| Wylie | e-texts produced with BDRC’s OCR application |
བསྟོད་དོ། ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཚེ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱང་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་ག་གད་དུ་ནཱ་གཱ་རཱ་ཛད་རཱ་གཱ་ཏཱ། བོད་སྐད་དུ ་ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པས་རབ་བསྟན་པ།། བྱང་ཆུབ་སེམས་དཔའ་སྐྱེ་བའི་རབས།། ཐམས ་ཅད་ལེགས་པར་འདུས་ནས་སུ། ། ཤིན་ཏུ་དང་བའི་སེམས་ཀྱིས་ཉོན།། རྫོགས་པའི་སངས་རྒྱས་ལྷ་ཡི་ལྷ།། དེ་བཞིན་གཤེགས་པ་བཞུགས་པ་ན།། དགེ་སློང་རྣམས་ནི་གཅིག་ལ་གཅིག། ཁ་སྟོབས ་ལ་སོགས་རྣམས་ཀྱི་བགྱིད། ། དགེ་སློང་ཚིག་ངན་འདོན་པ་དག། དྲང་སྲོང་ཆེན་པོས་གསན་པ་དང་།། དེ་ཕྱིར་ཐུབ་པས་དགེ་འདུན་རྣམས།། བསྡུས་ནས་འདི་སྐད་བཀའ་སྩལ་ཏོ།། ཁྱེད་ཅག་ཁ་སྟོབས ་ལ་སོགས་པས། ། གཅིག་ལ་གཅིག་ནི་འཚེ་བྱེད་པ།། ཁྱིམ་ནས་ཁྱིམ་མེད་རབ་བྱུང་དང་།། དེ་དག་འཐུན་པ་མ་ཡིན་ནོ།། རྟག་ཏུ་ཡང་དག་དགའ་བྱེད་པའི།། ཆོས་དྲུག་གང་ཡིན་ལ་འཇུག་པ།། ་འདི་ནི་ཁྱིམ་ནས་ཁྱིམ་མེད་པར།། རབ་ཏུ་བྱུང་བ་རྣམས་དང་འཐུན།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། འཚེ་བ་མེད་པར་རབ་བསྒོམས་ནས།། ཇི་ལྟ་བྱང་ཆུབ་དོན་གཉེར་བ།། དགེ་སློང ་ང་ལས་འདི་ཉོན་ཅིག། ཤེས་རབ་ལྡན་པ་མི་ཡིས་ནི།། ཐོས་ནས་སྡིག་པ་རྣམས་སྤོང་ལ།། གྲུབ་དང་བདེ་བའི་ཐོབ་བྱའི་ཕྱིར།། དགེ་བའི་ཆོས་ལ་སྤྱད་པར་གྱིས།། སྔོན་གྱི་སྤུན་དྲུང་གྱུར ་བ་ཡི། ། ཀླུ་ཡི་རྒྱལ་པོ་གཉིས་བྱུང་བ།། གཅིག་གི་མིང་ནི་རྔ་ཞེས་བྱ།། གཉིས་པ་ཉེ་རྔ་ཞེས་བྱའོ།། གཉིས་ཀ་སྲོག་གཅོད་ལས་ལྡོག་ཅིང་།། ཚུལ་ཁྲིམས་ལྡན་ཞིང ་དབང་ཆེར་གྲགས། ། ཀླུ་ཡི་སྐྱེ་གནས་ལ་སྨོད་ཅིང་།། མི་ཡི་སྲིད་པ་འདོད་པར་འགྱུར།། ཚུལ་ལྡན་མང་དུ་ཐོས་པ་ཡིས།། དགེ་སློང་བྲམ་ཟེ་མཐོང་བ་དང་།། མི་ཡི་ཚུལ་དུ་བསྒྱུར་ནས་ནི།། བསྙེན ་བཀུར་དག་ནི་བྱེད་པར་འགྱུར། ། ཟླ་བ་ཡང་ངོའི་ཚེས་བརྒྱད་དང་།། བཅུ་བཞི་བཅོ་ལྔ་གང་ཡིན་པ།། དེ་ལ་ཡན་ལག་བརྒྱད་པ་ཡི།། གསོ་སྦྱོང་ལ་ནི་སེམས་མཉམ་འཇོག། དེ་གཉིས་སྔོན་གྱི་གནས། ་སྤངས་ནས།། ཡུལ་གཞན་ཞིག་ཏུ་ཕྱིན་པ་དང་།། དེ་དང་ཉེ་བའི་གནས་དེ་ནས།། རྔ་སྒྲ་ཞེས་བྱའི་ཀླུ་གནས་སོ།། ཀླུ་ཡི་སྐྱེས་མཆོག་སྤུན་གཉིས་པོ།། དེ་གཉིས་འོང་བར་ངེས་ཤེས་ནས།། ཁེངས ་ཤིང་ཁྲོས་པའི་ཡིད་ཀྱིས་སུ། ། དུ་བ་ཅན་གྱི་དབུགས་འབྱིན་ཅིང་།། ཁྱེད་གཉིས་ཆོས་སྤྱོང་མ་ཡིན་ཏེ།། གཡོན་ཅན་ཚུལ་འཆོས་པའོ་ཞེས།། རྔ་སྒྲས་ཚིག་ནི་རྩུབ་མོ་ཡིས།། ཡང་དང་ཡང་དུ་སྐོང ་བྱེད་པ། ། དམན་པས་སྐྲོད་པ་ཐོས་པ་དང་།། ཉེ་རྔ་རབ་ཏུ་ཁྲོས་གྱུར་ཏེ།། དེ་ཚེ་ཕུ་བོ་རྔ་ལ་ནི།། ཚིག་རྣམས་ཀྱིས་ནི་གོ་བྱས་པ།། ཀྱེ་རྔ་མི་ཡི་འཇིག་རྟེན་དག། ཚིག་ངན་སྔོན་དུ་སྨྲ་བས་གདུང་བྱེད ་ཅིང་། ། སྦལ་ཟན་ཆུ་ཡི་འགྲམ་ནས་སྐྱེས་པ་ཡིས།། མཆེ་བ་གདུག་པས་བདག་ཅག་སློད་པར་བྱེད།། འདི་ནི་ཆུ་ནང་དུད་འགྲོ་རྣམས་ལ་འཚེ།། ཐང་ལ་མི་རྣམས་ལ་ཡང་འཚེ་བར་བྱེད།། གཙོ་བོ ་གལ་ཏེ་བདག་ལ་བཟོད་མཆིས་ཀྱང་། ། ཚིས་ངན་སྤྲུལ་ཡིད་ནི་བཟོད་མི་ནུས།། དེད་ནི་འཛིན་ཐོང་ཁྱེར་དང་། འོ་བྲང་གཉེན་འདུན་བཅས་དྲག་སྟེ།། རྔ་སྒྲ་གཏན་ནས་བླངས་ནས་སུ།། འད་ནས ་བདག་ཅག་འདོང་བར་བྱ། ། ཀླུ་ཡི་རྒྱལ་པོ་སྟོབས་པོ་ཆེ།། དེ་ཡིས་ནུ་བོའི་ཚིག་ཐོས་ནས།། ཡིད་ལ་འབབ་པར་བྱེད་པ་ཡིས།། ཚིགས་བཅད་འདི་སྐད་སྨྲས་ཏེ་བསྒོ།། གང་གི་ཁྱིམ་དུ་ཞག ་ནི་གཅིག་གནས་ཤིང་། ། བཟའ་དང་བཏུང་བ་ལེགས་པར་བླངས་གྱུར་པ།། དེ་ལ་ཡིད་ཀྱིས་གནོད་པར་མི་བསམ་སྟེ།། བྱས་པ་གཟོ་བྱ་སྐྱེས་བུ་དམ་པས་བསྔགས།། ལྗོན་ཤིང་གང་གི་གྲིབ་མ ་ཡིས། ། ཡིད་ཙམ་ཞིག་ཀྱང་ལེགས་འགེབས་དེའི།། ལོ་མའང་གཅོད་པར་མི་བྱེད་ན།། ཡལ་ག་ལྗོན་ཤིང་སྨོས་ཅི་དགོས།། ནགས་ཚལ་ཤིང་ནི་བཅད་དམ་བསྲེག། སླར་ལ་སྐྱེ་འགྱུར ་འདི་ལ་ཐེ་ཙོམ་མེད། ། ལག་པ་རློན་བཅད་ཕྱིར་ཡང་མི་སྐྱེ་ལྟར།། གྲོག་ལ་འཁུབས་ཡུན་རིང་བདེ་མི་ཐོབ།། སྐྱེ་བོ་ངན་པ་ཡུན་རིངས་མཆོད་བྱས་ཤིང་།། བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས ་ཀྱང་། ། དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ།། གླང་ཆེན་གྱིས་ནི་ཀེའུ་ཤི་སྐྱིལ་བུ་བཞིན།། ཇི་ལྟར་ཆུ་འགྲམ་ཤིང་ནི་འགྱེལ་འགྱུར་ལྟར།། མི་གང་བློ་ནི་གཡོ་ཞིག་འགྱུར་བྱེད་པ།། ་དེ་ཡི་འཛབ་ཤེས་བརྟན་པར་མི་འགྱུར་ཏེ།། ཤིང་ཤུན་ཆོས་ཀྱིས་རས་དཀར་བཅོས་པ་བཞིན།། གལ་ཏེ་མཁས་པས་དགྲ་བོ་དག། མི་དགའ་བར་ནི་བྱེད་འདོད་ན།། སེམས་ལ་སྐྱོན་མེད་བྱས ་པ་དང་། ། དེ་ཉིས་ཀྱིས་ནི་དེར་གནོད་འགྱུར།། རྒྱ་མཚོ་དང་ནི་རི་རབ་དང་།། ས་རྣམས་བདག་གི་ཁུར་མི་གནས།། བྱས་པ་མི་བཟོ་གང་ཡིན་པ།། དེ་ནི ་བདག་གི་ཁུར་ཆེན་ཡིན། ། མི་གང་སེམས་ནི་མི་རྒོད་ཅིང་།། བྱས་པ་ཚོར་དང་བྱས་མ་བཟོ།། བྱས་པ་ཆུང་བཟོན་མི་བྱེད་པ།། དེ་དག་མཁས་པས་རབ་ཏུ་སྔགས།། ཆོས་བདེ་བྱམས་པ ་བདེ་བ་སྟེ། ། འཇུག་དོགས་བདེ་བའི་ཆུ་ཀླུང་བཞིན།། གྲོགས་ལ་འཁུ་བ་མེད་པ་དང་།། ང་བསྙེམས་ང་རྒྱལ་ཟད་པ་བདེ།། ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ།། སྡིག་པའི་གྲོགས་བྱེད་སྟེན་པ ་དང་། ། སྟོབས་ལྡན་རྣམས་ལ་རྒོལ་བྱེད་པ།། དེ་དག་རྣམ་ཀྱི་གྲགས་པ་འཇིག། དེ་ཕྱིར་ཁེང་པར་མི་བྱ་སྟེ།། ཁྲོ་བ་རྣམ་པར་སྤང་བར་བྱ།། ཁེངས་དང་ཁྲོ་བ་ལངས་གྱུར་ན།། གྲགས ་པ་མཐའ་དག་འཇིག་པར་འགྱུར། ། གང་ཞིག་རྒན་དང་བྱིས་པ་ནད་པ་དང་།། ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་།། རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ།། སྙིང་བརྩེ་མེད ་པ་དེ་དག་མིར་མི་རུང་། ། རང་གི་ཡུལ་འཁོར་གནས་སྤངས་ཏེ།། གཞན་གྱི་ལྗོངས་སུ་བྱིན་པ་དང་།། ཚིག་ངན་སོ་སོར་ཟློག་པ་ལ།། བཟོད་པ་ཆེན་པོ་བྱ་དགོས་སོ།། རང་གི་ཡུལ་ན། ་བརྙེས་བཞིན་འགྲུབ་པ་བས།། མི་རྣམས་གཞན་གྱི་ཡུལ་ན་གནས་ཀྱང་རུང་།། གང་ན་མི་རྣམས་གཞན་གྱིས་མི་བརྙེས་ཏེ།། རང་གི་ཡུལ་ཡིན་དེ་དག་རང་གི་མི།། མི་མཆོག་རྣམས་ནི་བརྙས་ཐབས་བྱེད ་པའི་ཚེ། ། ཆུང་མ་དག་དང་ལོངས་སྤྱོད་རྒྱ་ཆེན་གཏོང་།། ངན་པ་རྣམས་ནི་དེ་ནང་ཡོངས་སུ་འཁྱམ།། བརྙས་ཐབས་བྱེད་པ་དེ་ཡང་ཆུ་བཞིན་མཐུང་།། ངར་བ་བརྙེད་པར་དཀའ་བ་སྟེ།། རྒྱུད་པ་མོད་པ་ཡིན་པའི ་ཕྱིར། ། སེམས་ཅན་དམན་པས་བརྙས་འགྱུར་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། གལ་ཏེ་ནོར་མེད་ཕྱོགས་ཉུང་ངམ།། མཛའ་ཤེས་ཕྱོགས་ཀྱི་སྟོབས་ཆུང་ལ།། དགྲ་བོའི་ཕྱོགས་ཀྱི་སྟོབས་ལྡན་ཚེ།། ་ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ཆོས་མིན་བྱེད་པ་དང་།། འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་།། ངང་ཆུང་ངོ་ཚ་མེད་པའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ཁྲོ་བ་བྱེད་པ ་དང་། ། གནོད་སེམས་མང་པོར་གྱུར་པ་དང་།། གཞན་ལ་གདུག་པའི་ཚུལ་ལྡན་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་དད་པ་མེད་པ་དང་།། ཁྭ་བཞིན་མུ་ཚོར་སྨྲ་བ་དང་།། སྒྱུ་དང་གཡོ ་ངག་བྱེད་པའི་ཚེ། ། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ཚུལ་ཁྲིམས་འཆལ་པ་དང་།། གཏུམ་ཞིང་གཟུ་ལུམས་བྱེད་པ་དང་།། བདེན་པའི་ཆོས་དང་མི་ལྡན་ཚེ།། ཁེ་རོག་འདུག་དང་བདེ་བ ་ཐོག། མི་རྣམས་དང་ཚུལ་ངན་པ་དང་།། ལོག་པ་བལྟ་བས་བཅོམ་པ་དང་།། གཏི་མུག་ལྡན་པར་གྱུར་པའི་ར།། ཁ་རོག་འདུག་དང་བདེ་བ་ཐོབ།། ངོ་ཚ་མེད་ཅིང་བརྫུན་དུ་སྦ།། དོན་མེད ་ཕྲ་མ་ཚིག་རྔུབ་དང་། ། དབྱེ་ང་ཁྱལ་བ་ཟླ་བའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། ཡ་རབས་ཚུལ་མེད་ཤིན་ཏུ་ཁེངས།། ང་རྒྱལ་གྱིས་ནི་འགྱིང་བ་དང་།། ཕྲག་དོག་བརྐས་ངང་ཚུལ ་ཉམས་ཚེ། ། ཁ་རོག་འདུག་དང་བདེ་བ་ཐོབ།། གང་ཚེ་མེ་ཡི་རུས་རྣམས་དང་།། རིགས་རྣམས་ཤེས་པ་མ་ཡིན་པའི། མི་དང་ལྷན་ཅིག་འདུག་པར།། དེ་ཚེང་རྒྱལ་བྱར་མི་རུང་། ་གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚོ་བས་འཚོ་བའི་ཚེ།། ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར།། གཞན་གྱིས་བརྙེས་པ་དེ་བཟོད་བྱ།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚོ་བས་འཚོ་བའི ་ཚེ། ། སྡང་བས་འཁྲུག་པར་གྱུར་པ་ན།། གཞན་གྱིས་བརྙས་པ་དེ་བཟོད་བྱ།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚེ་བས་འཚེ་བའི་ཆེ།། དམན་པས་བསྐྲང་བར་གྱུད་ཀྱང་རུང་ཤེས་རབ་ལྡན་པས ་དེ་བཟོད་བྱ། ། ཀྱེ་མ་ཡུལ་ལོགས་བདག་གནས་ཤིང་།། མཛའ་བཤེས་ངན་དང་ཕྲད་པ་ན།། བྱིས་པ་རྣམས་དང་འགྲོགས་པ་ཡི།། གནས་སུ་མྱ་ངན་རྟེན་བྱེད་མེད།། ཤེས་རབ་ལྡན་པས་དེ་བསམས་ནས།། ་མི་ཤེས་མི་དང་འགྲོགས་བྱེད་ཀྱང་།། མཁས་པས་ནོར་དང་ལོང་སྤྱོད་ཕྱིར།། གཟུ་ལུམས་ཁོ་ནར་ཁྲོ་མོ་བྱ།། ཇི་ལྟར་ཐལ་བས་བཀབ་པའི་མེ།། རྩཝ་དང་ཤིང་གིས་གཡོགས་པ་ལ།། རླུང་རྣམས་ཀྱིས་ནི་ལགས་བུས་ན།། ་ཤིན་ཏུ་རབ་ཏུ་འབར་འགྱུར་ཏེ།། རྩཝ་རང་ཤིང་ནི་བསྲེས་ནས་སུ།། ཆེན་པོར་མཆེད་ཅིང་འབར་བ་ཡིས།། རྩཝ་དང་གེལ་བ་མང་བ་དང་།། ལྗོན་ཤིང་ཆེན་པོ་སྲེག་པ་ལྟར།། དེ་བཞིན་རྣམ་རྟོག་བུད་ཤིང་ལས།། བྱུང་བའི་ཁྲོ་བ་མེ ་འདྲ་བས། ། བདག་ཉིད་དང་ནི་གཞན་དག་ལ།། ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར།། དེ་ཕྱིར་ཁྲོད་བྱུང་བ་ན།། ཞེ་སྡང་གཉེན་པོར་གྱུར་པ་ཡི།། བྱམས་པའི་སེམས་ལ་བསྒོམས་གནས་སུ།། མཁས་པ་རྣམས་ཀྱིས ་ཟློག་པར་བྱེད། ། བསྟོད་པ་བྱས་ན་མཛའ་བྱེད་ལ།། མ་བསྟོང་མཛའ་བར་མི་བྱེད་ཅིང་།། མོད་ལ་ཡོངས་སུ་སྤོང་བྱེད་པ།། དེ་ནི་བྱིས་པའི་མཚན་ཉིད་ཡིན།། གལ་ཏེ་འདི་ནི་བྱས་པ་དག། སྒོ་བཤོག་བརྟོགས་པའི་བྱ་ལྟ་བུར། ་བློ་སྤངས་ཤེས་རབ་མ་འཆལ་ན།། མཁས་པ་ཇི་ལྟར་འཚོ་བར་འགྱུར།། གང་ཕྱིར་བྱིས་པ་ཕལ་ཆེར་ནི།། བློ་གྲོས་སྤངས་ཤིང་ཤེས་རབ་འཚལ།། དེ་ཕྱིར་མཁས་པ་ཤེས་རབ་ཅན།། ཁྱད་པར་དུ་ནི་བདེ་བར་འཚོ།། མཁས་པས ་། ནོམོར་རྙེད་དགའ་བར་མི་འགྱུར་ལ།། འཕོངས་པར་གྱུར་ཀྱང་མི་འཁྲུལ་འཁྲུག་པ་མེད།། རྗེས་སུ་གཟུང་ཕྱིར་ཕན་པ་དེ་སྤྱན།། ལེགས་སྒྲ་ཡིན་ཞེས་གྱིས་ཅིས་རྟོགས།། མཁས་པ་ཟུ་ལུམས་མེད་པར་གྱུར་པ་དེ། ་དེ་ཉིད་སྤྱད་པ་ལེགས་པར་མཉན་ནས་ནི།། དེ་ལྟར་རྣམ་པར་བསམས་ནས་རང་དོན་དང་།། གཞན་གྱི་དོན་དག་ལེགས་པར་སྤྱོད་པར་བྱེད།། མཁས་པ་རྣམས་ནི་འཚོ་བའི་རྒྱུ་ཙམ་གྱི།། སྡིག་པའི་ལས་རྣམས་ཀུན་ཏུ་སྤོང་མི ་འགྱུར། ། གལ་ཏེ་བདེ་དང་སྡུག་བསྔལ་ལྡན་འགྱུར་ཀྱང་།། རྟག་ཏུ་ཆོས་འདོད་ཡོངས་སུ་གཏོང་བ་མེད།། བློ་ལྡན་གཡོ་རྒྱུ་ཅན་དུ་མི་འགྱུར་ཏེ།། རྨོངས་པར་མི་འགྱུར་ཚིག་ཙུག་ཁྲོ་མི་འགྱུར།། ཕོངས་པའི་གནས་ན་མྱ་ངན་མི་བྱེད ་པ། ། གཞན་གྱི་གནད་ལ་འབེབས་པར་བྱེད་རེ་སྐན།། ཧ་ཅང་ཐལ་དང་ཧ་ཅང་ཞུམ་པ་ཡི།། དམན་པའི་མི་རྣམ་ལ་ཡང་མ་ཡིན་ཏེ།། བར་མའི་གནས་ལ་སྟེན་པར་བྱེད་པ་དག། དེ་ནི་མཁས་པ་རྣམས་ཀྱི་མཚན་ཉིད་ཡིན།། ་ཧ་ཅང་ཐལ་བ་རྟག་ཏུ་འཁོན།། ཧ་ཅང་ཞུམ་པ་རྟག་ཏུ་བརྙས།། དེ་ཕྱིར་དེ་གཉིས་སྤངས་ནས་སུ།། གོ་འཕང་བར་མ་སྟེན་པར་བྱ།། རེས་འགའ་ལྐུགས་པ་འམ་འོན་པ་ལྟ་བུར་གྱིས།། དུས་ལ་བབནསས་བདག་བཞིན་དུ་སློས ་རེས་འགའ་གངས་རི་བཞིན་དུ་བསིལ་བ་གྱིས། ། དུས་ལ་བབན་མེ་ལྕེ་བཞིན་དུ་སྐོར།། རེས་འགར་རྩཝ་དང་འདྲ་བར་ཞུམ་པར་བྱ།། དུང་ལ་བབ་ན་རི་རབ་ལྟ་བུར་གྱིས།། རེས་འགའ་རྒྱལ་པོ་ལྟ་བུར ་འགྱུར་བར་བྱ། ། དུས་ལ་བབ་ན་ཐུབ་འདྲ་ནགས་སུ་སོང་།། ངེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ།། དུས་སུ་བདེ་དང་སྡུག་བསྔལ་དང་དུ་བླང་།། ནོར་ཕྱིར་བྲན་བཞིན་བཀོལ་བར་མི་བྱ་སྟེ།། ཁྲོ་བའི ་དབང་དུ་འགྱུར་བར་མི་བྱའོ། ། རེས་འགའ་དགའ་བའི་ཀླུ་དང་སིལ་སྟན་གྱིས།། རྩེ་ཞིང་ཤ་དང་ཆང་ཡང་སྤྱད་པར་བྱ།། རེས་དགའ་རི་རིགས་བཞིན་དུ་འཇིགས་བཞིན་སོང་།། དུས་སུ་གཅན་ཟན་བཞིན་དུ་འམ་རྩལ་བསྟན ་དང་པོར་དུས་དང་དུས་མིན་དང་། ། བདག་ཉིད་སྟོབས་ལྡན་སྟོབས་མེད་དང་།། དར་དང་རྒུད་པ་རྟགས་ནས་སུ།། དེ་ནས་དོན་རྣམས་ལེགས་པར་བརྩམ།། བཟོད་མེད་རྣམས་ལ་བཟོད་པ་དང་།། བཟོད་ལྡན་རྣམས་ལ ་བཟོད་པར་གྱིས། ། ཉམ་ཆུང་རྣམས་ལ་བཟོད་པ་དང་།། སྟོབས་ལྡན་རྣམས་ལ་རྟག་བཟོད་གྱིས།། འཁོན་གྱིས་འཁོན་ཞིང་ནམ་ཡང་མི་འགྱུར་བས།། བཟོད་མེད་རྣམས་ལའང་བཟོད་པར་བྱས་ན་ལེགས།། ཁྲོས་པ ་རྣམས་ལ་རྟག་ཏུ་དང་བ་དང་། ། གཞན་གྱིས་སྐྱོན་རྣམས་རྟག་ཏུ་བཅབ་པར་གྱིས།། གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་།། འཐབ་ཟླའི་ཚིག་དང་འཐབ་གཅུགས་འགྱུར་ཕྱིར་བཟོད།། གང་ཞིག་འོག་མའི་ཚིག་རྣམ ་བཟོད་བྱེད་པ། ། དེ་ནི་བཟོད་པའི་མཆོག་ཅེས་དམ་པས་གསུངས།། གཤེ་དང་གྱ་ཙོམ་སྨྲ་བ་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། བློ་གྲོས་ཆུང་ངུས་མི་བཟོད་དེ།། པདྨ་ལ་ནི་ཇོ་ཆར་བཞིན།། གཤེ་དང་གྱ་ཙོམ་སྨྲ་བ་དང་།། ་ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པ་ཤིན་ཏུ་བཟོད་བྱེད་དེ།། གླང་ཆེན་མེ་ཏོག་ཆར་བ་བཞིན།། ཁྲོ་བ་དང་ནི་བརྫུན་དག་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པ་ཤེས་རབ་ལྡན་གྱུར་པ། གང་ཡིན་དེ་ནི་ཐམས་ཅད་བཟོད།། ་རྡོབ་བསྲེགས་ཀྱང་ཞུ་མི་འགྱུར།། ཆར་པ་བབ་ཀྱང་འཇིག་པ་མེད།། དེ་བཞིན་བདེ་དང་སྡུག་བསྔལ་གྱིས།། མཁས་པ་ཉམས་པར་འགྱུར་བ་མེད།། གང་ཞིག་བདེན་པས་གཤེ་མེད་པ།། དེ་ལ་མཁས་པས་བཟོད་པར་བྱེད།། བདེན་པ ་མ་ཡིན་པ་ཡང་བཟོད། ། དེ་ལས་གཞན་པའང་བསྟན་ཏུ་མེད།། འདི་ལྟར་སྐྱེས་བུ་མཁས་པ་ནོར་གྱི་ཕྱིར།། སྡུག་བསྔལ་བཟོད་བྱ་བཟོད་པར་འགྱུར་བར་བྱ།། གལ་ཏེ་མི་བཟོད་མྱ་ངན་རྣམས་སྤངས་ཏེ།། གཞན་དུ་སོང་ནས་སྟོང་ཕྲག ་རྙེད་དང་འདྲ། ། ཡལ་ག་གཉིགས་ན་འཇུ་བར་མི་བྱ་སྟེ།། ཆགས་བྲལ་སེམས་ལ་ཆགས་པར་མི་བྱའོ།། བཟང་ཞིང་སྡུག་པས་ས་སྟེང་གང་བས་ན།། འཇིག་རྟེན་ཡངས་པ་གཞན་དུ་འགྲོར་ཟད་མོང་།། གང་ན་བརྙས་བྱེད་བཀུར་སྟིར་མི་བྱེད་དང་། ་སྨོད་པར་བྱེད་ཅིང་བསྟོད་པར་མི་བྱེད་ན།། མཁས་དང་བླུན་འགྲོགས་ཆེད་ཀ་མི་ཆེས་པས།། རང་རྒྱལ་བཞིན་དུ་མ་སྨྲ་དེ་འགྲོ་རིགས།། གང་ལ་སྐྱེས་བུ་འཐབ་ལ་དགའ་གྱུར་ནས།། གཡོ་རྒྱུའི་བསམ་ལྡན་རྟག་ཏུ་གྲགས་ཀྱང་བྱེད།། ་ཀྱལ་བ་དབྱེན་བརྫུན་ཚིག་རྩུབ་སྨྲ་བྱེད་པ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།། གང་ན་མི་རྣམས་འཚོ་བར་བྱེད་གྱུར་ནས།། ཕན་ཚུན་གནང་ལ་འབེབས་པར་དགའ་བ་དང་།། ལུས་དང་ངག་ཡིད་སྡོམ་པ་མེད་གྱུར་པ།། དེ་ཚེ ་མཁས་པ་མྱུར་དུ་ཡུལ་གཞན་སོང་། ། གང་ན་མི་རྣམས་ཕྲག་དོག་བྱེད་གྱུར་ནས།། གཞན་གྱི་རྙེད་པ་རྟག་ཏུ་མི་བཟོད་ཅིང་།། སྣང་བའི་བསམ་པས་རྣམ་རྨོངས་ཚུལ་ཆོས་པ།། དེ་ཆེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། ་གང་ན་མི་རྣམས་སྡིག་བྱེད་འདོད་གྱུར་ནས།། བཀུར་སྟི་འདོད་ཅིང་ཚུལ་འཆོས་གཡོ་རྒྱུ་བྱེད།། ནང་ཡང་མ་དག་ཕྱི་ཡང་མ་ངག་ལ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་ཞེས ་མེད་གྱུར་ནས། ། ཡ་རབས་ཚུལ་མེད་ཁེངས་ཤེས་ང་རྒྱལ་ལྡན།། བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་དང་གང་ན་བཟའ་བཏུང་དང་།། གང་དུ་གོས་རྣམས་རྙེད ་པ་དང་། ། གང་དུ་འཚོ་བ་དེར་སོང་ལ།། ཆགས་འགྱུར་གནས་སུ་མ་འདུག་ཤིག། ལན་འགའ་རྩོད་འགྱུར་སྲེད་པ་གང་ཡིན་སྤོངས།། འབྲས་བུ་ངན་པའི་ཁྲོ་བ་གང་ཡིན་སྤོངས།། རྟག་ཁེངས་མཆོད་མེད་ང་རྒྱལ་གང་ཡིནི་སྤངས ་ཕོངས་དུས་མི་ལྟའི་གྲོགས་པོ་གང་ཡིན་སྤོངས། ། མེ་ཡིས་གང་བའི་ལམ་འདྲའི་མ་རིག་སྤོངས།། བྱས་གཟོ་མེད་པའི་གཉེན་འདྲའི་འདོད་ཆགས་སྤོངས།། མཆེ་བ་མི་བཟང་ཀླུ་འདྲའི་ཆགས་པ་སྤོངས།། དགྲ་བོ་མཚོན་ཐོགས ་ལྟ་བུའི་སྡུག་བསྔལ་སྤོངས། ། ཀླུ་མོ་ལྟ་བུའི་མི་བཟང་ཆུང་མཐོང་།། མགོ་ལ་མེ་འབར་ལྟ་བུའི་བུ་རྣམས་ཐོང་།། མགོ་བའི་ནད་བཅས་ལྟ་བུའི་ཁྱིམ་རྣམས་ཐོང་།། བཏུང་བ་དུག་ཆེན་ལྟ་བུའི་འདོད་པ་ཐོང་།། ཁྱིམ་གྱི་ཕྱར ་ནི་གཅིག་གཏང་སྟེ། ། གྲོང་ཁྱེར་དོན་དུ་ཁྱིམ་གཏང་ངོ་།། ལྗོངས་ཀྱི་ཕྱིར་ནི་གྲོང་ཁྱེར་ཏེ།། བདག་གི་དོན་དུས་གཏང་ངོ་།། མི་ཡི་ཡན་ལག་ཕྱིར་ནི་ནོར་གཏང་ཞིང་།། སྲོག་གི་དོན་དུ་ཡན་ལག་གཏང་བར་བྱ།། ནོར་དང་ཡན་ལག་རྣམ ་དང་དེ་བཞིན་སྲོག། ཐམས་ཅད་གཏང་གི་འདིར་ནི་ཆོས་བསྲུང་ངོ་།། ཆོས་སྤྱོད་པ་ལ་འཇིགས་སྐྲག་མེད་པ་ཉིད།། ཆོས་སྤྱོད་དག་ནི་ངན་འགྲོར་མི་འགྲོ་སྟེ།། ཆོས་སྤྱོད་པ་ནི་འདོད་པའི་འགྲོ་བར་འགྲོ།། ཆོས་མིན་སྤྱོད་པ་ཤི་ནས ་གདུངས་པར་འགྱུར། ། མཁས་པ་ནོར་རྙེད་དགའ་བར་མི་འགྱུར་ལ།། ནོར་ཟད་ན་ཡང་བློ་གྲོས་མི་འཁྱིམ་པར།། འཇིག་རྟེན་དག་ན་ཅི་དགར་ལེགས་རྒྱུ་བ།། སེམས་ཅན་ནང་ན་མི་ཡི་སྙིང་པོར་ཆུད།། གང་ཞིག་དགའ་བས་གཞན ་ལ་ནོར་སྦྱིན་ཞིང་། ། ང་རྒྱལ་འཚེ་བ་རྣམས་སྤངས་བདེན་ལ་གནས།། རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི།། དབང་པོ་རྟུལ་ཕོད་ཡ་རབས་སྟོབས་ལྡན་ཞིང་།། གང་ཞིང་དེ་དང་དེ་ལ་ལེགས་བསླབས་པས།། དོན་རྣམས་ཀུན་ལ་མཁས ་པར་འགྱུར་བ་དང་། ། ཞི་ལ་འགྲོགས་ན་བདེ་བ་དེ་དག་ནི།། དམ་པས་ལེགས་པ་ཡིན་ཞེས་བསྔགས་པ་མཛད།། ཉེ་རྫས་སྨྲས་པ། རྔ་ཁྱོད་ལ་ནི་ཕྱི་ཕྱིར་ཞིང་།། འདི་ལྟར་བདག་ནི་རབ་ཏུ་དང་།། བདག་གི་ལུས་ནི་སྐམས་པ་འམ།། ཡང་ན་སེམས ་ནིམེད་ཀྱང་བླ། ། སྡུག་བསྔལ་ཤིན་ཏུ་མི་བཟད་པར།། ལྷུང་ཡང་ཕྱིན་ཆད་སྡིག་མི་བགྱི།། ཚུལ་ཁྲིམས་ཉམས་པ་གསོན་པ་བས།། ཚུལ་ཁྲིམས་ལྡན་པ་ཤི་ཡང་བླ།། སྐྱེ་བ་གཅིག་ཏུ་ལུས་འདིའི་ཕྱིར།། ཇི་ལྟར་བུར་ནི་མི་བཟང ་ངས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ཚེ་གང་དུ་རབ་གནས་ཤིང་།། དེ་དང་དེར་ནི་སྐྱེ་བ་ན།། མི་དགེའི་གྲོགས་དང་འགྲོགས་པ་ཡིས།། བདག་གིས་མི་དགེའི་ལས་རྣམས་བྱས།། དགེ་བའི་བཤེས་དང་འཕྲད་པ་དང་།། ་མི་དགེའི་ལས་རྣམས་སྤངས་པ་ཡིས།། བདག་གིས་མི་དགེའི་ལས་རྣམ་བསལ།། བཅོམ་ལྡན་དེ་བཞིན་གཤེགས་པ་ཡིས།། སྔོན་གྱི་གནས་རྣམས་མངོན་མཁྱེན་ནས།། དེ་ཕྱིར་དགེ་སློང་རྣམས་ལ་ནི།། ཐུབ་པས་ལུང་ཡང་བསྟན ་པར་མཛད། ། སྔོན་ཚེ་ང་ནི་རྔར་གྱུར་ཏེ།། ཀུན་དགའ་བོ་ནི་ཉེ་རྔ་ཡིན།། ལྷ་སྦྱིན་རྔ་སྒྲར་གྱུར་ཏོ་ཞེས།། སྐྱེས་རབས་དེ་ལྟར་ཤེས་པར་གྱིས།། ཆོས་རྣམས་སྡུད་པར་བྱེད་པ་ཡིས།། དོན་རྒྱས་མདོ་སྡེ་འདི་ཐོས་ནས།། དགེ་སློང་ཐམས ་ཅ་གུས་བཅས་པས། ཆོས་པསྤྱོང་པ་ཉིད་ས་ཤཱ་རྒྱལ་པོ་། གྲུབ་ས་པ་རྫོགས། ཕྱུག་དྷ། ཧྲཱི ་