CLOSE WINDOW

S405: rdo rje phur pa rtsa ba'i rgyud kyi dum bu
Wyliee-texts produced with BDRC’s OCR application

ལས་ཕྱུང་བ་རྫོགས་སོ། ། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཏཱཎྜ་ལཿ། བོད་སྐད་དུ། རྡོ་རྗེ་ཕུར་བ་རྩ་བའི་རྒྱུད་ཀྱི་དུནྟ་ཏྲ ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་ཆེར་འབར་བ།། ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར།། སྲོག་གི་སྒོ་རུ་ཤར་བ་དང་།། སྙིང་གི་དཀྱིལ་དུ ་བསྒོམ་པར་བྱ། ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་མནན་པ་ཉིད་ཡིན་ཏེ།། ཕུར་པའི་རྡོ་རྗེ་དེ་ཉིད་དེ།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ ་ཧན་ཧན་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས།། ཁྲོ་བོ་རྡོ་རྗེར་སྒྲུབ་པར་མཛོད།། ཁྲོ་བོ་རྡོ་རྗེ་ཕུར་པའི་ལྷ། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། རྡོ་རྗེའི་དེ་ཉིད ་རང་བཞིན་ལས། ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད།། འབར་བའི་ཁྲོ་བོ་མོ་བཟད་པ།། སྐྲ་ཡི་གཏེར་དུ་བདག་སྐྱེད་ཅིག། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན།། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས ་། རྒྱས་འཕྲིན་ལས་རྫོགས་པར་མཛད།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། གརྦྷ་གརྦྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་དཱི་པ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཨུ་ལ་ཀ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨུ་ཤི། ་ཀ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་ཆེན་པོ་ཧཱུཾ་མཛད་དང་། རྡོ་རྗེ་ལྷ་མོ་སྒྲ་འབྱིན་དང་། སྤྲུལ་པའི་ལྷ་མོ་འཕྲོ་མེན་མ་ཕག་གི་མགོ་ཅན་དང་། རྩངས་པའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ་སརྦ་ཧན་ཧཱུཾ་ཕཊ། ་ཨོཾ་བཛྲ་ཀྲོ་དྷི་ལ་སྱཱ་ཀི་ཙྪ། ཨོཾ་བཛྲ་བྱ་གྷུ་མུ་ཁ་ཧཱུཾ། ཨོཾ་བཛྲ་གྲྀ་དྷུ་མུ་ལི་ཧཱུཾ། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ལྷ་མོ་སྒེག་མོ་དང་། སྤྲུལ་པའི་འཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ ་ཅན་ནོ། ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཏཱི་ཏཱ་རུཧཱུཾ། ཨོཾ་བཛྲ་ཙ་མཱ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་ཏྭོ་ཎཱ་ཀ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང་། ལྷ་མོ་རྡོ་རྗེ་སྡེར་མོ་དང་། སྤྲུལ ་པའི་འཕྲ་མེན་མ་གཡག་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་སྨ་ཤཱན་བ་ཏི་ཧཱུཾ། ཨོཾ་བཛྲ་ཧ་རི་ཎ་མུ་ཁི་ཧཱུཾ། ཨོཾ་བཛྲ་ཨུ་ལཱུ་ཀ་མུ་ཁི ་ཧཱུཾ། འདི་ནི་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང་། ལྷ་མྱོ་དུར་ཁྲོད་ཀྱི་བདག་མོ་དང་། སྤྲུལ་པའི་ལྷ་མོ་འཕྲུ་མེན་མ་རི་དགས་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ~ཾ་ཙ་ལ་རྦྷ ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུ་ཧཱ་ལ་ཧཱུཾ། ཨོཾ་བཛྲ་ཨརྱ་མུ་ཁ་ཧཱུཾ། ཨོཾ་བཛྲ་པྲེ་ཏི་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང་། རྡོ་རྗེ་ལྷ་མོ་གདྷཱན་ཁུང་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མཾ། ་གཟིག་གི་མགོ་ཅན་དང་། ཁཱ་ཏའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷཱ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཛ་ཡ་ཏཱི་ཧཱུཾ། ཨོཾ་བཛྲ་བི་རཱ་ལ་མུ་ཁ་ཧཱུཾ། ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་རྟ་མགྲིན ་དང་། རྡོ་རྗེ་ལྷ་མོ་གཏུམ་མོ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུ~ཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧཱུ~ཾ ་ཨོཾ་བཛྲ་སྲྀག་ལ་མུ་ཁཱི་ནྟུ། ཨོཾ་བཛྙཱ་པནྡྷ་ར་ན་མུ་ཁི་རྦྷུ། འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་ལྷ་མོ་མདའ་སྙེམས་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་སྦྱ ་ཁུའི་མགོ་ཅན་དང་། ཁྭའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལིཾ་ཧཱུ~ཾ་ཚིནྡ་ཚིནྡྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་མ་ཏི་ཧཱུཾ། ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་བདུད ་རྩི་འཁྱིལ་བ་དང་། རྡོ་རྗེ་ལྷ་མོ་སྒྲ་མཛད་མ་དང་། སྤྲུལ་པའི་ལྷ་མོའི་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝ་ང་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བྲི་ཛ་ཡ་ཧཱུཾ་བིནྡ་བིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲྀ ་དྷི་མ་ར་ཡ་ཧཱུཾ། ཨོཾ་བཛྲ་རཱཀྵི་ས་མུ་ཁ་ཧཱུཾ། ཨོཾ་བཛྲཱི་ན་ཀུ་ལ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ ་དྲེདྲོད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུརྞྞེ་མོ་ཧཱུཾ། ཨོཾ་བཛྲ་དིཀྵ་ས་མུ་ཁ་ཧཱུཾ། ཨོཾ་བཛྲ་ཀཱ་ཤྲི་ཀ་མུ་ཁི་ཧཱུཾ། བ་དི་ནི་ཁྲོ་བོ ་། སྟོབས་པོ་ཆེ་དང་། རྡོ་རྗེ་ལྷ་མོ་རིག་བྱེད་མ་དང་། སྤྲུལ་པའི་ལྷ་མོའི་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ནི།། ཨོཾ་བཛྲ་ཡཀྵ་ས་ད་པཱུ་ཛཱ། ཨོཾ་བཛྲ་བྷཻ་རཱ་བཻ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཨ་རྨ ་ཏདྷཱུ་བཾ། ཨོཾ་བཛྲ་མ་ར་ཎི་ཧཱུ~ཾ་ཧོ། འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན། ལྷོར་བྱ་རོག་གི་མགོ་ཅན། ནུབ་ཏུ་སྲིན་བྱའི་མགོ་ཅན། བྱང་དུ་ཁྭའི་མགོ་ཅན་ནོ།། འཁོར་བའི་ཕུར་པཾ་སྒྲུབ་དོན་དུ། དབང ་དང་བྱིན་རླབས་ཞུ་བའི་ཕྱིར། ། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཡེ་ཤེས་ཁྲོ་བོ་གཤེགས་པ་ནས།། རྟགས་དང་མཚན་མ་བསྟན་པ་དང་།། ཕུར་པའི་དངོས་གྲུབ་སྩལ་དུ་གསོལ།། དམ་ཚིག ་ཆེན་པོའི་དུས་ལ་བབ། ། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕོ་ཉ་ཆེན་པོའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ།། ས་བདག་ཆེན་པོའི་དུས་ལ་བབ།། ཁྱི་ཡི་གདོང་ཅན་དུས་ལ་བབ།། ་བསྒྲལ་བར་བྱ་བའི་དུས་ལ་བབ།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། དུས་གསུམ་སངས་རྒྱས་སྲས་བཞིན་ཏུ།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས། ་བདུད་དང་བར་དུ་གཅོད་པ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་དེ་བཀུག་ནས།། མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་།། ལུས་ངག་ཕྱེ་མར་མཛད་ནས་ཀྱང་།། སྡུག་བསྔལ ་། ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུཾ་ལ་སྟྭཾ་བྷ་ནཾ། མོ་ཧཾ་གྷཱ་ཏ་ཡ་བྷ་ག་བཱན། ཧྲཱིཿཀྲི་བྲི་པི་ཀྲྀ་བཛྲ་སཱུ་ཀཱ་རཛྫུ། བཛྲ་ཀཱི་ལ་ཀཱི་ལ་ཡ་ཛཿཧཱུཾ་བ~ཾ་ཧོཿ། སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བགེགས ་བྱེད་པ་ཡི་བདུད་རྣམས་དང་། ། སྡུག་བསྔལ་སེལ་ལ་མཉམ་སྦྱོར་བ།། ཆེ་གེ་མོ་ཞེས་བྱ་བའི་བདུད།། ཟུང་ཞིག་རྡུངས་ཤིག་རྣམ་པར་ཆིངས།། གཏོགས་ཤིང་གྲོགས་དང་དབྱེ་བར་གྱིས།། རིང་ནས ་ཁུག་ལ་སྤུ་རུ་ཆུག། ཐོབ་ཅིང་རྣམ་པར་གཟིར་བར་གྱིས།། བདག་གི་དབང་དུ་བྱས་གྱུར་ནས།། བསྒོ་བའི་བཀའ་ཉན་གུས་པར་གྱིས།། ཧཱུཾ་པ་ར་བི་དྱ་རིཙྪིནྡཙྪིནྡ་ཧཱུཾ་ཕཊ། བྷིནྡ་བྷིནྡ་ཧཱུཾ་ཕཊ ་གྲིདྡྷ་གྲིཧྞ་ཧཱུ~ཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུཾ་ཕཊ། ཧ་ས་ལ་ར། ཧ་ས་ཡ་ར། ཧྲཱིཿད་དཎྜ་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་པ་ཧཱུཾ་ཕཊ། ཛྭ་ལ་བྷ་ཡ་ཛྭ་ལ་དྷ ་པ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བིནྡེ་པ་བིནྡ་ཡ་བིནྡ་ཡ་ཧཱུཾ་ཕཊ། ཕོ་ཉ་བྲན་དང་མངག་པའི་ཚོགས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། མངོན་སྤྱོད་ཇི་ལྟར་ངེས་པ་དང་། ་མངོན་སྤྱོད་བྱིན་བརླབས་དེ་བཞིན་མཛོད།། ཧན་ཧ་ན་བཛྲ། ད་ཧཱ་ད་ཧ་བཛྲ། བ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྫ། མུ་རུ་མུ་རུ་བཛྲ། ཀཊ ་ཀ་ཊ་ཡཽ། ཛ་ཡེ། བི་ཛ་ཡེ། ཨ་ཛི་ཧེ། ཨ་པ་རཱ་ཛི་ཏེ། མཱ་ར་སེ་ནཱ་པྲ་མརྡ་ནི་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན ་ཁྲོ་བོ་ཆེན་པོ་ཡིས། ། མགོ་བོ་ཚལ་པ་བརྒྱ་རུ་གྱིས།། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཧཱུཾ་མ་མ་བ་ཤཱཾ་ཀུ་རུ། གདུག་ཅིང་སྡང་སེམས་ལྡན ་པ་རྣམས། ། སོང་ཞིག་ལྷ་མིན་གང་ཡང་རུང་།། ངལ་བར་ཆད་བྱེད་པའི་བདུད།། མཐུ་དང་རྫུ་འཕྲུལ་མེད་པར་མཛོད།། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ ་འབར་བའི་གཏུན། ། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས།། ལུས་སེམས་རྡུལ་བཞིན་རླག་པར་མཛོད།། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས། ་བརྡུངས་བྱས་ནས།། སྒྲ་ཡང་རུ་སྟེ་བསྔལ་བར་ཨུ0f7f།། ཁཎྜལ་ཏ་ལཏ། སཱུཙྪཛྫ། པ་ཕཊ་ཕཊ། བཛྲ་ཡཀྵཀྱེ་ཛྭ་ལ་ཁ་ཁཱ་ཧི་ཧྲཱི། 14ུ0f7f། དྷཱུ་ས་པཿ། ཆོས་ཉིད་ཀྱི་བདེན་པའོ།། ་གསང་སྔགས་ཀྱི་བྱིན་གྱི་རླབས་སོ།། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐོར་འགྱུར་རོ།། བརྣག་པ་དེ་ཁོ་ན་ཉིད་དོ།། ཀི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཀཱི་ལ་པ་ལན་བཅོ་བརྒྱད་བརྗོད་ནས ་དཀར་ནག་གི་མཚམས་སུའོ། ། ཧཱུཾ་ཧཱུཾ་ཧཱུཾ། ཧོཧོ། ཕཊ་ཕཊྚ་ཕཊ། འདི་བརྗོད་པར་བྱའོ།། རྡོ་རྗེ་ཕུར་བཅུ་བྱའི་རྒྱུད་ཀྱི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་ཆུ་པེ་དང ་འཐུན་པར་དཔལ་ལྡན་ས་སྱ་བཎྜི་ཏ་སཽ། གཡས་རུའི་སའི་རྨ་ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ་