།། དེ་ནས་ཁ་སྦྱར་དུ་བྱས་ནས་སྐུད་པ་དཀར་པོས ་དཀྲིས་ནས་མྱོས་བྱེད་ཀྱིས་དཀྲིས་ཏེ་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ལ་འོ་མས་གང་བའི་བུམ་པར་བཅུག་སྟེ་སྔགས་བཟླས་པར་བྱའོ། ། ཇི་ལྟར་འབྱེར་པའི་མཆོད་པ་བྱས་ནས། ཨོཾ་ཧྲཱིཿཥྚྲཱི[:]ཝི་ཀྲྀ་ཏཱ་ན་ན་པ ་། དེ་བ་དཏྟ་སྱ་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པ་བྱ་སྟེ། ཞི་བར་འགྱུར་རོ།། འཇིག་རྟེན་པ་རྣམས་ཀྱི་སྡིག་པ་དང་ནད་ལ་སོགས་པ་ཞི་བར་འཚ་བ་ལ་གྲོང་གི་ཕྱོགས་བཅུ་རྣམས་སུ། ཨོཾ་ཧྲཱིཿཥྚྲྀ ་ཝི་ཀྲྀ་ཏཱ་ན་ན་གྲ་མ་ཨ་མུ་ཀ་སྱ་སརྦོ་པ་དྲ་ཝ་ཤིནྟ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་བ་ལི་གྲྀཧྞ་གྲྀཧྞ་ཕཊ་པཊ་སྭཱ་ཧཱ། ཞེས་པ་འདིས་ལན་བདུན་དུ་བྱིན་གྱིས་བརླབས་ནས་གཏོར་མའི་ཆོ་གས་སྦྱིན་པར་བྱའོ།། ཕྱི་རོལ་ལ་སོགས ་པ་མངོན་དུ་བྱས་ཏེ་འོ་མས་སྤགས་པའི་སྦྱིན་སྲེག་གྲོང་གི་དབུས་ཇི་སྲིད་པར་བྱས་ན་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། ། དེ་ནས་རྒྱས་པར་བྱ་བར་འདོད་ན་སྔར་བཞིན་དུ་འཁོར་ལོ་གཉིས་མངོན་པར་བྲིས ་ཏེ། ཡི་གེ་བཅུ་གཉིས་པོ་རྣམས་ཀྱི་དབུས་སུ་བྷྲཱུཾ་ཡིག་དཀྱིལ་འཁོར་གྱི་འཁོར་ལོའི་ས་བོན་བྲི་བར་བྱའོ།། དེའི་དབུས་སུ་བསྒྲུབ་བྱའི་བཽ་ཥ་ཊ་གཉིས་ཁ་སྦྱར་བ་བྲི་བར་བྱའོ།། ཕྱི་རོལ་དུ་གུར་ཀུམ་གྱིས་གྲུ་བཞི ་པའི་རི་མོ་གསུམ་གྱིས་བསྐོར་བར་བྱའོ། ། དེ་སྐུད་པ་སེར་པོས་དཀྲིས་ནས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ། མར་དང་སྦྲང་རྩིས་གང་བའི་བུམ་པར་བཅུག་ནས་སྔགས་བཟླས་པར་བྱའོ།། ཇི་ལྟར ་འབྱོར་པའི་མཆོད་པ་བྱས་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་བྷཱ་བོ་ཥ་ཊ་ལྒ་སྦྱིན་གྱི་པུཥྤ་ཀུ་རུ་བཽ་ཥཊ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། ཇི་སྲིད་དུ་ནོར་འཕེལ་ཞིང་རྒྱས་པར ་གྱུར་ཀྱི་བར་དུའོ་ཞེས་པའོ། ། སྔགས་བཟླས་པའི་བར་མ་ཆད་པར་ཞོའི་ཟན་གྱི་སྦྱིན་སྲེག་བྱའོ།། དེ་ནས་དབང་དུ་བྱེད་པར་འདོད་ན་སྔར་བཞིན་དུ་འཁོར་ལོ་གཉིས་ལ་སེན་རྩིའི་ཁུ་བས་ཡི་གེ ་བཅུ་གཉིས་པོ་རྣམས་མངོན་པར་བྲིས་ཏེ། དབུས་སུ་ཧྲཱིཿཡིག་ཀུ་རུ་ཀུལླེའི་ས་བོན་ནོ།། དབུས་སུ་ཧོཿཡིག་གཉིས་ཁ་སྦྱར་བ་ཀུན་ཏུ་བྲིའོ།། ཕྱི་རོལ་ཏུ་གྲུ་གསུམ་པའི་རི་མོ་གསུམ་གྱིས་བསྐོར་བར་བྱའོ།། དེ་ནས ་སྲད་བུ་དམར་པོས་ཀུན་ཏུ་དཀྲིས་ནས་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ལ་མར་དང་སྦྲང་རྩིས་གང་བའི་ཁམ་ཕོར་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་བཅུག་ནས། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་སྔགས་བཟླས ་པར་བྱའོ། ། ཨོཾ་ཧྲཱིཿཥྛཱཿཝི་ཀྲྀ་ཏཱ་ན་ན་ཧྲཱིཿཧོཿལྒ་སྦྱིན་གྱིས་ལྷ་སྦྱིན་ལ་ཝ་ཤ་མཱ་ན་ཡ་ཧོཿཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཇི་སྲིད་དབང་དུ་གྱུར་ཀྱི་བར་དུ་བཟླས་པ་བྱའོ།། སྔགས་བཟླས་པའི་མཐར་ནི་ལན་ཚྭ་དང་ལྡན ་ཅིག་པའི་མེ་ཏོག་དམར་པོ་དང་ལྡན་པའི་སྦྱིན་སྲེག་བྱའོ། ། དེ་ནས་གོང་བུ་དགུག་པར་སེམས་ན་དུར་ཁྲོད་ཀྱི་སོལ་བ་དང་སའི་གཟུགས་བརྙན་གྱི་དབུས་སུ་སྔགས་དང་དེ་ཉིད་ཀྱི་མིང་སྙིང་ཁར་བཅུག་སྟེ། རྐང་པའི་མཐེ ་བོས་མནན་ནས་བཟླས་པ་བྱ་སྟེ། འདི་ཁོ་ན་བསྒྲུབ་བྱའི་གོང་བུ་ཞེས་ཇི་སྲིད་དུ་གོང་དུ་ཁུགས་པར་གྱུར་ཀྱི་བར་དུ་བཟླས་པར་བྱའོ།། སྔགས་ལ་ནི། ཝ་ཤ་མཱ་ན་ཡིའི་གནས་སུ་ཨཱ་ཀཪྵ་ཡ་ཧཱུཾ་ཞེས་པ་དང་། ཧོཿཡིག ་གི་གནས་སུ་ཛཿཞེས་པ་ནི་ཁྱད་པར་རོ། ། ཨོཾ་མརྨཱ་མརྨ་ཨ་བི་ག་ཏེ་ཨོཾ་ཙརྩི་ཀེ་ཧ་ར་ཧ་ར་པུཀྐ་མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོའི་ཆེད་དུ་ཛཿོཾ་ག~ཾ་བྷཱི་ར་ཙརྩི་ཀེ་པ་ཧཱུཾ་ཤོ་ཎི་ཏ་པྲཱི་ཡི་གཾ་བྷཱི་ར་ཆེ་གེ་མོ་ལ་ཛཿ། ཤིང་གཅིག་གམ། ་དུར་ཁྲོད་དམ། རི་བོ་རུ་ལྷོར་མངོན་པར་ཕྱོགས་པས་གཅེར་བུར་བྱུང་ནས་བརྒྱ་རྩ་བརྒྱད་དུ་བརྫས་པར་བྱའོ།། དེ་ནས་འགྲུབ་པར་ཐེ་ཚོམ་མེད་དོ།། བཅོམ་ལྡན་འདས་སྔགས་ཀྱི་ཆོ་ག་ཇི་ལྟ་བུ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དབེན་པར་གཅིག་པུ་ཅན་དུ་གྱུར་པས་རྗེ་བཙུན་གྱི་བྲིས་སྐུ་རབ་ཏུ་གསལ་བའི་ཕྱོགས་བཅུར་གནས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མངོན་གསུམ ་དུ་བྱས་ནས་མིའི་རུས་པ་བཅད་པ་དང་། ཁྲག་ཆེན་པོ་དང་། བྱ་རོག་ཆེན་པོའི་ཁྲག་གིས་སོར་མོ་བཅུ་གཉིས་པའི་རྩིབས་བཅུ་གཉིས་པའི་རྣམ་པའི་འཁོར་ལོའི་དབུས་སུ་རླུང་གི་ས་བོན་ནོ།། དེའི་ཁོངས་སུ ་དགྲའི་མིང་རྣམ་པར་བཅད་པ་དང་བཅས་པ་ཁ་སྦྱར་ལ། བྱ་རོག་གི་མགྲིན་པ་ལ་བཅིངས་ནས་གལ་ཏེ་མ་བཀྲོལ་བ་དེའི་ཚེ་ཚར་གཅོད་དོ།། དེའི་ཚེ་ཚར་མཆོད་ན་དེ་ལ་ས་བོན་བཅུ་གཉིས་བྲི་བར་བྱའོ།། ཕཊ་ཕཊ་ཧཱུཾ ་ཧཱུཾ་ན་ན་ཏཱ་ཀྲྀ་ཝིཥྚྲཱིཿཧྲཱི་ཨ~ཾ། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་སྟོབས་པོ་ཆེས་བདུག་པ་བྱིན་ནས་གལ་ཏེ་རྒྱུན་ལ་བསྐུར་བར་བྱའོ།། གལ་ཏེ་མ་ཡིན་ན་ཁ་ཏའི་གཤོག་པ་ལ་ལན་བདུན་དུ་བསྔགས་ཏེ་ཁྱིམ་གྱི ་སྒོ་རུ་མིང་ནས་སྨོས་ན་འཕྲལ་དུ་སྐྲོད་པར་བྱེད་དེ་དེ་ཚར་གཅོད་དོ། ། དེ་བཞིན་དུ་རྩབས་བཅུ་གཉིས་པའི་འཁོར་ལོའི་དབུས་སུ་ཚ་བ་གསུམ་དང་། དུག་དང་། སྐེ་ཚེ་དང་། རུས་པ་ཆེན་པོ་དང་། བུད་ཤིང་གི་མེའི ་ས་བོན་གྱི་དབུས་སུ་རྣམ་པར་བཅད་པ་དང་བཅས་པའི་ཡ་ཡིག་གཉིས་ཁ་སྦྱར་ལ་ཐ་ཡིག་གཉིས་ཀྱིས་ཕྱི་རོལ་ནས་བསྐོར་ཏེ་མེའི་ཤིང་གེ་མ་ལ་གདུང་བར་བྱའོ། ། དེ་བུ་ཁྱེའུའི་སྟེང་དུ་བཟུང་ན་དེའི་སྐད་ཅིག་ལ ་འཆི་བར་འགྱུར་རོ། ། གལ་ཏེ་མ་ཡིན་ན་མེའི་རུས་པ་སོར་བཞི་པ་ལ་ལན་བདུན་དུ་མངོན་པར་བསྔགས་པར་བྱས་ནས་དགྲའི་སྒོར་སྦ་བར་བྱའོ།། དེས་ཁྱིམ་ནས་སྐྲོད་པར་བྱེད་དོ།། ་དེ་བཞིན་ཉིད་དུ་ས་བོན་བཅུ་གཉིས་ཡོངས་སུ་གྱུར་པས་རྩིབས་བཅུ་གཉིས་པའི་འཁོར་ལོའི་དབུས་སུ་ཙན་དན་ལ་ཛཱི་ཝ་དང་། ཀཱཥྚི་ཀ་དང་། གཞན་གྱིས་མི་ཐུབ་པ་འམ་འཁྲི་ཤིང་གི་ཆུའི་ས་བོན་གྱི་དབུས ་སུ་དེ་ཉིད་གཉིས་ཀྱིས་ཁ་སྦྱར་ལ་ཐ་ཡིག་གཉིས་ཀྱིས་ཕྱི་རོལ་དུ་བསྐོར་བར་བྱའོ། ། བརྒྱ་རྩ་བརྒྱད་དུ་བཟླས་སོ།། རོ་མས་བཀང་བཞིན་དུ་རཱ་ཛཱ་ཏ་དང་མེ་ཏོག་དམར་པོ་འབུམ་ཕྲག་གཅིག་ལ་འཆི་བ་མེད་ཅིང་། ་དེ་ལས་གཞན་དུ་ཡང་རཱ་ཛཱ་ཏ་དེའི་དངོས་པོ་འགྲོ་བ་མེད་དོ།། དེའི་ཚེ་བདག་ཉིད་མཚམས་མེད་པ་ལྔ་བྱེད་པ་ཡང་བྲལ་བར་འགྱུར་རོ།། ཡང་ན་ཤིང་ས་པ་ལའི་འབྲས་བུ་དང་ལྡན་པ་ལྟ་བུའི་མེ་ཏོག་དམར་པོ་རྣམས ་ཀྱིས་དེ་བཞིན་ཉིད་དུ་ས་བོན་བཅུ་གཉིས་ཀྱིས་ཡོངས་སུ་གང་བའི་ཁམ་ཕོར་དུ་བཞག་ནས་བཟླས་པར་བྱའོ། ། ལྷ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྦྲུལ་གདུག་པ་དང ་མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གདུལ་དཀའ་བའི་མི་དང་། མི་བདག་རྒྱལ་པོ་ལ་སོགས་པ་རྣམས་འབངས་དང་འབངས་མོའི་དངོས་པོར་འགྲོ་བར་བྱེད་དོ།། ་གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་ཐུན་མོང་གི་ཞི་པ་ཅན་ལ་སོགས་པའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་མངར་བདག་དམ་འཁྱུད་ཅིང་། ཚེམས་ཀྱིས་མ་མཆུ་འཆིང ་མཛད་པ། ། དེ་ལ་བདག་མེད་མས་སེམས་ཅན།། དོན་ཕྱིར་ཕན་བྱུང་ཞུས་པ་ནི།། བཅོམ་ལྡན་ཇི་ལྟར་སེམས་ཅན་རྣམས།། ཇི་ལྟར་རྒྱལ་པོ་རྣམས་སུ་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ལྷ་མོ་རོ་མ་ཚོགས་པའི་ཕྱིར། ཁྱོད་ལ་བཤད་པར་བྱ་ཡིས་ཉོན།། ཨ་ཡིག་དང་བ་ཡིག་དག་ལས་ཀྱང་གཞན་དུ་སྐར་མ་རྒྱལ་གྱི་བཞི་པ་ལ་པ་ཊི་ཀ་བྱེད་དུ་བཅུག་ལ་སྐར་མ་རྒྱལ་ལ་ས་གསུམ་པོ་བསྒྲུབ་པར ་བྱའོ། ། རྒྱལ་རིགས་ཀྱི་རིགས་ཀྱི་ཁྱིམ་ལྔ་རུ་གསང་སྔགས་སྟོང་ཕྲག་བཟླས་པར་བྱའོ།། རྣལ་འབྱོར་མའི་རྡོ་རྗེ་ཉི་མ་བསང་གཏོར་དང་། རང་གི་གསང་སྔགས་ལ་རང་གི་གསང་སྔགས་སྒྲུབ་པ་ནི་སྔོན་དུ ་ཁྲི་བཟླས་པའི་བསྒྲུབ་པ་ལས་སོ། ། གསེར་དང་། དངུལ་དང་། བྱུ་རུ་དང་། བཻ་ཌཱུཪྻ་དང་། མཱ་ལི་ཀ་ལ་བསྙེན་པ་འབུམ་ཕྲག་གཅིག་དང་། དེ་བཞིན་དུ་བཅུའི་ཆ་ཤས་ཀྱི་སྦྱིན་སྲེག་བྱའོ།། རྡོ་རྗེའི་ས་ལ ་འབད་པ་ལས་སླར་ཡང་། ཏ་ཐ་ཙ་པ་རཾ། ཕྱོགས་རྣམས་སུ་རྣམ་པར་གཞག་པར་བྱའོ།། དབུས་སུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསང་སྔགས་ལ་བརྩོན་པ་མཉམ་པར་བཞག་པའི་རྣལ་འབྱོར་པས། ་གསང་སྔགས་ཀྱི་ལྷའི་བདག་ཉིད་རྣམས་ལ་ཉེར་སྤྱོད་ལྔའི་མཆོད་པ་རྣམས་ཀྱིས་དང་ཕྱོགས་བཞིར་རྡོ་རྗེ་ཐོད་པ་རྣམས་སུ་ཡང་དག་པར་གང་བའི་གཏོར་མ་བྱས་ཏེ།། ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་བྱས ་ནས་དེ་བཞིན་དུ་བགེགས་ལ་ཕུར་པ་དང་། མཆོད་སྦྱིན་གྱི་ཤིང་ལས་བྱུང་བའི་དབྱུག་པ་རྣམས་ཀྱིས་འགྱིངས་པ་དང་བཅས་པས་གསང་སྔགས་ཀློག་གོ།། ཕྱི་རོལ་དུའང་དེ་ཉིད་དོ།། ངོས་བཞིའི་ཕྱི་རོལ ་དུ་པྲ་པ་གྲྀ་ཤྲྀ་ངོ་། ། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཏེ། དེ་བཞིན་དུ་ཀློག་པར་བྱེད་པའི་ཀློག་པ་པོ་དང་སྒྲུབ་པ་པོ་བནི་ཡིས་གར་བྱེད་པ་ལ་བརྩོན་པའོ།། ཉམས་པ ་དང་འགོག་པ་ཞེས་སོ། ། སཱ་ལུ་ལ་སོགས་པ་ལྔ་བཟའ་བ་དང་བཟའ་བ་མ་ཡིན་པ་དང་བཅས་པ་མེད་དོ་ཞེས་པ་བསོད་ནམས་རྣམ་པ་བཞི་ཤེས་པར་བྱའོ།། ཇི་ལྟར་དབྱེ་བ་ཤེས་པར་བྱ་བ་མ་ཡིན་ཏེ། ཡོངས ་སུ་གང་བའི་ཐོད་པ་རུ་ཆང་གི་བཏུང་བ་ཅུང་ཟད་བྱའོ། ། ཐབ་ཏུའང་བློ་དང་ལྡན་པས་སྦྱིན་སྲེད་བྱའོ།། ཇི་ལྟར་གསང་སྔགས་མཉམ་པར་བཞག་པས་དཔའ་བོའི་དབང་པོ་ཉིད་བསྒྲུབ་པར་བྱའོ།། དེ་ནས་སྦྱིན ་སྲེག་འབུམ་ཕྲག་གཅིག་བྱས་ན་གལ་ཏེ་འདོད་ན་ཕྱི་རོལ་གྱི་ཐུན་མོང་གི་འཁོར་ལོས་སྒྱུར་བ་ཐོབ་བོ། ། འདི་ཉིད་ཀྱིས་ཉིས་འགྱུར་གྱིས་འགྱུར་བར་འདིར་ཐེ་ཚོམ་མེད་དོ།། དེ་ནས་ལྷ་མོས་གསོལ་པ། ཕྲ་མོའི་རྒྱལ ་སྲིད་ཐོབ་པ་ལ་དགྲ་འབྱུང་ངོ་། ། ཐབས་ཆེས་མང་པོ་ཅི་ཡིས་ལྷའི་དབང་པོ་ཡིད་ཀྱི་ཤིང་རྟ་ཡང་དག་པར་རྫོགས་པར་འགྲོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྙིང་རྗེ་དང་ལྡན་པ་སེམས་ཅན་གྱི ་སམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་དང་། གལ་ཏེ་དགེ་འདུན་མཆོད་པའི་ཚོགས་ཀྱི་བཟའ་བར་བྱ་བའང་རྗེ་སུ་ཉིན་རེར་བྱེད་པ་དང་དེའི་དོན་ཡང་བྱ་སྟེ། སེམས་ཅན་མཆོད་པར་བྱས་པར་འགྱུར་རོ།། ་སྔགས་ཀྱི་བསམ་གཏན་ལ་བརྩོན་པས་དང་པོར་དབང་བསྐུར་བར་བྱ་སྟེ། རང་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་གསང་བའི་སྔགས་རབ་ཏུ་སྦྱིན་པར་བྱའོ།། ཐུན་མཚམས་གསུམ་དུ་གཏོར་མ་དྲུག་ཅུ་རྩ་བཞི་པ་བྱིན་ནས ་ཇི་ལྟ་བ་བཞིན་དུ་བྱའོ། ། བྱ་བའི་རང་བཞིན་དེས་སེམས་ཅན་མཆོད་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ།། བཀོད་པ་ལྔ་བྱ་སྟེ་གསང་བར་བྱས་ནས་རང་གི་མཆོད་སྦྱིན་གྱི་མཐར་གཏོར་མ་དབུལ་བར་བྱའོ།། སྔགས་ཀྱི་བསམ ་གཏན་ལ་བརྩོན་པས་རྣལ་འབྱོར་མ་བཞིས་མཆོད་པ་མང་པོ་དང་དབང་བསྐུར་བར་ཡང་བྱའོ། ། རྒྱན་ལྔ་དང་ནི་ཡང་དག་ལྡན།། རྟག་ཏུ་མྱོས་བྱེད་མང་པོ་དང་། གྲི་གུག་དང་ནི་ཐོད་པར་ལྡན།། ཀུན་ཏུ་སྟག་ལྤགས་ཤམ ་ཐབས་དང་། ། སཱ་ལི་རྣམས་ཀྱིས་ཁ་བཀང་ནས།། ཁ་ནས་ཁ་ཡི་ནང་དུ་སྦྱིན།། སྒྲུབ་པོ་གཅིག་ནི་རྒྱན་ཀུན་བརྒྱན།། གཡོན་པས་དྲིལ་བུ་ཀྲོལ་བྱེད་ཅིང་།། གཡས་ཉིད་རྡོ་རྗེ་གསོར་བར་བྱེད། ཁྲུ་ལྔ་ཡི་ནི་ཚད་ཀྱིས ་ནི། ། བྲིས་སྐུ་ལྔ་པོ་གྱིས་ཤིག་དང་།། གཏི་མུག་ཕྲ་མ་འདོད་ཆགས་དང་།། ཕྲག་དོག་ཁ་དོག་དབྱེ་ལས་བྲི།། དཀར་པོ་སེར་དམར་སྔོ་བསངས་རྣམས།། རང་རང་གཟུགས་ལས་བྲི་བར་བྱ།། དབུས་སུ་གཤིན་རྗེ་གཤེད ་ཟིའོ། ། སྔགས་ལ་མཆོག་ཏུ་གཞོལ་བ་ཡིས།། སྦྲང་ཆེན་སྣག་ཚ་བྱས་ནས་ནི།། མཆོག་གི་རུས་པས་བྲི་བར་བྱ།། ཨ་ཡིག་དང་ནི་བ་ཡིག་དག། འབུམ་ཕྲག་བཞི་པོ་ཡང་དག་རྫོགས། ཐབ་ཁུང་གྲུ་གསུམ་པའི ་དབུས་སུ། ། སྦྱིན་སྲེག་སྔགས་ལ་མཆོག་གཞོལ་བ།། ཕྱིར་གཞན་སློབ་དཔོན་བཞི་རྣམས་ཀྱིས།། དེ་བཞིན་ཐབ་ཏུ་འདབ་གསུམ་གྱིས།། ཕྱི་ནས་ས་བོན་བཅུ་གཉིས་དང་།། དེ་བཞིན་འཁོར་ལོ་བཅུ་གཉིས་ལ།། སྔགས ་ཀྱི་ས་བོན་བྲི་བར་བྱ། ། གྲོ་ག་སོར་བཅུ་དྲུག་ཉིད་ལའང་།། མིང་མེད་ཀྱི་མི་ཟག་ཉིད་ལ།། སེན་རྩི་ཡིས་ནི་བསྲེས་པས་སམ།། ཡང་ན་རྒྱ་ཏེགས་ཁུ་བས་སོ།། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ཡ། ཡ ་ཨོཾ་ནི་རཱི་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་རཱ་མ་ཡ། ལྷ་མོ་གསང་སྔགས་རྙེད་དཀར་འདི།། བདག་གིས་ངོ་མཚོགས་པར་བཤད།། འདི་ཡི་སྔགས་ཀྱི་མཐུ་སྟོབས་ཀྱིས།། བདག་གིས་སངས་རྒྱས ་ཉིད་བསྒྲུབ་སྟེ། ། འཇིག་རྟེན་གསུམ་གྱི་དབང་ཕྱུག་འགྲོ།། གསང་སྔགས་བརྩོན་པས་སྦྱར་བྱས་ན།། སྡེ་དང་བཅས་པ་བར་སྣང་ལ།། འགྲོ་འགྱུར་འདི་ནི་ཐེ་ཚོམ་མེད།། གཤིན་རྗེ་གཤེད་དམར་རྣལ་འབྱོར་པ། ་ཁ་ཅིག་རྟག་ཏུ་དམ་ཚིག་བརྩོན།། རིགས་ལྔའི་བསྙེན་པར་འགྱུར་བ་ཡང་།། འབུམ་དུ་བཟླས་པས་བྲི་བར་བྱ།། ཕོ་ཉས་ཤར་གྱི་དཀྱིལ་འཁོར་དུ།། ཁམ་པོར་གཉིས་ཀྱི་དབུས་སུ་མར་དང་སྦྲང་རྩིས་ཡང་དག་པར ་གང་བ་ལ་གཞག་ནས་ཞོའོ་ཟན་དང་། ཡུངས་ཀར་དཀར་པོ་དང་།། ལན་ཚྭའི་སྦྱིན་སྲེག་བྱའོ།། ནུབ་ཀྱི་འདབ་མ་ལ་དེ་དང་མཚུངས་པའི་ཁམ་ཕོར་ལ་མེ་ཏོག་དམར་པོ་དང་། སེན་རྩི་དང་། རྒྱ་སྐྱེགས་ཀྱི་ཁུ་བ་བསྲེས་པས་སྦྱིན་སྲེག ་བྱའོ། ། བྱང་ཕྱོགས་ཀྱི་འདབ་མ་ལ་སྦྲང་ཆེན་གྱིས་གང་བའི་ཁམ་པོར་ལ་ཡང་དག་པར་གཞག་ནས་ཐབ་ཁུང་གྲུ་གསུམ་དུ་ཤིང་སིནྣི་ཀ་ཤུ་དང་།། ཤིང་ས་ཀོ་ཙ་དང་། ཤིང་ཀརྟྟི་ཀ་དང་། དུག་དང་། སྐེ་ཚེ་རྣམས ་ཀྱིས་སྦྱིན་སྲེག་བྱའོ། ། དགུ་ཡི་བདག་ཉིད་ཅན་འབད་པས།། དང་པོར་དམ་ཚིག་བྱས་ནས་ནི།། རྒྱན་ལྔ་ཡིས་ནི་བརྒྱན་པ་ཡིས།། རྣལ་འབྱོར་མ་ཡང་དེ་དང་མཚུངས།། སྣ་ཚོགས་རིན་ཆེན་རང་བཞིན་བརྒྱན ་རྔཛ་ཡབ་དཀར་མོས་བརྒྱན་པ་ཡིས། ། ལག་པ་དག་གིས་རྡོར་དྲིལ་ཡང་། ཡང་ནས་ཡང་དུ་གཏོར་མ་སྦྱིན།། ཇི་ལྟར་ཁ་ཅིག་ཡོན་ཕུལ་བས།། གང་གིས་མཉེས་པར་འགྱུར་བ་ཡིན།། དབུས་སུའང་དེ་དང ་མཚུངས་པར་བྱ། ། མཐའ་རུ་བཞི་འགྱུར་དུ་བྱའོ།། དགེ་འདུན་བཟའ་བ་ཡང་བྱའོ།། དམན་དང་ཞན་ལ་རྗེས་བརྩེ་བས།། སོ་སོར་བདག་ནི་དམ་ཚིག་མཆོད།། ཤེས་རབ་བཅས་ཤིང་ཡོན་དང་བཅས།། རིགས ་ནི་ལྔ་པོ་རྣམས་ཀྱིས་ནི། ། དེ་ནས་ནོ་བཅས་བཟའ་བ་ཡི།། མེ་ལ་སྦྱིན་སྲེག་བྱ་བའོ།། བློ་བཟངས་འབད་པས་གཞག་མི་བྱ།། དབྱུག་པ་ལྷན་ཅིག་དེ་སྒོ་བཞིར།། རྔ་བོ་ཆེ་ཡི་སྒྲ་བྱའོ།། གང་དང་གང་དུ་སྒྲ་ཐོས་པ།། ་ཕ་རོལ་སྡེ་ནི་རབ་བྲོས་ནས།། རྣ་བ་རྣམས་ནི་གསལ་བར་བྱེད།། མིག་གིས་མཐོང་བར་མི་བྱེད་ཅིང་།། སྡེ་རྣམས་དབང་དུ་བྱེད་པ་དང་།། མགོ་ལ་ཟུག་རྔུར་འགྱུར་བ་དང་།། སྐྲོད་པ་དག་ནི་བྱེད་པ་ཡིན།། ཡང་ན། ་བྱའི་གཤོག་པ་ལ་བཅིངས་ནས་བརྗོད་པར་བྱ་སྟེ། གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་ཕ་རོལ་གྱི་སྡེ་རྣམས་ནི་རང་གི་ཆུང་མའང་ཡོངས་སུ་དོར་ནས་སྤྲོ་བར་འགྱུར་རོ།། བདག་ཉིད་གཡུལ་ལ་མཆོག་ཏུ་གཞོལ ་བར་འགྱུར་རོ། ། གླང་པོ་ཆེ་རྣམས་དང་རྟ་ལ་སོགས་པ་རྣམས་ཀྱིས་ལྡོག་སྟེ། བདག་ཉིད་ཀྱི་སྔས་འགྲོ་བར་བྱེད་དོ།། གང་གི་ཚེ་སྡེ་ཚན་གསུམ་གྱིས་གཡུལ་བྱས་ནས་དུམ་བུ་དུམ་བུས་ལྟུང་བར་བྱེད་དོ།། ་པོ་ཉ་བ་གཅིག་པུས་གནས་པས་ཇི་ལྟ་བ་བཞིན་དུ་འཚོ་བ་ཙམ་གྱིས་འཚོ་བར་བྱེད་དོ།། དེའི་ཐལ་བས་ཕ་རོལ་གྱི་སྡེ་གཤོག་པར་བྱེད་པའམ། ཀུན་ཏུ་བསྐོར་བས་སྒྲིབ་པར་འགྱུར་རོ།། གློ་བུར་དུ་གླང་པོ ་ཆེའི་ཚད་ཀྱི་རྡོ་བ་འབབ་པར་བྱེད་དོ། ། ཆར་ཆེན་པོ་འབབ་པར་འགྱུར་རོ།། ཀླུའི་ཚུལ་གྱི་སྒྲུབ་པས་སྦྱིན་སྲེག་འབུམ་གྱིས་འདོད་པ་རྙེད་དོ།། ཤི་བའི་ཕ་རོལ་ཏུ་རང་དགྲ་བོ་དེ་རྣམས་འབངས་སུ་འགྱུར་རོ།། ་འདི་ནི་ལུམ་འགྱུར་གྱི་སྲས་དང་འཇིག་རྟེན་གསུམ་ལ་དབང་བྱེད་པར་འགྱུར་རོ།། དེ་ནས་ཤིངས་པ་ལའི་འབྲས་བུ་འབུམ་ཕྲག་བཅིག་གིས་རོལ་འབྲས་བུར་གྱུ་། ཞེས་པ ་གཤིན་རྗེ་གཤེད་དམར་པོར་རྒྱུད་དུ་དངོས་གྲུབ་ཕྲན་ཚོགས་ཀྱི་ལས་རབ་འབྱམས་ཀྱི་ལེའུ་སྟེ་བཞི་པོ་ལ། ། དེ་ནས་བཅོམ་ལྡན་འདས་མས་གསོལ་པ། དེ་ནས་བྷ་ག་ལ་རྟགས་ཡང་དག ་པར་སྦྱོར་བའི་ཁུ་བ་འདི་ནུ་མ་རབ་ཏུ་འཕེལ་པར་བྱ་བ་ལ་ནད་ཉམས་པ་ལས་དང་། ཡིད་བུད་མེད་ཀྱི་དབང་དུ་གྱུར་པ་ལས་དང་། དེ་འཆིང་བར་བྱེད་པ་ལས་ཀྱང་ཁུ་བས་ནུ་མ་ལ་བསྲུང་བ་དང་བསྒྲུབ་པའི་སྦྱོར་བ ་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཀའ་སྩལ་པ། ཁྱོད་ཀྱིས་ངལ་ཞུས་པ་ལེགས་སོ་ཞེས་གནང་ནས། དང་པོར་ཕུང་པོ་སྦྱང་བྱ་སྟེ།། ཕྱི་ནས་རབ་འབྱམས་ལས་བརྩམ་བྱ།། འབྲས་བུ་གསུམ ་གྱི་ཕྱེ་མ་གཟུང་། ། ཡ་བཀྵ་རཱ་པཱ་ལཱ་ཤ།། ཟོས་ནས་བུ་རམ་འཐུངས་པ་ལས།། སྲིན་དང་འཁོགས་པ་རབ་ཏུ་འཇོམས།། ཏིལ་མར་ཀེ་ཏ་ཀཱིའི་ཁུ་བ།། ཧི་ལ་མོ་ཅི་ཁུ་བ་དང་།། རྒྱམ་ཚྭ་འཐུངས་ཤིང་བྱུགས་པ ་དེའི། ། སྲིན་བུ་ཤིག་རྣམས་འཇོམས་པར་འགྱུར། ཏིལ་མར་ཀེ་ཏ་ཀཱའི་ཁུ་བ།། པི་ཙིནྡེ་ཝ་ཎ་ཡང་དག་ལྡན།། དྲག་མོ་བླ་མ་ཎ་སྦྱོར་བས།། ནཱི་ཝ་ཎ་ཡིས་འཇོམས་པར་འགྱུར།། གིལ་མོ་ཙའི་ཁུ་བ་དང་།། རྒྱ་མཚྭ ་ཅུང་ཟད་ཡང་དག་ལྡན། ། གྲིབ་མར་རབ་ཏུ་འཇུག་བྱས་ནས།། བི་ཙི་པི་ཏུ་འཇོམས་པར་བྱེད།། ཐིལ་མར་ཀེ་ཏ་ཀཱའི་ཁུ་བ། རྒྱ་སྐྱེགས་རྩ་བར་སྭ་བྱས་ནས།། འཐུང་བའི་སྦྱོར་བས་ཏིལ་མར་འཇོམས།། ཀུརྠ་རྞ་ལུ ་རྐང་མར་དང་། ། པི་རྩི་ནཱི་ཝ་ཎ་ཡང་དག་ལྡན།། ཀླུ་ཡི་ཕྱེ་མ་འཐུངས་གྱུར་ན།། བད་ཀན་རྣམས་ཀྱི་སྦྲང་རྩི་འཇོམས།། ཉི་མ་རེ་རེར་བྱ་བའོ།། ཕྱི་ནས་སྨན་ནི་བརྩམ་པར་བྱ།། དེ་ནས་འབྲས་བུ་སྦྱིན་པར་གནས།། གཞན ་དུ་འབྲས་བུ་མེད་ལ་དགའ། ། ཤལ་མ་ལི་ཤུན་ཕྱེ་མ་དང་།། ཏཔྟ་སྙིང་པོས་བཟའ་བར་བྱ།། རྣམ་བདུན་བསྔགས་ལ་ཐོ་རངས་སུ།། རུང་སྟེ་བཟའ་བ་ཟ་བྱེད་ལ།། སླར་བདག་ཇི་སྲིད་འཚེ་ཡི་བར།། ཁྲག་དང་ཁུམ ་འཕེལ་བར་བྱེད། ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨི་མ་དི་བྱ་ཨ་མྲྀ་ཏི་མ་ཀུ་རུ་ཧཱུཾ་ཕཊ། ས་ཊི་ཏཾ་དང་མ་བི་ཥཾ།། ན་རི་ཀེ་ལ་དག་ལ་ཡང་།། ཝ་ཤའི་ཉིང་ཁུ་ཡང་དག་ལྡན།། ཕག་ལས་བྱུང་བའི་ཚིལ་ཁུ་ཡིས།། རྟགས་དང་རྣ་བ་རུ ་མམིའི་དང་། ། བྷ་ག་ཡི་ཡང་རྣམ་པར་མཉེས།། ལུས་ཀུན་རྣམ་པར་མཉེས་པ་ཡིས།། འཕེལ་བར་འགྱུར་བར་ཐེ་ཚོམ་མེད།། ངེས་པར་སེན་མོས་བསྡིགས་བྱས་ནས།། བསྐུས་ནས་ཀྱང་ནི་དེ་ཉིད་ཀྱིས།། སྐྱེ་གནས ་དབུས་སུ་རབ་གཞུག་བྱ། ། རྒས་པས་སྐྱེ་གནས་འཕེལ་བར་འགྱུར།། ས་འབྲུའི་པགས་པ་སྙིགས་མ་ཡིས།། ཡུངས་ཀར་ཏིལ་མར་ལ་བཙོ་བྱ།། ནུ་མ་མཉེས་པས་འཕེལ་བར་བྱེད།། མགོ་བོ་རོ་རཀྵ་ར་འཇོམས ་བྱེད། ། ཡུངས་ཀར་དཀར་པོ་ཤུ་དག་དང་།། དྲི་བཟངས་ནི་དཱ་ཏྲི་བྱས་པས།། སྙིགས་མ་ཡིས་ནི་ལིང་ག་འཕལ།། ནུ་མ་རྣ་བ་འཕེལ་བར་འགྱུར།། གཞན་གྱིས་མི་ཐུབ་དཀར་པོ་དང་།། ལག་ལྡན་པི་པི་ལིང་བྱས ་པས། ། མ་ཧེ་ཡི་ཡང་མར་གསར་གྱི།། འཐུངས་པས་ལིང་ག་འཕེལ་བར་བྱེད།། ད་དྷུར་ཁུ་བ་རྟ་བོན་པོ།། རྩ་བར་བཅུག་ནས་མ་ཧེ་ཡི།། མར་གསར་དང་ནི་བསྲེས་པ་དང་།། ད་དྷུར་འབྲས་བུ་གོ་ཌ་ཀ། ཉིན ་དང་མཚན་དུ་གདུང་བར་བྱ། ། དེ་ནས་མགོའི་ས་གུ་ཟ་མཉེས་ནས་སྔར་བརྗོད་པས་མཚན་མོ་གསུམ་དུ་བྱུགས་ནས་མན་པར་བྱ་སྟེ་འཕེལ་བར་འགྱུར་རོ།། ལྷམ་བུ་ཆུ་ཤེལ་གྱི་སྐྱེ་མས་མར ་བསྒྲུབས་ནས་བཙུན་མོའི་སྐྱེ་གནས་ཀྱི་ནང་དུ་བྱུག་པར་བྱའོ། ། ཤི་ཐི་ལ་ཡིས་སྐྱེ་གནས་དམ་པོར་འགྱུར་རོ།། པདྨའི་ས་བོན་དང་། ཨུཏྤ་ལའི་ས་བོན་དང་། པདྨའི་རྩ་ལག་དང་། པུ་ཤེལ་ཙི་དང་། ་ཐ་སྒད་རྣམས་ཉིམ་གྱི་ཏིལ་མར་ལ་གཙོ་བར་བྱའོ།། དེས་རྣ་ཀའི་ཡན་ལག་མངོན་པར་བགྲོད་དཀའ་བའི་དོན་དུ། ཤེ་ཟིལ་ལར་ཉམ་ང་བར་འདོར་བ་ལ་སོགས་པ་འཇོམས་པར་བྱེད་དོ།། ནོ་མཱ་ལ་ཤུན ་པ་བསྐོལ་བས་བྷ་ག་བཀྲུ་བར་བྱའོ། ། ནིམྦའི་ཤུན་པས་བདུག་པར་བྱའོ།། གཞོན་ནུ་མ་བཟང་མོ་ཉིད་དྲི་བཟང་པོ་ཅན་སྐལ་བ་བཟང་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ།། བ་ཐའི་ཆ ་ཤས་ལྔ་དང་རྒྱ་སྐྱེགས་ཀྱི་ཤིང་གི་འགྱུར་བྱེད་ཀྱི་ཆ་ཤས་གཅིག་དང་། ཆུ་ཤིང་གི་འགྱུར་བྱེད་ཀྱི་ཆ་ཤས་གཅིག་དང་། ཆུ་ཡིས་བཏགས་ནས་བྱུགས་པ་ཙམ་གྱིས་བྷ་ག་དང་། མཆན་ཁུང་དང་། རྟགས ་རྣམས་ཀྱི་སྤུ་རྣམས་འབྱི་བར་བྱེད་དོ། ། ས་ལ་ཧ་ལ་དང་གསེར་གྱི་ཕུད་བུ་བསྲེས་པ་ཚ་བའི་ཏིལ་མར་དང་།། ཤིང་སཔྟ་དང་། ཤིང་བཱསྟྲ་པི་དང་། དེས་ལིང་ག་ལ་སོགས་པ་ལ་བྱུག་པར་བྱ་སྟེ། སླར་ཡང ་སྐྲ་རྣམས་འབྱུང་བར་འགྱུར་རོ། ། མ་ཧེ་དང་། ཕག་པ་དང་། གླང་པོ་ཆེ་དང་། ཁྱིམ་བྱ་རྣམས་ཀྱི་མར་ཁུ་དག་གིས་མཉེས་པས་ནུ་མ་ལ་སོགས་པ་རྣམས་འཕེལ་ལོ།། ཛཱ་ཏིའི་མེ་ཏོག་གི་ཏིལ་མར་གྱིས ་བཏགས་ན་བྷ་ཀ་འཕེལ་བར་འགྱུར་རོ། ། མ་གེའི་མར་གསར་དང་། ཤུ་དག་དང་། ཤིང་ཀུ་ཊ་རྣམས་ལྟེ་བར་མཉེས་པར་བྱ་སྟེ་ནུ་མ་འཕེལ་བར་འགྱུར་རོ།། རྔ་མོའི་ཆུས་བཀྲུས་པ་ལས་ལིང་ག་འཕེལ་བར་འགྱུར ་བ.རེ་དང་འདྲའོ། ། བརྗོད་པ་ལའི་རྩ་བ་དང་བ་ལས་བྱུང་བའི་མར་གྱིས་བཏུང་བར་བྱ་སྟེ་སྦྲུམ་པར་འགྱུར་རོ།། བལ་དང་། ཨཱ་ཏི་བ་ལཱ་དང་། ཤི་ཏ་དང་། ཤིན་རྭ་དང་། ཏི་ལ་མར་དང་། ཕུང་བའི་སྦྲང་རྩི་དང་། སྔང ་དང་ལྡན་པ་བཏུང་བར་བྱ་སྟེ་སྦྲུམ་པར་འགྱུར་རོ། ། བ་ལའི་རྩ་བའི་ཆུ་ཡིས་བཏགས་ནས་བཏུང་བར་བྱ་སྟེ་ཁྲག་འབབ་པ་འཇོམས་པར་བྱེད་དོ།། ནས་ཀྱི་ཕྱེ་མ་དང་། བ་ལང་ག་གཅིན་དང་། སྲ་རྩི་པོ་ག་གལ་ཏེ ་སྦྲང་རྩི་དང་མར་གྱིས་དྲིམ་བྱོས་ལས་ལུས་ཐམས་ཅད་བཟང་པོར་འགྱུར་རོ། ། ཟླ་མཚན་གྱི་དུས་སུ་ལག་གནོན་པོའི་རྫ་བརྣབ་པ་བཅིངས་པ་ལས་སྦྲུམ་མར་འགྱུར་།། ཀ་ལ་སྥ་ར་པཱ་ཀཾ་བཟའ་བར་བྱ་སྟེས ་བ་འཕེལ་ལོ། ། སྐྱུ་རུ་རའི་ཕྱེ་མ་དང་། ལི་ཁྲི་དང་། ཞོ་ཟོས་པས་ཁུ་བ་འཕེལ་ལོ།། ཁུ་བ་དང་ཁྲག་ཟོས་པས་ཁུ་བ་འཕེལ་ལོ།། བུད་མེད་ཀྱི་བཤང་བ་དང་བུད་མེད་ཀྱི་གཅི་བ་སྦམས་ནས་བཏུང་བར་བྱ་སྟེ་ཁུ ་བ་འཕེལ་ལོ། ། སྐྱུ་རུ་རའི་ཕྱེ་མ་དང་། ཆུ་དང་། མར་དང་། སྦྲང་རྩི་རྣམས་བརྗོད་པའི་དུས་སུ་བཟའ་བར་བྱའོ།། མིག་ལ་སྡུག་པ་དང་ཤེས་རབ་ཀྱང་སྐྱེ་བར་བྱེད་དོ།། སྐྱུ་རུ་རའི་ཕྱེ་མ་དང་འོ་མ་ལ་སོགས་པ་བཟའ་བར་བྱ། ་ལོའི་སྦྱོར་བས་ཚེ་བརྒྱའོ།། སྐྱུ་རུ་རའི་ཁུ་བ་སྲང་གཅིག་དང་ཝཱ་གུ་ཙཱི་པྱ་མ་ཞོ་གཅིག་བཏུང་བར་བྱའོ།། འཁོགས་པ་ལ་ཐོ་རངས་འོ་མ་ཟླ་བ་གཅིག་ཏུ་ཟོས་ནས་ལོ་ལྔ་བརྒྱའི་ཚེ་རུ་འགྱུར་རོ།། ཝཱ་གུནྡི་ཞོ ་གཅིག་དང་། དང་པ་དང་། ཆུ་དང་། བབས་དང་། འོམས་ཀྱང་རུང་སྟེ་འཐུངས་ན་ཟླ་བ་དྲུག་གིས་ལང་ཚོལ་སོགས་པ་དང་ལྡན་ནོ།། མུདྷི་རི་ཕྱེ་མ་དང་མར་བཟའ་བར་བྱ་སྟེ། གིམ ་རྩ་གཅིག་གིས་ལོ་བཅུ་དྲུག་ཏུ་བྱེད་དོ། ། ཥ་ཎའི་ས་བོན་གྱི་ཕྱེ་མ་སྲང་གཅིག་དང་། སཱ་ལུ་དམར་པོ་སྲང་གཅིག་དང་། བ་ཁ་དོག་གཅིག་པིར་འོ་མཁམ་པོར་གཉིས་བཟའ་བར་བྱ་སྟེ།། ཐོག་མར་འོ་མ་ཁམ་པོར ་གཅིག་ཟད་པར་འཐུངས་ནས་ཁ་ཎ་ལ་སོགས་པ་དེ་ལ་བྱིན་ནས་བཏུང་བར་བྱའོ། ། དེ་ནས་བཟའ་བར་བྱའོ།། འཁོགས་པ་འོ་མས་བཏུང་བར་བྱ་སྟེ་ཉི་མ་བདུན་ནམ་གསུམ་གྱི་བར་དུ་ཇི་སྲིད་པར་རླུང་དང་ཚད་པ ་སྤང་ངོ་། ། བྱ་བ་ཇི་ལྟ་བུ་དང་བྱ་བ་ཕྱི་མ་ཇི་ལྟ་བུས་དེའི་སྐྲ་ལ་སོགས་པ་ལྟུང་བར་བྱེད་དོ།། དེ་ནས་སྐྲ་དཀར་དང་གཉེར་མ་སྤངས་ཏེ་ལོ་བརྒྱ་ཕྲག་ལྔར་འཚོ་བར་བྱེད་དོ།། ཁྲག་སྐྲོད་པའི་རྩ་བ་དང་། མར་དང ་སྦྲང་རྩི་བྱི་ལའི་རྐང་པ་ཙམ་བཟའ་བར་བྱ་སྟེ་འབྲས་བུ་ནི་ཇི་ལྟ་བ་བཞིན་ཁོ་ནའོ། ། སྐྱུ་རུ་ར་དང་། ཨ་རུ་ར་དང་། བུང་བའི་རྒྱལ་པོ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། ལྕགས་ཀྱི་ཕྱེ་མ་རྣམས་སྦྲང་རྩི ་དང་ཤ་ཀ་ར་དག་གིས་ཨུ་དུམ་བ་རའི་འབྲས་བུའི་ཚད་ཀྱིས་རལ་བུར་བྱའོ། ། དེ་ནས་རལ་བུ་བཟའ་བར་བྱ་སྟེ། ཟླ་བས་ཚེ་ལོ་སུམ་ཅུར་འགྱུར་རོ།། ཀུ་མ་རི་སྲང་གཅིག་དང་། མར་དང་། ཞོ་དང་ལྡན་པས ་བཟའ་བར་བྱ་སྟེ་སྟོབས་ཆེན་པོར་འགྱུར་རོ། ། བྷ་ཏཱ་ལཱི་དང་། ལི་ག་དུར་སུམ་འགྱུར་གྱི་ཨ་རུ་ར་དང་། ཆུ་ཆ་གཅིག་ལ་སོགས་པ་ཟོས་པས་སྟོབས་ཆེན་པོར་འགྱུར་རོ།། ཐམས་ཅད་དུ་བདག་ཉིད་ལྷའི་རྣམ ་པས་བཟའ་བར་བྱའོ། ། སྔགས་ཀྱིས་མཉེས་ཤིང་བྱིན་གྱིས་བརླབ་པར་བྱའོ།། ཁུ་བ་རེངས་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ངན་དའི་ཤིང་གི་རྩ་བ་ཕབས་ཀྱིས་བཏགས་ནས་མགོ ་ལ་མཉེ་བར་བྱ་སྟེ། མགོ་བོའི་གཟེར་འཇོམས་པར་བྱེད་དོ།། སྦྲང་དང་མར་དག་མིག་སྨན་དུ་བྱ་སྟེ་མཚན་མོ་ལོང་བ་འཇོམས་སོ།། ཤིང་ས་པ་ལི་འབྲས་བུའི་རྩ་བ་ཟོས་པ་ལས་ལྦ་བ་འཇོམས་པར་བྱེད་དོ།། ་ལ་ཕུག་གི་ས་བོན་དང་། པྲི་ཡང་ཀུ་དང་། ཙན་དན་དམར་པོ་དང་། རུ་རྟ་བཏགས་ནས་དྲིལ་ཕྱིས་བྱས་པ་ལས་སྤྲེའུ་ལ་སོགས་པ་རྣམ་པར་འཇོམས་སོ།། ཤ་བའི་ཤ་སྐམ་པོ་དང་རཾའི་འོ་མ་བཏུང་བར་བྱ་སྟེ། ་གཟའ་རྣམས་འཇོམས་སོ།། སྐྱུ་རུ་ར་དང་། པི་པི་ལིང་དང་། ཙི་ཏྲ་ཀ་དང་། སྤྲེའུ་གཤེར་དང་། བུ་རམ་རྙིང་པ་དང་། མར་དང་། སྦྲང་རྩི་མཉམ་པར་བཟའ་བར་བྱ་སྟེ། དུས་མ་ཡིན་པའི་ལུད་པ་དང་དབུགས ་མི་བདེ་བ་འཇོམས་སོ། ། སྒེའུ་གཤེར་དང་། ཟི་ར་ནག་པོ་དང་། ཞོའི་ཞིང་ཁུས་ཀྱང་རུང་སྟེ། ལན་ཚྭ་དང་ལྷན་ཅིག་ཏུ་བཏུང་བར་བྱའོ།། དེའི་ཁྲག་སྲི་བ་རྣམ་པར་འཇོམས་སོ།། ལི་ཁ་ར་དང་ཡ་པཉྫ་ར ་མཉམ་པར་བཟའ་བར་བྱའོ། ། སོ་བྷཱ་ལྡན་བསྐོལ་བ་བཏུང་བར་བྱ་བའམ། ཡང་ན་རྡོ་འཇོམས་པ་བཏུང་བར་བྱའོ།། ཨ་རུ་ར་དང་ཙི་ཏྲ་ཀའི་ཆུ་བཏུང་བར་བྱ་སྟེ། མཚོན་པའི་ནད་འཇོམས་སོ།། པི་ར་ནས ་བོ་དང་བུ་རམ་བཟའ་བར་བྱ་སྟེ། རིམས་འཁོར་མ་འཇོམས་སོ།། ཡ་ཝཀྵ་ར་འམ་ཞོ་བཏུང་བར་བྱ་སྟེ། རླུང་ནད་རྣམ་པར་འཇོམས་སོ།། ཚ་བའི་ཏལི་མར་ལ་བྱི་ཐང་ཀ་དང་རྒྱམཚ་བྱིན་ནས་ཅུང་ཟད ་བསྲེས་པའི་ཞིང་ཁུ་བཏུང་བར་བྱ་སྟེ། མེ་དཔལ་དང་སྲིན་བུ་དག་རྣམ་པར་འཇོམས་སོ།། ཨ་རུར་དང་བུ་རམ་མཐའ་བར་བྱ་སྟེ། མཽང་ངན་པ་རྣམ་པར་འཇོམས་པས་སོ།། ཨ་རུ། ་ར་དང་ལྒ་སྐྱ་བཟའ་བར་བྱ་སྟེ། རླུང་ནད་འཇོམས་སོ།། བུ་རམ་རྩ་དུར་བ་ལ་ཡུང་བས་བཏགས་ནས་བྱུག་པར་བྱ་སྟེ། ཁྱི་རྔོ་འཇོམས་སོ།། འདི་ཉིད་ཀྱིས་ཁྱི་དང་། ཤུ་བ་དང་། འབྲུམ་བུ་དང་། འཇོམས ་པ་ལ་སོགས་པ་རྣམས་འཇོམས་སོ། ། བུ་རམ་དང་ཆེ་བའི་ཏིལ་མར་བཏུང་བར་བྱ་སྟེ། དབུགས་མི་བདེ་བ་རྣམ་པར་འཇོམས་སོ།། ཨརྫུ་ན་དང་། ཤིང་ཚེ་དང་། མར་ལ་སོགས་པ་རྣམས་བཟའ་བར ་བྱ་སྟེ། སྙིང་གི་ཟུག་རྔུ་འཇོམས་སོ།། བིལ་བ་བསྲེགས་ནས་བུ་རམ་བཟའ་བར་བྱ་སྟེ། ཁྲག་ཚད་འཇོམས་སོ།། བུ་རམ་དང་མར་བཟའ་བར་བྱ་སྟེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། ་མཛེ་ལ་སོགས་པ་རྣམས་འཇོམས་པར་བྱེད་དོ།། འབྲས་བུ་གསུམ་གྱི་ཕྱེ་མ་དང་། མར་དང་། སྦྲང་རྩི་རྣམས་བཏུང་བར་བྱ་སྟེ། ནད་ཐམས་ཅད་འཇོམས་སོ།། ཨ་རུ་རིའི་ཕྱེ་མ་དང་། མར་དང ་སྦྲང་རྩི་དུས་གསུམ་ཀུན་ཏུ་བཟའ་བར་བྱ་སྟེ། རླུང་དང་བད་ཀན་རྣམ་པར་འཇོམས་སོ།། བ་ཤ་ཀའི་ཡན་ལག་ལྔ་དང་། ཤུ་དག་དང་། ཚངས་མའི་ཤིང་དང་། པི་པི་ལྀང་སྐམ་པོ་ཕྱེ་མར་བྱས་ནས ་རྒྱམ་ཚྭ་དང་སྦྲང་རྩི་ཝ་ཌི་རུ་བྱ་སྟེ། དེ་ནས་བཟར་བར་བྱའོ།། དུས་མ་ཡིན་པའི་རླུང་དང་བད་ཀན་འཇོམས་སོ།། ཤཱལྨ་ལཱི་དཀར་པོའི་ཤིང་ཤུན་ཕྱེ་མར་བྱས་ནས་པདྨའི་ས་བོན་དང་ཀུ་མུ་ཏའི་འབྲས ་སུ་ལྷན་ཅིག་ཏུ་བྱས་ནས་བཏགས་ཏེ། རྩ་བའི་སྔགས་སྟོང་ཕྲག་གཅིག་ཏུ་བཟླས་ནས་ལ་བུའི་རིལ་བུའི་ཚད་ཀྱི་རིལ་དུ་རྣམ་པར་བྱས་ཏེ། ཐོབ་པ་སྐམས་བྱས་ནས་ཅན་ཡའི་ཁུ་བས་བསྐམ་པར་བྱའོ།། ་ཟོཐོ་རངས་ཟོས་ནས་ཇི་སྲིད་འདོད་པར་བཏུང་བར་བྱ་སྟེ། གཅིན་ནད་དེ་མེད་པར་འགྱུར་རོ།། དབྱངས་སྙན་པར་བྱེད་དོ།། ཚངས་མིའི་ཤིང་དང་། ཤུ་དག་དང་། སྒ་སྐྱ་དང་། བི་པི་ལིང་དང་། ཨ་རུ ་ར་དང་། བ་ཤ་ཀ་དང་། སེང་ལྡེང་རྣམས་སྦྲང་རྩིས་རིལ་བུར་བྱས་ནས་བཟའ་བར་བྱ་སྟེ། འབྲས་བུ་ནི་དེ་ཁོ་ན་བཞིན་ནོ།། གཤིན་རྗེ་མོ་དང་། ཨ་རུ་ར་དང་། སྒ་སྐྱ་དང་། རྒྱ་མ་ཚྭ་དང་། ་མཱ་ན་ས་མཱ་ན་རྣམས་བཟའ་བར་བྱ་སྟེ། འཁོགས་པ་ཐམས་ཅད་འཇོམས་སོ།། སླེ་ཏྲེས་ཀྱི་ཁུ་བ་དང་སྦྲང་རྩི་བཏུང་བར་བྱ་སྟེ། གཅི་ནད་འཇོམས་སོ།། མཱ་ཏྲ་ལ་འོ་མ་དང་། པཽ་པི་ལིང་གི་བྱེ ་མ་དང་། མར་དང་། སྦྲང་རྩི་རྣམས་བཏུང་བར་བྱ་སྟེ། རམས་ཕྲ་མོ་དང་ལུད་པ་ལ་སོགས་པ་རྣམ་པར་འཇོམས་པར་བྱེད་དོ།། ངོ་ཚ་ཅན་དང་། ཨཱ་ཤར་དང་། པུཾ་ཁ་ཡ་དག་གི་རྩ་བ་ལ་ཝཱ་ཁིའི ་ཆུས་བཏགས་ནས་རབ་ཏུ་བྱུག་པར་བྱའོ། ། སླེ་ཏྲེས་ཀྱི་རྩ་བའང་བཟའ་བར་བྱ་སྟེ། རྩའི་རྨ་འཇོམས་པར་བྱེད་དོ།། སྒ་སྐྱ་དང་ཡ་ཝཀྵཱ་ར་ཡིས་བཟའ་བར་བྱ་སྟེ། དང་ཁ་བདེ་བར་འགྱུར་རོ།། ་ཡན་ཏཱི་ས་བོན་དང་ན་ལེ་ཤམ་གྱི་ལྷན་ཅིག་བཏུང་བར་བྱ་སྟེ། སྡིག་པའི་ནད་འཇོམས་སོ།། འབྲས་བུ་གསུམ་དང་། མེ་ལྀ་ཀ་ནག་པོ་དང་། སའི་འཇིམ་པ་དང་། བྷྲྀངྒ་རཱ་ཛ་དང་། ས་ཧ་ཀཱ་རིའི་ས ་བོན་དང་། ལྕགས་ཕྱེ་དང་། ཙམ་མོ་སྟེ། འདི་རྣམས་ཀྱིས་བསྡམས་པར་བྱའོ།། དེ་ནས་སུ་ཀུལ་གྱིས་སྦ་ལ་བདུགས་ནས་དེས་མན་པར་བྱའོ།། དེ་ནས་ཉི་མ་བདུན་དུ་མེས་གདུང་བར། ་བྱ་སྟེ། སྒོའི་མིག་སྨན་ནོ།། རྨ་བྱིར་མཁྲིས་པ་དང་བྷྲྀངྒ་རཱ་ཛཱ་དག་གི་ཁུ་བ་དག་གིས་པ་ལས་བྱུང་བའི་མར་ལ་བཅོས་ནས་སྦྱིན་པར་བྱ་སྟེ། སྐའི་མིག་སྨན་ནོ།། ཕག་པ་མོ་དང་ཚ་བ་གསུམ་ཆ་མཉམ་པར་ཕྱེ ་མར་བྱས་ནས་ཝཱནྟི་ཀའི་དབུས་སུ་འབར་བས་འོག་ཏུ་ཕྱོགས་པའི་ཝཱརྟྟི་ཀཱའི་རིམ་པས་སྤྲེའུའི་ཏིལ་མར་བརྒྱ་ཕྲག་བཟུང་ནས་ཐིག་པ་གཉིས་ཀྱི་སྦྱོར་བས་གཉེར་མ་དང་སྐྲ་དཀར་པོ་སྤོང་ངོ་། ། འདིས་མཉེས་ཏེ ་ཁུ་བས་མཛེལ་བྱུགས་པས་ཞི་བར་འགྱུར་རོ། ། འཕྲལ་གྱི་མར་གསར་གྱི་མཉེས་ནས་གནྟ་ཀ་དང་ལྷན་ཅིག་ར་ས་ཏོ་ལ་ཀཱི་དང་། འབྲས་སཱ་ལུ་དང་། ཙཱ་ལོ་ཎི་ཨཱའི་གོང་བུས་བུམ་པའི་འཁྲུལ་འཁོར་གྱི་བུམ་པའི ་ནང་དུ་མྲྀ་ཥི་ཀཱས་བཀབ་ལ་ཝཱ་ལུ་ཀ་དང་ལྷན་ཅིག་མེ་ལ་བྱིན་པ་ལས་རོ་འཆིང་ངོ་། ། ཟ་བ་ལས་ནི་ཉི་མའི་ཚོགས་ཀྱི་བེའུའི་ཟུན་བཟུང་ནས་རལ་བུར་བྱའོ།། རྒྱ་སྤོས་ཀྱི་རྩ་བས་བཏགས་ནས་དཀྲི་བར་བྱའོ།། ་རིལ་བུ་རེརརེ་ཟོས་ནས་དུག་བཟའ་སྟེ། དུག་རབ་ཏུ་མེད་པར་འགྱུར་རོ་ཞེས་པ་རྒས་པ་འཇོམས་པའི་ལེའུ་སྟེ་དྲུག་པའོ།། ། ཀྱེ་བཅོམ་ལྡན་འདས་དབང་དུ་བྱེད་པའི་ཆོ་ག་གསུངས་ཤིག ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་གྱིས་མི་ཐུབ་པ་དཀར་པོའི་རྩ་བ་ལ་ཁུ་བས་པ་ཌི་ཀཱ་བྱས་ནས་ཐིག་ལེས་བུད་མེད་དབང་དུ་བྱེད་པར་འགྱུར་རོ།། ཚངས་པའི་དབྱུག་པ་དང་། ཤུ་དག་དང ་རུ་རྟ་དང་། སྦྲང་རྩིས་བཏགས་ལ་དྲིལ་ཕྱིས་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ།། དདྷོད་པ་ལའི་རྩ་བ་ལ་ཏམྦུ་ལ་ཡིས་སྦྱིན་པར་བྱའོ།། དེ་བཞིན་དུ་ཚངས་པའི་དབྱུག་པ་དང་། ཤུ་དག་དང་། རུ་རྟ་དང་། ་ན་ག་གེ་སར་དང་། ཏམྦུ་ལ་བྱིན་ན་དབང་དུ་འགྱུར་རོ།། གེའུ་ཝཾ་དང་རང་བྱུང་གི་མེ་ཏོག་གི་ཐིག་ལེས་སྐལ་བ་དང་ལྡན་པ་དབང་དུ་འགྱུར་རོ།། གིའུ་ཝ་དང་། ཤིང་ཤུ་ལོ་ལ་དང་། བྷིངྒ་རཱ་ཛས་ལྷན་ཅིག་སྐར་མ་རྒྱལ ་ལ་ཝ་ཌི་གིའི་རྣམ་པར་བྱ་སྟེ། ཐིག་ལེས་དབང་དུ་བྱེད་པར་འགྱུར་རོ།། བྷཱིངྒ་རཱ་ཛའི་རྩ་བ་ལ་བདག་ཉིད་ཀྱི་ཁུ་བས་མིག་སྨན་བྱའོ།། དེ་བཞིན་དུ་རྨ་བྱའི་གཙུག་ཕུད་དང་། ཤི་བའི་འཕྲེང་བ་དང་། ཁྭ་ཏིའི ་ལྕེ་སྐམ་པོའི་ཕྱེ་མ་གང་གི་མགོ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། ། བ་ལང་གི་སོ་ལ་བཟའ་བ་དང་བཏུང་བ་བཏགས་ནས་བྱིན་ན་དབང་དུ་འགྱུར་རོ།། ཁྱབ་འཇུག་གནོན་པོའི་རྩ་བ་བཏགས་ལ་བྱུགས་ན་དགའ་བ་ལས ་དེ་བཞིན་ནོ། ། སྐར་མ་རྒྱལ་ལ་ད་དྷུ་རྀའི་རྩ་བ་བཟུང་ནས་སྐར་མ་སྐག་ལ་ཝཱ་ཌའི་ཤིང་ཤུན་ནོ།། མེ་བཞི་ལ་འདབ་མའོ།། ནག་པ་ལ་མེ་ཏོག་གོ།། སྣརུབས་ལ་རྩ་བའོ།། ཆ་མཉམ་པའི་ཕྱེ་མ་ལ་སྦྲང་རྩིས་བཱཎྜི ་ཀ་རུ་བྱའོ། ། ར་ས་ལ་གཏུམས་ནས་བསྐམ་པར་བྱའོ།། ཏམྦུ་ལ་ལ་བྱིན་ནས་དུང་གི་ཕྱེ་མས་དབང་དུ་འགྱུར་རོ།། ཤིང་ཨརྐའི་སོལ་བ་དང་། སྨྱུར་བྱེད་དང་། ཁྱིའི་མིག་དང་། རྐང་པའི་མཐེ་བོས་གང ་གི་མིང་སྲིས་ཏེ་ཆེ་གེ་མོ་ཤོག་ཅིག་ཅེས་བརྗོད་པས་འོང་བར་བྱེད་དོ། ། དུ་བ་མེད་པའི་མེ་ལ་གདུང་བར་བྱའོ།། སྐར་མ་རྒྱལ་ལ་གནན་གྱིས་མི་ཐུབ་པའི་རྩ་བ་བཏོན་ཏེ་མེའི་ཞུན་གྱི་མར་ཁུས་དེ་ལ་བསྐུས་ནས་ཟོང་པ ་རུ་དུད་པ་གཏང་བར་བྱའོ། ། མིག་སྨན་དེས་བུད་མེད་དང་སྐྱེས་པ་དབང་དུ་བྱེདང་།། རྒྱ་སྤོས་དང་། བྱི་ཐང་ཀ་དང་། སེང་ལྡེང་དང་། རུརྟ་བྱིན་ན་མི་འདོད་པ་འཇོམས་པར་བྱེད་དོ།། ་པྲི་ཡང་ཀུ་དང་། གི་རུ་ཝ་དང་། ལྡོང་རས་དང་། ན་ག་ཀེ་སར་གྱིས་མིག་ལ་མགོ་སྨན་དུ་བྱས་ན་དབང་དུ་བྱེད་དོ།། གླ་རྩི་དང་། ངོ་ཚ་ཅན་དང་། དྲ་སྥུར་དང་། ས་ཧཱ་རྣམས་ཀྱིས་བྱས་པའི་ཏིལ་མར་གྱིས ་དབང་དུ་བྱེད་དོ། ། ན་མ་ཤྩཎྜ་ལཱི་ཆེ་གེ་མོ་མེ་ཝ་ཤ་མཱ་ན་ཡ་སྭཱ་ཧཱ། སྟོང་ཕྲག་བཅུ་བཟླས་པས་སྔོན་དུ་བསྙེན་པ་བྱས་ནས་བསྙེན་པ་ཁྲིའོ།། དུར་ཁྲོད་ཀྱི་ཐལ་བ་ལ་བཅུ་བཞི་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བསྡད ་ཏེ། བུད་མེད་ཀྱི་མགོ་ལ་བྱིན་ན་དབང་དུ་འགྱུར་ཏེ། རྟག་ཏུ་ངེས་པར་སེམས་པས་སླར་ཡང་དགའ་བཞིན་པའི་སེམས་དང་ལྡན་ནོ།། ཁུ་བ་རེངས་པའོ།། ཤིང་ཁུ་བྱུག་གི་མག་དང་། ཤིང་རྟའི་རྩ་བ་དང་། ་དྷརཱུ་ར་དང་། གཞན་ཡང་བྱང་གི་མུཀྟ་ཤི་ཁ་རྐེང་པ་ལ་བཅིངས་ནས་ཁུ་བ་རེངས་པར་བྱེད་དོ།། སྲ་རྩི་པོག་དང་། ཝཱ་མ་ཏྟི་ཏི་དང་། གཞན་ཡང་ཤར་དཀར་པོ་དང་པུ་ཁའི་རྩ་བས་ཀྱང་འཁྲིག་པ་ལས་ཁུ་བ ་རེངས་པར་བྱེད་དོ། ། འཇམ་འབྲས་ལ་སྦུབས་བྱས་ནས་དངུལ་ཆུས་བཀང་སྟེ་སྲད་བུས་རྐེད་པ་ལ་བཅིངས་ན་ཁུ་བ་འཛིན་ནོ།། ཕག་པའི་ཏིལ་མར་དང་། རྒྱ་སྐྱེགས་དང་། རཉྫི་ཏ་དང་། ཨརྐ་དཀར ་བོའི་ཤིང་བལ་གྱི་སྙིང་པོས་སྦར་ན་ཁུ་བ་རེངས་སོ། ། སའི་འཁྲིལ་ཤིང་གི་ཕྱེ་མ་དང་། དབུས་ཀྱི་སྙིང་པོ་ཏིལ་མར་གྱིས་བསྲེག་པར་བྱ་སྟེ། ཁུ་བ་རེངས་སོ།། ཏིལ་གྱི་ཏིལ་མར་དང་སའི་འཁྲིལ་ཤིང་ཕྱེ ་མར་བྱས་ནས་སམ་མེ་ཏོག་གི་མར་ཁུ་བཏུང་བར་བྱའོ། ། དེས་རྐང་པའི་མཐིལ་ལ་བསྐུས་ན་ཁུ་བ་རེངས་སོ།། ཁཱ་ཏ་དཀར་པོའི་རྗེ་ངར་གྱི་རྩ་བ་དང་། པདྨ་དཀར་པོའི་གེ་སར་དང་། སྦྲང་རྩི་རྣམས་ཀྱིས ་ལྟེ་བར་བླུགས་ན་ཁུ་བ་རེངས་སོ། ། པདྨའི་འདབ་མས་ཁྱབ་འཇུག་གནོན་པའི་རྩ་བར་འདབ་མས་དཀྲིས་ནས་ཝཱ་རྫི་དཀྲི་བར་བྱ་སྟེ། ཁུ་བ་རེངས་སོ།། བ་ཟླར་ཁུ་བའི་མིག་སྨན་དང་། དངུལ་ཆུ་དང ་བི་བི་ལིང་དང་། རྒྱམ་ཚྭ་དང་། རུ་རྟ་དང་། པུག་རོན་གྱི་ཐུན་རྣམས་ཀྱིས་ལིང་ག་ལ་དྲིལ་ཕྱིས་བྱས་པ་ལས་ཁུ་བ་རེངས་སོ།། ཀུསྠ་དང་། ཨཱུཛྙཱ་བ་ལི་དང་། བཛྲ་དང་། ཤྲི་ག་བྱུགས་ན་སྟེང་དུ་འགྱུར་རོ། ་ཤིང་ཀ་པད་ཀྱི་རྩ་བ་དང་། དརྦི་དང་། རའི་གཅིན་གྱིས་བཏགས་ནས་ལང་ག་ལ་ཀུན་ཏུ་བྱུགས་ཏེ།། པདྨ་དབྱེ་བར་བྱ་སྟེ། ལན་གསུམ་དུ་སྟེང་དུ་འགྱུར་རོ།། ཚ་བའི་ཆུས་བཀྲུས་ན་རབ་ཏུ་ཞི་བར ་བྱེད་དོ། ། འགྲོན་བུའི་ནང་དུ་དངུལ་ཆུས་བཀང་ནས་ཁ་རུ་བཞག་ན་ཁུ་བ་རེངས་སོ།། རིང་གཅིན་གྱིས་དབང་པོ་ཆུ་ལྷ་མོ་ལ་ཉི་མ་བདུན་དུ་བགོ་བར་བྱའོ།། དེས་དྲིལ་ཕྱིས་བྱས་པ་ལས་ལིང་ག་རེངས་པར ་འགྱུར་རོ། ། དྷ་དྷུ་རའི་རྩ་བ་དང་། ཀཱ་མཱ་ཙཱིའི་རྩ་བ་དང་། ཨོཾ་ཥཎྜིའི་རྩ་བ་དང་། ཀ་པུར་གྱི་ཁུ་བས་བཏགས་ནས་ལིང་ག་ལ་བྱུགས་ན་འདོད་པའི་བུད་མེད་འཛག་པར་བྱེད་དོ།། རྒྱ་མཚ་དང་། ཚལ་དང་། ་ག་པུར་དང་། གྷོ་ཥའི་ཕྱེ་མ་སྦྲང་རྩིས་བཏགས་ནས་ལིངྒི་ལ་བྱུགས་ནའང་དེ་བཞིན་ནོ།། ཕུག་རོན་གྱི་བྲུན་སྦྲང་རྩིས་བཏགས་ནས་ལིངྒ་ལ་བསྐུས་ན་འདོད་པའི་བུད་མེད་འཛག་པར་བྱེད་དོ།། ཀཱ་མཱ་ཙཱིའི་རྩ། ་ཁ་དང་ཏཱམྦུ་ལ་ཤིན་ཏུ་དགའ་བའི་དུས་སུ་བུད་མེད་ཀྱིས་ཟོས་ན་དེ་འཛག་པར་བྱེད་དོ།། བ་ཀ་དང་། ནཱ་ཌཱི་དང་། མལླི་ཀཱཾ་རྒྱ་མ་ཚྭ་བསྲེས་པར་བྱས་ནས་རང་གི་སྡིགས་མཛུབ་ཀྱི་སོར་མོར ་བཅུག་སྟེ། དེའི་བྷ་གར་བཅུག་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ཇི་སྲིད་དུ་དེ་འཛག་པར་བྱེད་ཀྱི་བར་དུ་བསྐྱོད་པར་བྱའོ།། ག་པུར་དང་། དངུལ་ཆུ་དང་། ཚ་ལ་དང་། ཤིང་ཧ་ཏི་དང་། པི་པི་ལིང་དང་། ་སྦྲང་རྩི་རྣམས་ཀྱིས་བྱུགས་ན་བུད་མེད་འཛག་པར་བྱེད་དོ།། ཤིང་ཛ་ཡཱནྟིའི་རྩ་བས་བཏགས་ནས་འབྲས་ཐུག་པོ་ཆེ་དང་། ཆུ་བསྲེས་པའི་ཟླ་མཚན་གྱི་དབུས་སུ་དེའི་སྐྱེ་གནས་ལ་རབ་ཏུ་བྱུགས་ན་བུད ་མེད་མོ་གཤམ་དུ་འགྱུར་བར་ཐེ་ཚོམ་མེད་དོ། ། སཱ་ལཱ་ཤའི་ས་བོན་བཏགས་ནས་བྱུག་པར་བྱ་ཞིང་། མར་དང་སྦྲང་རྩི་འཐུངས་པ་ལས་ཁྲག་གི་མཚན་མའི་བུད་མེད་མོ་གཤམ་དུ་འགྱུར་རོ།། ཆ་གས ་དང་། ཕྱེ་མ་ལེབ་ཀྱི་ཕྱེ་མ་དང་། ཕྱིས་ས་སྐྱེ་གནས་སུ་བྱིན་ན་དམ་པོར་འགྱུར་རོ།། ཁུ་བ་རེངས་པའི་ལེའུ་སྟེ་བདུན་པའོ།། །། མགྲིན་པ་བཏེག་ནས་དམ་འཁྱུད་ཅིང་།། ལྦ ་ལ་ཡང་ཡང་འོ་བྱས་ནས། ། རྒྱལ་པོའི་དངོས་པོར་བྱས་པ་ཞིག། འཁོར་ལོས་སྒྱུར་བར་ཇི་ལྟར་འགྱུར།། གང་ཞིག་ཉེ་བར་མ་ཞུགས་པ། གནས་གཅིག་ཏུ་ནི་རྒྱལ་སྲིད་འགྱུར།། དགྲ་བོ་གཡོ་མེད ་འགྱུར་བ་དང་། ། དགའ་ཞིང་ཞབས་ལ་འདུད་པ་འམ།། ཀུན་ཏུ་འགུགས་ཤིང་འདྲེན་པ་དང་།། མངའ་བདག་དེ་བཞིན་དེར་བཟླས་པ།། སེམས་ཅན་དོན་དུ་བདག་ལ་ཤོད།། བཅོམ་ལྡན་འདས་ཀྱི ་བཀའ་སྩལ་པ། ། བྲིས་སྐུ་འམ་ནི་གཟུགས་བརྙན་ལ།། ཉེར་སྤྱོད་ལྔ་རྣམས་ཀྱིས་མཆོད་ནས།། དྲུག་ཅུ་རྩ་བཞི་ཡོངས་རྫོགས་པའི།། གཏོར་མ་ཐུན་མཚམས་གསུམ་དུ་སྦྱིན།། གསེར་འབུམ་དེ་བཞིན ་ཁམ་པོར་བརྒྱད། ། འཁྲུལ་འཁོར་རྒྱས་པའི་སྦྱོར་བ་ཡིས།། དེ་བཞིན་སྔགས་ལ་མཆོག་གཞོལ་བ།། སླར་ཡང་ཤིང་རྟ་ཁམ་པོར་སོགས།། མར་དང་སྦྲང་རྩིས་བཀང་བ་ཡིས།། གཙོ་བོ་དཔལ་གྱི་ཁྱིམ་སྟེང ་དུ། ། ཨཿཡིག་འཁོར་ལོར་ངེས་བཅིང་བྱ།། གསང་སྔགས་རིག་པ་པྲཱིཿཥྚིཿསོགས།། བློ་དང་ལྡན་པས་དུས་གསུམ་མཆོད།། ཀ་ཌ་ཀ་ཡི་སྟེང་གི་ཆར།། དཀྱིལ་འཁོར་ལྔ་པོ་བྱས་ནས་ནི།། ལེགས་པར ་བཀྲི་བ་བྱིན་ནས་ནི། ། འབད་པས་ས་ཀུན་སྦྱང་བར་བྱ།། ས་གཞི་ཡོངས་སུ་བཟུང་བྱས་ནས།། དཀྱིལ་འཁོར་མཆོག་ནི་བྱ་བ་ཡིན།། རྡུལ་ཚོན་མཛེས་པས་བྲི་བའམ།། ཡང་ན་འབྲས་ནི་ཐུག་པོ་ཆེ།། ་ཁ་དོག་ལྔ་པོ་དེ་བཞིན་ལྡན།། དེ་བཞིན་སློབ་དཔོན་ལྔ་རྣམས་ཀྱིས།། ཅུང་ཟད་མྱོས་བྱེད་འཐུངས་ནས་ནི།། སྟེང་གི་རི་མོའི་སྟེང་དུ་ནི།། དགུ་བདག་དཀྱིལ་འཁོར་ཡིད་འོང་བ།། ཟ་བཞི་རུ་ནི་ཐོད་པའོ།། རང་གི ་འདོད་ལྷའི་རྣལ་འབྱོར་ལྡན། ། སྲད་བུས་ཐིག་གདབ་ཤེས་རབ་ཅན།། ལྷ་མོའི་དཀྱིལ་འཁོར་ཆེས་མང་བ།། རྣམ་པ་ཇི་བཞིན་མངོན་བྲི་བྱ།། འདབ་བཞིར་དེ་བཞིན་བྲི་བྱ་བ།། ཁྱད་པར་དབྱུག་པ་དཀར་པོའོ།། ་དབུས་སུའང་དབྱུག་པ་དཀར་པོ་ནི།། སྣ་ཚོགས་རྡོ་རྗེ་བཞིན་ཟི་བྱ།། རིགས་ནི་ལྔ་པོ་མཚུངས་པར་བྱ།། སྐལ་བ་བྱས་ནས་ལེགས་པར་བསླབས།། རྒྱུད་ལ་སོགས་པའི་སྦྱོར་བས་འདི།། རབ་ཏུ་འབད་པས ་དབང་བསྐུར་སྦྱིན། ། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ་དེ་སླར་དེ་བཞིན་ནོ།། སློབ་དཔོན་བཞི་པོ་རྣམས་ཉིད་ཀྱིས།། ཡང་དང་ཡང་དུ་གཏོར་མ་སྦྱིན།། དྲིལ་བུ་རྡོ་རྗེ་མཉམ་པར ་གནས། ། སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡིས།། ཀུན་ཏུ་སེར་པོརི་གོས་ཉིད་དང་།། མི་ཡི་རྒྱན་གྱིས་བརྒྱན་པའོ།། གསེར་དངུལ་ཟངས་ལྕགས་བཞི་ཡིས་ནི།། བུམ་པ་དཀྱིལ་འཁོར་ཡང་དག་དགོད།། དབུས་སུ ་གསེར་གྱི་བུམ་པ་ཡང་། ། སྣ་ཚོགས་རིན་ཆེན་ལེགས་པར་མཛེས།། གསེར་དངུལ་ཟངས་དང་ལྕགས་ལས་བྱུང་།། འཁྲུལ་འཁོར་བཞི་པོ་རྣམས་དང་ནི།། དབུས་སུ་གསེར་གྱི་འཁྲུལ་འཁོར་ནི།། མེ་ཏོག་དམར་པོས ་ལེགས་མཛེས་པའོ། ། སླར་ཡང་ཕྱིར་གཞན་དཀྱིལ་འཁོར་བཞིར།། སྡོང་པོ་བཀོད་སོགས་འབད་པས་བཀླག། ཕྱི་རུ་ཟན་ལ་འདུས་པ་ཉལ།། ལོངས་སྤྱོད་དེ་བཞིན་གཞན་ལ་བདུན།། དགེ་འདུན་ཡོན་དང་ལོངས ་སྤྱོད་ཀྱང་། བློ་བཟང་འབད་པས་བྱ་བ་ཡིན།། ཤར་དུ་ཝ་ཌཿལྷོ་རུ་ནི། ཨ་ཤྭཏྠཿནུབ་ཝ་ཀུ་ལ།། བྱང་དུ་ན་ཀ་གེ་སར་རོ།། ཤར་དུ་མེ་ཏོག་དཀར་ལྷོར་སར།། དེ་བཞིན་ནུབ་དམར་བྱང་དུ་ཡང་།། ལྗང་ཁུ་དེ་བཞིན ་སྟེང་དུ་ཡང་། ། མེ་རུ་ལ་ཌ་རྗེ་རིགས་དང་།། བྲམ་ཟེ་རྡོ་རྗེ་རིན་ཆེན་སོགས།། ཤར་གྱི་ཕྱོགས་སུ་རབ་སྦྱིན་ཕྱིར།། སྐྱེ་བོ་འདི་དག་ས་ག་ལ།། སྣ་ཚོགས་རྒྱན་ཀུན་གྱིས་བརྒྱན་པའི།། མི་བདག་གིས་ནི་ངོས་བཞི་རུ། ་བཞི་འགྱུར་འདྲེན་མ་རྣམས་དང་ནི།། ལྷན་ཅིག་མཆོད་སྦྱིན་འདུས་པ་ལ།། བརྒྱ་རྩ་བརྒྱད་རབ་སྦྱིན་བྱས་ནས། པུས་མོ་གཡས་པའི་ལྷ་ན།། སར་བཙུགས་ལག་པ་སྦྱར་བྱས་ནས།། རིན་ཆེན་ལ་སོགས་ཀྱིས ་སྨྲས་པ། ། སྣ་ཚོགས་ལ་སོགས་རྒྱན་དང་གསེར།། གང་བའི་སྣོད་ལ་དེ་བརྗོད་པ།། ས་སྟེང་ཐམས་ཅད་གནོད་མེད་པའི།། ལྷ་ཡི་རྒྱལ་སྲིད་བདག་ལ་སྩོལ།། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་།། དབང་པོ་ཉིད་ཀྱང ་བདག་ལ་གསོལ། ། དེ་ནས་དཔལ་ལྡན་གཤིན་རྗེ་གཤེད།། དམར་པོའི་སློབ་དཔོན་བདེན་པ་ལ།། རྒྱལ་པོ་ཆེན་པོ་འདི་དག་གི། ཡིད་ཀྱི་ཤིང་རྟ་རྫོགས་པར་བགྱི།། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས།། སྔགས་དང ་བསམ་གཏན་མཆོག་གཞོལ་མ། ། བློ་ལྡན་གུས་པས་ཅུང་ཟད་ཉོན།། ཤེས་རབ་ཕ་རོལ་ཕྱིན་པ་བཀླག། ཛམྦྷ་ལ་ལ་ཆུ་སྦྱིན་དང་།། ཡི་དགས་གཏོར་མ་རེ་བཞིན་སྟོན།། བརྩེ་བའི་ངང་ཚུལ་འཇིག་རྟེན་སྐྱོང་།། དེང་ཁྱོད་ལ་སོགས ་བརྗོད་པར་བྱ། ། མི་བདག་བདག་ལ་བདེན་པར་སྨོས།། མངའ་བདག་བདེན་ལས་གཞན་མིན་པས།། མི་བདག་གིས་བདེན་བརྗོད་པར་བྱ།། མགོ་དང་སྙིང་ཁར་རྡོ་རྗེ་ནི།། ལན་གསུམ་བྱིན་ནས་རྒྱལ་སྲིད་བྱ།། དཀྱིལ་འཁོར ་བསྟེན་པར་བྱ་བའོ། ། གནས་སུ་བདག་ལ་སྨྲ་བ་ནི།། དེང་བདག་སྐྱེ་བ་འབྲས་བུར་བཅས།། མི་ཡི་འགྲོ་བ་ལེགས་པར་ཐོབ།། དེ་ནས་དཔལ་ལྡན་གཤིན་རྗེ་གཤེད།། དམར་པོའི་རྣལ་འབྱོར་པ་བདག་ནི།། འཇིག ་རྟེན་གསུམ་རྒྱལ་སྲིད་བྱས་ནས། ། ཕྱི་ནས་དབང་པོ་ལ་སོགས་པ།། ཟློས་པ་བདག་གིས་བྱེད་པ་ཡིན།། དེ་བཞིན་སླར་ཡང་ཀེ་ལཱ་ཤར།། བུད་མེད་རྒྱལ་སྲིད་བྱས་ནས་ནི།། རྒྱལ་སྲིད་འབྱོར་གྲུབ་ཆེས་མང་དང་།། ་མཐའ་དག་རྒྱལ་སྲིད་ཁུར་བཟུང་ནས།། མི་བདག་འཕྲོག་བྱེད་ཟླ་བ་ལྟར།། སངས་རྒྱས་ཉིད་དང་དངོས་གྲུབ་ཀུན།། གང་གིས་མྱུར་དུ་འབྱུང་འགྱུར་བ།། ད་ལྟར་ལྷ་ཡིས་དེ་མཛད་ལ། མངའ་བདག་བདག་ལ ་མཆོག་སྩོལ་ཅིག། དེ་བཞིན་ཁོ་ནར་བདེན་དང་བདེན།། ས་ཡི་གནས་སུ་ཕྱག་བྱས་ནས།། བཟོད་པར་གསོལ་ནས་ཁྱིམ་འགྲོ་བྱ།། དེ་བཞིན་སྣ་ཚོགས་ཀླུ་དང་ནི།། རོལ་མོ་ལ་སོགས་པ་རྣམས ་ཀྱིས། ། སྤྲོ་བར་བཅས་པས་སྦྱིན་སྲེག་བྱ།། ཉི་མ་སོ་སོར་ཉེར་སྤྱོད་བཅས།། མཚན་མོ་ཕྱེད་ནས་ཚོགས་འཁོར་དང་།། ཤེས་རབ་བཅས་ཤིང་ཡོན་དང་བཅས།། རིམ་འདིས་ཉི་མ་ཉི་ཤུ་ལྡན།། ཟླ་བ་དྲུག་གིས ་མཆོད་སྦྱིན་རྫོགས། ། དེ་བཞིན་ཀུན་ཏུ་འོངས་ནས་གར།། གླང་པོ་རྟ་ལ་སོགས་པའི་ཡོན།། ཕྱིན་ནས་མཆོག་ནི་བླང་བར་བྱ།། དེ་ཚེ་ཡང་དང་ཡང་དུ་ནི།། གང་གང་མི་བདག་གང་ཡིན་ཏེ།། གཞན་དུ་ཕོ་ཉ་རབ་ཏུ ་འཇོག། རྒྱལ་སྲིད་བདག་གིར་གཟུང་བ་ཉིད།། གལ་ཏེ་མིན་ན་ཆད་པ་ལ།། རབ་ཏུ་བཞག་ནས་འབྱིན་པར་བྱེད།། སྣ་ཚོགས་རིན་ཆེན་ལ་སོགས་པ།། མྱུར་འགྲོ་རྣམས་ནི་འབུལ་བར་བྱེད།། རང་ཕན་རང་གི་སྐལ་པ ་རྣམས། ། རབ་མཆོག་གལ་ཏེ་འདོད་ན་ནི།། དེ་ཡིས་རྒྱལ་སྲིད་སྦྱིན་པར་བྱེད།། གང་གང་མིང་གིས་མི་འོང་ན།། དེ་ཡི་འཁྲུལ་འཁོར་སེང་ལྡེང་གི། མེ་ལ་གདུང་བར་བྱ་བ་ཡིན།། སྐད་ཅིག་དེ་ལས་དེ་རྨོངས་ཏེ།། ་གཞན་གྱི་ཡུལ་དུ་འགྲོ་བར་འགྱུར།། གཙོ་བོའི་ཐབ་ཀྱི་ཐལ་བ་གང་།། གང་གི་ནད་ལ་སོགས་བྱིན་པ།། དེ་དག་ཉེ་བར་ཞི་བར་བྱེད།། གལ་ཏེ་གསོ་སྦྱོང་བྱ་བ་ཡི།། དབང་པོ་ཉིད་ནི་ཐོབ་པར་བྱེད།། སྦྱིན་སྲེག་གིག། ་འདི་བཞི་འགྱུར་རོ།། བཅོམ་ལྡན་འདས་མ་ཀྱེ་ཁྱོད་ལ།། ངོ་མ་ཚོགས་པས་བཤད་པ་ཡིན།། དེ་ཡི་སྔགས་མཆོག་ཅུང་ཟད་ཀྱང་།། འཇིག་རྟེན་གསུམ་དུ་རྙེད་པ་དཀའ།། ལྷ་མོ་དཔལ་ནི་ཀྱེ་རྡོ་རྗེ།། བསྟན་པ ་ཐར་པ་མཆོག་དང་ནི། ། དཔལ་ལྡན་བདེ་མཆོག་རྒྱུད་དུ་ཡང་།། མང་ཞིང་རྒྱ་ཆེའི་རྣལ་འབྱོར་མ།། ལྷ་མོ་དཔལ་ལྡན་འདུས་པ་དང་།། རྒྱས་པར་རྣལ་འབྱོར་རྒྱུད་དུ་ཡང་།། གངྒཱའི་ཀླུང་གི་བྱེ་མཚུངས་པས།། ་ཆེས་མང་དགའ་བའི་དངོས་གྲུབ་རྣམས།། གཤིན་རྗེ་གཤེད་ནི་དམར་པོའི་རྒྱུད།། ལྷ་མོ་གུས་དང་བཅས་པས་ཉོན།། ལྷ་མོ་བདག་ནི་མྱ་ངན་འདས།། དབང་པོ་སོགས་ཀྱིས་མི་མཐོང་ངོ་།། མིག་མི་བཟང ་གི་རྣལ་འབྱོར་དབང་། ། ཚངས་པར་སྐྱེ་བར་འགྱུར་བ་ཡིན།། བརྩོན་འགྲུས་ཆེན་པོ་སྟོབས་ཆེན་ལྡན།། དེ་ཕྱིར་ཆོས་ནི་སྟོན་པ་པོ།། ཅི་འདིས་བསྙུངས་པར་གྱུར་ནས་ནི།། རྒྱུད་ནི་ལེགས་པར་སྦས་པ་ཐོབ།། ་གསང་སྔགས་འབུམ་ཕྲག་གཅིག་བཟླས་ནས།། བདག་ལ་སྒྲུབ་པར་བྱེད་པ་དང་།། རབ་ཏུ་སྤྱོད་པར་འགྱུར་བ་ཡིན།། འཛམ་བུའི་གླིང་ན་སྣ་ཚོགས་པའི།། དངོས་གྲུབ་རབ་ཏུ་སྟེར་བར་བྱེད།། འགུགས ་པའི་ས་བོན་གོ་སཾ་ཀཾ། འདི་དག་བདུན་གྱི་རྣལ་འབྱོར་པས།། སྐྱེད་ཚལ་རྙེད་པར་བྱེད་པར་འགྱུར།། སླར་ཡང་ཀ་ནི་ཡུ་ག་དང་།། པ་ལ་གོ་ཏྟ་ལ་དང་ནི།། གོ་མཙཱ་རཱ་ལཱ་བྷཱི་ཏི།། ལ་སོགས་རྣལ་འབྱོར ་པ་ཡིས་འགྱུར། ། ཀ་ལིངྒ་དང་བངྐ་དང་། གཽ་རཱི་དང་ནི་མ་ཀ་ངྒ།། སུ་ར་ཀ་རྒྱལ་ཨུ་བི་ཀྲི།། བི་ཙ་ཀ་ལ་རཱ་ཛ་དང་།། གོ་དེ་རཱ་མ་ཀཾ་གི་ལིངྒེ།། བི་མོ་ཛི་ཞེས་བྱ་སོགས་རྒྱལ།། དཔལ་ལྡན་ཀ་ཤིན ་གཤེད་དམར་པོའི། ། རྣལ་འབྱོར་པས་ནི་འགྱུར་བ་ཡིན།། གང་ཡང་སྨྲ་བརྗོད་བྱེད་པ་དང་།། གང་ཡང་བརྩོན་འགྲུས་ལྡན་པ་དང་།། གང་ཡང་ཕ་རོལ་གནོད་པ་ཆེ།། ཁ་ཅིག་འདིར་ནི་འཇིག་རྟེན་སོགས།། ། ་སླར་ཡང་སྔགས་ལ་མཆོག་གཞོལ་བ།། སླར་ཡང་རྒྱལ་སྲིད་དབང་པོ་སོགས།། འཁོར་ལོས་སྒྱུར་བར་འགྱུར་བ་ཡིན།། གསང་སྔགས་ཆེན་པོ་ལེགས་སྦས་པ།། བྱིས་པའི་རྣལ་འབྱོར ་ལ་མི་བསྟན། ། བདེན་པར་སངས་རྒྱས་ཉིད་འདོད་པ། རྒྱུད་ལ་འཇུག་པ་ལ་བསྟན་བྱ།། འདི་ལས་རྒྱུད་འདི་བརྗོད་པ་ལ།། དང་པོར་དབང་བསྐུར་བྱ་བ་སྟེ།། ཕྱི་ནས་འདི་ནི་བསྟན་པར་བྱ།། རྒྱུད་རྒྱལ་རྒྱུད་ཀྱི ་མཆོག་གྱུར་པ། ། སྔགས་དང་བསམ་གཏན་བརྗོད་ཉུང་བ།། བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར།། གང་སྡིག་ལས་ལ་དགའ་བ་དང་།། དད་པ་དམན་པས་འགྲུབ་མི་འགྱུར།། གང་ཡང་སྡིག་པ་བྱེད་པ ་ཡང་། ། བསླབ་ས་འཛིན་པར་བྱེད་ན་ནི།། འབད་མེད་དངོས་གྲུབ་ཉིད་འགྲུབ་པར།། འགྱུར་བར་འདིར་ནི་ཐེ་ཚོམ་མེད།། དགེ་བ་བཅུ་ལས་བརྩམས་ནས་ནི།། ཕྱི་ནས་ཆོས་ནི་རབ་གསལ་བྱ།། དེ་བཞིན་དེ ་ཡི་བྱ་བ་ནི། ། ཇི་ལྟ་བ་བཞིན་འགྱུར་བ་ཡིན།། ཞེས་པ་རྒྱལ་སྲིད་ཀྱི་བསླབ་པའི་ལེའུ་སྟེ་བརྒྱད་པའོ།། །། བཅོམ་ལྡན་འདས་ཀྱེ་རྒྱལ་པོ་རུ།། འབྱུང་བར་འགྱུར་ལ་ཆོས་ཅན་འགྱུར།། ་ཆོས་ཀྱི་རོ་ནིང་བདག་ལ་གསུངས།། སྔགས་ཀྱི་དེ་ཉིད་མེད་པར་གང་།། བསམ་གཏན་མེད་པ་འདི་ཉིད་ལ།། སེམས་ཅན་ཐམས་ཅད་བསྒྲལ་དོན་དུ།། སྔགས་ཀྱི་རེ་ཉིད་རབ་གསལ་བ།། བསམ་གཏན་མེད་པས ་འགྲུབ་པར་འགྱུར། ། བསམ་གཏན་མེད་ན་དེ་ཉིད་ལས།། རྣམ་པ་གཞན་དུ་རྒྱུར་འགྱུར་རོ།། ཀྱིས་རྣམས་ཕྱག་རྒྱ་དེ་བྱེད་པ།། དང་པོ་ལྷ་ཡི་གཟུགས་སུ་སྟེ།། ལུས་ནི་རྣམ་པར་དག་པར་བྱ།། གཉིས་པར ་གསང་བ་བཟླས་པ་སྟེ། ཨཱ་ལི་ཀཱ་ལི་བཟླས་པ་དང་།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། བློ་ལྡན་ཡི་གེ་གསུམ་བཟླས་ཀྱི།། དེ་བཞིན་བློ་ལྡན་ཁྲི་ཁྲག་གཉིས།། བརྒྱ་ཕྲག་བཅུ་དྲུག་བཟླས་པར་བྱ།། ཉིན ་དང་མཚན་མོའི་གྲངས་ཀྱིས་ནི། ། གསང་སྔགས་བཟླས་པར་བྱེད་པ་ཡིན།། དེ་ནས་དེ་ལ་སྣ་ཡི་རྩི།། ཁཾ་ན་ས་བོན་མཚན་མའི་རིམ།། ཡུངས་ཀར་དུ་ཡང་བསམ་པར་བྱ།། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ལས།། སེམས་ནི ་བརྟན་པར་བྱས་ཉིད་ཀྱིས། ། རང་བྱིན་བརླབ་པར་ཡང་འགྱུར་རོ།། ཇི་ལྟར་སྒྱུ་མ་ཇི་ལྟར་རྨི།། དེ་བཞིན་སླར་ཡང་ཆུ་ཟླ་བ།། འདི་ལྟ་བུ་ཡི་གཟུགས་སུ་འགྱུར།། ཇི་ལྟར་བླ་མའི་མན་ངག་ལས།། ཆུ་དང་ཆུའདུས ་གཅིག་པ་བཞིན། ། སྒྱུ་མ་སྟོང་པའི་སྦྱོར་བ་ཡིས།། གཉིས་པོ་འདི་དག་སྤྱོད་པ་ཡིས།། ཟུང་དུ་འཇུག་པ་རབ་སྒྲུབ་བྱེད།། རྣལ་འབྱོར་ཅུང་ཟད་བསམ་མི་བྱ།། བཏང་སྙོམས་མཆོག་ཏུ་འགྱུར་བ་ཡིན།། ལྷ་རུ་ཅུང ་ཟད་བསམ་མི་བྱ། ། རང་གི་དེ་ཉིད་གསལ་བར་འགྱུར།། བསམ་བྱ་མེད་ཅིང་བསམ་མེད་གང་།། དེའང་འདིར་ནི་ཡོད་མ་ཡིན།། དེ་འདིར་བསམ་མི་ཁྱབ་པར་བརྗོད།། སྲིད་པའི་ཤིང་གི་ལྟ་ར་སྟེ།། ཁ་ཅིག ་རྒོད་དང་བརྗོད་པར་གནས། ། ཁ་ཅིག་རབ་ཏུ་འཇུག་པར་བྱ།། སྒོམ་པའི་ནུས་པ་སེམས་ལ་ནི།། ཇི་ལྟར་དབྱེ་བ་མི་ཤེས་པ།། དེ་བཞིན་རྣལ་འབྱོར་རིམ་པས་འགྱུར།། སྣ་ཚོགས་དངོས་གྲུབ་རབ་སྟེར་བྱེད།། ་རང་བློ་འཁོར་བའི་འཇིག་རྟེན་དུ།། འདོད་པས་མཐོ་རིས་རབ་ཏུ་སྐྱེས།། བཙུན་མོ་ཐམས་ཅད་དགའ་བར་བྱེད།། སྲུང་བ་སོགས་ཀྱི་ཞིམ་མཆོག། ཁ་ཅིག་ཟླ་བརྒྱན་ཡན་ལག་བྱུགས།། ཁ་ཅིག་འདམ་ཐུགས ་ཡན་ལག་བརྒྱན། ། སྣ་ཚོགས་ཁ་ཅིག་སྨིན་པར་བྱེད།། དེ་ཕྱིར་གནས་པའི་སྡུག་བསྔལ་དང་།། བདེ་བས་གནོད་པ་མེད་པ་ཡིན།། ཤིན་ཏུ་དགའ་དང་ཐེ་ཙོམ་བྱེད།། འདོད་པ་དེ་རྣམས་རྣལ་འབྱོས ་པ། ། རྣམ་དཔྱོད་མེད་པར་དེ་བྱའོ།། འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་།། འདོད་པར་ཡོན་ཏན་ལྔ་རྣམས་ལྡན།། རྟག་ཏུ་རྩེ་བར་བྱ་བ་སྟེ།། འཁོར་བ་འགྲོལ་ཞིང་གྲོལ་བ་སྟེ།། དངོས་དང་དངོས་མེད་རྣམ་པར་གྲོལ།། ་ངོ་ཚའི་བྱ་བ་རྣམ་པར་སྤངས། བློ་གྲོས་སྦྱོར་བ་ལས་འདས་པ།། ལས་རྣམས་ཐམས་ཅད་རིག་པའི་མཆོག། ཅེས་པ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། ། ཀྱེ་བཅོམ་ལྡན་འདས ་མངོན་པར་དབང་བསྐུར་མོང་ཇི་ལྟར། ། མངའ་བདག་བདག་ལ་དེ་གསུངས་ཤིག། དགའ་མ་དབང་བསྐུར་རྣམ་པ་བཞི།། སེམས་ཅན་འཇུག་བྱེད་དེ་ཉོན་ཅིག། གཏོར་བས་དྲི་མ་མེད་བྱེད་ཕྱིར།། དེ་དག་ཀུན་ཀྱང ་གཡོ་བྱེད་པ། ། འཆི་སྟེ་རྡོ་རྗེ་སྐྱིལ་མོ་ཀྲུང་།། འཛག་མེད་ལ་སོགས་བདེ་བས་གང་།། འདི་དག་ཇི་སྲིད་དྲི་མེད་གྱུར།། བྱང་ཆུབ་སེམས་ནི་སྤོང་བྱེད་པ།། ཇི་སྲིད་རྣལ་འབྱོར་པས་མི་བྱ།། བྱང་ཆུབ་སེམས་ནི་གཏོད ་བྱེད་པ། ། གང་གྲུབ་ཐོབ་པ་རྣམ་པར་སྤྱོད།། ཇི་སྲིད་ཀུན་ཏུ་དགའ་བའི་མཆོག། བདེ་བའི་གཟུགས་ནི་དེ་ཉིད་ཀྱིས།། ཡང་དག་ལྡན་པའི་སངས་རྒྱས་གཟུགས།། ཇི་སྲིད་ཁུ་བ་བརྟན་གྱུར་པར།། བདག་ཉིད་རྟག ་ཏུ་བསྒོམ་པར་བྱ། ། དེ་ནི་འཇིག་རྟེན་བདེན་པར་གྲགས།། ཡང་ན་དོན་མེད་དེ་གང་ལས།། བཞི་པ་སླར་ཡང་དེ་བཞིན་ནོ།། འདིར་ནི་ཤེས་རབ་ཡེ་ཤེས་གང་།། མངོན་པར་དབང་བསྐུར་བཞི་པ་རུ།། བྱིས་པའི་སྐྱེ ་བོ་སྨྲ་བར་འགྱུར། ། དེ་ནི་སླར་ཡང་དེ་བཞིན་ཞེས།། བཞི་པ་དེ་ཉིད་གསུམ་པ་རུ།། དེ་བཞིན་བྱས་པར་མི་འགྱུར་ཏེ།། དང་པོའི་ཡན་ལག་ལས་སླར་ཡང་།། སྨོས་པ་སྐྱོན་འགྱུར་དེ་བཞིན་དུ།། བྱིས་པ་རྣམས་ཀྱི ་རྒྱུ་གསུམ་པ། ། གང་ཡིན་འབྲས་བུ་བཞི་པ་སྟེ།། རྒྱུ་འབྲས་དབྱེ་བ་མེད་པའི་ཕྱིར།། བཞི་པའང་གསུམ་པར་གྲུབ་བོ་ཞེས།། སྔར་བརྗོད་དོན་དམ་བདེན་པ་ཉིད།། གང་ལས་ཕྱག་རྒྱ་གསུམ་གྱིས་ནི།། འབྲས་བུ ་གསུམ་ནི་སྒྲུབ་པའི་ཕྱིར། ། གསང་སྔགས་ཚུལ་འདིར་སྦྱིན་སྲེག་འབྲས།། ཕྱག་རྒྱ་གསུམ་དང་བྲལ་བ་ཡིན།། ཨེ་མ་ཕྱག་རྒྱ་གསུམ་སྒྲུབ་ལ།། ལས་རྒྱ་ཡེ་ཤེས་ཕྱག་རྒྱ་ནི།། རྒྱུ་རུ་མི་འགྱུར་རོ་ཞེས་པ།། ལས ་རྒྱ་ཡེ་ཤེས་ཕྱག་རྒྱ་ནི། ། སྒོམ་པ་ཡོངས་སུ་སྤངས་པ་ལས།། ཕྱག་རྒྱ་ཆེན་པོ་ངེས་པར་སྒོམ།། འདིར་མི་དབང་པོ་གཉིས་སྦྱོར་བདེ།། འདོད་པ་ཀུན་སྤྱོད་བདེ་བ་ཞེས།། འཛག་དང་མི་འཛག་མཚན་ཉིད་ཀྱི། ་ངོ་བོའི་ཀུན་སྤྱོད་བདེར་མི་འགྱུར།། གསུམ་པ་རྒྱལ་མ་སྐྱེས་པ།། རིགས་ཀྱིས་འཛག་པ་གསུམ་པའི་འབྲས།། དོན་དམ་བཞི་པར་མི་འགྱུར་རོ།། ཞེས་པས་ཁོང་དུ་ཆུད་པར་བྱའོ།། དབང་བསྐུར་བའི་ཆོ་གའི ་ལེའུ་སྟེ་བཅུ་པའོ། ། ། བཅོམ་ལྡན་འདས་བྲིས་སྐུའི་ཆོ་ག་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམར་ཞིང་དཀར་བའི་བུད་མེད་དེ་ལ་འབད་པས་མཆོད་པ་བྱའོ།། ་སྐར་མ་རྒྱལ་ལ་བརྩམ་པར་བྱ་སྟེ། དེའང་མངོན་པར་དབང་བསྐུར་བར་བྱའོ།། དེ་ལ་དོག་པ་དམར་ཞིང་དཀར་བ་ཐ་ག་པས་འབད་པས་འཐག་པའི་རྒྱུ་དང་སྤུན་དེ་ལ་སྦྱིན་པར་བྱའོ།། ཉི་མ་སོ་སོར་དམ་ཚིག ་བསྟེན་པས་ཤེས་རབ་དང་བཅས་པས་བཏགས་ནས། རས་དེ་དམ་ནིང་དཀར་བར་བུད་མེད་རྡུལ་དང་ལྡན་པར་དུས་སུ་མལ་ཆར་སྦྱིན་པར་བྱའོ།། ནི་མ་གསུམ་གྱི་ཕྱི་ནས་རི་མོ་མཁན ་དམ་ཚིག་དང་ལྡན་པ་མངོན་པར་བསྔགས་ཏེ། དཔའ་བོའི་ཚོང་གིས་གང་སྨྲ་བར་བྱེད་པ་དེ་དེ་ལ་སྦྱིན་པར་བྱའོ།། སྦྲང་རྩི་ཆེན་པོས་སྣག་ཚ་བྱས་ནས་མིའི་རུས་པའི་སྦུ་གུས་བྲི་བར་བྱའོ།། ཇི་སྲིད་འདྲི་བར ་བྱེད་པ་དེ་སྲིད་དུ་མྱོས་བྱེད་ཅུང་ཟད་འཐུངས་ནས་ཉི་མ་སོ་སོར་ཐུན་མཚམས་བཞིར་གཏོར་མ་དང་། གསང་སྔགས་བརྒྱ་ཕྲག་གཅིག་ཏུ་བཟླས་པར་བྱའོ།། རིགས་རྣམས་ཀྱི་དམ་ཚིག་གཅིག་ཏུ་གདོན་མི་ཟ་བར ་བྱོའོ། ། དཔའ་བོ་རོ་རིམ་པས་ཤིན་ཏུ་གསངས་ལ་རབ་ཏུ་གནས་པ་ཡང་ངོ་ཞེས་སོ།། དེའང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་མོ་ག་ལ་གླེགས་བམ་སོར་བཅུ་གཉིས་པ་བྱའོ་ཞེས་སོ།། ་ཞེས་པ་བྲིས་སྐུ་དང་གླེགས་བམ་གྱི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ།། ། མངའ་བདག་རླུང་སྦྱོར་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྙིང་ཁར་སྲོག ་དང་ཐུར་སེལ་བཤད། ། ལྟེ་བའི་ཕྱོགས་སུ་མཉམ་གནས་སོ།། མགྲིན་པའི་ཕྱོགས་སུ་གྱེན་དྷུ་སྟེ། ལུས་ཀུན་སོན་པོ་ཁྱབ་བྱེད་དོ།། འདི་རྣམས་དབུས་སུ་གཙོ་བོ་གང་།། སྲོག་རླུང་སྙིང་ཁར་གནས་པའོ།། ་དབུགས་དབྱུང་དབུགས་རྔུབ་དབྱེ་བ་ཡིས།། འཚོ་བ་འཕོ་བ་བཅུ་དྲུག་གོ།། སྦྱོར་བས་སོ་སོ་རེ་ར་ལ།། དཀྱིལ་འཁོར་བཞི་སྟེ་རེ་རེ་ལ།། དབྱུག་གུ་རེ་རེ་འབབ་པ་ཡིས།། ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གོ།། གཡས ་ནས་རེག་ཅིང་འབབ་པ་ཡིས། ། མེ་ཡི་དཀྱིལ་འཁོར་བརྗོད་བྱ་སྟེ།། གཡོན་དང་གཡས་ལ་རེག་པ་ལས།། དབང་ཆེན་གྱི་ནི་འཁོར་ལོར་འགྱུར།། བརྟན་ཐོབ་དལ་བའི་དཀྱིལ་འཁོར་འགྱུར།། བརྐྱང་མ་དང་ནི་རོ ་མ་དག། གཡོན་དང་གཡས་སུ་གནས་པའོ།། ཀུན་འདར་མ་ནི་དབུས་ཕྱོགས་སུ།། ལྷན་ཅིག་སྐྱེས་པ་རྗེས་སུ་བྱེད།། འཇུག་པར་འགྱུར་དང་འབྱིན་པ་དང་།། གནས་པ་གཡོན་མེད་ངོ་བོ་ལ།། རྣམ་འཇོམས ་ཞེས་པ་སྲད་བུའི་རླུང་། ། ཇི་སྲིད་འཚོ་བའི་འཇུག་པར་འགྱུར།། འཇུག་པ་བུམ་པ་ཅན་ཞེས་བྱ།། དེ་ཡི་འཛིན་ལས་གང་བ་ཅན།། དབྱུང་བ་རེ་ཙ་ཀ་ཤེས་བྱ།། གཡོ་མེད་དུམ་པ་ཅན་དུ་འགྱུར།། རླུང་ནི་རབ་ཏུ ་འཇུག་པའི་ཚོགས། ། སྟོང་ཕྲག་བརྒྱ་ལ་སོགས་པའི་གྲངས།། སངས་རྒྱས་མགོན་པོའི་གསུང་ཇི་བཞིན།། སྐད་ཅིག་དེ་ལས་འགྲུབ་པར་འགྱུར།། རླུང་ཚོགས་གཅིག་གྱུར་གང་ཡིན་ནི།། ཤེས་རབ་ལ་ནི་དམ ་འཁྱུད་པས། ། ཟླ་ཕྱེད་ཙམ་གྱིས་འགྲུབ་པར་འགྱུར།། རང་གི་ལྷག་པའི་ལྷ་སྦྱོར་བས།། སངས་རྒྱས་ཡེ་ཤེས་ཡང་དག་ལྡན།། མངོན་ཤེས་ལྡན་ཤེས་པར་འགྱུར།། རང་གི་ལྷག་པའི་ལྷ་སྦྱོར་བས། ་རང་གི་བུད་མེད་དམ་དུ་འཁྱུད།། སྙིང་ཁ་ཡིས་ནི་སྙིང་ཁ་རུ།། གསང་བར་གསང་བས་ཡང་དག་སྦྱོར།། ཁ་ཡིས་ཀྱང་ནི་ཁར་བྱས་ནས། བྱེད་པ་མེད་པ་ལྷུར་ལེན་པས།། སྙིང་ཁར་གནས་པའི་ས ་བོན་པ་ནི། ། ཀུན་ཏུ་གང་བར་བསྒོམ་པར་བྱ།། དེ་གནས་གང་ཡིན་དེ་ཉིད་ཀྱིས།། མི་ནི་ཐམས་ཅད་ཤེས་པར་འགྱུར།། ཀུན་ཏུ་དགོངས་པ་ཙམ་གྱིས་ནི།། བྱུང་དང་འབྱུང་འགྱུར་ད་ལྟ་བར།། ཕ་རོལ་སེམ ་ཀྱང་ཤེས་པར་བྱེད། ། བདེན་པ་བདེན་པར་སྨྲ་བར་བྱེད།། དེ་བཞིན་སྦྱར་བ་དེ་ཉིད་ཀྱིས།། རྣ་བ་ལ་ནི་རྣམ་བསྒོམ་བྱ།། དྲུང་ན་གནས་པའི་སྒྲ་ཇི་བཞིན།། བསྟན་པ་ཀུན་ནི་ཞན་པར ་བྱེད། ། དེ་བཞིན་མིག་ལ་རབ་བསྒོམས་ནས།། འཇིག་རྟེན་གསུམ་ཡང་ལྟ་བར་བྱེད།། སྣ་ལ་དེ་བཞིན་བསམས་ནས་ནི།། དྲི་རྣམས་ཐམས་ཅད་ཤེས་པར་བྱེད། ལྕེ་ལ་དེ་བཞིན་བསམས་ནས་ནི།། ཐག ་རིངས་མྱོང་བྱ་རབ་རྟོགས་བྱེད། ། རང་གི་རྟགས་རྩེར་དེ་བཞིན་བསམ།། རེག་བྱ་ཐམས་ཅད་ཤེས་པར་བྱེད།། དེ་བཞིན་མགོ་བོའི་དབུས་བསམས་ནས།། ནུས་པ་ཐམས་ཅད་རབ་འཕེལ་བྱེད།། གང་དང་གང་དུ ་རླུང་གནས་པ། ། རོ་མནམ་གྱུར་པ་བྱས་པ་ནི།། འགགས་པ་དེ་དང་དེ་ཉིད་ལ།། དེ་ཉིད་སོ་སོར་རྟོགས་པར་བྱེད།། ཞི་དང་རྒྱས་པ་ཅན་དང་དབང་།། དེ་བཞིན་དགུག་དང་གསོད་པ་དང་།། སྐྲོད་པར་བྱེད་དང་ཐམས ་ཅད་ཉིད། ། སྒོམ་པ་ཁོ་ནས་རབ་སྒྲུབ་བྱེད།། བུམ་པ་ཅན་སོགས་རབ་སྦྱོར་བས།། ལྟ་སྟངས་བཞི་ནི་ངེས་སྦྱོར་བྱ།། གཡོན་དུ་འང་ལྟ་བའི་ལྟ་སྟངས་ནི།། བུམ་པ་ཅན་གྱིས་དབང་དུ་བྱེད།། གཡས་ནས་དགུག ་བར་བྱ་བ་ནི། ། གང་བ་ཅན་གྱིས་ངེས་པར་སྦྱར།། དཔྲལ་བར་གནས་པར་ལྟ་སྟངས་གང་།། ར་ཙ་ཀ་ཡིས་གསོད་པར་བྱེད།། སྣེ་རྩེར་གནས་པའི་ལྟ་སྟངས་ནི།། བུམ་པ་ཅན་གྱིས་རེངས་པར་བྱེད།། ཆེ་བའི་མ ་ཏོག་བུམ་པ་ཅན། ། རྔོན་པའི་ཤིང་ལའང་རེ་ཙ་ཀས།། མཉམ་པར་ཟོས་ལ་རེ་ཙ་ཀས།། གཡོ་བཅས་རྩལ་བུམ་པ་ཅན།། སྔོན་དུ་སྟ་སྟངས་ངེས་སྦྱོར་བ།། ཟླ་བ་དྲུག་ཏུ་བསམ་པར་བྱ།། ཀུན་གྱི་ནུས ་པ་སྦྱོར་བ་ནི། ། སེམས་འགོག་པ་ལས་འགྲུབ་པར་བྱེད།། སེམས་འགོག་པ་ལས་རྡུང་འགོག་སྟེ།། འགོག་ལས་སེམས་ཀྱང་འགོག་པར་འགྱུར།། ཕན་ཚུན་སོན་པ་བཅིངས་པའོ།། ཤེས་རབ་ཐབས ་གཅིག་རྡོ་རྗེ་དང་། ། པདྨ་མཉམ་པར་རྟོགས་པ་ལ།། འགོག་པའི་བདེ་བ་ཟོས་པ་ནི།། ཐམས་ཅད་ཡང་དག་འགྲུབ་པར་འདོད།། ཚངས་པ་ཁྱབ་འཇུག་ལ་སོགས་ལྔ།། སྔགས་པ་དེ་ཡི་ལྷན་ཅིག་ཏུ། ་འཇིགས་རྟེན་པ་ཀུན་ཅི་སླར་ཡང་།། ཅི་བགྱི་ཡོད་པར་འགྱུར་བ་ཡིན།། རྣལ་འབྱོར་རྣལ་འབྱོར་མ་རྒྱུད་དུ།། ཐམས་ཅད་མཁྱེན་པས་གསུངས་པ་ཡང་།། རྩོད་ལྡན་དུས་སུ་རབ་ཏུ་སྤྱོད།། དངོས་གྲུབ ་མེད་པར་མི་ལྟ་སྟེ། ། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་།། རྩོད་དུས་ལའང་བདེན་པར་འགྲུབ།། སླར་ཡང་ལྷ་དང་བཅས་པ་ཡི།། དངོས་གྲུབ་མཆོག་ནི་བསྟན་པར་བྱ།། སྦས་པ་ཀུན་མཁྱེན ་སྤྱོད་ཡུལ་བ། ། ཁྱོད་ཀྱིས་དེ་ལ་ང་ཡིས་བཤད།། གཤིན་རྗེ་གཤེད་ནི་མི་ཤེས་པ།། དེ་ཡི་ངལ་བ་འབྲས་བུ་མེད།། ཅེས་སོ།། གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་རླུང་གི་དེ་ཉིད་ཅེས་བྱ་བ་ལེའུ་སྟེ་བཅུ ་གཉིས་པའོ། ། །། བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་མིང་།། དམར་བརྗོད་པ་ཡི་མིང་ཅན་ལ།། ཡ་ཡིག་གིས་ནི་ཅི་ཞིག་བརྗོད།། དེ་བཞིན་མ་ཡིག་གིས་ཀྱང་ནི།། སླར་ཡང་དེ་ཡི་ཨཱ ་ཡིག་གིས། ། རི་ཡིག་གིས་ཅི་བརྗོད་པར་བྱ།། རཀྟ་ཉིད་ནི་ཅི་ཡི་མིང་།། མངའ་བདག་བདེན་པས་གསུང་དུ་གསོལ།། ལེགས་སོ་ལེགས་སོ་གང་དྲིས་པ།། དེ་ནི་བཤད་ཀྱིས་ཉོཞོན་ཅིག་དང་།། ཡ་ཡིག ་གིས་ནི་རླུང་ཡང་སྟེ། ། གཤིན་རྗེ་གཤེད་དམར་པོར་བརྗོད་བྱ།། དེ་ནས་ཡ་ཡིག་མཆོག་ཏུ་དགའ།། མ་ཡིག་གཉིས་པར་བརྗོད་པར་བྱ།། ཨཱ་རི་དགའ་བ་གསུམ་པའོ།། རཀྟ་བཞི་པའི ་མིང་ཅན་ན། ། ཡང་ན་རླུང་དང་ལྡན་པ་ལ།། དེ་ཡི་ཐབས་ནི་ཨཱ་ཡིག་སྟེ།། ཨི་ཡིག་རེག་པའི་དབང་པོའོ།། རཀྟ་གཉིས་མེད་སྦྱོར་བའོ།། ཡང་ན་རཀྟ་འདོད་ཆགས་རྒྱལ།། རླུང་གིས་རོ་སྐུལ་དེར་སོ་ན་སེམས། ་ཨཱ་རི་སྟོང་ཉིད་སྙིང་རྗེ་གཅིག། རཀྟ་ཡ་མཱ་རི་ཞེས་བརྗོད།། དགའ་བ་བཞི་ཡི་མིང་ལྔ་པོ།། སྐད་ཅིག་བཞི་རུ་ཤེས་པར་བྱ།། དེ་ནས་གཏི་མུག་ལ་སོགས་པའི།། མིང་ནི་མངའ་བདག་ཁྱོད་གསུངས་ཤིག། གཏི ་མུག་གཤིན་རྗེ་མཐར་བྱེད་ནི། ། རྣམ་སྣང་མཛད་དོ་པྲ་མ་ཡི།། གཤིན་རྗེ་མཐར་བྱེད་རིན་ཆེན་འབྱུང་།། འདོད་ཆགས་གཤིན་རྗེ་མཐར་བྱེད་ནི།། སྣང་མཐའ་ཕྲག་དོག་གཤིན་མཐར་བྱེད།། དོན་གྲུབ་དབུས་སུ ་མི་བསྐྱོད་པ། ། གཤིན་རྗེ་མཐར་བྱེད་དམར་པོའོ།། ཙརྩི་ཀཱ་སོགས་ཇོ་བོ་ཙ།། ས་ཁམས་སྤྱན་མ་ཙརྩ་ཀཱ།། ཆུ་ཁམས་མཱ་མ་ཀཱི་བག་མོ།། མེ་ཁམས་དཀར་མོ་དབྱངས་ཅན་མ།། རླུང་ཁམས་སྒྲོལ་མགོ་རའོ།། ་མཁའ་ཁམས་རྡོ་རྗེ་རོ་ལངས་མ།། བཅོམ་ལྡན་འདས་ལ་འཁྱུད་པའོ།། འདོད་ཆགས་ཆེན་པོའི་རྗེས་ཆགས་ལས།། བདེ་བ་ཆེན་པོའི་རོ་ཡིས་ནི།། གཉིས་མེད་ངོ་བོ་དཔའ་བོ་སྟེ།། བཅུ་དྲུག་ཆ་རྫོགས་ཟླ་བ ་བཞིན། ། ཞེས་པ་གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་མིང་མདོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། རོ་ལངས་མས་ནི་དམ་འཁྱུད་ནས།། འོ་བྱས་ཚེམས་ཀྱིས་མ་མཆུ་བཟུང་། ་སེམས་ཅན་དོན་ཕྱིར་གཏོར་མ་ཆེ།། ལྷ་མོར་བཅས་པས་དེ་ལ་ཞུས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་གཤིན་རྗེ་གཤེད་དམར་པོའི་ང་རྒྱལ་བྱས་ནས་སྟེང་དུ་བླ་རེ་དང་། རྔ་ཡབ་དཀར་པོ་དང ་ཕྱི་རོལ་དུ་གར་དང་གླུ་ས་ཉེ་བར་མཛེས་པར་བྱས་པ། ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་པ་དང་ཅིག་ཤོས་དྲལ་བུ་དང་རྡོ་རྗེ་སྒྲ་དབྱངས་ཀྱིས་ཡོངས་སུ་གང་ལ་འབར་ཞང་གསལ་ལ་རྒྱས་པའི་སྣོད་ཀྱི་གཏོར ་མ་དོར་བར་བྱ་སྟེ་སྣོད་གཉིས་གཞག་པར་བྱའོ། ། སྣོད་གཅིག་ཏུ་གོ་ཀུ་ད་ཧ་ན་དང་། བི་ར་ཤུ་མཱ་མུ་བདུད་རྩི་ལྔ་དང་བཅས་པའི་ཤ་དང་། འོ་མ་དང་། ཉ་ཤས་ཡང་དག་པར་གང་བར་བྱའོ།། གཞན་དུ་ཁྱིམ་ལ ་སོགས་པའི་ལྷ་རྣམས་གཞག་པར་བྱའོ། ། ཨོཾ་ཧྲཱིཿཥྞཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་བིགྷྣཱཾ་ག་ཎཱ་ས་པཱ་རི་ཝ་རཱ་ན་ཨཱ་ཀཪྵ་ཡ་ཛཿ། ཞེས་པའི་སྔགས་འདིས་ཤར་ཕྱོགས་ཀྱི་ཆ་པ་རྣམས་ལ་བཀའ་བསྒོ་བ་དང་། རང་ཉིད ་སོང་ནས་བགེགས་ཀྱི་ཚོགས་རྣམས་ཀྱི་མགྲིན་པར་ཞགས་པས་བཅིངས་ནས་སྙིང་ཁར་ལྕགས་ཀྱུས་ཕུག་སྟེ་འགུགས་བཞིན་པར་བསམ་པར་བྱའོ། ། དབང་པོ་སེར་པོ་སྤྱན་སྟོང་པ་ཕྱག་ན་རྡོ་རྗེ་འཛིན་པས ་སྲུངས་དཀར་པོ་ལ་ཞོན་པའོ། ། ལྷོ་རུ་གཤིན་རྗེ་ནག་པོ་ལག་ན་དབྱུག་པ་ཅན་མ་ཧེ་ལ་ཞོན་པའོ།། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་མ་ཀ་ར་ལ་ཞོན་པ་ལག་ན་ཀུ་མུད་ཅན་ནོ།། བྱང་གཾ་འདབ་མར་གནོད་སྦྱིན་སེར ་པོ་མི་ལ་ཞོན་པ་ལག་ན་དཔལ་འབྲས་ཐོགས་པའོ། ། འདི་རྣམས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་ཆེའི་ཅོད་པན་ཅན།། གཤིན་རྗེ་ནི་ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ།། ལྷག་མ་རྣམས ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། ། དབང་ལྡན་གྱི་འདབ་མར་འབྱུང་པོའི་བདག་པོ་དཀར་པོ་མིག་གསུམ་པ། རལ་པའི་ཅོད་པན་ཅན། ཁྱུ་མཆོག་ལ་ཞོན་པ། ལག་ན་མདུང ་ཐོགས་པ། སྟག་གི་པགས་པའི་གོས་འཛིན་པ། ལུས་ཐལ་བས་བྱུགས་པ། རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་ཟླ་བའི་འོད་དོ།། མེའི་འདབ་མ་ལ་མེ་ལྷ་སེར་པོ་བོངས་ཐུང་ཞིང ་གསུས་པ་འཕྱང་བ། ར་ལ་ཞོན་པ། བགྲང་འཕྲེང་དང་རིལ་བ་སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན། ཉི་མའི་གདན་དང་ཉི་མོའི་འོད་དཔའ་བོའི་གོས་སོ།། བདེན་བྲལ་གྱི་འདབ་མ་ལ་སྲིན་པོ་སྐྲ་གྲོལ ་བ་ཅན་ལག་ན་གྲི་གུག་དང་ཐོད་པ་འཛིན་པ། ཁྲོས་པ་སྨིན་མ་ཁྲོ་གཉེར་དང་བཅས་པ་ནག་པོ་རོའི་སྟེང་ན་ཉི་མའི་གདན་དང་ཉི་མིའི་འོད་མངའ་བའོ།། རླུང་ཕྱོགས་ཀྱི་འདབ་མ་ལ་རླུང་ལྷ་ལྗང་ཞིང་དམར་བ ་ལག་ན་བ་ད་ན་ཐོགས་པ། རིན་པོ་ཆེའི་ཅོད་པན་ཅན། རི་དགས་ལ་ཞོན་པ། ཟླ་བའི་གདན་དང་ཟླ་བའི་འོད་ཅན། རྒྱན་ཐམས་ཅད་འཛིན་པའོ།། ཟེ་འབྲུ་ལ་སའི་ལྷ་མོ་སེར་མོ་ལྷའི་གོ་ས་དང་རྒྱན་ཐམས ་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་། ཟླ་བའི་འོད་དང་། ཡི་དགས་དང་། སའི་ལྷས་ཀུན་ནས་བསྐོར་ཏེ་གནས་པའོ།། དབང་པོ་ལ་སོགས་པ་རྣམས་གཡོན་ན་ཀླུའི་ཞགས་པ་འཆང་བ། ཐམས་ཅད ་ཀྱང་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པའོ། ། སྟེང་དུ་ཆོས་འབྱུང་ལ་གནས་པའི་པདྨ་འདབ་མ་བརྒྱད་ལ། ཤར་གྱི་འདབ་མལ་ཟླ་བ་དཀར་པོ་རྟ་ལ་ཞོན་པ་རིན་པོ་ཆེ་དཀར་པོའི་ཅོད་པན་ཅན་ཟླ་བའི་འོད ་དོ། ། ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་གཉིས་པ་པདྨ་འཛིན་པ་རྟ་ལྗང་ཁུ་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་དང་རྒྱན་ཐམས་ཅད་དང་ལྡན་པ་འོད་སྔོ་བསངས་ཅན་ནོ།། ནུབ་ཀྱི་འདབ་མ་ལ་ལྷག་པ་སེར་པོ་ཁྱུ་མཆོག ་ལ་ཞོན་པ་ཉི་མའི་གདན་དང་ཉི་མའི་འོད་ཅན་རྩེ་གསུམ་འཛིན་པའོ། ། རླུང་གི་འདབ་མ་ལ་སྒྲ་གཅན་དང་མཇུག་རིངས་ཉི་མའི་གདན་དང་ཉི་མའི་འོད་ཅན་ཆེར་གནག་པ་དང་། དུ་བའི་མདོག་ཅན་འཁོར་ལོ་འཁོར ་བས་བཀུག་ནས་ཟ་བའི་ཚུལ་འཛིན་པའི་སྒྲ་གཅན་དང་ཐལ་མོ་སྦར་བ་འཛིན་པའི་མཇུག་རིངས་སོ། ། དེའི་དབུས་ཀྱི་ཟེ་འབྲུ་ལ་ཚངས་པ་གདོང་བཞི་པ་ལག་པ་བཞི་པ་དབྱུག་གུ་གསུམ་འཆང་བ་དང་མི ་འཇིགས་པའི་ཕྱག་ཅན། ཕྱག་ལྷག་མ་དག་གིས་བགྲང་འཕྲེང་དང་རིལ་པ་སྤྱི་བླུགས་འཆང་བ་སེར་པོ་ངང་པ་ལ་ཞོན་པ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་མཆོད་ཕྱིར་ཐོགས་པ་ཅན། རལ་པ་སེར་པོ ་གཟུགས་ཐུང་བ་ཚངས་པའི་བུས་བསྐོར་བ་སྟེ། ཚངས་རིགས་ཀྱི་ལྷ་དང་། ཚངས་པ་མདུན་ན་འདོན་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། འོག་མིན་ལ་སོགས་པའི་མིང་ཅན ་རྣམས་སོ། ། འོ་ག་གི་ཆོས་འབྱུང་གི་ཕྱོགས་ཀྱི་འདབ་མ་ལ། ནོར་རྒྱས་ཀྱི་བུ་སར་པོ།། ཀླུ་པདྨ་ད་ཀར་པོ།། ཀླུ་སྟོབས་ཀྱི་རྒྱུ་དམར་པོ། ཀླུ་འཇོག་པོ་ནག་པོ། ཀླུ་དུང་སྐྱོང་མིའི་གདོང་པ་ཅན་རྒྱན ་ཐམས་ཅད་འཆང་བ། མགོ་བོར་གདེངས་ཀ་དང་བཅས་པས་མཚན་པ། ལྷ་མ་ཡིན་དང་སེམས་ཅན་དམྱལ་བའི་སེམས་ཅན་དང་ལྷན་ཅིག་པའོ།། ཟེ་འབྲུ་ལྷག་མ་ལ་ཀྲུ་ལྷག་མ་རིན་པོ་ཆེའི་ཅོད ་བན་ཅན་མིའི་གདོང་པ་ཅན་ནོ། ། འདིར་གདེངས་ཅན་འདི་དག་བསྟན་པར་བྱས་ནས། སླར་དེ་དག་ཡོངས་སུ་གྱུར་པས་དཔལ་གཤིན་རྗེ་གཤེད་མཐར་བྱེད་ཀྱི་གཟུགས་ཀྱིས ་རྫོགས་པར་བྱས་ཏེ། སྐུ་གསུང་ཐུགས་ཀྱི་རབ་ཏུ་སྦྱོར་བ་ལས་སྟེང་དུ་གནས་པ་ནི་སྐུའི་རྣམ་པའོ།། དབུས་སུ་གནས་པ་ནི་སླར་ཡང་མི་བསྐྱོད་པའི་རྣམ་པའོ།། འོག་ཏུ་གནས་པ་ནི་གསུང་རྡོ་རྗེའི ་རྣམ་པར་བལྟ་བར་བྱའོ། ། ལས་ཐམས་ཅད་ཀྱི་དོན་དུ་སླར་ཡང་ཕྱག་དང་ཞལ་ཇི་ལྟ་བ་དེ་ལྟ་དེ་ལྟ་བུའི་ང་རྒྱལ་ཇི་ལྟར་རིགས་པར་བྱའོ།། ཡང་ན་ཐམས་ཅད་དུ་བདག་ཉིད་ཀྱི་གཟུགས་ཇི་ལྟ་བ་དེ་བཞིན་ནོ།། ་དེའི་རྗེས་སུ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆེ་བའི་ཕྱག་རྒྱས་ཞབས་དག་ལ་ཞབས་བསིལ་ཕུལ་ནས་སྔར་བརྗོད་པའི་བདུད་རྩི་མྱང་བས་གཏོར་མའི་ཀུན་སྤྱོད་བྱའོ།། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། ་རཀྟ་མུ་ཁཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་མུརྡྷ་མཱ་ལཱ་བྷ་ར་ཎཱ་ཡ། རཀྵ་པདྨ་ཨཱ་ས་ནཱ་ཡ། རཀྟ་བ་ར་ན་བྷཱུ་ཥ་ཎཱ་ཡ། ཨི་མཾ་བ་ལིཾ་གྲྀཧྞ་གྲྀབྟ་ཙ་ཏུརྨྨ་ར་ནཱི་བཱ་རཱ་ཡ་ནི་བཱ་རཱ་ཡ། ཏཱ་ས་ཡ་ཐཱ་ས་ཡ། ་ཙྪིནྡཙྪིནྡ། ཛཱིནྡ་ཐནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཡ་ཙྪེ་ད་ཡ། བྷེ་ད་དྷེ་ད། དཱུ་སྠཱ་ཕཊ་ལཊ་སྭཱཧཱ། ཨོཾ་ཨིནྡྲ་ཡ་ཧྲཱིཿཡ་མཱ་ཡཥྚཱིཿབ་རུ་ཛཱ་ཡ་བ། ཀུ་བེ་རཱ་ཡ་ཀྲྀ། ཨི་ཤྲིན་ཡ་ཏ ་མ་ཉྫ་སི་ཨ་ན་མ་རྒྱམ་ན། དེ་ཡ་བེན། ཨཱ་ཡ་ཧཱ། ཨཏྲ་མདྡ། བ་5། བནར་མིཔ་། ཆོམས་ས། སམ་སྒེག་བྱལ། ས་རྗེ་ཧྲི་དྷ་དྷ་དྷ། ཕ་སེ་མ་ས་སཏྲ། མ་པལས ་ཀཱ་ཡ་སྭཱཏྨ། མ་པ་ཤུན་ཡ་མཱནྟ་ཀཱ་ཡ་སྭཱཿ། ཨོཾ་རཱ་ག་ཡ་ནཱན་ཀཱ་ཡ་སྭཱ་ཧཱ། མ་ཨིརྱཱ་ཡསནྡྷ་ཀྵ་ས་སྭཱ་ཧཱ། ཨོཾ་བམ་ཙ་ཀཱ་མེ་སྭཱ་ཧཱ། ཨ་ཨཛ་བཱ་ན་རྦེ་སྭཱཀྵ། ཨ་ལཿསཱ་ར་ས་ཏྱེ་སྭཱཧཱ། ཨོཾ་བཛྲག་ངྱ་སྭཱཿ ་ཨོཾ་བཛྲ་བེཏྟཱ་ལི་བ་ལི་པྲ་ཏཱིཙྪ་སཱ་ཧཱ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད།། ག་ཤི་ནི་རྗེ་གཤེད་པོ་ཤིན་ཏུ་འཇིགས།། སྟོན་པ་སངས་རྒྱས་ཀུན་རང་བཞིན།། སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ།། པྲ་མ་རྡོ་རྗེའི་རང ་བཞིན་ཁྱོད། ། གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས།། ཐུགས་ཀྱི་རྡོ་རྗེ་ར་བ་གསལ་བ།། རྡོ་རྗེ་རིན་ཆེན་ཁྱོད་ཕྱག་འཚལ།། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད།། མངའ་བདག་ཆགས་པའི་ཆོས་འབྱུང་གནས། ་དབྱངས་མཆོག་ཀུན་གྱི་ཆོ་གའི་མཆོག། གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ།། དྲག་དོག་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེ་གཤེད་པོ་ལས་ཀུན་བྱེད།། སྐུ་ཡི་རྡོ་རྗེ་ར་བ་གསལ་བ།། ཕྱག་ན་རམ་གྲི་ཁྱོད་ཕྱག ་འཚལ། ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སངས་རྒྱས་ཀུན་རབ་མཆོག་གི་མཆོག། དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ།། ཧོ་བྷ་ག་ཝན་ཏེ ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་པ། སུ་ཏོ་ཥྱོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་པ། སརྦ་སིདྡྷིམྦ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ། ཧ་ཧ་ག་ག་གོ། བྷ་ག་བན། བཅོམ་ལྡན་འདས་སྐུ་བཞི ་པོ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བྷ་གར་འཇིག་རྟེན་འདས།། སངས་རྒྱས་སྐུ་ནི་འཇིག་རྟེན་པ།། རྣམས་ལ་ཕན་པའི་ཆེད་དུ་ནི།། ཧེ་རུ་ཀ་ངས་བསྟན་པ་ཡིན། ་བླ་མ་དམ་པའི་གདམས་པས་དམན།། སངས་རྒྱས་སྐུ་ནི་རྣམ་པར་སྤངས།། རྡོ་རྗེ་ཐེག་པས་རྣམ་དམན་པ།། དེ་རྣམས་རྒྱུད་འདིར་ཁ་ཕྱིར་ཕྱོགས།། གང་གིས་ཧེ་ཡིག་མི་ཤེས་པ།། སྲིད་པར ་འདུས་པའི་རྣལ་འབྱོར་པས། ། བཤད་པའི་རྒྱུད་ཀྱི་རྗེ་འབྲངས་ནས།། རྣལ་འབྱོར་པ་ཁྱོད་གཤིན་རྗེ་གཤེད།། དམར་པོའི་རྒྱུད་ཆེན་ཚིག་ཉུང་དེ།། གང་གིས་ཡོངས་སུ་ངལ་མེད་པར།། བདེ་བ་ཆེན་པོ་གསུངས་པ་དེའི།། ། ་བདེ་བ་ཐམས་ཅད་ཀུན་བསྡུས་པའོ།། པད་འདབ་དྲུག་ཅུ་རྩ་བཞི་པ།། རྒྱུ་བཅས་ཆེད་དུ་རྣལ་འབྱོར་མ།། ལོངས་སྤྱོད་རྫོགས་ལས་བདེ་བ་ཐོབ།། སྤྱོད་ཅིང་སྤྱོད་ལ་དེ་རྩེའོ།། སྐད་ཅིག་གཅིག་མངོན་རྫོགས་བྱང ་ཆུབ། ། གཞན་དུ་འཇིག་རྟེན་གསུམ་སྤྱོད་བྱེད།། འདི་ནི་སྐུ་ནི་བཞི་པོ་སྟེ།། སངས་རྒྱས་རྣམས་ཀྱིའང་སྤྱོད་ཡུལ་མིན།། འཇིག་རྟེན་འདས་པའི་ཐ་སྙད་ཀྱིས།། རྣལ་འབྱོར་དམ་པའི་རྣམ་པས་བསྟན།། འཁོར ་ལོ་བཞི་ཡི་རྣམ་པ་ཡིས། ། ཀྱེ་ཡི་རྡོ་རྗེར་བདག་གིས་བསྟན།། སྒོམ་པའི་སྦྱོར་བ་འདུས་པ་རུ།། རྩ་རྣམས་མཁའ་འགྲོ་མ་ཀུན་གྱིས།། འབྲས་བུའི་སྒྲུབ་ཐབས་ཀྱེའི་རྡོ་རྗེར།། གང་དུ་རླུང་གི་སྒྲུབ་ཐབས་ནི ་ནིན་དང་མཚན་མོའི་རབ་དབྱེ་ལས། ། འདབ་མ་དྲུག་ཅུ་བཞིར་དབྱུག་གུ།། ཞེས་པ་འདི་དག་ཐུན་མོང་གི། རབ་ཏུ་དབྱེ་བས་བརྗོད་པར་བྱ།། ལྷ་ཡི་གཟུགས་ཀྱི་བདག་ཉིད་ཅན།། སླར་ཡང་སྐུ་གསུང་ཐུགས ་དབྱེ་བས། ། ཡིག་གསུམ་ཉིད་ཀྱི་མཉམ་གཞག་པའི།། ཡིད་ཀྱིས་ཁོང་དུ་ཆུད་པར་བྱ།། ཨོཾ་ཡིག་གིས་ནི་འཇུག་པ་དང་།། ཨཱཿཡིག་གིས་ནི་དེ་བཞིན་གནས།། ཧཱུཾ་ཡིག་གིས་ནི་དབྱུང་བ་ཡང་།། རྣལ ་འབྱོར་མན་ངག་ལས་བྱའོ། ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས།། རྒྱུ་བཅས་རྒྱུ་མེད་བསྟན་པར་འགྱུར།། དེ་ལས་ས་བོན་མཚན་མངའ་སླར།། སྣ་རྩེར་མཆོག་ཏུ་བསམ་པར་བྱ།། འོད་གསལ་བ་ཡི་རང་བཞིན ་བྱ། ། དེ་བཞིན་བདག་གཞན་མཉམ་པ་ཉིད།། བྱེད་མེད་གཟུགས་ཀྱི་འཕྲེང་བ་ཡི།། ཡང་ཡང་སྐད་ཅིག་སྐད་ཅིག་མ།། གཅིག་ལས་སླར་ཡང་བཞེངས་ཆོད་དུ།། སྔགས་པས་གྲིབ་མ་སྒྱུ་མ་ལྟའི།། དབྱེ་བས ་ཀུན་ཏུ་བསམ་པར་བྱ། ། དག་པའི་སྐུ་འདི་ཡིས་ནི་གང་།། ཡེ་ཤེས་བརྩོན་པས་བསྒོམ་པར་བྱ།། སེམས་ཅན་ཀུན་ནི་ཆོས་ཉིད་བྱེད།། ལྷ་ཡི་རྣལ་འབྱོར་འདི་ཉིད་ནི།། བླ་མའི་མན་ངག་ལས་རྟོགས་བྱ།། ་སྔར་ཡང་སྔགས་པས་འཇིག་རྟེན་དོན།། སླར་ཡང་ཡི་གེ་བསྒོམ་པར་བྱ།། ལོངས་སྤྱོད་རྫོགས་པའི་སར་ལན་ཟངས།། ཀུན་ཏུ་ངེས་པར་འཆིང་བས་བཅིངས།། ལག་པས་ངེས་སྦྱར་སྟེང་གིས་ནི།། ་ཡི་གེས་བསྟན་པའི་འཁྲུལ་འཁོར་ལས།། བརྐྱང་མ་དང་ནི་རོ་མ་ཡིས།། དབུས་སུ་གཡོ་མེད་འཇུག་པར་གྱིས།། སྐུ་གསུང་ཐུགས་སུ་ངེས་སྦྱར་ནས།། ཕྱག་རྒྱ་མཆོག་ཏུ་བསམ་པར་བྱ།། སྐད་ཅིག་དེ ་ལས་ལྷན་སྐྱེས་འཆར། ། བསྒོམ་བྱ་འདིར་ནི་ཐེ་ཚོམ་མེད།། དོན་འདི་གང་གིས་ཤེས་བྱེད་པ།། ཐོ་བཟང་ཡིད་ནི་མཉམ་པར་གཞག། ཆོས་རྣམས་ཐམས་ཅད་དེ་ཤེས་བྱེད།། སངས་རྒྱས་ལམ་གྱི་མན་ངག་གོ།། འཇུ ་ངོགོགས་ཆེན་པོར་ཁྱོད་བཀྲུས་ཏེ། ། དེ་བཞིན་གཤེགས་པས་མངོན་དབང་བསྐུར།། དེ་ཡང་གང་དང་གང་འགྲོ་བ།། དེར་ནི་སངས་རྒྱས་འོང་བར་བྱེད།། ཀུན་ཏུ་བྱང་ཆུབ་སེམས་དཔའ་ཞིང་།། སྣ་ཚོགས་སེམས་ཅན་ཕན ་བར་བྱེད། ། གདར་དགོད་པར་གྱིས་ཤིག་ཅེས།། ཕྱོགས་བཅུར་རྣམ་པར་གནས་པ་ཡིས།། བདུད་རྣམས་ཀུན་ཏུ་འབྲོས་པར་བྱེད།། ཐལ་མོ་སྦྱར་བར་བྱས་ནས་ནི།། ཁྱེད་ཞབས་ཀུན ་གྱིས་གདུད་པར་བྱེད། ། སྣ་ཚོགས་གཟུགས་འཆང་བུད་མེད་ནི།། སྣ་ཚོགས་འདོད་པས་འཁྲུགས་པར་རིགས།། བཙོགས་མ་ཏིལ་མཆོག་མ་ལ་སོགས།། བཀུག་ནས་རྫོགས་པར་ལོངས་སྤྱོད་བྱེད། ་ཅེས་པ་གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་རླུང་གི་དེ་ཉིད་དེ་ལེའུ་བཅུ་བཞི་པའོ།། །། དེ་ནས་རླུང་གི་རྣམ་གྲངས་ནི།། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ།། རབ་ཏུ་བྱ་ནས ་བབཤད་ཀྱིས་ཉོན། ། རིགས་ཀྱི་དབྱུག་གུ་སོ་གཉིས་ལ།། ཐུན་ཚོད་བཞི་རུ་འགྱུར་བ་ཡིན།། བཅུ་དྲུག་གཉིས་ཀྱི་རྣམ་པར་འགྱུར།། ཐུན་གཅིག་དབྱུག་གུ་ལྷག་པ་ལ།། ཐུན་ཕྱེད་དབྱུག་གུ་བཞི་ཡིན་ཏེ།། ་དེས་ན་རིམ་པ་བཞིན་འགྱུར་རོ།། ཉིན་དང་མཚན་མོར་རམ་པས་ཀྱང་།། འཕོ་བ་བཅུ་དྲུག་རབ་ཏུ་བརྗོད།། མེ་དང་རླུང་དང་ཆུ་དང་ནི།། དབང་ཆེན་དཀྱིལ་འཁོར་བཞི་པོ་ནི།། འབབ་པས་དབྱུག་གུ་བཞི ་རབ་གྲགས། ། དྲུང་ནི་བཞི་པོ་རྣམས་འཕེལ་ལས།། འཁོར་ལོ་བཞི་རུ་རབ་ཏུ་བརྗོད།། རྣམ་པ་སྣ་ཚོགས་ལ་སོགས་བཞི།། སྐད་ཅིག་ཟང་ཅིག་སོགས་དབྱེ་ལས།། རྣམ་པ་བཞི་རུ་དེ་བརྗོད་དོ།། དེ ་བཞིན་དགའ་བ་བཞི་པོ་སྟེ། ། ཐུན་ཚོད་བཞིར་ཡང་རབ་ཏུ་བརྗོད།། སྐུ་གསུམ་དེ་ལ་སྐུ་བཞི་པ།། དེ་བཞིན་ཐམས་ཅད་བཞི་རུ་ཡང་།། བྱི་ཡི་རིམ་པ་དེ་བཞིན་ནོ།། རྣལ་འབྱོར་བཞི་དང་བཞི་པ་ནི། ་སྐུ་ནི་བཞི་རུ་ཡང་དག་བརྗོད།། འདིས་ནི་དབྱུག་གུ་བཞིར་འགྱུར་ཏེ།། རབ་ཏུ་དབྱེ་བས་དྲུག་ཅུ་བནི།། ཀྱེ་ཡི་རྡོ་རྗེར་བསྟན་དང་འདིར།། དེ་བཞིན་ངེས་བསྟན་ལུས་ཀྱི་ནི།། འོག་ལ་འཁོར་ལོ་བཞི་ཡོད་དེ།། ་དེ་ཡང་སྐུ་ནི་བཞི་པ་ཡིན།། དགའ་བ་བཞི་ལ་མཚོན་པ་ཡང་།། སྐུ་བཞི་པོར་ནི་རབ་ཏུ་བརྗོད།། དཔལ་གཤིན་རྗེ་གཤེད་དམར་པོའི་རྒྱུད་མདོར་བསྟན་པ་སྟེ་ལེའུ་བཅོ་ལྔ་པའོ།། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྲིད་པའི་འཁོར་ལོར་བརྗོད་བྱ་ཅི།། ལྷ་ཡི་གསང་ལས་ཆེས་གསང་དྲིས།། སྲིད་གསུམ་སེམས་ཅན་རྨོངས་པ་རྣམས།། ཉམས་བྱེད་སྙིང་པོ་འདི་ཉོན་ཅིག ་རྟག་ཏུ་སངས་རྒྱས་ཉིད་སྒྲུབ་པ། ། བདུད་ཀྱི་སྤྲུལ་པ་འདིས་ནི་ཞེས།། དེ་ལྟར་རྣལ་འབྱོར་འཁོར་བར་འཁྱམས།། རྣལ་འབྱོར་འཁོར་བར་འཁྱམས་པ་ལས།། འཁོར་བར་མཆོག་ཏུ་རྩེ་བར་བྱེད། ་ཆུ་ལ་པདྨའི་འདབ་མ་བཞིན།། སྐྱོན་གྱིས་ཅི་ཡང་གོས་པ་མེད།། བཅུ་གཉིས་རྣམ་པའི་འཁོར་ལོ་འདི། བཅུ་གཉིས་དོན་ཞེས་རབ་ཏུ་གནས།། འཁོར་ལོ་འདི་ཉིད་ཁོ་ན་ཡང་།། ཡན་ལག་བཅུ ་གཉིས་རབ་ཏུ་གྲགས། ། གང་གི་འཁོར་ལོ་འདི་ཤེས་བྱེད།། སངས་རྒྱས་ཀུན་གྱི་ས་རབ་གྲགས་པའི།། ཆོས་རྣམས་མ་ལུས་ཤེས་བྱེད་ཅིང་།། ཆོས་ཀྱི་འཁོར་ལོ་རབ་བསྐོར་བྱེད།། དེ་ཕྱིར་ཡན ་ལག་བཅུ་གནས་པའི། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།། བདག་གིས་བཤད་པར་བྱ་ཡིས་ཉོན།། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་།། སྐྱེ ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་།། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ཞེས་བྱ་བ་ཡན་ལག་བཅུ་གཉིས་རྣམས་སོ།། མ་རིག ་པ་ནི་སྔོན་གྱི་ཉོན་མོངས་པའོ། ། འདུ་བྱེད་ནི་སྔོན་གྱི་ལས་རྣམས་སོ།། རྣམ་པར་ཤེས་པ་ནི་སྔོན་གྱི་སོ་སོར་ཀུན་ཏུ་རྟོག་པའོ།། མིང་དང་གཟུགས་ནི་ནུར་ནུར་པོ་དང་། མེར་མེར་པོ་དང་། ་གོར་གོར་པོ་དང་། ནར་ནར་པོ་དང་། རྐང་ལག་འགྱུས་པའི་གནས་སྐབས་ལྔའོ།། སྐྱེ་མཆེད་དྲུག་ནི་མངལ་ནས་ངེས་པར་བྱུང་བའི་མིག་ལ་སོགས་པའི་དབང་པོ་དྲུག་རྫོགས་པའོ།། རེག་པ་ནི་ཡུལ ་དང་། དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་པ་ལས་སོ།། ཚོར་བ་ནི་བདེ་བ་དང་། སྡུག་བསྔལ་དང་། བཏང་སྒོམས་ཀྱི་མཚན་ཉིད་ལས་དོན་རྣམ་པ་གསུམ་དུ་དབྱེའོ།། སྲེད་པ་ནི ་འཁྲིག་པའི་འདོད་ཆགས་སོ། ། ཉེ་བར་ལེན་པ་ནི་འདོད་པའི་ཡུལ་ཡོངས་སུ་འཛིན་པའོ།། སྲེད་པ་ན་འབྱུང་འགྱུར་གྱི་སྲིད་པ་ལས་ཀྱི་འབྲས་བུའོ།། སྐྱེ་བ་ནི་སླར་ཡང་ཕུང་པོ་ལ་ཉིང་མཚམས་སྦྱོར ་བའོ། ། རྒ་ཤི་ནི་མིང་དང་གཟུགས་ལ་སོགས་པའི་ཡན་ལག་བཞིའོ་ཞེས་སོ།། ཡན་ལག་བཅུ་གཉིས་ཁྱད་པར་ལས།། ཐུབ་པས་རྟེན་ཅིང་ཀུན་འབྱུང་བསྟན།། ཇི་སྲིད་ཉོན་མོངས་ལས་དང་ན། ་སྡུག་པ་སྔལ་གསུམ་དུ་དེ་རྣམས་འདུས།། དང་པོ་བརྒྱད་པ་དགུ་ཉོན་མོངས།། གཉིས་པ་བཅུ་པ་ལས་སུ་འགྱུར།། ལྷག་མ་བདུན་ནི་སྡུག་བསྔལ་ཡིན།། བཅུ་གཉིས་པོ་ནི་གསམ་འརས་པ ་ཆོས་གསུམ་པོ་ནི་བསྟན་པར་འགྱུར། ། བཟླས་དབྱེ་གཉིས་སུ་དེ་འགྱུར་རོ།། བདུན་བདུན་དག་ཏུ་འགྱུར་བ་ཡིན།། དེ་ཉིད་ཡང་ཡང་དེ་འཁོར་ཞིང་།། འཁོར་བས་སྲིད་པའི་འཁོར་ལོའོ།། འགྲོ་བ་ཕན་ཚུན ་རྒྱུ་དང་འབྲས། ། འགའ་ཞིག་འདིར་མེད་སེམས་ཅན་སྟོང་།། དེ་ལྟར་སྟོང་ལས་ཆོས་རབ་འབྱུང་། ཆོས་ལས་འཕོ་བའང་ཡོད་མིན་ཏེ།། ལེགས་པར་ཀློག་དང་མར་མེ་རྒྱ།། མེ་ལོང་སྒྲ་དང་ཉི་མ་འཕོ།། ས་བོན ་ལས་ནི་ཕུང་པོ་འདི། ། མཚམས་སྦྱོར་བ་དང་འཕོ་བ་མེད།། སེམས་ཀྱི་ཀུན་སྤྱོད་འདུལ་བར་འགྲོ།། འདིར་བརྗོད་ཡན་ལག་བཅུ་གཉིས་ནི།། ཁྱད་པར་ཐུབ་པས་བསྟན་པ་ཡིན།། ཇི་ལྟར་རྟེན་ཅིང་ཡང་དག ་འབྱུང་། ། དེ་རྣམས་བསྡུས་པར་ཤེས་པར་བྱ།། སོ་སོར་ངེས་པསྟན་ཉན་པར་འདོད།། དེ་དེ་སངས་རྒྱས་སྤྱོད་ཡུལ་ཞེས།། སློབ་དཔོན་འདིར་བརྗོད་གནས་པའོ།། ཉོན་མོངས་ལས་དང་སྡུག་བསྔལ་རྣམས་། ་ཞེས་པས་ཇི་སྲིད་བསྡུས་པའོ།། དེ་ལ་གཉིས་དག་གིས་ལྷག་པའི་བཅུ་སོ་སོར་བསྟན་པ་ལ། ཡན་ལག་ཅེས་པ་འདི་དག་གི་ཆ་ཤས་ཀྱི་ཁྱད་པར་རོ།། དཔེར་ན་ཨཾ་ག་པཾ་གའི་དངོས་པོའི་ཁྱད་པར་ནི་བསྔགས ་པའོ་ཞེས་ཏེ། ཨཾ་ག་ནི་ཁྱད་པར་རོ།། ལུས་དང་། ངག་དང་། ཡིད་འཁྲིག་པ་ལས་ཐུབ་པ་དེས་ནི་ཐུབ་པས་སོ།། བསྟན་པ་ནི་རབ་ཏུ་གསལ་བར་གསུངས་པའོ་ཞེས་པ་རྣམ་གྲངས་སོ།། དེ་རྣམས་ཀྱི་གཙོ ་དང་། རང་བཞིན་དང་། དབང་ཕྱུག་ཏུ་ངེས་པ་དང་། ཕྱོགས་སྐྱོང་བ་དང་། ངོ་བོ་ཉིད་ལ་སོགས་པ་མ་ཡིན་གྱི། ཡན་ལག་བཅུ་གཉིས་ཀྱི་ཁྱད་པར་རོ།། དེ་ལྟ་མོད་ཀྱི་ཉོན་མོངས་པ་རྣམས་ལ་ལས་དང་སྡུག ་བསྔལ་རྣམས་སུ་སྟེ། ཕན་ཚུན་བརྟེན་པ་དབྱུག་གུ་གསུམ་གྱི་ཚུལ་གྱིས་གསུམ་རྣམས་སུ་ཇི་ལྟ་བ་བཞིན་དུ་བསྡུས་ནས་འགྲོ་སྟེ། དཔེར་ན་ཆུ་བཞིན་ནོ།། སླར་ཡང་ཉོན་མོངས་པ་རྣམ ་དང་། ལས་རྣམས་དང་། སྡུག་བསྔལ་ཏེ། དེ་རྣམས་སུ་ཇི་ལྟ་བ་བཞིན་དུ་འདི་གསུམ་བསྡུས་ནས་ཇི་ལྟར་འགྲོ་ཞེ་ན། བརྗོད་པར་བྱ་སྟེ། དང་པོ་བརྒྱད་དགུ་ཉོན་མོངས་འགྱུར།། ཞེས་པ་ནི། ཡན་ལག་བཅུ ་གཉིས་པོ་འདི་རྣམས་ཀྱི་ཁྱད་པར་གྱི་ནང་ནས། དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ་དང་། དགུ་པ་ཉེ་བར་ལེན་པ་ཞེས་པ་གསུམ་པོ་འདི་རྣམས་ཉོན་མོངས་པ་སོ་སོར་བསྡུས་པར་རྟོགས་པར་བྱའོ།། ་གཉིས་པ་བཅུ་པ་ལས་ཡིན་ཏེ།། ཡང་ཅི། འདུ་བྱེད་ནི་གཉིས་པའོ།། སྲིད་པ་ནི་བཅུ་པའོ།། འདི་དག་ལས་སུ་བསྡུས་པར་རིག་པར་བྱའོ།། ལྷག་མ་བདུན་ནི་སྡུག་བསྔལ་ཡིན།། ཉོན་མོངས་པ་དང་ལས ་སུ་བསྡུས་པ་འདི་རྣམས་ཀྱི་ལྷག་མ་གང་ཡིན་པའི་ཡན་ལག་གི་ཁྱད་པར་བདུན་ནི་སྡུག་བསྔལ་དུ་བསྡུས་པར་རིག་པར་བྱའོ། ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག ་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤ་ཡང་ངོ་ཞེས་པ་སྟེ། ཡང་གི་སྒྲ་རབ་ཏུ་སྦྱོར་བ་ནི་བསྡུ་བ་ཡང་དག་པར་རབ་ཏུ་སྦྱོར་བ་སྟེ། མ་རིག་པ་ལ་སོགས་པ་རྣམས་སྡུག་བསྔལ་དུ་ཡང་དག ་བར་སྡུད་པར་བྱེད་དོ། ། དེ་བཞིན་དུ་ཆོས་བཅུ་གཉིས་པོ་འདི་རྣམས་ཐམས་ཅད་ནི་ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་ཞེས་བྱ་བ་གསུམ་དུ་བསྡུས་ཏེ། དམན་པ་དང་ལྷག་པ་ཡོད་པ་མ་ཡིན ་ཤེས་པར་བྱེད་པའི་དོན་ལས་སོ། ། ནིའི་སྒྲ་ནི་འདི་རྣམས་མདོ་རུ་ངེས་པར་བསྟན་པ་དེ་སྲིད་དུ་ཡོངས་སུ་བསླངས་པ་འདི་དང་འདི་དག་མཆོག་ཏུ་ཡོད་དོ་ཞེས་བརྗོད་པར་བྱའོ།། ཅི་སྟེ་གང་ལས་འདི་རྣམས་ལས ་དང་ཉོན་མོངས་པ་རྣམས་ཀྱི་དང་། ལས་དང་། སྡུག་བསྔལ་རྣམས་ཀྱིས་འགྱུར་ཞེ་ན་བརྗོད་པར་བྱ་སྟེ། གསུམ་རྣམས་ཟླས་དབྱེར་འགྱུར་བ་ནི། ཟླས་དབྱེ་བ་ལས་འགྱུར་རོ།། བདུན་པ་ཉོན་མོངས་པ་ཞེས ་བྱ་བ་ནི་གསུམ་རྣམས་སུ་ཟླས་དབྱེ་བར་འགྱུར་རོ། ། ལས་ཞེས་བྱ་བར་ཟླས་དབྱར་འགྱུར་ཏེ། ཟླས་དབྱེ་བ་ལས་རབ་ཏུ་འགྱུར་བ་ཁོ་ནའོ།། སྡུག་བསྔལ་ཞེས་པ་སྔར་བཞིན་དུ་ངེས་པར་བསྟན་པ་ལས་བདུན ་པ་གསུམ་འབྱུང་སྟེ། སྡུག་བསྔལ་ཞེས་བྱ་བ་རྣམས་སུ་ཉོན་མོངས་པ་ཞེས་བྱ་བ་གཉིས་པོ་དེ་ཉིད་ནི་རབ་ཏུ་འཁོར་བར་བྱེད་པས་སྲིད་པའི་འཁོར་ལོའོ།། དེ་ལ་སྲིད་པ་ནི་ལས་ཀྱི་གཟུགས་ཀྱིས་སྒྲ་གཅན་ནོ།། ་དེ་ཡང་མཽང་གསུམ་པ་ཅན་འདིར་འཁོར་ལོ་བྱུང་བ་ལས་འཇིག་རྟེན་བདུན་པོ་དེར་ཡོངས་སུ་འཁོར་བར་བྱེད་དོ།། ནིའི་སྒྲ་ནི་ངེས་པར་དོན་ནོ།། དཔེར་ན་བླ་ལ་ཤར་དུ་ཡོངས་སུ་འཁོར་བར་བྱེད་པ་བཞིན་སྲིད ་པའི་འཁོར་ལོའོ། ། དེ་བཞིན་དུ་རྫོགས་པར་འབྱུང་བ་ནི་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ངེས་པ་ནི་མེད་དོ།། ཞེས་པས་ནི་སྒྲའོ།། དེ་ན་ས་ད་ནི་ལུས་ཅན་ཐམས་ཅད་དབང་ཕྱུག་དང་བྱེད་པ་པོ་དང་། བྱེད་པ་ཅི་ཡིན ་ཞེ་ན། བརྗོད་པར་བྱ་སྟེ། འགྲོ་བ་ཐམས་ཅད་ཕན་ཚུན་དུ་རྒྱུ་དང་འབྲས་བུའང་འགའ་ཞིག་ཀྱང་འདིར་མེད་དེ། སེམས་ཅན་ལ་གཞན་དུ་ཉེ་བར་བཏགས་པ་ལས་སོ།། རྒྱུ་ཡི་ཡང་འདི་ཡོངས་སུ་བྱེདཔ ་ལ་རྒྱུར་ཉེ་བར་བཏགས་པ་ཙམ་མོ། ། དེའི་ཕྱིར་རྫས་གཞན་ལ་སེམས་ཅན་དུ་བདེན་ནོ་ཞེས་སོ།། དེ་ནས་ད་ནི་གནས་པའི་འཇིག་རྟེན་ལས་ཕ་རོལ་གྱི་འཇིག་རྟེན་དུ་རྗེས་སུ་འགྲོ་བ་ཅི་ཞེ་ན། བརྗོད ་པར་བྱ་སྟེ། འཇིག་རྟེན་ཕ་རོལ་གྱི་དོན་ཙམ་ཡང་དངོས་པོ་སྟེ། འཕོ་བ་ནི་མེད་དོ།། འོན་ཀྱང་སྟོང་པ་ཁོ་ན་ལས་སྟོང་པའི་ཆོས་རྣམས་རབ་ཏུ་འབྱུང་སྟེ། འཕོ་བའང་མེད་དོ།། ཆོས་རྣམས་ལས་ནི་བདག་གི་ང ་མེད་པའི་ཉོན་མོངས་དང་ལས་ཀྱི་མིང་ཅན་ལྔ་པོ་རྣམས་ལས་བདག་དང་བདག་གི་བས་སྟོང་པའི་འབྲས་བུའི་མིང་ཅན་བདུན་པོའི་ཆོས་རྣམས་རབ་ཏུ་འབྱུང་སྟེ། འཕོ་བའང་མེད་དོ་ཞེས་པ་དེ་ལྟ་བུར་འཛིན་པའི ་རང་བཞིན་དུ་བདག་ཏུ་གནས་པ་རྣམས་ལས། རང་བཞིན་དང་བྲལ་བའི་སྟོང་པོའི་ཆོས་བདུན་པོ་རྣམས་རབ་ཏུ་འབྱུང་སྟེ། འཕོ་བའང་མེད་དོ།། དེའང་འདི་དག་བསྟན་པ་ཅི་ན་ན། འདིར་བརྗོད་པར་བྱ་སྟེ། ་ལེགས་པར་ཀློག་དང་སྒྲོན་མེ་རྒྱ།། མེ་ལོང་སྒྲ་དང་ཉི་མ་འཕོ།། ས་བོན་མིག་གི་ངེས་བསྣན་པ།། ཞེས་པ་ནི་དེ་ཁོ་ན་ཉིད་ལས་འགྲོ་བ་མེད་པ་ཉིད་དང་། རང་བཞིན་གྱིས་བདག་ཀྱང་མེད་དེ། ཐ་སྙད་དུ་འཇིག ་རྟེན་ཕ་རོལ་ཡོད་དོ་ཞེས་པའོ། ། དཔེར་ན་ཐ་མ་ལས་ཀློག་པར་བྱེད་པ་ནི་འཕོ་བ.རང་མེད་དེ། དེའི་དངོས་པོ་ཐ་མ་ལས་ཀློག་པ་ཉམས་པ་མེད་ལ་སློབ་མས་ཀློག་པའང་ཉམས་པ་མེད་ཅིང་། སློབ་མས་ཀློག་པ ་གཞན་མ་ཡིན་ནོ། ། དེ་བཞིན་དུ་ཀུན་ཏུ་འབྱུང་བར་བྱེད་ན་རྒྱུ་མེད་པ་ཅན་གྱི་ཞེས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་འཆི་བར་བྱེད་པའི་སེམས་ནི་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མེད་དེ་རྟག་པའི་ཉེས་པར ་ཐལ་བའི་ཕྱིར་རོ། ། འཇིག་རྟེན་ཕ་རོལ་གཞན་ཁོ་ན་ལས་འབྱུང་བ་མ་ཡིན་ཏེ། དཔེར་ན་བླ་མ་ལས་ཀློག་པར་བྱེད་པའི་རྒྱུ་མཚན་ཅན་ནི་སློབ་མིའི་ཀློག་པར་བྱེད་པའོ།། དེ་ཉིད་དེ་ལས་གཞན་མ་ཡིན་པ་དེ་མཞིན ་དུ་དེའོ་ཞེས་ནུས་པ་མངོན་པར་བརྗོད་དོ། ། དེ་བཞིན་དུ་དེའི་འཆི་བའི་མཐར་ཐུག་པའི་སེམས་ལ་བརྟེན་ནས་སྐྱེ་བའི་ཆ་ཤས་ཅན་གྱི་སེམས་དེ་ཉིད་གཞན་མ་ཡིན་ནོ།། དེ་བཞིན་དུ་དེའང་ནུས་པ་མངོན་པར་བརྗོད ་རོ། ། དཔེར་ན་མར་མེ་ལས་མར་མེའོ།། རྒྱ་ལས་ཕྱིར་རྒྱའོ།། བཞིན་ལས་མེ་ལོང་ལས་གཟུགས་བརྙན་ནོ།། སྒྲ་ལས་བྲག་ཆའོ།། ཉི་མ་དང་། ནོར་བུའི་འོད་དང་། བུད་ཤིང་རྣམས་ལས་མའོ།། ས་བོན་ལས ་མྱུ་གུའོ། ། དཔེར་ན་ཤུ་གའི་འབྲས་བུ་ཟོས་པའི་རྒྱུ་མཚན་གྱིས་གཞན་གྱི་ཁ་འཛག་པ་ལས་གཞན་མ་ཡིན་ནོ་ཞེས་རབ་ཏུ་ཤེས་པར་བྱའོ།། དེ་བཞིན་དུ་ཕུང་པོ་ལས་ཕྱིར་ཕུང་པོ་འཕོ་བ་མེད་པའང་མཁས་པ་རྣམས ་ཀྱིས་ཀུན་ཏུ་དཔྱད་པའོ་ཞེས་སོ། ། དེ་ལ་ཕུང་པོ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མིང་ཅན་འདི་རྣམས་ཀྱི་ཕུང་པོ་ཉིང་མཚམས་སྦྱོར་བ་འདི་དག་ཕུང་པོ ་ལྔ་པོ་རྣམས་སུ་ངེས་པར་བརྟག་པར་བྱ་སྟེ། རྒྱུ་མེད་པ་ཅན་ཡང་མ་ཡིན་ལ་གཞན་ལས་འབྱུང་བའང་མ་ཡིན་ནོ།། འཇིག་རྟེན་འདི་ལས་འཇིག་རྟེན་ཕ་རོལ་མ་ཡིན་ནོ།། དེ་ནས་མིག་ཀྱང་དངོས་པོ་འཕོ་པ ་ཡང་རོ། ། འདི་སྲིད་དུ་འདུ་བྱེད་འཁོར་བའི་རིམ་པའོ།། ཡང་གི་སྒྲ་ནི་ལྡོག་པ་སྟེ། དེའི་ཕྱིར་ཕྱིན་ཅི་ལོག་ཏུ་རྟོགས་པར་མི་བྱའོ།། གང་གི་ཕྱིར་རྟག་ཏུ་སྡུག་བསྔལ་སྟོང་པའི་བདག་ཉིད་ཅན་གྱི་དངས་པ ་ཡིན་པ་དེའི་ཕྱིར། སོ་སོར་ཀུན་ཏུ་རྟོག་པའི་དངོས་པོ་ལ་ཀུན་ཏུ་རྨོངས་པར་མི་འགྱུར་རོ།། རྨོངས་པ་མེད་པའི་ཡིད་རྟག་ཏུ་སྐྱེ་བར་མི་བྱེད་དོ།། སྲུང་བ་མེད་པས་ཉེས་པར་མི ་འགྱུར་རོ། ། གདུག་པ་མེད་པས་རྟག་ཏུ་སྡིག་པའི་ལས་སུ་མི་འགྱུར་རོ།། ལས་སུ་གྱུར་པའི་དངོས་པོ་ཉེ་བར་མི་ལེན་ནོ།། ཉེ་བར་ལེན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་དོ།། དངོས་པོ་དང ་དངོས་པོ་མེད་པ་གདགས་པ་མེད་དོ། ། མ་སྐྱེས་པའི་ཕུང་པོ་ལ་ཡིད་རྣམས་སྡུག་བསྔལ་རྣམས་སུ་མི་འགྱུར་རོ།། དེ་བཞིན་དུ་འདིར་རྣམ་པ་ལྔ་པོ་འདིའི་རྒྱུའི་ཟས་བྱིན་པ་ལས་འདིར་འབྲས་བུ་རྣམ་པ ་བདུན་ཐོབ་ཀྱི་གཞན་མེད་པ་ལས་མི་འབྱུང་ངོ་། ། དེའང་ཐར་པ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་དད་པ་དང་། རྟག་པ་དང་། ཆད་པ་དང་། འཕོ་བ་ལ་སོགས་པ་རྣམས་རྟག་ཏུ་ལྟ་བ་ངན་པ་དང ་གྱ་ནོམ་པ་རྣམས་མི་འབྱུང་ངོ་། ། བཅོམ་ལྡན་འདས་ཀྱིས་ཡང་འདིར་ཚིགས་སུ་བཅད་པ། རྐྱེན་ལས་འབྱུང་བ་མ་མཐོང་ཞིང་།། དོན་ཉིད་ཀྱིས་ནི་ཚོར་བ་མེད།། སྐྱེ་བ་དང་ནི་འཇིག་པ་ཡང་།། ་གང་གིས་འབྱུང་བ་རྣམ་པར་བརྟགས།། འདི་ལ་གསལ་བྱ་ཅི་ཡང་མེད།། གཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། རྟེན་ཅིང་འབྲེལ་པར ་འབྱུང་བའི་ལེའུ་སྟེ་བཅུ་དྲུག་པའོ། ། ། ཁ་སྦྱོར་གྱི་ཚུལ་གྱིས་ཀྱང་གནས་པ་ལ་འཛམ་བུའི་གླིང་བའི་འཇིག་རྟེན་གྱི་འཛག་པའི་བདེ་བའོ།། དེ་རྣམས་ཚེ་བརྒྱ་ལ་ལོ་བརྒྱའི་ཚེ་རྣམས་སོ།། ་བཅོམ་ལྡན་འདས་བུད་མེད་མེད་པ་ལས་ཇི་ལྟར་ཁུ་བ་རེངས་པར་འགྱུར།། ཁུ་བ་རེངས་པ་དང་བྲལ་བས་ཚེ་རིང་པོ་རྗེས་སུ་འགྲོ་བ་མེད་དོ།། དེའི་ཕྱིར་འོག་དང་སྟེང་དུ་རླུང་གི་རྒྱུ་བ་རྗེས་སུ་བཅིང་བར་བྱེད་པ་ལས། ་སྲོག་བརྟན་པར་བྱས་པ་ལ་ལུས་ལ་རྒས་པ་དང་འཆི་བ་མི་འབྱུང་ངོ་།། དང་པོར་ལུས་དག་པར་གྱུར་ནས་ཆོས་ཀྱི་ཕྱག་རྒྱ་རབ་ཏུ་བསྒྲུབ་པར་བྱའོ།། ཕྱིའི་དགའ་བ་གང་དང་འདྲ་བ་དེ་དང་འདྲ་བར་བསྒོམ་པར་བྱའོ།། ་དེ་བཞིན་དུ་སླར་ཡང་རྣལ་འབྱོར་པས་ལུས་ཀྱི་ཕྱག་རྒྱའི་དཀའ་བ་རྩོམ་པ་ལ་རྐང་པ་གཡོན་པས་ཚངས་པའི་སྐུད་པ་ཀུན་ཏུ་བཙིར་ནས་ཁ་སྟེང་དུ་བྱས་ནས་ཧཱཿཡིག་རྣམ་པར་བསམ་པར་བྱའོ།། སླར་ཡང་སྟིཏ ་ཡིག་བྱས་ནས་ཧཱུཾ་ཡིག་སྙིང་ཁར་གནས་པའོ། ། ཨཱཿཡིག་སླར་ཡང་བསྒོམ་པར་བྱའོ།། འདབ་མ་བརྒྱད་པ་ག་སར་དང་བཅས་པ་དེའི་དབུས་སུ་ཧྲཱིཿཡིག་འབར་བ་དེ་ལ་འོད་ཟེར་དང་བཅས་པའོ།། དེ་ལས ་ངེས་པར་བྱུང་བའི་རི་མོ་དཀར་པོ་ངེས་པར་འབྱུང་བ་སླར་ཡང་འོངས་ཏེ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་དབུས་སུ་སོན་པར་བསམ་པར་བྱའོ། ། སླར་ཡང་ཨ་ཡིག་བསམ་པར་བྱ་སྟེ། རྣལ་འབྱོར་པས་སྲོག་གི ་རླུང་སླར་ཡང་བཅིང་བར་བྱའོ། ། དེའི་ཕྱོགས་སུ་ལྷ་མོར་གསལ་བའི་ཚངས་པའི་མདུད་པ་ངེས་པར་བྱུང་ནས་བྷ་ག་དང་སྙིང་ཁར་ཡང་ལྡན་པར་བསམ་པར་བྱའོ།། པདྨ་འདབ་མ་བརྒྱད་པ་དེ་ལ་ཕྱོགས་སུ་དམར ་པོར་བསམ་པར་བྱའོ། ། མེའི་ཟུར་དུ་མེ་དང་། དེ་བཞིན་དུ་སླར་ཡང་རླུང་ངུའོ།། དབང་ལྡན་དུ་སྔོན་པོའང་ངོ་།། དེ་བཞིན་དུ་སྲིན་པོའི་ཕུར་དུའོ།། དེའི་དབུས་སུ་སོན་པའི་ཧཱུཾ་ཡིག་ཁ་དོག་ནག་པོ་འོད་ཟེར་དམར ་པོ་ཅན་ནོ། ། དེ་ལས་ངེས་པར་བྱུང་བའི་རི་མོ་སྤྱི་བོར་སོན་པ་རྣམ་པར་བསམ་པར་བྱའོ།། འོག་དང་སྟེང་དུ་ཧཱུཾ་ཡིག་ཁ་དོག་ནག་པོ་འོད་ཟེར་དང་བཅས་པ་དེང་སོན་པ་བསམ་པར་བྱའོ།། ་རི་མོ་འབར་བར་བྱེད་པ་ནི་ཡང་ནས་ཡང་དུ་དེ་བཞིན་ནོ།། དེའི་ཚེ་ཁྱོགས་བྱ་བའི་སྒོམ་པ་བླ་མའི་མན་ངག་ལས་སོ།། དེའི་ཚེ་གཏུམ་མོ་འབར་བས་དེ་བཞིན་གཤེགས་པ་ཐམས་ཅད་བསྲེགས་ཏེ། རི་བོང་ཅན་འཛག ་པ་འོག་གི་བྷ་ག་ལ་དགའ་བ་ཆེན་པོས་བདེ་བར་འགྱུར་རོ། ། སླར་ཡང་གཉིས་གཉིས་སྟེང་དུ་འགྲོ་བའི་དོན་དུ་སྲོག་དང་ཐུར་སེལ་འགོག་པ་ལས་སེམས་སྟོང་པ་ལ་ངེས་པར་སྦར་ནས་མྱོས་པར་བྱེད་དོ།། སླར་ཡང ་སེམས་མྱོས་པར་གྱུར་པ་ཇི་སྲིད་དུ་འཁྱིལ་པ་བཅིང་བའི་སྦྱོར་བ་ལས། དེའི་ཚེ་འཁོར་བ་ལས་འབད་པས་ཀུན་ནས་གཡས་སུ་འཁོར་བ་མེད་པར་བྱ་སྟེ།། སླར་ཡང་ཁོ་ཌོར་སྒྲ་ཉེ་བར་གནས་སོ།། ཆོས་ཀྱི་འཁོར ་ལོ་ལ་ཧཱུཾ་ཡིག་གི་ནཱ་དས་སླར་ཡང་གནས་སུ་རབ་ཏུ་བཀུག་ནས་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་རྩ་གཉིས་རབ་ཏུ་གཡོ་བར་བྱས་ནས། སླར་ཡང་བརྟན་པར་བཅིང་བར་བྱའོ།། གཡོན་པ་གཉིས་པོ་དེ་ལ་ཞུ་བར ་གྱུར་པ་དེའི་ཚེ་འོང་བར་འགྱུར་རོ། ། དེ་ལ་ཡང་དག་པར་སྦྱངས་པར་འགྱུར་ཏེ། སླར་ཡང་ཡེ་ཤེས་ཀྱི་འཁོར་ལོ་ལ་སྲུབ་པར་བྱེད་པ་དང་འོ་བྱེད་པ་ནི་བླ་མའི་མན་ངག་ལས་སོ།། སླར་ཡང་འཁོར་ལོ་གསུམ་པོ་མྱོས ་པར་བྱེད་པའི་སྦྱོར་བས་སྦྱང་བར་བྱའོ། ། སྟེང་དུ་སོང་པོ་དེ་ལ་བདེ་བ་ཆེན་པོ་བསྟན་པར་འགྱུར་ཏེ། འདི་རྣམས་ལམ་གྱི་མཆོག་སྟེ་ཕུལ་དུ་བྱུང་བའི་ལྷ་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་ནོ།། གང་ཞིག་ཤེས་པ ་བསོད་ནམས་དང་ལྡན་པ་དང་། འཇིག་རྟེན་གསུམ་དང་བཅས་པས་མཆོད་པར་འགྱུར་རོ།། ལོ་གཅིག་ཏུ་གོམས་པས་ཆེས་ཕྲ་བའི་ལུས་སུ་འགྱུར་རོ།། སྒྲ་ཆེན་པོའི་རང་བཞིན་རབ་ཏུ་སྨྲའོ།། དེ་བཞིན་དུ ་སེམས་ཕྲ་བའི་རང་བཞིན་དང་འདོད་པའི་དོན་ལ་ཀུན་ཏུ་རྒྱུ་སྟེ། གདུལ་བྱའི་ཆེད་དུ་རྒྱ་མཚོ་དང་ནམ་མཁའ་ལའང་འགྲོའི། གང་འདོད་པ་དེ་བྱེད་དོ།། བློ་བཟང་རྩེ་བར་བྱེད་ཅིང་དགའ་བར་བྱེད་དོ།། ཞེས་གཞིན ་རྗེ་གཤེད་དམར་པོའི་རྒྱུད་དུ་གོམས་པའི་ལེའུ་སྟེ་བཅུ་བདུན་པའོ། ། ། བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཀྱི་ལྟད་མོ་ལ།། སོགས་པ་མངའ་བདག་གསུང་དུ་གསོ ་སྦྱོར་བ་སྣ་ཚོགས་མ་ལུས་ཉིད། ། དེ་བཞིན་དུས་ཀྱི་མཚན་ཉིད་དང་།། རང་གཟུགས་ལུས་ཀྱི་འཁྲུལ་འཁོར་ནི།། ད་ལྟ་བཀའ་དྲིན་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་། ལྷ་མོ་ལེགས་སོ་ལེགས་པར་བྱས།། ཁྱོད་ཀྱིས་གང་གཞིན་བྱས་ཏེ་བཤད།། ཨོཾ་ཛྭ་ལ་ཀ་རཱ་ལ་ཡ་ད་ནེ་སརྦ་སཏྭ་ཧཱ་ལ་ཧཱ་ལ་བཛྲེ་སུ་བཛྲ་སྥ་ར་སྥ་ར་སྥ་ར་ཡ་སཱ་ར་ཡ་སརྦ་མེ་གྷ་བཱ་ཀ། བིཥྚི་སྟམྦྷ་ཡ་སྥོ་ཊ་ཡ ་སྥོ་ཊ་ཡ་གྷཿགྷཿསརྦ་པཱ་ནཱི་ཡཾ་ཤོ་ཥ་ཡ་ཧཱུཾ་ཕཊ། གསང་སྔགས་འདི་དག་བཟླས་པར་བྱ་ཞིང་ཁྲོ་བོའི་ལྟ་སྟངས་ཀྱིས་ནམ་མཁའ་ལ་བལྟ་བར་བྱའོ།། རླུང་དང་སྤྲིན་ལ་སོགས་པ་འཇོམས་པར་བྱེད་དོ།། ་། ཨོཾ་ཕཊ་ཀཱ་ར་པེ་ཧ་ཧ་ཧཱ་ཧཱ་ཕཊ། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་སརྦ་ཀྲོ་དྷཱ་ན་ཀཱི་ལ་ཡ་ཀཱི་ལ་ཡ་བཛྲ་དཥྚེ་ན་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧྲཱིཿབརྗོད་ནས་ལྷའི་བདག་ཉིད་ཀྱི་རྡུལ་རྣམ་པ་བདུན་སྦྱིན་པར ་བྱ་སྟེ་སྦྲུལ་འབྲོས་པར་བྱེད་དོ། ། ཨོཾ་ཡ་མཱནྟ་ཀ་ཧྲཱིཿཥྚཱིཿསཱུ་ཧཱུ~ཾ་ཕཊ་ཕཊ་ཐཱ་ས་ཡ་ཏྲཱ་ས་ཡ་ཙཎྜ་ཙཏྟ་པྲ་ཙཏྟ་པྲ་ཙརྡྷ་ཧཱུཾ་ཕཊ། ཅེས་པས་མ་ཧེ་འབྲོས་པར་བྱེད་དོ།། ཨོཾ་མ་མ་མཛན ་མརྡ་ཡ་མརྡ་ཡ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་པ་འདིས་སྡིག་པའི་ནད་འཇོམས་སོ།། ཨོཾ་ཀྲོ་དྷ་ནེ་ས་ཀྲོ་དྷ་ཡ་སཾ་ཀྲོ་དྷ་ཡ་སྭཱ་ཧཱ།། ཞེས་པ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོར་སྔགས་ཀྱི་ལས་རབ ་འབྱམ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ། ། ། ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་གཏུམ་པ་ཆེན་པོ་ཁྲོས་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོའི་དབང་ཕྱུག་དེའི་སྔགས་ཀྱི་ལས་རབ་འབྱམ ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔའ་བོ་ཆེན་པོ་མི་གཡོ་བ་འཇིགས་པའི་ཡང་འཇིགས་པར་བྱེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དཔའ་བོ་རལ་གྲི་དང་སྡིགས་མཛུབ ་འཆང་བ། གཏུམ་པོ་ཁྲོས་པ་ཆེན་པོའི་ང་རྒྱལ་དུ་བྱས་ནས་སྔགས་བཟླས་པར་བྱའོ།། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་པའི་གསང་སྔགས་ཆེན་པོ་གང་གི་དཔུང་པར་སོན་ཅིང་གནས་པ་དེ་བདུད་ཐམས ་ཅད་ལས་ངེས་པར་རྒྱལ་བ.རར་གྱུར་རོ། ། ཨོཾ་ཀྲོ་དྷ་ནེ་ས་ཀྲོ་ཥ་ཎེ་བྷེ་ད་ནེ་ཧཱུཾ་ཕཊ། ཆུ་ལ་མངོན་པར་བསྔགས་ནས་སྦྱིན་པར་བྱ་སྟེ། གཟེར་སེལ་བར་འགྱུར་རོ།། ཨོཾ་སནྣ་ཨཱ་ས་ནེ་མོ་ཧཱ་ཡ་ཧཱུཾ་ཕཊ། ཅེས་པ ་འདིས་སྤྱི་གཙུག་ཏུ་བཅིངས་ན་མི་མཐོང་ངོ་། ། ཨོཾ་ཨ་ཙ་ལེ་སཉྩ་ལེ་ཆེ་གེ་མོའི་མུ་ཁཾ་ཀཱི་ལ་ཡ་ཧཱུཾ་ཕཊ། མྱོས་བྱེད་ལ་གཟུགས་བརྙན་བྱས་ནས་གྲོ་ག་ལ་བ་བླས་བྲིས་ནས་དེའི་ཁར་བཅུག་སྟེ། ཕུར་བུས ་བཏབ་ལ་ལམ་བཞི་མདོར་སྦ་བར་བྱ་སྟེ། ཕྱིར་རྒོལ་བའི་ཁ་ལ་ཕུར་བུས་གདབ་བོ།། ཨོཾ་སརྦྦ་མཱ་ར་བྷཉྫ་ནེ་ཆེ་གེ་མོའི་པཱ་དཽ་ཀཱི་ལ་ཡ་ཧཱུཾ་ཕཊ། སྔར་བཞིན་དུ་སྙིང་ཁར་བཅུག་ནས་རྐང་པ་དག་ལ་ཕུར་བུས ་གདབ་པར་བྱ་སྟེ། འགྲོ་བ་དང་འོང་བ་རེངས་པར་བྱེད་དོ།། ཨོཾ་བི་ཀྲྀ་ཏཱ་ན་ནེ་སཱ་ར་བ་ལ་བྷཉྫ་ནེ་ཛམྦྷ་ཡ་ཛམྦཱ་ཡ། སྟམྦྷ་ཡ་སྟམྦྷ་ཡ་བཛྲ་པཱ་ཤེ་ན་ཆེ་གེ་མོ་སཾ་ནྱེ་བནྡྷ་བནྡྷ། ཨོཾ་ཧཱུ་པཊ་ཁཿཥཿཧཱ་ཧཱ་ཧཱི་ཧཱ ་ཕེཾ་ཕེཾ། ཨོཾ་ཙཏྟ་མ་ཧཱ་རོ་ཥ་ན་ཧཱུཾ་ཕཊ། སྔར་བཞིན་དུ་བཅུག་ནས་སྡེའི་བདག་པོའི་གོས་ལ་ཕུར་བུས་གདབ་སྟེ། གཟུགས་བརྙན་ཁ་འོག་ཏུ་བྱས་ཏེ་སྦ་བར་བྱའོ།། ཕ་རོལ་གྱི་སྡེ་འོང་བར་ངེས་པར་བྱེད ་དོ། ། ཨོཾ་ད་ཧད་ག་པ་ཙ་པ་ཙ་མ་ཐ་མ་ཐ། ཛྭ་ལ་ཛ་ལ། ཛཱ་ལ་ཡ་ཛཱ་ཡ། གྲྀཧྞ་གྲྀཧྞ་ཛཱ་ལ་ཛྭ་ལ་ཧཱུཾ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། དུར་ཁྲོད་ཀྱི་གོས་ལ་གཞན་གྱིས་མི་ཐུབ་པ་སོར་མོ་བརྒྱད་ཀྱི་ཚད་ལ་ལྦ་སྦྱིན ་མངོན་པར་བྲིས་ནས་སྔགས་ཀྱི་འཕྲེང་བས་བསྐོར་ཏེ་མྱོས་བྱེད་གཟུགས་བརྙན་གྱི་སྙིང་ཁར་བཅུག་ནས་ཤིང་ལ་གཞག་པར་བྱའོ། ། དེ་ནས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཥ་ཆེ་གེ་མོ་ལ་ཛྭ་ར་ཎ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ་ཅེས་བཟླས་ནས་དུར་ཁྲོད་ཀྱི་མེ་ལ་གདུང་བར་བྱའོ།། སེང་ལྡེང་དང་རྒྱ་ཤུག་གི་མ་ལའོ།། དགྲ་རྣམས་ལ་རིམས་བྱེད་དོ།། ཨཽ་ཛ་ཡ་ཛ་ཡ་པ་རཱ་ཛ་ཡ་ནིཎྜི་ཏ་ཡནྣ་ཧྲི་ཧྲི་སྥོ་ཊ་ཡ་སྥོ་ཊ་ཡ་ཨུཙྪ་ཊ་ཡ་ཨུཙྪ་ཊ་ཡ། ་ཤཱི་གྷྲཾ་ཀརྨ་ཀུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། དུར་ཁྲོད་ཀྱི་ར་ས་ལ་བྲིས་ནས་སྐུད་པ་སྔོན་པོས་དཀྲིས་ནས་དཔུང་པ་འམ། མགུལ་ལམ། མགོ་བོ་འམ། རྐེད་པར་འཆང་བར་བྱེད་ན་གཞན་གྱི་སྔགས་རབ ་ཏུ་མི་འབྱུང་ངོ་། ། ཨོཾ་ཙཏྟ་མ་ཧཱ་སེ་ན་གྲ་ས་ཀྲ་ས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤོ་ཥ་ཡ་ཤོ་ཥ་ཡ། མ་ར་མ་ར་མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོ་ཨོཾ་ཕཊ། དུར་ཁྲོད་ཀྱི་རས་ལ་བྲིས་ནས་སྔར་བཞིན་དུ་གཟུགས ་བརྙན་དུ་བཅུག་སྟེ། སོར་མོའི་ཚད་ཀྱི་རུས་པའི་ཕུར་པས་སམ་ལྕགས་ཀྱི་བུར་བས་བུར་བུས་བཏབ་ནས་དུར་ཁྲོད་དུ་ཁ་འོག་ཏུ་བྱས་ནས་སྦས་ན་ཞིམ་བདུན་གྱིས་འཆི་བར་བྱེད་དོ།། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ ་ཨུཙྪ་ཊ་ཡ་ཧཱུཾ་ཕཊ། ནིམ་པར་ཤིང་བྱ་ཁ་ཀའི་ཚང་ན་གནས་པ་སླངས་ཏེ། དུར་ཁྲོད་ཀྱི་མེས་བསྲེག་པར་བྱའོ།། ངོར་ཐལ་བ་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ། ཁྱིམ་དང་གོས་ལ་གཏོར་ཏེ་གཞག་གོ། ་རྔཛ་མོ་ལ་ཞོན་པ་གཡོ་བར་བྱེད་པའི་ཞགས་པས་བཅིངས་ནས་ལྗོའི་ཕྱོགས་སུ་དྲངས་པར་ཡིད་ཀྱིས་བསམ་པར་བྱ་སྟེ། སྐྲོད་པར་བྱེད་དོ།། ཨོཾ་དྭེ་ཤེ་དྭེ་ཤེ་བརྗེ་ཆེ་གེ་མོ་ཡིས་བི་དྭེ་ཥ་ཡ། ཨོཾ་ཙཎྜ་མ་ཧཱ་ར་ཥ་ཎརྠ ་ཕཊ། འཐབ་བཞིན་པའི་གླང་པོ་དག་གི་རྡུལ་བཟུང་ནས་བསྒྲུབ་བྱའི་གཟུགས་བརྙན་བྱས་ནས་གཉིས་པོ་ལ་བསྣུན་པར་བྱའོ།། ཕན་ཚུན་སྡང་བར་བྱེད་དོ།། ཨོཾ་ཙརྞྞ་མ་ཧཱ་རོ་ཥ་ཥ་ཧྲཱིཿཧྲཱིཿཧྲཱིཿགྲོམ་གོ་ར་རཱུ་པེ་ཎཿ ་ཊ་ཙ་ཊ་པྲ་ཙ་ཊ་པྲ་ཙ་ཊ། ཧ་ན་ཧ་ན་གྷཱ་ཏ་ཡ་བྷཱུ་ཏ་ཡ་ཀརྞྞ་ཀརྦྷུ་པྲ་སྥུ་ར་པྲ་སྥུ་ར། པྲ་སཱ་ར་ཡ་པྲ་སྥ་ར་ཡ། ཀཱི་ལ་ཡ་ཀཱི་ལ་ཡ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ་ཆེ་གེ་མོ་ལ་ཧཱུཾ་ཕཊ། གྲོ་ག་ལ་ཏ་ལའི་སྨྱུ་གུས ་རུས་སྦལ་སོར་དྲུག་པར་མཉམ་པར་བྲིས་ནས་རྐང་པ་བཞི་ལ་ཧཱུ~ཾ་ག~ཾ་ཡོ་གེ་དང་། ཁའི་དབུས་སུཥྞཱིཿའི་ཡི་གེའོ།། སྡང་བར་འགྱུར་རོ།། དེ་ནས་བྲིས་པའི་སྒྲུབ་བྱ་དེའི་རྒྱབ་ཏུ་སྔགས་ཀྱི་འཕྲེང་བ་གཞན་གྱིས་ཀུན ་ཏུ་དཀྲིས་ཏེ་མཆོད་ན། དེ་ནས་བརྩམས་ཏེ་འདོད་པ་ཡོངས་སུ་ཉམས་ཏེ་རུས་སྦལ་བཞིན་དུ་མང་པོས་གཡོག་པར་བྱེད་དེ།། སྲད་བུ་དམར་པོས་ཀུན་ཏུ་དཀྲིས་ནས་རྐང་པ་རབ་ཏུ་བསྡུས་ནས་མི་འདེག་པར་བྱས་ལ ་རྐང་པ་གཡོན་པས་བདེག་པར་བྱའོ། ། ཆེ་གེ་མོ་མེ་བ་ས་མཱ་ན་ཡ་ལན་བདུན་གྱིས་དགྲའི་ཁ་རེངས་པར་བྱེད་དོ།། ཨོཾ་ཙ་ལི་ཙི་ལི། མི་ལི་མི་ལི་ནཱ་ལི་ཥེ་ཧཱུཾ་ཕཊ། མིག་འཛུམ་པ་ཉམས་པར་བྱེད་དོ།། ཨོཾ་ཙྪཙྪ ་། ཙྪི་ཤོ་ཥ་ཡ་ཤོ་ཥ་ཡ། དྷ་ར་དྷ་ར། བྷནྡྷ་བནྡྷ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། རོའི་རུས་པའི་ཕུར་བུ་སོར་བདུན་པའི་ཚད་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ནས་བ་ལང་གི་གནས་སུ་སྦས་ན་འོ་མ་མི་འཛག ་ཨོཾ་བ་ལི་པཏྟཾ་མ་ཏ་ཡ་སུ་རུ་པ་རི་མཱ་ཛྙཱ་པ་ཏི་ཛྭ་ལ་ཡ་ཛྭ་ལ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གྲོག་མཁར་གྱི་སའི་གོང་བུ་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ་ཚོང་པའི་ཁྱིམ་དུ་སྭ་བར་བྱ་སྟེ་ཟོང་མི་བྲིམ ་མོ། ། ཨོཾ་ཧྲི་པྲི་ཏྲ་པྲ་ཡ་མ་མ་ཐ་ནེ་ཨཱ་ཀཌྜྷྱ་ཨབྷྱཱ་ཀྵོ་བྷ་ཡ་ཀྵོ་དྷ་ཡ། སརྦ་ཀཱ་མ་པྲ་སཱ་དྷ་ནེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱ་ཧཱ། གྲོ་གའི་འདབ་མ་ལ་གུར་ཀུམ་དང་ཡང་དག་པར་ལྡན་པས་ལྷ་ཕྱག་གཉིས་པ་ལ་ག་ན་ཞགས་པ་དང ་ལྕག་ཀྱུ་ཅན་འདོད་པ་དྲག་ཅིང་འཇིགས་པར་བྱེད་པ་བྲིས་ལ། གླང་པོ་ཆེའི་ཆང་དང་། ཟླ་མཚན་དང་། མེ་ཏོག་གི་སྔགས་ཀྱིས་ཡི་གེ་རྣམས་སྤེལ་བར་བྱའོ།། ཨོཾ་སྤྱི་བོར་རོ།། ཧཱུཾ་སྙིང་ཁར་རོ།། ཧྲི་ལྟེ་བར ་རོ། ། ཏ་མིག་ཏུའོ།། དེ་ལ་སྔགས་ཀྱི་འཕྲེང་བས་བསྐོར་ནས་ཁྲག་གིས་ཀུན་ཏུ་བཀང་ཞིང་ཕྱེ་མར་བྱས་ཏེ། སྐྱེས་པ་དང་བུད་མེད་ཀྱི་ཐོད་པར་བཅུག་ནས་མར་དང་སྦྲང་རྩིས་བཀང་སྟེ་མྱོས་བྱེད་ཀྱི་ས་དང་སྲད་བུ ་དམར་པོས་དཀྲིས་ནས་མགོ་བོའི་གནས་སུ་སྦ་བར་བྱའོ། ། རྐང་པ་གཡོན་པས་མནན་ནས་བཟླས་པར་བྱ་སྟེ་སྟོང་ཕྲག་ཉི་ཤུ་རྩ་ལྔས་གྲོང་འཁྲུག་པར་འགྱུར་རོ།། ཨོཾ་ཨཱརྡྷ་ཨ་ཀརྦྷ ་མོ་ཧ་ཡ་མོ་ཧ་ཡ་ཆེ་གེ་མོ་མེ་བ་ཤཱཾ་བྷ་བ་ཏུ་སྭཱ་ཧཱ། ལྟོ་བའི་སྲིན་བུ་ཕྲ་མོའི་ཕྱེ་མ་དང་། ཁུ་བ་དང་། མིང་མེད་ཀྱི་ཁྲག་དག་གིས་པ་ཌི་ཀ་བྱས་ནས་མངོན་པར་བསྔགས་ཏེ་བཟའ་བ་དང་བཏུང་བ་ལ་སྦྱིན་པར་བྱའོ།། ་གྱེན་དུ་འཁོར་བའི་འདབ་མ་དག་དང་། བུང་བའི་གཤོག་པ་དག་དང་། རྒྱལ་པོ་གཉིས་ཀྱི་སོ་དག་དང་། ཤི་བའི་འཕྲེང་བ་རྣམ་པར་བཏགས་པའི་ཕྱེ་མ་འདིས་རྒྱལ་བའི་ལུས་ཅན་ལུས་ཅན་གྱི་རྗེས་ནས་རྗེས ་ནས་རྒྱུག་གོ། ཨོཾ་ཤྭེ་ཏེ་གྲྀ་དྷཱི་ཎཱི་ཁ་ཧཱི་བི་ཁཉྩ་རཱུ་པི་ཎཱི་ཁཿཁཿཁཿ་ཏི་མྲྀཏྟཱ་རཱ་རེ་ཙཱི་ར་ཀ་པཱ་བ་ས་བཏྟཱ་བེ་ཤཿཧཿགཿསཿསཿསཿཙཎྜ་མ་ཧཱ་རོ་ཥ་ཎ་ས་ན་ཨཱ་ཛྙཱ་པ་ཡ་ཏི་སཱ་ཧཱ། ཡང་ན། ཨོཾ་སཾ་ཀཱ་རི་ཙི་བཾ་ཧཱུཾ་སཱ་ཧྨ ་ཧཱཿདུག་ཐམས་ཅད་འཇོམས་པར་བྱེད་དོ། ། ཨོཾ་ནཱ་གཱ་རི་བཱ་མ་ནེ་ཧ་ར་ཧ་ར་ཕཊ་ཕཊ། ཨོཾ་ཨཱ་ཎེ་ཀཱ་ཎེ་ཆེ་གེ་མོ་བ་ཤཱཾ་ཀུ་རུ་སཱ་ཧཱ། དྲི་བཟང་པོ་ཅན་གྱི་མེ་ཏོག་དཀར་པོ་སྦྱིན་པ་ལས་དབང་དུ་བྱེད་དོ།། ན་མོ་བི་ཏཱ ་རགཱ་ཡ་མི་ཏྲི་སིདྡྷ་ལོ་ཙ་སཱ་ཧཱ། ཆུ་ལ་མངོན་པར་བསྔགས་ནས་དེས་མིག་བཀྲུས་པ་ལས་རབ་རིབ་འཇོམས་པར་བྱེད་དོ།། ཨོཾ་ས་བ་ན་ཁ་ཁ་རྦུརྞ་ཁཱ་ནཱ་ཏ་པྲ་བྷ་བ་ཏི། ཨཱ་ཐཱི་ར་རྱ་ར་ཐ་བེ་གེ་ན་པཱ་སུ་དེ་བ་བ་ལ ་ནཙ། ག་རུ་ཌ་པཱ་ཀྵི་སཱ་དེ་ན་བྷུ་མྦ་གཙྪ་བི་ཥཾ་སཱ་ཧཱ། སྦྲུལ་དང་། སྡིག་པ་དང་། ཀརྐ་ཊ་ལ་སོགས་པའི་དུག་འཇོམས་པར་བྱེད་དོ།། ཨོཾ་ཙཱ་མུཎྜེ་ཨ་ཛཾ་ཏེ་ཨ་པ་རཱ་ཛི་ཏེ་ཨ་པ་རཱ་ཛི་ཏེ་པུ་པུ་རཀྵ་རཀྵ་སཱ་ཧཱ ་བོང་བ་ལ་ལན་བདུན་མངོན་པར་བསྔགས་ནས་ཕྱོགས་བཞིར་འཕང་བར་བྱའོ། ། དེ་བཞིན་དུ་གཅིག་གཞག་པར་བྱའོ།། ཨོཾ་ཛམྦྷ་ནི་སྟམྦྷ་ནཱི་མོ་ཧ་ནཱི་སརྦ་དུཥྚ་པྲ་ཤ་མ་ནཱི་སྭཱ་ཧཱ། ཆོམ་ཀུན་མི་འབྱུང་ངོ། ་། ཨོཾ་ན་མཿཙཎྜ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་མོ་ཧ་ཡ་མོ་ཧ་ལ་ཧ་ན་ཧ་ན་ཧཱུཾ་ཕཊ། མེ་ཏོག་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བྱིན་པ་ལ་དབང་དུ་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཊཿསུཿབི་སྨ་ར ་སྭཱ་ཧཱ། ཀེ་ཏ་ཀིའི་འདབ་མ་ལུས་ལ་བཅངས་ན་རིམས་ཐམས་ཅད་འཇོམས་པར་བྱེད་དོ།། ཞེས་པ་གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལ་སོགས་པ་འཁྲུལ་འཁོར་དང ་སྔགས་ཀྱི་ལེའུ་སྟེ་བཅུ་དགུ་པའོ། ། ། བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ལྟད་མོ་ཉན་པར་འཚལ་ལོ།། ཤཱ་ཁ~ཾ་ཌ་ཀའི་རྩ་བ་དང་བ་རུ་རའི་རྩ་བ་དང་གཅིག ་ཏུཏུབྱས་ནས་ཁྱིམ་དུ་གཞག་པར་བྱ་སྟེ་རྩོད་པར་འགྱུར་རོ། ། ད་དྲུ་རིའི་མེ་ཏོག་གི་དབུས་སུ་གནས་པའི་ཀུཎྜ་ཀ་དྲི་བཟང་པོའི་མེ་ཏོག་གི་དབུས་སུ་བཅུག་པ་ཙམ་གྱིས་མགོ་ལ་གཟེར་འབྱུང་ངོ་།། རྩུབ ་མོས་ཉམས་པར་བྱས་པས་གྲོལ་ལོ། ། ཁྱི་མོའི་མངལ་གྱི་མལ་སྟན་དེས་འདུགས་ཏེ་བསྐོར་ལ་རྨ་བྱཾའི་མཇུག་མས་གཡས་སུ་བསྐོར་བ་ས་རི་མོ་འཕྲོག་གོ།། གཡོན་དུ་བསྐོར་བས་ཐར་རོ།། ཁྭ་ཏིའི་སྙིང ་ཁྲག་གིས་ཤིང་ཨ་སྨྲའི་འདབ་མ་ལ་དེའི་གཟུགས་བརྙན་བྲི་བའི་ཚུལ་གྱིས་བྲིས་པའི་འཁྲུལ་འཁོར་གང་གི་བཤང་བ་ལ་བཞག་པ་དེ་ཁཱ་ཏས་ཟ་བར་བྱེད་དོ། ། བླ་གའི་རྣམ་པའི་དོང་བྱས་ནས ་བུད་མེད་ཀྱི་བཤང་བ་དང་། སྡིག་པ་དང་། པཏྟི་ཀ་དང་ལྡན་པ་བཅུག་ནས་བྱུག་པར་བྱ་སྟེ། དེའི་ལམ་དུ་གནོད་པར་བྱེད་དོ།། ཤིང་སཱུ་ཧིའི་འོ་མས་བསྦོས་པའི་ཏིལ་གྱི་ཏིལ་མར ་བསྐུས་པ་ལས་མགོ་སྐྱེས་དཀར་པོར་འགྱུར་རོ། ། སྐྲ་བཞར་བས་ཐར་རོ།། བྱི་ལ་མོའི་སྲུ་མ་དང་མི་མོའི་ཕྲུ་མ་དག་གིས་བདུགས་པ་ལས་ཟླ་བའི་རི་མོ་མི་མཐོང་བར་བྱེད་དོ།། སྦྲང་རྩིས་བདུགས་པས ་ཟཐར་རོ། ། རྔ་མོའི་ཐོད་པ་དང་། དབྱུག་པ་དཀར་པོ་དང་། སྐུད་པ་ལ་བ་བླས་བསྒོས་ནས་ལག་པ་ལ་བསྐུས་ནས་ནི་མར་བྱས་ནར་མོ་མཐོང་ངོ་།། ལག་པ་བཀྲུས་པ་ལས་ཐར་རོ།། བུད་མེད་ཀྱི་ཕྲུ་མའི་བདུག་པ ་ལས་རི་མོ་འགེབས་པར་བྱེད་དོ། ། གུ་གུལ་གྱིས་བདུགས་པ་ལས་ཐར་རོ།། སྦལ་པའི་ཞུན་མར་གྱི་མིག་སྨན་ལས་ཁྱིམ་དུ་འབྲེལ་བའི་སྦྲུལ་མཐོང་ངོ་།། མར་མ་མནལ་པོའི་མེ་ལ་མུ་ཟིའི་ཕྱེ་མ་བྱིན་པ་ལས་འབར ་བར་བྱེད་དོ། ། ཤིང་སྣུ་ཧིའི་རྩ་བ་དང་བུ་རམ་ཟོས་ན་གཉིད་མེད་པར་འགྱུར་རོ།། ཀཱ་མ་རྩིའི་རྩ་བ་གཙུག་ཏོར་དུ་བཅིང་བར་བྱ་སྟེ་གཉིད་མེད་པར་འགྱུར་རོ།། ཀླུ་འདུལ་བར་བྱེད་པ་དང་། དྲོ་ཎིའི་མེ་ཏོག་གི་རྩ་བ་དང་། ་ཡུང་བ་དང་། འབྲས་བུ་ཐུག་པོ་ཆེ་བཏགས་ནས་དྲིལ་མྱིས་བྱས་པ་ལས་ཆུ་ཡོངས་སུ་ཟད་པ་ལས་རྒྱལ་ལོ།། ཤིང་ཤལ་མ་ལིའི་རྩ་བ་ལ་མཚལ་དང་ལྡན་པ་ཟོས་པ་ལས་མེ་ཏོག་ལྟུང་བར་བྱའོ།། ཀཱ་གུཥྚ་དང་མ་རི་ར་ཡ ་སྦྱིན་པར་བྱ་བ་འམ། ཡང་ན་ཏམྦུ་ལས་རྡུལ་དང་ཕྲལ་བར་འགྱུར་རོ།། ཤིང་སྟུ་ཧིའི་ལོ་མ་དང་། མརྒ་ཌའི་ས་བོན་དང་། གུ་ཎའི་ཕྱེ་མ་བུ་རམ་དང་ལྷན་ཅིག་ཟོས་པ་ལས་ཁྲག་ལྟུང་ངོ་།། ཆུ་ཚུན་ད་རཱི་ཕྱེ་མ་ས་རྟའི ་སྣལ་བསྐུས་ན་ཟས་མི་བྱེད་དོ། ། ཙན་དན་གྱིས་བཀྲུས་པ་ལས་ཐར་རོ།། ཤིང་ཀེ་ཏིའི་རྩ་བ་མགོ་ལ་བཅིངས་པར་བྱ། ཤིང་འབྲ་གོང་རྩ་བ་ལག་པ་ལ། ཤིང་ཏ་ལའི་རྩ་བ་ཁ་རུ་སྐར་མ་རྒྱལ་ལ་གདོན་པར་བྱའོ།། ་བྱང་ཕྱོགས་སུ་གནས་ཏེ་གཅེར་བུ་སྐྲ་གྲོལ་བར་གྱུར། གནས་གསུམ་པོ་རྣམས་ཅུང་ཟད་བཞགས་ནས་གཏུགས་པར་བྱ་སྟེ། མཚོན་ཆས་འཇོམས་པར་མི་འགྱུར་རོ།། ཤོ་ནཱ་ཀའི་ས་བོན་དང་། པཱུ་ར་ཀ་པཱ་དུ་ཀ ་གཉིས་པོ་ཤ་བའི་པགས་པའི་ཁུང་དུ་དེ་མཉེས་ཏེ་ལྕེའི་མཐལ་དུ་བཞག་པ་ལ་ཏཔྟའི་འབྲས་བུ་ཟོས་པ་ལས་སྲེག་པར་མི་བྱེད་དོ། ཞེས་གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་ཐུན་མོང་གི་སྨན་གྱི་ལེའུ་སྟེ་ཉི་ཤུ་པའོ།། ། ་། ཀྱེ་བཅོམ་ལྡན་འདས་ཇི་ལྟར་དུས་བྱེད་པ་དང་། སེམས་ཅན་བྱེད་པར་ངེས་པ་དེ་རྣམས་ཀྱི་རྒྱུ་མཚན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། རྐང་པ་དང་རྐན་ལ་ཕུག་ནས་མིག་ཏུ་གཟུག ་མ་ལས་ཟླ་བ་གསུམ་གྱིས་གྲུབ་བོ། ། རྣ་བར་ཕུག་པས་ཟླ་བ་བཞིས་སོ།། མཛོད་སྤུར་ཟུག་པ་ལས་ཉི་མ་གཅིག་གིས་སོ།། རྐང་པ་དང་རྐན་ལ་ཕུག་ནས་ལྟེ་བར་ཐུག་པ་ལས་ཟླ་བ་གསུམ་གྱིས་འཆིའོ།། ་རྐང་པ་དང་རྐན་ལ་ཕུག་ནས་སྣལ་ཐུག་པ་ལས་ཟླ་བ་གསུམ་གྱིས་སོ།། བཤང་པ་རབ་ཏུ་འཛག་པའི་དུས་མཚུངས་པར་སྲིད་པ་བྱུང་ན་ལོ་གཅིག་གིས་སོ།། ཤིན་ཏུ་དགརའ་བའི་བར་དུ་ཀལ་ཏེ་སྦྲིད་པ་བྱུང་བ་དང ་མཚུངས་པར་མཐེའུ་ཆུང་ཐམས་ཅད་དུ་དྲུག་པ་ལས་ཟླ་བས་སོ། ། སྙིང་དང་མགྲིན་པར་ཇུག་པ་ལས་ཕྱོགས་གསུམ་གྱིས་སོ།། མཚུངས་པར་རྐན་ལ་གསུམ་ཐུག་པ་ལས་ཉིམ་གསུམ་གྱིས་སོ།། རྐང་པར ་མཐེ་བོང་ནས་བརྩམས་ནས་ལྟེ་བའི་མཐར་ཐུག་པར་ཟུག་པ་ལས་ཟླ་བ་དྲུག་གིས་སོ། ། སྣའི་རྩེ་མོར་ཟླ་བས་དེ་དེར་གྱུར་ན་མཚན་མོ་བདུན་གྱིས་འཆི་བའི་དུས་གསུམ་འགྱུར་རོ།། རྣ་བ་དག་གིས ་ཟིལ་གུའི་སྒྲ་ལས་ཟླ་བ་གསུམ་གྱིས་སོ། ། རྣ་བ་གཉིས་དང་། སྨིན་མའི་དབུས་དང་། ཀླད་པའི་རྩེ་མོ་རྣམས་སུ་སོ་སོ་སོ་སོར་ཐུག་པ་ལས་ཉི་མ་གཅིག་གིས་སོ།། སེན་མོ་ལ་དམར་བའི་མཆོག་ཏུ་མཐོང་བ ་ལས་ཟླ་བ་དྲུག་གིས་སོ། ། སོ་བསྐམས་པ་ལས་ཟླ་བ་དྲུག་གིས་སོ།། བྱས་པ་ཤེས་པར་འགྱུར་བ་ཉིད།། རྡོ་རྗེ་སྐྱེས་བདེ་བདག་ལ་གསོལ།། འདམ་སྐྱེས་འདབ་མ་གསུམ་པ་ནི།། གེ་སར་སྦྲང་རྩིས་བརྒྱན་པ ་མཐོང་། ། ཨེ་མ་བདེ་བ་ལྡན་པའི་ཞིང་།། ཆགས་པ་སངས་རྒྱས་ཉེ་བར་མཛེས།། ཆགས་ཅན་རྣམས་ཀྱིས་བདེ་བཞི།། རྟོག་པ་ཐམས་ཅད་རྣམ་པར་སྤངས།། ཡིད་ནི་འདོད་ཆགས་ཀྱིས་དཀྲུགས་པས།། ་བུད་མེད་གན་རྒྱལ་བ་སྒྱེལ་ནས་ནི།། ཕྲག་པར་རྐང་པ་ཟུང་བྱིན་ནས།། འོག་དང་སྟེང་དུ་ངེས་བརྟགས་ནས།། དེ་ཡི་པདྨ་རྒྱས་པ་ཡི།། པདྨའི་བུ་གར་འཇུག་པར་བྱེད།། པདྨའི་འདབ་མར་ཤའི་སྙིང་པོ།། ལྡན ་པར་རྡོ་རྗེ་དེ་བཅུག་ནས། ། ཇི་ལྟར་བདག་གི་ནུར་ནུར་པོ།། བྱེ་བ་ཉིས་སྟོང་འབུམ་རྣམས་ཀྱིས།། དབུས་སུ་སེམས་ལ་རབ་མཆོད་བྱ།། བདག་ལ་རླུང་པད་སྙིང་པོ་ལས།། སྙིང་པོ་ཐ་མེད་རྡོ་རྗེའི་རྩེར།། ་རཀྟ་བན་དྷུ་ཀ་དང་ལྡན།། བློ་ལྡན་རེ་རེར་བརྗོད་ས་ཁྱེར།། སླར་ཡང་སེམས་དཔའ་གཅིག་བསྒོམ་བྱ།། བདེ་བ་གཡོ་མེད་དམ་པའི་སེམས།། དེ་ལས་སོ་སོར་མཆོག་བྱིན་ནས།། དགའ་བའི་སྐད་ཅི་གཉིས ་འགྱུར་ཞིང། ། ཇི་སྲིད་རབ་བརྗོད་འདི་ལྟ་བུའི།། གཟུགས་སྐུ་སྐད་ཅིག་ཙམ་བསམ་བྱ།། བུད་མེད་རི་མོ་སྐྱེས་མའང་གཅིག། འགྲོ་བ་རྣམས་ཀྱི་ཡང་གསུམ་མོ།། བདེ་བ་སྦྱིན་པ་ཞི་བར་རིག། ཅུང ་ཟད་འདིར་ནི་རྟོག་པར་བྱེད། ། ཁ་དྲག་ཚད་དུ་སྡིག་ལས་གནས།། དེ་དེས་གཏིང་དཔག་དཀའ་བ་ཅན།། ངུ་འབོད་དུ་ནི་རྟག་ཏུ་གདུངས།། རྣམ་མང་སྲེག་ཅིང་འོ་དོད་འབོད།། ལུས་ནི་བསྐལ་པ་གསུམ ་དུ་གནས། ། བུད་མེད་ཡོན་ཏན་བརྗོད་ཅི་དགོས།། སེམས་ཅན་ཀུན་ལ་ཡོངས་སུ་འཛིན།། སྙིང་རྗེས་ཉིན་མོར་བྱེད་པ་ལས།། བུད་མེད་སེམས་ཀྱིས་སོ་སོར་གནས།། ནུབ་པར་གྱུར་པ་ལེགས ་ཤེས་ཤིང་། ། ཡོངས་སུ་ཤེས་པའང་རྒྱས་པར་བྱེད།། གལ་ཏེ་དེ་ལྟའི་སློང་མོའི་གཟུགས།། གཞན་མིན་རྡོ་རྗེ་རྣལ་འབྱོར་མ།། དེ་ཡི་ནུབ་དང་མཐོང་བ་ནི།། ས་དང་ས་ལ་རིང་བ་ལས།། གང་གིས ་དྲན་པར་བྱེད་ཙམ་གྱིས། ། སྐད་ཅིག་དེ་ལས་བདེ་བ་མྱོང་།། ཕྱོགས་ཉིད་ཡུལ་དང་བུད་མེད་ཉིད།། ལྷ་ཡི་གཟུགས་ཀྱིས་ཡང་དག་གནས།། ཕྱག་རྒྱ་དེ་ལ་ཕན་བྱས་ནས།། ཡིད་ལྡན་དེ་ལ་གནས་པར ་བྱེད། ། དེ་ཕྱིར་སྐྱོན་ལས་རྣམ་པར་གྲོལ།། ཡོན་ཏན་དམ་པ་ཀུན་ལ་མཁས།། བསོད་ནམས་བསོད་ནམས་བསོད་ནམས་ཆེ།། རབ་དང་བྱེད་པ་མཐར་ཕྱིན་ཅན།། དེ་ཕྱིར་དེ་ལ་བརྟན་བལྟས་ནས།། ་རེདེ་མཆུ་སོ་ཡིས་བཙིར་བྱས་ཏེ།། རྣལ་འབྱོར་པ་ཤཱིཏ་སྒྲོག་བྱེད་ཅིང་།། དེ་ལའང་སྟ་ཟུར་དུ་བྱ་བ།། རང་བདེ་འབྱུང་བ་བཅིང་བར་བྱ།། ས་མ་དམྦྷ་ཀ་ཉིད་ཀྱང་།། བཅིང་བའང་སྣ་ཚོགས་མིང་ཅན་ནོ།། ་བུང་བའི་དྲ་བ་བཅིང་བ་ཡང་།། རྐང་པ་སྟེང་ནས་འཁྲུལ་འཁོར་ལོ།། དེ་བཞིན་ཁོ་ནར་རུས་སྦལ་གྱི།། བཅིང་བའང་ཀུན་ལས་བཟང་པོ་ཉིད།། དེ་ལ་སྐྱིལ་ཀྲུང་དབུས་སུ་ནི།། ་ལྔ་གསུམ་ཙོག་པུའི་གདན་དུ་ནི།། བྱས་ནས་དཔུང་པ་ཟུང་ལ་ནི།། དེ་ནས་བཅོམ་ལྡན་འདས་མ་ཡིས།། བཅོམ་ལྡན་འདས་ལ་དམ་པོ་ཡིས།། འཁྱུད་ནས་པདྨས་རྡོ་རྗེ་ནི།། རྒྱས་པར་བྱས་ནས་རབ ་གསོལ་བ། ། རྫོགས་པའི་རིམ་པའི་རྣལ་འབྱོར་ལ།། སྒོམ་པ་ཇི་ལྟ་བུ་ཞིག་འགྱུར།། རྣལ་འབྱོར་པ་རྣམས་པན་དོན་དུ།། ཞུས་པ་འབྲས་བུ་བཅས་པར་མཛོད།། བཀའ་སྩལ་པ། རྫོགས་པའི ་རིམ་པའི་རྣལ་འབྱོར་གང་། ། རྣལ་འབྱོར་བརྩོན་པའི་རྣལ་འབྱོར་པ།། ཉིན་མཚན་མཉམ་པའི་ཚུལ་དུ་ནི།། སེམས་གཅིག་གིས་ནི་བསྒོམ་པར་བྱ།། དགེ་ལེགས་གང་བསྒོམ་བརྟག་བྱ་བ།། ་སྲིད་པའི་ངོ་བོས་ངེས་པར་རྒྱས།། ཤིན་ཏུ་བརྟན་ཞིང་མངོན་སྦྱོར་བས།། ཇི་བཞིན་ཁོ་ནར་གསལ་བར་འགྲོ།། དེ་ནས་མ་དང་བུ་མོ་འམ།། རྣལ་འབྱོར་མ་དང་ཚ་མོ་དང་།། གཞན་ཡང་ཉེ་དུ་མོ ་རྣམས་ཀུན། ། གཏུམ་མོ་དེ་བཞིན་བྲམ་ཟེ་མོ།། མི་མོའི་ཚོགས་ནི་འདི་དག་སྦྱིན།། ཆོ་ག་བཟང་པོས་ཀུན་བསྙེན་བྱ།། ཇི་ལྟར་དབྱེ་བ་མི་ཤེས་པ།། དབྱེ་བས་རྗེ་བཙུན་ཆོག་ཤེས་པ།། ་སྒྲུབ་པོ་མནར་མེད་འཁྲིད་པར་བྱེད།། འདིར་ནི་འཇིག་རྟེན་འགལ་བ་ཉིད།། འཇིག་རྟེན་ཕ་རོལ་བདེན་པ་བཅོམ།། དེ་ཕྱིར་ཀུན་ཏུ་རབ་འབད་པས།། བློ་བཟང་ལེགས་པས་ཡང་དག ་བརྩམ། ། མཁའ་འགྲོ་མ་སྔགས་བཞིན་སྦས་ནས།། ཇི་ལྟར་སངས་རྒྱས་ཀྱིས་གསུངས་པའི།། ཡིད་དང་རྗེས་མཐུན་ཕྱོགས་སུ་ནི།། ཉེ་བར་འཚེ་བ་ཀུན་སྤངས་ཏེ།། རང་སེམས་དགའ ་བའི་འདོད་པ་མོ། ། རབ་དང་དེ་དག་ཡང་དག་བླངས།། དབེན་ཞིང་དུབ་པ་མེད་བྱས་ནས།། ཇི་སྲིད་རྙེད་པའི་གོས་དང་ནི།། གཉིས་ཀྱིས་བརྟན་པར་བསྒོམ་པར་བྱ།། བློ་བཟང་ཕན་ཚུན་སྦྱོར་བ ་ལས། ། བུད་མེད་རང་ལ་མངོན་ཕྱོགས་བྱས།། ཞུགས་ནས་གཉིས་དག་ཕན་ཚུན་དུ།། ཆགས་པས་བརྟན་པར་བརྟག་པར་བྱ།། དེ་ནས་བལྟ་དང་ཁར་བརྗོད་པ།། རྩེ་གཅིག་ཡིད་ཀྱིས་གནས་པར ་བྱ། དེ་བཞིན་དེ་ཉིད་ལས་བརྗོད་བྱ།། བདེན་པའི་གཟི་བརྗིང་ཤིན་ཏུ་བྱེད།། དེ་ཡི་བུ་དང་ཁྱིམ་ཐབས་ཁྱོད།། བདག་ལ་སྤུན་དང་པ་ཞིང་པ།། ཁྱོད་ངའི་མ་དང་ཆུང་མ་སྟེ།། རྣལ་འབྱོར་མ་དང་ཚ ་མོ་དང་། ། སྐྱེས་བུ་བདུན་གྱི་འབངས་ང་ཡིན།། ཁྱོད་ཞལ་ཅན་གྱི་འབངས་དང་ཟན།། སྨྲ་བ་དེ་འདྲར་བརྗོད་པར་བྱ།། བདེ་བ་གཟི་བརྗིད་བྱེད་པའི་མཆོག། ཁྱོད་ངའི་ཕ་མ་ཆུང་མ་དང་།། རྣལ་འབྱོར ་མ་དང་ཚ་མོ་དང་། ། ང་ནི་ཁྱོད་ཀྱི་དུས་ཀུན་འབངས། མདུང་ཐུང་རྣོན་པོ་མཆོག་ཏུ་གཞོལ།། བརྩེ་བའི་མ་ཡིས་བདག་ལ་གཟིགས།། བསྙེན་པའི་ལྟ་བས་ངེས་རྟོགས་པས།། དེ་བདག་སྐྱེས་བུ ་མཐོང་ནས་ནི། ། ཡང་དང་ཡང་དུའོ་བྱས་ནས།། ཡི་གེ་གསུམ་ནི་སྟེར་བར་བྱེད།། རྡོ་རྗེའི་སྦྲང་རྩི་མཚུངས་པའི་ཁྲག། པདྨས་འཇིབ་པར་བྱའོ་དེའི།། མཐོང་ནས་མིག་ནི་རྣམ་པར་འཁྲལ།། གདོད ་ཡང་དྲི་ཡིས་བྱུགས་བྱས་ནས། ། དེ་ནས་ནུ་མར་བཙིར་བར་བྱ།། བརྟན་པར་ཀུན་ཏུ་ཁར་དེའི་ཁར།། རེག་ནས་ཁ་རུ་སྦྱིན་པར་བྱེད།། གཡོ་བར་བྱེད་ཅིང་སྨྲ་བར་བྱ།། དེ་ཡིས་འདི ་འདར་བརྗོད་པར་བྱ། ། བདག་གི་ཨ་རུནྟེཏྟ་ནི།། མཐོང་ཕྱིར་བཟའ་བ་རྣམ་སྣང་མཛད།། ཟླ་དྲུག་ལྟེ་བ་ཕྱིན་ཅི་ལོག། བུ་ག་ཐམས་ཅད་མཐོང་བའི་ཕྱིར།། ཧ་ཡིག་རེག་ཅིང་མཐོང་བ་ལས་ཕྱོགས་གསུམ ་གྱིས་སོ། ། མིང་མེད་ཀྱི་རྩ་བར་རི་མོ་ནག་པོ་མཐོང་བ་ལས་སོ།། ཡན་ལག་ཐམས་ཅད་བསིལ་བར་མཐོང་བ་ལས་ནི་མ་བཅོ་བརྒྱད་ནའོ།། ཁྲུས་བྱས་པ་བྱས་མ་ཐོག་བསྐམས་པ་ནས་ཉི་མ་བཅུ་ཡིས་སོ།། ་ལུས་དྲི་ངན་པ་ལས་ཟླ་བ་གཉིས་ནའོ།། གཅིན་གཡོན་དུ་འཁོར་བ་ལས་མཚན་མོ་གསུམ་གྱིས་སོ།། ལུས་ཕྲ་མོར་མཐོང་བས་ཟླ་བ་དྲུག་གིས་སོ།། སྣའི་རྩེ་མོ་མ་མཐོ་ང་བ་ལས་ཉི་མ་གཅིག་ལའོ།། ཕྱོགས ་ཀྱི་འདི་དག་ཤེས་པའི་ཕྱིར། ། དེ་བཞིན་རྣལ་འབྱོར་པ་སྒོམ་དང་། བསམ་གཏན་བརྩོན་པས་སྔགས་བཟླས་བྱས།། རྣལ་འབྱོར་པས་ནི་འབད་པས་བཀླག། བསྲུང་བ་ལྔ་སོགས་བཀླག་པ་ཡང་།། ་རང་ངམ་གཞན་གྱིས་བྱ་བའོ།། ཉིན་རེར་ཚོགས་ལ་ཟས་དང་ནི།། དགེ་འདུན་ཟས་དང་དེ་བཞིན་གཞན།། དམན་དང་ཞན་ལ་རྗེས་བརྩེ་བས།། སེམས་ཅན་རྣམས་ལ་རྟག་ཏུ་བྱ།། ཞེས་པ་སྣ་ཚོགས ་རྒྱུད་དུ་གསུངས། ། ཞེས་སོ།། གཤིན་རྗེ་གཤེད་དམར་པོའི་རྒྱུད་དུ་ལེའུ་ཉི་ཤུ་གཅིག་པའོ།། ། ཀྱེ་བཅོམ་ལྡན་འདས་མུ་སྟེགས་བྱེད་པ་རྣམས་ཐམས་ཅད་ལ་སྙིང་བརྩེ་བ་མེད་པར ་འདོད་པའི་དོན་ལྷུར་ལེན་པ་དང་། གང་ཞིག་ངག་གདུག་པ་ཐམས་ཅད་དུ་གསོད་པ་ལྷུར་ལེན་པ་དེ་རྣམས་ཀྱི་བསམ་པ་ལ་ཐུགས་བརྩེ་བར་གྱུར་པས་དེ་དག་མངའ་བདག་གིས་བདག་ལ་གསུང་དུ་གསོལ། ་དང་པོར་གསོ་སྦྱོང་སྦྱིན་པར་བྱ།། ཕྱི་ནས་བསླབ་པའི་གནས་ལྔ་སྦྱིན།། བྱེ་ཟག་སྨྲ་བ་འབད་པས་བསླབ།། མདོ་སྡེ་པ་ཡང་དེ་བཞིན་ནོ།། དགེ་བ་བཅུ་ལ་གོམས་གྱུར་ཅིང་།། བླ་མ་ལ་གུས་འདུལ་ལ་མོས།། ་དབུ་མའང་སློབ་ཏུ་བཅུག་ནས་ནི།། སྔགས་ནི་ཀུན་ཏུ་བརྩམ་པར་བྱ།། གསང་ལས་ཤིན་ཏུ་གསང་བའི་རྒྱུད།། མྱུར་དུ་ཕུན་སུམ་ཚོགས་པའི་རྒྱུད།། ཆོ་གའི་སྦྱོར་བ་འདིས་མྱུར་དུ།། བསླབ་པ་ཐོས་ནས་སྤྱོད ་ཡུལ་བཟང་། ། བདུད་བཞི་རྣམ་སྤངས་རྣལ་འབྱོར་པས།། ལྷ་ཡི་སྦྱོར་བས་གནས་པར་བྱ།། སྟ་རེས་གཅོད་པ་དང་ཐོད་ལེ་ཀོར་བྱས་ནས་ཉི་མ་གཟས་ཟིན་པའི་དུས་སུ་མ་བསྐྱོད་པས་གཏོར་ཏེ། དེ་ནས ་རྐང་པ་གཉིས་ཀྱིས་མནན་ནས་སྔགས་བཟླས་པར་བྱའོ། ། གསང་སྔགས་འབུམ་ཕྲག་གཅིག་བཟླས་ན་ཐིག་ལེ་འཆིང་ངོ་།། གཤིན་རྗེའི་སྟོབས་སུ་འགྲོ་སྟེ་དེ་གསལ་བར་བྱེད་དོ།། བདག་གི་ལྟེ་བར ་བསྒོམ་པའི་མན་ངག་གོ། ། གང་གང་སྐད་ཅིག་ལས་བརྩམས་ཏེ།། དེ་ཡི་ཉི་མས་བསྒྲུབ་པར་བྱ།། ནམ་ལྔ་ཡི་མཐར་ཐུག་བྱ།། ལོག་པར་སྨྲ་བའི་འཇིག་རྟེན་ལས།། ལེགས་སྦས་རབ་ཏུ་གསལ ་ནི། དེ་ཉིད་འདུས་པའི་རྣལ་འབྱོར་མཆོག། རྣལ་འབྱོར་མ་ཀུན་དེ་ཉིད་བརྟེན།། བཟླས་བརྗོད་འབུམ་ཕྲག་གཅིག་ཏུ་འརྗོད།། བརྟུལ་པོ་ཡིས་ནི་འབུམ་ཕྲག་ལྔ།། གང་ཞིག་རྒྱུད་དུ་གསུངས་རང་གི། རང ་བཞིན་ལས་ནི་འབུམ་ཕྲག་བཞི། ། དེ་ནས་ཤིན་ཏུ་ཆུང་བ་འདི།། ལྷ་མོ་དེ་ཀུན་གསལ་བར་བསྟན།། དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོར་ལེའུ་ཉི་ཤུ་རྩ་གཉིས ་པའོ། ། །། གང་གི་རྒྱུད་འདི་མི་ཤེས་པར།། རྒྱུད་དང་རྒྱུད་དུ་ངེས་བརྗོད་པ།། གལ་ཏེ་འཚོ་བའི་བསམ་པ་ཡིས།། སྟོང་པའི་ས་ལ་དེ་འཁོར་རོ།། དཔལ་ལྡན་གཤིན་རྗེ་གཤེད ་དམར་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ། ། ། སྐད་གཉིས་སྨྲ་བ་ཆེན་པོ་ཐར་པ་ལོ་ཙ་བའི་བཀའ་དྲིན་གྱིས་བསྐྱངས་པ། བོད་ཀྱི་ལོ་ཙ་བ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས ་