| Wylie | e-texts produced with BDRC’s OCR application |
སྐད་དུ། མཱ~ཾ་ཡཱ་ཛྭ་ལ་མ་ཧཱ་ཏནྟ་རཱ་ཛཱ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། @ ་ལྡན་འདས་གནས་གཙང་མའི་སྟེང་ན། ཁང་པ་བརྩེགས་པ་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་བཀོད་པ། རྡོ་རྗེའི་ཀ་བས་བརྒྱན་པ། ཤིན་ཏུ་མཛེས་པའི་རིན་པོ་ཆེ་བཀོད་པས་རྣམ་པར་བཀྲ་བ། རྡོ་རྗེ་དྲིལ་བུ་འཁྲོལ ་བ། ། ཡིད་ལས་བྱུང་བའི་མཆོད་པའི་ཁྱད་པར་ཆེན་པོས་བརྒྱན་པ། རྡོ་རྗེའི་འཁོར་ལོས་སྤྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པའི་ཆ་བྱད་སྣ་ཚོགས་འཆང་བ་རྣམས་ཀྱི་དོན་གྱི་བྱ་བ་བྱས་པ། རྣམ་པར་སྣང་མཛད ་ཀྱི་སྙིང་ལས་ཡང་དག་པར་འབྱུང་བའི་སྤྱོད་པ་བསྐྱོད་ནས། ཞལ་བཞིའི་སྒོའི་གོ་སྐབས་ནས་བྱུང་བ་སྣ་ཚོགས་དང་། རྡོ་རྗེ་དང་། རིན་པོ་ཆེ་ཆེན་པོ་དང་། འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་ཚོགས་དང་། རིག་སྔགས་ཀྱི་ལྷ་མོ་རྣམས་ཀྱིས་བརྒྱན་པ། ཁྲོ་བོའི་རྒྱལ་པོ་དང་། བྲན་དང་། བྲན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། ཕྱག་བརྙན་དང་། ཕྱག་བརྙན་མོ་དུ་མའི་འཁོར ་གྱིས་བསྐོར་ཅིང་མདུན་གྱིས་བལྟས་པ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་བདེ་བའི་བདག་ཉིད་དང་དམིགས་པ་དང་བྲལ་བ། ཐུགས་རྗེ་ཆེན་པོས་མཉེས་གཤིན་པ། སེམས་ཅན་ཐམས་ཅད་བསྒྲལ་བ་ལ་བརྩོན ་པར་མཛད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་མང་པོས ་བརྒྱན་པ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་བཞུགས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཁྱམས་ཀྱི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཕྱག་ན་རྡོ་རྗེ་འདུག་པ་ལ་གཟིགས་ནས་འཛུམ་པ་མཛད་དོ། ། འཛུམ་པ་མཛད་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས ་འགྱིང་བག་ཅན་དུ་བལྟས་ནས་རྡོ་རྗེ་གསོར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི ་དགོངས་པ་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གི་སླད་དུ་གཟིགས་པ་དང་འཛུམ་པ་མཛད། དེས་ན་བདག་དང་འཁོར་རྣམས་ངོ་མཚར་དུ་གྱུར་པ་ལགས་ན། དེའི་སླད ་དུ་བཅོམ་ལྡན་འདས་ཀྱིས་སེང་གེ་ཆེན་པོའི་སྒྲ་དབྱངས་ཀྱིས་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་སྐད་དུ་གསོལ་བ་བཏབ་མ་ཐག་ཏུ། བཅོམ་ལྡན་འདས ་ཀྱིས་རྒྱུད་ཀྱིས་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཡེ་ཤེས་རྣམ་པར་བསྒྱིངས་པ། རྒྱུད་ཐམས་ཅད་ཀྱི་ཕྱི་མོའི་ཡང་ཕྱི་མའི་ཐབས་བདེ་བ་རྡོ་རྗེའི་ཡེ་ཤེས་སྒྲུབ་པ་རོལ་པས་མཉེས་པར་བྱ་བའི་ཐབས་དེ་ཁོ་ན་ཉིད་ཐམས་ཅད ་ཀྱི་འབྱུང་གནས་སྟང་སྟབས་ཀྱིས་རྣམ་པར་རྒྱལ་བའི་ཐབས་དང་། ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེས་སྒྲོལ་བ་རོལ་པས་བཞད་ཅིང་བསྒྱིངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས ་། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་། རི་མོའི་གཟུགས་དང་། སྒོམ་པ་དང་། བཟླས་བརྗོད་དང་། སྟང་སྟབས་དང་། སྦྱོར་བ་དགོད་པ་དང་། ཏིང་ངེ་འཛིན་དང་། ་དབབ་པ་དང་། བསྐྲད་པ་དང་། དབྲོག་པ་དང་། དགུག་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། ཉམ་ཐག་པར་བྱ་བ་དང་། གཅད་པ་དང་། བསྲེག་པ་དང་། ་བསྐྲད་པ་དང་། བསྐྲུན་པ་དང་། དབང་བསྐུར་བ་དང་། སྦྱིན་པ་དང་། སློབ་དཔོན་དང་། སློབ་མ་གཟུང་བ་དང་། གསང་སྔགས་མང་པོའི་འཇོ་ཚུལ་རྣམས་ངས་བཤད་པར་བྱའོ།། དེའི་ཕྱིར་ཁྱོད ་ཀྱིས་ཀྱང་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ལ་ཉོན་ཅིག། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གཞན་ཡང་གང་དག་འཁོར་དུ་འདུས ་པ་དེ་དག་ཐམས་ཅད་ཀྱིས་ཆོས་ཀྱི་འབེལ་བའི་གཏམ་མཉན་པར་བརྩམས་སོ། ། དེ་ལ་རེ་ཞིག་དང་པོ་དངོས་གྲུབ་ནི་སློབ་དཔོན་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་པས། སློབ་དཔོན་མེད་པར་གྱུར་ན་ནི།། དངོས ་གྲུབ་ཐོབ་པར་མི་འགྱུར་བས། ། སློབ་དཔོན་མཚན་ཉིད་བཤད་པར་བྱ།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག། བརྟན་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད།། གསང་སྔགས་རྒྱུད་ཀྱི་སྦྱོར ་ཤེས་པས། ། དཀྱིལ་འཁོར་བྲི་བའི་ལས་བྱའོ།། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་།། སེམས་ཅན་ཀུན་ལ་མི་འཇིགས་སྦྱིན།། ཐེག་པ་ཆེ་ལ་རྟག་དགའ་བ།། དེ་ནི་སློབ་དཔོན་ཡིན་པར་གསུངས།། ཕྱི་རོལ ་བསྟན་བཅོས་ཡོངས་ཤེས་ཤིང་། ། ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་།། གསང་བ་དེ་ཉིད་བསྡུ་བ་དང་།། ཐེག་པ་ཆེན་པོའི་མི་ཤེས་པ།། སྙིང་རྗེ་ཡོད་པ་མ་ཡིན་དང་།། དད་མེད་བརྩོན་འགྲུས་མི་ལྡན་ལ།། ་རྟག་ཏུ་ངན་པའི་ཚུལ་སྤྱོད་དང་།། བསྟན་བཅོས་རྣམས་ལ་སྨོད་པ་མིན།། གོང་དུ་བསྟན་པའི་མཚན་ཉིད་དང་།། ལྡན་ན་སློབ་དཔོན་ཡིན་པར་གཟུང་།། དེ་ཡིས་དཀྱིལ་འཁོར་བྲི་བ་དང་། ་དེ་ཉིད་ཀྱིས་ནི་རྒྱུད་རྣམས་བསྟན།། དེ་ཡིས་བསྟན་པའི་གསང་སྔགས་དག། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། དགེ་དང་སྡོམས་ལ་དགའ་བ་དང་།། རྟག་ཏུ་བླ་མ་ལ་གུས་དང་།། རྒྱུན་དུ་ལྔ་རྣམས་མཆོད་བྱེད་པལ།། ་ཡོན་ཏན་ལྡན་ན་སློབ་མ་ཡིན།། སློབ་དཔོན་ཅི་འདྲ་བལྟ་ཞེ་ན།། བླ་མ་སངས་རྒྱས་ཀུན་དང་མཉམ།། དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་།། དེ་བཞིན་གཤེགས་པ་རིན་ཆེན་ཏོག། དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ།། ཡིད་བཞིན་ནོར ་བུ་རིན་ཆེན་བཞིན། ། སློབ་དཔོན་གྱི་ནི་ཡོན་ཏན་གཟུང་།། སྐྱོན་རྣམས་ནམས་ཀྱང་མ་ཡིན་ནོ།། ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་།། སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས།། དེ་ཡི་གྲིབ་མའང་མི་འགོ་མ་སྟེ།། ་མཆོད་རྟེན་བཤིག་དང་འདྲ་བར་གསུངས།། རྒྱུ་དང་མི་རྒྱུ་གསང་བ་ཡི།། དམ་པ་གང་ཡིན་སྤངས་པར་འགྱུར།། སློབ་དཔོན་སྨོད་པར་བྱེད་པ་དག། རྨི་ལམ་དུ་ཡང་མཐོང་མི་བྱ།། སློབ་དཔོན་སྨོད་པ་གང་ཡིན་ཏེ།། ་འགེགས་དང་ལོག་འདྲེན་རྣམས་ཀྱིས་གཟུང་།། ངན་པ་གཏུམ་པོ་ལས་བྱེད་པ།། མཁས་པས་རྟག་ཏུ་སྤང་བར་བྱ།། མནར་མེད་ཤིན་ཏུ་སྤྱི་གཡའ་བའི།། དམྱལ་བ་བསྟན་ས་གང་ཡིན་པ།། དེར་ནི་སློབ་དཔོན་སྨོད ་བྱེད་པ། ། གནས་པར་འགྱུར་ཞེས་རབ་ཏུ་གསུངས།། དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ།། བསམ་ཡས་འབྲས་བུ་སྨིན་བྱེད་པའི།། སངས་རྒྱས་འབྲས་བུ་འདོད་བྱེད་པའི།། སེམས་ཅན་དང་པ་ལྡན་པས་མཆོད།། ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་རྦ་བ་ལས་འདི་ནི་འཇུག་པ་རིམ་པར་བྱེ་བའི་ལེའུ་སྟེ་དང་པོལ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྔ་རྗེའི་དེ་བཞིན་གཤེགས་པས་ཐམས་ཅད་དང ་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། སྒྱུ་འཕྲུལ་དྲ་བ་ཆེན་པོ་ཡེ་ཤེས་བསྒྱིངས་པ་གསང་བའི་བྱིན་རླབས་ཀྱི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་ནས་ཀྱང ་རྡོ་རྗེ་འཆང་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱེ་མའི་ཡང་ཕྱི་མ་ཡེ་ཤེས་ཆེན་པོའི་ཡེ་ཤེས་སྙིང་པོ་འབར་བ་རྡོ་རྗེ་སྙིང་ཀུར ་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་འདིར་དབང་བསྐུར་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བས། ཕྱག་ན་རྡོ་རྗེ་སེམས་ཅན་གང་ལ་ལས་ཚོན་རྩི་མཐོང་བ་དེ་དག་ཀྱང་དེ་བཞིན་གཤེགས་པ་ཐམ་ཅད་ལ་ཕྱག་བྱས་པ ་དང་མཆོད་པ་བྱས་པར་འགྱུར་པ་ལ་ཡང་དག་པར་ཞུགས་པ་དེ་དག་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཉིད་ཀྱི་གྲངས་སུ་འགྲོ་བར་འགྱུར་པ་དེ་ཉོན་ཅིག། དང་པོ་ཁོ་ནས་ཡོངས་སུ་བཟུང་བར ་། བྱས་ཏེ། སློབ་དཔོན་གྱིས་ལྷ་ཉིད་ཀྱི་སྟང་སྟབས་སུ་འདུག་ལ། ལག་པ་གཡས་བསྒྲིམས་ཏེ་རྡོ་རྗེ་གསོར་ཞིང་། ལག་པ་གཡོན་པས་དྲིལ་བུ་གསིལ་ནས་རྡོ་རྗེ་འགྲོས་ཀྱིས་ཡོངས་སུ་བསྐོར་བར་བྱའོ།། རྒྱན ་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་བོའི་ང་རྒྱལ་གྱིས་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ས་གཞི་བརྗིད་པ་གང་གིས་བསྐོར་ནས་ཀྱང་ཁྲོ་བོའི་སྐུར་བསྒོམས་ནས་སྡང་བའི་ལྷ་དང་། ལྷ་མ་ཡིན་དང་། གསང་བ་པ་རྣམས ་ལ་ཚིག་འདི་རབ་ཏུ་བརྗོད་པར་བྱའོ། ། སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས ་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང་འདི་ཞེས་བྱ་བ་བྲི་ཡིས། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡིད་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། ་འབྱུང་པོ་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། རིག་སྔགས་གྲུབ་པ་དང་། རྒན་པོ་དང་། རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས ་དེངས་ཤིག། འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག། གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཀུན་ཏུ་འབར ་པས་མགོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། ། ཞེས་ལན་གསུམ་བརྗོད་ནས། སྟང་སྟབས་ལ་གནས་བཞིན་དུ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ།། གཡས་བརྐྱང་བ་དང་། གཡོན་བརྐྱང ་བ་དང་། སེང་གེའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། འཐུན་པའི་རྐང་སྟབས་དང་། རུས་སྦལ་གྱི་རྐང་སྟབས་དང་། རྡོ་རྗེ་གདེག་པ་དང་། རྡོ་རྗེ་འཇོ་ཚུལ་དང་། རྐང་པ་ཡ་གཅིག་གི་སྟངས ་དང་། སེང་གེ་སྟབས་དང་། སེང་གེ་གླལ་བ་དང་། བུང་བ་འཕུར་བའི་སྟབས་དང་། རྡོ་རྗེ་སྒྲོག་དང་། རྡོ་རྗེ་གསོར་བ་དང་། རྡོ་རྗེའི་སྟང་སྟབས་དང་། རྡོ་རྗེ་དགུག་པ་དང་། རྡོ་རྗེ་གར་དང་། རྡོ་རྗེ་འཇིགས་སུ ་དྲུང་བ་དང་། རྡོ་རྡོ་འངས་མ་ད་། དོ་མོ་བདཏྟ། རྡོ་རྗེང་བྱིན་དྲུརྫས་དང་། རྡོ་རྗེའི་བདུན་དང་། བུ་མེད་ཀྱི་སྣ་འཕྲུལ་སྣང་སྐབས་དང་། དཛ་ན་བྷ་དང་། རླབས་པ་ཚའི་འདྲེགས་པ་དང་། ་བ་དང་། རྡོ་རྗེ་ག་མོ་དང་། རྡོ་རྗེ་སྒྲ་དང་། རལ་གྲི་ཐབས་དང་། རྡོ་རྗེའི་ཐབས་དང་། འཁོར་ལོའི་ཐབས་དང་། གཏུན་ཤིང་གི་ཐབས་དང་། བ་དན་གྱི་ཐབས་དང་། ཞགས་པའི་ཐབས་དང་། བཛྲི ་ཚུལ་དང་། བེཙོན་གྱི་ཐབས་དང་། མི་འཇིགས་པའི་ཚུལ་དང་། ལྕགས་ཀྱུའི་ཐབས་དང་། འཕྲལ་བུའི་ཚུལ་དང་། མདུང་ཐུང་གི་ཐབས་དང་། གཞུའི་ཐབས་དང་། མདའ་བཟུང་བའི་ཐབས་དང ་མདའ་འཕང་བའི་ཐབས་དང་། ཟག་མདུང་བསྐོར་བའི་ཐབས་དང་། མཆོག་སྦྱིན་པའི་ཚུལ་དང་། མདུང་གི་ཐབས་དང་། མཚོན་རྩེ་གཅིག་པའི་ཐབས་དང་། ཕྱག་འཚལ་བའི་ཚུལ་དང་། རྡོ་རྗེའི་འདུག ་སྟངས་དང་། ཏིང་ངེ་འཛིན་གྱི་འདུག་སྟངས་དང་། རྡོ་རྗེ་སྐྱིལ་མོ་ཀྲུང་དང་། པདྨའི་འདུག་སྟངས་དང་། སེམས་དཔའི་སྐྱིལ་མོ་ཀྲུང་དང་། དཔའ་མོའི་འདུག་སྟངས་དང་། བཟང་པོའི་འདུག་སྟངས་དང ་ཙེཅོག་པུའི་འདུག་སྟངས་དང་། རྩེ་བའི་འདུག་སྟངས་དང་། མདུན་དུ་དགུ་པ་དང་། ཕྱིར་དབྱེ་བ་དང་། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། སྨིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་པོའི ་པུཕུར་བུས་གནས་པའི་བཅིང་བ་དང་། ཕུར་བུ་བརྡུང་བ་དང་། དྲ་བ་དང་ར་བས་མཚམས་བཅད་པ་དང་། ཕྱོགས་བཅིང་བ་དེ་ལྟ་བུས་ས་གཞི་རྡོ་རྗེའི་རང་བཞིན་འོད་འབར་བས་འཁྲིགས་པར་བསྒོམས་ཏེ་གཏན ་ལ་དབབ་པར་བྱའོ། ། རང་གི་མིང་ནས་སྨོས་ཏེ། ཧཱུཾ་ཞེས་བྱ་བའི་གསང་སྔགས་ཀྱི་སྒྲ་བརྗོད་ནས་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་རོ།། དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས ་པར་བྱ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། དངོས་གྲུབ་ཐམས་ཅད་ཐོབ་ཕྱིའི་ཕྱིར།། བདག ་གིས་དཀྱིལ་འཁོར་བྲི་བར་བྱ། ། ཞེས་ལན་གསུམ་བརྗོད་དོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྟ་གོན་དུ་གནས་པར་བྱ་སྟེ། ཐུགས་བརྩེར་གནས་པའི་དགོངས་པ་ཅན།། སངས ་རྒྱས་བདག་ལ་དགོངས་སུ་གསོལ། ། སྲས་དང་ལྷན་ཅིག་གཤེགས་ནས་ཀྱང་།། ས་གཞི་ཡོངས་སུ་གཟུང་བར་མཛོད།། དེ་ནས་འཁོར་ལོའི་དབུས་སུ་སྤོས་ཀྱི་དཀྱིལ་འཁོར་བྱས་ལ།། མཐའ་ཀུན་ཏུ་ཡང་མཚན ་ནས་སྨོས་ཏེ་ཐིག་ལེར་བྱའོ། ། དེ་ལྟར་སྤྱན་དྲངས་ཏེ་མཆོད་པས་མཉེས་པར་བྱས་ནས་ཕྱིར་བྱུང་སྟེ་ཕྱོགས་ཀྱི་གཏོར་མ་སྦྱིན་ནོ།། དེ་ནས་སེམས་ཅན་སྟ་གོན་དུ་གནས་པར་བྱ་སྟེ་སྤོས་ཆུས་སྤྱི་བོར་བསང་གཏོར་བྱས་ནས། ་ལག་པ་སྙིང་ཀར་བཀྲམ་ནས་སུ།། རྩེ་མེ་ལྔ་པརྒྱ་གྲམ་བྱ།། གཡས་པ་སྲུང་སྐུད་བཅིངས་ནས་སུ།། ལག་མཐིལ་སཾ་ཤིང་ཀུ་ཤ་སྦྱིན།། དེ་ནས་འདུག་སྟེ་གསུམ་ལ་སྐྱབས་སུ་གཏང་བ་དང་། སྡིག་པ་ཀུན་ཏུ་བཤམ། ་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ་ནི་སེམས་བསྐྱེད་པར་བྱའོ།། དེ་ལ་འདི་ནི་སྐྱབས་སུ་འགྲོ་བ་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ་སྡིག་པ་ཐམས་ཅད་བཤགས་པར་བགྱི།། འགྲོ་བའི་དགེ་ལ་ཡི་རང་སྟེ།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།། ཞེས་ལན་གསུམ་བརྗོད་དོ།། དེ་ནས་ཅི་ནུས་ཀྱིས་ཅི་འདོད་པའི་ཆོས་བཤད་པར་བྱའོ།། དེ་ནས ་སྔར་བཤད་པ་བཞིན་དུ་མཉེས་པར་འགྱུར་བའི་མཆོད་པའི་ཆོ་ག་བཟང་པོ་བྱ་སྟེ། སླར་ཡང་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ནང་དུ་ཞུགསལ་དཀྱིལ་འཁོར་གྱི་ས་གཞིར་གློ་གཡས་པས་ཉལ་ཏེ། རྨི་ལམ་བཟང ་ངན་བལྟས་ནས་ཕྱི་དེ་ཉིད་དཀྱིལ་འཁོར་བྲི་བར་བྱའོ། ། ཚོན་དང་ཐག་ལ་སངས་རྒྱས་ལྔའི།། ངོ་བོ་དག་ཀྱང་སྤྲུལ་པར་བྱ།། འདི་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་རྣམས་ནི་རྣམ་གྲོལ་མཛད།། དེ་བཞིན་གཤེགས། ་པ་ཀུན་གྱི་གནས།། རྣམ་པར་སྣང་མཛད་རྒྱལ་བདག་སྟེ།། ཉེས་པ་ཐམས་ཅད་རྣམ་སྤངས་པའི།། ཚོན་རྩི་དབྱེ་བ་བརྩམ་པར་བྱ།། དང་པོར་སློབ་དཔོན་ཉིད་ཀྱིས་དགྱེ།། དེ་ནས་ཀུན་ཏུ་སློབ་མས་བྱ།། ་དང་པོ་ས་གཞི་ཡོངས་གཟུང་བ།། གཉིས་པ་སྟ་གོན་གནས་པ་སྟེ།། ནུབ་གསུམ་པ་ནི་འཇུག་པ་ཡིན།། ཚོན་སྣ་ལྔ་པའི་སྲད་བུ་ཡིས།། ཁྲུ་སྟོང་པ་འམ་ལྔ་བརྒྱ་པར།། དཀྱིལ་འཁོར་དམ་པ་ཐིག་གདབ་བོ།། ་ཡང་ན་ཁྲུ་ལྔ་ཁྲུ་དོ་པ་འམ།། ཁྲུ་གང་བ་ཡི་བར་དུ་བྱའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་བརྒྱན་པ་ཡི།། དབུས་སུ་འཁོར་ལོ་ལེགས་པར་བྲི།། དཀྱིལ་དུ་རྣམ་པར་སྣང་མཛད་གཞག ་ཤར་ཕྱོགས་སུ་ནི་མི་འཁྲུག་པ། ལྷོ་ཕྱོགས་སུ་ནི་རིན་ཆེན་འབྱུང་།། ནུབ་ཕྱོགས་སུ་ནི་འོད་དཔག་མེད།། བྱང་ཕྱོགས་སུ་ནི་དོན་གྲུབ་རྣམས།། འཁོར་ལོའི་གྲཝར་ནི་ལྷ་མོ་བཞི།། དངོས་གྲུབ་སྦྱིན་པར་མཛད ་པར་བྲི། ། དབང་བདག་གི་ཕྱོགས་སུ་ནི་སྤྱན་ནོ།། མེའི་ཕྱོགས་སུ་ནི་མཱ་མ་ཀཱིའོ།། བདེན་བྲལ་གྱིས་ཕྱོགས་སུ་ནི་གོས་དཀར་ཅན་ནོ།། རླུང་གི་ཕྱོགས་སུ་ནི་ལྷ་མོ་སྒྲོལ་མའོ།། རྡོ་རྗེ་ཤུགས་ཀྱིས། ་ཕྱིར་ཕྱུང་ནས་རིམ་པ་གཉིས་པ་ལ་ཤར་ཕྱོགས་སུ་ནི་རྡོ་རྗེ་སེམས་མ། ལྷོར་རྡོ་རྗེ་རིན་ཆེན་མ། ནུབ་ཏུ་རྡོ་རྗེ་ཆོས་མ། བྱང་དུ་རྡོ་རྗེ་ལས་མ་རྣམས་བྲིའོ།། གྲཝ་རྣམས་སུ་སྐུལ་བྱེད་མ་དང་། རིན་ཆེན་སྒྲོལ་མ་དང་། ཁྲོ ་གཉེར་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་རྣམས་སོ།། དེ་ནས་ཡང་འགྱིང་བག་ཏུ་ལངས་ཏེ། རྡོ་རྗེ་ཤུགས་ཀྱིས་ཕྱིར་ཕྱུང་ནས་རིམ་པ་གསུམ་པ་ལ། ཤར་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ ་དང་། སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་བྲིའོ།། ལྷོ་ཕྱོགས་སུ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་རྣམས་དྲིའོ།། ནུབ་ཕྱོགས་སུ་ནི་མཐུ་ཆེན་ཐོབ ་དང་། ངན་སོང་ཐམས་ཅད་སྤོང་བ་དང་། མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་རྣམས་བྲིའོ།། བྱང་ཕྱོགས་སུ་ཟླ་འོད་དང་། འོད་དཔག་མེད་དང་། ནམ་མཁའ ་། མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་བྲིའོ།། ཤར་སྒོར་ནི་ག་ཤིན་རྗེ་མཐར་བྱེད་དོ།། ལྷོ་སྒོར་ནི་ཤེས་རབ་མཐར་བྱེད་དོ།། ནུབ་སྒོར་ནི་པདྨ་མཐར་བྱེད་དོ།། བྱང་སྒོར་ནི་བགེགས་ཀྱི་གཤེད ་མཐར་བྱེད་དོ། ། གྲཝ་རྣམས་སུ་ནི་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། བེ་ཅོན་སྔོན་པོ་དང་། སྟོབས་པོ་ཆེའོ།། ཟུང་རྣམས་སུ་ནི་རྡོ་རྗེ་བྲིའོ།། སྒོའི་ངན་ལོགས་སུའང་རྡོ་རྗེ་བྲིའོ།། འཁོར་ལོ་ནི་ཚོན་རྩི་དཀར ་པོས་བྲིའོ། ། གཉིས་པ་ནི་ཚོན་རྩི་དཀར་པོ་དང་། སེར་པོ་དང་། སྔོན་པོ་གསུམ་གྱིས་བྲིའོ།། གསུམ་པ་ནི་སྣ་ལྔས་བྲི་བར་བྱ་སྟེ། དེ་ལྟ་བུ་ནི་དཀྱིལ་འཁོར་ཆེན་པོ་ཡིན་ནོ།། དེ་ནས་དབང་བསྐུར་བའི་དོན་དུ ་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་དང་ལྡན་པ་རིམ་པ་གཉིས་པར་བྱའོ།། དབུས་སུ་ནི་པདྨ་འདབ་མ་བརྒྱད་པ་སྙིང་པོ་དང་བཅས་པ་བྲིའོ།། སྣམ་བུ་གཉིས་པ་ལ་ཤར་ཕྱོགས་སུ་ནི་རྡོ་རྗེའོ།། ལྷོ་ཕྱོགས་སུ་ནི ་རིན་པོ་ཆེ། ནུབ་ཕྱོགས་སུ་ནི་པདྨ། བྱང་ཕྱོགས་སུ་ནི་རལ་གྲི་སྟེ། དེ་ལྟ་བུར་དཀྱིལ་འཁོར་བྲི་བར་བྱའོ།། དེ་ནས་སློབ་དཔོན་གྱི་ལུས་ལེགས་པར་བཀྲུས་ཏེ། སྤོས་ཀྱིས་བསྐུས་ནས་ལེགས་པར་བརྒྱུས་པའི ་མེ་ཏོག་གི་འཕྲེང་བ་མགོ་ལ་བཅིངས་ནས། མགུལ་པ་དར་གྱིས་བཅིངས་པ་ལ།། ལྡུམ་བུ་ཡིས་ནི་ཁ་བཀབ་པ།། རིན་ཆེན་སྨན་འབྱུང་སྣ་ལྔ་དང་།། སྤོས་ཆུ་ཡིས་ནི་བཀང་བ་དང་།། བུམ་པ་མངོན་པ ་བསྔགས་པར་བྱ། ། རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི།། བདག་པོ་ལྷ་མོ་རྣམས་ཀྱི་བཞི།། ལྷ་རྣམས་ཀུན་གྱི་བུམ་པ་བཞི།། ལས་ཀུན་བྱེད་པས་བཟླས་བརྗོད་དོ།། སེམས་ཅན་ཀུན་གྱིས་བསད ་གཏོར་བྱ། ། ཡང་ན་ཀུ་ཤའི་ཆུན་པོས་བྱ།། དེ་ནས་བུམ་པ་མངོན་པར་བསྔགས་ཏེ་ལྷ་བཤོས་དང་གཏོར་མ་ཕུལ་ནས་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། མཆོད་ཡོན་དང་། ཞབས ་བཀྲུ་བ་ལ་སོགས་པ་དབུལ་ལོ། ། དེ་རྣམས་ཕུལ་ནས་བུམ་པ་རྣམས་གྲཝར་གཞག་པར་བྱའོ།། རྣམ་པར་རྒྱལ་བའི་བུམ་པ་ནི་དབུས་སུ་སྤྱན་དྲངས་པར་བྱའོ།། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་གསལ་བར་བྱ་སྟེ། གཞུག་པ་དང་། བསྡམས་པ་དང་། དབང་དུ་བྱ་སྟེ། ཕུར་བུ་དང་། ར་བ་དང་། དྲ་བས་ཕྱོགས་བཅིང་བ་དང་། མཚམ ་བཅད་པ་བྱས་ལ། མཆོད་ཡོན་དང་། ཞབས་བསིལ་དང་། གདན་དང་། མེ་ཏོག་དང་། བདུག་པ་ལ་སོགས་པའང་བསྔོས་ཏེ་ཕུལ་ནས་ཕྱག་རྒྱའི་ཚོགས་རང་རང་ལ་བསྟན་པར་བྱའོ།། བསྟོད་པ་དང་། ་རྡོ་རྗེའི་གླུ་དང་། དྲིལ་བུ་གསིལ་བའི་སྒྲ་དང་། སིལ་སྙན་དང་། གླིང་བུ་དང་། རྒྱུད་ཀྱི་སྤྲིའི་ཁྱད་པར་ཡང་དབུལ་ལོ།། རོལ་མོའི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་བསྟོད་པར་བྱའོ།། བསྟོད་ནས་བཟོད་པར ་གསོལ་ཏེ་དངོས་གྲུབ་ཐམས་ཀྱི་ཕྱིར་གསོལ་བ་གདབ་པོ། ། དེ་ནས་སློབ་དཔོན་བདག་ཉིད་ཞུགས་ཏེ། དེའི་འོག་ཏུ་སློབ་མ་གཞུག་གོ།། དེ་ནས་སེམས་ཅན་ཐམས་ཅད་སྙིང་པོ་འདི་དང་ཕྱག་རྒྱས་གནས་ལྔར་བསྲུང ་། ཞིང་གནས་ལྔར་ཆོ་ག་བྱའོ།། ཧཱུཾ། ཛི་ནི་ཛི་ཀ། ཨཾ་ཨཱ་རོ་ལི་ཀ། ཧཱུཾ་བཛྲ་དྷྲྀ་ཀ། སཱ་རཏྣ་དྷྲྀ་ཀ། ཧཱ་པྲཛྙཱ་དྷྲྀ་ཀ། དེ་ནས་ཚིགས་སུ་བཅད་པ་འདིས་གཞུག་པར་བྱ་སྟེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར།། བདག་གིས་སློབ་མ་གཞུག་པར་བྱ།། རྡོ་རྗེ་སེམས་མས་མེ་ཏོག་གཏོར་བར་བགྱི་སྟེ། པྲ་ཏཱིཙྪ་བཛྲ་པོ། ཚིགས་སུ་བཅད་པ ་འདིས་གདོང་གཡོགས་འགྲོལ་ལོ། ། དེ་རིང་དད་པའི་ཤུགས་ཀྱིས་ནི།། དཀྱིལ་འཁོར་དེང་འདིར་བལྟ་བར་གྱིས།། སངས་རྒྱས་གདུང་གི་རིགས་སུ་འཁྲུངས།། སྔགས་དང་ཕྱག་རྒྱས་བྱིན་གྱིས ་བརླབས། ། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་གྲུབ་པར་བྱེད།། རྡོ་རྗེ་པདྨ་རོལ་པའི་མཆོག། སྔགས་ཀྱི་བདག་ཉིད་ཤེས་པར་བྱ།། དེ་ཡི་སྙིང་པོ་འདི་ཡིན་ཏེ།། པ་ཤྱ་བཛྲ། ་གང་ལ་མེ་ཏོག་བབ་པ་དེ་དེའི་ལྷ་ཡིན་ནོ།། དེ་ནས་དབང་བསྐུར་སྦྱིན་བྱ་སྟེ།། དྲི་དང་མེ་ཏོག་འཕྲེང་བས་བརྒྱན།། གོས་དང་རྒྱན་གྱིས་ལེགས་པར་བརྒྱན།། སྟེང་དུ་བླ་རེ་བྲེ་བར་བྱ།། གདུགས་དང་རྒྱལ ་མཚན་བ་དན་དང་། ། ལྷ་དང་ཚངས་པའི་སྐུད་པ་དང་།། གདུ་བུ་དག་དང་སྐ་རགས་དང་།། བཀྲ་ཤིས་ཡོ་བྱད་རྣམས་ཀྱིས་ཀླུབས།། སློབ་མ་སྡིག་དང་བྲལ་བ་ལ།། སློབ་དཔོན་གྱིས་ནི་དབང་བསྐུར་རོ།། ་དང་པོར་རྣམ་རྒྱལ་བུམ་པ་ཡིས།། དེ་ནས་ལྷ་མོ་བཞི་རྣམས་དང་།། ལྷ་རྣམས་ཀུན་གྱི་བཞི་པོ་ཡིས།། བཀྲ་ཤིས་ཚོགས་བཅད་གླུ་སྒྲ་དང་།། རྡོ་རྗེ་དྲིལ་དུ་གསིལ་བ་ཡིས།། སྐྱོབ་པ་ཀུན་གྱིས་མངོན་སུམ ་དུ། ། ཏིལ་གྱི་གང་བུ་བཞིན་གང་བའི།། རྒྱལ་བ་བུམ་པ་བཟུང་ནས་ནི།། དེ་ཉིད་ལ་ནི་དབང་བསྐུར་བྱ།། དཀྱིལ་འཁོར་དེ་ཞིད་རིགས་པར་བསམ།། དེ་ལྟ་བུར་ནི་བསམས་ནས་ཀྱང་། ཆོས་ཀྱི་མཚན་ཉིད ་བསྟན་པར་བྱ། ། བུར་མ་མེ་ལོང་འཁོར་ལོ་དང་།། དུང་དང་རྡོ་རྗེ་གླེགས་པམ་དང་།། གསེར་དག་དང་ནི་དངུལ་རྣམས་ཀྱིས།། མི་ཤེས་རབ་རིབ་ལ་སོགས་པ།། ཅི་ནུས་པར་ནི་བསལ་བར་བྱ།། ཐུང་མ་ལ ་སོགས་མེད་ན་ཡང་། ། ཕྱག་རྒྱའི་གཟུགས་རྣམས་བསྟན་པར་བྱ།། དེ་ནས་དམ་ཚིག་བསྟན་པར་བྱ།། དེ་རང་ཕྱིན་ཆད་བུ་ཁྱོད་ཀྱིས།། སྲོག་དང་ལུས་ལ་བབ་གྱུར་ཀྱང་།། དམ་པའི་ཆོས་དང་བྱང་ཆུབ་སེས།། ་སློབ་དཔོན་ལ་ནི་བརྙས་མི་བྱ།། རྡོ་རྗེ་སྤུན་རྣམས་བཀུར་སྟི་ནིང་།། སྡང་ལ་བྱམས་ཤིང་ཆགས་བྲལ་བ།། ནམས་ཀྱང་བྱ་བ་མ་ཡིན་ནོ།། དེ་ལྟར་བྱས་ན་སངས་རྒྱས་ཀྱིས།། ཁྱོད་ན ་དམྱལ་བའི་ནང་དུ་འདོར། ། དེ་ནས་བླ་མས་ཡོན་བླངས་ཏེ།། ས་དང་ཡིད་འོང་ཆུང་མ་དང་།། རིན་ཆེན་གསེར་དང་ནོར་བུ་འབར།། མུ་ཏིག་བྱུ་རུ་ལ་སོགས་དང་།། ལུས་ཀྱང་དབུལ་དུ་གཞུགས་པར་བྱ།། བླ་མ་ལ ་ནི་གུས་པ་ཡི། ། སློབ་མས་དེ་བཞིན་ཁོ་ནར་བྱ།། བླ་མ་དེ་ནི་མགུ་བར་བྱ།། ཐ་མ་མགུ་བ་དངོས་གྲུབ་ཀྱི།། གཞན་དུ་མིན་ཞེས་ཐུབ་པ་གསུང་།། དེ་ནས་སློབ་མ་བསླང་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད ་པ་བྱ་སྟེ་སྦྱིན་སྲེག་གི་ལས་བྱའོ། ། དེ་ནས། ཆོ་ག་མཐོང་བས་ལས་བྱས་ནས།། སྦྱིན་སྲེག་བཟླས་བརྗོད་མཆོད་པ་དང་།། དེ་བཞིན་སྒོམ་པའི་རིམ་པའི་ཚུལ།། ཞི་དང་རྒྱས་པའི་རིམ་པ་ཡིས།། ལས་རྣམས ་ཐམས་ཅད་ཚིམ་པར་བྱ། ། དེ་ནས་དུས་གསུམ་གཤེགས་པ་ཡི།། རྒྱལ་བ་ཐམས་ཅད་གཤེགས་སུ་གསོལ།། བསྒྲིམས་ཏེ་ཚོན་རྩི་རྣམས་བསྡུས་ནས།། ཆུ་ཀླུང་ཆེན་པོར་བསྐུར་ནས་ཀྱང་།། བ་ཡི་ལྕི་བས ་བྱུག་པར་བྱ། ། དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན།། སློབ་དཔོན་ཉིད་ཀྱིས་བསྐུར་བར་བྱ།། སློབ་མས་ཅུང་ཟད་མི་བསྐུར་ཏེ།། དེ་ནི་དམ་ཚིག་ཉམས་པར་འགྱུར།། སློབ་དཔོན་གྱིས་ཀྱང་ཅི་རིགས་པར།། ་བདག་ཉིད་འདོད་པ་སྤྱད་པར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་རྡོ་རྗེ་དེ་བཞིན་གཤེགས་པས་ཡང་གསང་སྔགས་ཀྱི་འཁོར་ལོ་ལ་འཇུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེགས ་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཉོན་ཅིག། ཕྱག་ན་རྡོ་རྗེས་གསོལ་པ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ ་། ཨོཾ་ལས་རྣམ་པར་སྣང་མཛད་དོ།། ཨོཾ་ཧཱུཾ། མི་འཁྲུགས་པའི་འོ།། ཨོཾ་ཏྲཱཾ། རིན་ཆེན་འབྱུང་གནས་སོ།། ཨོཾ་ཧྲཱིཿ། འོད་དཔག་མེད་དོ།། ཨོཾ་ཁཾ། དོན་ཡོད་གྲུབ་པའི་འོ།། ཨོཾ་ག་ག་ན་ལོ་ཙ་ན་དྷཱུ། ་སྤྱན་གྱི་ནོ།། ཨོཾ་ཀི་རི་ཀི་། མཱ་མ་ཀཱི་སྟྭཾ། མཱ་མ་ཀཱིའོ།། ཨོཾ་ཀ་ཊེ་བི་ཀ་ཊེ་ཀཱ་ཙ་ཀཱ་ཊ་ཀ་རོ་ཊ་བཱིརྱ་སྭཱཏྣ། གོས་དཀར་མོའིའོ།། ཨོཾ་ཏྟཱ་ར་ཏུཏྟཱ་ཏུར་སྭཱ་ཧཱ། སྒྲོལ་མོའོའོ།། ཨོཾ་སཏྭ་བཛྲི་ཧཱུཾ། རྡོ་རྗེ་སེམས་མི ་ཨཱ~ཾ་ཏྣ་བརྦྦ། ཛིན་ཆེན་མཽ་གྱི། ཨོཾདྷཿབདྷཱུདྡྷ། ཆོས་མྱི་རོ།། ཨོཾ་ཀཿ་ཛཱིནྟུ། རྡོ་རྫལས་པའོག།། ཨོཾ་ཙ་ལེ་ན་ལ་ནུ་ན། ཐུལ་བྱེད་མ་ག། ས་ཨོཾ་ཀྵ~ཾ་ཏྟན ་། རིན་ཅན་སྒྲོལ་མ་ག། ཨོཾ་དྡྷི་ཀྵཿ། ། ཨབཛྫ་ཤྲཱི་ལ་སྱཱ་དྒྷ་ཀྵཿ། རྗེས་ག་ག། ཨ་ཊྚེ། མས་པའི.ནྟ་འཇམ་པལ་ཀྱི། ཀུ ་ན་ཏུ་བཟང་པོའིའོ། ། ཨོཾ་གཙུ་གསྟི་ནི་ཧཱུཾ། སྤོས་ཀྱི་གླང་པོའིའོ།། ཨོཾ་ཛྙཱ་ན་ཀེ་ཏུ་བ་ཏི་ཧཱུཾ། ཡེ་ཤེས་ཏོག་གོ།། ཨོཾ་བྷ་དྲ་བ་ཏི་བྷ་དྲ་པཱ་ལེ་ཧཱུཾ། བཟང་སྐྱོང་ངོ་།། ཨོཾ་སྭ་ག་རེ་མ་ཧཱ་སཱ་ག་རེ་ནྟུ ་བློ་གྲོས་རྒྱ་མཚོའོ། ། ཨོཾ་ཨཱཀྵ་ཡ་ཧཱུཾ་ཧཱུཾ། ཨཀྵ་ཡཀྵ་ཨཱ་ཀརྨ་ཨཱ་པ་ར་ཎ་པ་རི་ཤོ་དྷ་ན་སྭཱ་ཧཱ། བློ་གྲོས་མི་ཟད་པའོ།། ཨོཾ་པྲ་ཏི་བྷ་ནེ་པྲ་ཏི་བྷ་ན་ཀུ་ཊེ་ཧཱུཾ། སྤོབས་པ་བརྩེགས་པའོ།། ་ཨོཾ་སྠཱ་མེ་མ་ཧཱ་སྠཱ་མ་པ་ཏི་སྭཱ་ཧཱ། མཐུ་ཆེན་ཐོབ་པའོ།། ཨོཾ་སརྦ་ཨ་པཱ་ཡ་ཛ་ཏེ་སརྦ་པཱ་པཾ་ཤོ་དྷ་ཧཱུཾ། ངན་སོང་ཐམས་ཅད་སྤོང་བའོ།། ཨོཾ་སརྦ་ཤོ་ཀ་ཏ་མོ་ནི་རཱ་མ་ཏི་ཧཱུཾ། མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པ ་འཇོམས་པའི་བློ་གྲོས་སོ། ། ཨོཾ་ཛྭ་ལི་ནི་མ་ཧཱ་ཛྭ་ལ་ནི་ཧཱུ། དྲ་བ་ཅན་གྱི་འོད་དོ།། ཨོཾ་སུ་དྷ་ན་ཤྲི་ཡེ་ཧཱུཾ། ནོར་བཟང་ངོ་།། ཨོཾ་ཙནྡྲ་ཙནྡྲ་ཙནྡྲ་བྱ་བ་ལོ་ཀེ་ཏེ་སྭཱ་ཧཱ། ཟླ་འོང་ངོ་།། ཨོཾ་ཨ་མྲྀ་ཏ་པྲ་བྷ་ཨ་མྲྀ་ཏེ་ཧཱུཾ། ་འོད་དཔག་མེད་དོ།། ཨོཾ་ག་ག་ནེ་ག་ག་ན་བར་ལོ་ཙ་ན་ཧཱུཾ། ནམ་མཁའ་མཛོད་དོ།། ཨོཾ་སརྦ་ནི་བ་ར་ཎ་བལྐ་བི་ནི་ཧཱུཾ། སྒྲིབ་པ་རྣམ་པར་སེལ་བའོ།། ཨོཾ་ཡ་མཱནྟ་ཀྲིཏ། གཤིན་རྗེ་གཤེད་དོ།། ཨོཾ ་། པྲཛྙཱནྟ་ཀྲིཥ། གཞན་གྱིས་མི་ཐུབ་པའོ།། ཨོཾ་པདྨཱནྟ་ཀྲིཏ། རྟ་མགྲིན་ནོ།། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་བི་གྷཱནྟ་ཀྲིཏ། བདུད་རྩི་ཐལ་སྦྱོར་རོ།། ཨོཾ་ཨ་ཙ་ལ་ཧཱུཾ་ཧ། མི་གཡོ་བའོ།། ཨ་ཊཀྵི་ཧཱུཾ། འདོད ་པའི་རྒྱལ་པོའོ། ། ཨོཾ་ནཱི་ལ་དཿམཧཱ་དཎྜ་ཧཱུཾ། བེ་ཅོན་སྔོན་པོའོ།། ཨོཾ་ཀྲོ་དྷ་ཧཱུཾ་ཛཱཿ། སྟོབས་པོ་ཆེའི་དཀྱིལ་འཁོར་དུ་དགོད་པའི་གསང་སྔགས་ཀྱི་ཡི་གེ་དེ་དག་གོ།། འདི་དག་ལ་བརྟེན་ནས་ཏིང་འཛིན་གྱི ་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ། ། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག ་རྒྱས་སོ། ། རིག་པའི་ལྷ་མོ་རྣམས་ཀྱི་ནི་རིགས་ཀྱི་ཡུམ་རྣམས་ཀྱིས་སོ།། ཁྲོ་བོ་རྣམས་ཀྱི་ནི་ཞལ་གྱི་ཕྱག་རྒྱས་སོ།། བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ།། ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ།། ་དེ་དག་ལ་སོགས་པ་ནི་སྤྱན་དྲང་བའི་སྦྱོར་བའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་ཕྲུལ་དྲ་བ་ལས་འདི་ནི་གསང་སྔགས་རིམ་པར་ཕྱེ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབ་པ་དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞེས། ཡེ་ཤེས་རྫོགས་པ་སངས་རྒྱས་ཉིད་བདེ་བླག་ཏུ ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསང་ཆེན་བླ་ན་མེད་པ་བཤད་པར་བྱ་ཡིས་ཉོན་ཅིག། ཨོཾ་གྱི་ཡེ་ཤེས་ཀྱིས་བསྒྲུབས་པ།། ་རྒྱལ་ཆེན་རྣམ་པར་སྣང་མཛད་ནི།། ཤེས་རབ་ཡེ་ཤེས་རབ་རྒྱས་པ།། སངས་རྒྱས་ཀུན་གྱི་མཆོག་གིས་མཆོད།། ཞི་བཟོར་ཙུགས་ཅོད་པན་འཆང་།། ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན།། གསར ་གྱི་མདོག་ཅན་ཕྱག་དྲུག་པ། ། དང་པོ་བསམ་གཏན་ཕྱག་རྒྱ་ཅན།། བགྲང་འཕྲེང་ལྡན་ཞིང་མདའ་ཡིས་བརྒྱན།། གཡོན་གྱིས་ལྔ་མོའི་ནུ་མ་འཛིན།། འཁོར་ལོ་དང་ནི་གཞུ་ཐོགས་ཤིང་།། ལྷ་རྣམས་ཟེང ་ཅིང་ཁམས་རྣམས་འཛག། འབར་བའི་འོད་དཀྱིལ་བརྒྱན་པ་ལ།། སངས་རྒྱས་ཀུན་གྱི་སྤྲིན་འགྲོ་བ།། རབ་ཏུ་བྱུང་ཞིང་ལེགས་འཁྱུད་པ།། དེ་ཉིད་སྤྱོད་ཡུལ་ཅན་བསྒོམས ་གསང་སྔགས་ནང་གིས་བཟླས་བརྗོད་བྱ། ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྫོགས་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཞེས་བྱ་བའི་ཚིག་གི་ལམ།། འཇིག་རྟེན་དབང་ཕྱུག ་འོད་ཆེན་བསམ། ། ཐོར་ཙུགས་ཅོད་པན་འཆང་བའི་ལྷ།། དབུ་རྒྱན་ཐམས་ཅད་མཁྱེན་པས་བརྒྱན།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། གཙོ་བོ་ཟླ་བའི་གཟུགས་དང་འདྲ།། ཞལ་གསུམ་སྤྱན ་གསུམ་འབར་བ་ལ། ། ཕྱག་དྲུག་འདུག་སྟངས་བཞི་པ་ཅན།། ཕྱག་གཉིས་པདཱིའི་འཇོ་ཚུལ་ཅན།། གཡས་ན་བགྲང་འཕྲེང་རྡོ་རྗེ་འཆང་།། གཡོན་པས་ནུ་མ་འཛིན་པ་ལ།། རིལ་བ་སྤྱི་བླུགས་གསུམ་པ་ན།། ་གཟུགས་རྣམས་ཐམས་ཅད་འཕྲོ་མཛད་ཅིང་།། ཀུན་ནས་འོད་ཟེར་འཕྲེང་བ་ཅན།། ལག་ནས་མཚོན་ཤོར་འཇིགས་འཁྲུགས་པའི།། བགེགས་འགྱེལ་བ་ལ་ལྟ་བྱེད་པའི།། དེ་འདྲའི་ཚིག་གིས་ལམ་བསྒོམས ་ན། རིང་པོ་མི་ཐོགས་སངས་རྒྱས་འཐོབ།། རྣམ་པ་ཐམས་ཅད་ཀྱི་མཆོག་ཡངས་པ་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཟླ་བའི་གཟུགས་ལ་ཧཱུཾ་ཞེས་བྱ།། སེམས་ཀྱི ་རྡོརྗེ་བསྒོམ་པར་བྱ། ། མཐིང་ཤིང་བཟང་པོ་ལྟ་བུའི་མདོག། རྒྱན་རྣམས་ཀུན་གྱིས་རབ་ཀླུབས་པ།། ཅོད་པན་ལ་ནི་མི་འཁྲུགས་བཞུགས།། རིན་ཆེན་རྣམས་ཀྱིས་ཡོངས་སུ་བརྒྱན།། ཞལ་རས་གསུམ་ལྡན ་སྤྱན་གསུམ་པ། ། ཅུང་ཟད་བཞད་ཅིང་འཇོ་སྒེག་ཅན།། ཕྱག་བརྒྱད་ཀྱིས་ནི་བརྒྱན་པ་ལ།། རྡོ་རྗེ་དང་པོར་གསོར་བ་དང་།། གཉིས་པ་ན་ནི་རལ་གྲི་གདེངས།། ལྕགས་ཀྱུ་བཟང་པོ་གསུམ་པ་ན།། བཞི་པ་ཡིས་ནི ་མདའ་ཡང་གསོར། ། དེ་བཞིན་གཡོན་ན་དྲིལ་བུ་བསྣམས།། དེ་བཞིན་གཉིས་པས་ནུ་མ་འཁྱུད།། གསུམ་པ་ན་ནི་ཞགས་པ་སྟེ།། བཞི་པ་ལྷ་རྫས་གཞུ་ཡང་འཛིན།། རོལ་པའི་སྟབས་སུ་ལེགས་པར་བཞུགས། ་དེ་བཞིན་སངས་རྒྱས་སྤྲིན་གྱིས་འབར།། འདི་འདྲ་གང་ཞིག་རྟག་སྒོམ་པ།། དེ་ཡི་རྡོ་རྗེ་སེམས་བསྟན་ཞིག། རིང་པོར་མི་ཐོགས་བྱང་ཆུབ་ཐོབ།། རྒ་ཤི་རྣམས་ཀྱི་ཕ་རོལ་འགྲོ།། སེམས་ཅན་གྱི་སྟོབས་མཐའ་ཡས ་པ་རྫོགས་པར་བྱེད་པའི་ཏང་ངེ་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཏཱཾ་གི་ཡེ་ཤེས་ལས་བསྒྲུབས་པ།། རིན་པོ་འབྱུང་བའི་བདག་ཉིད་དེ།། ཞལ་རས་གསུམ་ལྡན་སྤྱན་གསུམ་པ། ་ཐོར་ཙུགས་ཅོད་པན་རྣམས་ཀྱིས་བརྒྱན།། བདེ་བ་ཆེན་པོ་ཁ་དོག་དམར།། ཏིང་འཛིན་ཕྱག་རྒྱ་རྣམ་པར་བཞུགས།། སེམས་དཔའི་སྐྱིལ་ཀྲུང་བཅས་པ་སྟེ།། ཕྱག་གཡས་ན་ནི་རྡོ་རྗེ་དང་།། གཡོན་པ་རིན་ཆེན ་ཡོངས་སུ་འཛིན། ། འོད་ཟེར་སེར་པོ་འཕྲོ་བ་ལས།། རིན་ཆེན་འབྱུང་བའི་སྤྲིན་ཆེན་ནམ།། བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས།། རིན་ཆེན་ཆར་གྱིས་རྒྱས་པར་བྱས།། རིན་ཆེན་མངོན་པར་ཐོབ་པའི་ཡེ་ཤེས ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཁཾ་གི་ཡེ་ཤེས་ལས་བསྒྲུབས་པ།། དོན་ཡོད་རྡོ་རྗེ་བསམ་པར་བྱ།། ཏིང་འཛིན་ཕྱག་རྒྱ་ལེགས་བཞུགས་པ།། མརྦད་ཏ་ཡི་འོད་ལྡར་འབར།། གཡས་པའི་ཕྱག་ན་རལ་གྲི་དང་། ་གསོན་པ་ཡིས་ནི་ལྕགས་ཀྱུ་ཉིད།། སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་ཞིང་།། ལེགས་པར་སྒྲུབ་ཕྱིར་སླར་ཡང་སྡུད།། འོད་ཟེར་ཆེན་པོས་རབ་གསལ་ཞིང་།། ཡེ་ཤེས་རྒྱ་མཚོའི་འོད་དང ་མཚུངས། ། འདི་འདྲ་རྟག་ཏུ་སེམས་བྱེད་པ།། ནམ་མཁའི་སྙིང་པོ་ཐུབ་པ་ཆེ།། འདུ་བྱེད་ཐམས་ཅད་སྤངས་པ་ཡི།། མཁའ་དང་མཉམ་པར་དེ་འགྱུར་རོ།། ནམ་མཁའི་སྣང་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ། ། ལ་ཡི་ཡེ་ཤེས་ལས་བསྒྲུབས་པ།། རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བརྒྱན།། ལྷ་མོ་སྤྱན་གསུམ་ཕྱག་བརྒྱ་པ།། ཞལ་གསུམ་གསེར་གྱི་མདོག་དང་མཚུངས།། སྒེག་པའི་ཆ་ལུགས་ལེགས ་འཆང་བ། ། ཅུང་ཟད་བཞད་པས་འདོད་ཆགས་མོ།། དང་པོའི་ཕྱག་ནི་མཆོག་སྦྱིན་མཛད།། དེ་བཞིན་གཉིས་པ་མི་འཇིགས་སྦྱིན།། ཕྱག་གསུམ་པ་ནི་རྡོ་རྗེ་སྟེ།། བཞི་པ་ན་ནི་མདའ་ཡང་གསོར།། གཡོན་པ ་སྡིགས་མཛུབ་ཞགས་པ་ཅན། ། རིན་ཆེན་སྙེམ་གཉིས་པ་ན།། གསུམ་པ་ན་ནི་བགྲང་འཕྲེང་སྟེ།། བཞི་པ་ག་ནུ་ཡིས་ལེགས་པར་བརྒྱན།། འོད་དམར་འོད་ཟེར་འཕྲེང་བ་ཅན།། ལྷ་རྣམས་འཇིགས་པས་སེམས་མྱོས ་ཏེ། ། ལག་པ་ཐལ་མོ་སྦྱོར་བས་བྱེད།། སངས་རྒྱས་རྣམས་ཀྱི་སྤྲིན་འབྲོ་བར།། ཡེ་ཤེས་རྡོ་རྗེ་སྤྱན་མ་པསམ།། བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི།། ལྷ་མོ་འདི་འདྲ་བ་སྒོམ་པར་བྱ།། ཡེ་ཤེས་སྤྱན ་གྱིས་སྣང་བར་བྱེད་པའི་རྡོ་རྗེ་འཇོ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། མ་ཡི་ཡེ་ཤེས་ལས་བསྒྲུབས་པ། རྡོ་རྗེ་རིགས་ཅན་མཱ་མ་ཀཱི།། ལྷ་མོ་ཞལ་གསུམ་ཕྱག་དྲུག་མ།། དགོད་ཅིང་ཞལ་རས་ཁྲོ་དང་བཅས། ་ཨུཏྤལ་སྔོན་པོའི་མདོག་འདྲ་བ།། འོད་དམར་ཤིན་ཏུ་འབར་བ་ཅན།། དང་པོ་མི་འཇིགས་སྦྱིན་པའི་ཕྱག། གཉིས་པ་ལེགས་པར་རྡོ་རྗེ་བསྡམས།། གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་སྡིགས་པའི ་མཛུམ་མོ་སྟེ། ། གཉིས་པ་ཞགས་པ་ལེགས་པར་བསྣམས།། གསུམ་པ་ཡིས་ནི་གཞུ་ཡང་འཛིན།། རྡོ་རྗེ་ཅན་མ་སྐུ་གསུམ་འཆང་།། དངོས་མེད་ངོ་བོ་མཚན་ཉིད་ཅན།། སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་བ།། འདི་འདྲ ་སྒོམ་པས་བསྒོམ་པར་བྱའོ། ། སྒྱུ་འཕྲུལ་འབྱུང་བའི་སྟོབས་ཀྱི་ཡེ་ཤེས་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། པ་ཡི་ཡེ་ཤེས་ལས་བསྒྲུབས་པ།། ཟླ་བའི་མདོག་དང་ལྡན་པའི་ཡུམ།། མིང་ནི་གོས་དཀར་ཅན་ཞེས ་བྱ། ། སྤྱན་གསུམ་དག་གིས་རྣམ་པར་བརྒྱན།། ཞལ་རས་གསུམ་པ་དགའ་མཛད་མ།། ཕྱག་དྲུག་མི་འཇིགས་སྦྱིན་མཛད་མ།། གཉིས་པ་ནི་ནི་རྡོ་རྗེ་སྟེ།། གསུམ་པ་མའ་ཡིས་རྣམ་པར་བརྒྱན།། གཡོན། ་པ་པདྨ་བསྣམས་པར་བྱ།། གཉིས་པ་ན་ནི་བགྲང་ནོར་འཕྲེང་།། གསུམ་པ་ན་ནི་གཞུ་བསྣམས་ཤིང་།། རོལ་པའི་སྟབས་སུ་ལེགས་པར་བཞུགས།། སངས་རྒྱས་གཟུགས་ནི་འཕྲོ་བར་མཛད།། པདྨའི་སྤྲིན ་གྱིས་རྒྱས་པར་བསྒོམ། ། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། རིན་ཆེན་སྐུར་ནི་བསྒོམ་པར་བྱ།། པདྨའི་གཟུགས་ཀྱིས་འཇོ་ཚུལ་སངས་རྒྱས་ཀྱིས་རྒྱལ་བ་འདྲེན་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་ཏ་ཡི་ཡེ་ཤེས་ལས་བསྒྲུབས་པ།། ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ཆེ།། འཇོ་སྒེག་ཆ་ལུགས་ལ་གནས་པ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་སེམས་དཔའི་སྐྱིལ་མོ་ཀྲུང་།། བཞད་པ་མརྒད་འོད་དང ་ལྡན། ། དང་པོ་མི་འཇིགས་སྦྱིན་པའི་ཕྱག། གཉིས་པ་ན་ནི་རྡོ་རྗེ་བསྣམས།། གསུམ་པ་ན་ནི་མདའ་ཡང་གསོར།། གཡོན་པ་སྡིགས་པའི་མཛུབ་མོ་སྟེ།། གཉིས་པ་ན་ནི་ཨུཏྤལ ་ཉིད། ། གསུམ་པ་ན་ནི་གཞུ་ཡང་འཛིན།། འོད་ཟེར་དམར་པོ་འབར་བ་ཅན།། སངས་རྒྱས་འཕྲོ་བས་རྒྱས་མཛད་པ།། དགའ་མཛད་སེམས་ཅན་ཀུན་གྱི་མ།། རྟག་པར་རྒྱུན་དུ་བསྒོམ་པར་བྱ།། སེམས་ཅན་ཐམས། ་ཅད་དབང་དུ་འགྲོ་ཞིང་དགའ་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྐྱེས་མཆོག་རྒྱལ་བས་གསུངས་པ་ཡི།། སེམས་མ་བཞི་ནི་བརྗོད་པའི་མིང་།། སེམས་མ་དང་ནི་རིག་ཆེན་མ།། ཆོས་མ ་རྡོ་རྗེ་ལས་མ་སྟེ། ། རོལ་པས་རྗེས་སུ་མཉེས་མཛད་མ།། དེ་དག་ཇི་ལྟར་རིགས་པར་སྒོམ།། དེ་དག་ཀྱང་ནི་བསྒོམས་པ་ཡིས།། རིང་པོར་མི་ཐོགས་བྱང་ཆུབ་ཐོབ།། སེམས་ཅན་རབ་ཏུ་དགའ་བྱེད་པའི།། ་འཕགས་མ་བཞི་ཡི་ཏིང་འཛིན་ཏོ།། ཙུ་གི་ཡི་གེ་ལས་བསྒྲུབས་པ།། མིང་ནི་སྐུལ་བྱེད་ཅེས་མའི་གཟུགས།། སྐུ་གསུམ་རྒྱལ་བ་བྱེ་བ་ཕྲག། བདུན་གྱིས་གསང་སྔགས་གླུ་ཡིས་བསྟོད།། ཡི་གེ་དགུ་པ ་ཐབས་དགུ་ཅན། ། ལྷ་དགུ་རྣམས་ཀྱི་གནས་ཀྱང་ཡིན།། ཞལ་གསུམ་སྟོན་ཀའི་འདམ་བུ་མདོག། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། ན་ཆུང་སྐལ་ལྡན་དང་ལ་བབ།། རིག་སྔགས་ཐམས་ཅད་སྒྲོལ ་མཛད་མ། ། དང་པོའི་ཞལ་ནི་ཅུང་ཟད་ཙམ།། བཞད་ཅིང་སྤྱན་གསུམ་ལྡན་པ་སྟེ།། གཡས་ཀྱི་ཞལ་ནི་རྣམ་གདངས་པ།། ཨུཏྤལ་སྔོན་པོ་འདབ་མིའི་འོད།། མཆེ་བ་ཟླ་བ་ཚེས་པ་བཞིན།། ལྕེ་ནི་གློག ་བཞིན་ལྕིབ་པར་མཛད། ། གཡོན་པ་ཁ་དོག་དམར་པོ་སྟེ།། ཚེམས་ཀྱིས་སྒྲོས་ནི་རྣམ་པར་མནན།། རོལ་པའི་སྟབས་སུ་ལེགས་པར་བཞུགས།། གདུ་བུ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་ཕྱག་ཉི་ཤུ་རྩ་དྲུག ་ལ་ཕྱག་གཉིས་རྩ་བའི་ཕྱག་རྒྱས་སྙིང་ཀའི་གནས་རྣམ་པར་བརྒྱན་པའོ། ། གཡས་པ་གཉིས་པ་ནི་མི་འཇིགས་པ་སྦྱིན་པའོ།། གསུམ་པ་ན་རལ་གྲིའོ།། བཞི་པ་ན་རིན་པོ་ཆེ་སྦྱིན་པའོ།། ལྔ་པ་ན་ཤིང ་ཐོག་བི་ཛ་པུ་ར་རོ། ། དྲུག་པ་ན་མདའ་གསོར་བའོ།། བདུན་པ་ན་དགྲ་སྟའོ།། བརྒྱད་པ་ན་དབྱུག་ཏོའོ།། དགུ་པ་ན་ཐོ་བའོ།། བཅུ་པ་ན་ལྕགས་ཀྱུའོ།། བཅུ་གཅིག་པ་ནི་རྡོ་རྗེའོ།། བཅུ་གཉིས ་པ་ནས་གོལ་གཏོག་པའོ། ། བཅུ་གསུམ་པ་ན་བགྲང་འཕྲེང་ངོ་།། གཡོན་པ་གཉིས་པ་ན་ཡིད་བཞིན་ནོར་བུའི་རྒྱལ་མཚན་ནོ།། གསུམ་པ་ན་པདྨའོ།། བཞི་པ་ན་རིལ་བ་སྤྱི་ཐུགས་སོ།། ལྔ་པ་ན་ཞགས ་པའོ། ། དྲུག་པ་ན་གནུའོ།། བདུན་པ་ན་མདུང་ཐུང་ངོ་།། བརྒྱད་པ་ན་འཁོར་ལོའོ།། དགུ་པ་ན་རུང་ངོ་།། བཅུ་པ་ན་སྡིགས་པའི་མཛུབ་མོའོ།། བཅུ་གཅིག་པཱ་ནཱ་བུམ་པ་བཟང་པོའོ།། བཅུ་གཉིས ་པ་ན་ཐག་མདུང་ངོ་། ། བཅུ་གསུམ་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། པདྨ་ལ་བཞུགས་བསྒོམ་པར་བྱ།། ལ་ཡི་ཞིང་ཅུང་བསྒོས་པ་ཡི།། སྟེང་དུ་རྦ ་གོས་གྱོན་པ་སྟེ། ། སྣ་ཚོགས་ཚོག་གུན་བཟར་གསོལ།། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་།། སངས་རྒྱས་རྣམས་ཀྱི་སྐུ་གཟུགས་འཕྲོ།། སུམ་ཅུའི་ལྷ་རྣམས་ལྟུང་བ་དང་།། བགེགས་རྣམས་ཤིན་ཏུ ་འཇིགས་སྐྲག་པར། ། ཐལ་མོ་སྦྱོར་བར་བྱེད་པ་སྟེ།། འདི་འདྲ་གང་ཞིག་རྟག་སྒོམ་ཞིང་།། བསྒྲིམས་ནས་གསང་སྔགས་བརྗོད་པ་དེས།། སངས་རྒྱས་ཉིད་དུ་ཐོབ་འགྱུར་ན། ་དངོས་གྲུབ་གཞན་ལྟ་ཅི་ཞིག་སྤྲོས།། ཏིང་འཛིན་ངོ་བོ་ཐོབ་འགྱུར་ཞིང་།། སྡིག་པ་ཀུན་ལས་རྣམ་པར་འགྲོལ།། རྒྱལ་བ་མཐར་ཡས་པའི་ཡེ་ཤེས་སྐུལ་བར་བྱེད་པའི་སྟོབས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི ་ཏིང་ངེ་འཛིན་ཏོ། ། ར་ཡི་ཡེ་ཤེས་ལས་བསྒྲུབས་པ།། རིན་ཆེན་སྒྲོལ་མ་ཞེས་བྱའི་གཟུགས།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་གསེར་གྱི་མདོག་དང་ལྡན།། ན་ཆུང་དར་ལ་བབ་པའི ་ཚད། ། ཞལ་ནི་ཅུང་ཟད་བཞད་པ་སྟེ།། ཕྱག་ནི་རིན་ཆེན་གདུ་བུས་གཏམས།། ཕྱག་གཉིས་རིན་ཆེན་ཐལ་མོ་སྟེ།། འོད་ཀྱི་དཀྱིལ་འཁོར་འཕྲེང་བ་འཁྲུག། གཡས་པའི་ཕྱག་ན་མི་འཇིགས་སྦྱིན།། ་གསུམ་པ་མདའ་ནི་རྣམ་པར་གསོར།། གཡོན་མཛུབ་མ་རུངས་རྣམས་ལས་སྡིགས།། གསུམ་པ་ཡིས་ནི་གཞུ་ཡང་འཛིན།། འོད་ཟེར་དམར་པོ་ལེགས་པར་འབར།། རོལ་སྟབས་ཐབས་ཀྱི་ཞབས་ཀྱིས ་གནོན། ། སངས་རྒྱས་སྤྲིན་ནི་འཕྲོ་ཞིང་སྡུད།། ཆོས་འཛིན་ཡིད་དུ་འོང་བ་ཡི།། ལྷ་མོ་འདི་འདྲ་བསྒོམ་པར་བྱ།། སངས་རྒྱས་རིན་ཆེན་སྤྲིན་གྱི་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་བྷྲཱུཾ་ཡི་ཡེ་ཤེས་ལས་བསྒྲུབས་པ།། འཇིགས་ལས་སྒྲོལ་བ་ཁྲོ་གཉེར་ཅན།། ཞལ་རས་གསུམ་པ་སྤྱན་གསུམ་པ།། སྟོན་ཀའི་ཟླ་བའི་འོད་དང་མཚུངས།། ཕྱག་དྲུག་པདྨ་ལ་བཞུགས་པ།། རོལ་པའི ་སྟངས་ལ་བརྩོན་པ་སྟེ། ། ཞལ་ནི་ཁྲོ་དང་བཅས་པར་བཞད།། ལེགས་པར་འབར་བའི་རྩེར་ལྷ་ཅན།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་བེ་ཅོན་འཛིན་པར་བཤད།། གསུམ་པ་ཡིས་ནི་མངའ་ཡང་གསོ། ་གཡོན་པ་སྡིགས་པའི་མཛུབ་མོ་ཅན།། གཉིས་པ་རིལ་བ་སྤྱི་བླུགས་བསྣམས།། གསུམ་པ་ན་ནི་མཚོན་ཆ་གཞུ།། སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་ཞིང་།། དེ་བཞིན་གཞན་དག་ལེགས་སྡུད་པའི།། ཉལ་དང ་འགྲེང་དང་འདུག་པ་དང་། ། ལྷ་མོ་འདི་འདྲ་རྟག་ཏུ་བསྒོམ།། འཇིགས་པ་ཐམས་ཅད་དམིགས་པ་མེད་པར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ། མིང་ནི་རྡོ་རྗེ་ལུ་གུ ་རྒྱུད། ། ཐམས་ཅད་འཚང་བ་བསྐྱེད་པ་སྟེ།། སེམས་ཅན་མ་རུངས་ཕུང་བར་བྱེད།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་སྔོ་བས་གཟུགས་བཟང་མ།། ཞལ་ནི་ཅུང་ཟད་བཞད་པར་མཛད།། ལག་པ ་གཡས་ན་རྡོ་རྗེ་སྟེ། ། གཉིས་པ་རྡོ་རྗེ་ལུ་གུ་རྒྱུད།། གསུམ་པ་ནི་ན་མདའ་ཡང་བསྣམས།། གཡོན་པ་སྡིགས་པའི་མཛུབ་མོ་སྟེ།། གཉིས་པ་ན་ནི་ཞགས་པར་གསུངས།། གསུམ་པ་གཞུ་ཡང་ཐོགས་པར་བརྩོན།། ་སངས་རྒྱས་རྣམས་ནི་སྤྲིན་འཕྲོ་བ།། རྡོ་རྗེ་ལུ་གུ་དྷཱད་བསྒོམས་ན།། བྱང་ཆུབ་སྐད་ཅིག་གིས་འཐོབ་ན།། དངོས་གྲུབ་གཞན་ལྟ་ཅི་ཞིག་སྤྲོས།། རྡོ་རྗེ་སྒྲོག་གི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་ཡི་ཡེ་ཤེས་ལས་བསྒྲུབས་པ། གྲུབ་པའི་སྐྱེས་མཆོག་བྱམས་པ་ནི།། ཞལ་རས་གསུམ་པ་སྤྱན་གསུམ་པ།། དེ་ཡི་འོག་ན་པདྨ་སྟེ།། སེམས་དཔའི་དཀྱིལ་མོ་ཀྲུང་དུ་བཅུགས།། ཕྱག་བཞི་དག་གིས་རྣམ་པར་བརྒྱམ། ་ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་བརྒྱན།། གཡས་པ་ཡི་ནི་ཕྱག་གཉིས་པ།། སེམས་ཅན་སྐྱོབ་པ་མཆོག་སྦྱིན་མཛད།། གཡོན་པ་ལྷ་རྫས་ཀླུ་ཤིང་གི། མེ་ཏོག་ཟེ་འབྲུའི་མགོ་ལྕོགས་བསྣམས། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། སྤྲིན་ཆེན་དེ་བཞིན་འཕྲོ་བར་མཛད།། བྱམས་པའི་སྟོབས་ཀྱི་ཡེ་ཤེས་ཀྱིས་རྡོ་རྗེ་རྣམ་པར་བརྒྱན་པའི་ཏིང་ངེ་འཛིན་ཏོ།། མུཾ་གྱི་ཡེ་ཤེས་ལས་བསྒྲུབས་པ།། གཞོན་ནུ་འཇམ་པ ་ཚིག་གི་ལམ། ། ཤེས་རབ་ཡེ་ཤེས་མཆོག་ཐོབ་པ།། ཟབ་མོ་ཚུལ་ནི་སྟོན་པ་པོ།། ཞལ་གསུམ་སྤྱན་གསུམ་ཟུར་ཕུད་གསུམ།། གཞོན་ནུ་རྒྱན་གྱིས་བརྒྱན་པ་སྟེ།། ཅོད་པན་བཟང་པོ་མོ་འཁྲུགས་ཅན།། མེ་ཏོབ་སྣ ་ཚོགས་རྣམས་ཀྱིས་ཀླུབས། ། འོག་ན་པདྨ་ཆེན་པོ་ལ།། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།། འཇོ་སྒེག་ཐབས་ཀྱིས་རོལ་པ་སྟེ།། ཞལ་ན་ཅུང་ཟད་བཞད་པ་ལ།། དཔའ་བོ་ཆེན་པོ་ཕྱག་དྲུག་པ།། དང་པོ་མི ་འཇིགས་སྦྱིན་པར་བྱ། ། གཉིས་པ་ན་ནི་རལ་གྲི་ཉིད།། གསུམ་པ་ན་ནི་མདའ་ཡང་གསོར།། དེ་བཞིན་གཡོན་པ་ཤེས་རབ་འཆང་།། གཉིས་པ་ན་ནི་ཨུཏྤལ་ཐོགས།། གསུམ་པ་ན་ནི་གཞུ་ཉིད་དོ།། ཤེས་རབ་ཡེ་ཤེས ་མཆོག་གིས་ཀླུབས། ། སངས་རྒྱས་རང་བཞིན་སྤྲིན་གྱི་བསྣམས།། འཕྲོ་བར་སངས་རྒྱས་འདོད་པས་བསྒོམ།། འཇམ་པ་མཆོག་གི་ཤེས་རབ་དང་ཡེ་ཤེས་ཀྱི་རྡོ་རྗེ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྤོས་ཀྱི་གྲ ་པོ་ཡེ་ཤེས་ཏོག། དེ་བཞིན་དུ་ནི་བཟང་སྐྱོང་དང་།། བློ་གྲོས་རྒྱ་མཚོ་བློ་གྲོས་ནི།། མི་ཟད་པ་དང་སྤོབས་བརྩེགས་ཉིད།། ངན་སོང་ཀུན་སྤོང་མཐུ་ཆེན་ཐོབ།། མྱ་ངན་ཀུན་མུན་འཇོམས་པའི་ཐོ།། ནོར་བཟང་དང་ནི་རྦ ་བའི་འོད། ། དེ་བཞིན་ཟླ་འོད་འོད་དཔག་མེད།། ནམ་མཁའི་མཛོད་དང་སྒྲིབ་ཀུན་སེལ།། དེ་ལྟར་དེ་སོགས་གྲངས་མེད་པའི།། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཀུན།། ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས།། ཡི་གེ ་ཕྱག་རྒྱའི་སྦྱོར་བ་ཅན། ། ཞལ་རས་གསུམ་པ་སྤྱན་གསུམ་པ།། སྣ་ཚོགས་ཐབས་ཀྱིས་རོལ་པར་མཛད།། བྱང་ཆུབ་སེམས་དཔའ་འདི་ཡི་རྒྱུ།། གསང་སྔགས་ཟློས་པར་བསྒོམ་པར་བྱ།། མདོག་ལྡན་འདུ་ཞིང་འཕྲོ་མཛད ་རྣལ་འབྱོར་ཅན་གྱིས་རྟག་ཏུ་བསམ། ། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ།། གཟི་བརྗིད་ལྡན་པ་འཇམ་དབྱངས་ཀྱི།། གཤིན་རྗེའི་དགྲ་ཞེས་རྣམ་གྲགས་པ།། བསྐལ་པའི་མེ་ལྟར་འབར་བ་སྟེ།། ཆར་སྤྲིན་གྱི་ནི་འོད་དང ་འདྲ། ། ནལ་དྲུག་པ་ལ་ཕྱག་དྲུག་པ།། དེ་བཞིན་ཞབས་དྲུག་མིའུ་ཐུང་འདྲ།། གསུས་ཁྱིམ་ཤིན་ཏུ་ཆེ་བ་སྟེ།། དོ་ནི་དྲག་པོ་ཆེན་པོ་ཡིན།། ལྗགས་འདྲིལ་རྡོ་རྗེ་མཆེ་བ་ཅན།། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་སྟེ། ་སྟག་ལྤགས་ཀྱི་ནི་ཤམ་ཐབས་བགོས།། རོལ་པའི་སྟབས་ཅན་མ་ཧེ་བཅིབས།། དེ་ཡི་འོག་ཏུ་པདྨ་བྱས།། མི་ཐོད་འཕྲེང་ཅན་སྐྲ་འཁྱིལ་བ།། ཨ་གཙེམ་སེར་ལ་སྒྲ་ཆེན་འབྱིན།། མགོ་ཡི་སྟེང་ན་མི་འཁྲུགས་པ། ་སྐུ་གསུམ་ལ་ནི་རྣམ་པར་བཅུགས།། འཇམ་པའི་དཔལ་གྱིས་རྣམ་པར་བརྒྱན།། དང་པོའི་གས་ནི་རྣམ་པར་བཞད།། གཡས་པ་ལྗགས་ནི་འདྲིལ་བ་སྟེ།། གཡོན་པའི་ཆོམས་ཀྱིས་སྒྲོས་མནན་མོ།། གཡས་པ ་ཕྱག་ན་རལ་གྲི་སྟེ། ། གཉིས་པ་ནནི་རྡོ་རྗེ་ཉིད།། གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་སྡིགས་མཛུབ་ནགས་པ་ཅན།། གཉིས་པ་ཡིས་ནི་ནུ་མ་འཛིན།། གསུམ་པ་གཙུན་བདུངས་པ་ཡིས།། ཤིན ་@ཏུ་ལེགས་པར་རྣམ་པར་བརྒྱན། ། ལྷ་མོ་མོས་ནི་གཡས་ནས་འཁྱུད།། གཉིས་པ་ན་ནི་ཨུཏྤལ་ཐོག། གཡོན་པ་ཟླ་བ་ལྟར་སྣང་བ།། པདྨ་དཀར་པོ་ཐོགས་པར་བྱ།། འོག་ཏུ་ལྔ་དང་བཅགས ་ཀྱི་རྣམས། ། སྔར་མཐེད་ནས་ཕྱག་ཀྱང་འཚལ།། འོད་ཟེར་དམར་པོ་འབར་དང་བཅས།། སངས་རྒྱས་སྤྲིན་རྣམས་འཕྲོ་ཞིང་སྡུད།། རྣལ་འབྱོར་ངག་གི་སྒོ་ནས་སུ།། བསྒྲིམས་ནས་གསང་སྔགས་བཟླས་པ་རེ། ་འདུག་དང་ཞལ་དང་འཆག་པ་ན།། ལེགས་པར་བསམས་ཏེ་ཀུན་ཟོས་ཤིང་།། འདོད་པ་ལྔ་ལ་ལོངས་སྤྱོད་ཀྱང་།། ནམ་མཁའ་ལྟ་བུར་གོས་མི་འགྱུར།། གཤེད་བྱེད་ཐམས་ཅད་རྨོངས་པར་བྱེད་པའི་ཡེ་ཤེས ་རྡོ་རྗེ་གཤིན་རྗེ་གསོད་པའི་འདུལ་བ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། པྲ་ཡི་ཡེ་ཤེས་ལས་བསྒྲུབས་པ།། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་གིས་ནི་རྣམ་པ ་བརྒྱན། ། མདོག་སེར་མེའུ་ཐུང་གཟུགས་ཅན་ལ།། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན།། པདྨ་ལ་བཞུགས་རོལ་པའི་སྟབས།། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་ལ།། དང་པོའི་ཞལ་ནི་རྣམ་པར་བཞད།། དེ་བཞིན ་གཡས་པ་རྣམ་པར་བསྒྱུར། ། གཡོན་པ་ཚེམས་ཀྱིས་སྒྲོས་ཀྱང་མནན།། སྣ་ཚོགས་ཚུལ་གྱིས་འབར་བ་སྟེ།། ལག་པ་གཡས་པ་རྡོ་རྗེ་ཐོགས།། གཉིས་པ་ན་ནི་དབྱུག་པ་སྟེ།། གསུམ་པ་ན་ནི་མདའ་ཡང་ཐོགས། ་གཡོན་པ་སྡིགས་མཛུབ་ཞགས་པ་ཅན།། གཉིས་པ་ཡིས་ནི་ནུ་མ་འཛིན།། གསུམ་པ་གཞུ་ཅན་ཡིན་པར་གསུངས།། སྤྱི་བོའི་སྟེང་ན་མི་འཁྲུགས་པ།། རིམ་བཞིན་འཕྲོ་ཞིང་སྡུད་པ་སྟེ།། འདི་འདྲ་གོམས ་པས་བསྒོམ་པར་བྱ། ། ཟློས་པས་སངས་རྒྱས་ཉིད་ཀྱང་འཐོབ།། གཞན་གྱིས་མི་ཐུབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧ་ཡི་ཡེ་ཤེས་ལས་བསྒྲུབས་པ། ལ་ལོ་པདྨ་མ ་ཞལ་རས་གསུམ་པ་སྤྱན་གསུམ་པ། ། ཁ་དོག་དམར་པོ་ཕྱག་བརྒྱད་སྤྱན།། སྐུ་ནི་སྦྲུལ་གྱིས་དཀྲིས་པ་སྟེ།། པདྨ་ལ་བཞུགས་རོལ་པའི་སྟབས།། ཁྲོ་བོ་ལྟ་བས་གཟིགས་མཛད་པ།། དང་པ་ཞལ་ནི་རྣམ་པ ་བཞད། ། གཡས་པ་ལྗགས་ནི་འདྲིལ་བ་སྟེ།། གཡོན་པ་ཚེམས་ཀྱིས་སྒྲོས་མནན་པ།། སྟག་ལྤགས་གསོལ་ཞིང་ཁྲོ་བ་ལ།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་ན་ནི་དབྱུག་ཏོ་གསུངས།། གསུམ ་ནིནི་ལྕགས་ཀྱུ་སྟེ། ། བཞི་པ་ན་ནི་མདའ་ཡང་གསོར།། གཡོན་པ་སྡིགས་པའི་མཛུབ་མོ་སྟེ།། གཉིས་པ་ཡིས་ནི་ནུམ་འཛིན།། གསུམ་པ་ན་ནཾ་པདྨ་སྟེ།། བཞི་པ་ན་ནི་གཞུ་ཉིད་དོ།། དེ་མ་ཅོསན ་འཁྲུགས་པ། ། སངས་རྒྱས་གཟུགས་ནི་མང་པོ་དག། འཕྲོ་ཞིང་འདུ་བར་བསྒོམས་བྱས་ན།། འགྲུབ་པར་འགྱུར་ཏེ་གཞན་དུ་མིན།། རྔ་མཆོག་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་གི་ཡེ་ཤེས་ལ ་བསྒྲུབས་པ། མིང་ནི་ཁྲོ་བོ་བགེགས་ཀྱི་གཤེད།། མི་ཡི་དཀྱིལ་བཞུགས་སྒྲུབ་པ་སྐྱོན།། ལག་ན་རྡོ་རྗེའི་རྗེས་འབྲངས་པ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། བགེགས་རྣམས་འཇོམས་མཛད་བྱ ་དྲུག་ཅན། ། དང་པོའི་ཞལ་ནི་གཞད་པ་སྟེ།། དེ་བཞིན་གཡས་པའི་ཞལ་གོདངས་པོ།། གཡོན་པ་ཚེམས་ཀྱིས་སྒྲོས་མནན་ཁྲོ།། ཨུཏྤལ་སྔོན་པོའི་འདབ་འདྲའི་མདོག། ཞབས་ཀྱིས་བགེགས་ན་མཚན ་པ་སྟེ། ། གཉིས་པ་པདྨའི་སྟེང་ན་བཞུགས།། གཡས་ཀྱི་ཕྱག་ན་རལ་གྲི་སྟེ།། གཉིས་པ་ན་ནི་དགྲ་སྟར་གསུངས།། གསུམ་པ་ཡི་ནི་མདའ་ཡང་གསོར།། གཡོན་པ་སྡིགས་མཛུབ ་ཞགས་པ་ཅན། ། དེ་བཞིན་གཉིས་པ་ནུ་མ་འཛིན།། གསུམ་པ་ན་ནི་གཞུ་ཡང་གསུངས།། སངས་རྒྱས་རང་བཞིན་སྤྲིན་འཕྲོ་བར།། ཡེ་ཤེས་མཁས་པས་བསྒོམ་པར་བྱ།། བགེགས་རྣམས་ཐམས་ཅད་འདྲལ ་ངའི་ཡེ་ཤེས་ཀྱི་རྡོ་རྗེས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ།། མི་གཡོ་བུས་པའི་གཟུགས་དང་ལྡན།། ཞལ་རས་གསུམ་པ་སྤྱན་གསུམ་པ།། གཞོན་ནུའི་རྒྱན་གྱིས ་བརྒྱན་པ་ལ། ། དང་པོ་ཞལ་ནི་བཞད་པ་སྟེ།། དེ་ཡི་གཡས་པའི་ཞལ་གདངས་པས།། ཁྲག་གིས་བརླན་པའི་ལྗགས་ཀྱང་འདྲིལ།། གཡོན་པ་ཚེམས་ཀྱིས་སྒྲོས་མནན་ཁྲི།། ཧཱུཾ་གིས་སྙིང་ཀའི་ཕྱོགས་ཀྱང་བཀའ།། ་མགྲིན་ཤུན་གྱི་ནི་མདོག་ཅན་ཏེ།། རིན་ཆེན་རི་སྟེངས་པདྨ་ལ།། རོལ་པའི་ཞབས་ཀྱི་སྟབས་སུ་བཞུགས།། ཐུབ་པ་བགེགས་ཀྱི་ཆུ་འཇིང་འཇོམས།། ཕྱག་དྲུག་འབར་བ་འཕྲོ་བ་ཡི།། འོད་བཟང་དམར་པོའི་དཀྱིལ་འཁོར ་ན། གཡས་པའི་ཕྱག་ན་རལ་གྲི་སྟེ།། གཉིས་པ་ན་ནི་རྡོ་རྗེར་གསུངས།། གསུམ་པ་མདའ་ནི་རྣམ་པར་གསོར།། གཡོན་པས་སྡིགས་མཛུབ་ཞགས་པ་ཅན།། གཉིས་པ་ཡིས་ནི་ནུ་མ་འཛིན།། གསུམ་པ་གཞུནི་བདུངས ་པ་ལ། ། ཆང་པས་བཟུང་སྟེ་ལྟ་བ་དང་།། སྣ་ཚོགས་མེ་ཏོག་གིས་བཅིངས་པའི།། ཅོད་པན་དང་ནི་དབུ་རྒྱན་ཐོགས།། ཟུར་ཕུད་གཡོན་པ་བུང་བའི་མདོག། མི་འཁྲུགས་པ་ཡིས་རྣམ་པར་བརྒྱན།། སངས་རྒྱས་རང་བཞིན ་སྤྲིན་དག་གིས། ། ཆོ་འཕྲུལ་ཆེན་པོ་དུ་མ་འགྲོ།། དེ་ལྟར་རྟག་ཏུ་རྣལ་འབྱོར་གང་།། སྒོམ་པས་སྒོམ་པར་བྱེད་པ་དེ།། བླ་ན་མེད་པའི་བྱང་ཆུབ་ཀྱི།། ཐེམ་སྐས་ལ་ནི་འཛེག་པར་འགྱུར།། དེ་བཞིན་གཤེགས་པ་ཐམས ་ཅད་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་མི་གཡོ་བའི་ཡེ་ཤེས་རྡོ་རྗེ་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ། མིང་ནི་འདོད་པའི་རྒྱལ་པོ་སྟེ།། ཞལ་རས་གསུམ་པ་སྤྱན་གསུམ་པ། ་ཕྱག་དྲུག་པ་ཞེས་བྱ་བར་བསྒྲགས།། དབུ་རྒྱན་སངས་རྒྱས་ཀྱིས་བརྒྱན་པའི།། ཐོར་ཙུགས་ཅོད་པན་བཟང་པོ་ཅན།། དང་པོའི་ཞལ་ནི་བཞད་པ་ལ།། གཡས་པ་ཡིས་ནི་རྣམ་པར་བསྒྱུར།། གཡོན་པ་ཚེམས་ཀྱིས ་སྒྲོས་མནན་ཁྲོ། ། དཔྲལ་བ་ཁྲོ་གཉེར་རིམ་པ་ཅན།། འབར་བ་ཆར་སྤྲིན་ལྟ་བུའི་མདོག། དཀྱིལ་འཁོར་དམར་པོ་འབར་བ་ཅན།། ཕྱག་གཉིས་འདོད་པའི་ཕྱག་རྒྱར་ལྡན།། གཡས་པ་ན་ནི་རྡོ་རྗེར་གསུངས།། གསུམ་པ ་མདའ་ཡིས་རྣམ་པར་རོལ། ། གཡོན་པ་ཡིས་ནི་ནུ་མ་འཛིན།། གསུམ་པོའི་ཕྱག་ན་གཞུ་ཡང་བསྣམས།། པདྨ་ལ་བཞུགས་རོལ་པའི་ཐབས།། འོག་ཏུ་བགེག་ཀྱང་རྣམ་པར་མནན།། སངས་རྒྱས་ལང་ལོང་འཕྲོ་མཛད་པ ་ཏིང་ངེ་འཛིན་གྱིས་བསྒོམ་བྱས་ན། ། བླ་ན་མེད་པའི་ཡེ་ཤེས་འཐོབ།། སྙིང་ཐམས་ཅད་འགུགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ།། ལོ་ན་ལྡན ་པོ་ཅན། ། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་གིས་ནི་རྣམ་པར་བརྒྱན། དང་པོའི་ཞལ་ནི་འཇོ་སྐྲག་བནད།། དེ་བཞིན་གཡས་པ་རྣམ་པར་གདངས།། གཡོན་པ་ཆོམས་ཀྱིས་སྤོས་ཀྱ་ཀཱ ་@#། ཆུ་འདྲ་བ་སྟེ།། ལུས་ནི་སྦྲུལ་གྱིས་རྣམ་པར་བརྒྱན།། སྣ་ཚོགས་ལྕང་ལོར་འཁྱིལ་བ་སྟེ།། དབུ་རྒྱན་ལ་ནི་སངས་རྒྱས་བཅུགས།། པདྨ་ལ་བཞུགས་རོལ་སྟབས་ཅན།། གཡས་པའི་ཕྱག་ན་། ་སྟེ།། གཉིས་པ་ན་ནི་བེ་ཅོན་ཉིད།། གསུམ་པ་མཚོན་ཆ་མདའ་དང་ལྡན།། གཡོན་པ་སྡིགས་མཛུབ་ཞགས་པ་སྟེ།། གཉིས་པ་ཡིས་ནི་ནུ་མ་འཛིན།། གསུམ་པ་ན་ནི་གཅུ་ཉིད་བསྣམས།། དཀྱིལ་འཁོར་དམར་པོ་འཕར ་པབཅན། ། སྦྱོར་བའི་ཡེ་ཤེས་ཀྱིས་བསྐྲུན་པའི།། སངས་རྒྱས་སྤྲིན་ནི་རྟག་ཏུ་འཕྲོ།། བགས་ཀྱིས་རྟོགས་པའི་ཡེ་ཤེས་རྡོ་རྗེས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་ཞེས་གསུངས་པའི་ཁྲོ་བོ་ནི།། ཡེ་ཤེས ་དམ་པ་སྟོབས་པོ་ཆེ། ། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། སྤྲིན་གྱི་ཁ་དོག་འདྲ་བ་སྟེ།། སྦྲུལ་གྱི་བརྒྱན་གྱིས་རྣམ་པར་བརྒྱན།། མིག་དམར་སྐྲ་འབར་གྱེན་དུ་བརྫེས། ་མགོ་བོ་ས་ནི་མི་འཁྲུགས་བཞུགས།། དང་པོའི་ཞལ་ནི་རྣམ་པར་བཞད།། དེ་བཞིན་གཡས་པ་རྣམ་པར་གདངས།། གཡོན་པ་ཚེམས་ཀྱིས་སྒྲོས་མནན་པ།། པདྨ་ལ་བཞུགས་འགྱིང་བག་ཅན།། དྲག་པོའི་ཚམ་རྔམ ་སྟང་སྟབས་ཅན། ། ཕྱོགས་བཅུའི་ལྷ་རྣམས་ཕུང་བར་མཛད།། འབར་བ་རྣམས་ཀྱིས་ཡོངས་བསྐོར་བའི།། ཉི་མའི་དཀྱིལ་འཁོར་ནང་ན་བཞུགས།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་བེ་ཙན་ཐོགས ་པར་མཚོན། ། གསུམ་པ་ཡིས་ནི་རལ་གྲི་གདེངས།། བཞི་པ་མདའ་ཡིས་རྣམ་པར་བརྒྱན།། གཡོན་པ་སྡིགས་མཛུབ་ཞགས་པ་ཅན།། གཉིས་པ་ཡིས་ནི་ནུ་མ་འཛིན།། གསུམ་པ་ན་ནི་ཐོ་བ་ཉིད།། ཕྱག ་བཞི་པ་ནི་གཞུ་ཅན་ལ། ། སངས་རྒྱས་རང་བཞིན་སྤྲིན་འཕྲོ་བ།། སྒོམ་པ་མཆོག་གིས་བསྒོམ་པར་བྱ།། གནོལ་བ་མེད་པའི་ཡེ་ཤེས་རྡོ་རྗེའི་སྟོབས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྷྲཱུཾ་གི་ཡེ ་ཤེས་ལས་བསྒྲུབས་པ། ། གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ།། སྐུ་གསུམ་ལྡན་པ་ཞལ་རས་གསུམ།། གསེར་གྱི་མདོག་ཅན་འོད་བཟང་བ།། འདོམ་གང་འོད་ཀྱིས་རྣམ་པར་བརྒྱན།། ཏིང་འཛིན་ཕྱག་རྒྱར་རྣམ་པར ་གནས། ། རིན་ཆེན་རི་སྟེངས་པདྨ་ལ།། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས།། རིགས་ཀྱི་ཡུམ་ནི་བཞི་པོ་རྣམས།། གཟུགས་དང་ཡན་ལག་ཀུན་མདངས་ཅན།། ཞལ་རས་འཇོ་སྒེག་ཚུལ་གྱིས་བརྒྱན།། གོས་དང་རྒྱན་གྱིས ་ཀླུབས་པ་སྟེ། ། ཆགས་ཕྱིར་སྤྲོ་བའི་རྩོལ་བ་ཅན།། ཕྱག་རྒྱ་རིན་ཆེན་སྙེ་མ་དང་།། རྡོ་རྗེ་པདྨ་ཨུཏྤལ་ལྡན།། ལྷ་མོ་སོ་སོའི་ཕྱོགས་ན་བཞུགས།། གཙུག་ཏོར་འོད་ཟེར་ལྔ་པ་ཅན།། ཀུན་ཏུ་འཁོར་ལོའི་འཕྲེང ་བ་དང་། ། འཁོར་ལོའི་བར་ན་རྡོ་རྗེ་གནས།། འོད་ཟེར་འཕྲེང་བས་རྣམ་པར་བརྒྱན།། སངས་རྒྱས་རང་བཞིན་སྤྲིན་འཕྲོ་བས།། ནམ་མཁའ་ཐམས་ཅད་འགེངས་པར་མཛད།། བྱང་ཆུབ་སྙིང་པོ་དོན་གཉེར ་བས། ། འདི་འདྲ་འཁོར་ལོ་ཅན་བསྒོམ་ཞིང་།། བསྒྲིམས་ནས་རྣལ་འབྱོར་བསྒོམས་པ་ཡིས།། རིང་པོ་མི་ཐོགས་འདོད་པ་འཐོབ།། བྱང་ཆུབ་སྙིང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་ཛཾ་གྱི་ཡེ་ཤེས་ལས་བསྒྲུབས་པ།། གནོད་སྦྱིན་གནོད་གནས་སྐུ་གསུམ་ཅན།། ཞལ་རས་གསུམ་པ་ཕྱག་གཉིས་ན།། བཱི་ཛ་པུ་རི་ནེའུ་ལེ་ཅན།། པདྨའི་གདན་ལ་བཞུགས་པའམ།། ཡང་ན་བཟང་པོའི་འདུག་སྤངས ་གནས། ། ངོས་ན་རྒྱན་རྣམས་ཐམས་ཅད་ཀྱིས།། བརྒྱན་པའི་གནོད་སྦྱིན་མོ་བཞི་དག། རིན་ཆེན་ཆར་པ་འབེབས་པར་བྱེད།། མག་ཟའི་སྟེང་ན་སངས་རྒྱས་ལྔ།། དེ་ཡི་ཅོད་པན་བཟང་། ་པོ་ཡི།། གཡོན་ཕྱོགས་རྩེ་བྲན་རྒྱན་ཡང་ཆགས།། སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་ཞིང་།། རིན་ཆེན་ཆར་པ་འབེབས་པར་མཛད།། གང་ཞིག་ནོར་རྫས་འདོད་པ་ཡིས།། གནོད་གནས་འདི་འདྲ་བསྒོམས་བྱས་ན།། ་དེ་ཡིས་ས་ཆེན་རོར་རྫས་ཀྱིས།། རིང་པོར་མི་ཐོགས་གང་བར་འགྱུར།། ལག་ན་རྡོ་རྗེས་བདུད་རྩི་ཡི།། ཆུ་ཡང་རྟག་ཏུ་འབུལ་བར་བྱ།། རིན་པོ་ཆེ་སྤྲིན་སྦྱིན་པའི་ཆར་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང ་ངེ་འཛིན་ཏོ། ། མ་ཡི་ཡེ་ཤེས་ལས་བསྒྲུབས་པའི།། ཉི་མའི་འོད་ལྟར་འོད་ཟེར་ཅན།། རྟ་བདུན་ལྡན་པའི་ཤིང་རྟང་བཞུགས།། འབར་བའི་ལག་འཁྱོར་སྣང་མཛད་པ།། ཞལ་རས་གསུམ་པ་སྤྱན་གསུམ་ལྡན།། ་ཕྱག་དྲུག་ཁ་དོག་སེར་པོར་སྣང་།། ཕྱོགས་བཅུ་བསྲུང་བར་བརྩོན་པ་སྟེ།། འཇོ་སྒེག་ཚུལ་དུ་ཞལ་ཡང་བཞད།། ན་ཆུང་རྒྱན་ནི་གཡོ་བ་ཅན།། ཅོད་པན་རྫོགས་པའི་སངས་རྒྱས་ལྔ།། ཐོར་ཙུགས་མེ་ཏོག་རྣམས་ཀྱིས ་བརྒྱན། ། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་ན་ནི་ཁབ་སྐུད་བསྣམས།། གསུམ་པ་ན་ནི་མདའ་ཡང་གསོར།། གཡོན་པ་སྡིགས་མཛུབ་ཞགས་པ་ཅན།། གཉིས་པ་ཨ་ཤྭའི་ཡལ་ག་སྟེ།། གསུམ་པ་ནི་ནི ་གཞུ་ཉིད་དོ། ། གཟུགས་བརྙན་མང་པོ་འཕྲོ་བ་ཡིས།། སྡང་བའི་སེམས་ཅན་བཅིང་བ་དང་།། མིག་དང་ཁ་ནི་འདྲུག་པར་བྱེད།། གསང་སྔགས་བཟླས་བརྗོད་འབད་པ་དག། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། ་ལྷ་མོ་ཧཱུཾ་མཛད་བསྒོམ་པར་བྱ།། འདི་ནི་སྒོམ་པར་བྱེད་པ་ཡིན།། དབང་དུ་སེམས་ཅན་རབ་ཏུ་འགྲོ།། སྤང་བ་རྣམས་ཀྱིས་མི་ཚུགས་པར་བྱེད་པའི་རྡོ་རྗེ་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། པ་ཡི་ཡེ་ཤེས་ལས ་བསྒྲུབས་པའི། ། རིག་པའི་རི་ཁྲོད་ཤིང་ལོ་ཅན།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཞལ་རས་བཞད་ཅིང་ཁྲོ་དང་བཅས།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། ན་ཆུང་གཞོན་ནུ་ཕྱག་དྲུག་མ། ་གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་ནི་ནི་དགྲ་སྟ་ཉིད།། གསུམ་པ་མདའ་ཡང་རྣམ་པར་གསོར།། གཡོན་པ་སྔགས་མཛུབ་ཞགས་པ་ཅན།། གཉིས་པ་ཤིང་ལོའི་བམ་པོ་སྟེ།། ཕྱག་གསུམ་པ་ན་གཞུ ་ཉིད་དོ། ། ཐོར་ཙུགས་མེ་ཏོག་འཕྲེང་བས་བརྒྱན།། དེ་སྟེང་ཁ་དོག་ལྔ་པོ་དག། རབ་ཏུ་འདྲེས་པའི་སངས་རྒྱས་བཞུགས།། མདོག་སེར་པདྨའི་གདན་ལ་བཞུགས།། དཀྱིལ་འཁོར་དམར་པོ་ཆེར་འབར ་བ། ། ཁྲོ་བོའི་སྤྲིན་འཕྲོ་སྡུད་མཛད་ཅིང་།། གནོད་གང་སྐྱེད་དགུའི་ནང་གནས་པ།། དེ་དག་ཁྲོ་བོའི་མེས་ཀྱང་སྲེག། ཕྱིར་ཡང་བསྲེགས་ནས་སངས་རྒྱས་ཀྱིས།། ཁ་དོག་བདུད་རྩི་ཆར་འབེབས་མཛད ་དེ་འདྲ་རྣལ་འབྱོར་གྱིས་བསྒོམས་ནས། ། མིངས་ཐམས་ཅད་ཞི་བར་མཛད།། ནད་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཛ་ཡི་ཡེ་ཤེས་ལས་བསྒྲུབས་པ། ་རིག་སྔགས་མཚན་ནི་དུག་སེལ་མ།། སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན།། ནོར་བུ་འབར་བས་བརྒྱན་པ་སྟེ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། གཞོན་ནུར་མཚན་ནི་འབར་བ་ཅན།། བཞད་ཅིང ་ཁྲོ་དང་བཅས་པ་སྟེ། ། སྦྲུལ་གྱི་སྐ་རགས་དག་གིས་བརྒྱན།། ཕྱག་དྲུག་རོལ་པའི་སྟང་སྟབས་ཅན།། མགོ་ཡི་སྟེང་ན་མི་འཁྲུགས་བཞུགས།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ། ་གཉིས་པ་རལ་གྲི་ཐོགས་པར་བརྩོན།། ཕྱག་གསུམ་པ་ནི་གར་ཐབས་ཀྱིས།། སྟང་སྟབས་ཚུལ་གྱིས་མདའ་ཡང་གསོར།། གཡོན་པ་སྡིགས་མཛུབ་ཞགས་པ་ཅན།། གཉིས་པ་དྲུག་གི་མེ་ཏོག་ཅན།། ཕྱག ་གསུམ་པ་ནི་གཞུ་ཉིད་དོ། ། དབུ་རྒྱན་མེ་ཏོག་རྣམས་ཀྱིས་བརྒྱན།། གསེར་མདོག་པདྨའི་གདན་ལ་བཞུགས།། འོད་ནི་དམར་པོ་དཀྱིལ་འཁོར་ཅན།། ཛཾ་རྣམས་འཕྲོ་བས་བསྐོར་བ་སྟེ།། ཀུན་ནས་འབར་བ་རྣམ ་ཀྱིས་ཁེབས། ། སངས་རྒྱས་གཟུགས་བརྙན་འཕྲོ་བ་ཅན།། ཕྱག་བཟང་བུམ་པ་ཟླ་འདྲ་བའི།། ཁ་ནི་ཛ་ཡིས་རྣམ་བརྒྱན་པས།། དུག་གིས་ཕོག་པ་རྣམས་ལ་ལྡུགས།། རྟག་ཏུ་སྐུ་གསུམ་དུག་སེལ་མ།། ་དུག་གིས་ཕོག་པ་རྣམས་ལ་བསྒོམ།། དེ་ལྟར་བསྒོམ་པ་བྱས་པ་ཡིས།། རིང་པོར་མི་ཐོགས་བྱང་ཆུབ་འཐོབ།། ཉོན་མོངས་རྣམས་ཀྱི་དུག་སེལ་བ།། གདེངས་ཀའི་དབང་པོ་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི ་། ཏིང་ངེ་འཛིན་ཏོ།། ཏྲི་ཡི་ཡེ་ཤེས་ལས་བསྒྲུབས་པ།། སྐུ་ཆེན་ཧ་ལ་ཧ་ལ་སྟེ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཐོར་ཚུགས་ཅོད་པན་རྣམས་ཀྱིས་བརྒྱན།། ཟླ་བ་ཚེས་པ་བསྣམས་པའི་ལྷ།། དབུ་རྒྱན ་ཐོད་པ་དག་གིས་བརྒྱན། ། བོར་ཙུགས་རྒྱལ་པོའི་སྐུ་གཟུགས་བཞུགས།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། པདྨ་དཀར་པོ་ལྟ་བུར་སྣང་།། སེམས་སྟོབས་ལྡན་པའི་འཇོ་ཚུལ་ཅན།། ཕྱག་བརྒྱད་ཞལ་ཡང ་བཞད་པ་སྟེ། ། སྨད་གཡོགས་སྟག་གི་པགས་པ་མནཔས།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་བགྲང་ནོར་འཕྲེང་བ་ཅན།། གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་པདྨས་རྣམ་པར་བརྒྱན ་གཉིས་པ་ཡིས་ནི་ནུ་མ་འཛིན། ། གསུམ་པ་ན་ནི་གཞུ་ཉིད་དོ།། གཡས་པ་མདུང་རྩེ་གསུམ་པ་ལ།། སྦྲུལ་གྱིས་ཡོངས་སུ་དཀྲིས་པ་སྟེ།། གཡོན་ན་ཐོད་པ་དྲི་ཞིམ་པའི།། མེ་ཏོག་སྣ་ཚོགས་ཀྱིས་བཀང་བ།། ་པདྨ་དམར་པོ་ལ་བཞུགས་པ།། རོལ་པའི་སྟང་སྟབས་ཚུལ་དུ་གནས།། རིན་ཆེན་རི་པུག་ནང་བཞུགས་པར།། རྣལ་འབྱོར་སེམས་དཔས་བསྒོམ་པར་བྱ།། སངས་རྒྱས་རང་བཞིན་གཟུགས་དང་ནི།། ཆོ་འཕྲུལ་ཆེན ་པོ་སྣ་ཚོགས་འབྱུང་། ། རྣམ་པར་མི་རྟོག་ཏིང་འཛིན་གྱིས།། ཁ་ཟས་ཐམས་ཅད་ཟ་བྱེད་ཅིང་།། ནང་གིས་སྔགས་པས་སྔགས་བརྗོད་ཅིང་།། རིམ་བཞིན་རྣལ་འབྱོར་གྱིས་བསྒོམས་ན།། བྱང་ཆུབ་མྱུར་དུ་ཐོབ ་འགྱུར་ཞིང་། ། བླ་ན་མེད་པའི་བདེ་བ་འདྲེན།། འདོད་པ་ཐམས་ཅད་རང་བསྒྲུབས་པ།། ཧལ་ཧལ་ཡོངས་སུ་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ས་ཡི་ཡེ་ཤེས་ལས་བསྒྲུབས་པ།། ་སྟོང་ཆེན་རབ་ཏུ་འཇོམས་མཛད་པའི།། ལྷ་མོ་ནད་ཀུན་འཕྲོག་མ་སྟེ།། སྡང་བའི་སེམས་ཅན་འཇོམས་མཛད་མ།། ཕྱག་སྟོང་ལྡན་ཞིང་དབུ་སྟོང་ལ།། སྤྱན་གསུམ་དག་གིས་རྣམ་པར་བརྒྱན།། བརྩོན་ཆེན་ཕྱག ་བརྒྱད་ཁྲོ་བ་དང་། ། སྟེག་པའི་འཐབས་ཀྱིས་དགོངས་པ་ཅན།། ཕྱག་གཡས་མཆོད་སྤྲིན་ལྷ་རྫས་ཀྱི།། རལ་གྲི་ལྕགས་ཀྱུ་མདའ་དང་ལྡན།། ཕྱག་གཡོན་པདྨོ་རྡོ་རྗེ་ནོར།། ཞགས་པ་གཞུ་དང་སྟ་ར་ཅན།། ་མདོག་དམར་ཞལ་རས་བཞི་པ་སྟེ།། བགེགས་སྟོང་འཇོམས་པར་མཛད་པ་ཡིན།། རང་གི་རྣལ་འབྱོར་ལ་བརྩོན་པས།། ནམ་མཁའི་མཐར་གཏུགས་འཇུག་ཅིང་སྤྲོ།། གླང་པོཿ ་དང་སྐྱེས་པ་དག། ཟ་བར་མཛད་མ་འཕྲེང་བ་ཅན།། དེ་ཡི་ལས་ཀྱིས་བསྐུལ་བ་ཡི།། གསང་སྔགས་དཔའ་བོས་གདོན་པར་བྱ།། རྣལ་འབྱོར་དབང་ཕྱུག་ལས་འདོད་པས།། འདི་བྱས་པས་ནི་སྲུང་བར་འགྱུར།། ་དཔུང་ཆེན་པོ་ལ་རྣམ་པར་ལྟ་བ་ཐམས་ཅད་སྲུང་བ་སྟོབས་ཀྱི་མཆོག་སྟོང་ཆེན་པོ་རྣམ་པར་འཇོམས་པའི་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཛྷ་ཞེས་བྱ་བས་བསྐྱེད་པའི་སྡིགས་པའི ་མཛུབ་མོའི་ཕྱག་རྒྱ་ཅན་དྲག་མོ་ཆེན་མོ་ཞལ་སོན་པ། ། སྤྱན་གསུམ་དང་ཕྱག་བརྒྱད་ཀྱིས་རྣམ་པར་བརྒྱན་པ་ལ།། རལ་གྲི་དང་། གཏུན་ཤིང་དང་། འཁོར་ལོ་དང་། མདའ་བསྣམས་པ། མདུང་རྩེ་གསུམ་པ ་དང་། རྡོ་རྗེ་དང་། གཅུ་དང་། ཆོམ་རྐུན་མཛུབ་མོས་སྡིགས་པ་སྟེ།། རྡོ་རྗེ་རོ་ལངས་འབྱུང་བ་དག། མཐོང་བས་དཔུང་རྣམས་བཅོམ་གཏོར་བས།། ལྷ་མོ་རྟག་ཏུ་བསྒོམས་ན་ནི།། རིང་པོར་མི་ཐོགས་བྱ ་ཆུབ་འཐོབ། ། འཇིག་རྟེན་གསུམ་རྣམ་པར་འཇོམས་པ་ལ་མཁས་པ་མཆོག་གི་རྩེ་མོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མ་ཡི་ཡེ་ཤེས་ལས་བསྒྲུབས་པ།། སྟོབས་མོ་ཆེ་ཕ་རོལ་གནོན་པར་མཛང་མ་སྤྱན ་གསུམ་དང་ཕྱག་བརྒྱད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡས་ན་རལ་གྲི་དང་། འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། མདའ་དང་། ཕྱག་གཡོན་ན་རྡོ་རྗེ་དང་། ཞགས་པ་དང་། དགྲ་སྟོང ་གཞུ་བསྣམས་པ་དང་། སྡང་བའི་བགེགས་རྣམས་ལྟུང་བར་མཛད་པར་བྱའོ།། བུ་མི་འཚོ་དང་མོ་གཤམ་དག། གསང་བའི་དཀྱིལ་འཁོར་བཅུག་ནས་སུ།། ལྷ་རྣམས་ཀུན་གྱི་བུམ་པ་ཡིས།། སློབ་དཔོན ་གྱིས་ནི་དབང་བསྐུར་ཞིང་། ། དེ་ཡི་མངལ་དུ་བྱིས་པ་ནི།། འཇམ་པའི་གཟུགས་ཅན་འཇུག་པར་བསམ།། ཞགས་པའི་ཕྱག་རྒྱས་མཚན་ངན་ནས།། སྐྱེས་པ་གཟུགས་ཅན་འབྱུང་བ་དང་།། དྲན་པ་ཡིས ་ནི་བྲལ་ནས་ཀྱང་། ། མངལ་ནི་བསོད་ནམས་དག་གིས་སྤེལ།། མངལ་ཐམས་ཅད་རྣམ་པར་ལྟ་བ་སོ་སོར་འབྲང་མའི་ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བ་ཡི་ཡེ་ཤེས་རལ་པས ་བསྐྲུན། ། ལྷ་མོ་ནོར་གྱི་བློ་གྲོས་མ།། གཟི་བྱིན་གསེར་གྱི་མདོག་ཅན་ལ།། ཕྱག་དྲུག་ལང་ཚོ་དར་ལ་བམ།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། འཇོ་སྒེག་ཟབས་བཅས་འབར་བ་སྟེ།། དེ་ཡི་ཕྱག་གཡས ་མཆོག་སྦྱིན་མཛད། ། གཉིས་པ་འབྲུ་ཡི་སྐེ་མ་ཅན།། གསུམ་པ་ཡིས་ནི་མདའ་ཡང་གསོར།། ཕྱག་གཡོན་ཡིད་བཞིན་ནོར་བུ་དང་།། རིན་ཆེན་ཆར་འབེབས་གཟུ་ཡང་འཛིན།། གྲོགས་མོའི་སྐྱེ་བོས་ཡོངས ་བསྐོར་ཅིང་། ། མངག་གཞུག་གནོད་སྦྱིན་མོ་ཡི་གཟུགས།། རིན་ཆེན་ཆར་པ་འབེབས་པ་དང་།། ནོར་ཀུན་གྱི་ནི་ཆར་པ་དག། འབེབས་པར་བྱེད་པ་བསམ་པར་བྱ།། ནོར་གྱི་བློ་གྲོས་ཆེན་མོ་འདི།། དེ་ལྟར ་སྔགས་པས་བསྒོམས་ན་དེ། ། དཔག་ཚད་བདུན་ནི་རྒྱས་པར་ཡང་།། ནོར་གྱི་ཆར་གྱིས་ཁྱབ་པར་མཛད།། བྱང་ཆུབ་སྦྱིན་མཆོག་དམ་པ་མ།། དེ་ལྟར་རྣལ་འབྱོར་བདག་ཉིད་སྒོམ།། ནོར་གྱི་རྒྱུན་གྱི་ཆར ་རབ་ཏུ་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། བ་ཡི་ཡེ་ཤེས་ལས་བསྒྲུབས་པ།། སྲིན་མོ་འབར་བའི་གློག་འཕྲེང་ཅན།། མིང་ནི་དངུལ་དཀར་ལས་སྐྱེས ་མོ། ། སྟོབས་མོ་ཆེལ་ཕ་རོལ་གནོན།། གསུས་འཕྱང་མོ་ལ་མཆེ་གཙིགས་མ།། སྐྲ་སེར་མོའམཁམ་པ་གྱེན་དུ་བརྫིས་པ།། ཐོར་ནུགས་དང་ཅོད་པན་གྱིས་བརྒྱན་པ། སྤྱི་བོ་ལ་མི་འཇུགས་པ་བནུས ་པ། ། ཕྱག་བཅོ་བརྒྱད་པ། མགོ་བཅུ་གཉིས་པ། སྤྱན་གསུམ་གསུམ་ཅན། ཐོད་པའི་འཕྲེང་བ་དང་ལྡན་པ། དྲག་མོ་ལག་ན་ཁྲག་གིས་བཀང་བའི་ཐོད་པ་ཐོགས་པ། སྨད་གཡོག་སེང་གེའི ་པགས་པས་གཡོགས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། རལ་གྲི་དང་། ལྕགས་ཀྱུ་དང་། འཁོར་ལོ་དང་། གཏུན་ཤིང་དང་། མདུང་རྩེ་གསུམ་པ་དང་། དྲིལ་བུ་དང་། བ་དན་དང་། ་ལྟལྷག་དབྱུག་དང་། མདུང་དང་། མཆོག་སྦྱིན་པ་དང་། གཞུ་དང་། མདའ་དང་། མདུང་ཐུང་དང་། བེ་ཅོན་དང་། ཞགས་པ་དང་། དགྲ་སྟ་དང་། ཐོ་བ་ཐོགས་པ། ལུས་ཀྱི་རྒྱན་ཐམས ་ཅད་ཀྱིས་བརྒྱན་པ། མདོག་གནག་པ། པདྨའི་གདན་ལ་རོལ་པའི་སྟབས་སུ་བཞུགས་པ། སྡང་བ་དང་འདུལ་བ་ཞེས་བརྗོད་པ་འདི་ལྟ་བུ། རྟག་ཏུ་ཧཱུཾ་གིས་ཧཱུཾ་མཛད་པ།། བཟླས་བརྗོད་ཡང ་དག་ལྡན་པར་བསྒོམ། ། སེམས་ཅན་ཀུན་དོན་ཚོགས་པ་ཡི།། བྱང་ཆུབ་རིང་པོར་མི་ཐོགས་འཐོབ།། སེམས་ཅན་ཐམས་ཅད་འཆིང་བར་བྱེད་པའི་མཆོག་རང་བྱང་ཆུབ་ཀྱི་སྙིང་པོར་རྣམ་པར་རྒྱལ་བའི ་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཀྵིཾ་ཞེས་བྱ་བས་བསྒོམས་པའི་གཟུགས།། རྒྱན་རྣམ་ཀུན་གྱིས་བརྒྱན་པ་སྟེ།། ན་ཆུང་གཞོན་ནུ་འཇོ་ཚུལ་ཅན།། མགོ་བོ་སྒྲ་ཚུགས་ཕྱེད་དུ་གཟུང་།། ་དེ་བཞིན་དུ་ནི་སྟོད་གཡོགས་ཀྱང་།། ལ་དཀར་སེང་བ་བགོས་པ་སྟེ།། དེ་ལ་ཁ་དོག་ལྔ་པ་ཡི།། མེ་ཏོག་འཕྲུལ་པ་རྣམས་ཀྱིས་བརྒྱན།། གསེར་གྱི་མདོག་ཅན་བཞིན་འཛུམ་པ།། ཕྱེད་བཟུང ་བས་ནི་རྣམ་པར་རོལ། ། དཔག་བསམ་ཤིང་གིས་བརྒྱན་པ་ཡི།། རིན་ཆེན་རི་ལ་ལེགས་པར་བཞུགས།། འཇམ་པའི་ཁྲོ་བོ་རྡོ་རྗེ་ཡིས།། དེ་ཡི་མགོ་བོ་མནན་ནས་བཞུགས།། ཐ་མ་ཐོག་ཐག ་གནོད་སྦྱིན་མོས། ། ནམ་མཁའ་གང་བར་བསྒོམ་པར་བྱ།། གནོད་སྦྱིན་མོ་ཐམས་ཅད་སྒྲུབ་པའི་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྔགས་ལ་ཨོཾ་ཨཱཿཧཱུཾ། ཡི་གེ་གསུམ་པ་མིག་གསུམ་གཟུག། ་ཁྱབ་འཇུག་ལྷ་ཆེན་མ་པོ་སྟེ།། གདོང་གསུམ་རང་གི་མཚོན་ཐོགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ཅིང་།། རྡོ་རྗེ་ཏིང་ངེ་འཛིན་བསྒོམས་ན།། མོད་ལ་དངོས་གྲུབ་ཐོབ་པར་འགྱུར།། འཇིག་རྟེན ་ཐམས་ཅད་གྲུབ་པ་མིག་གསུམ་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། གཞན་ཡང་གསང་སྔགས་ཡི་གེ་ཡི།། ས་བོན་གང་གིས་སྦྱར་བྱས་ཏེ།། རྡོ་རྗེ་ཡིག་འབྲུ་རྣམས་བསྒོམས་ནས།། ་དེ་དག་མ་བསྒྲིམས་བཞིན་དུ་སྒྲུབ།། འཕྲོག་མ་འཕྲོག་བྱེད་ལས་སྐྱེས་པའི།། བུ་ནི་ལྔ་བརྒྱ་པོ་རྣམས་དང་།། ལྔ་རྩེན་དང་ནི་དཔལ་ཅན་མ།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། རྒྱུད་ཀྱི་རྒྱལ་པོ ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་ཏིང་ངེ་འཛིན་རིམ་པར་ཕྱེ་བའི་ལེའུ་སྟེ་བན་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས ་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞི་བར་ལྟ་བ་རྡུལ་དང་བྲལ་བའི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ལས་སྣ་ཚོགས ་ཀྱི་ཡེ་ཤེས་བསྐྱེད་པར་མཛད་པ་འདི་དམ་ཚིག་གསུམ་གྱི་རྡོ་རྗེ་ལས་བྱུང་ངོ་། ། ཨོཾ་བྷ་ག་བ་ཏ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨ་སཱ་དྷ་ནི་སྭཱ་ཧཱ། དེ་ནས་ལས་ཐམས་ཅད་རབ་ཏུ་རྫོགས་པར་བྱེད་པ ་འོདི་གསུངས་པ་ཙམ་གྱིས། སངས་རྒྱས་རྣམས་ནི་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་མཁས་རྣམས་དགྱེས།། བདུད་ཀྱི་དཔུང་རྣམས་འདས་འགྱུར་ཏེ།། སངས་རྒྱས་རྡོ་རྗེ་རྗེས་པར་བྱེད།། ཞི ་སངས་རྒྱས་རྣམས་ཀྱི་ཡུམ། ། རྡོ་རྗེ་དམ་ཚིག་གིས་བསྐུལ་ན།། ཤི་བ་རྣམས་ལ་སྲོག་སྦྱིན་མཛད།། མ་གྲུབ་པ་རྣམས་གྲུབ་པར་སྩོལ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ ་རྡོ་རྗེ་དེ་བཞིན་གཤེགས་པ་སྐུ་གསུམ་རྡོ་རྗེ་འབར་བའི་མཆོག་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། རྡོ་རྗེ་འཆང་མཆོག་ཐམས་ཅད་བསྐྱེད་པའི་ཡུམ་རྡོ་རྗེ་དཀྱིལ་འཁོར་ཐམས ་ཅད་ཀྱི་དངོས་གྲུབ་ཐམ་ཅད་རབ་ཏུ་སྒྲུབ་པར་བྱེད་པ་འདི་ཕྱུང་ངོ་། ། ཨོཾ་ཤཾ་ཀ་རེ། ཤནྟིཾ་ཀ་རི་གྷུ་ཊ་གྷུ་ཊ་གྷུ་ཊི་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུ་ཊི་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས།། རྡོ་རྗེ་གསུམ་ལས་སྐྱེས་གྱུར་པ།། ཐམ ་ཅད་ཀྱི་ནི་མིག་ཕྱེ་ནས། ། རྡོ་རྗེ་ཤུགས་ནི་རྗེས་དྲན་གྱུར།། སྒྲུབ་པ་ཐམས་ཅད་སྲུང་མཛད་མ།། དེ་བཞིན་ལས་རྣམས་སྒྲུབ་པ་ཡཾ།། སྡིག་པ་ཐམས་ཅད་འཇོམས་མ་སྟེ།། ཞི་དང་རྒྱས་དང་འཕེལ་མཛད་མའོ།། དེ་ནས ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འདོད་ཆགས་ཆེན་པོས་ཞེན་པ་པདྨ་གར་གྱི་སྟང་སྟབས་ཐུག་ཀྱིས་རྡོ་རྗེ་གསུམ་གྱིས་རྣམ་པར་འཐོར་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྒོམ་པར་ཞུགས་ནས། ཆོས་ཐམ་ཅད་འཛིན་པ་མཆོག་གི་ཡུམ་འདི་རྡོ་རྗེ་གསུམ་རྣམས་ལས་ཕྱུང་ངོ་། ་། ཨོཾ་ཀ་ཊ་བི་ཀེ་ཊེ་ནི་ཀ་ཊེ་ཀ་ཀཀྵ་ཊེ་སྭཱ་ཧཱ།། དེ་ནས་ཆོས་ཀྱི་རྒྱལ་མཚན་མཆོག། དམ་པ་འདི་ནི་གསུངས་ཙམ་གྱིས།། ཏིང་ངེ་འཛིན་གྱི་མིག ་ཕྱེ་ནས། ། རྡོ་རྗེ་པདྨ་རྗེས་དྲན་བྱེད།། རྒྱས་པ་ཆེན་པོ་ཡུམ་ཡིན་ཏེ།། ཆོས་མཛོད་རྣམ་པར་འཕེལ་མཛད་མ།། བསྒོམས་ཤིང་བསྟན་ཏེ་བཟླས་བརྗོད་ན།། རྒྱ་ཆེར་སྲུང་བར་མཛད་པ་ཡིན།། དེ་ནས་བཅོམ་ལྡན ་འདས་ཀྱིས་ཐམས་ཅད་དབང་དུ་བྱ་བ་ཁོང་དུ་ཆུད་པས་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། ཡེ་ཤེས་ལ་འཇུག་པར་བྱེད་པ་སྣ་ཚོགས ་ཐམ་ཅང་འཆང་བའི་ཡུམ་གྱི་སྒྲོལ་མ་འདི་གསུངས་སོ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཀུན་དང་སྲས་ཀྱིས་རྣམས།། སྤྱན་ཕྱེ་རྣམ་པར་གདངས་ནས་སུ།། ཡེ་ཤེས་རྡོ་རྗེ ་ལྡན་པ་དྲན། ། ལྷ་མོ་བཟླས་བརྗོད་བྱས་ཙམ་གྱིས།། སྐྱེ་དགུ་རྣམས་ནི་མངག་གཞུག་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་མཆོག་གི་ཡེ་ཤེས་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི ་@ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། འདི་རྡོ་རྗེ་གསུམ་ལས་ཕྱུང་ངོ་།། ན་མཿས་མནྟ་བུདྡྷཱ་ནཱཿོཾ་ཁ་ཁ་ཁ་ཧི་ཁཱ་ཧི། སརྦ་དུཥྚ་སཏ་ད་མ་ཀ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ། ་ཙ་ཏུར་མུ་ཀ་ཁ། ཙ་ཏུད་དྷུ་ཛ། ཥ་ཐུང་།། ཨཱ་གཙྪ་ཨཱ་གཙྪ། སརྦ་དུཥྚཔྲཱཥྚ། ཨ་པ་ཧ་རི་ཎི། མ་ཧཱ་བིརྟྟི་གྷཱ་ཏ་ཀ། བི་ཀྲྀ་ཏ་ཨཱ་ནན། སརྦ་བྷུ་ཏ་བྷ་ཡཾ་ཀ་ར། ཨཱརྠཱ་ནྣ་ཧཱ། ས་ནཱ་དི་ན། བྲཱ་གྷཱ་ཙརྨ་ནི་བ ་སན། ཀུ་རུ་ཀུ་རུ། སརྦ་ཀརྨྨ་ཎི། ཙཱནྡི་ཙྪིནྡ། སརྦ་མནྟྲན། བྷིནྡ་བྷིནྡ། བ་ར་མུ་དྲཱན། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། སརྦ་དྷཱ་ཏཱན།། ཐ་མ་ཐ་མ། ནིརྨ་ཐ་ནི་རྨཿ། སརྦ་སུཥྚ། པྲ་བེ་ཤ་མ་པྲ་བེ་ཤ་ཡ། ་མཎྜ་ལ་མ་དྷྱེ་བཻ་བ་ཤ་ཏ། ཛཱི་བི་ཏཱནྟ་ཀ་ར། ཀུ་རུ་ཀུ་རུ། མ་མ་ཀཨཱརྱ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལཾ་བ་མཱ་བི་ལཾ་བ། ས་མ་ཡ་མ་ནུ་སྨ་ར། དཱུ་། ཕཊ་ཕཊ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་ནཱ ་ཡ་རི་ཏཱཾ། ཀ་ར་ཀ་ར། བིགྷྣཱན་སརྦ་ཨཱ་ཤ་པ་རི་པཱུ་ར་ཀ། ཧེ་ཧེ་བྷ་ག་བན། ཀིཉྩི་རཱ་ཡ་སི་མ་མ་སརྦ་ཨཪྠ་སཱ་དྷ་ཡ་སྭཱཧཱ། དེ་ནས་ཁྲོ་བོ་འདི་གསུངས་པས།། སངས་རྒྱས་བྱང་ཆུབ་སེམས་མཁས་ཀུན།། ་འདར་ཞིང་འཇིགས་པ་སྐྱེས་གྱུར་ནས།། གཙོ་བོ་རྡོ་རྗེ་རྣམ་སྣང་མཛད།། རྡོ་རྗེ་ར་བ་དྲ་བ་ཡི།། ཡེ་ཤེས་སྣ་ཚོགས་ཅན་ལ་ལྟ།། སྲུབས་གཅིག་པ་འམ་སྲུབས་གཉིས་པའི།། ཐོད་པ་བཟང་པོ་རྙེད་པ་དང་། ་རྐང་རྗེས་པ་ཡི་ཆོ་ག་ལ།། ལྷ་མོ་བཞི་ཡི་སྦྱོར་བ་དང་།། སངས་རྒྱས་ལྔ་ཡིས་བྱིན་བརླབས་ཏེ།། སྐུ་གསུམ་དབྱེར་མེད་བསྒོམས་ནས་སུ།། མྱུར་བར་ཁུགས་ཀྱི་བར་དུ་ནི།། རྐང་པས་མནན་ཏེ་བཟླས་བརྗོད་བྱ།། ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་གདོན་མི་ཟ་བའི་མཆོག་སྤྲིན་ཆེན་པོ་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས ་། རྡོརྗེ་གསུམ་རྣམས་ལས་སྙིང་པོ་འདི་གསུངས་སོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཏ་ཀ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲི་ཏྲ་ཀུཎྜ་ལི། ཁ་ཁ་ཁཱ་ཨུ0f7f་ཀ ་ཧཱ་ཧི། ཏིཥྛ་ཏིཥྛ། བན་དྷཱ་བན་དྷཱ། ཧ་ན་ཧ་ན། ད་ཧད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བྷི་གྷྣཱཾ་བི་ན་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། ཛཱ་བི་ཏཱནྟ་ཀ་ར་ཡེ་སྭཱཧཱ། ཁྲོ་བོ་ཆེན་པོ་གསུངས་པ ་ཡིས། ། གྲགས་ཆེན་སངས་རྒྱས་ཐམས་ཅད་ནི།། ཡིད་ཕྱུང་ནས་ནི་སྐྲག་པར་གྱུར།། ལོག་འདྲེན་རྣམས་དང་བགེགས་རྣམས་འདར།། སྐུ་གསུམ་ཡེ་ཤེས་མཆོག་མངའ་བའི།། རྡོ་རྗེ་རྣམ་སྣང་མཛད་པ་དྲན།། ་དེ་ཡི་རྐང་རྗེས་ས་དང་ནི།། རླུང་གིས་གཙུག་པའི་ཤིང་ལོ་ལ།། ཁྲོ་བོའི་འཁོར་ལོར་གཟིར་ནས་སུ།། ཚོགས་བདག་རྐང་པའི་དྲུང་དུ་གཞག། ཧཱུཾ་དང་ཕཊ་ཀྱིས་བསྐུལ་ནས་སུ།། བསྐྲད་པའི་སྦྱོར་བ་བྱས ་ན་ནི། ། སངས་རྒྱས་རྡོ་རྗེ་ཅན་ཡང་སྐྲོད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་གྱིས་རིན་ཆེན་འཕྲོ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཞེས་བྱ ་བའི་ཁྲོ་བོ་ཆེན་པོ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཏྲཱི། ཨོཾ་ཧཱུཾ་ཛི་ན་རི་ཏིཥྛ་ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱཧཱ། དེ་ནས་ཁྲོ་བོའི་འདི་བརྗོད་པས།། སངས་རྒྱས་བྱང་ཆུབ་སེམས ་དཔའ་རྣམས། ། འཇིགས་པར་གྱུར་ཅིང་སྐྲག་གྱུར་ནས།། གཙོ་བོ་རྣམ་སྣང་མཛད་པ་དྲན།། སྲིན་པོ་འབྱུང་པོ་དང་མཁའ་འགྲོ།། སྐེམ་བྱེད་གདོན་རྣམས་གཟེར་བ་ལ། ་རྡོ་རྗེ་གཟེར་བའི་སྦྱོར་བ་ཡིས།། ཧཱུཾ་ཙམ་གྱིས་ཀྱང་ལས་བྱེད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མཐའ་ཡས་ཀྱིས་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་ཀུན་ནས་སྡུད་པའི་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་པདྨ་རི་ཁྲོ་བོ་ཆེན་པོ་འདི་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཏ་རུ་ལ། བི་རུ་ལ། སརྦ་བི་ཥ་གྷཱ་ཏ་ཀ། ཛ་ལི་ཏ ་པུ་སྥུ་ལཾ་ག། ཨཊྚཱནྡ་སཱ་ས་ནཱ་དི་ནཾ། ཀེ་ཥ་རི་སརྦ་ཏོ་པ་ཊ་ཀ་ར། བཛྲ་ཁུ་ར། རི་ན་གྷཱ་ཏ་ན། ཙ་ལི་ཏ་བ་སུ་དྷ་ཏ་ལ་ནི་ཤཱ་ས་མ་རུ་ཏོ་ཏ་ཀྵི་པྟ་དྷཱ་ར་ཎི་དྷ་ར། བྷཱི་ཥ་ན་ཨཊྚཱཊྚ་ཏ། ཊ་ཊ་ཊ་བཱ་ས་ཨ་པཱ་རི་མི་ཏཱ། ་བ་ལ་པ་རཱ་ཀྲ་མ། ཨཱརྱ་ག་ཎ་བྷཱི་ཏ་བྷཱུ་ཏ་ག། ཨརྡྷ་ཥི་ཏ། བུདྡྷ་བུདྡྷ་ཧཱ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་མནྟ་ན། སྨིནྡཙྪིནྡ། སིདྡྷིམྦི་ཨཱ་བེ་ཥ་ཨཱ་བེ་ཥ་ཡ། བཛྲ་སརྦ་ཛྭ་ར་བི་ཤཱ་ཙཱ་ན། སརྦ་པྲ ་འུ། ། ཨ་པྲ་ཏི་ས་ཏོ་བྷ་བ། བཛྲ་དཾཥཱ་ཀིཉྩི་ར་ཡ་སི། ཨི་དཾ་དུཥྤ་གྲ་ཧ་ན། དུཥྚ་སརྦ་མ་ཧཱ། དྷུན་དྷུ་ན། ཐ་མ་ཐ་མ། མར་ད་མར་ད་མར་ད། པཱ་ཊ་ཡ་པཱ་ཊ་ཡ། མཊ་མརྦ། ་བཾ་དྷ་བ~ཾ་དྷ། བུཛྲ་རྫརྨ་སཾ་གྷ། ཨ་ནུ་ཛྙཱ་ཏཾ་ཀརྨ་ཀུ་རུ་ཤཱི་བྷྲྀ་ཧ་ཡ་གྲཱི་བཱ་ཡ་ཕཊ། བཛྲ་ཡ་ཕཊ། བཛྲ་གྷཱ་ཏ་ཡ་ཕཊ། བཛྲ་ནེ་ཏཱ་ཡ་ཕཊ། བཛྲ་དཾཥཱ་ཡ་ཕཊ། བཛྲ་ཁུ་རཱ་ཕཊ། བཛྲ་ཁུ་ར་རིན། ་གྷཱ་ཏ་ནཱ་ཡ་ཕཊ། པ་ར་མནྟ་བི་ནཱ་ཤ་ནཱ་ཡ་ཕཊ། བཛྲ་ཏྲཻ་ལོཀྱ་བྷ་ཨ་ཡཾ་ཀ་ར་ཕཊ། སརྦ་ཀརྨ་སུ་པྲ་ཏི་ཧ་ཏ་ཡ་ཕཊ། བཛྲ་ཀུ་ལ་སནྡྷ་ས་ནཱ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་པཊ་སྭཱཧཱ། དེ་ནས་ཁྲོ་ཆེན་བྱུང་བ ་ཡིས། ། རྡོ་རྗེ་པད་མཆོག་ལས་བྱུང་རྣམས།། ཡིད་ནི་འཇིགས་ཤིང་སྐྲག་པར་འགྱུར།། འཁོར་བཅས་འཇིགས་པས་རྣམས་འཁྲུགས་ནས།། བྱང་ཆུབ་ཚོགས་ནི་དྲན་བྱེད་ཅིང་།། ཡེ་ཤེས་རྡོ་རྗེ་དྲན ་གྱུར་པ། ། ལག་པ་ལ་ནི་པདྨ་དང་།། ཧ་ཞེས་བྱ་བ་མཆོག་འབར་བསམ།། ཁྲོ་རྒྱལ་ཏིང་འཛིན་ལ་གནས་ནས།། རྡོ་རྗེ་གསུམ་ཡིག་འཛིན་པ་ཡིས།། ཁམས་གསུམ་དག་ཀྱང་ཁྱབ་བྱེད་པའོ།། ་མི་བཟདང་དུག་ནི་དྲང་བར་བྱ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དོན་ཡང་དག་པར་འབྱུང་བའི་རྒྱལ་མཚན་གྱི་མཆོག་ནོར་བུའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བེ་ཅོན་སྔོན་པོ་ཅན་འདི་རྡོ་རྗེ་གསུམ་ལས་ཕྱུང་ངོ་། ། ན་མཿས་མནྟ་བུདྡྷཱ་ནཱ~ཾ། ཨེ་ཧི་ཨེ་ཧི། བྷ་ག་བྷ་ནཱ། ནཱི་ལ་བཛྲ་དཏྟ། ཏུ་རུ་ཏུ་རུ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། གུ་ལུ ་གུ་ལུ། གུ་ལཱ་པ་ཡ། གུ་ལཱ་པ་ཡ། ཀྲ་མ་ཀྲ་མ། བྷ་ག་བ་ན་བཱ་ཡུ་བེ་ག~ཾ་ན། དྷུ་ཏཱན་ཤཱིགྷྲ~ཾ། ད་ཧ་ད་ཧ། ད་ར་ད་ར། བ་ཧ་བ་ཧ། བཙ་པཙ། མ་ཐ་མ་ཐ། བཱ་ཏ་ཡ་པཱ་ཏ་ཡ། མཊ་མ་ཊ། ་མོ་ཊཱ་པ་ཡ་མོ་ཊཱ་པ་ཡ། སརྦ་ཀརྨྨ་ཎི། ཙྪིན་དཙྪི་ན་ད། བྷ་ཀྵ་ཡ་བྷཀྵ་ཡ། ཨ་སྠི་མི་དཾ་ཨ་སྱ་རུ་དྷི་ཧ་ར་མད་ཛ་མི་དཾ་བི་ཤྭཱ་མད་ཛ། རུ་དྷི་ར། པྲི་ཡ་ཨེ་ཧྱེ་ཧི་བྷ་ག་བཱ་ན། སརྦ་བིགྷྣན། སརྦ་མནྟ་ཎི་སརྦ ་མཱུ་ལ་ཀརྨཱ་ཎི་ཀྲྀ་ཏི་མ་ཎི། སརྦ་པྲཧཱ་ན། ཧན་ཧ་ན། བྷནྡྷ་བྷཱཉྫ། མང་དམརྡ། ཨི་དཾ་མེ། ཀརྠ་སཱ་དྷ་ཡ། ཧཱུ་ནཱི་ལ་ཡ་ནི་ལ་བཛྲ་དནྟ་ཡ། ཏུ་རུ་ཧུ་རུ། བགྷྣཱན ་བིནཱ་ཡ་ཀ། ནཱ་ཤཱ་ཡན་ན་ཡ། ཧུ་རུ་ཧུ་རྱ། དིཔྟ་ཙཎྜཡ། སརྦ་ཤ་ཏྲཱ་ན་ཐཾང་ཡཱན་པཱི་རྦཡ། ཙྪིན་སཱིཿ། བ་ར་བིནྡ་ནཱ་མ། ཙྪེ་ཀ་རྨྨཛཛྷཻཾ། ནམ་ཤིཥྛ་ཀཱ། ས་མ་ནཱ~ཾ་ཨ་ནུསྟཱ ་བཛྲ་དྷ་ར་བཱ་ཙནཿ། མང་ན་མ་ནི་ཀྲྀན། ཧཱུ་ཧན་ཧ་ན།། ད་ག་ཧ། པཙ་པ་ཙ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། གུ་རུ་ཕུ་རུ། སརྦ་པཊྚ། རཱུ་པཱུ་ཀྲྀ་ཏ་ནཱ་ཡ། དེ་བ་རི་ཥི་བི་དྲཱ་བ་ཡ་ཀ། སན་བཛྲ་ངནན ་སྭཱཧཱ། བློ་འ་ཆེན་པོ་མཆོག་གསུངས་མ་ཐག་ཏུ་བདུད་ཀྱི་རིས་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་རྣམས་རབ་ཏུ་གཡོས་ཏེ་སྐུ་གསུམ་གྱི་མཆོག་གཙོ་བ་རྣམ་པར་སྣང་མཛད་དྲན་པར་གྱུར་ཏེ། སངས་རྒྱས ་ཐམས་ཅད་ཀྱི་སྦྱོར་བའི་ཚོགས་བསྐུལ་ན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཁྲོ་བོ་ཆེན་པོས་གསོད་པར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་མི་འཁྲུགས་པས་བཀོད ་བ་ཀུན་ཏུ་རྣམ་པར་འཕྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོབས་པོ་ཆེ་རྡོ་རྗེ་འདི་སྐུ་གསུམ་ལས་ཕྱུང་ངོ་། ། ན་མཿས་མནྟ་དུཛྙཱ་ནཱ་མ་ཧཱ་ཧཱ་སྭཱ་པཊ་ཕཊ་ཕཊ། ཨུཿ ་ཤཱུ་ལ་པཱ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏཾ་ནིར་ནཱ་ད་ཧཱུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ།། དེ་ནས་ཁྲོ་བོ་གསུངས་ཙམ་གྱིས།། གདེངས་ཀ་ཡིས་ནི་བསྐོར་བ་ཀུན། ཡིད་ནི་ཤིན་ཏུ ་འཇིགས་སྐྲག་སྟེ། ། རྡོ་རྗེ་རྣམ་པར་སྣང་མཛད་དྲན།། གསང་སྔགས་རྒྱལ་པོ་བཟླས་པ་ཡིས།། ལས་ཀུན་རབ་ཏུ་གྲུབ་པར་བྱེད།། ཆར་པ་ཆེན་གཅོད་གྱུར་ལ།། ཆར་པ་ཆུང་ན་རབ་ཏུ་འབེབས། ་དེ་ནས་བཅོམ་ལྡན་འདས་ཀུན་ཏུ་འབར་བའི་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁྲོ་བོ་ཆེན་པོ་འདོད་པའི་ཁྲོ་བ་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང་ངོ་།། ན་མཿས་མནྟ་བུདྡྷཱ་ནཱ། ་ཌཱཀྐི་ཧཱུཾ་ཛཿདེ་ནས་ཁྲོ་བོ་གསུངས་པ་ཡིས།། སངས་རྒྱས་ཐམས་ཅད་རབ་ཏུ་འདར།། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྲག། བདུད་ཀྱི་དཔུང་རྣམས་ལྟུང་བར་གྱུར།། རྐང་གཡས་སྣ་ཚོགས་རྡོ་རྗེ ་ཡི། ། སྦྱོར་བས་མཚན་ནི་མནན་ནས་སུ།། སྐུ་གསུམ་ཡེ་ཤེས་སྟོབས་ལྡན་པས། ཁྲོ་གཉེར་རིམ་པར་བསྙེར་བྱས་ཏེ།། གསང་སྔགས་ཀུན་གྱིས་བཀུག་ནས་ནས་སུ།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། ་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་རྡོ་རྗེ་རབ་ཏུ་འབར་ཞིང་འཕྲོ་བའི་ཡེ་ཤེས་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཁྲོས ་མི་གཡོ་བ་གཏུམ་པོ་འདི་རྡོ་རྗེ་གསུམ་རྣམས་ལས་ཕྱུང་ངོ་། ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ཙ་ལ་ཀཱ་ཎ་ཙ་ཎ་ཌ། ན་ཌ་ན་ཌ། མནྟྲ་མནྟ། སརྦྦ་སརྦྦ། ཏནྣ་ཏནྡ། ཏ་ན་ཏ་ན། ད་ཧ་ད་ཧ ་མོ་ག་མོ་ཧ། མོ་ཧ་ཀ་ར། ཧས་ཧ་ས། བཛྲ་པཱ་ས་ཀུ་རུ། ཧ་ས་ཧཱ་ས་ཧཱ་ས། མ་ར་མ་ར་རྦ་མ་རཊ། ཀཐཱ་གརྫྫ། ཧ་ན་ཧན། བན་དྷ་བནཿ། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤཱ་མནྟྲ་པ་ལ་ཀ། ་ཀུན་དྷན། ཏཎཏ།། ཁ་དང། བིགྷྣཱན། ནཱ་ར་ས་ནཱ་ར་ཡ་དུཥཱན། ཟཀ་ཛཱས?། སརྦན་ཀུ་རུ་ཀཱ་རུ། ཀ་རི། མ་ཧཱ་ག་ཥ་མ་རྡྷ་སཱམས་སཱཿ ་ཧཱུཾ། ཏྲི་བ་ལཱི་ཏ་རཾ་ག་ནརྟ་ཀ། ཨཱ་ཨཱ་ཨཱ་ཧཱཾ་ཧཱ་ཧཱཾ། ཨ་ཙ་ལ་ཙ་ཏྲཾ། སྥོ་ཊ་ཡ་སྥོ་ཊ་ཡ། དྷཱུ་ཧཱུཾ། ཨ་ས་མནྟ་ཀ་ཊ་ཊ་མ་ཧཱ་བ་ལ་ཤ་ཏ་ཡ། པ་ར་མནྟན། ཨ་ཨ་ཧཱ་ཏྲཾ། མཾ་ཤུད་ཏྱཾ་ཏུ་ལོཀ ་ཏུ་ཥྱཾ་ཏུ་བཛྲ། ན་མོ་ཏུ་སཱུ་ཨ་པྲ་ཏི་ཧ་ཏ་བ་ལེ་བྷྱཿཛ་ལཱ་ཡ། ཏྲཱཊ། ཨ་ས་ཧ་ན་མ་སྭཱཧཱ། དེ་ནས་ཁྲོ་བོ་མི་གཡོ་བ།། ཁྲོ་བོ་སྟོབས་ཆེན་འདི་གསུངས་པས།། ལྷ་དང་ཀླུ་ཀུན་མངའ་གཞུག་བྱེད། ་གནོད་སྦྱིན་སྲིན་པོ་ལྷ་མ་ཡིན།། འཇིགས་པ་ཐོབ་ནས་བརྒྱལ་བར་འགྱུར།། བདུད་ཀྱི་སྔ་རྣམས་ལྷུང་ནས་སུ།། ཚིག་ཅིང་རབ་ཏུ་ཞུམ་པ་བཞིན།། གཙོ་བོ་རྡོ་རྗེ་སྣང་མཛད་དྲན།། ཁྲོ་བོའི་རྒྱལ་པོ་དུ་མ ་ཡིས། ། བཅུག་པས་འཇིགས་པས་ཉིན་བཞིན་དུ།། གཙོ་བོ་རྣམ་པར་སྣང་མཛད་ཉིད།། སྣ་ཚོགས་ལས་རྣམས་མྱུར་དུ་མཛད།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེག ་པས་སྐུ་གསུམ་གྱི་ཡེ་ཤེས་རྡོ་རྗེ་འབར་བའི་འོད་ཟེར་གྱིས་འཇིགས་པ་ཆེན་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་རྒྱལ་པོ་ཆེན་པོ་གནོད་མཛེས་འདི་གསུངས་སོ། ། ཨོཾ་སུམྦྷ་ནི ་སུམྦྷ་ཧཱུ~ཾ། གྲྀ་ཧྞ་བྲྀ་སྟ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ནཱ་ཡ་ཧོ།། བྷ་ག་དཱན། བི་དྷ་རཱ་ཛཱ་ཧཱུཾ་ཕཊ། དེ་ནས་ཁྲོ་བོ་འདི་གསུངས་པས།། ལྷ་ཡི་བུ་མོ་ཐམས་ཅད་ནི།། སླ་ཚུགས་ཞིག་ཅིང་བ ་བུར་གྱུར། ། མིག་རྩ་རིག་རིག་བྱེད་པ་དག། སྐུ་གསུམ་རྡོ་རྗེ་མཆོག་མངའ་བའི།། ཞལ་གྱིས་ནུ་མ་གཉིས་མནན་པས།། གཙོ་བོ་རྡོ་རྗེ་རྣམ་པར་མཛད།། ཡེ་ཤེས་ཀྱིས་ནི་འཇོམས་དྲན་གྱུར།། ལྕགས ་ཀླུ་ཡིས་ནི་རྣམ་དྲལ་ཏེ། ། རྡོ་རྗེ་ཞགས་པས་བཅིངས་ནས་སུ།། བུ་མོ་ཐམས་ཅད་དགུགས་བྱ་བ།། བུ་མོ་དགུག་པའི་མཆོག་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཆེན་པོ་རྣམ་པར་འགྱིངས་པའི ་དགའ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་གསུམ་གྱིས་མཆོག་རྡོ་རྗེ་འཆང་བསྐྱེད་པར་མཛད་པ་སངས་རྒྱས་ཀྱི་བྱང་ཆུབ་འདི་རྗེས་སུ་དྲན་པར་མཛད་དོ། ། འཁོར་ལོ་ཆེ་ལ་རྣམས ་གནས་ནས། ། སངས་རྒྱས་རྣམས་ཀྱི་སྤྲིན་དག་དང་།། དེ་བཞིན་རྡོ་རྗེ་འཆང་བའི་སྤྲིན།། རྡོ་རྗེ་ལྕགས་ཀྱུ་ཞགས་ཐོགས་འབྱིན།། ཀུན་མཁྱེན་ཡེ་ཤེས་ལས་འབྱུང་གཙོ།། གསང་སྔགས་སྐྱེས་བུར ་བདག་བསྒོམས་ན། ། སངས་རྒྱས་རྣམས་ཀྱང་དགུག་བྱེད་ན།། རྡོ་རྗེ་འཆང་སོགས་ཅི་ཞིག་སྨོས།། བུད་མེད་ལྷ་ཆེན་བུ་མོ་དག། རླུང་ལ་རྐང་པ་གཞག་ནས་སུ།། ལྕགས་ཀྱུས་སྙིང་ལ་དྲངས་ནས་ནི།། ་སེམས་ཅན་ཀུན་ཡང་འགུགས་འགྱུར་ཏེ།། འདི་ལ་དཔྱད་པ་ཅུང་ཟད་མེད།། རྡོ་རྗེ་རྣམ་པར་སྣང་མཛད་ནི།། སྐུ་ཆེན་ཟླ་བའི་ཁ་དོག་ཡིན།། ཟླ་བའི་དཀྱིལ་འཁོར་ལ་གནས་པ།། རྡོ་རྗེ་བདུད་རྩ ་འབེབས་བསམ་སྟེ། ། ལན་གྲངས་བཅུ་ནི་བརྗོད་པ་ཡིས།། དེ་ནི་གདོན་མི་ཟ་བར་ཁུགས།། རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ།། རྡོ་རྗེ་ལྕགས་ཀྱུ་ཆེན་པོ་ཡིས།། འབར་བའི་འོད་ཟེར་འཕྲོ་བ་ཡིས།། ་གཞོན་ནུ་མ་དག་ངེས་པར་འགུགས།། རྡོ་རྗེ་གསུམ་འཁྲུགས་ལྔ་བ་ནི།། རྡོ་རྗེས་འོག་གནས་པ་སྟེ།། ལྷ་མ་ཡིན་ཀུན་ངེས་སྲེག་ཅིང་།། ལྷ་མིན་བུ་མོ་རྗེས་ཆགས་པས། ་གསལ་ཤིང་གིས་ནི་བསྒྱེལ་ནས་སུ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས།། དྲངས་ནས་ལྷ་མིན་བུ་མོ་འགུགས།། བཙག་དང་ཐོད་ལེ་ཀོར་དང་ནི།། བ་ཐ་འབྱོར་པར་འགྱུར་ན་ནི།། གཟས་ཟིན་ཚེན་ཁར་བཅུག ་སྟེ། རྫས་རྒྱལ་རྡོ་རྗེ་ལྕགས་ཀྱུས་འགྲུབ།། དྲག་པོ་རླུང་དང་ཁྱབ་འཇུག་དང་།། ལྷ་མོ་གནོད་སྦྱིན་གནོད་སྦྱིན་མ།། མངག་གཞུག་བཅས་པར་འཇིགས་སྐྲག་སྟེ།། མིང་བྲིས་ཀུན་ནས་རྟག་ཏུ་འགུགས། ་སངས་རྒྱས་འཁོར་ལོར་ལེགས་ཞུགས་ཏེ།། འཇམ་པའི་རྡོ་རྗེར་རྣམ་པར་སྒོམ།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས།། ཁྲོས་ཤིང་འབར་བ་འཕྲོ་བ་ཡིས།། གནོད་སྦྱིན་དུ ་། མོ་བཀུག་ནས་སྤྱོད།། ཕྱག་རྒྱ་གསང་སྔགས་སྦྱོར་བ་དང་།། བསམ་གཏན་འཁོར་ལོ་སྦྱོར་བ་ཡིས།། འགུག་པར་བྱ་བའི་ཚིག་གསུངས་པ།། གཞན་དུ་བྱས་ན་གྲུབ་མི་འགྱུར།། རྒྱལ་པོའི་ཞབས་དྲུང ་ཀུན་གནས་པས། ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། ཀུན་གྱིས་སེམས་རབ་རྫོགས་བྱེད་པས།། ཡང་དང་ཡང་དུ་སྐུལ་བར་བྱེད།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེའི་དེ ་བཞིན་གཤེགས་པས་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་རྒྱལ་མོ་ཆེན་མོ་རྣམ་པར་བསྒྱུར་བའི་རྡོ་རྗེ་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ་ཨོཾ་ཤཱུ་ལི་ནི་སྭཱ་ཧཱ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཀླུ་མོ་དབང་ཆེན་གྲགས་པ་དག། གོས་དང་བྲལ་ཞིང་ཚིག་བཞིན་དུ།། གཙོ་བོ་རྡོ་རྗེ་རྣམ་སྣང་དྲན།། གསང་སྔགས་རིག་སྔགས་འདི་ཡིས་ནི། ་ཀླུ་རྣམས་ཐམས་ཅད་འགུགས་པར་བྱེད།། བསམ་གཏན་རྡོ་རྗེ་མཐུ་དང་ནི།། གསང་སྔགས་བཟླས་བརྗོད་བྱས་པ་ཡིས།། གསེར་གདུབ་རྒྱན་ནི་གསོལ་བ་ཡི།། ཀླུ་མོའི་མིག་ཡངས་བཀུག་ནས་ནི།། ་འདོད་པའི་ཡོན་ཏན་ལྔས་ཆགས་པའི།། ཀླུ་མོ་ཉེ་བར་སྤྱོད་པར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ཆེན་པོའི་ཤུགས་རྒྱ་མཚོ་འཕྲོ་བའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་། ཞུགས་ནས་སྐུལ་བྱེད་མ་ཆེན་མོའི་གཟུངས་ཀྱི་རིག་སྔགས་ཆེན་པོ་འདི་གསུངས་སོ།། ནཱ་མཿས་མནྟ་བུདྡྷཱ་ནཱཾ། ས་མུཀ་ས་བུདྡྷ་ཀ་ཊཱི་ནན། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡྲ་སྭཱ་ཧཱ། དེ་ནས་རིག་སྔགས་ཆེ ་གསུངས་པས། ། སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས།། ཏིང་ངེ་འཛིན་ལས་གཡོས་པར་གྱུར།། བདུད་རྣམས་བརྒྱལ་ཞིང་ཚོག་ནས་སུ།། ཐམས་ཅད་ཆོ་ངེས ་འདེབས་པར་བྱེད། ། ས་ཡི་འོག་གི་བུ་མོ་དང་།། ལྷ་མིན་བུ་མོ་ཀླུ་མོ་དང་།། གསང་དབང་བུ་མོ་རྣམས་འཁྲུགས་ནས།། གཙོ་བོ་རྡོ་རྗེ་སྣང་མཛད་དྲན།། རིག་སྔགས་འདི་ནི་བཟླས་པ་དང་།། སྒོམ་པ་ཡི་ནི་སྦྱོར་བ ་ཡིས། ། བཟླས་པ་ཙམ་གྱིས་འགྲུབ་འགྱུར་ཞིང་།། བཀུག་ནས་རབ་ཏུ་ལོངས་སྤྱོད་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་མཛོད་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཐབས་ནས་ཆོས་བདུད་རྩིའི་དམ་ཚིགས་པ་རྡུརྫ་གྲོགཟེར་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་བྱུ་། ། ཨོཾ་ཐཱ་ས་ནཱ་ཤ་ནི་ཏྲས་ནི་ཐཱ་ས་ཏཱས་མ། བ་དྷཱཀྵ། ཏཿ། བཅི ་ཤེ་ཏེ། ཤྭེ་ཏེ། ཛ་ཊ་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས།། རིག་སྔགས་འཆང་དང་ལྷ་རྣམས་ནི།། གཡོས་ཤིང་འཇིགས་པ་ཐོབ་པར་འགྱུར།། བདུད་རྣམས་འཇིགས་པས་རྣམ་འཁྲུགས་ཏེ།། གས ་རྡོརྗེ་རྣམ་སྣང་མཛད། ། ཡིད་གཅིག་ཏུ་ནི་དྲན་པར་བྱེད།། ནོར་བུའི་གདུབ་རྣམས་གཡོ་བ་ཡིས།། རིག་སྔགས་འཆང་མ་ཀླུ་མོར་བཅས།། ལྷ་མིན་བུ་མོ་གསང་བ་ཡིས།། བུ་མོ་བཀུག་ནས་སྤྱོད་པར་བྱེད།། འདིས་ནི ་ལས་ཀུན་བྱེད་པ་དང་། ། མཁའ་འགྲོ་མ་རྣམས་འཇིགས་པ་ཡིན།། ཡང་ན་གསང་སྔགས་ཐམས་ཅད་ནི།། སྐྱེ་བོ་མེད་པའི་ནགས་ཚལ་དུ།། སྔགས་པས་བྱེ་བ་བཟླས་ནས་སུ།། ལས་རྣམས་ཐམས་ཅད་བྱ་བར ་གསུངས། ། གང་གཞན་སློབ་དཔོན་སྨོད་པ་དང་།། ཐེག་པ་ཆེན་པོ་སྤྱན་འབྱིན་དང་།། མི་གང་གསང་སྔགས་རྒྱུད་དག་གི། སྦྱར་བ་ལ་ནི་འབྱ་བྱེད་པ།། དེ་ཡིས་དངོས་གྲུབ་ཐོབ་མི་འགྱུར།། དོན་རྟག་ཏུ ་ཀྱིས་ཐོན། ། བསྒོམས་ནས་གསད་པར་བྱ་བའམ།། ཡང་ན་ལུས་ནི་གཞིག་པར་བྱ།། སྔགས་པས་འདི་ལྟར་བྱས་ནས་ནི།། བྱང་ཆུབ་དངོས་གྲུབ་ལེགས་པར་འཐོབ།། ཕྱོགས་བཙུན་སེམས་ཅན་ཐམས་ཅད ་སྐུ་གསུམ་ཡེ་ཤེས་ལས་འབྱུང་བའི། ། ཁྱད་པར་དུ་ནི་བསྒོམ་པར་བྱ།། དཔྲལ་འདི་ནི་ཐེ་ཙོམ་མེད།། ཁྲག་འཐུང་ཆུ་ཡིས་བདྲན་པའམ།། དུར་ཁྲོད་ཐལ་པའམ་བཤང་གཙོཡིས།། བརླན་པའི་གོས་ནི་བགོས ་ནས་ཀྱང་། ། རྐང་པས་མཚན་མ་མནན་ནས་སུ།། ཁྲོ་ཟའི་རྒྱལ་པོར་སྦྱོར་བྱས་ཏེ།། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ནཱ།། སངས་རྒྱས་ཀྱང་ནི་ངེས་པར་འཇིག། ཆུས་བརླན་པ་ཡི་གོས་བགོས་ཏེ།། རྦ ་པོའི་མདུན་དུ་བཅིངས་ནས་སུ། ། རྐང་པ་གཡོན་པས་མནན་ན་ནི།། སངས་རྒྱས་ཉིད་ཀྱང་ངེས་པར་འཇིག། བཤང་གཅི་ཡིས་ནི་སྤགས་པའི་གོས།། རུལ་བའི་དྲི་ཅན་སྨད་པ་དག། བགོས་ནས་གསང་སྔགས ་བཟླས་བརྗོད་ན། ། མོད་ལ་འཆི་བའམ་བསྐམས་པར་འགྱུར།། དུར་ཁྲོད་ཐལ་བས་བསྡུས་པའི་གོས།། བགོས་ནས་ཁྲོ་བོ་འཁྲུགས་ནས་ནིས།། ལན་གྲངས་སྟོང་དུ་བརྗོད་ན་ནི།། རྡོ་རྗེ་སེམས་དཔའ་རྣམ་པར ་འཇིག། སྒྲ་ནི་ལྐུག་པར་བཤིག་ནས་ནི།། ཁ་བཞིན་རྣམ་པར་འགྱུར་བྱས་ཏེ།། རྐང་པས་མཚན་མ་མནན་ནས་ནི།། ནམ་མཁའི་ཁམས་ཀྱང་འཇིག་པར་འགྱུར།། མ་མོའི་གནས་སམ་དུར་ཁྲོད་དམ།། ཁང་སྟོང ་དམ་ནི་བཞི་མདོ་འམ། ། མཚན་མ་གཅིག་པའམ་ཤིང་གཅིག་ཏུ།། དྲག་ཤུལ་སྤྱོད་པ་རྩམ་པར་བྱ།། དེ་ཡི་རྐང་རྗེས་ས་ལ་ནི། མི་རུས་ལས་བྱས་ཕུར་བུ་དག། སོར་བརྒྱད་རྩམ་གྱི་ཚད་ཙམ་ལ།། ལན་གྲངས་བརྒྱ ་རྩ་བརྒྱད་བརྗོད་པའི། ། ཕུར་བུ་ཡིས་ནི་བཏང་ནས་སུ།། དགྲ་ཡི་ཁྱིམ་སྒོར་བརྐོས་ཏེ་བཞུག། སངས་རྒྱས་སྐུ་གསུམ་མཆོག་སྦྱིན་པ།། ཤེས་དང་མི་ཤེས་སྤངས་པ་ཡང་།། ཟླ་ཕྱེད་ཉ་ཡི་ནང་རོལ་དུ།། འཆིང ་བའམ་ཡང་ན་འཇིག་པར་འགྱུར། ། མཁས་པས་ཐོད་པ་ཡོངས་ཚང་བ།། ཁྱད་པར་ཅན་ནི་རྙེད་པ་དང་།། དེ་ལ་གསང་སྔགས་ཚིག་བྲིས་ཏེ།། རྡོ་རྗེ་ཚིག་གིས་བཟླས་བརྗོད་ནས།། དགྲ་ཡི་སྒོ་འམ་ཡང་ན་ནི། ་@གྲོང་དུ་སྦས་ན་ངེས་པར་སྐྲོད།། ཏ་ལའི་འདབ་མའམ་གཞན་ལའང་རུང་།། ཁྲོ་བོས་གསང་སྔགས་ལེགས་བྲིས་ཏེ།། དགྲ་ཡི་ཁྱིམ་མམ་སྒོ་ཀར་ནི།། སྦས་ན་འཆིའམ་བསྐམས་པར་འགྱུར། ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུམ་རྡོ་རྗེའི་ཕུར་བུའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ། ཁམས་གསུམ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དང་།། གསུང་དང་། ཐུགས་རྡོ་རྗེའི་ཕུར་བུ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾཿ ་གྷགྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ། ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་འདི ་ནི་གསུངས་ཙམ་གྱིས། ། རྡོ་རྗེ་དབང་ཆེན་གྲགས་པ་ཀུན།། བརྒྱལ་ནས་འཇིགས་པ་སྐྱེས་གྱུར་ཏེ།། རྡོ་རྗེ་རྣམ་སྣང་མཛད་པ་དྲན།། མི་ཡི་རུས་པའི་ཕུར་བུ་འམ།། ཡང་ན་སེང་ལྡེང་ལས་བྱུང་བ་འམ།། ལྕགས ་ལས་བྱས་པའི་ཕུར་བུས་ནི། ། རྡོ་རྗེ་སེམས་དཔའ་རྣམ་པར་འཇིག། རྡོ་རྗེ་སེམས་དཔར་མཉམ་བཞག་སྟེ།། འོད་བཟང་མེ་སྟག་འཁྲུག་པ་ཅན།། སྐུ་གསུམ་རྡོ་རྗེ་མཐའ་གཏུགས་པས།། གཟུགས་བརྙན་པ་ནི་བསས། ་ནས་སྦྱར།། རྣམ་སྣང་ཕྱག་རྒྱ་ཆེན་པོ་འམ།། ཡང་ན་འདོད་ཆགས་རྡོ་རྗེ་ཅན།། ཕྱག་རྒྱ་ཆེན་པོ་གཤིན་རྗེ་གཤེད།། འདོད་པའི་ཁྲོ་བ་ཉིད་དུ་ནི།། རྡོ་རྗེ་ཕུར་བུ་བསམ་པར་བྱ།། བདག་ཉིད་ཆེན་པོ་སྟོབས་པོ་ཆེ། ་བདུད་རྩི་ཟབ་སྦྱོར་རྡོ་རྗེ་དང་།། རྡོ་རྗེ་ཡི་ནི་རྣལ་འབྱོར་གྱིས།། སྡང་དང་གཏུམ་པོ་གཅད་པར་བྱ།། སངས་རྒྱས་བདག་ཉིད་ཆེན་པོ་ཡང་།། ཐུགས་ནས་ཞབས་ལ་ཐུག་བར་དུ།། རྡོ་རྗེ་ཕུར་བུས་རྣམ་པར་བསྒོམས། ་རྡོ་རྗེ་ཏིང་འཛིན་སྦྱོར་བ་ཡིས།། སངས་རྒྱས་དག་ཀྱང་ངེས་པར་གནོན།། འདི་ནི་ཕུར་བུའི་མཐུ་རླབས་ཏེ།། སྟེང་འོག་ལྷ་ཡི་དམ་ཚིག་ཡིན།། རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་།། སངས་རྒྱས་ཐམས་ཅད་གནོན་པ་ཡི།། ་ཏིང་འཛིན་སྦྱོར་བ་འདི་ཡིས་ནི།། མྱུར་དུ་འཆི་འམ་བསྐམས་པར་འགྱུར།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པའི་སྐུའི་ཡེ་ཤེས་རྣམས་པར་འགྱིངས་པའི ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེའི་སྐུ་གཉིས་སུ་མེད་པའི་དམ་ཚིག་གི་ཕུར་བུའི་གསང་སྔགས་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་། ། གསུང་དང་། ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཙྪིན་ད ་ཙྪིན་ད། ཧ་ར་ཧ་ར། དཱིཔྟ་བཛྲ་ཙཀྲ་ཧཱུཾ་ཕཊ། ཕན་ཚུན་བཟླས་པའི་ཚུལ་གྱིས་ནི།། མཐེ་བོའི་ངོས་ཀྱི་དྲུང་དུ་བདུགས།། སྣང་མཛད་ཞབས་ཀྱིས་མནན་ནས་སུ།། རྡོ་རྗེ་ཕུར་བུས་གདབ་པར་བྱ།། བཏབ་པ་ཙམ་གྱིས ་སེམས་དཔའ་ཆེ། ། སྐུ་གསུམ་ཡེ་ཤེས་ལས་བྱུང་བ།། དམ་ཚིག་མཆོག་གི་བཞེངས་པར་མཛད།། གཞན་དུ་བྱས་ན་རླག་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པར ་འགྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོའི་སྟང་སྟབས་ཀྱི་ཕུར་བུ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་རྡོ་རྗེ་སྐུ་དང་། ། གསུང་དང་། ཐུགས་རྣམས་ལས་ཕྱུང་ངོ་།། ་ཨོཾ་བཛྲ་རཱ་ཎཱ་ཧཱུཾ། རྩེ་མོ་ལྔ་པ་བཅིངས་ནས་སུ།། མེ་སྟག་འཕྲོ་བ་བསྒོམས་བྱས་ཏེ།། རྡོ་རྗེ་ཐུགས་ཀྱིས་ཞབས་ཀྱིས་མནན།། རྡོ་རྗེ་པུར་བུས་གདབ་པར་བྱ།། བཏབ་པ་ཙམ་གྱིས ་རྒྱལ་པོ་ཆེ། ། སྐུ་གསུམ་ཡེ་ཤེས་ལས་བྱུང་བ།། དམ་ཚིག་མཆོག་གིས་བཞེས་མཛད་དོ།། གཞན་དུ་བྱས་ན་རླག་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་མཆོག་རྣམ ་པར་འགྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུང་གི་དམ་ཚིག་གི་སྟང་སྟབས་ཀྱིས་ཕུར་བུའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ་ཨོཾ་ཏྲི་ཨོཾ་བྷུརྞྞ་པ། རྡོ་རྗེ་སོར་མོ་བཅུམ་པ་ཡིས།། པདྨ་ཁ་བྱེ་འབར་བ་ཡིས།། འདོད་ཆགས་རྡོ་རྗེ་ཞབས་ཀྱིས་མནན།། རྡོ་རྗེ་ཕུར་བུས་ངེས་པར་གདབ།། བཏབ་པ་ཙམ་གྱིས་རྒྱལ་པོ་ཆེ།། སྐུ་གསུམ་ཡེ་ཤེས་ལས ་བྱུང་བ། ། དམ་ཚིག་མཆོག་གིས་བཞེངས་པར་མཛོད།། གཞན་དུ་བྱས་ན་རླག་པར་འགྱུར།། སྐུ་གསུང་ཐུགས་ཀྱིས་ཆགས་པ་ཡིན།། ཆོ་ག་བཟང་པོ་ཙམ་གྱིས་ནི།། རྡོ་རྗེ་མཁའ་དབྱིངས་མཐས་གཏུགས་པ། ་མནན་འབྱུང་འདི་ལ་ཐེ་ཙོམ་མེད།། ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་ཕུར་བུའི་ཚིག་རྣམས་བཀའ་སྩལ་ཏོ།། དེ་ནས་སངས་རྒྱས་སྐུ་གསུམ་མཆོག། སེམས་ཅན་ཁམས་ལ་ཕན་བཞེད་རྣམས། ་དགྱེས་ཤིང་མགུ་བ་བརྙེས་ནས་སུ།། རྡོ་རྗེ་དབྱིངས་ཀྱིས་འདི་སྐད་གསུངས།། ཀྱེ་མོའོ་གསང་བའི་ཚིག་གི་མཆོག། ཀྱེ་མའོ་གསང་བ་ཀུན་འདུས་པ།། ཀྱེ་མའོ་ཞི་བ་ཆོས་ཀྱི་ཚིག། ཡེ་ཤེས་རྡོ་རྗེ་ཕུར་བུ་རྨད། ་གསང་སྔགས་ཀུན་གྱི་ཕུར་བུས་འདི།། བདེ་གཤེགས་བཀའ་ཡི་རྗེས་སུ་བྱེད།། འདི་དག་སངས་རྒྱས་ཀུན་གྱི་སྟེ།། ཕུར་བུ་དེ་ཉིད་རྣམས་ལས་བྱུང་།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོམ་རྐུན་ཐམས་ཅད ་གདོངས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འོད་ཟེར་ཅན་འདི་གསུངས་སོ། ། ཨོཾ་མཱ་རཱི་ཙྱཻ་དེ་བ་ཏཱ་ཡཻ་སྭཱ་ཧཱ། རིག་སྔགས་གསུངས་པའི་མོད་ལ་ནི། ་དབང་ཆེན་དྲག་པའི་སངས་རྒྱས་ཀུན།། ཐུགས་ནི་དགྱེས་ཤིང་མགུ་བར་གྱུར།། སྲས་རྣམས་ཀྱིས་ནི་སྤྱན་ཡང་ཕྱེ།། འདི་ནི་ལས་རྣམས་ཐམས་ཅད་མ།། ཆོམ་རྐུན་སྡང་བ་འཆིང་མཛད་མ། འདི་ཡི ་སྦྱོར་བ་ལ་གནས་ན། ། འགྲོ་བའི་ཚེ་ན་མཐོང་མི་འགྱུར།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་སྣང་བ་ཐམས་ཅད་རྣམ་པར་འཇོམས་པ་སེམས་ཅན་ཐམས་ཅད ་སྒྲོལ་བར་བྱེད་པའི་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་སོ། ། ཨོཾ་མ་ཧཱ་ས་ཧ་སྲ་པ ་མངོན་པར་སི་ཏྤཱ་ད་མི་གེ་མ་ཎི་བཛྲ་ཎི་ཧཱུ~ཾ་ཕཊ་བཱདྡྷ། དེ་ནས་རིག་སྔགས་ཚེ་གསུངས་པས།། སངས་རྒྱས་ཤིང་རྣམས་རབ་ཏུ་གཡོས།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། བདུད་ཀྱི་རིས་རྣམས་པམོས་པར་འགྱུར ་གཙོ་བོ་རྡོ་རྗེ་སྣང་མཛད་པ། ། ཁམས་ཅད་ཚིག་བཞིན་བཏུད་ནས་རྦ།། བཅོམ་ལྡན་རིག་སྔགས་མཐུ་སྟོབས་ཀྱིས། གནོད་བབྱིན་ཐམས་ཅད་གཟིར་ལགས་སོ།། གཛ་ནི་རིག་སྔགས་སྟོབས་མོ་ཆེ། ཁ་རོ ་གནོན་པ་འདི་ཟློས་པ། ། དེར་ནི་བདག་ཅག་མི་མཆི་ཞིང་།། དེར་ནི་བསྲུང་བ་དག་ཀྱང་བགྱི།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་བརྒྱ ་བ་ཡིན་མངོན་པར་མཐོ་བའི་སྟོབས་ལྷ་མ་ཡིན་རྣམ་པར་འཇོམས་པས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཆེན་པོ་འདི་གསུངས ་སོ། ། ཨོཾ་བྷ་ག་བ་ཏཱི་དྷ་ཛ་གྲ་ཀེ་ཡུ་རེ་པ་ར་སི་ནྱ། བི་དྷཱ་ན་ས་ན་ཀ་སཱ་ས་ནྱ་པ་རི་ལ་ནི། ཨུ་ལཱུ་ཀཱ་མུ་ཁི། ཁ་ཁ་ཁཱ་བི་ཁཱ་ཧི་པ་ར་སྱཻ་ནཱ་མ། ཨ་ནནྟ་བྷུ་ཛ། ཨ་ནན་ཏ་མུ་ཁེ་པྲཱ་ས་ར་པྲ་བ་ར་ཧཱུ~ཾ་ཕཊ་ཕཊ་སྭཱཧཱ། ་དེ་ནས་རིག་སྔགས་ཆེ་གསུངས་པས།། སངས་རྒྱས་ཞིང་རྣམས་གཡོས་པར་གྱུར།། བྱང་ཆུབ་སེམས་དཔའ་རབ་གཡོས་ཤིང་།། བདུད་ཀྱི་སྡེ་རྣམས་ཚིག་པར་གྱུར།། གནོད་སྦྱིན་སྲིན་པོ་གོས་བྲལ་ནས།། འཇིགས ་ཤིང་སྐྲག་པར་གྱུར་པ་ཡིས། ། གཙོ་བོ་རྡོ་རྗེ་རྣམ་སྣང་དྲན།། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་ཚིག་ལགས་ཏེ། བདག་ཅག་དམ་ཚིག་ལ་གནས་པར་འཚལ་ལགས་ན། མགོན་མཛད ་ཅིང་ལུས་ཐམས་ཅད་རབ་ཏུ་བསྒྲུབས་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་མངལ་ཐམས་ཅད་ཡང་དག་པར་སྐྱེས་པས་ཁྱབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སོ་སོ་འབྲང་མ་འདི་གསུངས་སོ། ། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རེ་སྭཱ་ཧཱ། རིག་སྔགས་ཆེན་མོ་གསུངས་པ་དང་།། རིག་སྔགས་རྒྱལ་མོའི ་མཐུ་ཡིས་ནི། ། མི་ཡི་སྐྱེ་དགུ་འཚེ་བྱེད་པ།། མཐུ་ཆེན་མངས་ནི་འཕྲོག་པ་དང་།། ལོག་འདྲེན་ཀུན་དང་སྡང་བའི་རྣམས།། མི་བཟད་མེ་ལྕེས་ཚིག་གྱུར་ནས།། འཇིགས་པ་དང་ནི་སྐྲག་པ་ཡིས།། རྡོ་རྗེ་སྣང་། ་མཛད་དྲུང་ལྷགས་ཏེ།། ཞབས་ལ་གཏུགས་ཏེ་ཚིག་སྨྲས་པ།། བདག་ཅག་དམ་ཚིག་གནས་པར་འཚལ།། རིག་སྔགས་དམ་ཚིག་རྟག་གནས་པ།། གང་གིས་མངལ་ཡང་མི་འཕྲོག་ཅིང་།། རྟག་ཏུ་མངལ་ནི་སྦལ ་བར་མཛད། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་ནོར་གྱི་རྒྱུན་གྱི་ཡང་དག་པར་འཛིན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་སྔགས་ཀྱི་རྒྱལ ་མོ་ཆེན་མོ་ནོར་གྱི་རྒྱུན་འདི་གསུངས་སོ། ། ཨོཾ་བ་སུ་དྷི་རི་མ་ཧཱ་བ་སུ་དྷ་ར་བྲྀཥྚ་ནི་པཱ་ཏ་ནི་བ་སུ་སྭཱ་ཧཱ། ནོར་གྱི་རྒྱུན་ཅེས་བྱ་བ་ཡི།། རིག་སྔགས་གསུངས་པའི་མོད་ལ་ནི།། བགེགས་དང་ལོག་འདྲེན་ཐམས་ཅད་དག ་ཡིད་ནི་འཇིགས་ཤིང་སྐག་གྱུར་ནས། ། རྡོ་རྗེ་རྣམ་པར་སྣང་མཛད་ཀྱི།། དྲུང་དུ་ཉེ་བར་འོངས་ནས་སུ།། དམ་བཅས་པ་ཡི་ཚིག་སྨྲས་པ།། བཅོམ་ལྡན་ནོར་རྒྱུན་ཅེས་བྱ་བའི།། མཚན་ནི་མི་མཆོག་སྒྲོགས་བགྱིད་ན། ་དེ་ལ་ནོར་གྱི་ཆར་འབབ་ཅིང་།། ནོར་ཆེན་དང་ནི་ལྡན་པར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་པར་བྱེད་པ་ཐམས་ཅད་འདུལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྲིན་མོ་ཐོས ་སང་ས་བསྒྱུར་བའི་སྙིང་པོ་འདི་གསུངས་སོ། ། ཨ་རེ་དུ་ཏྲི་ནི་མ་གུ་མ་ཀ་ཙིཿ། མ་པཱ་བེ་ཀེ་དྷ་རི་སྲིད་དྷ་ཛིཿ། མ་ཧེདར། ར~ཾ་ཛི་ཀ་པཱ་ལ་མ་ལ་དྷ་རི་ཎ~ཾ་ཛ་ཊམ་ཀུཿ། མིན་ཏེ། ནན་པྲ་ཧ་ར། དྷརྨརྨྨཱཛྫ ་པཊ་ལཊ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་ནུ་སྥ་ར། རུ་ཀྲ་རུ་ཀྵ། ཛྙཱ་དྡྷ། བྲམ་དྷ་མ། སརྦ་ཤ་ཛཱ་ཏཱི། ཤོ་ན་ཏ་བི་པ། ཙ། བེ་བདྷ་ར། པཙ་ཏ་བ་ཙཏ། བི་ཀི་ར་ཏ་ས་ཏ ་ཧཱུཾ། ། ད་སད་ཧ། སརྦ་ཤཏྲཱུཾ། སརྦ་དུཥྚཱན། ནི་ལིན། པྲ་ས་ད་ཡཛྫ། མ་ཧཱ་དྷཱ་ཀ་བ་ཏེ། ཛྭལ་ཛྭ་ལ་ཧཱུཾ་ཕཿ། ཆེ་གེ་མོ་ཞིག་མེ་པ་ཤ་མ་ན་ཡ་སྭཱ་ཧཱ། དེ་ནས་སྲིན་མོ་འབར་བའི་ཐོག། རིག་སྔས ་ཆེན་མོ་གསུངས་པ་ཡིས། ། བདུད་ཀྱི་གནས་རྣམས་ཚིག་པར་གྱུར།། དགྲ་རྣམས་ཀྱི་ནི་སྙིང་ཡང་བསྐམས།། དུར་ཁྲོད་ཀྱི་རས་ལ་སྲིན་མོ་བཙག་གིས་བྲིས་ནས་ལེགས་པར་སྦས་ཏེ་གུ་གུལ་གྱི་བདུག་པ་སྲེག་ཅིང ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། མེ་ཏོག་དམར་པོ་དང་། དྲི་དམར་པོ་དང་། གཏོར་མ་དང་ལྷ་བཤོས་དམར་པོར་བྱས་པ་བྱིན་ནས་དུར་ཁྲོད་དུ་བརྐོ་བར་བྱའོ།། དེའི་སྟེང་དུ་མིང་ནས་སྨོས་ཤིང་བརྒྱ་རྩ་བརྒྱད་བཟླས ་བརྗོད་བྱས་པའི་ཡུངས་ཀར་གྱིས་གཏོར་ཏོ། ། བརྐོས་པའི་མོད་ལ་ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་བཅིངས་པར་འགྱུར་རོ།། མནན་པ་དང་རྨོངས་པར་བྱས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཕྲོག་མིར ་དཀའ་སྟོན་གནོད་སྦྱིན་མོའི་ཚོགས་དགའ་བར་བྱེད་པའི་དངོས་གྲུབ་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཆེན་པོ་འཕྲོག་མའི་གསང་སྔགས་འདི་གསུངས་སོ། ། ཨོཾ་ཧཱ་རི་ཏྱེ་མ་ཧཱ་ཡཀྵ་ཎཱ་ཡེ། ་ཧ་ར་ཧ་ར། སརྦ་ཡཀྵི་ཎཱི་པྲ་བེ་ཤ་ནི་སཱཧཱ། དེ་ནས་འཕྲོག་དགའ་འབྲོག་མ་ནི།། གནོད་སྦྱིན་ཆེན་མོ་གསུངས་པ་དང་།། གནོད་སྦྱིན་མ་ཀུན་གཡོས་ནས་སུ།། དངོས་གྲུབ་ཕྱིར་ནི་མངོན་ཕྱོགས་གྱུར།། ཁྲོ་མོའི་འ ་ལོ་གནོད་སྦྱིན་མ། ། བརྒྱད་དབུས་འཕྲོག་མས་བརྒྱན་བྱས་ཏེ།། ལྕགས་ཀྱུ་འབྲས་བུ་ནེ་ལེ་ཅན།། གནོད་སྦྱིན་བརྒྱད་ཀྱིས་ཀླུབས་ནས་སུ།། གནོད་སྦྱིན་མ་ཀུན་བསྒྲུབ་པར་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ནད ་ཆེན་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མི་ངས་ཆེན་པོ་ཞི་བར་མཛད་པའི་རིག་སྔགས་རི་ཁྲོད་ཀྱི་ཤིང་ལོ་ཅན་མ་འདི་གསུངས་སོ། ། ཨོཾ་པཱ་ཤཱ་རྩི་བརྟ་ཤ་བ ་རི་སརྦྦ་མཱ་ར་པྲ་ཤ་མ་ནི་ཧཱུཾ་ཕཊ། དེ་ནས་རིག་སྔགས་ཚེ་གསུངས་པས།། སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས།། གནོད་བྱེད་ནད་འགྲོ་སྲིན་པོ་དང་།། སྡང་བ་རྣམས་ཀྱི་སྙིང་ཡང་ཟགས།། ཡང་ཤིང་འོ་མ་ཅན་དང ་ཏིལ། ། འོ་མས་དུ་བཞི་པར་འགྱུར།། ནམ་མཁར་ཀུན་ནས་རིག་སྔགས་ཀྱི།། རྒྱལ་མོ་ལེགས་པར་བཀང་ནས་སུ།། བདུད་རྩི་ཆར་འབེབས་བསམས་ན་ནི།། མོད་ལ་གནོད་པ་ཞི་བར་འགྱུར།། རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་གསང་སྔགས་ཀྱི་ཡེ་ཤེས་རྣམ་པར་བསྒྱིངས་པ་རིམ་པར་ཕྱེ་བའི་ལེའུ་སྟེ་ལྔ་པའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན ་གཤེགས་པས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐུ་གསུམ་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡང་དག་པར་བྱུང་བ་ལག་པའི་ཕྱག་རྒྱ་ཐ་དད་པ་རྣམས་མཉམ་པར་བཞག་པའི་སེམས་ཀྱིས་ཉོན་ཅིག། གང་ཞིག ་བཅིངས་པ་ཙམ་གྱིས་ནི། ། སྡིག་པ་ཀུན་ལས་རྣམ་འགྲོལ་ཞིང་།། འདི་ནི་ལུས་ནི་བྱིན་བརླབས་ཏེ།། རང་གི་གཟུགས་སུ་རྣམ་བསྒོམས་ན།། སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཅི ་དགོས། ། ལག་པ་གཉིས་སུ་ཚུར་བཅངས་པ་ལས་མཐེ་བོང་གཉིས་བཏེག་པ་ནི་དེ་བཞིན་གཤེགས་པའི་སྟེ། སྐུ་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ།། དེ་ཉིད་ལས་གཡོན་པའི་མ ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བཏེག་པ་ནི་འཇིག་རྟེན་དབང་ཕྱུག་གི་སྟེ། གསུང་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ།། དེ་ཉིད་ལས་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡོན་པའི་མཐེ་བོང་བཏེག་པ་ན ་རྡོ་རྗེ་འཆང་གི་སྟེ། ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ།། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་གཡོན་པའི་མཛུབ་མོ་བསྒྲེང་བའི་ཐོར་ཏོ་གཡས་པའི་ཁུ་ཚུར་གྱིས་བཟུང་བ་ནི་རྡོ་རྗེ་རྣམ་པར་སྣང་མཛད ་ཆེན་པོའི་ཕྱག་རྒྱའོ། ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ནས་ལག་པ་གཡོན་པ་པང་པར་བཞག་སྟེ། གཡས་པ་ས་ལ་གཡོན་པ་ནི་མི་འཁྲུགས་པའི་ཕྱག་རྒྱའོ།། དེ་ཉིད་ལས་གཡས་པ་མཆོག་སྦྱིན་པར ་བྱས་པ་ནི་རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱའོ། ། དེ་ཉིད་ལས་ལག་པ་གཉིས་བསམ་གཏན་གྱི་ཚུལ་དུ་བྱས་པ་ནི་འོད་དཔག་མེད་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་གཡས་པའི་མི་འཇིགས་པ་སྦྱིན་པར་བྱས་པ་ནི་གདོན་མི ་ཟ་བར་གྲུབ་པའི་ཕྱག་རྒྱའོ། ། ལག་པ་གཉིས་རྡོ་རྗེ་བཅིང་བར་བྱས་པ་ལས་གུང་མོ་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་སེམས་མའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོའི་ཚོགས་དང་པོ་བཀུག་སྟེ། རིན་པོ་ཆེལ ་ཚུལ་དུ་བྱས་པ་ནི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱའོ། ། དེ་ཉིད་ལས་གུང་མོ་པདྨའི་འདབ་མ་ལྟར་གདུ་བུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཆོས་མོའི་རྒྱའོ།། དེ་ཉིད་ལས་གུང་མོ་ནང་དུ་བསྐུམ་པ་ནི་རྡོ་རྗེ་ལས་མའི་ཕྱག་རྒྱང།། ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱོར་བ་ལས་མཛུབ་མོ་གཉིས་གདུ་དུ་ལྟར་བྱས་ཏེ་མཐེ་བོའི་རྩེ་མོ་མིག་གི་ཚུལ་དུ་བྱས་པ་ནི་སངས་རྒྱས་སྤྱན་གྱི་ཕྱག་རྒྱའོ།། རྡོ་རྗེ་བཅིངས་པ་ལས་གུང་མོ་བསྒྲེང་བའི་ཚིགས ་གསུམ་པར་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་བཟུང་བ་ནི་མཱ་མ་ཀཱིའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱོར་ཏེ་པདྨ་ཁ་བྱེ་བའི་ཚུལ་དུ་བྱས་པ་ནི་གོས་དཀར་ཅན་གྱི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ ་ཁོང་སྟོང་དུ་སྦྱར་བ་ལས་མཛུབ་མོ་གཉིས་བཀུག་པས་གུང་མོའི་སེན་མོ་མནན་ཏེ། མཐེ་བོང་གཉིས་དབུས་སུ་བཞག་ནས་ཅུང་ཟད་བཀུག་པ་ནི་སྒྲོལ་མིའི་ཨུཏྤ་ལའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ་སྦྱར ་ཏེ་མཛུབ་མོ་དང་གུང་མོའི་ཚིག་དབུ་མར་གདུ་བུའི་ཚུལ་དུ་བྱས་ནས་མཐེ་བོང་གཉིས་གློར་བཞག་པ་འདི་ནི་སྐུལ་བྱེད་མའི་གཟུངས་ཀྱི་ཕྱག་རྒྱའོ། ། དེ་ནས་རྡོ་རྗེ་བཅིངས་པ་བྱས་པ་ལས་མཛུབ་མོ་གཉིས་མཐེ་བོའི ་རྩེ་མོར་བཀུག་པ་འདི་ནི་རིན་ཆེན་སྒྲོན་མའི་ཕྱག་རྒྱའོ། ། ལག་པ་གཉིས་བརྐྱང་སྟེ་མཐེ་བོས་སོ་སོའི་མཐེའུ་ཆུང་གི་སེན་མོ་མནན་ནས་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདི་ནི་ཁྲོ་གཉེར་ཅན་མའི་ཕྱག་རྒྱའོ།། ་ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་པ་འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ།། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་གུང་མོ་དང་སྲིན་ལག ་གཉིས་བསྒྲེངས་ཏེ་རྩེ་མོའི་ཚུལ་དུ་བྱས་ལ་གུང་མོའི་རྒྱབ་ཏུ་སྲིན་ལག་བསྣོལ་ལ། མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས་པས་དཀྲིས་པས་མཐེ་བོང་གཉིས་མདུན་དུ་བཞག་པ་ལས་ཅུང་ཟད་བཀུག་སྟེ། ་ཚུལ་དུ་བྱས་པ་འདི་ནི་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་ཁྲོ་བོའི་མཛུབ་མོ་སྙིང་ཀར་བཞག་སྟེ། ལག་པ་གཡས་པ་ཐལ་ལྕག་གི ་ཚུལ་དུ་བྱས་པ་ནི་ཁྲོ་བོ་བཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། ། རྡོ་རྗེ་ཁུ་ཚུར་གཉིས་ལ་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་མདུན་ལ་མཛུབ་མོ་གཞིབས་ཏེ་བསྒྲེངས་པ་ལས་བཟློག་སྟེ་དཔྲལ་བར་བཞག་པ་ནི་རྔ་མགྲིན་གྱི་ཕྱག ་ཏུའོ། ། ལག་པ་གཉིས་ཀྱི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་སེན་མོ་མནན་ལ་རལ་གྲི་ཤུབས་ནས་དབྱུང་བའི་ཚུལ་དུ་བྱས་པ་ནི་འཕགས་པ་མི་གཡོ་བའི་ཕྱག་རྒྱའོ།། ལག་པ་གཉིས་རྡོ་རྗེ་ཁུ་ཚུར ་བཅངས་པ་ལས་རྒྱབ་སྤྲད་དེ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་ནས་མཛུབ་མོ་གཉིས་བསྒྲེངས་པ་ལས་ཞགས་པའི་ཚུལ་དུ་བྱས་པ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱའོ། ། ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ ་མོ་སྙིང་ཀར་བཞག་ལ། གཡས་པ་ཁྲོ་བོའི་སོར་མོ་བེ་ཅོན་གྱི་ཚུལ་དུ་ཕྱར་བ་ནི་བེ་ཅོན་སྔོན་པོ་ཅན་གྱི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེ་སྙིང་ཀར་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་རྡེག་སྟངས་དང་བཅས་པར ་ཕྱར་བ་ནི་སྟོབས་པོ་ཆེའི་ཕྱག་རྒྱའོ། ། ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་ལ། མཛུབ་མོ་དང་གུང་མོ་བསྒྲེངས་ཏེ་སྤྲད་ནས་མེ་ཏོག་གི་ཚུལ་དུ་བྱས་པ་ནི་བྱམས་པའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ་ཁོང ་སྟོང་དུ་སྦྱར་ནས་མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་སེན་མོ་མནན་ནས། ཨུཏྤ་ལ་ཁ་བྱེ་བའི་ཚུལ་དུ་བཞག་པ་ནི་འཇམ་པའི་དབྱངས་ཀྱི་ཕྱག་རྒྱའོ།། ལག་པ་གཡོན་པ་པང་པར་བཞག་པ། ལ ་པ་གཡས་པ་གླང་པོ་ཆེའི་སྣ་ལྟར་བྱས་པ་ནི་སྤོས་ཀྱི་གླང་པོ་ཆེའི་ཕྱག་རྒྱའོ། ། གཡོན་པས་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་བསྒྲེངས་པ། ལག་པ་གཡས་པའི་སོར་མོ་བ་དན་གྱི་ཚུལ་དུ་བྱས་པ་ནི་ཡེ་ཤེས་ཏོག་གི་ཕྱག ་རྒྱའོ། ། བཟང་པོའི་འདུག་སྟངས་སུ་འདུག་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་སྙིང་ཀར་བཞག་པ་ནི་བཟང་སྐྱོང་གི་ཕྱག་རྒྱའོ།། ལག་པ་གཉིས་ཆུ་རླབས་ཀྱི་ཚུལ་དུ་བརྐྱང་བ་ལས་སོར་མོ་རྣམས་ཆུ་རླབས ་དྲང་བ་ནི་བློ་གྲོས་རྒྱ་མཚོའི་ཕྱག་རྒྱའོ། ། གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་ཀར་བཞག་ལ། གཡས་པ་མཆོག་སྦྱིན་པ་ནི་བློ་གྲོས་མི་ཟད་པའི་ཕྱག་རྒྱའོ།། གཡོན་པ་རྡོ་རྗེ་ཁུ་ཚུར་པང་དུ་བཞག་ལ། གཡས་པ་སེ་གོལ ་གཏོགས་པའི་ཚུལ་དུ་བྱས་པ་ན་སྤོབས་པ་བརྩེགས་པའི་ཕྱག་རྒྱའོ། ། ལག་པ་གཉིས་པདྨ་ཅུང་ཟད་ཁ་བྱེ་བ་ལྟར་བྱས་པ་ནི་མཐུ་ཆེན་ཐོབ་ཀྱི་ཕྱག་རྒྱའོ།། ལག་པ་གཉིས་མེ་ཏོག་འདོར་བའི་ཚུལ་དུ་བྱས་པ་ནི་ངན ་སོང་ཐམས་ཅད་སྤོང་བའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་བསྣུན་པའི་ཚུལ་དུ་བྱས་པ་ནི་མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར་འཇོམས་པའི་བློ་གྲོས་ཀྱི་ཕྱག་རྒྱའོ།། ལག་པ་གཉིས ་བརྐྱང་ནས་འཕྲོ་བའི་ཚུལ་དུ་བྱས་པ་ནི་དྲ་བ་ཅན་གྱི་འོད་ཀྱི་ཕྱག་རྒྱའོ། ། གཡས་པ་མཆོག་སྦྱིན་པར་བྱས་ལ། གཡོན་པ་ཟླ་བའི་ཚུལ་དུ་བྱས་པ་ནི་ཟླ་འོད་ཀྱི་ཕྱག་རྒྱའོ།། ལག་པ་གཉིས་བུམ་པའི་ཚུལ་དུ་བྱས ་ནས་དབང་བསྐུར་བ་ནི་འོད་དཔག་མེད་ཀྱི་ཕྱག་རྒྱའོ། ། གཡོན་པ་རྡོ་རྗེ་ཁུ་ཚུར་བྱས་ལ་གཡས་པའི་ཁུ་ཚུར་ནམ་མཁའ་ལ་ཀུན་ཏུ་བསྐོར་བའི་ཚུལ་དུ་བྱས་པ་ནི་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའོ།། གཡོན་པ ་ས་ལ་བརྐྱང་ནས་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་སྨད་ནས་ཞི་བའི་ཚུལ་དུ་བྱས་པ་ནི་སྒྲིབ་པ་ཐམས་ཅད་ངེས་པར་སེལ་བའི་ཕྱག་རྒྱའོ། ། གཡོན་པ་རྡོ་རྗེ་ཁུ་ཚུར ་ལས་ཁྲོ་བོའི་མཛུབ་མོ་སྙིང་ཀར་བཞག་ལ་ཧཱུཾ་ཞེས་བྱ་ཞིང་། ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་རྡེག་སྟངས་དང་བཅས་པ་ཕྱར་བ་ནི་རོ་ཁྲོད་ལོ་མ་ཅན་གྱི་ཕྱག་རྒྱའོ།། ལག་པ་གཡོན་པ་སོར་མོ་བརྐྱང་བ ་ལས་མཛུབ་མོ་དང་མཐེ་བོང་སྐམ་པས་འཛིན་པའི་ཚུལ་དུ་བྱས་ལ། ལག་པ་གཡས་པ་ཁབ་ཀྱི་ཚུལ་གྱིས་འཚེ་བར་བྱེད་པ་རྣམས་ཀྱི་ཁ་མིག་འདྲུབ་པ་ནི་འོད་ཟེར་ཅན་མའི་ཕྱག་རྒྱའོ།། ལག་པ་གཉིས ་སྤྱི་བོར་སྦྲུལ་མགོ་གདེངས་ཀའི་གདུགས་ལྟར་བྱས་ནས་ཕུད་ཅེས་བརྗོད་པ་ནི་དུག་སེལ་མའི་ཕྱག་རྒྱའོ། ། འདོད་པའི་རྒྱལ་པོའི་ཕྱག་གཉིས་ལས་མཛུབ་མོ་གཉིས་བསྒྲེངས་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ།། ་དེ་ཉིད་ལས་གཡོས་པའི་ཁྲོ་བོའི་ལྕགས་ཀྱུ་ཡིས་ཛ་ཞེས་བྱས་པས་དགུག་པ་ནི་རྡོ་རྗེ་ཁྲོ་བོ་ལྕགས་ཀྱུས་དགུག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་སྟེ་རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱའོ།། ་རྡོརྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་མཆེ་བའི་ཚུལ་དུ་བྱས་པ་ལས་བསྣོལ་ཏེ་འགྲམ་པ་གཉིས་སུ་བཞག་ལ། ལྕེ་འཇིབ་ཅིང་ཁྲོ་བོའི་ལྟ་བས་བལྟ་བར་བྱ་བ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱའོ།། དེ་ཉིད་ལས ་མཐེའུ་ཆུང་གཉིས་བསྐུམ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་ནས་ཁའི་གྲཝར་བཞག་སྟེ་ཧཱུཾ་ཞེས་བྱ་ཞིང་ཁྲོ་བོའི་ལྟ་བས་ལུས་གཅུ་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱའོ།། ལག་པ་གཉིས་ཀྱིས ་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་བསྣོལ་ནས་གྱེན་དུ་བཏེག་པ་ལྟར་བྱས་པ་ནི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་ཁྲིག་མ་གཉིས་བསྣོལ་ཏེ་བསྟོད་ཅིང་བཏོག་པ་ནི་སྒོ་དབྱེ ་བའི་ཕྱག་རྒྱའོ། ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བསྣོལ་ནས་མཆན་ཁུང་དུ་བསྡམས་ཏེ་ཁྲོ་བོའི་ལྟ་བས་འགྱུར་བ་དང་བཅས་པ་ནི་གདོན་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱའོ།། ལག་པ་གཡོན་བརྐྱང ་སྟེ་ཁ་སྦུབ་པ་ལ་དེའི་སྟེང་དུ་གཡས་པ་བཞག་ནས་ལག་པ་གཉིས་ཀྱིས་སོར་མོ་བསྐྱོད་པ་ནི་ལྷ་མ་ཡིན་གྱི་སྒྱུ་དང་། འཁྲུལ་འཁོར་འབྱེད་པ་དང་། ལྷ་མ་ཡིན་གྱི་བུ་མོ་སྨྲ་ར་གཞུག་པའི་ཕྱག་རྒྱའོ།། ་ལག་པ་གཉིས་ཀྱི་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་ཏེ་བཞག་ལ། ལྷག་མ་བ་དན་རྩེ་གསུམ་པའི་ཚུལ་དུ་བྱས་ནས་སྟང་སྟབས་དང་བཅས་པར་ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ས་འོག ་གི་ཕྱག་རྒྱའོ། ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་ཁྲོ་བོའི་མཛུབ་མོས་སྡིགས་པ་ནི་རྡོ་རྗེ་བདག་མོའི་ཕྱག་རྒྱའོ།། རྡོ་རྗེ་བཅིངས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཕུར་བུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཕུར་བུའི ་ཕྱག་རྒྱའོ། ། གཡས་པའི་རྡོ་རྗེ་ཁུ་ཚུར་བརྡུང་བའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱའོ།། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྡོ་རྗེ་མདུད་པ་དོར་བའི་ཚུལ་དུ་བྱསཔ ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཅིང་བའི་ཕྱག་རྒྱའོ། ། ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་བཅངས་ཏེ་སོག་ལེ་དྲང་བའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་སོག་ལེའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ ་མོ་ཟླ་བའི་ཚུལ་དུ་བྱས་ཏེ་གདོང་གཡོག་ཅིང་བརྐྱང་ལ་ཁྲོ་བོའི་མིག་ཏུ་བྱས་ནས་ཨ་ལ་ལ་ཞེས་བྱ་བ་ནི་རྡོ་རྗེ་སྲིན་མོའི་ཕྱག་རྒྱའོ། ། ལག་པ་གཉིས་ལུ་གུ་རྒྱུད་དུ་བཅིངས་པ་མཛུབ ་མོ་དང་མཐེ་བོང་གཉིས་པདྨའི་ཚུལ་དུ་བྱས་པ་ནི་སྤྲིན་ཐམས་ཅད་གཏུབ་པའི་ཆར་པའི་ཕྱག་རྒྱའོ། ། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་མཛུབ་མོ་གཉིས་གདུ་བུ་ལྟར་བྱས་ཏེ་སྐམ་པའི་ཚུལ་དུ ་དཔུང་པ་བརྐྱང་བ་ནི་འཁྲུལ་འཁོར་གྱི་ཕུར་པ་དབྱུང་བའི་སྐམ་པའི་ཕྱག་རྒྱའོ། ། ལག་པ་གཉིས་ཀྱི་མཐེ་བོང་ལག་མཐིལ་དུ་བཞག་སྟེ། ལྷག་མ་རྣམས་འདབ་མ་ལྟར་གཡབ་ཅིང་རྐང་པ་ཡ ་གཅིག་ས་ལ་བཙུགས་ལ། གཅིག་རྒྱབ་ཏུ་བརྐུམས་ནས་ཁྲོ་བོའི་ལྟ་བས་ལྕེ་འཇིབ་ཅིང་ཧཱུཾ་ཕཊ་ཅེས་བྱ་བས་རིམ་གྱི་ས་བསྐྱོད་པ་ནི་རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ།། འདི་བཅིངས་པ་ཙམ་གྱིས ་ཁམས་གསུམ་ཁྱབ་པའི་དུག་ཀྱང་སྐད་ཅིག་གིས་སེལ་བར་བྱེད་དོ། ། རྡོ་རྗེ་ཁུ་ཚུར་གཉིས་མདའ་གཞུ་དག་གི་ཚུལ་གྱིས་ཕྱོགས་བཞིར་མདའ་བཀང་སྟེ་འཕངས་པས་ཕ་རོལ་དཔུང་གཞིག་པ་ནི་མཉེས ་པར་བྱེད་པའི་རྡོ་རྗེ་མདའི་ཕྱག་རྒྱའོ། ། ཁུ་ཚུར་གཉིས་ལས་གུང་མོ་བཞིབས་ཏེ་བསྒྲེང་བ་ལས་རིན་པོ་ཆེའི་ཚུལ་དུ་བཀུག་ལ། མཐེ་བོང་བརྐྱང་བའི་སྟེང་དུ་མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས ་པ་ནི་སངས་རྒྱས་འཁོར་ལོ་ཅན་གྱི་ཕྱག་རྒྱ་གཡུལ་ལས་སྒྲོལ་བར་བྱེད་པའོ། ། ལག་པ་གཡོན་པའི་མཐེ་བོས་སོར་མོ་མནན་ཏེ་གུང་མོ་བསྒྲེང་ལ་གཡས་པས་པདྨ་ཁ་བྱེ་བའི་ཚུལ་དུ་བྱས་པ་ནི་ཧ་ལ་བ་ལའི་ཕྱག ་རྒྱའོ། ། ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་དཀྲིས་ལ་མཛུབ་མོ་གཉིས་གནིབས་ཏེ་བསྒྲེངས་ནས་བཟློག་ལ་དཔྲལ་བར་བཞག་པ་ནི་རྡོ་རྗེ་ཁྲག་འཐུང་གི་ཕྱག་རྒྱ་སྟེ། དུར་ཁྲོད་དུ་འཇུག་པ་ན་མཁའ་འགྲོ་མ་རྣམས ་འཇིགས་པར་བྱེད་པའོ། ། གཡོན་པས་ཐོད་པ་བཟུང་ལ་གཡས་པས་མདུང་རྩེ་གསུམ་པ་ཐོགས་ནས་རལ་པ་བཅིངས་ཏེ་ཟླ་བས་བརྒྱན་ཅིང་མཚན་བསྒྲེང་ལ། མིག་གསུམ་པ་གར་བྱེད་པ་ནི་གར་ཐབས་ཀྱི་ཕྱག་རྒྱ ་སྟེ། ། འདི་ནི་བདེ་བྱེད་ཀྱི་ཕྱག་རྒྱའོ།། གཡོན་པ་མི་འཇིགས་པར་བྱས་པ་ལས་སོར་མོ་རྣམས་ཅུང་ཟད་ཕྱེ་སྟེ་མཐེ་བོང་ལག་མཐིལ་དུ་གཞག། དེ་བཞིན་དུ་གཡས་པའི་ཁུ་ཚུར་དབྱུག་ཏོ་འཛིན་པ་ལྟར་བྱས་པ་ནི་ཁྱབ ་འཇུག་གི་ཕྱག་རྒྱའོ། ། ལག་པ་གཉིས་བརྐྱང་ནས་པདྨའི་ཚུལ་དུ་བྱས་པ་ནི་ཚངས་པའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མེ་ཏོག་ལྟར་བྱས་པ་ནི་མ་མོ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར ་གཉིས་ཀྱི་ནི། ། རྒྱབ་ཏུ་འདུད་པ་ལྟར་འདོར་ཞིང་།། རྡོ་རྗེ་སེམས་མ་ལ་སོགས་པའི།། རིན་ཆེན་ཅོད་པན་འཕྲེང་དབང་བསྐུར།། ཏིང་ངེ་འཛིན་གནས་པས་འཁོར་ལོ་ཅན།། འཁོར་ལོ་མངའ་བའི་ལྷ་རྣམས ་ལ། ། སངས་རྒྱས་ས་ནི་རབ་འགེངས་པའི།། གསང་བའི་མཆོད་པ་འབྱུང་བར་བསམ།། འགྱུར་ཞིང་ཅུང་ཟད་འཇོ་ཚུལ་ཅན།། སྒེག་མོ་ཡི་ནི་ཕྱག་རྒྱ་ཡིས།། གར་གྱི་ཚུལ་དུ་བཀོད་ནས་ཀྱང་།། ཧཱུཾ་ཞེས ་བྱ་བ་གླུར་བླངས་ཤིང་། ། དེ་ནས་སངས་རྒྱས་ཀུན་དགྱེས་པ།། རྡོ་རྗེ་རྒྱུད་ནི་སྦྲེང་བར་བྱ།། དེ་ནས་འཕྲེང་ཚུལ་འཕྲེང་བ་ཡིས།། ལྷ་རྣམས་ཀུན་ལ་བཅིང་བར་བྱ།། འཇོ་སྒེག་ཐབས་ལ་སྤྲོ་བ་ཡིས།། ་@ལག་གཉིས་བསྐོར་ཞིང་དགྲོལ་བ་དང་།། གཡས་ནས་གཡོན་དུ་བསྐོར་བ་ཡིས།། གར་ཐབས་བྱས་ལ་མགོ་ལ་གཞག། མེ་ཏོག་དབུལ་བའི་ཚུལ་དུ་ནི།། གང་གི་མེ་ཏོག་ཐལ་མོ ་སྦྱར། ། བདུག་སྤོས་རྩེ་མོ་སྦྱར་བ་ཡིས།། གུང་མོ་གཉིས་ནི་བཟློག་སྟེ་བསྒྲེང་།། བསྐོར་ཞིང་བསྒྱུར་བ་བྱས་པ་ཡིས།། མཐེབ་གཉིས་མར་མེའི་ཚུལ་དུ་གཞག། དུང་གི་ཚུལ་དུ་ལག་བསྒྱུར་ནས།། དུང ་པོར་ལྟ་བུར་མཆོད་ཡོན་དབུལ། ། དེ་ནས་ལྷ་རྣམས་ཀུན་ལ་ཡང་།། ལག་པའི་གར་གྱིས་བྱུག་ཚུལ་བྱ།། དེ་ནས་སིལ་སྙན་ཚུལ་གྱིས་སུ།། ལག་གཉིས་སིལ་སྙན་ལེགས་པར་བརྡུང་།། དུང་དང་གླིང་བུ་བུད ་པ་དང་། ། ལག་པ་གཉིས་ནི་རྔ་ཡབ་གཡོད།། བསིལ་ཡབ་ཚུལ་གྱིས་བསིལ་ཡབ་དང་།། སོར་མོ་གཉིས་ཀྱིས་རྒྱལ་མཚན་བྱ།། ཚོན་འགྱེད་ཚེ་ན་ལྕུག་ཕྲན་ལྟར།། བསྐྱོད་ཅིང་ཚོན་གྱིས་འཕྲེང་བ་དགྱེ། ་ལག་གཡོན་སྣོད་ཀྱི་ཚུལ་བྱས་ལ།། གཡས་པ་ཡིས་ནི་ལྒ་བཤོས་དབུལ།། ཁང་པ་བརྩེགས་པ་བཞག་ནས་སུ།། གོས་ཀྱི་ཚུལ་གྱིས་གོས་རྣམས་དང་།། གདུ་བུ་སྐ་རགས་རྐང་རྒྱན་དང་།། རྣ་ཆ་དོ་ཤལ་སྣ ་ལྔ་གནག། དེ་ནས་གདུགས་ཀྱི་ཚུལ་གྱིས་སུ།། ལྷ་རྫས་གདུགས་ནི་ལེགས་པར་གཟུགས།། བསམ་གཏན་ཚུལ་གྱིས་ལག་པ་དག། ནམ་མཁའ་ལ་ནི་མཛེས་བསྐོར་ན།། སངས་རྒྱས་ཞིང་རབ་འགེངས ་བྱེད་པའི། ། བླ་རེ་རྣམ་པ་སྣ་ཚོགས་འགྱུར།། གྲཝར་ནི་པདྨའི་འཕྲེང་བ་དང་།། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན།། གསང་སྔགས་འདི་ནི་ཆོ་ག་བཞིན།། རྡོ་རྗེ་དྲིལ་བུ་གསིལ་བ་ཡིས།། སྒོ་འཕར་དག ་ཀྱང་དབྱེ་བར་བྱ། ། ཨོཾ་བཛྲ་གྷ་ནཎྜ་ར་ཎི་ཏ།། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏ། པྲཛྙཱ་བཱ་ར་མི་ཏཱ། ནཱ་ད་སཱཛྙཱ་བེ་བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ཏིནྣ་རྠཱ་དྡྷ། ལག་གཡས་རྡོ་རྗེ་གསོར ་བྱ་ཞིང་། ། སྣ་ཚོགས་ཁུགས་སུ་འགྱུར་བ་ཡི།། རྡོ་རྗེ་གླུ་ཡིས་བསྟོད་པ་བྱ།། རྡོ་རྗེ་ཐེག་པས་མཉེས་བྱེད་པ།། འདི་ནི་དོན་དམ་མཆོད་པ་ཡིན།། གང་གིས་རྣམ་རྟོག་རྣམ་སྤངས་ཏེ།། བྱང་ཆུབ་སེམས་ནི ་རྣམ་བསྒོམས་པས། ། ལུས་ངག་སེམས་ནི་རྣམ་དག་པ།། དེ་ཡི་མཆོད་པ་བླ་ན་མེད།། སེམས་ཅན་གང་གིས་དབུ་མ་ཡི།། ཐེག་པ་གོང་མ་མ་བསྒོམས་ཤིང་།། ཐེག་པ་དམན་པ་ལྷག་མོས་པ།། ་དེ་ཡི་མཆོད་ས་ཀུན་རྫོབ་པ།། སངས་རྒྱས་དབང་ཆེན་གྲགས་ཀུན་གྱིས།། མཆོད་པ་དེ་དག་གསན་པ་དང་།། ངོ་མཚར་བྱུང་བའི་སྤྱན་ཕྱེ་ནས།། ལེགས་སོ་ཞེས་ནི་རབ་ཏུ་གསུངས།། ཨེ་མ་གོ་སངས་རྒྱས ་ཐམས་ཅད་ཀྱི། ། བྱང་ཆུབ་སངས་རྒྱས་ཐབས་སུ་སྟེ།། རྡོ་རྗེ་བསྒོམ་པ་བྱས་པ་ཡིས།། ཉོན་མོངས་མེད་པར་བྱང་ཆུབ་འཐོབ།། རྡོ་རྗེ་ཐེག་ཆེན་ལེགས་པ་སྟེ།། སངས་རྒྱས་རྣམས་ཀྱིས་བསྟན་པ་ལེགས ་ཟབ་ཅིང་རྒྱ་ཆེ་ལེགས་པ་སྟེ། ། རྡོ་རྗེ་རིན་ཆེན་ཀུན་འདུས་ལེགས།། དེ་ནས་ཡེ་ཤེས་ཀྱི་སྐུ་གསུམ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་དེ་དག་གིས་སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་ཐེག་པ་བསྔགས་པ ་ཐོས་ནས། ། དགའ་བས་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། གཙོ་བོ་རྡོ་རྗེ་སྣང་མཛད་ལ།། དགའ་བའི་ཡིད་ཀྱིས་བསྟོད་པར་བྱེད།། ཐོག་མ་མེད་ཅིང་སྐྱེ་བ་མེད།། འགྱུར་བ་མེད་ཅིང་གནས་པ་མེད།། ་མཁའ་བཞིན་རྣམ་རྟོག་ལས་གྲོལ་བ།། རྟོག་པ་རྣམས་ཀྱིས་རྣམ་པར་བརྟགས།། ཐབས་སུ་བརྟགས་པ་གང་ཡིན་དེས།། ཡེ་ཤེས་ཀྱིས་ནི་སྲས་པོ་ཀུན།། རྡོ་རྗེ་ཐེག་པ་བསྒོམས ་པ་ཡིས། ། སངས་རྒྱས་ས་ཡང་ཐོབ་པར་འགྱུར།། ཞེས་སྨྲས་སོ།། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡིས།། དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན།། དང་པོ་གང་དུ་རྣམ་པར་སྣང་མཛད་ནི།། ་དག་ཅིང་དྲི་མེད་བློས་ནི་ཨོཾ་དུ་སྤྲུལ།། གཟུགས་མང་ཚུལ་གྱིས་འཕྲེང་བས་བསྐོར་བ་ཡི།། སྒྱུ་འཕྲུལ་དྲ་བ་ཁྱོད་ལ་ཕྱག་འཚལ་ལོ།། གསུང་སྙན་ཡི་གེ་ཀུན་ལ་ཁྱབ་པ་ཡི།། སྤྲོས་མེད་གསུང་དུ་འཇིག་རྟེན ་དབང་ཕྱུག་བཞུགས། ། མིག་གསུམ་ལྷ་མོ་དང་བཅས་འདུལ་མཛད་པ།། སྒྱུ་འཕྲུལ་ཚུལ་མང་ལྡན་པ་འགའ་མ་མཆིས།། གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པ།། ན་ཆུང་དག་དང་ལྷན་ཅིག་བཞད་མཛད ་ཅིང་། ། གཡས་པའི་ཕྱག་གིས་རྡོ་རྗེ་གསོར་ནས་སུ།། གཡོན་པའི་ཕྱག་གིས་དྲིལ་བུ་སྒྲ་སྙན་འཁྲོལ།། ལྷ་མོ་མཐའ་དག་བཙུན་མོར་འགྱུར་བ་ཡི།། དམ་ཚིག་རྣམས་ཀྱིས་བྱ་བ་བྱས་པར་འགྱུར།། གཅིག ་གི་ལག་པས་ཀུན་ནས་འཁྱུད་པ་སྟེ། ། གཉིས་པ་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ།། གསུམ་པ་མི་བཟོད་མེ་ཏོག་འཕྲེང་བ་འཐོར།། བཞི་པ་བདེ་བ་ཡིས་ནི་མདའ་ཡང་འཕེན།། གང་ཞིག་གླུ་འདི་ལེན ་པར་བྱེད་པ་དག། བདེ་བའི་རྡོ་རྗེ་ཅན་དང་མཉམ་པར་འགྱུར།། འདི་ནི་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པའི་རྡོ་རྗེའི་གླུ་ཡིན་ནོ།། ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛཱ་མ་གྷ་ཨུད་ག་ཀེ། སྥ་ར་ཎ་ཨི་མཾ་ག་ག་ན ་མཾ་ཧཱུཾ་ཕཊ་སྭཱཧཱ། འདི་ལན་གསུམ་བརྗོད་པས་མཆོད་པའི་སྤྲིན་རབ་འབྱམ་ཐམས་ཅད་བྱིན་གྱིས་བརླབས་པར་འགྱུར་རོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་ཕྱག་རྒྱའི་མཆོད་པ་རིམ་པར་ཕྱེ ་བའི་ལེའུ་སྟེ་དྲུག་པའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས ་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཚིག་མཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ། ། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི།། ཡེ་ཤེས་གཅེས་པ་དྲི་མེད་པ།། བྱང་ཆུབ ་སེམས་ནི་རིན་པོ་ཆེ། ། བླ་ན་མེད་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་ཐམས ་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ནི་ལུས་ཀྱི་རྣམ་ཡིན་ལ།། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན།། སེམས་ཀྱང་ཚིག་གིས་བརྗོད་པ་ཡིན།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག ་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རྣམ་པར་སྦྱོར་བ་ཐོས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་ཀུན་ཏུ་བཟང་པོ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་ཅན། ། ཆོས་རྣམས་སྐྱེ་བ་མེད་པ་སྟེ།། གཡོ་བ་མེད་ཅིང་གནས་པ་མེད།། ཏོག་པའི་དྲི་མ་སྤངས་པ་འདི།། བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་མི་འཁྲུགས་པས་གསུང་སྤྲོས་པ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག་མ་སྐྱེས་ཏེ།། ་ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ་སེམས་འདི་བརྟན་པ་ཡིན།། ཞེས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་མི་འཁྲུགས་པས ་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན།། བདག་མེད་ཆོས་ལས་ལེགས་བྱུང་བའི།། བྱང་ཆུབ་སེམས་འདི ་བརྟན་པ་ཡིན། ། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་སྐྱེ་བ་མེད་པ་སྟེ།། དངོས་པོ་ངོ་བོ་ཡོད་མིན་པས།། ནམ་མཁའི་གོ་འཕང་ཐོབ་བོ་ཞེས།། དངོས་རྣམས་རབ ་ཏུ་བརྗོད་པ་ཡིན། ། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྔ་མོའི་ཡང་བླ་མ ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འོད་གསལ་བ།། གཟོད་ནས་དག་ཅིང་རྙོག་པ་མེད།། སེམས་ཅན ་མེད་ཅིང་སྲོག་ཀྱང་མེད། ། སངས་རྒྱས་ཉིད་དང་བྱང་ཆུབ་མེད།། རྨི་ལམ་སྒྱུ་མ་ལྟར་སྣང་བའི།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད ་གྲུབ་ཀྱིས་གསུངས་སོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།། གསུང་དང་། ཐུགས་ཀྱི་རྡོ་རྗེ་དེ་བཞིན ་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་མཐོང་ནས་ངོ་མཚར་སྐྱེས་པར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག། ཀྱེ་མའོ་ཆོས་ནི་བསྟན་པ་རྣམས།། ་བདག་མེད་ཆོས་ལས་ལེགས་བྱུང་བ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ནི་སྒོམ་པ་ཡིས།། མི་གཡོ་ཡི་གེ་ལས་བྱུང་བ།། རྨི་ལམ་སོགས་ལྟར་མ་སྐྱེས་པ།། བྱང་ཆུབ ་སེམས་ལ་ཕྱག་འཚལ་ལོ། ། གནས་དང་སྟན་ནི་རྣམ་བསམས་ཏེ།། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས།། དང་པོར་རང་བཞིན་དག་པོའོ་ཞེས།། དག་པའི་ཆོས་ཀྱི་ཚུལ་ལ་གནས། ་ཡིད་ཀྱིས་དུ་བྱས་རྡོ་རྗེ་ཅན།། རྡོ་རྗེ་སེམས་མས་བྱིན་གྱིས་བརླབས།། རིན་ཆེན་ལུས་སུ་བརྒྱལ་བྱ།། ལག་པ་བསྟོད་དེ་བསྐོར་བ་ཡི།། ལྕགས་ཀྱུ་ཡིས་ནི་སྤྱན་ཡང་དྲང་།། རྐྱེན་ནས་ད ་ཕྱོགས་བཅིངས་ཏེ། ། དམ་ཚིག་ཡང་དག་དབུལ་བར་བྱ།། གདན་རྣམས་སོ་སོར་ཕུལ་ནས་སུ།། མཆོད་ཡོན་དབུལ་བའི་སྦྱོར་བ་བྱ།། དབང་བསྐུར་མཚོན་ཆ་གོ་ཆ་སོགས།། ་སིལ་སྙན་མཆོད་སོགས་ངོ་བོ་བྱ།། རྣམ་པ་ཀུན་གྱིས་མཉེས་པར་བྱ།། རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ།། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་།། ་གཟུགས་གཉིས་རྫོགས་པར་གྱུར་པ་ནི།། རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས།། སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད།། རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས།། བྱང་ཆུབ་སེམས ་ནི་དག་པ་དང་། ། གསང་སྔགས་ས་བོན་བསྐྱེད་པ་ཆེ།། ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིན།། རིམ་གྱིས་གཟུགས་ནི་རྫོགས་བྱས་པ།། དེ་ནི་བརྟག་པར་བརྗོད་པ་སྟེ།། རྣལ་འབྱོར་ཆོ་ག་ཡིན་པར ་གསུངས། ། བསྡུ་དང་སྤྲོ་བར་བྱས་པ་ལས།། རྣམ་པའི་མཆོག་ཀུན་ལྡན་པ་དག། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ།། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ།། དང་པོར་དམ་ཚིག་བྱིན་བརླབས་པར ་རྣལ་འབྱོར་སྤྱོད་པ་བདག་གིས་བརྟགས། ། རབ་ཏུ་རྫོགས་པར་བྱ་བ་དག། འདི་ནི་རྣལ་འབྱོར་ཆོ་གར་བཤད།། ཉོན་མོངས་དྲི་མར་བྱས་པའི་སེམས།། བྱང་ཆུབ་སེམས་ཀྱིས་དག་བྱས་ཏེ།། དེ་ནི ་རང་བཞིན་དག་པའོ་ཞེས། ། བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར།། དག་གྱུར་དེ་ནས་བློ་ཡིས་ནི།། སེམས་ལ་སོ་སོར་བརྟག་པར་བྱ།། སེམས་ལ་སོ་སོར་བརྟགས་ནས་ཀྱང་།། ཕྱི་རོལ་རང་བཞིན ་སྟོང་པར་བྱ། ། སེམས་ཙམ་ལ་ནི་གནས་ནས་སུ།། བྱང་ཆུབ་ཚོགས་ཀྱི་བག་ཆགས་དེས།། བསྒོམ་པར་བྱ་བའི་ངོ་བོ་དག། ཟླ་བའི་གཟུགས་སུ་རྣམ་པར་བརྟག། ལག་པའི་པདྨ་ལ་གནས ་པའི། ། ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡིས།། ཡན་ལག་ཀུན་གྱི་མཚན་ཉིད་གཟུགས།། རྡོ་རྗེ་སྐུར་ནི་བསྒོམ་པར་བྱ།། ཨཱཿཞེས་བྱ་བ་སྤྲོས་མེད་གསུང་།། སེམས་ནི་ཧཱུཾ་ཞེས་བྱ་བར་སྤྲུལ།། ཡི་གེ་གསུམ ་གྱིས་བྱིན་བརླབས་ལུས། ། སྙིང་ལ་གནས་པའི་ཟླ་བའི་གཟུགས།། དེ་ལ་རང་གི་ཡི་གེ་ནི།། མདོག་གཟུགས་འོད་ནི་བྱེད་བསམས་ཏེ།། ང་རྒྱལ་བསྐྱེད་ནས་དེ་ལ་ནི།། རྡོ་རྗེའི་བདག་ཉིད་བདག་ཡིན ་བརྗོད། ། རྒྱན་ཀུན་ཡོངས་སུ་རྫོགས་པ་དང་།། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ།། ཆ་ཤས་ཀྱི་ནི་དྲ་བ་ཅན།། ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག། དེ་འོག་ལག་པའི་ཕྱག་རྒྱ་ཡིས།། ་གོ་ཆ་མཚོན་ཆ་ལ་སོགས་བྱ།། རྫོགས་སངས་རྒྱས་ལྔར་དབང་བསྐུར་ཏེ།། ཅོད་པན་འཕྲེང་བ་རྣམས་ཀྱིས་ཀླུབས།། དེ་ནས་དེ་འོག་སངས་རྒྱས་ཀྱི།། སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ།། ཡན་ལག་བཞི ་པའི་དབུས་ལྡན་པའི། ། ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་།། བསྙེམས་པ་དང་ནི་རྟོགས་ལྡན་མ།། མཚོན་ཆ་མདའ་དང་རྩེ་མོ་ཅན།། སྒྱུ་མའི་ཆ་བྱད་རྣམ་མང་ངོ་པོ།། རྣམ་པར་འཕྲུལ་པར་བྱིན་གྱིས ་བརླབས། ། ཀུན་ལ་ཁྱབ་པར་བྱེད་པ་ཡི།། སྣ་ཚོགས་དབུས་སུ་བཞག་ནས་ནི།། དེ་ཉིད་ཆེན་པོ་བདག་ཉིད་ལྔས།། ཕྱོགས་བཞི་འཁོར་ལོ་ཁྱབ་བྱས་ཏེ།། དགའ་བས་དགའ་བྱེད་བཞི་ཡང ་སྤྲོ། ། ཏིང་འཛིན་ཀུན་གྱི་དགའ་བ་ལ།། ལོངས་པར་སྤྱོད་པའི་སྡུག་པ་ཡིས།། འཁོར་ལོ་ལ་ནི་རྡོ་རྗེའི་གཟུགས།། པདྨའི་གཟུགས་ལ་དེ་དག་ནི།། འཁོར་ལོ་ཀུན་ལས ་པདྨ་ཡི། ། ངོ་བོ་ཡི་ནི་རོལ་པ་དང་།། ཨེ་ཞེས་བྱ་བ་འཕོས་པ་ལས།། མདོག་ལྡན་བདག་ཉིད་གཟུགས་སུ་བྱ།། མཛེས་པའི་རྒྱན་ཉིད་ཀུན་ལྡན་པ།། ཉིད་ཀྱི་སྟན་ལ་བཞུགས་པར་བལྟ། ་སྒེག་མོ་གླུ་དང་གར་རྣམས་དང་།། རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་།། སིལ་སྙན་མཆོད་པའི་རྣམ་པ་ནི།། སྣ་ཚོགས་རྣམས་ཀྱིས་མཆོད་པར་བྱ།། རྣམ་པ་ཀུན་དང་ལྡན་པར་ནི། ་བདག་ཉིད་ཀྱི་ནི་ལུས་བསྒོམས་ནས།། མྱུར་ཆེས་པ་དང་བུལ་བ་དང་།། མི་གསལ་གུག་ཀྱད་ཉམས་པ་དང་།། རྟོག་པ་ངན་པ་རྣམ་སྤངས་ནས།། དེ་ནས་གསང་སྔགས་བཟླས་བརྗོད་བྱ།། ་བཟླས་པས་སྐྱོན་ལག་གཡས་ཀྱིས།། བསྒྲིམས་ཏེ་རྡོ་རྗེ་གསོར་ནས་ཀྱང་།། གཡོན་པས་རྡོ་རྗེ་དྲིལ་གསིལ་ཞིང་།། རྡོ་རྗེ་གྲུ་ཚུལ་སྣ་ཚོགས་དང་།། བ་ངན་ཚུལ་དུ་བྱ་བས་མཆོད།། བཟླས་པའི ་མཇུག་ནི་བརྟུལ་ནས་ཀྱང་། ། གཤེགས་སུ་གསོལ་ཏེ་བདག་ཉིད་བསྲུངས།། ལུས་དང་ངག་དང་སེམས་བསྒོམས་ཏེ།། བརྟན་པོར་ཅི་བདེར་འགྲོ་བར་བྱ།། བར་ཆད་དུ་ནི་གྱུར་ན་ཡང་།། ཡི་གེ་བརྒྱ ་པས་བྱིན་གྱིས་བརླབ། ། དེ་ལྟར་སྒོམ་པས་སྒོམ་བྱེད་པ།། རྡོ་རྗེ་ཐེག་པས་རབ་རྫོགས་པའི།། བྱང་ཆུབ་དེས་ནི་མྱུར་ཐོབ་ནས།། ཟླ་ཞིའི་དཀྱིལ་འཁོར་ལྟ་བུར་སྣང་།། སྣ་ཚོགས་ལས་ཀྱི་ཐོག ་འདྲེན་ཅིང་། ། རིན་ཆེན་རྒྱལ་མཚན་རབ་དགའ་བྱེད།། ཆགས་ཆེན་པདྨའི་གདུང་བརྒྱུད་ཅན།། གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར།། དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ།། དགའ་ཆེན་རྡོ་རྗེ ་ལྕགས་ཀྱུར་འགྱུར། ། སྒྱུ་མ་བཤིག་པ་ཀུན་ཤེས་ཤིང་།། དྲེགས་པ་འཇོམས་བྱེད་ཁྲོ་བོར་འགྱུར།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཡེ་ཤེས་སྒྲུབ་པ ་རརིམི་པར་ཕྱེ་བའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀིའི ་འཁོར་ལོ་རབ་ཏུ་སྒྲུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱི་ནང་གི་འཁོར་ལོ་ཐམས་ཅད་རབ་ཏུ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་ཀྱི་སྦྱོར་བ་རབ་འབྱམ་འདི་བཀའ ་སྩལ་ཏོ། ། ལྷ་ནི་གང་ཡང་རུང་བ་ཞིག། འཁོར་ལོའི་དབུས་སུ་བཞག་ན་ནི།། དེ་ཡི་མིང་སྨོས་རྡོ་རྗེ་ཡི།། དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུངས།། ཞི་དང་རྒྱས་དང་དྲག་ཤུལ་དང་།། ་རང་གི་ལས་ལ་སྦྱོར་བ་ན།། འཁོར་ལོའི་རྒྱལ་པོ་རྣམ་བསྒོམས་ནས།། བདག་པོ་ཉིད་ཀྱིས་རབ་ཏུ་བྱ།། ཞི་བ་སྤྱན་དང་སྐུལ་བྱེད་མས།། རྒྱས་ལ་རིན་ཆེན་གོས་དཀར་མར།། དབང་ལ་སྒྲོལ་མ ་ལུ་གུ་རྒྱུད། ། ཡམས་དང་གནོད་པ་གཞིག་པའི་ཕྱིར།། འོད་ཟེར་ཅན་དང་རི་ཁྲོད་མས།། དྲག་ཤུལ་སྤྱད་ལ་མཱ་མ་ཀཱི།། ཁྲོ་གཉེར་ཅན་མ་དག་གིས་བྱ།། འདི་དག་ཤེས་རབ་རོལ་པ་སྟེ།། ་ཆགས་པའི་རྡོ་རྗེས་རྗེས་ཆགས་པ།། གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན།། གདོན་མི་ཟ་བར་འཕྲིན་ལས་མཛད།། སྤྱན་དང་ལྷ་མོ་སྐུལ་བྱེད་མ།། དབང་པོ་ཞི་བ་ཟླ ་འདྲ་བ། ། ཕྱག་གཉིས་ན་ནི་བགྲང་འཕྲེང་དང་།། རིལ་བ་སྤྱི་བླུགས་ཀྱིས་བརྒྱན་པ།། དང་པོར་ཏིང་འཛིན་གྱིས་སྤྲུལ་ནས།། བུམ་པ་ཟླ་བའི་མདངས་ལྡན་པ།། བདུད་རྩིའི་འོ་མས་རབ་བཀང ་སྟེ། ། ལག་གཉིས་པདྨའི་གདུབ་མཆོག་གིས།། རྣམ་པར་སྣང་མཛད་ཞབས་དྲུང་དུ།། ནད་པ་ལ་ནི་བདུགས་པར་བསམ།། རིན་ཆེན་མ་དང་གོས་དཀར་ཅན།། སྐུ་ཆེ་ཁ་དོག་སེར་པོ་སྟེ།། ་ལྷ་མོ་སེར་མོ་སྣང་བ་ལ།། ཕྱག་ན་རིན་ཆེན་པདྨ་ཅན།། དང་པོ་ཏིང་འཛིན་གྱིས་སྤྲུལ་ནས།། ཡིད་འོང་རྒྱལ་བའི་འདོད་པ་ཡིས།། རིན་ཆེན་འབྱུང་བའི་ཞབས་དྲུང་དུ།། བདུད་རྩིས་རབ་ཏུ ་དགང་བ་དང་། ། བླ་མེད་རིན་ཆེན་ཁར་བབ་ན།། རྒྱས་པ་མཚུངས་མེད་མཛད་པར་འགྱུར།། ལྷ་མོ་སྐུ་ཆེན་མདོག་དམར་བ།། སྒྲོལ་མ་དེ་བཞིན་ལུ་གུ་རྒྱུད།། ཀུན་ནས་འོད་དམར་འབར་བ་ཅན།། ་ལྒལྷ་རྫས་ལྕགས་ཀྱུ་ཞགས་ཐོགས་པ།། རབ་ཏུ་བཞད་ཅིང་སྤྱན་ཕྱེ་བས།། འོད་དཔག་མེད་པའི་ཞབས་དྲུང་དུ།། བསྒྲུབ་བྱ་རྒྱགས་པས་མྱོས་པ་དག། བཀུག་སྟེ་མདའ་ཡིས་བསྣུན་ན་ནི།། ་སྐད་ཅིག་ཉིད་ལ་དབང་དུ་མཛད།། མི་ངས་གནོད་པ་གཞིག་པའི་ཕྱིར།། སྐུ་ཆེན་ནམ་མཁའི་ཁ་དོག་ཅན།། འོད་ཟེར་ཅན་དང་རི་ཁྲོད་མས།། རྡོ་རྗེ་དོན་ཡོད་ཞབས་དྲུང་ངུ།། མཁས་པས ་སྔར་བཤད་ཚུལ་དུ་ནི། ། བདུད་རྩི་ཡིས་ཀྱང་རྣམ་པར་བཟློག། ལྷ་མོ་ཁྲོ་གཉེར་མཱ་མ་ཀཱི།། མརྒད་ལྟ་བུའི་མདོག་ཅན་མ།། ཧཱུཾ་ཞེས་བྱ་བའི་སྒྲ་སྒྲོགས་པ།། རྡོ་རྗེ་སྡིགས་པར་བརྩོན་པ་ཡིས།། ་རྡོ་རྗེ་མི་འཁྲུགས་ཞབས་དྲུང་དུ།། ཁྲོས་ནས་རྡོ་རྗེའི་མེ་ཡི་ཆར།། འབེབས་པར་རྣམ་པར་བསམ་པར་བྱ།། རྡོ་རྗེ་རབ་ཏུ་འབར་བ་དེས།། བསྒྲུབ་བྱ་ཚིག་ནས་མོག་ཅེས་བྱེད།། སྦྱོར་བ་འདི་ཡི་མོད ་ལ་ནི། ། དེ་ནི་འཆི་བར་འགྱུར་བའམ།། ཡང་ན་ལུས་ནི་འཇིག་པར་མཛད།། བྱིན་བརླབས་དམ་ཚིག་དབང་བསྐུར་ལ།། རྡོ་རྗེ་སེམས་མ་རིན་ཆེན་དང་།། ཆོས་དང་རྡོ་རྗེ་ལས་མ་བཞི།། སྦྱོར་བ ་རྣམས་ནི་རབ་ཏུ་སྦྱར། ། སེམས་དཔའ་ཆེན་པོ་བཅུ་དྲུག་ཀྱང་།། བླ་མེད་འཁོར་ལོ་བྱེད་པ་སྟེ།། རང་གི་ཕྱོགས་ནས་ལས་བྱས་ན།། འབྲས་བུ་དོན་ཡོད་སྦྱིན་པར་བྱེད།། ཁྲོ་བོའི་ལུས་ལ་ལེགས་གནས ་ཏེ། ། ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ།། དམ་ཚིག་ལ་སོགས་ཆོ་ག་བཞིན།། དེར་ནི་རྡོ་རྗེ་བསྒོམས་ནས་བསྐུལ།། རྐང་པའི་རྗེས་ཀྱི་ས་བསླངས་ལ།། དུར་ཁྲོད་ཐལ་བ་དག་དང་བསྲེ།། དེ་ཡི་རས ་བླངས་མི་རུས་དང་། ། མུ་འགྲམ་གཉིས་ཀྱི་ས་དག་ནི།། བཏགས་ནས་ལུང་བོང་གཅིན་གྱིས་སྤུ།། དེ་ལས་དགྲ་བོའི་གཟུགས་བྱས་ལ།། དེ་ཚེ་གཟུགས་བརྙན་བཅིང་བར་བྱ།། དུག་དང་སྐེ་ཚེ་ལན ་ཚྭཚ་དང་། ། འབྲུ་མར་ཚ་བ་རབ་བསྲེས་ཏེ།། དགྲ་བོ་ཚ་བསྐྱེད་པའི་ཕྱིར།། དེ་ཡིས་ལུས་ནང་རབ་ཏུ་དགང་།། དེ་ནས་རྣམ་ཤེས་རླུང་འདྲ་བ།། ལྕགས་ཀྱུ་ཡིས་ནི་བཀུག་ནས་ཀྱང་།། སྲིན་བུ ་མེ་ཁྱེར་འདྲ་བཅུག་སྟེ། ། ཞགས་པ་ཡིས་ནི་དམ་དུ་བཟུང་།། དེ་ནི་རྡོ་རྗེ་སྒྲོག་ཏུ་གཞུག། བསྒྲིམས་ནས་དེ་ཡི་མིང་སྨོས་ཏེ།། དགྲ་བོའི་ལུས་ནི་མ་ལུས་པར།། པོ་སོ་ཆ ་ཡི་ཚེར་མས་དབུག། མི་རུས་ལས་བྱས་ཕུར་བུ་འམ།། ཡང་ན་སེང་ལྡེང་ལས་བྱུང་བས།། དཔྲལ་བ་སྙིང་མགྲིན་དཔུང་མགོ་གཉིས།། གནས་ལྔ་དག་ཏུ་བསྒྲིམས་ཏེ་གདབ།། ནིམ་པའི་ཤིང་ལ་སྦར ་བ་ཡིས། ། མེ་སྦར་བ་ལ་བསྐལ་བར་བྱ།། མཁས་པས་རྐང་པ་ནས་བརྩམས་ཏེ།། མཚོན་ཆ་རྣོན་པོས་གཏུབས་ནས་ནི།། འབར་བའི་ལུས་ཅན་ཁྲོས་པ་ཡིས།། དེ་ཡི་དུམ་བུ་སྦྱིན་སྲེག་བྱ།། ་ལས་འདི་ལ་ནི་ལྷག་པར་ཡང་།། རུས་སྦལ་གྱི་ནི་རྐང་ཐབས་སྦྱར།། ཉི་མའི་གུང་ངམ་ནམ་ཕྱེད་ན།། ལས་ནི་འདི་ཉིད་བསྒྲུབ་པར་བྱ།། ལས་འདི་བྱས་ནས་ངེས་པར་ནི།། གང་ཞིག་རྒྱལ་བས ་བསྲུངས་ནའང་དེས། ། ངེས་པར་འཆི་ན་ཁྱབ་འཇུག་དང་།། ལྷ་ཆེན་ཚངས་པས་ཅི་ཞག་སྨོས།། ཕྱི་རོལ་གྱི་དྲག་ཤུལ་སྤྱོད་པའི་ཆོ་གའོ།། གསོད་པའི་ཡེ་ཤེས་ལས་སྤྲུལ་ཏེ།། ནང་གི་ཡང་ནི ་བཤད་པར་བྱ། ། བསྒྲུབ་བྱ་ཡིད་ཀྱིས་བསྲུངས་ནས་སུ།། ཆོ་ག་བཞིན་དུ་དགུག་པར་བྱ།། ལག་ན་རལ་གྲི་མཚོན་ཆ་དང་།། བེ་ཅོན་རྡོ་རྗེ་གཏུན་ཤིང་ཞགས།། ལག་ནས་འཁོར་ལོ་མདའ་གཞུ་ཅན།། ་ཁྲོ་བོ་སྣ་ཚོགས་བསྣམས་པ་དེས།། བསྒྲུབ་བྱ་ཞགས་པས་བཅིངས་ནས་སུ།། རྡོ་རྗེ་ཡ་ནི་ཁྲོ་བོ་ཡིས།། ལྷོ་ཡི་ཕྱོགས་སུ་ཁྲིད་པ་དང་།། རྡོ་རྗེ་གཞན་གྱིས་བརྡེག་པ་དང་།། དེ་ནི་རལ་གྲིས་བཏུབ་པ་དང་།། ་རྒྱུ་མ་ལང་ལོང་ནར་བར་བསམ།། ཨོཾ་ཧཱུཾ་བཛྲ་རཱཀྵ་ས། བྷ་ཀཱ་ཡ་ཐ་ཕཊ། རྡོ་རྗེ་སྲིན་མོ་བསྒོམས་ནས་ཀྱང་།། བྱ་རོག་ཝ་དང་བྱ་རྒོད་ཀྱིས།། ཀུན་ནས་ཡོངས་སུ་བསྐོར་ནས་སུ།། དེ་དག་ཟང་ཐོ་བ་བྱེད ་པར་ནི། ། སྒོམ་ཞིང་མིང་ནས་སྐུལ་བར་བྱེད།། རླུང་གི་དཀྱིལ་འཁོར་ལ་གནས་པའི།། རྡོ་རྗེ་རྔ་མོ་རྣམ་བསམས་ཏེ།། བསྒྲུབ་པར་བྱ་བར་ཡོངས་བརྟགས་པས།། དེ་ཡི་རྒྱབ་ཏུ་ཞོན་ནས་སུ།། རྡོ་རྗེ་ཁྲོ་བོས ་གཟིར་བཞིན་དུ། ། ལྷོ་ཕྱོགས་སུ་ནི་བཀྲི་བར་བྱ།། དེ་ཡི་རྐང་རྗེས་ས་ལ་ནི།། རླུང་གིས་རྩུབས་པའི་ཤིའི་ལོ་ལ།། དེ་ཡི་མིང་ནས་བརྗོད་བྱས་ཏེ།། རྡོ་རྗེ་སྣ་ཡོན་དྲུང་དུ་སྦ།། དེ་ལྟ་བུར་ནི་སྦྱོར་བའི་ལས།། ་སྒོམ་ཞིང་ཆོ་ག་བཞིན་བྱས་ན།། བརྒྱ་བྱིན་ཉིད་ཀྱང་བསྐྲད་འགྱུར་ན།། ས་སྟེང་སྐྱེ་བོ་སྨོས་ཅི་དགོས།། དེ་མིང་གསང་དང་སྔགས་སྤེལ་ཏེ།། འུག་པའི་སྒྲོལ་བྲིས་ནས་ནི།། དགེ་སྦྱོང་བྲམ་ཟེའི་སྐས ་དཀྲིས་ཏེ། ། ས་ཡི་འོག་ཏུ་བསྒོས་ནས་གཞུག། རྡོ་རྗེ་ཁྲོ་བོ་གཉིས་ཀྱིས་ནི།། འཐབ་མོ་འགྱེད་དུ་འཇུག་པར་བྱ།། དེ་ལྟར་བསམས་པའི་སྦྱོར་བ་ཡིས།། འདོད་པ་བཞིན་དུ་འབྱེ་བར་འགྱུར། ་ཧཱུཾ་ཞེས་བྱ་བས་གང་བ་ཡི།། རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས།། རྣ་བའི་རྩེ་མོ་ནས་བཏོན་ཏེ།། བསྒྲུབ་བྱའི་ལུས་ནི་དགང་བར་བྱ།། ལུས་ཀྱི་ཚོགས་ནི་ཐམས་ཅད་དུ།། སྣ་ཚོགས་རྡོ་རྗེ་བཅིངས་ནས ་སུ། ། རྡོ་རྗེ་འབར་བ་འཕྲོས་འགྱུར་བ།། དེས་ནི་ལུས་ཀྱང་བསྐམ་པར་བྱ།། རྡོ་རྗེ་མཁའ་འགྲོ་མ་བསྒོམས་ཏེ།། ཀུན་ནས་ཀྱང་ནི་གཞིག་པར་བྱ།། ཨོཾ་བཛྲ་ཌཱ་ཀི་ནཱ། ཨ་མུ་ཀ་སྱ་རཀྟ་ཨ ་ཀཪྵ་ཙ་ཤ་ཡ་སཱུ་ཕཊ། སྦྱོར་བའི་རིམ་པ་འདི་ཡིས་ནི།། བསྐམས་འགྱུར་འདི་ལ་ཐེ་ཙོམ་མེད།། མཁས་པས་རླུང་གི་ཕྱོག་སོང་སྟེ།། དཀྱིལ་འཁོར་གྲུ་བཞིར་བྱས་ནས ་ནི། ། སྤོས་ཀྱི་ཐིག་ལེ་བདུན་བྱས་ཏེ།། དེ་དག་ཁམ་པའི་བོར་པ་དགབ།། དེ་ནི་རི་རབ་ཐམས་ཅད་ནས།། རྩེ་མོ་བརྒྱད་པར་སྤྲུལ་བྱས་ཏེ།། རྡོ་རྗེ་འཕྲོ་བས་བརྒྱན་པ་ཡིས།། དེ་དག་རྣམས་ནི ་མནན་པར་བྱ། ། ཡཾ་ཞེས་བྱ་བས་བསྐྱེད་པའི་རླུང་འདུན་རྣམས།། ལཾ་ཞེས་བྱ་བར་མཚན་མ་དབང་ཆེན་གྱི།། ནང་དུ་རླུང་རྣམས་ངེས་པར་ཆུད་པར་བྱ།། དེ་ལྟའི་སྦྱོར་བས་འཇིག་པའི་རླུང་ཡང ་བཅིངས། ། པདྨ་འདབ་བརྒྱད་བསྒོམས་ནས་དེའི་འདབ་ལ།། ཀླུ་བརྒྱད་བཀོད་དབུས་མེ་ཚོགས་འབར་བ་ཅན།། རྡོ་རྗེ་ཁྲོ་བོའི་སྐུ་ཡི་ཞབས་མཐིལ་གྱིས།། ཀླུ་རྣམས་མནན་ན་ཆར་སྤྲིན་ཆར་པ་འདེབས།། ་ཧཱུཾ་ཞེས་བྱ་བ་གཉིས་དབུས་ཀླུ་རྣམས་ཀྱི།། སྙིང་པོ་ཡོངས་བཅུག་སྤེལ་མས་གཟིར་ནས་སུ།། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ནས་སུ།། འཇིགས་དུས་ཆར་པ་ལྟ་བུ་ཆར་པ་འབབ།། ཉི་མའི་མདོག ་ལྟར་དམར་པོའི་འོད་བཟང་ཞལ། ། ནམ་མཁའ་ཁྱབ་པར་རྣམ་པར་གདངས་ནས་ནི།། ཀུན་ནས་ཆར་ཆུས་ཡོངས་སུ་གང་བའི་སྤྲིན།། ཧཱུཾ་ཞེས་བྱ་བའི་འབར་བའི་ལྕེ་ཡིས་བལྡག། དབུགས་རྔུབ་པ་ཡིས ་བཀུག་ནས་དབྱུང་བ་ཡིས། ། ཤིང་བལ་བཞིན་དུ་རབ་ཏུ་གཏོར་བར་བྱ།། ཡང་ན་རང་གི་ཕྱག་རྒྱའི་ཚོགས་འབར་བ།། བཏང་བས་སྐད་ཅིག་ལ་ནི་བཅད་གཏུབས་ཏེ།། ཧཱུཾ་ཞེས་བྱ་བས་བསྡིགས་པ ་བྱས་ན་ནི། ། ནམ་མཁའ་དག་ཀྱང་སྟོན་ཀའི་དུས་ལྟར་སྣང་།། མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱི།། ཞབས་དྲུང་དཔྲལ་འབྱེས་ནས་བྱུང་མི་གཡོ་ཟན།། བདུད་ལས་རྣམ་རྒྱལ་ཕྱག་དྲུག ་མདའ་གཞུ་ཞགས། ། རལ་གྲི་འཁོར་ལོ་རྡོ་རྗེ་ཆར་འབེབས་པ།། ཁྲོ་བོ་གྲངས་མེད་པ་ཡིས་ཡོངས་བསྐོར་ནས།། བགེགས་རྣམས་སྲེག་མཛད་ཧཱུཾ་གི་སྒྲས་བཀང་ནས།། འཇིག་རྟེན་གསུམ་པོ་གང ་བའང་རྣམ་པར་འཇིག། རྐང་རྗེས་ས་དང་མི་ཡི་ཁྲག་དག་ལས།། མི་ཡི་གཟུགས་བྱས་མི་རུས་ཕུར་བུ་ལ།། འོད་ཟེར་ཅན་གྱི་གསང་སྔགས་བསྒྲགས་པ་ཡིས།། ལན་གྲངས་ཉི་ཤུར་མངོན་བསྔགས ་མིག་ཏུ་གདབ། ། ཚོགས་ཀྱི་བདག་པོའི་ཁར་ནི་མིང་བཅུག་ནས།། ཕྱི་བཞིན་རྡོ་རྗེ་གཏུན་ཤིང་དག་གིས་བརྡུང་།། ཨོཾ་སུམྦྷ་བཛྲ་མུ་ས་ལེ་ན། རྫུརྞྞ་ཡ་ན་ར་བིགྷྣཱ་ན་ཧཱུཾ་ཕཊ། ལས་འདི་བསམས ་པས་མོད་ལ་ནི། ། མེ་ཡི་བགེགས་ཀྱང་བཟློག་པར་འགྱུར།། སྟང་ཟིལ་ཁ་དོག་ལྟ་བུ་ནམ་མཁའ་ལྡིང་།། ལུས་ལ་སྦྲུལ་སྟོང་དག་གིས་བརྒྱན་བྱས་པ།། མཁའ་ལེ་འདུག་ནས་གདེངས་ཀ་སྟོང་ལྡན ་པའི། ། ཀླུ་བརྒྱད་དག་དང་ཆར་སྤྲིན་རྣམས་ལ་བསྒོ།། བརྒྱ་བྱིན་བཀའ་ནི་དེ་དག་གིས་ཐོས་ནས།། སྤྲིན་ཚོགས་བུམ་པའི་ཆར་གྱིས་མེ་ཡང་གསོད།། ནམ་མཁའ་ལྡིང་གིས་འདབ་མས་བཀབ་ནས ་ནི། ། མཆུས་བརྐོས་ཆུ་ཀླུང་གིས་ནི་མཚམས་ཀྱང་བཅད།། ཨོཾ་བཛྲ་ནཱ་རཱ་ཡཀྵ། ནིར་བ་བཱ་ཡ། གབ་མ་མུ་མེ་གྷེ་ཧཱུཾ། ཞལ་རས་གསུམ་པ་སྟོན་ཀའི་ཟླ་བའི་མདོག། ཕྱག་བཞི་འོད་དམར ་སྣ་ཚོགས་འབར་བའི་འོད། ། ལྷ་མོ་བཞི་པ་བསྙེམས་མ་བྱམས་མ་དང་།། ཆུ་སྤྲིན་རྒྱལ་མཚན་མེ་ཏོག་རོལ་པས་བསྐོར།། གཡས་པའི་ཕྱག་གིས་རྡོ་རྗེ་ལེགས་གསོར་ཞིང་།། ་གཡོན་པས་རྡོ་རྗེ་དྲིལ་བུ་སྒེག་པར་གཞག། ལྡེམ་བག་འཇོ་སྒེག་ཚུལ་གྱིས་རོལ་པ་སྟེ།། སེམས་དཔའ་འབྱུང་བའི་སྤྲིན་རྣམས་རྣམ་པར་འཕེལ།། རྣམ་པ་ཀུན་གྱིས་རྣམ་བརྒྱན་ཅིང་།། རིན་ཆེན ་ཅོད་པན་དབང་བསྐུར་བས། ། ནམ་མཁའ་ལ་ནི་འབབ་པ་ཡི།། ཐོག་ཐོག་རྣམ་པར་ཟློག་པར་བྱེད།། ཨོཾ་མ་ཧཱ་པུཀྐ་བཛྲ། ཆེ་གེ་མོ་ཛེ་ཞེས་བྱ་བ་དང་། ཧཱུཾ་ཞེས་བྱ་བ་ནས། པཱུ་ར་ཊ་བན་དྷཱ་ཧཱུཾ ་ཕཊ། སྦྱོར་བ་འདི་ནི་བྱས་པ་ཡིས།། བླ་མེད་བྱང་ཆུབ་རྒྱས་པར་འགྱུར།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའོ།། མི་འཁྲུགས་རིན་ཆེན་འོད ་དཔག་མེད། ། དོན་ཡོད་གསང་སྔགས་རྒྱལ་རྣམས་དང་།། བཟང་པོ་རྣམ་པ་བཅུ་དྲུག་པོ།། ཀུན་དང་དྲག་པོའི་ཏིང་འཛིན་ལ།། གནས་པ་ཡིས་ནི་ཁྲོ་བོ་དང་།། གསང་སྔགས་རྫོགས་མཛད ་རིག་རྒྱལ་མ། ། རྣམ་པ་ཀུན་དང་ལྡན་པ་དག། རིམས་བྲལ་རང་གི་ཏིང་འཛིན་གནས།། ཐམས་ཅད་ལྡན་པའི་འཁོར་རྣམས་ལ།། གཟིགས་པ་ཆེན་པོས་རྣམ་གཟིགས་ནས།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ཅན། ། སྨིན་མ་མཛེས་པར་བསྐྱོད་ནས་སུ།། ཡན་ལག་འཕྲོག་པའི་འཛུམ་བསྟན་ནས།། ཐུགས་ཀྱི་སེམས་ནི་དགའ་བར་མཛད།། དགའ་བར་མཛད་པའི་མོད་ལ་ནི། ་སངས་རྒྱས་མཆོག་ཀུན་གྱིས་མཆོད་པ།། ཤེས་རབ་ཆེན་པོའི་ཐོག་འདྲེན་པས།། བསྒྲིམས་ཏེ་སོ་སོར་གསོར་ནས་དེས།། བདེ་ཆེན་ཏིང་འཛིན་ལ་གནས་ཏེ།། ལྡེམ་བག་འཇོ་ཚུལ་གྱིས་བལྟས ་ནས། ། ལག་གཉིས་པདྨའི་ཚུལ་གྱུར་ཏེ།། སྤྱི་བོར་ཐལ་མོ་སྦྱར་བྱས་ནས།། ཡེ་ཤེས་ལམ་ནི་རབ་སྟོན་པ།། རྒྱལ་ཆེན་རྣམ་པར་སྣང་མཛད་ལ།། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། ཡིད་རྒྱས ་པ་ཡིས་ཚིག་གསོལ་བ། ། ཅི་སླད་རྣམ་པ་ཐམས་ཅད་དུ།། ཟུར་གྱིས་རྣམ་པར་གཟིགས་པ་དང་།། སྨིན་མ་བསྐྱོད་བྱས་འཛུམ་མཛད་པ།། ཡེ་ཤེས་རྣམ་པར་བསྒྱིངས་པས་གསུང་།། བྱང ་ཆུབ་ཆེན་པོའི་རྡོ་རྗེ་ཅན། ། ལག་ན་རྡོ་རྗེ་གསོལ་མོད་ལ།། བརྟན་ཞིང་ཟབ་པའི་གསུང་གིས་ནི།། སངས་རྒྱས་རྣམས་ཀྱི་རོལ་པ་བཤད།། སྒོམ་པའི་ལམ་ལ་ལེགས་བྱུང་བ།། རྡོ་རྗེ་ཡེ་ཤེས་རྣམས ་ཀྱི་ཐབས། ། བདེ་བས་བྱང་ཆུབ་ཐོབ་འགྱུར་བ།། སངས་རྒྱས་ཀུན་དང་སངས་རྒྱས་ཀྱི།། རྗེས་སུ་འབྲང་བའི་འཁོར་ཉོན་ཅིག། གང་ལ་དངོས་རྣམས་དངོས་མེད་ཅིང་།། མཐའ་གཉིས་ཀྱི་ནི་མཚན ་མ་མེད། ། དབུས་ལའང་སྤྱོད་པ་མེད་པ་དག། དུས་གསུམ་འདས་པ་ནམ་མཁའ་འདྲ།། ཐབས་དང་ཤེས་རབ་རྣམ་སྤངས་པ།། དེ་ལ་བྱང་ཆུབ་ཇི་ལྟར་རྟོགས།། རྟོགས་པར་འདོད་པ་དེ་དག་ནི།། ་ཐབས་རྣམས་ང་ཡིས་བཤད་པར་བྱ།། ཕུང་པོ་དངོས་པོ་ཡོད་མེད་པའི།། བྱང་ཆུབ་སེམས་ནི་གྲོགས་གྱུར་པ།། སྤྲོ་བ་དང་ནི་བཏུང་བ་ཡིས།། སྐུ་གསུམ་མཆོག་ནི་མཆོད་པར་བྱ།། སེམས ་ཀྱིས་སྐུ་ནི་འཐོབ་འགྱུར་ཞིང་། ། སེམས་ཀྱིས་ཆོས་རྣམས་བསྟན་པ་ཡིན།། སེམས་ཀྱིས་བྱང་ཆུབ་འཐོབ་འགྱུར་བས།། དེ་བཞིན་ཉིད་ཀྱི་རྣམ་པར་སྒོམ།། སེམས་ནི ་སྒྱུ་མའི་རྣམ་པ་སྟེ། ། བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ།། དཔེར་ན་སྒྱུ་མའི་མཁན་པོ་འགས།། གྱོ་མོ་ལྔ་ནི་སྔགས་བཟླས་ཏེ།། ལེགས་པར་བྱས་པའི་གཟུགས་དག་ལ།། སྦྱོར་བ་གོམས་པས་བསྣུན་ན ་ནི། ། རྐང་བཞི་པ་ལ་སོགས་པའི་གཟུགས།། ཞེན་པའི་སེམས་ལ་སྣང་བར་འགྱུར།། དེ་བཞིན་བསོད་ནམས་ཡེ་ཤེས་ལས།། བྱུང་བའི་ཚོགས་ཀྱིས་སྒོམ་པའི་སེམས།། སེམས་ཅན་རྣམས་ཀྱི ་བབསམ་པ་ལ། ། བླ་མེད་བྱང་ཆུབ་སྣང་བར་བྱེད།། དངོས་པོ་དོན་དམ་མ་ཤེས་པ།། ཕྱི་རོལ་དངོས་ལ་མངོན་ཞེན་པས།། ངན་པར་རྟོགས་པའི་རྣམ་རྟོག་གིས།། རིན་ཆེན་སེམས་འདི་དྲི་མར་བྱས། ་འབྱུང་བ་ཆེན་པོ་བཞི་རྣམས་དང་།། དངོས་པོ་ཐམས་ཅད་ལྡན་ཞེས་གསུངས།། དེ་ལ་གཙང་དང་མི་གཙང་སོགས།། མི་ཤེས་པ་ཡིས་ཡོངས་སུ་བརྟགས།། བདག་ཏུ་འཛིན་པ་མངོན་ཞེན་པས།། ་དོན་དམ་ཕྱི་རོལ་བྱས་པ་ཡི།། ཐེག་པ་དམན་པ་པ་རྣམས་ཀྱིས།། ཐ་མེད་བྱང་ཆུབ་ཇི་ལྟར་འཐོབ།། བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ།། ལྷག་མ་དང་བཅས་ལྷག་མ་མེད།། ལྷག་བཅས་ཕུང་པོའི ་ངོ་བོ་སྟེ། ། ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས།། ལྷག་མེད་བག་ཆགས་མེད་པ་སྟེ།། མཁའ་ལྟར་དྲི་མ་མེད་པ་ཡིན།། བླ་མེད་བྱང་ཆུབ་འདི་ལྟ་བུར།། སངས་རྒྱས་ཀུན་གྱིས་རྣམ་པར་བཤད ་དེ་ཡི་བྱང་ཆུབ་སྤེལ་བའི་ཕྱིར། ། ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན།། རྣལ་འབྱོར་ཅན་གྱིས་གསང་སྔགས་གང་།། ཡེ་ཤེས་སེམས་དཔའི་ཞབས་དྲུང་དུ།། རྟག་ཏུ་མཉེས་བྱས་མ་གྲུབ་པའི།། ལྷག་མ ་ང་ཡིས་བཤད་བྱ་སྟེ། ། དེ་ནི་བདེ་བླག་ཐབས་ཀྱིས་སུ།། ཚར་ཆད་ནས་ནི་སྒྲུབ་པ་བཤད།། རྡོ་རྗེ་ལྕགས་ཀྱུ་རྒྱལ་པོ་ཆེ།། རྡོ་རྗེ་ཞགས་པ་རབ་ཏུ་བྱེད།། རྡོ་རྗེ་ཁུ་ཚུར་གཟི་བརྗིད་ཆེ།། རྡོ་རྗེ་ཕུར་བུ་རྣམ་འདྲིལ ་བྱེད། ། རྡོ་རྗེ་ཐོ་བ་རྡུང་བ་སྟེ།། རྡོ་རྗེ་ནག་མོ་ཆེར་འབབ་ས།། ལྷ་རྣམས་ཀུན་ལ་འཇིགས་པ་སྐྱེད།། ཕྱག་རྒྱ་རྣམ་པ་སྣ་ཚོགས་འདི།། བསྒོམས་ནས་ལས་ལ་སྦྱར་ན་ནི།། དམ་ཚིག་རྒྱལ་བས་བསྟན ་པའི་ཕྱིར། ། མཚུངས་པ་མེད་པའི་ལས་བྱེད་དོ།། གསང་སྔགས་རིག་པས་ཧཱུཾ་ཞེས་པའི།། ལྕགས་ཀྱུ་གཏང་ནས་ཞབས་དྲུང་དགུག། འདི་ནི་གལ་ཏེ་སངས་རྒྱས་སམ།། རྡོ་རྗེ་འཆང་བའི་སྙིང་ལས ་འགུགས། ། དམ་ཚིག་གིས་ནི་ཞུགས་པ་དང་།། རྡོ་རྗེ་བཅིང་བས་བཅིང་བར་བྱ།། རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས།། རྡོ་རྗེ་མག་མོས་ཀུན་ཏུ་བསྡིགས།། རྡོ་རྗེ་ཡི་ནི་ཕུར་བུ་ཡིས།། གཟུགས་བསྙན་གྱི་ན ་གནས་ལྔ་པོ། ། དཔྲལ་བ་མགྲིན་པ་སྙིང་ཀ་དང་།། དེ་བཞིན་དཔུང་པ་གཉིས་སུ་གདབ།། རྡོ་རྗེ་ཐོ་བས་བརྡུང་བར་བྱ།། ཆོ་གའི་སྦྱོར་བ་འང་ཡིས་ནི།། སངས་རྒྱས་ཉིད་ཀྱང་ངེས་པར་གནོན། ་སྡིགས་ལ་སོགས་པའི་སྦྱོར་བ་ཡིས།། གཟུགས་བརྙན་མི་གཡོར་གྱུར་པ་དང་།། སངས་རྒྱས་བྱང་ཆུབར་བ་རྫོགས་པའི།། དངོས་གྲུབ་དེ་ཚེ་སྦྱིན་པར་མཛད།། འདི་ནི་མཐུ་ཡིས་གྲུབ་པའི ་སྦྱོར་བ་གཅིག་པུ་གསང་ཆེན་ཡིན། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་གསང་བའི་སྒྲུབ་པ་ཐོས་ནས་མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏོ།། ་གཙོ་བོ་རྡོ་རྗེ་རྣམ་སྣང་མཛད།། དཔའ་བོ་ཆེན་པོ་ལེགས་སོ་ཞེ།། ཟབ་མོ་ཆོས་ཀྱི་མཆོག་གྱུར་པ།། དམ་པ་བཤད་པ་མཛད་པ་ལོགས།། སེམས་ཅན་ཕན་ཕྱིར་ཐུགས་རྗེ་ཡི།། ལྕགས་ཀྱུས་ཀུན་ནས་འབར ་བ་ལེགས། ། བདག་མེད་ཆོས་རྣམས་སྒྲུབ་པ་ཡི།། ཡེ་ཤེས་སྙིང་ཀུ་འབར་བ་ལེགས།། གསང་ཆེན་ཐམས་ཅད་བསྟན་པ་ཡི།། རྡོ་རྗེ་ཐེག་པ་ངེས་པར་གསུངས།། ཐེག་པའི་ཚུལ་འདི་ལ་གནས་ན།། ་། བླ་མེད་བྱང་ཆུབ་བདེ་བར་ཐོབ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཧཱུཾ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུཾ། ཨོཾ་བཛྲ་ཊཀྐི་རཱ་ཛཱ་ཡ་ཧཱུཾ། ཨོཾ་བཛྲ་མུཥྚིཾ་གྲྀཧྞ་ཧཱུཾ། ཨོཾ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ། ཨོཾ་བཛྲ་མུད་ག་ར ་ཨཱ་ཀོ་ཊ་ཡ་ཧཱུཾ། ཡེ་ཤེས་ཀྱི་སྙིང་ཀས་སྙིང་པོ་ཅན་དུ་གྱུར་པའི་གསང་སྔགས་དག་པ་མཆོག་ཏུ་གྱུར་པ་དོན་ཡོད་པའི་ལས་འདི་དག་སུ་ལའང་བསྟན་པར་མི་བྱའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ ་ལས་འདི་ནི་སྦྱར་བའི་ཐབས་ཀྱིས་སྒྲུབ་པའི་རིམ་པར་ཕྱེ་བའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས་སྦྱོར་བའི ་ལས་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབབ་པ་ལ་སོགས་པའི་ལས་བྱ་བ་འདི་བཤད་དོ། ། ཨོཾ་ཞེས་བྱ་བ་མགོར་བཞག་སྟེ།། ཨ་ནི་བཞིན་གྱི ་པདྨ་ལ། ། ཧཱུ~ཾ་ནི་བསྐུལ་ནས་སྙིང་ཀར་གཞག། ཡཾ་ནི་རླུང་གི་དཀྱིལ་འཁོར་ལ།། བཞག་ནས་བསྒྲིམས་ཏེ་གདག་བྱས་ནས།། འགྲོ་བ་དང་ནི་གནས་པ་ཡི།། འགྲོ་བ་ཐམས་ཅད་དབབ་པར་འགྱུར།། ་དབབ་སྣོད་སྐུལ་བྱེད་གཟུགས་དེ་ཡི།། གཟུགས་ཀྱི་ངོ་བོ་བསམས་ནས་སུ།། རྡོ་རྗེ་འཆང་བའི་ང་རྒྱལ་གྱིས།། གསང་སྔགས་བསྙེམས་དང་བཅས་པར་བཀླག། བརྗོད་པར་བྱ་བ་ཐོགས་པ་མེད་པའི ་འཕྲེང་བ་ནི། ན་མཿས་མནྟ་ནཱཾ། ས་མྱ་ཀ་ས~ཾ་བུདྡྷ་ཀོ་ཊཱི་ནན། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱཧཱ། བརྩོན་འགྲུས་ཆེན་མོ་ཐོགས་པ་མེད་པར་འདུལ་བ། སྟོབས་ཆེ་བ། ཕ་རོལ་གནོན་པ་ཆེ་བ ་ཕྱག་ན་རལ་གྲི་དང་། ཐོ་བ་དང་། དགྲ་སྟ་དང་། ཞགས་པ་བསྣམས་མ། ཁྲོ་མོ་ཆེན་མོ་གྲོ་མའི་དབང་ཕྱུག་མ། དྲག་པོའི་གཟུགས་ཅན་མ། ཞལ་རས་མཐའ་ཡས་པ། ཕྱག་སྟོང་མ། མ་ཕམ ་མ། གཞན་གྱིས་མི་ཐུབ་མ། དོན་ཡོད་པ། གདུལ་བར་དཀའ་བ་། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་མ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་མཆོད ་པ་རབ་ཏུ་གྲུབ་མ། རྡོ་རྗེའི་སེན་མོ་ཅན། རྡོ་རྗེ་རྡོ་རྗེ་འདྲེན་མ། རྡོ་རྗེའི་མཚོན་ཆ་ཅན། རྡོ་རྗེའི་སྐུ་ཅན་མ། རྡོ་རྗེའི་སྤྱན་གདངས་པའི་སྟང་སྟབས་ཅན། དྲག་ཤུལ་ཅན་མ་ལགས་ཀྱང་དྲག་ཤུལ་ཅན ་གྱི་གཟུགས་ཅན་དུ་བསྒྱུར་བར་སྣང་བ། སྐུ་རྡོ་རྗེ་དང་བེ་ཌཱུརྱསྲ་བརྒྱ་ན་མ། ཨོཾ་བྷ་ག་བ་ཏཱི་ཙུནྡ་དྲུ་ཛྲེ་ཛུཛྲྀ། མྲྀ་མྲྀ། རུ་རུ། སྲུ་སྲུ་རུ་རུ། གྲྀཧྞ་གྲྀ་ཧྞ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། གྲྀ་ཧྞ་པ ་ས་གྲྀ་ཧྞ་པ་ཡ། སར་ས་ར། མཱ་ར་ཡ་མཱ་ར་ཡ། གར་ཧ་ར། བྷསྫ་བྷཉྫ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲྀཧྞ་གྲྀསྟཱ། སྡང་བའི ་གདོན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང ་གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་དང་། མངལ་ནས་སྐྱེས་པ་དང་། ལས་ལས་སྐྱེས་པ་འགྲོ་བ་དང་། གནས་པ་འདི་དག་དང་། སྡང་བ་གང་དག་བདག་ལ་འཚེ་བ་ཐམས ་ཅད། སཱ་དྷ་ཡ་སཱ་དྷ་ཡ། མར་ད་ཡ་མར་ད་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏ་པ་ཡ་ཏ་པ་ཡ། ཨུ་པ་དྷ་ཡ་ཨུ་པ་དྷ་ཡ། ཧ་ན་ཧ་ན། བེཛྫ་ཎ་ས་ར་ས་ར་དཎྜེ་ན། མཱ་ར་མ་ར། ཁངྒེ་ན་ཧཱུཾ་ཧཱུཾ་ཧཱུཾ། ་ཙུ་ཙུ་དྷུ། ཏཱི་ཏྲི་ཏཱི། ཨོཾ་ཙ་ལེ་ཙུ་རྗེ་སརྦ་སཱ་དྷ་ཡཱ་སྭཱཧཱ། དེ་ནི་རྡོ་རྗེས་བསྐུལ་ནས་སུ།། རྡོ་རྗེ་དྲིལ་བུ་གསོལ་བྱ་ཞིང་།། རྡོ་རྗེ་བཅིང་བ་བསྐྱོད་པར་བྱའོ།། དབང་ཆེན་དཀྱིལ་འཁོར་ལ་གནས་ཨོཾ། ་དབུས་སུ་པདྨ་འདབ་བརྒྱད་དང་།། འབྲེལ་བའི་པདྨ་བཞག་ནས་སུ།། ཨཱ་ཞེས་བྱ་བ་བརྒྱད་ཀྱིས་བརྒྱན།། དབུས་སུ་བསྒྲུབ་བྱ་བཞག་ནས་སུ།། ཧཱུཾ་བཞི་ཡིས་ནི་མཛེས་པར་བྱ།། ཁམ་པོར ་ཁ་སྦྱར་ནང་བཅུག་སྟེ། ། སྟེང་དུ་རྡོ་རྗེ་འཆང་བས་མནན།། སྒོམ་ཞིང་གསང་སྔགས་བསྐུལ་ཚིག་གིས།། བཟླས་བརྗོད་དག་ནི་བྱ་བ་དང་།། བ་ཞེས་བྱ་བའི་ཐེག་པ་ཡིས།། ཀུན་ནས་ཀྱང་ནི ་བཀྲི་བར་བྱ། ། འདི་ནི་སྐུ་གསུམ་ལས་བྱུང་བའི།། ལྷ་དང་མི་ཀུན་མནན་པར་འགྱུར།། སྔགས་ལ་མཁས་པའི་བདག་ཉིད་ནི།། ཁ་དོག་དམར་པོ་རྡོ་རྗེ་ཅན།། འདོད་ཆགས་ཚེ་དང་ལྡན་པའི་གཟུག། ་འདོད་པའི་ལྷ་དང་ལྷན་ཅིག་བསམ།། སྐུ་གསུམ་ལྡན་པ་མདའ་ཐོགས་ཤིང་།། གཡོན་པ་ཡིས་ནི་གཞུ་ཡང་གཟུང་།། ཨོཾ་ཧཱུཾ་བུད་མེད་སྤྱི་བོར་བསམ་ནས་ནི།། འདོད་པས་སྙིང་ཟག་དྲེགས ་བདོ་བ། ། མདོག་དམར་ཐལ་མོ་སྦྱར་ནས་ནི།། འདུད་བཞིན་དུ་ནི་མདུན་བཞག་སྟེ།། རྡོ་རྗེ་མདའ་ཡིས་བསྣུན་ན་ནི།། པདྨ་དག་ནས་ཟིལ་པ་འཛག། རྡོ་རྗེ་མདའ་ཡི་སྦྱོར་བ་ཡིས།། འདོད་ཆགས ་ཅན་མ་འཛག་པར་འགྱུར། ། རྣལ་འབྱོར་ཅན་གྱིས་དབང་བྱིའི་ཕྱིར།། འདོད་ཆགས་རྡོ་རྗེ་ཅན་ཡང་སྒོམ།། མི་ཐོད་ལས་བྱས་ཅད་ཏེའུ་ལ།། སྤྲེའུའི་པགས་པ་གཡོགས་ནས་ནི།། ངོས་ཉིད་ལ ་ནི་པདྨ་ཐི། ། བུད་མེད་ཁྲག་གིས་འཛག་པར་བྱ།། དེ་ཡི་དཀྱིལ་དུ་ཕྲེ་བྲིས་ཏེ།། མི་ཡི་སྒྲ་ཡིས་བཏགས་ནས་ནི།། མཐིང་རིལ་གྱི་ནི་རྐང་རུས་ཀྱི།། ཕྲེཾ་ཧཱུ་མིང་ནས་བརྗོད་ཅིང་བརྡུང་།། ་ལམ་གྱི་བཞི་མདོར་དཀྱིལ་འཁོར་ནི།། རྐང་པ་གཡོན་པའི་མཐེ་བོས་ཟས།། གྲཝར་ནི་བུ་མོ་ཟས་སྦྱིན་མ།། འགུགས་པར་བརྩོན་པའི་ལྕགས་ཀྱུ་བྱ།། གཙོ་བོ་ཁྲག་འཐུང་ཆ་ལུགས་ཀྱིས།། ་གཟུགས་ཅན་གྱིས་ནི་རྟིང་པས་བརྡུང་།། འདིས་ནི་ཁམས་གསུམ་རྣམས་གདྲས་པའི། བུ་མོ་ཟོས་སྦྱིན་འགུགས་པར་འགྱུར།། གང་ཡང་རུང་བའི་གཟུགས་བརྙན་ལ།། གནས་པ་ཡིས་ནི ་ང་རྒྱལ་གྱིས། ། རྣལ་འབྱོར་འཁོར་ལོ་རྫོགས་གྱུར་ན།། ཚིག་གི་རྣམ་པ་ཙམ་གྱིས་ཀྱང་།། ལཱུ་དང་ལཱ་མིན་མི་ལ་སོགས།། རྣལ་འབྱོར་ཅན་གྱིས་ཐམས་ཅད་བྱེད། ་གང་ཚེ་དབང་ཉིད་ལ་གནས་པ།། དེ་ཚེ་ཐམས་ཅད་མངའ་གཞུག་འགྱུར།། བལྟས་པ་ཙམ་གྱིས་འཆི་བ་འམ།། དེ་ཙམ་གྱིས་ཀྱང་གཅོད་པའི་མཆོག། སྒྱུ་མིའི་ཡེ་ཤེས་ཀྱིས་བསྐུལ་ནས།། ་རྣལ་འབྱོར་ཅན་གྱིས་གླུ་དང་གར།། ཇི་ལྟ་ཇི་ལྟར་བསྒོམ་བྱས་པ།། དེ་ལྟར་འགྲོ་བ་རབ་ཏུ་བྱེད།། སྦྱིན་སྲེག་དེ་ཉིད་ལ་གནས་པའི།། མེ་ཡི་ལྷ་ནི་ཞལ་ཡིན་པས།། སྣ་ཚོགས་ལས་རྣམས ་གྲུབ་བྱེད་པའི། ། སྦྱིན་སྲེག་ལས་ནི་རབ་ཏུ་བཤད།། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ།། ཚིམ་པར་གྱུར་ནས་དངོས་གྲུབ་སྟེར།། གསང་སྔགས་ལྷག་ཆད་གང་ཡིན་པ།། ཐམས་ཅད་སྦྱིན ་སྲེག་དག་གིས་སྐོང་། ། དེ་ཕྱིར་སྐུ་གསུམ་མཁས་མཆོག་གིས།། སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད།། གཙུབ་ཤིང་ལས་ནི་བྱུང་བའི་མེ།། དགེ་བ་ཡི་ནི་ལས་རྣམས་བྱེད།། གདོལ་པའམ་དུར ་ཁྲོད་ལས་བྱུང་བར། ། མེ་ཡི་ལས་རྣམས་རབ་སྒྲུབ་པ།། ཐབ་ཁུང་ཟླུམ་པོ་གྲུ་བཞི་པ།། བླ་གམ་དང་ནི་ཟུར་གསུམ་པ།། དཀྱིལ་འཁོར་ཟུར་གྱི་ཁ་ཁྱེར་བ།། རྡོ་རྗེ་མཚན་མ་དག་གིས་བརྒྱན། ་སྦྱིན་སྲེག་དེ་ཉིད་ཚུལ་རིག་པས།། ཐབ་ཁུང་རྣམས་ཀྱི་དབུས་སུ་ནི།། པདྨོ་སྟེང་གནས་གཙུག་ཏོར་དང་།། རྡོ་རྗེ་རིན་ཆེན་པདྨོ་གཞག། ཇི་ལྟར་རིགས་པར་འདུག་ནས་སུ།། ལག་གཉིས་པུས་མོའི ་བར་བཞག་སྟེ། ། དགང་གཟར་མར་གྱིས་བཀང་ནས་ནི། བླུགས་གཟར་བཀང་སྟེ་དེ་བཞིན་སྲེག། སྦྱིན་སྲེག་ལ་དགོས་གཡས་སུ་གཞག། གཡོན་དུ་ཆུ་ཡི་སྣོད་དག་གོ།། ལས་ཀུན་བྱེད་པ་བཟླས་ནས ་སུ། བསང་གཏོར་དང་ནི་འཐོར་འཐུང་བྱ།། ཀུ་ཤིའི་རྩེ་མོས་མནོན་པ་ཡིས།། ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ།། མེ་ནི་འབར་བར་ཤེས་པ་དང་།། གཡས་པས་མི་འཇིགས་མཐེབ་བསྐྱོད་ཅིང་།། ་གསང་སྔགས་འདིས་ནི་ཆོ་ག་བཞིན།། མ་ཡི་ལྷ་ནི་སྤྱན་དྲང་ངོ་།། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ།། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག། སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི ་བཞུགས་སུ་གསོལ། ། ཨོཾ་ཨགྣ་ཡེ། དཱི་པྱ་དཱི་པྱ། ཨཱ་བེ་ཤ་མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ་ཀ། བ་ཧ་ནཱ་ཡ་སྭཱ་ཧཱ། ལག་གཡོན་རྡོ་རྗེ་བསང་གཏོར་ཏེ།། མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ།། ་མེ་ཡི་ཕྱོགས་ནས་བོད་པ་ནི།། གསུས་པོ་ཆེ་ལ་མིག་གསུམ་པ།། གདོང་བཞི་ལག་པ་བཞི་དང་ལྡན།། འོད་དམར་རལ་པའི་ཐོར་ཚུགས་ཅན།། མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་།། ལས་ཀྱི ་འོད་ཟེར་རྣམས་ཀྱིས་བརྒྱན། ། ལག་པ་དང་པོ་མཆོག་སྦྱིན་ལ།། གཉིས་པ་ནི་ནི་སྔགས་ནོར་འཕྲེང་།། གཡོན་ན་རིལ་བ་སྤྱི་ཐུགས་ཏེ།། གཉིས་པ་ན་ནི་བེཅོན་ཉིད།། མདོག་དམར་རྒྱན་ནི་མེད་པས། ་དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ།། འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་།། ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ།། དེ་ལ་སྦྱིན་སྲེག་ལ་དགོས་པ།། ཀུན་ནས་ལན་གསུམ་སྲེག་བླུགས་དབུལ ་དེ་ནས་འཐོར་འཐུང་བྱས་ནས་སུ། ། འབར་བའི་རྣམ་པར་བསྒྱུར་བར་བྱ།། རིམ་པ་འདི་ཡི་ཚུལ་གྱིས་ན།། མཁས་པས་ལྷ་རྣམས་ཚིམ་པར་བྱ།། ལེགས་པར་ཚིམ་བྱས ་བཟོད་གསོལ་ཏེ། ། འདོད་པའི་དངོས་གྲུབ་གསོལ་བ་གདབ།། བུམ་པ་རྒྱལ་མཚན་རྡོ་རྗེ་གདུགས།། པདྨ་ལྕགས་ཀྱུའི་རྣམ་པ་དག། མེ་ལྕེ་མདོག་དཀར་སྣང་བ་དང་།། འཁྱིལ་བའི་མཚན་མ་མཁས ་པས་བརྟག། དེ་ནས་མྱུར་དུ་འགྲུབ་འགྱུར་བས།། སྒོམ་དང་བཟླས་ལ་འབད་པར་བྱ།། ཞི་དང་རྒྱས་དང་དབང་ལ་ནི།། ཨོཾ་ཞེས་པ་དང་སྭཱ་ཧཱ་མཐར།། དབྱངས་ཀྱི་རྒྱུན་ནི་བསྲིང་བ་དང་།། བར་ཆད ་མེད་པའི་དབྱངས་ཀྱིས་སྦྱར། ། ཞི་བའི་སེམས་ཀྱིས་ཞི་བའོ།། འབྱོར་པ་རྒྱས་པ་མངོན་པར་སྤེལ།། དྲེགས་གདོང་སྟབས་ཚུལ་བཅས་པ་དང་།། དབང་དུ་གྱུར་པས་དབང་བྱའོ།། དྲག་ཤུལ་སྤྱོད་ཚུལ ་ལ་གནས་པས། ། ཧཱུཾ་ཞེས་པ་དང་ཕཊ་དང་བཅས།། ལུས་ནི་མེ་ལྕེ་འབར་བ་དང་།། འཇིག་རྟེན་གསུམ་པོ་བཟར་བསམ་ནས།། བསྐུལ་བའི་ཚིག་དང་སྤེལ་བ་ཡི།། གསང་སྔགས་ཡི་གེ་ངེས་པར་སྦྱར།། ་སྔགས་གྲུབ་ཆོ་ག་ཤེས་པ་ཡིས།། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། སྣ་ཚོགས་ལས་དང་ལྡན་པའི་ལྷ།། གང་དག་ཡིན་པ་མཆོད་པར་བྱ།། སྦྱིན་སྲེག་དེ་ཉིད་ཀྱིས་བསྐུལ་ཅིང་།། དང་པོ་དགང་བླུགས ་བསྲེག་ཅིང་དབུལ། ། ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ།། ཞི་དང་རྒྱས་དང་དབང་རྣམས་ལ།། དགེ་བ་རྫས་རྣམས་སྦྱིན་སྲེག་བྱ།། བཤང་གཅི་ཁྲག་རྐང་རུས་པ་དང་།། ཤ་ཆེན་དག་ཀྱང་སྦྱིན་སྲེག ་བྱ། ། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། མི་གཙང་བ་ཡིས་བཀང་ན་གོ། ཇི་ལྟར་སྡིག་པ་མི་སྐྱེ་འགྱུར།། གལ་ཏེ་སྡིག་འགྱུར་འབྲས་བུ་གང་།། སེམས་ཅན་མི་ཤེས་པས་རྨོངས་ཏེ།། ཐམས་ཅད ་ཤེས་རབ་རྣམ་སྤངས་ཤིང་། ། ཕྱི་རོལ་དངོས་ལ་མངོན་ཞེན་པ།། རྣམ་རྟོག་དྲ་བས་བླུན་བྱས་གང་།། དེ་དག་གིས་ནི་དགེ་སྡིག་གི། ཕུང་པོ་གཉིས་སུ་རྣམ་པར་བརྟག། ཆོས་འདི་རང་བཞིན་གྱིས་དག་སྟེ།། ་སྐྱེ་བ་མེད་ཅིང་གནས་པ་མེད།། སེམས་ཅན་ཤེས་པ་སྤེལ་བའི་ཕྱིར།། སངས་རྒྱས་རྣམས་ཀྱི་ཐབས་ཀྱིས་བསྟན།། དམ་པའི་དོན་དུ་དགེ་སྤང་ན།། བསོད་ནམས་མེད་ལ་ཅི་ཞིག་སྨོས།། དཔེར་ན ་ཆུས་གང་ཆུ་ཀླུང་གི། ཕ་རོལ་འགྲོ་བའི་སེམས་ཅན་དག། རྩཝ་དང་ཤིང་ལ་སོགས་བསྡུས་ཏེ། ཆུ་ལས་རྒལ་བའི་གཟེངས་བྱས་ནས།། དེ་ལ་འཇུས་ཏེ་ལེགས་རྒལ་ན།། བོར་ཏེ་བདེ་བར་འགྲོ་བ་ལྟར ་དེ་བཞིན་འཁོར་བའི་ཕ་རོལ་གྱི། ། ཆོས་ཀྱིས་ལམ་ནི་བསྐྱེད་བྱས་ཀྱང་།། ཆོས་དང་ཆོས་མིན་རྣམ་སྤངས་ནས།། བྱང་ཆུབ་བདེ་བ་ཐོབ་པ་བཞིན།། དེ་ཕྱིར་རྣམ་རྟོག་དྲ་སྤོངས་ལ།། ཟབ་མོ་ཡིན ་ཆོས་སྤེལ་ཏེ། ། དེ་བཞིན་གཤེགས་པས་གསུངས་ལམ་ལ།། སྔགས་རིག་རྣམ་རྟོག་མ་བྱེད་ཅིག། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་པས།། ནམ་མཁའ་ལྟ་བུར་དྲི་མེད ་པའི། ། རྣམ་པར་མི་རྟོག་ཏིང་འཛིན་མནོས།། དབང་པོ་གཉིས་ནི་མཉམ་སྦྱར་ཏེ།། ལུས་དང་ངབ་དང་སེམས་བསྡམས་ནས།། པའོ་སྙམ་པའི་གཟི་བསྐྱེད་གཟུགས།། རྣམ་པ་ཀུན་གྱིས་རྣམ་པར ་བརྒྱན། ། རྣལ་འབྱོར་ལྡན་པ་ཚེ་འདི་ལ།། ཡེ་ཤེས་རྫོགས་པ་ཉིད་དུ་གྱུར།། ལས་ལས་བྱུང་བར་རྣམ་བསྟན་པའི།། སྐྱེས་པ་བུད་མེད་གཟུགས་མང་ལ།། བརྙས་པ ་ཉིད་དུ་མི་བྱ་འདིས། ། རྡོ་རྗེ་ལུས་ཅན་དམ་ཚིག་ཡིན།། ངན་རྟོག་བཟང་རྟོབ་དྲ་བ་ཡིས།། སེམས་ཀྱིས་སེམས་ཅན་རྣམས་ལ་ནི།། སྣ་ཚོགས་གདུང་བས་སུན་མི་དབྱུང་།། རྡོ་རྗེ་སེམས་ལྡན་དམ ་ཚིག་ཡིན། ། སྲེད་པས་བསྐྱེད་རྩུབ་ཕྲ་བ་ཡིན།། ཚིག་དག་རྣམ་པར་མི་སྨྲ་ཞིང་།། མཉན་ན་བདེ་བར་བྱེད་པ་འདི།། རྡོ་རྗེ་ངག་ཅན་དམ་ཚིག་ཡིན།། རྣམ་པར་སྣང་མཛད་ཆེར་འཁྲུགས་མཆོག། ་ཡི་ཁམས་ལ་གནས་པ་ཡིས།། རྐང་ལ་མི་འཁྲུགས་རྒྱལ་པོ་སྟེ།། ཁྲག་ལ་རིན་ཆེན་འབྱུང་བ་གཙོ།། སེམས་ཅན་རྣམས་ཀྱི་རུས་ཕུང་གི། རུས་གོང་ལ་ནི་འོད་དཔག་མེད།། རྩ་ཡི་ཚོགས་རྣམས ་རྣམ་འདྲེན་པ། ། ཐུབ་པ་སྐྱེད་མཆོག་དོན་ཡོད་ལ།། དམ་ཚིག་ཤེས་པ་རྣམས་ལ་ནི།། བསང་ཆེན་ང་ཡིས་བསྟན་པ་འདི།། བློ་ལྡན་རྡོ་རྗེ་སེམས་ཀྱིས་ནི།། རྟག་ཏུ་བསྟེན་ཞིང་བསྒོམ་པར་བྱ།། ་འདོད་ཆགས་ཞེ་སྡང་དེ་བཞིན་རྨོངས།། སྲེད་དང་དེ་བཞིན་རྣམ་སྤེལ་བའི།། ཆོས་ནི་རྣམ་པ་ལྔ་པོ་འདི།། ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས།། བཤང་གཅི་ཁུ་བ་མཆིལ་མ་ཁྲག ་འཛག་པ་འབྱུང་བ་བཞིན་བསྡུས་པ། ། སྒོམ་པའི་བློ་གྲོས་རྫོགས་པ་ཡིས།། དམ་ཚིག་བསྟེན་པར་བྱ་བ་སྟེ།། རྟག་ཏུ་བཟའ་ཞིང་བཏུང་བར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས ་འདི་ནི་སྦྱིན་སྲེག་རམ་པར་ཕྱེ་བའི་ལེའུ་སྟེ་དགུ་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཐམས་ཅད་ཀྱི་དངོས ་གྲུབ་དམ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་མཆོག་དངོས་གྲུབ་འདི་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་གསང་སྔགས་སྒོམ་པའི་རྣལ ་འབྱོར་གྱི་ཚོ་གས་ཡང་དག་པར་བསྐུལ་ནས་རྫས་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པའི་ཐབས་གསང་ཆེན་འདི་ཉོན་ཅིག། རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལ།། གནས་ཤིང་སྐུ་གསུང་ཐུགས ་བསྒོམས་ཏེ། ། མདུན་དུ་འཁོར་ལོ་ལེགས་པར་གཞག། སྐུ་གསུམ་རྡོ་རྗེ་ཅན་གྱི་གཟུགས།། འབར་བའི་འཕྲེང་བ་འཁྲུག་པའི་འོད།། འཁོར་ལོའི་ནང་དུ་ཞུགས་གྱུར་པར།། བསྒོམ་ཞིང་འཁོར་ལོ ་བསྒྲུབ་པར་བྱ། ། མེ་ཡི་འོད་ལྟར་འབར་བའི་འོད།། འཁོར་ལོ་ཆེན་པོ་འཕགས་པར་འགྱུར།། སྤྱན་ནི་བཟླས་བརྗོད་བྱེད་བཞིན་དུ།། བླ་མེད་འཁོར་ལོ་བླང་བར་བྱ།། རྒྱལ་ཆེན་འཁོར་ལོ་འགྲུབ ་པ་དག། འོད་ནི་རྣམ་པར་སྣང་མཛད་བཞིན།། ལན་གསུམ་འཇུག་པའི་སེམས་ཅན་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར།། མ་འཁྲུགས་པར་ནི་རྣམ་བསྒོམ་ཞིང་།། རྡོ་རྗེ་མདུན་དུ་བཞག་ནས ་ནི། རིམ་པ་བཞིན་དུ་བསྐུལ་ན་འདིས།། སྐུ་གསུམ་རྣམ་པར་འཕེལ་འགྱུར་ཞིང།། འབར་བའི་འཕྲེང་ཆེན་མཉམ་པའི་འོད།། རྡོ་རྗེ་ཆེན་པོ་འཕགས་པར་འགྱུར།། མཱ་མ་ཀཱི་ནི་ཟློས་བཞིན་དུ།། ་རྡོ་རྗེ་བླ་མེད་བླང་བར་བྱ།། རྡོ་རྗེ་རྒྱལ་པོ་བླངས་པ་ཡིས།། གཙོ་བོ་རྡོ་རྗེ་འཆང་གཉིས་འགྱུར།། གཙོ་བོ་ཆེན་པོ་སངས་རྒྱས་དང་། བྱང་ཆུབ་སེམས་དཔས་ཡོངས ་བསྐོར་ནས། ། སེམས་ཅན་སེམས་ལ་གནས་པ་ཡི།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་།། འཇིག་རྟེན་ཁམས་སུ་རྣམ་རྒྱུ་ཞིང་།། ཀུན་གྱི་བསམ་པ་ཡོངས་རྫོགས་བྱེད།། རིན་ཆེན་འབྱུང་བ་བསྒོམས་ནས ་ནི། རིན་པོ་ཆེ་ནི་མདུན་བཞག་སྟེ།། སྦྱོར་བའི་རིམ་པས་རྣམ་སྤེལ་ན།། རིན་ཆེན་ཆེན་པོ་འཕགས་པར་འགྱུར།། རིན་ཆེན་སྒྲོལ་མ་ཟློས་བཞིན་དུ།། འོད་བཟང་གཟི་བརྗིད་འབར་བ་ཅན།། ་ཕྱོགས་ཀུན་སྣང་བར་བྱེད་པ་ཡ།། ནོར་བུའི་རྒྱལ་པོ་བླང་བར་བྱ།། ལྷ་རྫས་ནོར་བུ་བླངས་པ་ཡིས།། རིན་ཆེན་འབྱུང་བ་གཉིས་པར་འགྱུར།། དེ་ནི་སེམས་ཅན་ཐམས་ཅད་ཀྱི།། ཡིད་བཞིན ་ནོར་བུ་རིན་ཆེན་བཞིན། ། རིན་ཆེན་ཆར་པ་རབ་འབེབས་ཤིང་།། སེམས་ཅན་ཀུན་གྱི་དབུལ་བ་འཇོམས།། གཙོ་བོ་ཡིད་བཞིན་ནོར་བུ་ཅན།། སངས་རྒྱས་ཞིང་དུ་རྣམ་པར་རྒྱུ།། འོད་དཔག ་མེད་པར་རྣམ་བསྒོམས་ནས། ། པདྨ་ཆེན་པོ་མདུན་བཞག་སྟེ།། རིམ་བཞིན་གཟི་བརྗིད་གཟེངས་བསྟོད་ན།། འདབ་མ་བྱེ་བས་རྣམ་བརྒྱན་པ།། འོད་བཟང་གསེར་ལྟར་འབར་བ་ཅན།། ་པདྨ་ཆེན་པོ་འཕགས་པར་འགྱུར།། གོས་དཀར་ཅན་མའི་གསང་སྔགས་ཀྱིས།། ཡིད་ལས་བྱུང་བའི་པདྨ་བླང་།། པདྨའི་རྒྱལ་པོ་བླངས་པ་ཡིས།། འོ་དཔག་མེད་པ་གཉིས་པར་འགྱུར།། ། ་ཆོས་མཛད་རྣམས་ཀྱིས་ཐོག་འདྲེན་ཅིང་།། སེམས་ཅན་རྣམས་ལ་བདུད་རྩི་སྩོལ།། སངས་རྒྱས་ཞིང་རྣམས་སྣང་བྱེད་གཙོ།། བདེ་བ་ཅན་གྱི་རྒྱན་དུ་གྱུར།། དོན་ཡོད་གྲུབ་པ་རྣམ་བསྒོམས ་ནས། ། རལ་གྲི་མདུན་དུ་རྣམ་བན་པ་སྟེ།། རྣལ་འབྱོར་རིམ་པ་འདི་ཡིས་ན།། སྒོམ་པ་དེ་ཉིད་ཀྱིས་བསྐུལ་ན།། རྡོ་རྗེ་འབར་བལྟ་བའི་འོད།། རལ་གྲི་ཆེན་པོ་འཕགས་པར་འགྱུར།། སྒྲོལ ་མའི་གསང་སྔགས་ཟློས་བཞིན་དུ། ། རལ་གྲི་བླ་མེད་བླང་བར་བྱ།། དེ་ནི་རལ་གྲི་མཆོག་བླངས་ནས།། དོན་ཡིད་གྲུབ་པ་གཉིས་པར་འགྱུར།། སངས་རྒྱས་ཞིང་དུ་རྣམ་རྒྱུ་ཞིང་། སེམས་ཅན་རྣམས་ཀྱི ་མི་ཤེས་བཅོད། ། རྟག་ཏུ་དྲི་མེད་སྣང་གྱུར་ཏེ།། ཆུ་ཡི་ནང་གི་སྟོན་ཟླ་བཞིན།། རྫས་ཀྱི་དངོས་གྲུབ་བསྟན་ནས་ནི།། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ།། རྣལ་འབྱོར་ཆེ་ལ་རྣམ་གནས་པ།། དེ་བཞིན ་གཤེགས་ཀྱི་བཙུན་མོ་ཆེ། ། ཞེ་སྡང་རིགས་ནི་འདྲེན་མཛད་མ།། རྡོ་རྗེ་གདན་ཅན་མཱ་མ་ཀཱི།། རིན་ཆེན་འབྱུང་བའི་ལྷ་མོ་དང་།། ལྷ་མོ་འགྲོ་བ་དབང་མཛད་མ།། མཁའ་ལ་ལོངས་སྤྱོད་སྤྱོད་མཛད ་མ། ། རིམ་པ་བཞིན་དུ་ང་ཡིས་བཤད།། དེ་ནས་བུ་མོ་མིག་ཡངས་མ།། ལོ་ནི་བཅུ་དྲུག་ལོན་པ་ལ།། གཟུགས་དང་མདངས་དང་ལང་ཚོར་ལྡན།། གསེར་གྱི་རྣ་ཆ་གཡོ་བ་ཅན།། གཅིག་ཅིག ་བསྒྲིམས་ཏེ་བཙལ་ནས་སུ། ། ལྷ་མོ་བྱི་དོར་ལེགས་བྱས་ཏེ།། རིགས་ལྔ་ཡི་ནི་ཚོགས་ཅན་མ།། ལས་ཀྱི་རྗེས་སུ་བསྒོམས་བྱས་ནས།། བཞག་སྟེ་སྤྲད་པའི་སྦྱོར་བ་ཡིས།། པདྨ་ལ་ནི་རྡོ་རྗེ ་གཞག། སྤྲད་པ་དང་ནི་འཁྱུད་པ་ཡིས།། རྡོ་རྗེ་དང་ནི་པདྨ་བསྐུལ།། གར་གྱི་ཚུལ་དུ་གྱུར་པ་དང་།། དེ་བཞིན་སྤྲོ་དང་བསྡུ་བ་ཡིས།། མོད་ལ་སྒྱུ་མས་དྲེགས་མྱོས་ནས། ་རྡོ་རྗེ་ལས་ནི་བདུད་རྩི་འབྱུང་།། རྣལ་འབྱོར་ལྡན་པའི་ཤེས་རབ་ལག། པདྨ་ལ་ནས་བདུད་རྩི་བཏུང་།། རྣལ་འབྱོར་ལྡན་པའི་ཁ་ཡིས་ནི།། འཐུངས་པས་དེ་བཞིན་གཤེགས་ལྔ་ཡི།། སྐུ་ནི་ཡོངས་སུ་འགྱུར ་པ་འཐོབ། ། ནམ་མཁའ་འདྲ་བའི་ཆོས་ཀུན་ལས།། ཐབས་དང་ཤེས་རབ་རྣམ་པར་འཕེལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྙིང་པོ་སྒྲུབ་པ་སྟེ།། འདོད་ལྔའི་ཡོན་ཏན་རྗེས་འཇུག་པའི།། ་བྱང་ཆུབ་བདེ་བས་བསྒྲུངས་ན་ནི།། རྡོ་རྗེ་པདྨ་བྱ་ནི་བརླབས་ནས།། རྗེས་སུ་ཆགས་པས་འཐོབ་པར་འགྱུར།། གྲུབ་ཆེན་གསང་བའི་དངོས་གྲུབ་ནི།། སྡུག་བསྔལ་མེད་པའི་བདེ་བའི་ཐབས། ་རྗེས་སུ་ཆགས་པས་བདེ་བ་ཡི།། རྡོ་རྗེ་ཐེག་པས་མཉེས་པར་འགྱུར།། སྦྱོར་བའི་ཁྱད་པར་འདི་ཡིས་ནི།། ལན་གསུམ་འཇུག་པའི་གསང་སྔགས་དང་།། ལས་ཀྱི་ཕྱག་རྒྱ་ངས་བཤད་དེ།། དེ་དག ་ལག་པའི་ཕྱག་རྒྱ་དག། ཡེ་ཤེས་ཕྱག་རྒྱ་རབ་བསྐུལ་བས།། དམ་ཚིག་མཆོག་གིས་འགྲུབ་པར་འགྱུར།། ཐུབ་ཆེན་སྣ་ཚོགས་གཟུགས་མངའ་བ།། སྣ་ཚོགས་འཕྲིན་ལས་མཛད་པར་འགྱུར།། ་དེ་ནས་ཕྱག་ན་རྡོ་རྗེས་ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་།། གསུང་དང་།། ཐུགས་ལས་ཕྱུང་ངོ་།། ས་ནི་སྤྱན་དུ་བརྗོད་པ་སྟེ། ཆུ་ཁམས་མཱ་མ་ཀཱི་ཞེས་བཤད། ་མ་རླུང་ཞེས་ཀུན་ཏུ་བརྗོད།། གོས་དཀར་ཅན་མ་མེ་རུ་བསྒྲགས།། རྡོ་རྗེ་དམ་ཚིག་ནམ་མཁའི་དབྱིངས།། སྟོན་པ་རྡོ་རྗེ་འཆང་བས་བཤད།། ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སའི་དབང་ཕྱུག་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་།། གསུང་དང་།། ཐུགས་དེ་བཞིན་གཤེགས ་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་ཅང་མི་གསུང་བར ་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་གསང་བ་འདུས་པར་དབང་བསྐུར་བའི་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི ་ལགས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་འདི་ནི་རྡོ་རྗེའི་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས ་དང་རྡོ་རྗེ་སློབ་དཔོན་འདི་གཉིས་གཉིས་སུ་བྱར་མེད་པའི་ཕྱིར་ཞེས་བྱ་བའི་བར་ནས། རིགས་ཀྱི་བུ་མདོར་བསྡུས་ནས་ཡང་བཤད་པར་བྱའོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་བཞུགས་ཤིང་གཞེས་པའི་བར་དེ་དག་ཐམས་ཅད་དུས་གསུམ་དུ་བྱོན་ནས། སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པས་མངོན་པར ་མཆོད་ནས་འདི་སྐད་ཅེས་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་ཡིན་ནོ། ། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་ཡིན་ནོ།། བདག་ཅག་དེ་བཞིན་གཤེག་པ་ཐམ་ཅད་ཀྱི་སྟོན་པ་ཡིན་ནོ་ཞེས་རྡོ་རྗེའི་ཡི ་གེགསུམ་ཕྱུང་ནས་སླར་ཡང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་འགྱུར་རོ། ། རིགས་ཀྱི་བུ་དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པའི་བར་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྡོ་རྗེའི ་སྐུ་དང་། གསུང་དང་། ཐུགས་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི།། རྡོ་རྗེ་སློབ་དཔོན་དེའི་སྤུའི་ཁུང་བུ་གཅིག་བསོད་ནམས་ཀྱི་ཕུང་པོ་ཆེས་ཁྱད་པར་དུ་འཕགས་སོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའི་བར་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བྱམས་པ་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ། ། དེ་ནས་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་།། རིན་ཆེན་འབྱུང་བ་དང་། དོན་ཡོད་གྲུབ་པ་དང་། དེ་བཞིན ་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་རྡོ་རྗེ་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ལ་དམིགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས ་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ནས་ཤེས་ལྡན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག། ཕྱོགས་བཅུ་དུས་གསུམ་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སློབ ་དཔོན་གྱི་དྲུང་དུ་བྱོན་ནས་མཆོད་པར་མཛད་ཅིང་ཕྱག་འཚལ་བར་བརྗོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་ཡིན་པ་དང ་བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། དེ་བཞིན་གཤེགས་པ་དེ ་དག་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་ཀྱི་དངོས་གྲུབ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་གསུམ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་། ངག་དང་། ཡོད་ལ་གནས་སོ།། བྱང་ཆུབ་སེམས་དཔའ་ཐམས ་ཅད་ཀྱིས་གསོལ་པ། རྡོ་རྗེ་སློབ་དཔོན་གྱི་ལུས་དང་། ངག་དང་།། སེམས་ཀྱི་གསང་བ་གང་ལ་གནས། ནམ་མཁའ་ལ་གནས་སོ།། ནམ་མཁའ་གང་ལ་གནས། རྡོ་རྗེ་སློབ་དཔོན་གྱི་སེམས ་ལ་གནས་སོ། ། སེམས་གང་ལ་གནས། གང་དུའང་མ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ངོ་མཚར་དུ་གྱུར་ནས་ཅང་མི་ཟེར་བར་འཁོད་དོ།། དཀྱིལ ་འཁོར་དང་། ཏིང་ངེ་འཛིན་དང་། བྷག་དྷ་དང་། སྟང་སྟབས་དང་། འདུག་སྤངས་དང་། བཟླས་བརྗོད་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ལ་སྦྱར་བ་དང་། ་སླར་བསྡུ་བ་རྣམས་ནི་གསང་སྔགས་ཀྱི་ཚུལ་དེ་ཁོ་ན་ཉིད་བཅུ་ཡིན་པར་གསུངས་སོ།། དུས་གསུམ་དུ་འབྱུང་བའི་རྒྱལ་བ་ཐུགས་རྗེའི་རོ་གཅིག་པ་རྣམས་ཀྱི་གསང་བ་དག་དང་། གསང་ཆེན་དང་།། ་ཡེ་ཤེས་རྣམ་པ་པ་གསུམ་གྱི་སྙིང་པོ་བསྟན་པ་དག་ནི་སློབ་དཔོན་གྱི་ཁ་ནས་བླ་མ་ལ་གུས་པའི་སློབ་མས་ཤེས་པར་བྱའོ།། བླ་མས་དམ་ཚིག་ཇི་ལྟར་ལྟ་བ་བཞིན་གྱི་དབང་དུ་བྱས་ནས་བཤད་པར་བྱའོ།། ་བསྒྲིམས་ནས་སེམས་ཅན་རྣམས་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ལྷག་པའི་རྣལ་འབྱོར་རྣམས་གོ་རིམས་བཞིན་བཤད་པར་བྱའོ།། འདི་མཐའ་དག་ནི་རྒྱུད་ཐམས་ཅད་ཀྱི ་སྤྱིར་ཤེས་པར་བྱའོ། ། དེ་ཁོ་ན་ཉིད་ཀྱི་དངོས་པོ་མཐའ་དག་ཡོངས་སུ་མི་ཤེས་པར་གསང་སྔགས་སྨྲ་བ་ང་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་གྱིས་གསང་སྔགས་ཀྱི་ཆོ་ག་འཆད་པར་བྱེད་ན་དམ ་ཚིག་ཐམས་ཅད་ཉམས་པར་འགྱུར་རོ། ། དམ་ཚིག་ལས་ཉམས་ན་བདུད་ཀྱིས་གཟུང་བར་འགྱུར་རོ།། སྐྱེས་བུ་ཤི་ནས་དམྱལ་བའི་གནས་མི་བཟད་པ་ཆེན་པོར་འགྲོ་བར་འགྱུར་རོ།། སེམས ་ཅན་རྣམས་ལ་བརྟེན་ཏེ་བྱང་ཆུབ་ཐོབ་པར་འགྱུར་བས་སེམས་ཅན་ལ་བསྡུ་བར་མི་བྱའོ་ཞེས་ཤེས་པར་བྱས་ནས། དེ་བཞིན་གཤེགས་པའི་ལམ་དེ་ཉིད་ལ་སེམས་ཅན་དེ་དག་སྦྱར་བར་བྱའོ།། ། ་གང་ཞིག་འདི་ལ་བརྩོན་པར་མ་བྱས་པ་དེ་དག་གིས་ནི་ལག་པ་དང་རྐང་པ་དང་། མིག་སྦྱིན་པའི་དཀའ་བ་སྤྱད་པ་དང་། དཀའ་ཐུབ་ཇི་ལྟ་བུས་ཀྱང་སྡིག་པ་གཞོམ་པའམ། བདུད་རྩིའི ་རོ་ཐོབ་པར་མི་ནུས་སོ། ། རྣལ་འབྱོར་གཅིག་ཁོང་དུ་ཆུད་ནས་དབེན་པར་སོང་སྟེ་བསྒོམ་པ་བྱས་ན་སྡིག་པ་ལས་འགྲོལ་ཞིང་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་། ཆོས་བདག ་མེད་པར་བསྒོམས་པས་ཐམས་ཅད་མཁྱེན་པའི་རྣལ་འབྱོར་ཁོང་དུ་ཆུད་པར་བྱའོ། ། ཤེས་རབ་དང་ཡེ་ཤེས་ཀྱི་འཇོ་ཚུལ་གྱིས་གསང་བ་ལྔའི་བདག་ཉིད་ཀྱི་གཙོ་བོ་ལ་མཆོད་པར་བྱའོ།། ་དངོས་པོ་ཐམས་ཅད་དངོས་མེད་པར། གཞི་བཅུའི་དོན་ནི་རྟོགས་པ་དང་། རྡོ་རྗེ་པདྨས་དབང་བསྐུར་བས།། བདུད་རྩི་ལྔས་ནི་དགའ་བར་བྱེད།། གསང་བར་བྱ་བའི་ཆོས་གསང་བ། ་གསང་ཞིང་སྦས་ཏེ་གཞག་པར་བྱ།། འདོད་ཡོན་ལྔ་ཡི་རྣམ་པ་ནི།། གཟུགས་སྒྲ་དྲ་རོ་རེག་བྱ་སོགས།། རྣལ་འབྱོར་སེམས་དཔའ་སྤྱད་བྱ་ཞིང་།། དེ་བཞིན་བཟའ་དང་བཏུང་བྱས་ན།། ་བལྟས་དང་ཁུ་ཚུར་རྣམ་པ་ཡིས།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཆོ་ག་ཐམས་ཅད་བསྟན་པ་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། ། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་ན་བཐེག་པ་ཆེན་པོའི་ཡང་ཟག་པ་ཆེན་པོའི་ཚུལ་ཐབ་མོ་གསང་པ་ས ་ཆེས་གསང་བ་ཆེན་པོ་རྫུག་སོ། ། ཁོར་གྱི་ལོ་ཙ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཙིང་ནུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐ ་