| Wylie | e-texts produced with BDRC’s OCR application |
ཅ་གུས་བཅས་པས། ཆོས་པསྤྱོང་པ་ཉིད་ས་ཤཱ་རྒྱལ་པོ་། གྲུབ་ས་པ་རྫོགས། ཕྱུག་དྷ། ཧྲཱི ་ནཱ་མ། བོད་སྐད་དུ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པདྨ་རྒྱས་པ ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེ་ན་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་ཕྱེད་དང་གསུམ་དང་ཐབས་ཅིག་གོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་དེའི་ནང་ན། འཕགས ་པ་ཉེ་བར་འཁོར་ཞེས་བྱ་བ་དབང་པོ་དུལ་བ་ཐོས་པ་དང་ལྡན་པ་ཤེས་རབ་ཟབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་གི་སྟན་ལས་ལངས་ཏེ། ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། ལག་པ་གཉིས་ཀྱི་ཐལ་མོ་སྙིང་ཀར་སྦྱར་བ་བྱས་ཏེ། འཛུམ་དགུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འཁོར་བའི་འདམ་ནས ་པདྨ་ལྟར་བྱུང་བའི། ། སྐྱོབ་མཛད་རི་བོ་ལྟ་བུར་མི་བསྐྱོད་ཐུབ་པའི་སྐུ།། དཔེ་བྱད་རྒྱན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག་མཛེས།། བལྟ་བས་མི་ངོམས་རབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས་བདག་ཅག་འདིར་འདུས་འདི ་ག་ལ། ། དགེ་སློང་འབའ་ཞིག་གནས་པས་དགེ་སློང་གི། ངོ་བོ་དབྱེ་དང་སྒྲ་འཇུག་ཆེད་བྱ་བ།། བཞི་པོ་འདི་དག་ཐུབ་པས་གསུངས་དུ་གསོལ།། དེ་ནས་བཅོམ་ལྡན་པདེ་གཤེགས་རབ་དགྱེས་ཏེ། ཉེ་བར་འཁོར་ལ་སྤྱན ་གཟིགས་པ་སྲིད་གསུངས། ། ལེགས་པར་ཉོན་གྱིག་བུ་ཁྱོད་ཉེ་བར་འཁོར། ངས་ནི་ཁྱོད་ཀྱི་སེམས་རང་བུ་ཕྱིར་དང་།། དགེ་སློང་རྣམས་ལ་ཕན་ཕྱིར་དེ་བཤད་དོ།། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ།། དགེ་སློང་ཞེས་བྱ་རྡོ་རྗེ་ཕྲོག ་ཤིང་ཡིན། ། དགེ་སློང་ཞེས་བྱ་སྡུག་བསྔལ་སྤངས་པ་སྟེ།། དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན།། དགེ་སློང་ཞེས་བྱ་ཉོན་མོངས་སྲོག་གཅོད་དེ།། དགེ་སློང་ཞེས་བྱ་ཐར་པའི་ཚལ་འགྲོའོ།། དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ། ་རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་པ།། ཆེད་དུ་བྱ་བ་རྣམས་དག་ཚུལ་ཁྲིམས་ཡིན།། དབྱེ་བ་མིང་གི་དགེ་སློང་གང་ཡིན་དང་།། རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ།། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་།། དགེ་བ་སློང་དང་ཟས་སློང་དང་།། ་ཞི་བར་གནས་དང་ལམ་ཞུགས་དང་།། ལེགས་པར་འཚོ་དང་ཆགས་སྤངས་དང་།། ཡིད་འོང་ཕྱིར་ན་དགེ་སློང་ངོ་།། དགེ་སློང་ཞེས་བྱ་བརྒྱན་པ་སྟེ།། རྒྱན་སྤངས་རྒྱན་གྱིས་ལགས་པར་བརྒྱན།། ཆགས་སྤངས་ཆགས་པ་ཆེན་པོ་སྤང་།། ་བྱུག་པ་ཁྲུས་དང་བཟའ་བ་དང་།། རྒྱན་དང་གོས་དང་ཁ་དོག་དང་།། རྟ་དང་གླང་པོ་ཁྱོགས་རྩིགས་ཀྱིས།། བཞོན་པ་བླ་མེད་དེ་ཡང་བཞོན།། དེ་དག་འབྱོར་པ་དགེ་སློང་སྟེ།། དེ་དག་མི་འབྱོར་དགེ་སློང་མིན།། དེ་ནས་ཉེ་བར་འཁོར་དེ ་ཡིས། ། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཅི་བདེ་བར་གཤེགས་པ་ཡིས།། སྐད་ཀྱིས་རྟོགས་པར་དཀའ་བ་གསུངས།། དེ་ཉིད་བདེ་བར་གཤེགས་པ་ཡིས། ཚིག་གི་མུན་པ་ཚིག་གིས་ནི།། མར་མེས་གསལ་བར་མཛད ་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསེར་ལས་སོགས་པ་འཇིག་རྟེན་རྒྱན།། རབ་ཏུ་སྤངས་པས་སྙིང་རྗེ་ཡི།། རྒན་གྱི་རོ་བ་ཡིས་བརླན་པར་བྱ། འཇིག་རྟེན་མ་ཡིན་བསླབས་པ་ཡི།། གོས་གྱོན་གོས ་མཆོག་བཟང་པོ་ཡིན། ། གཔུང་ལ་སོགས་མ་ཡིན་པའི།། ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག། དཀར་དམར་ལ་སོགས་མ་ཡིན་གྱི།། དང་པའི་ཁ་དོག་རྣམ་པར་མཛེས།། འཇིག་རྟེན་མ་ཡིན་བརྩོན ་འགྲུས་ཀྱི། ། བཞོན་པ་བླ་མེད་མགྱོགས་པའི་མཆོག། བསམ་གཏན་ཆོས་སྤྱོད་ཟས་མཆོག་ནི།། འབྲས་ཆན་པས་ནི་རོ་མཆོག་ལྡན།། དགེ་འདུན་ཚོགས་ཀྱི་གཞལ་ཡས་ཁང་།། ཞི་གནས་སྟན་ལ་རབ་ཏུ་སྤོང་།། དེ་དག་ལྡན་ཞིང ་ཕྱིར་མི་ལྡོག། དེ་ནི་ཡང་དག་དགེ་སློང་ཡིན།། གཙོ་བོ་གསུམ་དང་འཁོར་ལྟར་ལྡན།། དྲང་སྲོང་སྤྱོད་བཅས་འཁར་གསིལ་ལྡན།། ལུས་ངག་ཡིད་གསུམ་རྣམ་པར་བསྡམས།། རང་གི་སྤོད་པ་བརྟུལ་ཞུགས་བརྟེན།། ་དེ་ཡང་ཡང་དག་དགེ་སློང་ཡིན།། དེ་གཉིས་ཐར་པའི་གྲོང་ཁྱེར་ལ།། བསྙེན་པས་ཐར་པ་བདེ་བའི་མཆོག། ཡང་དག་མ་ཡིན་གཉིས་ཤོས་ནི།། ལྷུང་བཟེད་ལ་སོགས་རབ་འབར་བས།། དམྱལ་བར་ཁྲོ་ཆུ་ལྟ་བུར་ནི།། བསྐལ་པ ་སྟོང་ཕྲག་བཞི་རུ་འཚེད། ། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ།། ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ།། ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག། ཚུལ་ཁྲིམ་འཆལ་པ་སྡུག་བསྔལ་ཡིན།། ཤིན་ཏུ་ལེགས་པར་ཚུལ་ཁྲིམ ་གང་། ། བསྡམས་པས་མི་དེ་མཛེས་པའི་གཟུགས།། འདུལ་བ་ལ་ནི་ཉེ་བར་གནས།། ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས།། མི་དེ་ཉི་མ་གཅིག་ལ་ཡང་།། བསོད་ནམས་ཕུང་པོ་དཔག་མེད་པ།། སོག་ཅིང་སངས་རྒྱས་འབྲས ་བུ་བསྐྲུན། ། རང་གི་རང་ལ་བསླུས་འདེབས་ཤིང་།། བསླབ་པ་དག་ལ་མ་གནས་ཤིང་།། བདེ་བར་གཤེགས་པའི་རྒྱལ་མཚན་འཛིན།། གཟུགས་ཙམ་ལ་ནི་བརྟེན་ནས་སུ།། ང་ནི་དགེ་སློང་ཡིན་ཟེར་བ།། གྲང་སྨོན་སྣང་ལ ་རྟགས་པའམ། ། སྦྲུམ་མསྦྱར་རྩི་འབུང་བ་ལྟར།། མི་དེ་ཉི་མ་གཅིག་ལ་ཡང་།། སྡིག་པའི་ས་བོན་དཔག་མེད་དང་།། རང་ལ་གནོད་པ་སྣ་ཚོགས་པ།། བྱེད་པར་འགྱུར་བ་ཁོ་ན་ཡིན།། གང་ཞིག་བསླབ་པ་མི་གནས་ཤིང་།། བདེག་ཤེགས ་རྒྱལ་མཚན་འཛིན་པ་པས། ། བསླབ་པ་མི་གནས་སྐད་ཅིག་ལ།། གཟུགས་བོར་ཁྱིམ་པར་གནས་པ་བཟང་།། བསླབ་པ་མི་གནས་རྟག་འཛིན་པ།། འཇིག་རྟེན་པ་ནི་ཐམས་ཅད་ཀྱིས།། སྙིང་དུ་སྡུག་པར་མི་འགྱུར་ཞིང་།། ཀུན ་གྱི་ཚིག་གི་ངན་སྡོད་པས། ། དཔེར་ན་སྡོངས་པོ་བཟང་པོ་ལ།། ཡུན་རིང་ཡན་ལག་འཁྲུག་པ་བཞིན།། མི་དེ་རྟགས་ཙམ་ཡུན་རིང་ན།། ཁ་ན་མཐོའི་གཏམ་འཕེལ་དང་།། སྡིག་པའི་ལས་རྣམས་འཕེལ་བར་བཤད།། ཚུལ་ཁྲིམས ་འདི་ནི་བདེ་བའི་མཆོག། ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།། ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།། ཚུལ་ཁྲིམས་འདི་ནི་མཆོག་ཡིན་པས།། མིག་གི་འབྲས་བུ་བཞིན་དུ་སྲུངས།། སྲོག་ལ་བབ ་ཀྱང་ཚུལ་ཁྲིམས་ནི། ། གཏོང་བ་མི་མཁས་བླུན་པོ་ཡིན།། སྲོག་ཆད་ཕྱི་མར་སྐྱེ་བ་སྟེ།། ཚུལ་ཁྲིམས་ཕྱི་ནས་དེ་ལྟ་མིན།། དེ་བས་ཉེ་བར་འཁོར་སོགས་ཀྱིས།། འདི་ཉིད་ལ་ནི་བརྟེན་པར་བཟུང་།། དེ་སྐད་ཅེས་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཏེ། ། ཉེ་བས་འཁོར་ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དགེ་སློང་ལ་རབ་ཏུ་གཅེས་པ་ཞེས་བྱ་བའི་མདོ་རྫོགས་སོ།། ་