CLOSE WINDOW

S4: dge slong ma'i so sor thar ba'i mdo
Wyliee-texts produced with BDRC’s OCR application

། རྒྱ་གུར་སྐད་དུདྷཱིཀྵཱ་ཎི་པྲ་ཏི་མྦོཀྵསཱུ་ཧཱ། ་བོད་སྐད་དུ། དགེ་སློང་མའིསོ་སོར་ཐར་པའི་མ་དོ།། ་དམ་པ་དང་པོ།། ། ཐམས་ཅད་མཁྱེན་པ་ལ་ཕྱག ་འཚལ་ལོ། ། སངས་རྒྱས་འགྲོ་མགོན་གཅིག་དང་དམ་ཆོས ་དང་ད་འཕགས་ཚོགས་དཀོན་མཆོག་རྣམས་ལ་ཕྱག་འཚལ་ཏེ། ། བདག་གིས་སྡུག ་བསྔལ་རྣམ་པར་ཐར་པའི་རྒྱུ། ། སོ་སོར་ཐར་པ་བཤད་ཀྱིས་འབད་པས་དེ་ཉན་ཅིག ་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། ། དམ་པའི་ཆོས་སྒྲ་སེང་གའི་སྒྲ་བསྒྲག ་པ་ར་ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། ། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས།། ་སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ།། འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ།། ཐམས་ཅད་མཁྱེན་པའི་བསླབ ་གཞི་དཀོན་མཆོག་སྣོད། ། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ།། སངས་རྒྱས་འདུལ་བ་གང་ཆེན་མཚོ།། གཏིང ་མཐའ་མེད་པ་ཐམས་ཅད་ཀྱི། ། གནས་པའི་སྙིང་དང་སྙིང་པོ་ནི།། སོ་སོར་ཐར་པ་འདི་ཡིན་ནོ།། འདི་ནི་དྲིམ་ཆོས་རྒྱལ་པོ་ཡི།། ་ཆོས་ཀུན་གྱི་ནི་འདྲེན་པ་མཆོག། འདི་ནི་དགེ་སློང་ཚོང་ཚོགས་ཀྱི།། བསྲབ་ཟོང་ཚོང་ཁང་ཆེན་པོ་ཡིན།། ཚུལ་ཁྲིམས ་@##འཆལ་པས་ཟིན་རྣམས་ཀྱི། ། གདུག་པ་རྣམ་སྤེལ་སྨན་འདི་ཡིན།། འདི་ནི་ལང་ཚོ་རྣམ་འཁྲུལ་པའི།། རྐང་གཉིས ་གཞོན་ནུའི་ལྕགས་ཀྱུ་ཡིན། ། མཚོ་བས་ཟབ་པའི་འཁོར་བ་ལས།། སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ།། འདི་ནི་བཟང་འགྲོར་འགྲོ་བ་ཡི།། ངེས ་པའི་ཆུ་ལོན་ཟམ་པ་ཡིན། ། འདི་ནི་ཉོན་མོངས་ཕམ་བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི།། ཐེམ་སྐུས་བཞི ་དང་འདྲ་བར་གནས། ། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས་པས།། ནན་ཏན་དགེ་སློང་ཚོགས། ་མདུན་བསྟོད།། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ན་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀོན།། རབ་ཏུ་འབྱུང་བ་ཤིན་ཏུ ་དཀོན། ། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱིས།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀོན།། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།། གྲོགས་བཟང ་ཤིན་ཏུ་རྙེད་པར་དཀའ། ། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དང་རབ་ཏུ་འབྱུང་བ་དང་།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས།། མཁས་པ ་བདག་ལ་ལེགས་འདོད་ཅིང་། ། དེ་དག་འབྲས་བཅས་བྱེད་འདོད་པས།། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་འདུལ་ཀུན་དབང་པོ།། སངས ་རྒྱས་མི་འགྱུར་རབ་བྱུང་བ། ། ངེས་པར་ཐར་པ་འདོད་རྣམས་ཀྱིས།། སོ་སོར་ཐར་པ་རྟག་ཏུ་སྲུངས།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། སོ་སོར་ཐར་པ་ཐོས་པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་ཞིང་།། ་སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། འཕགས་པ་རྣམས ་ནི་མཐོང་བ་བདེ། ། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ ་པར་གྲོལ་བ་ཡི། ། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ངའོ་ང་རྒྱལ་ཟད་པ་བདེ།། ངེས་པར ་བྱས་ཤིང་དབང་པོ་ཐུལ་བ་དག། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།། འཕགས་མ་དག་སོ་ག་རྣམས་ཀྱི་འདས་པ ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ། ། འཕགས་མ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཤིང་སྟོན་པའི་བསྟན་པ་ཡང་འཇིགས་པར་འགྱུར། ཆོས་ཀྱི་རི་རབ་ཀྱང་འཇིག་པར་འགྱུར།། ཆོས ་ཀྱི་ཤིང་ལྗོན་པའང་ཆག་པར་འགྱུར། ཆོས་ཀྱི་འཁོར་ལོ་ཡང་ཉམས་པར་འགྱུར། ཆོས་ཀྱི་སྒྲོན་མའང་འཆི་བར་འགྱུར།། ཆོས་ཀྱི་རྒྱ་མཚོ་ཡང་སྐམས་པར་འགྱུར་ལ། མ་རིག་པའི་མུན་གནག་ནི་མཐུ་ཆེ་བར་འགྱུར། ་སྒྲུབ་པར་བྱེད་པ་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། སྒྲུབ་པ་པོ་དག་མེད་ན་ཡུན་མི་རིང་བར་འཇིག་རྟེན་འདི་ན་སྣང་བ་མེད་པར་འགྱུར་བས་དེའི་ཕྱིར། འཕགས་མ་དག་བག་ཡོད་པས་རྣལ་འབྱོར་དུ་བྱའོ།། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་བག་ཡོད་པས་འཐོབ ་བོ། ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་དགེ་འདུན་ཐོག་མར་བྱ་བ་ཅི་ཡོད། འཕགས་མ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག། དྲིས ་ནས་ཀྱང་བརྗོད་པར་བྱའོ། ། ཤཱཀྱ་སེང་གེ་དེ་ལ་ནི།། སོར་མོ་བཅུ་ཡིས་ཐལ་སྦྱར་ནས།། སོ་སོར་ཐར་པ་གདོན་པར་བྱས།། གདུལ་བའི་དོན་དུ་ང་ལས་ཉོན།། ཐོས་ནས་དྲང་སྲོང་ཆེན་པོ་ཡིས།། ཇི་སྐད་གསུངས་བཞིན ་བསྒྲུབ་བྱ་ཞིང་། ། ཁན་མཐོ་ཕྲ་རྣམས་ལ།། བརྟུན་ཅིང་བྱེད་པ་ཉིད་དུ་གྱིས།། རྟག་ཏུ་འབད་པས་བདའ་བ་ཡི།། སེམས་བྷབ་བླན་དཀའ་བ་ལ།། མཐུན་པའི་གཟེར་རྣོན་བརྒྱབ་པ་ཡི།། སྲབ་ནི་སོ་སོར་ཐར་འདི་ཡིན།། ཆེ་བགང ་དག་ངག་ཙམ་གྱིས། ། ལྡོག་ཅིང་མཚམས་ལས་མི་འདག་པ།། དེ་དག་མི་རྟ་བཟང་པོ་སྟེ།། ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར།། སུ་ལ་སྲབ་འདི་མེད་པ་དང་།། ནམ་དུའང་འདོད་པར་མི་འགྱུར་བ།། དེ་དག་ཉོན་མོངས ་གཡུལ་གྱིས་དཀྲུག། འཇོག་འབྲལ་རྣམ་པར་འཁྱམས་པར་འགྱུར།། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ།། དེང་དགེ་འདུན་གྱིས་གསོ་སྤོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན ་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ།། སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ།། འདི་ནི་གསོལ་བའོ།། འཕགས་མ་དག་བདག་ཅག་གསོ ་སྤྱོད་བྱས་ཏེ། བདག་གིས་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ལེ་པར་ཉོན་ལ་རབ་ཏུ་ཡིད་ལ་གྱིས་ཤིག་དང་བདག་གིས་ཁྱེད་ལ་བཤད་དོ།། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་འཐོལ་ཅིག། ལྟུང་བ་མེད་ན་ཅང་མ ་སྤྲོ་ཞིག། ཅང་མི་སྨྲ་ན་བདག་གིས་འཕགས་མ་དག་ཡོངསུ་དག་པར་རིག་པར་བྱའོ།། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་མས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་མའི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར ་དུ་བསྒྲགས་པར་བྱ་བ་ཡིན་ནོ། ། ཡང་དགེ་སློང་མ་གང་དགེ་སློང་མའི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་འགྲོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ།། འཕགས ་མ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། ། དེ་བས་ན་དགེ་སློང་མ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་བཞིན་དུ་མཐོང་བ་འཐོལ་བར ་དྷ། ན་མས་ནས་པ་གྱུར་།། མ་པ་ཀླ་སན་སབྷྱ་།། ཕགས་ས་རྣས་པ་པགམམས་ས་ག་ན་པའི་སྐྱེ་གཞི་གན། ་། དེ་ལ་བདག་གིས་འཕགས་མ་དག་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས ་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། ། ། སྡོམ་ལ། མཚངས་སྤྱོད་དང་རྐུབ་དང་།། མི་གསད་བརྫུན་དུ་སྨྲ་བ་དང་།། བགའི་བུ་དང་སྤྲོས་འཚོང་ཁྱེའུ།། མཛའ་མོ་དང་ན ་གྲེ་སྐྱེས་པའོ། ། ། འཕགས་མ་དག་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང ་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐུ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། ་སློང་མ་དེ་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་གཞན་དག་གིས་གྲོང་ན་འདུག་པ་དང་དགོན་པ་ན་འདུག་པ་མ་བྱིན་པར་ལེན་པོ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཇི་ཙམ ་བྱིན་པར་བླངས་པས་ན་རྒྱལ་པོ་འམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ། ཀྱེ་བུད་མེད་པྱོད་ནི་ཀུན་མའོ།། བྱིས་པའོ།། བླུན་མོའོ།། རྐུ་བར་ཞེས་ཟེར་ཞིང་གས་དོམ། འཆིང་ངས། སྐྱུགས་ཀྱང་རུང་སྟེ།། དགེ་སློང ་མ་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་མ་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་མི་འམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གིས་ལག་དར་དེ་སྲོག་བཅད་དམ། ་དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་རམ། དེ་ལ་འཆིར་བཅུག་གམ།། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི ་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་།། སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང ་རྩོམ་པ་དེས་དུས་བྱས་ན། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག ་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ་འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱང་བ་རྣམ་པར་དག་པར་འདོད་པས་དུས་གཞན་ཞིག་ན་དྲིས་ཀྱང་རུང་།། ་མ་དྲིས་ཀྱང་རུང་འདི་སྐད་ཅེས་འཕགས་མ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་གསོག་གསོ་བ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་ཀྱི་བར་དུ་ནོམ་པ་དང་ཉུག་པ་བདག་གིས ་བྱེད་ན་དགེ་སློང་མ་དེ་ཡང་བམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློངས་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་གཞོགས་སྟེགས་དང་། འབྱར་གཡེང ་དང་། རྩ་བ་ཧྲལ་དང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མ་དང་། སྐྱེས་པ་འོང་བ་དང་། འགྲོ་བ་བདག་གིར་བྱེད་པ་དང་། གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་པ་གཞི་བརྒྱད་པོའི ་གནས་འདི་ལྟ་བུ་དགེ་སློང་མས་བྱིས་ན། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་ཕམ་པར་འགྱུར་བ་བྱུང་བར་ཤེས་བཞིན་དུ་འཆབ་པར་བྱེད་ཅིང ་གང་གིས་ཚེ་དེ་ཉམས་སམ། ཤིའམ། འཁྱམས་སམ། ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་པ་དེའི་ཚེ་འདི་སྐད་ཅེས། འཕགས་མ་དག་བདག་གིས་དགེ་སློང་མ་དེ་ལ་ཇི་ལྟར་ཕམ་པར་གྱུར་པ་བྱང་བར ་སྔ་ནས་ཤེས་སོ་ཞེས་ཟེར་ན། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ལས་བྱས་ཏེ། དགེ་སློང ་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན། སྐྲ་འགྲེང་བར་གྱུར། སྐ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། ་མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས། འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ ་སྤྱོད་ཅིག། མཚུངས་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག། བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། བོར་བུ་དང་། སྐ་རགས་དང་། ་ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ།། ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད ་ཅེས། འཕགས་མ་ཁྱོད་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ། སྐྲ་འགྲེང ་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། མཚམས་ཀྱིས་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་ཤེས་བཞིན་དུ་དེ་ལ་འདི ་སྐད་ཅེས། འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། མཚུངས་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག། འཕགས་མ་ཁྱོད་གནས་ནས་དབྱུང་བའི་རྗེས་སུ་ཕྱོགས་པའི་གཞི་འདི་ལྟ་བུ་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ ་ཡང་དག་པ་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་སློང་མ་དེ ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། འཕགས་མ་དག་བདག་གིས་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་བཏོན་ཟིན་ཏོ།། །། དགེ་སློང་མས་དེ་དག་ལས་ལྟུང་བ་གང་ཡང ་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་འགྱུར་བ་ཡིན་ཏེ། དགེ་སློང་མ་རྣམས་དང་ལྷན་ཅིག་གནས་པ་དང་། ལོངས་སྤྱད་དུ་མི་དབང་གིས་གནས་པར་མི་བྱའོ།། །། དེ ་ལ་དག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ། ་བས་དེ་དེ་བཞིན་དུ་འཛིན་ཏོ།། ། སྡོམ་ལ། སྨྱན་བྱེད་པ་དང་གཞི་མེད་དང་།། གསུམ་པ་བག་ཙམ་ཆ་ལས་ལེན།། བཞི་པ་ཅི་ཡང་རུང་བར་བྱ།། ལྔ་པ་ཆགས་པ་མེད་པ་སྟེ།། མཚན་མ་ཉིན་མོ ་ལམ་འགྲོ་དང་། ། ཆུ་ཀླུང་ཕ་རོལ་ཡིན་མཐུན་ནོ།། འཕགས་མ་དག་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་འདི་དག་ནི་ཟླ་བ་ཕྱེད་ཁྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། ཡང་དགེ་སློང་མ་གང ་བུད་མེད་ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན། ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ། ཆོས་འདི་ནི་དང་པོས་ལྟུང་བར་འགྱུར་བ་འབྱུང་བ་དང་བཅས། ་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙམ་ནས། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི ་ཆོས་ཀྱིས་སྐུར་པ་ལས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲི་ཀྱང་རུང་།། རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་མ་ཡང་ཞེ་སྡང་ལ་གནས་ཤིང་ཞེ་སྡང་གིས་སྨྲས་སོ་ཞེ་ན། ཆོས་འདི་ཡང་དང་པོས ་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙན་ནས།། དགེ་སློང་མ་དག་པ ་ལྟུང་བ་མེད་པ་ལས་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ། ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲོས་ཀྱང་རུང་།། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན ་པ་དང་མཐུན་པས། བག་ཙམ་ལས་བསམས་པ་ཙམ་གྱིས་བླངས་པར་གྱུར་ལ། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། འབྱུང ་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ། སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བལ་གིར་བྱེད་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། འབྱུང་བ ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་འདི་སྐད་ཅེས། ཀྱེ་ཁྱོད་ཆགས་པར་མ་གྱུར་ན།། ཆགས་པ་མེད་པས་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི ་ཡང་རུང་བ་བདག་གིར་བྱར་རུང་ངོ་ཞེས་ཟེར་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་མཚན་མོ་དབྱར་ཁང་ནས་འབྲལ་བར ་བྱེད་ན། ཆོས་འདི་ཡང་དང་པོས་ལྟུང་བར་གྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་ཉིན་པར་དབྱར་ཁང་ནས་འབྲལ་བར་བྱེད་ན། ཆོས་འདི་ཡང་དང་པོས་ལྟུང་བར ་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་གཅིག་པུ་ལམ་དུ་ཞུགས་ཤིང་འགྲོ་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང ་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི་ཕ་རོལ་ཏུ་རྒལ་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་བུད་མེད་གང་ཞིག་ཚོགས་པ་ཡིད་མཐུན ་པ། བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བར་ཤེས་བཞིན་དུ་རབ་ཏུ་འབྱིན་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ་མ་པ། ཤི་ཛིན་རྗེས་མེ་པ་དཔ། དགེ་སློང་ས་ས་སེཾ་མྱེ་དང་།། རྨིས་དཔ་འབྱེད་པ་དག་། ཤིན་ད་ན་དུ་ཇུག་པ་དང། དགེ་ན་བྱེན་རྗེས་བྱགས། ས་བ ་ཀའ་བློ་མོ་བདེ་བའོ། ། ཡང་དགེ་སློང་མ་གང་ཤི་བའི་ནོར་རྫས་ཆགས་རྒྱུ་དེད་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ། དབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང ་དགེ་སློང་མ་ཞིག་ལ། དགེ་སློང་མའི་དགེ་འདུན་མཐུན་པས་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་མཚམས་ཀྱིས་ཕྱི་རོལ་ཏུ་ཁྲིད་དེ་བཟོད་པ་གསོལ་དུ་བཅུག་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་བརྩམས་པར་གྱུར་ཏེ་ཡི་མ་རངས་ནས་འདི་སྐད་ཅེས། སངས་རྒྱས་གཏོང་ངོ་།། ཆོས་གཏོང་ངོ་།། དགེ་འདུན་གཏོང་ངོ་།། ཤཱཀྱའི་བུའི་དགེ ་སློ་འབལ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱིས།། དགེ་སློང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ།། དེས་པ། དགེ་བའི་ཆོས་ཅན་གཞན་དག ་ཀྱང་ཡོད་ཀྱིས། དེ་དག་ལས་ཚངས་པར་སྤྱོད་པ་སྤྱད་དོ་ཞེས་ཟེར་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་ཁྱོད་ཁྲོས་འཁྲུགས་བཇམས་པར་གྱུར་ཏེ་ཡི་མ་རངས་ནས་འདི་སྐད་ཅེས། སངས་རྒྱས་གཏོང ་ངོངོ། ། ཆོས་གཏོང་ངོ་།། དགེ་འདུན་གཏོང་ངོ་།། ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱིས། དགེ་སྦྱོང་དང་བྲམ་ཟེའི་ཚུལ་ཁྲིམས་དང ་ལྡན་པ། ཡོན་ཏན་དང་ལྡན་པ།། ངེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས། དེ་དག་ལས་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་མ་ཟེར་ཅིག། འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི ་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟན་ལེགས།། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར ་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེག། ་གལ་ཏེ་མི་གཏོང་ན་ཆོས་འདི་ནི་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་འཐབ་ཀྲོལ་བྱེད་ཅིང་གནས་པ་ལ། དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ ་ཁྱོད་འཐབ་ཀྲོལ་མ་བྱེད་ཅིག། མ་ཚང་མ་འདྲ་ཞིག། མ་རྩོད་ཅིག། མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ། དེ་ལྟར་བཟློག་ན་འདི་སྐད་ཅེས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས ་འགྲོ་བ། འཇིག་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་དུ། ཕུ་ནུ ་མོ་ཁྱོད་དགེ་སློང་མ་རྣམས་ཀྱི་འཐབ་ཀྲོལ་མ་བྱེད་ཅིག། མཚང་མ་འདྲ་ཞིག། མ་རྩོད་ཅིག། མ་འགྱེད་ཅིག་ཅེས་དེ་སྐད་ཅེས་བསྒོ་སྟེ། དེ་ལྟར་བཟློག་པ་ན་འདི་སྐད་ཅེས།། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ་ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག། ་ཕུ་ནུ་མོ་ཁྱོད་འདུན་པས་འགྲོ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱ་སྟེ། དགེ ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག ་བར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱི་ལྟུང ་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་བུད་མེད་དང་གཞོགས་སྟེགས་དང་། འཕྱར་གཡེང་དང་། རྩ་བ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སྡེ་ཞིང་གནས་པར་བྱེད། ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། བུ་ནུ་མོ་ཁྱོད་བུད་མེད་དང་སྡེ་ཞིང་གནས་པར་མ་བྱེད་ཅིག། སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འཕྱར་གཡེང་དང་། རྩཝ་བདྲལ་དག་མ་བྱེད་ཅིག། དགེ་སློང་མ་ཀྱེ་མ ་ཀྱིས་ཤིག། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི། འགྲིབ་པར་ནི་མ་ཡིན་ནོ་ཞེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་སྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ ་@དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ། ལྷུང་།། ་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པས་དགེ་སློང་མ་གང་དག་ཐ་དད་དུ་གནས་པར་བསྒོ་བ་སྡེ་ཞིང་གནས་པ་དེ་བཏང་སྟེ་ཐ་དད་དུ་གནས་པར་ཤེས ་བཞིན་དུ་དེ་གཉིས་ཀྱི་གན་དུ་སོང་སྟེ། འདི་སྐད་ཅེས། ཕུ་ནུ་མོ་ཁྱེད་ཐ་དད་དུ་གནས་པར་མ་བྱེད་ཅིག། ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི།། འཕེལ་བར་ནི་མ་ཡིན་ནོ།། ཁྱེད ་གཉིས་སྡེ་ཞིང་གནས་པར་གྱིས་ཤིག། ཁྱེད་གཉིས་སྡེ་ཞིང་གནས་ནས་དགེ་བའི་ཆོས་འཕེལ་བ་ཉིད་དུ་ཤེས་པར་བྱའི། འབྲི་བར་ནི་མ་ཡིན་ནོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས ་བུ་ནུ་མོ་ཁྱོད་དགེ་སློང་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འབྱར་གཡེང་དང་། རྩ་བ་ཧྲལ་བྱེད་པ་ལས་དེ་གཉིས་ཐ་དད་དུ་གནས་པར་བྱ། ཤེས་བཞིན་དུ་འདི་སྐད་ཅེས། ཕུ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས ་པར་མ་བྱེད་ཅིག། ཁྱེད་གཉིས་ཐ་དད་དུ་གནས་ནས་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི།། འཕེལ་བར་ནི་མ་ཡིན་ནོ།། ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག། ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས ་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི། ། འབྲི་བར་ནི་མ་ཡིན་ནོ།། ཞེས་མཟེར་ཅིག། ཕུ་ནུ་མོ་ཁྱེད་སྡིག་པ་ཅན་གྱིས་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམ ་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས ་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ། ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན། དགེ་སློང་མ་དེ་ལ་དགེ་སློང ་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག། དགེ ་འདུན་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག། འདོན་པ་གཅིག། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ།། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ ་བ་ལ་གནས་པར་འགྱུར་གྱིས། འཕགས་མ་ཁྱོད་དགེ་འདུན་འབྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན།། གལ་ཏེ་གཞིག་དེ་གཏོང་ན ་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱིས་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་སྷོ།། ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱིས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ་དགེ་སློང་མ་དེའི་གྲོགས་བྱེད་པའི་དགེ་སློང་མ་མི་མཐུན་པར་སྨྲ་བ་ཉིད་ཀྱིས་རྗེས་སུ་ཕྱོགས་པ་གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། འཕགས་མ ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི།། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ ་བདག་ཅག་ཀྱང་། འདོད་ཅིང་བཟོད་དོ་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་མ་འདི་ལ་ཅི་ཡང་མ ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར ་བྱེད་པ། དགེ་སློང་མ་འདི་ཤེས་བཞིན་དུ་སྤྲི། མི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དེ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར ་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ། ་སྨྲར། ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། འཕགས་མ་དག་བཟོད་པར་མ་བྱེད་ཅིག། འཕགས་མ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར ་འཕགས་མ་དག་དགེ་འདུན་མཐུན་པ་དག་ཉིད་དུ་འདོད་པར་གྱིས་ཤིག། འཕགས་མ་དག་དགེ་འདུན་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད།། མཆོག་གཅིག། འདོན་པ ་གཅིག། ཆུ་དང་འོ་མ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་དེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར ་སྨྲ་བ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར ་ཁན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ། ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱིས་བར་གྱིས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། དགེ་སློང་མ་རབ་ཏུ་མང་པོ་དག་གྲོང་ངམ་གྲོང་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས ་པར་གྱུར་ལ། དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་དག་སུན་འབྱིན་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ ་ཀུན་ཏུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན། དགེ་སློང་མ་དག་ལ་དགེ་སློང་མ་རྣམས་ཀྱིས། འདི་སྐད་ཅེས། འཕགས་མ་དག་ཁྱེད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད ་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། འཕགས་མ་དག་ཁྱེད་འདི་ན་གནས་པས་ཆོག་གིས། གནས་འདི། ་ནས་དངས་ནིག་ཅིས་བསྒོ་བར་བྱའོ།། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། ་འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད ་ཅེས། འཕགས་མ་ཁྱེད་དེ་སྐད་ཅེས། འཕགས་མ་དགའ་དི་ནི་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར ་ལྟུང་བ་འདྲ་བ་ཁོ་ན་ལ། དགེ་སློང་མ་ཁ་ཅིག་ནི་སྨོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ།། ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང ་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་འཕགས་མ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས ་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། འཕགས་མ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གིས ་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གིས་ལམ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས ་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་སྒོ་བར་བྱ། ཡང་དག་པར་བསྟན ་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ། འདི་ན་དགེ་སློང་མ་འགའ་ཞོག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི ་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱི་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། བདག ་ལ་ཅི་ཡང་མ་སྨྲ་ཞིག། བདག་ཀྱང་དགེ་ཡང་རུང་། སྡིག་ཀྱང་རུང་། འཕགས་མ་དག་ལ་ཅི་ཡང་མི་སྨྲའོ།། འཕགས་མ་དག་གིས་བདག་ལ་ཚིག་གི་ལམ་འདི་ཐོང་ཞིག། རྐྱེན། ་ལ་ཡང་དག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་ཁྱོད་དགེ་སློང་མ་རྣམས་ཀྱིས་གདོན་པར ་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱི་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར ་མ་བྱེད་པར། ། འཕགས་མས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག། དགེ་སློང་མ་རྣམས་ཀྱིས་འཕགས་མ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། འཕགས་མ་ཡང་དགེ་སློང་མ ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག། འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་།། གཅིག་གིས ་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། འཕགས་མཁྱེད་བདག་ཉིད ་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཕྲེང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟན་ལེགས། གལ་ཏེ་མ ་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། །། འཕགས་མ་དག ་བདག་གིས་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་དག་བཏོན་ཟིན་ཏོ། ། །། དེ་དག་ལས་བཅུ་གཉིས་ནི་ལྟུང་བ་དང་པོ་ཉིད་ཀྱིས་སོ།། བརྒྱད་ནི་ལན་གསུམ་གྱི་བར་གྱིས་སོ།། དགེ་སློང་མས ་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ། ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེ་མི་འདོད་བཞིན་དུ་སྤོ་བར་བྱའོ།། དགེ་སློང་མས་མི་འདོད་བཞིན་དུ་སྤྲོ་བ་བྱས་ནས།། དེའི་འོག་ཏུ་ཟླ་བ་ཕྱེད ་ཀྱིས་བར་དུ་གཉིས་ཀའི་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ། ། དགེ་སློང་མས་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ། ཆོས་དང་མཐུན་པར་བྱས་ལ། གཉིས་ཀའི་སེམས་མགུ་བར་བྱས་ནས། ་གང་ན་གཉིས་ཀའི་དགེ་འདུན་བཞི་བཅུའི་ཚོགས་ཡོད་པ་དེར་དགེ་སློང་མ་དབྱུང་བར་བྱའོ།། གཉིས་ཀའི་དགེ་འདུན་བཞི་བཅུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན། དགེ་སློང་མ་དེ ་ཡང་མ་ཕྱིན་ལ། གཉིས་ཀའི་དགེ་འདུན་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། དེ་ལ་བདག་གིས་འཕགས་མ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲི་བར་བྱའོ།། ཅི་འདི་ལ་ཁྱེད ་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། ། འདི་ལ་འཕགས་མ་དག་ཡོངས་སུ་དག་ནཱ། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། སྡོམ་པ།། ་འཆང་བ་འབྲལ་བ་འཇོགས་པ་དང་། འཁྲུ་བ་དང་ནི་ལེན་པ་དང་། སློང་དང་སྙེད་གཡོགས་སྨད་གཡོགས་བཅས། རིན་ཐང་སོ་སོར་བསྐུར་བའོ།། འཕགས་མ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས ་སུམ་ཅུ་རྩ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བ་མ་བྱས་པ་བཅང་བར་བྱའོ།། ་དེ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་ལྔ་ལས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན། ་དགེ་འདུན་གྱིས་གནང་བ་མ་ཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཆོས་གོས་ཟིན་པ་སྲ་བརྐྱང་བྱུང་ནས་དུས་མ་ཡིན་པའི་གོས་ཤིག་རྙེད་ལ། འདོད་ན་དགེ་སློང་མ་དེས་གོས་བླང་བར་བྱའོ།། བླངས ་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་གོས་སུ་བྱས་ཏེ་བཅང་བར་བྱའོ། ། གལ་ཏེ་མི་ལངས་ན་ཁ་མ་ལངས་པ་ཁ་སྐོང་བའི་གོས་ལ་རེ་བ་ཡོད་ན། དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར ་བྱའོ། ། དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུ་འམ། འཚེད་དམ། འཆག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང ་དགེ་སློང་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན། བརྗེ་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན། དུས་མ ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། ། དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་མ་གོས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་རྒྱས་ཁྱེར་ན་དེ་ནི་དུས་ཡིན་ནོ།། ་དགེ་སློང་མ་གོས་ཕྲོགས་སམ། གོས་བརླགས་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། ཆོས་གོས་ཆུས་ཁྱེར་ན། ཁྱིམ་བདག་གམ་ཁྱིམ་བདག་གིས་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང ་ལ་བླང་བར་བྱའོ། ། གལ་ཏེ་དེ་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ཅན་ཞིག་གིས་གོས་མང་པོ་སྟོབས་ལ། འདོད་ན་དགེ་སློང་མ་དེས་དེ་ལས་གོས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ ་བླངས་པར་བྱའོ། ། དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་འདི་དག་སྤགས་ནས། བདག་གིས་གོས་ཀྱིས ་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ནས་གལ་ཏེ་དགེ་སློང་མ་དེ་ལ། སྔར་མ ་བསྟབས་པར་རྣམ་པར་རྟོགས་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་དག ་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱིས་རིན་སོ་སོ་དག་སྤགས་ནས། བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་འདི ་དག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ལ་གལ་ཏེ་དགེ་སློང་མ་དེ་ལ་སྔར་མ་བསྟབས་པར ་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བདག་གིས་ཕྱིར་གོས ་ཀྱིས་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ། གཉིས་ཀ་འདུས་ཏེ་བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར ་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། ། དགེ་སློང་མའི་ཕྱིར་རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མི་འམ། ཡུལ་གྱི་མིའམ། ་ནོར་ཅན་ནམ། ཚོང་དབེན་ནམ། དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་མ་ག་ལ་བ་དེར་སོང་སྟེ། དགེ་སློང་མ་དེ་ལ་འདི ་སྐད་ཅེས། འཕགས་མ་མཁྱེན་པར་མཛོད་ཅིག། ཁྱོད་ལ་རྒྱལ་པོ་འམ། བློན་པོ་ཆེན་པོའམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མི་འམ། ཡུལ་གྱི་མི་འམ། ནོར་ཅན་ནམ། ཚོང ་དཔོན་ནམ། ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་མ་ཐུགས་བརྩེ་བའི་སླད་དུ་དེ་དག་བཞེས་ཤིག་ཅེས་ཟེར་ན། དགེ་སློང་མ་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་དགེ ་སློང་མ་དག་ནི་གོས་ཀྱིས་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ལེན་ཏོ་ཞེས་བརྗོད་པར་བྱའོ།། གལ་ཏེ་བོ་ཉིད་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད ་འཕགས་མ་རྣམས་ཀྱིས་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན། དགེ་སློང་མ་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་མ་རྣམས་ཀྱིས་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང ་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ། ། ཞེས་ཀུན་དགའ་རབ་པ་འམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ།། དེ་ནས་ཕོ་ཉ་དེས་གོས་ཀྱིས་རིན་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ ་བར་བྱ་ཞིང་། བྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། ཁྱེད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང ་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་། ཡང་དག་པར་བསྟན ་ནས། དགེ་སློང་མ་ག་ལ་བ་དེར་འགྲོ་བར་བྱ་ཞིང་། བྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང ་དག་པར་བསྟན་ལགས་ཀྱིས། དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ།། དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ།། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ།། ཞེས་ལན་གཉིས་ལན་གསུམ་དུ་བསྐུར་བར་བྱ། དྲན་པར་བྱའོ།། ལན་གཉིས་ལན་གསུམ་དུ ་བསྐུལ་ཞིང་དྲན་པར་བྱས་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི། ལན་ལྔ། ལན་དྲུག་གིས་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ།། ལན་བཞི། ་ལན་ལྔ། ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན།། གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བཙལ་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ ་མ་གྲུབ་ན་ཕྱོགས་གང་ན་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། ། ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་མ་ཆེ་གེ་མོའི་ཕྱིར་གོས་ཀྱི་རོན་བསྐུར་བ་དེ་དག་ནི། དགེ་སློང་མ ་དེའི་དོན་ཅི་ཡང་མ་གྲུབ་ཀྱི། ཤེས་པར་གྱིས་ཤིག། ཚེ་དང་ལྡན་བདག་གིས་རང་གི་ནོར་ཆུང་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། ། སྡོམ་ལ། གསེར ་དངུལ་མངོན་མཚན་ཉེ་ཚེང་དང་། རོལ་དང་འཐག་པ་སྐྱེད་པ་དང་། བྱིན་ཕྲོགས་བསྔོས་དང་གསོག་འཇོག་དང་། འཆང་དང་བྱིན་གྱིས་མི་རློབ་པའོ།། ཡང་དགེ་སློང་མ་གང་རང་གིས ་ལག་གིས་གསེར་དང་དངུལ་ལེན་ཏམ། ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་མངོན་མཚན་གྱིས་སྤྱོད་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཉོ་ཚོང་རྣམ ་བ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱོད་བཟོད་པ་ཡོད་བཞིན་དུ། བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་གསར་པ་གཞན་ཚོལ་ཞིང་གྲུབ་ན་སྤང་བའི་ལྟུང ་བྱེད་དོ། ། ཡང་དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ།། དགེ་སློང་མ་འཁོར་དེའི་ལྷུང་བཟེད་མཐར་གྱུར་པ་གང་ཡིན་པ་དེ་དགེ་སློང་མ་དེ་ལ། དགེ་སློང་ས་ཁྱོད་ཀྱིས་ལྷུང་བཟེད ་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆགས་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུས་དལ་བུས་སྤྱད་པར་བྱའོ།། ཞེས་སྦྱིན་པར་བྱ་སྟེ། དེ་ལ་དོནི་ཆོ་ག ་ཡིན་ནོ། ། ཡང་དགེ་སློང་མ་གང་རང་གིས་བླངས་པའི་དོག་པ་ཐག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ནས་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གིས་ཆུང་མ་ཉེ་དུ་མ ་ཡིན་པས། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་པ་ལས། དེ་ན་གལ་ཏེ་དགེ་སློང་མ་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས། ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། འདི་སྐད ་ཅེས་ཚེ་དང་ལྡན་པ་ཐག་པ་ཤེས་པར་གྱིས་ཤིག། གོས་འདི་ལ་མོའི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཟག་པ་གོས་འདི་ཞིང་ཆེ་བ་དང་། ཐུན་རིང་བ་དང་། ཐར་གྱིས་ནག་པ་དང་། ཐག ་རན་བཟང་བ་ལེགས་པར་གྱིས་ཤིག། ཚེ་དང་ལྡན་པ་ཐ་ག་པ་ཁོ་མོས་གླ་རྔན་འདི་ལྟ་སྟེ། བཟའ་བ་འམ། བཅའ་བ་འམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་མ་དེས ་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཅའ་བ་འམ། བཟའ་བ་འམ། བཟའ་རྒྱུ་ཅུང་ཟད་ཅིག་བྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སློང་མ་གོས་བྱིན་ནས། དེའི་འོག ་ཏུ་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ། ཡིད་མ་རངས་ནས་འཕྲོགས་གམ། འཕྲོགས་དུ་འཇུག་ཅིང་། དེ་ལ་འདི་སྐད་ཅེས་དགེ་སློང་མོ་ཁྱོད་ལ་གོས་མི་སྦྱིན་གྱིས། ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང ་མ་དེ་ལ་ལྷགས་མ་ཡོད་ན་དེ་ལ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་ལ་སྦྱར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ན་པ་རྣམས་ལ་ཕན་པ་སོ་སོར་བསྟོན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ཞུན་མར་དང་། འབྲུ་མར་དང་། བུ་རམ་དང་། སྦྲང་རྩི་དང་། བུ་རམ ་གྱི་དབུ་བ་དེ་དག་ལས། དགེ་སློང་མན་བས་འདོད་ན་རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་གསོགས་འཇོག་གིས་ཡོངས་སུ་སྤྱད་པས་ཡོངས་སུ་ཁེངས་སྤྱད་པར་བྱའོ།། དེ་ལས་འདས་པར ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། དགེ་སློང་མས་ལྷུང་བཟེད་ལྷག་བཞག་གཅིག་གི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ཉི་མ་དང་པོ་ལ་འམ། ཟླ་བའི་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་ན་སྤང་བའི་ལྟུང་བྱེད་དོ།། སྡོམ་ལ། བྱིན་དང་མི་འབྱིན་སློང་བ་དང་། ་གོས་དང་གོས་རྒྱུ་བ་ལ་ཆ་རྒྱུ།། དབྱར་ཁང་རྒྱུ་དང་སྐྱེ་བོ་དང་།། དགེ་འདུན་བཅིངས་བཀྲོལ་ལྕི་ཡང་ངོ་།། ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང་འབྱིན་ན་སྤང་བའི་ལྟུང་བྱེད། ་དོ།། ཡང་དགེ་སློང་མ་གང་དུས་སུ་སྲ་བརྐྱང་མི་འབྱིན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བདག་གི་ཕྱིར་མངོན་མཚན་སློང་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གཞན ་གྱིས་ཆེད་དུ་རྙེད་པའི་གོས་ཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གོས་ཀྱི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཛེག ་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་མལ་ཆའི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དབྱར་ཁང་གི ་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་ལ་ཡོངས་སུ ་སྒྱུར་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་གྱིས་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་བདག་ལ་ཡོངས་སུ་སྦྱར་ན་སྤང་བའི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་ཟླུམ་པོ་བ་ཅིངས་ཤིང་བཅིངས་འགྲེལ་དུ་བཅུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གོས་ལྕིད་དང་རིན་ཐང་ལྔབ་འཆང་ན་སྤང་བའི་ལྟུང་བྱེད་དོ།། མ ་དགེ་སློང་མ་གང་ལྕིད་ཡང་བ་རིན་ཐང་ལྕི་བ་འཆང་ན་སྤང་བའི་ལྟུང་བྱེད་དོ། ། སྡོམ་ལ། སྲིན་པ་ལ་འབའ་ཞིག་ཆ་གཉིས་དང་།། དྲུག་དང་མཐོ་གང་ལམ་དང་ནི།། འབྲུ་དང་འཆང་དང་! ་དང་དགོན། ། རས་ཆེན་མ་གཏོགས་ལྷག་མ་ཡིན།། འཕགས་མ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱིས་ཆོས་སུམ་ཅུ་རྩ་གསུམ་པོ་དག་བཏོན་ཟིན་ཏོ།། ། དེ་ལ ་བདག་གིས་འཕགས་མ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི ་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། ། །། དགེ་སློང་མའི་སོ་སོར་ཐར་པའི་མདོ།། །། བམ་པོ་གཉིས་པ་སྟེ་ཐ་མའོ།། ། སྤྱི་སྡོམ་ལ། བརྫུན་དང ་ས་བོན་འདུག་གནས་དང་། ། སྲོག་ཆགས་བདེ་དང་དུད་འགྲོ་དང་།། རྐུ་བ་དང་ནི་ཟས་བཅས་པ།། དེ་དག་ཐུན་མོང་ཡིན་པར་འདོད།། ། སྡོམ་ལ། བརྫུན་སྤྱོན་དགེ་སློང་ཕྲ་མ་དང་།། སྐྱོ ་སྔོགས་བྱེད་དང་སྟོན་པ་དང་། ། གདོན་དང་གནས་ངན་ལེན་དང་ཆོས།། བཤེས་ངོར་བྱེད་དང་ཁྱད་དུ་གསོད། འཕགས་མ་དག་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་བྱེད ་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། ། ཤེས་བཞིན་དུ་བརྫུན་དུ་སྨྲ་ན་ལྟུང་བྱེད་དོ།། མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ།། དགེ་སློང་མ་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན ་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ཤེས་བཞིན་དུ་ཡང་ལས་ཀྱིས་སྒྱུ་སྔོགས་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་སྐྱེས་པའི་ཡུལ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྙན་ན། ག ་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་། ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ ་ལ་གནས་ངན་ལེན་གྱིས་ལྟུང་བ་རྗོད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས། འཕགས་མ་བདག་འདི་ལྟར་བ་ཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གིས་གང ་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན། འདི་སྐད་ཅེས་འཕགས་མ་དག་གང་དག་གིས་དགེ། ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར ་བའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། ། །། སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་།། ཁྲི་དང་གདོང་དང་ཕྱིས་གནོན་དང་།། ་འབྱུང་བ་དང་ནི་འདེབས་པ་དང་།། རིམ་པ་གཉིས་སུ་རྩིག་པའོ།། ས་བོན་གྱིས་ཚོགས་སམ། འབྱུང་པོའི་གནས་འཇིག་གམ། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ།། འཕྱའམ་གཞོག་འཕྱས་བྱེད་ན་ལྟུང ་བྱེད་དོ། ། བསྒོ་བ་རྣ་ལ་གཟོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། བྲལ་བ་འམ། སྔས་སམ། གོར་བུ་བླག་གབ་མེད་པར་བཏིང་ངམ། ་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི ་དབྱར་ཁང་དུ་རྩཝའི་གདིང་བ་འམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན།། དེ་འདྲ་བའི ་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་ནས་དགེ་སློང་མ་སྔ་ནས་འཁོདེ་བར་ཤེས་བཞིན་དུ་ཕྱིས་འོངས་ནས། སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས ་ཏེཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱུང་ཡང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲི་མ་ཁྲི་རྒྱག་ཁྱུ་མར་ཤེས་བཞིན་དུ་སྡོད་ཀྱིས་པབསྟེ། ་འདུག་གམ་ཉལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་རྒྱས་རྩཝ་འམ། ལྕི་བ་འམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ།། དགྲ ་སློང་མས་དབྱར་ཁང་ཆེན་པོ་ཞིག་གམ། རྩིག་ཏུ་འཇུག་ན་སྒོའི་སྦུབས་དང་། བཏན་པ་དང་། སྣང་བའི་གནས་ཅི་ཙམ་པའི་འདུ་ཤེས་ཀྱིས་བརྟག་པ་ནས་བཟུང་སྟེ། བ་གུ་རིམ་པ་གཉིས་སམ ་གསུམ་བརྩིག་པར་བྱའོ། ། དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ།། །། སྡོམ་ལ། འདུག་གནས་གཅིག་དང་ཕྱེ་དང་ནི།། བཅའ་བ་དང་ནི་སྟོབས་པ་དང་།། འདུས་པ་དང་ནི་དུས་མིན་དང་། ་གསོག་འཛེག་དང་ནི་ཁ་ནས་མིད།། དགེ་སློང་མ་གང་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མ་གང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ།། དེ་ལས་ལྷག་པར་ཟ་ན་ལྟུང ་བྱེད་དོ། ། དགེ་སློང་མ་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལ། གལ་ཏེ་དེ་དག་ལ་བྲམ་ཟེ་འམ་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་འཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་མ ་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། ། དེ་ནས་ལྷག་པར་ལེན་ན་ལྟུང་བྱེད་དོ།། ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ། དགེ་སློང་མ་འཁོད་པ ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། ཡང་དགེ་སློང་མ་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ། ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བ་ཤེས་བཞིན་དུ་དགེ་སློང་མ་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཅིང་། ཅི་ནས་ཀྱང་དགེ་སློང་མ་འདི་ཉེས་པ་དབྱུང་བར་བྱའོ་སྙམ་པ་དེ་ཉིད ་རྐྱེན་དུ་བྱས་ནས། ། འཕགས་མ་འདི་འཚོ་ཞིག། འདི་ཟོ་ཞིག་ཅེས་ལྷག་པོར་མ་བྱས་པའི་བཟའ་བ་དང་བཅའ་བ་དུས་ཀྱི་སྟོབས་པར་བྱེད་ན་ལྟུང་བྱེད་དོ།། འདུས་ཏེ་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་དུས ་ནི་འདི་ཡིན་ཏེ། ན་བ་དུས་སོ།། ལས་དུས་སོ།། ལམ་དུས་སོ།། གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། ཡང་དགེ་སློང་མ་གང་དུས་མ ་ཡིན་པར་བཅའ་བ་འམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བཅའ་བ་འམ་བཟའ་བ་གསོག་འཇོག་བྱས་པ་ཟའམ་འཆར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བྱིན་ལེན་མ་བྱས་པར ་ཁ་ནས་མེད་པའི་ཟས་ཟ་ན། ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ།། ། སྡོམ་ལ། སྲོག་ཆགས་བཅས་དང་གཅེར་བུ་དང་།། དམགལ་ལྷ་དང་ཞག་གཉིས་དང་།། བཤམས་པ་འཁྲུགས་ད ་བརྡེག་པ་དང་། གཟས་པ་དང་ནི་གནས་ངན་ལེན། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་རྒྱལ་སྤྱོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གཅེར་བུ་པ་འམ། གཙོ ་བུ་མོ་འམ། ཀུན་ཏུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཟའ་བ་དང་། བཅའ་བ་བྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། དགེ་སློང་མ་དམག་ཆས་པ ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན། དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ།། དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ།། དགེ་སློང་མ་ཞག་གཉིས་དམག་དེའི་ནང ་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོ་འམ། རྒྱལ་མཚན་གྱི་ཚོགས་མཆོག་གམ། དཔུང་གི་ཚོགས་སམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་བརྡེག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་བརྡེག་པར་གཟས ་ན། ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱིས་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། ། སྡོམ་ལ། བདེ་དང་མེ་དང་འདུན ་པ་དང་། བསྙེན་པར་མ་རྫོགས་ཆོས་དང་སྒྲ།། དགེ་ཚུལ་ཁ་དོག་བསྒྱུར་བ་དང་།། རིན་པོ་ཆེ་དང་ཚ་བའི་དུས། ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་ཞིང་། ཅི་ནས་ཀྱང་དགེ་སློང་མ་ལས ་ཀླན་ཀ་བཙལ་བར་བྱའོ། ། སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས། འཕགས་མ་ཚུར་ཤོག། ཁྱོད་ཁྱིམ་དག་ཏུ་འདོང་དང་།། དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཇི་ཙམ ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས། ། དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། འཕགས་མ་ཁོ་མོ་ལ་ཁྱོད་དང་ལྷན་ཅིག་སྨྲའམ་འདུག་པ་བདེ་བ་མ་ཡིན་གྱི། འདི ་ལྟར་ཁོ་མོ་གཅིག་པུ་ཁོ་ན་སྨྲ་འམ་འདུག་ན་བདེ་བས། ཁྱོད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་མ་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་། འདི་སྐད་ཅེས་དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག། ་ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་འདི་སྐད་ཅེས། ་ལྷུར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ ་སྤོང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་དག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི ་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་ད་མ་ཐེར་ཅིག། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་གྱུ་། ་བཅོམ་ལྡན་འདས་ནི་སྐད་ནི་གསུང་ངོ་།། འཕགས་མ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུས ་བར་འགྱུར་གྱིས། འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོབ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས ་གལ་ཏེ་མི་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དག་མ་སྤངས་པ་དང ་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་གནས་པར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅིང་། དེ་དག་དང་ལྷན་གཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། དགེ་ཚུལ་མ་ཞིག ་ཀྱང་འདི་སྐད་ཅེས། འདི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་རྣམས་ནི་བར་དུ་གཅོད་པའོ།། ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན ་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་མ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ།། ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྙེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མ་ཟེར་ཅིག། བཅོམ ་ལྡན་འདས་ལ་སྐུར་པ་སལ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་།། ། དགེ་ཚུལ་མ་འདོད་པས་བར་དུ་གཅོད་པ་དག་ནི་བར ་དུ་གཅོད་པ་ཉིད་དོ་ཞེས། བཅོམ་ལྡན་འདས་ཀྱིས་རྣམས་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་མ་ཁྱོད་སྡིག་པ་ཅན་གྱིས་ལྟ་བའི་རྣམ་པ་འདི་ལྟ་བུ ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས ་ལན་གསུམ་དུ་ཡང་དགྲ་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལྡན་གསུམ་དུ་ཡང་དག་པར་བགྲོ།། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང ་ན་དགེ་རྒྱལ་མི་དེ་ལ་དགེ་སློང་མ་རྣམས་ཀྱིས་དེང་བྱིན་ཆད་དགེ་ཚུལ་མ་ཁྱོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མཟེར་ཅིག། རླངས ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག། དགེ་སློང་མ་རྣམས་དང་དགེ་ཚུལ་མ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན ་པ་དེང་ཚུན་ཆད་ཁྱོད་ལ་མེད་དེ། བུད་མེད་གཏི་མུག་ཅན་ཁྱོད་བསྙིལ་གྱིས། གཞན་དུ་སོང་ཞིག་ཅེས་བསྒོ་བར་བྱའོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་མ་ཉེ་བར་འཇོག ་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་ཏུ་ལོངས་སྤྱོད་པར་བྱེད་དམ། ཀུན་ཏུ་གནས་པར་བྱེད་དམ། དེ་དང་ལྷན་གཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གོས ་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོ་འམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ།། གལ་ཏེ་དགེ་སློང་མས་གློ་གསར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོ ་འམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་ཀུན་ཏུ་ལོངས་སྤྱོད་པར་བྱེད། ཀུན་ཏུ་གནས་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་རང་གིས་ལག ་གིས་ལེན་ཏམ་ལེན་དུ་འཇུག་ན། ཀུན་དགའ་ར་བར་གཏོགས་པ་ན་འདུག་གམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། དགེ་སློང་མས་ཀུན་དགའ་ར་བར་གཏོགས་པ ་ན་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་འདུག་པ་ཡ། འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། བཅོམ་ལྡན་འདས ་ཀྱིས་ཟླ་བ་ཕྱེད་ཅིང་ཁྲུས་བྱ་བར་གསུང་བ་དེ་ལས་དུས་མ་ཡིན་པར་བྱེད་ན། དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ།། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་བྱེད་དང་གཉིས་དབྱར ་རྣམས་ཀྱི་དང་པོ་དང་རྫ་བ་བྱེད་དང་གསུམ་པོ་འད་ནི་རྩ་བའི་དུས་སོ། ། ལྷག་མ་ནན་འདུས་སོ།། ལས་དུས་སོ།། ལམ་དུས་སོ།། རླུང་དུས་སོ།། ཆར་དུས་སོ།། རྫུན ་དུས་ཏེ། དེ་ལ་ནི་དུས་ཡིན་ནོ།། །། སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་།། རྩེ་དང་ལྷན་ཅིག་དངངས་བྱེད་དང་།། སྦེད་པ་དང་ནི་གཞི་མེད་དང་།། བུད་མེད་མེད་པར་ལམ་འགྲོ་བའོ།། ་ཡང་དགེ་སློང་མ་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་མ་འདི་ཡུད་ཙམ ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་ན་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ།། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ།། རྒྱལ་རྩེ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྐྱེས ་པའི་ཡུལ་དང་ལྷན་ཅིག་གནས་གཅིག་སུ་ཉལ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་མ་ལོ་དངངས་པར་བྱེད་དམ། དངངས་པར་བྱེད་དུ་འཇུག་ན། ཟན་བཞེད་གང་བྱ་བར་བསམས་ཀྱང་རུང་སྟེ་སྨྲ་བྱེད་དོ།། ་ད་དགེ་སློང་མ་གང་དགེ་སློང་མ་ལ། དགེ་སློང་མཐམ།། དགེ་རྒྱལ་མའི་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བསྲིད ་། སྦེད་དུ་འཇུག་ན། དེ་འདྲ་བའི་རྐྱེན་མ་གཏོགས་གི་སྲུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། དགེ་སློང་མ་དག་བསྲུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་སྔན ་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་བུད་མེད་མེད་པར་གྱེས་པ་དང་འགྲོན་ལམ་དུ་འགྲོན། གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། སྡོམ་ལ། རྐུབ་དང་ན ་སརྐོ་དང་། ། མགྲོན་དུ་ཟོས་དང་བསླབ་པ་དང་།། འཐབ་དང་མི་སྒྲ་འགྲོ་བ་དང་།། མི་གུས་ཆང་འཐུང་དུས་མིན་པའོ།། ཡང་དགེ་སློང་མ་གང་དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ ་འགྲོ་ན། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རང་གི་ལག་པས་ས་རྐོ་འམ། རྐོར་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར ་བྱའོ། ། དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ།། སོ་སོར་མགྲོན་དུ་བོས་པ་དང་། ཡང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། ་དེ་ལ་དེ་ནི་དུས་ཡིན་ནོ།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས། འཕགས་མ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོས།། དེ་དག་ལ་འདི་སྐད་ཅེས་བདག་དགེ་སློང་མ་མདོ་སྡེ་འཛིན་པ་དང་། འདུལ་བ ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ན་ལྟུང་བྱེད་དོ།། དགེ་སློང ་མ་ཀུན་ཤེས་པར་འདོད་པས་བསླབ་པ་དེ་ལ་བསླབ་པར་བྱའོ། ། དགེ་སློང་མ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། ཡང ་དགེ་སློང་མ་གང་དགེ་སློང་མ་རྣམས་དང་འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ།། དགེ་སློང་མ་འདི་དག་ཇི་སྐད་ཟེར་བ་དེ ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་ཐ་སྙད་གདགས་པར་བྱའོ།། སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅངའ་མི་སྨྲ་བར་ཉན་རྣམ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱིས་ཆོས་དང་མཐུན་པའི་གཏམ ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཤིང་འགྲོ་ན། དགེ་སློང་མ་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། གུས་པར་མི་བྱེད་ན་ལྟུང་བྱེད་དོ།། འབྲུའི། ་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དུས་མ་ཡིན་པར་གྲོང་དུ་འགྲོ་ཞིང་། དགེ་སློང་མ་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ། ་། སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་།། ཁབ་རལ་དང་ནི་ཁྲི་རྐང་དང་།། བདལ་དང་གདིང་དང་གཡན་པ་དང་།། བདེ་བར་གཤེགས་པའི་ཆོས་གོས་སོ།། ཡང ་དགེ་སློང་མ་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས། སྔ་དྲོ་དང་བྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་ལ་འདུག་པ་ལ་མི་བསྒོ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང ་ནམ་མ་ལངས། སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསུམ་པར། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས ་འདའ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཟླ་བ་བྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས། འཕགས་མ་དག་འདི་ལྟར་ཆོས་འདི་ཡང་མདོར ་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ལ། དེ་ལ་གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་མ་འདི་སྔོན་གསོ་སྦྱོང་གིས་ལས་གཉིས་སམ་གསུམ་གྱིས་ཚེ་འདུག ་པར་ཤེས་ཤིང་། ལན་མང་དུ་ལྟ་ཅི་སྨོས་ན། དགེ་སློང་མ་དེ་མི་ཤེས་པས་མི་འགྲོལ་བས། དེ་ལྷུང་བ་གང་བྱུང་བ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ། ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ ་གདོན་པ་འདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས ་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། ། དགེ་སློང་མ་ཁྱོད་ཀྱིས་མི་རྙེད་པ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ།། དགེ་སློང་མ་དེ་ལ ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་བ་སོ་འམ། རུས་པ་འམ། རཱ་ལས་ཁབ་རལ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ།། དགེ་སློང་མས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བྱེད་དུ ་འཇུག་ན། རྩ་བ་བུ་གར་འཇུག་པ་མ་གཏོགས་པ། བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་བྱེད་དུ་གཞུག་པར་བྱའོ།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅས་ནས་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་དགེ་འདུན་གྱི་ཁྲིའམ་ཁྲིཚུལ། ཤིང་ངང་ཤིང་བལ་ལམ། བདུལ་དུ་བཅུག་ན་བསྡུས་ནས་ལྟུང་བྱེད་དོ།། དགེ་སློང་མས་གདིང་བ་བྱེད་འཇུགན། ཚད་བཞིན་དུ་བྱེད ་དུ་ཆུག་ཅིག། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེའི་མཐོ་དོ།། ཞེང་དུ་མཐོ་བྱེད་དང་ངོ་།། སྲིད་དུ་མཐོ་གང་གིས་སྲིངས་ཤིང་། དེ་ལས་ལྷག་པར་བྱེད་དུ་འཇུག་ན ་བཅད་ནས་ལྟུང་བྱེད་དོ། ། ཡང་དགེ་སློང་མས་གཡན་པ་དགབ་པ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེན ་མཐོ་བཞི། ཞེང་དུ་མཐོ་དོའོ།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱིས་ཆོས་གོས་བྱེད་དུ་འཇུག་གམ། བདེ་བར ་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ། ཞེང་དུ་མཐོ་དྲུག ་སྟེ། དེ་ལ་དེ་ནིའི་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དེ།། དེ་ལྟར་བདུན་བཅུ་རྩ་གཉིས་པོ་དེ་དག་ནི་དགེ་སློང་དང་མཐུན་མོང་ཡིན་པར་འདོད་དོ།། དགེ་སློང་མ་རྣམས་ཀྱི་བརྒྱ་རྩ་བརྒྱད་ནི་འོག་ནས་འབྱུང་སྟེ། ་སྤྱི་སྡོམ་ལ། མ་ལོན་འདྲིད་དང་ནད་གཡོག་དང་།། ཉན་དང་ཁྲི་གཅིག་པུ་ཤེལ་ཅི།། མཆིལ་ལྷམ་སྲོག་སྐྱ་ཆོས་དང་ནི།། བདུན་དང་མི་འགྲོ་ཐ་མ་ཡིན།། ། སྡོམ་ལ ་མལོན་འཁོར་དང་འཁོར་མང་པོ། ། བཅུ་གཉིས་ཉི་ཤུ་ཁྱིམ་སོ་གཉིས།། ས་བསླབས་པ་དང་བསླབས་པ་དང་།། ཆོས་འཚོང་སྡེ་ཚན་བསྡུས་པ་ཡིན།། ཡང་དགེ་སློང་མ་གང་བདག་ཉིད ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པར་གཞན་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་འཁོར་ཉེ་བར་འཇོག་ན། དགེ་འདུན་གྱིས་གནང ་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་འཁོར་མང་པོ་ཉེ་བར་འཇོག་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཁྱིམ་སོ་བཟུང་བའོ། ་བཅུ་གཉིས་མ་ལོན་པར་སྦྱིན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལེན་ཀྱང་། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་ལོན་ཡང་། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་བུད་མེད་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ལོ་གཉིས་སུ་ཆོས་དྲུག་དང ་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་བུད་མེད་བསྙེན་པར་རྫོགས་པར་འདོད་པ་ལ་འདི་སད ་ཅེས་གལ་ཏེ་ཁོ་མོ་ལ་གོས་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ལྟུང་བྱེད་དོ། ། ། སྡོམ་ལ། འདྲིད་དང་ལེ་རེ་མ་གནང་དང་།། འཁྲུལ་སྦྲུམ་མྱ་ངན་ཅབ ་ཀྲོལ་དང་། ། ཕན་མི་འདོགས་དང་མི་འདྲེན་དང་།། བསླབ་པ་དག་ལ་མི་སློབ་པའོ།། ཡང་དགེ་སློང་མ་གང་ཁྱིམ་བདག་མོ་ལ་འདི་སྐད་ཅེས་ཁྱོད་ཁྱིམ་སོ་ཐོང་ཞིག་དང་། ཕྱི་རབ ་ཏུ་འབྱུང་བ་མི་དཀའ་འོ་ཞེས་སྨྲ་བ་དེའི་འོག་ཏུ་རབ་ཏུ་མི་བྱིན་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ལོ་རེ་རེ་ཞིང་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་བདག་པོས ་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་འཁྲུལ་པ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་བྱིན་ན ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གཟིར་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཙབ་ཀྲོལ་ཅན་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ནས། ཕན་མི་འདོགས་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་པ་དག་ལ་བར་ཆད་མཐོང་བ་མི ་འདྲེན་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ནས། བསླབ་པ་དག་ལ་སློབ་ཏུ་མི་འཇུག་ན་ལྟུང་བྱེད་དོ།། ། སྡོམ་ལ། ནད་གཡོག་རྒྱ་སྐྱེགས ་སོར་མོ་དང་། ། ཐལ་མོ་སྤུ་དང་དབེན་གཉིས་དང་།། བླ་གབ་མེད་པ་གཉིས་དང་ནི།། རྣ་བར་བཤུབ་ཅིང་སྨྲ་བའོ།། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་། ཉེ་གནས་ན་བ་དག ་ལ་ནད་གཡོག་མི་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་རང་གི་བསྟེན་པར་བྱ་བའི་ནང་དུ་རྒྱ་སྐྱེགས་ཀྱི་ཆང་བུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བསྟེན་པར་བྱ་བའི་ནང་དུ་སོར་མོའི་ཚོགས་གཉིས་བཟླས ་ཏེ་འཁྲུ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་བསྟེན་པར་བྱ་བ་ལ་ཐལ་མོས་རྡེག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གསང་བའི་ཕྱོགས་ཀྱི་སྐུ་འཕྲོག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་པ་དང་ལྷན་གཅིག ་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་པ་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེ ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་པའི་རྣ་བར་བཤུབ་ཅིང་སྨྲ་ན་ལྟུང་བྱེད་དོ།། །། སྡོམ་ལ། ཉན་དང་དེས ་སློང་རྣམ་གཉིས་དང་། ། རིག་པ་གཉིས་དང་རྨ་འགྲོལ་དང་།། བུ་དང་ཁྱིམ་དང་མ་བརྟགས་དང་།། མཚན་མོ་གཅིག་པུ་ཉལ་བའོ།། ཡང་དགེ་སློང་མ་གང་ཁྱིམ་པ་ལས་རྣར་བཤུབ་ཅིང་སྨྲ་བ་ཉན ་ན་སུད་བྱེན་ནོ། ། ཡང་དགེ་སློང་མ་གང་དགེ་སློང་གི་རྣས་ཤུབ་ཅིང་སྨན་སུ་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སློང་གིས་རྣམ་ས་ཤུབ་ཅུང་སྒྲུ་བ་ཏན་ན་སྲུང་བྱེད་དོ།། ཡང་དགེ་སློང ་མ་གང་ཁྱིམ་པ་ལས་རིག་པ་ལེན་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཁྱིམ་པ་ལས་རིག་པ་ཀློག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྒྱུ་ཐབས་ཀྱིས་རྨབ་ཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན་ལྟུང་བྱེད ་དོ། ། ཡང་དགེ་སློང་མ་གང་བུ་འཚོང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་ཉལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་མ་བརྟགས་པར་མཚན་མོ ་སྐྱབས་ཡོད་པར་ཉལ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་མ་གཞན་མེད་པར་གནས་ཁང་དུ་མཚན་མོ་ཉལ་ན་ལྟུང་བྱེད་དོ།། །། སྡོམ་ལ། ཁྲི་གཅིག་ལ་ནི་ཉལ་བ་དང་། ་དྲིལ་ཕྱི་བྱེད་པ་རྣམ་ལྔ་དང་།། བཀྲུ་བ་ཤལ་བྱེད་དང་དྲི་ཞིམ་དང་།། འབྲུ་མར་དང་ནི་ཆུ་ཁྲུས་སོ།། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཉལ་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་རང་གིས་ལུས་ལ་དགེ་སློང་མ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རང་གིས་ལུས་ལ་དགེ་སློང་མ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རང ་གི་ལུས་ལ་ཁྱིམ་པ་མོ་དྲི་བྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་རང་གི་ལུས་ལ་ཀུན་ཏུ་རྒྱུ་མོ་དྲིལ་བྱི་བྱེད་དུ་བཅུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རང་གི་ལུས་ལ་བུད་མེད་འཀྲུ་བཤལ ་བྱེད་དུ་བཅུག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་རང་གི་ལུས་ལ་རྫས་བྲི་ཞིམ་པོ་སྲུད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རང་གི་ལུས་ལ་འབྲུ་མར་གྱི་ཚིགས་མ་སྐུད་ན་ལྟུང་བྱེད་དོ།། ཡང་དགེ། ་སློང་མ་གང་ལག་པ་སྦྲེལ་ཏེ་ཚུར་ཁྲུས་བྱེད་ན་ལྟུང་བྱེད་དོ།། སྡོམ་ལ། བུ་ཤེལ་ཅི་དང་སོ་མངས་དང་།། སྨྱིག་ཤད་གསུམ་དང་སྒྲ་བརྙན་དང་།། རྒྱན་དང་བྲོ་རྡུང་གླུ་ལེན་དང་།། རོལ ་མོ་བྱེད་དང་གདུགས་ཐོགས་པའོ། ། ཡང་དགེ་སློང་མ་གང་པུ་ཤེལ་ཅིས་སྐྲ་འཆད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སོ་མངས་ཀྱིས་སྒྲ་འཆད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྨྲིག ་ཤད་ཀྱིས་སྐྲ་འཆད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་བུ་ཤེལ་ཅི་དང་། སོ་མངས་དང་། སྨེག་ཤད་དང་གསུམ་ཅར་གྱིས་སྐྲ་འཆད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྒྲ་བརྙན་ཐོགས ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཁྱིམ་པ་མོའི་རྒྱན་ཐོགས་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བྲོ་རྡུང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གླུ་ལེན་ན་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་རོལ་མོ་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་གདུགས་ཐོགས་ན་ལྟུང་བྱེད་དོ།། །། སྡོམ་ལ། མཆིལ་ལྷམ་ཁྲིའུ་ཕྱིས་གནོན་དང་།། སྟན་དང་སྐུད་པ་ཁྱིམ་ལས ་དང་། ། རྗེན་དང་འཚོང་དང་གོས་དང་ནི།། ཟས་འཚོང་བ་དང་ལྟོ་འདུན་ནོ།། ཡང་དགེ་སློང་མ་གང་མཆིལ་ལྷམ་གྱོན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྲི་ལ་འདུག་པའི ་བསྙེན་བཀུར་ཉམས་སུ་ལེན་པར་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་ཕྱིས་གནོན་བྱས་ཏེ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང ་ཆོས་སྟོན་པ་ན་ཁྱིམ་པའི་སྟན་སྤྱད་པ་མ་གཏད་པར་འགྲོ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་སྐུད་པ་འཇལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་གྱིས་ལས་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ ་གང་རྗེན་པ་འཚོང་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་མའི་ཚོགས་ཀྱིས་གོས་བདག་གིར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཟས་འཚོང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྟེ་འདུན ་གྱི་ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་ན་ལྟུང་བྱེད་དོ། ། །། སྡོམ་ལ། སྒྲོག་སྐྱ་སྨེ་གབ་ཆུ་གོས་དང་།། འཁྲུར་འཇུག་པ་དང་དགེ་སྦྱོང་གོས།། བརྗེ་དང་བསྔགས་པ་ཁྱིམ་དང་ནི།། ་གནས་དང་བརྙེད་པའི་སེར་སྣའོ།། ཡང་དགེ་སློང་མ་གང་སྒོག་སྐྱ་བ་ན། ན་བའི་རྐྱེན་མོ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྨྲིག་པ་མི་འཆང་ན་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་ཆུ་གོས་མི་འཆང་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་བཀྲུ་བཤལ་པ་གོས་འཁྲུར་འཆོལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སྦྱོང་གི་གོས་ཁྱིམ་པ་ལ་བགོ་བོའི་ཕྱིར་སྦྱིན་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་འཁོར་གཙོ་བོ་ལ་ཆོས་གོས་སྣམ་སྦྱར་བརྗེན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་བསྔགས་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་ས་གང་གནས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་རྙེད་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། སྡོམ་ལ། ཆོས་དང་སློང་པ་རྣམས་གཉིས་དང་། ་གླེང་དང་མནའ་འདོར་རྡེག་པ་དང་།། བརྙས་ཐབས་སྤྱོ་དང་ཆུ་འཐོར་དང་།། འཁྲུག་ལོང་ཡལ་བར་འདོར་བའོ།། ཡང་དགེ་སློང་མ་གང་ཆོས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ། ཡིད་མ་རངས་ནས། དབྱར་ཁང་ནས་དགེ་སློང་མ་སྤྱོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྱིམ་གཞན་ན་དགེ་སློང ་མ་སྔ་ནས་གནས་པར་ཤེས་བཞིན་དུ། ཕྱིས་འོངས་ཏེ་སྐྲོད་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ལེགས་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་མེད་པར། དགེ་སློང་མའི ་ལྟུང་བ་གླེང་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་མནའ་འདོར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ། ཡིད་མ་རངས་ནས། བདག་ཉིད་ལ ་རྡེག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་མའི་ཚོགས་ལ་བརྙས་ཐབ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སློང་མའི་ཚོགས་ལ་སྤྱོན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་འཁོར་གཙོ་བོ་ལ་ཆུ ་འཐོར་ནི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་མཐུ་ཡོད་བཞིན་དུ་དགེ་སློང་མ་རྣམས་ཀྱིས་འཁྲུག་ལོང་ཡལ་བར་འདོར་ན་ལྟུང་བྱེད་དོ།། སྡོམ་ལ། འདུན་པ་གདམས་ངག ་དབྱར་གནས་དང་། ། དགག་དབྱེ་གསོ་སྦྱོང་སྲ་བརྐྱང་དང་།། དཔུང་དང་གོས་འགྱེད་དབྱར་ཁང་དང་།། དབྱར་གྱི་ནང་དུ་ལྗོངས་རྒྱུ་བའོ།། ཡང་དགེ་སློང་མ་གང་ཞག ་ལོན་པའི་འདུན་པ་འབུལ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ལས་གདམས་ངག་དང་རྗེས་སུ་བསྟན་པ་མི་ཉན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས ་སུ་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དགག་དབྱེ་མི་བྱེད་ན་ལྟུང ་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་མེད་པར་གསོ་སྦྱོང་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྲ་བརྐྱང་དབྱུང་བའི་ཐབས ་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་གོས་འབྱེད་པའི་ཕྱིར་བག་ཡངས་སུ་བྱ་བའི་ཕྱིར་ཚོགས་པ་སྦྱིན་པར་མི་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དབྱར་ཁང་མ ་གཏད་པར། དེ་ནས་གཞན་དུ་འགྲོ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།། ། སྡོམ་ལ། མི་འགྲོ་དོགས་པ་མི་མཐུན་དང་།། འཐབ ་ཀྲོལ་བྱེད་དང་འདྲི་བ་དང་། ། གཅིག་པུ་སྔོ་དང་མ་བལྟས་པའི།། སྡེ་ཚན་ཐ་མར་བྱས་པ་ཡིན། ཡང་དགེ་སློང་མ་གང་དབྱར་གནས་པའི་འོག་རོལ་ཏུ་རྒྱང་གྲགས་ཀྱིས་མཐར་མི་འགྲོ ་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཡུལ་འཁོར་དོགས་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཡུལ་འཁོར་མི་མཐུན་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་གནས་གཞན་དུ་འཐབ་ཀྲོལ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་སྐབས་མ་བྱེ་བར་འདྲི་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་གཅིག་པུ་ཕྱི་སར་འགྲོ་ན་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་རྩཝ་སྔོན་པོའི་སྟེང་དུ་བཤིང་གཅི་འདོར་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་འདོར་ན་ལྟུང་བྱེད་དོ།། བར་སྡོམ་ལ། ཐུན་མོང་མིན ་བ་བརྒྱ་རྩ་བརྒྱད། ། དགེ་སློང་ཐུན་མོང་བདུན་ཅུ་གཉིས།། བརྒྱ་དང་བརྒྱད་ཅུར་གནས་པ་དག། ལྟུང་བྱེད་འབའ་ཞིག་གྱུར་བ་ཡིན། སྐྲོད་དང་མ་བསྐོས་ཉི་ནུབ་དང་། ཟས་དང་ཆོས་གོས ་གཉིས་དག་དང་། ། དོན་མཐུན་གྲུ་དང་དབེན་པ་གཉིས།། སྦྱོར་བཅུག་ཡང་ཡང་བསོད་པ་དང་།། ཉལ་སར་འདུག་དང་འགྲེང་བ་དང་།། རྗེང་དང་ཉི་ཤུ་མ་ལོན་དང་།། རས་ཆེན ་ལྟུང་བ་བཅོ་བརྒྱད་པོ། ། བཀོལ་བའི་ལྷག་མ་འདིར་འདོད་དོ།། འཕགས་མ་དག་བདག་གིས་ལྟུང་བྱེད་ཀྱི་ཚེས་བརྒྱ་བརྒྱད་ཅུ་བོ་དག་བཏོན་ཟིན་ཏོ།། ། དེ་ལ་བདག ་གིས་འཕགས་མ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གོམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་སུ་དག ་ན། འདི་ལྟར་ཅང་མི་སྦུབས་དེ་དེ་བཞིན་དུ་འཛིན་ཏོ།། ། སྣོམ་ལ། འོ་མནོ་དང་མར་དང་ནི།། ཞུན་མར་འབྲུ་མར་སྦྲང་རྩི་དང་།། དབུ་པ་ཉ་ཤ་ཤ་དང་། ་ནི།། ཤ་སྐམ་བསླབ་སྡོམ་བྱིན་པའོ།། འཕགས་མ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། ཡང་དགེ ་སློང་མ་གང་མི་ན་བར་གཞན་གྱིས་ཁྱིམ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུང་ན། དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པར་བྱ་བའི་གནས ་མི་རིགས་པ་སོ་སོར་བཤགས་པར་བྱ་བ་འབྱུང་གིས། ཆོས་དེ་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ།། ཡང་དགེ་སློང་མ་གང་མི་ན་བར་གཞན་གྱིས་ཁྱིམ་ནས་བདག་གི་དོན་དུ ་ཞོ་དང་། མར་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་བླངས་ཏེ་འཐུངས་མ་ཟོས་ན། དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། ་དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱང་གིས། ཆོས་དེས་སོ་སོར་བཤགས་སོ།། ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ ་སོར་བཤགས་པར་བྱ་བའོ། ། སློབ་པ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས ་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་འཟའ་བ་བླངས་ནས་འཆའ་འམ་ཡ་ན། དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང ་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་འདི་ཡང་སོ་སོར་འཆགས་སོ།། ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི ་ཡང་སོ་སོར་བཤགས་པར་བྱ་བའོ། ། འཕགས་མ་དག་བདག་གིས་སོ་སོར་བཤགས་པར་བྱ་བ་ཆོས་བཅུ་གཅིག་པོ་འདི་དག་བཏོན་ཟིན་ཏོ།། །། དེ་ལ་བདག་གིས་འཕགས་མ་དག་ལ ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན ་འཛིན་ཏོ། ། ། སྡོམ་ལ། ཤམ་ཐབས་ལ་ནི་རྣམ་བརྒྱད་དང་། སྟོད་གཡོག་ལ་ནི་རྣམ་གསུམ་དང་།། ཤིན་ཏུ་བསྡམས་ལ་སོགས་པ་དྲུག། མགོགཡོགས་ལ་སོགས་རྣམ་པ་ལྔ། ་མཆོད་ལ་སོགས་པ་རྣམ་པ་ལྔ།། ལུས་ལ་སོགས་པ་རྣམ་པ་ལྔ།། འདུག་པར་བྱ་བ་བརྒྱད་དག་དང་།། བྱིན་ལེན་བྱ་བ་བརྒྱད་རྣམས་སོ།། འཕགས་མ་དག་བསླབས་པར་བྱ་བའི་ཆོས་མང ་པོ་འདི་དག་ནི་ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། ། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། ཧ་ཅང་བརྫེས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང ་གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། ཤམ་ཐབས་སྐེད ་སྣང་བར་མི་བགོ་བར་བསླབ་པར་བྱའོ། ། ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། ཆོས་གོས་ཧ་ཅང་བརྫེས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ།། ཤིན་ཏུ ་བསྡམས་པ་དང་། ལེགས་པར་བགོས་པ་དང་། སྒྲ་སྦྱང་བ་དང་། མིག་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་བ་དང་། ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་མི་འགྲོ་བར ་བསླབས་པར་བྱའོ། ། མགོ་མི་གཡོག་པ་དང་། མི་བརྗེ་བ་དང་། མི་གཟང་བ་དང་། གཉའ་གོང་དུ་མི་སྣོལ་བ་དང་། ལྷག་པར་མི་སྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། མི་མཆོང་བ་དང་། མི ་བརྐྱང་བ་དང་ཅོག་པུ་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། ལུས་མི་བསྒྱུར་བ་དང་། ལག་པ་མི་བཀྱོག་པ་དང་། ་མགོ་མི་སྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། སྟན་ལ་མ་བརྟགས་པ་དང་། ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་མི་དབབ་པ་དང་། རྐང ་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག ་པར་བསླབ་པར་བྱའོ། ། ལེགས་པར་ཟས་བླང་བར་བསྒྲུབ་པར་བྱའོ།། མུ་དཔཔ་བཅན་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པར་མ་ཡིན་པ་དང་། ཐར་ཆགས་སུ་དང་། ལྷུང་བཟེད་ལ་བལྟ་བ་དང་། ་བཅའ་བ་དང་། བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་པ་དང་། ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི ་སྟེང་དུ་ལྷུང་བཟེད་མི་བཟེད་པར་བསླང་པར་བྱའོ། ། ། སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག། ཙུག་ཙུག་ལ་སོགས་རྣམ་པ་ལྔ།། འབྲུནས་ཐ་ད་བྱེད་པ་ལྔ།། ལག་པ་བསྒྲུག ་ལ་སོགས་པ་ལྔ། ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ།། ཧ་ཅང་ཁམ་རུང་བ་འམ། ཧ་ཙ་འམ་ཆེ་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མིང ་པ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ།། ཆུག་ཙུག་མི་བྱ་བ་དང་། ཅག་ཅག་མི་བྱ་བ་དང་། ཧུ་གུ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ།། འབྲུ་ནས་ཐ ་ནད་དུ་མ་དྲུ་བ་དང་། འཕྱས་མི་གདགས་པ་དང་། མཐུར་བ་མ་སྨྲ་བ་དང་། དཀན་མཏོག་པ་དང་འམ་འགྲོར་མི་བཅད་པར་བས་འཟའ་བར་བསླབ་པར་བྱའོ།། ལེག་པ་མི་བཀག་པ་དང ་ལྷུང་བཟེད་མི་ལྡོག་པ་དང་། ལོག་པ་མི་སྡུག་པ་དང་། སྲུང་བཆེན་མི་བསྒོམ་པ་དང་། མཆོད་རྟེན་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།། ། སྡོམ་ལ། འཕྲུལ་སོགས་པ ་རྣམ་པ་བཞི། ། ལྷུང་བཟེད་ལ་ཡང་རྣམ་པ་བཅུ།། འགྲེང་བར་བྱེད་ལ་སོགས་པ་ལྔ།། མགོ་གཡོག་ལ་སོགས་རྣམ་པ་ལྔ།། དེ་ཀེར་ཅན་ལ་སོགས་པ་ལྔ།། གླང་ཆེན་ལ ་སོགས་བཞོན་པ་ལྔ། ། ལག་ན་འཁར་བ་ལ་སོགས་དྲུག། ན་བ་རྣམ་པ་གསུམ་རྣམས་སོ།། དྲུང་ན་འདུག་པའི་དགེ་སློང་མའི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་ལྟ་བར་བསླབ་པར་བྱའོ།། ་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ།། དྲུང་ན་འདུག་པའི་དགེ་སློང་མ་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱའོ།། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས ་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། ། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དབོ་བར་བསླབ་པར་བྱའོ།། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱའོ།། གད་ཁམ ་ཡིན་པ་དང་། གཡང་ཁ་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱའོ།། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱའོ།། གང་ཁ་མ་ཡིན་པ་དང་། གཡང་ཁ་མ་ཡིན་པ་དང་། ་དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ།། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་པར་བསླབ་པར་བྱའོ།། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར ་བྱའོ། ། མི་ན་བར་ཉལ་བ་ལ་འདུག་སྟེ་ཚེས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་བསྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། ། མིན་བར་ལམ་ནས་འགྲོ་བ་ལ་ལམ་གྱིས་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་པར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། ་གཉའ་གོང་དུ་བསྣོལ་བ་དང་། ལྷག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་སྐྲ་དོ་ཀོར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་འཕྲེང་བ་ཅན་དང་། མགོ ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས ་མི་བཤད་པར་བསླབ་པར་བྱའོ། ། མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ།། མི་ན་བར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣརུབས་དང་། སྐྱུགས ་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ།། གནོད་པ་བྱུང་བ་མ་གཏོགས་པར། ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེགས་པར་བསླབ་པར་བྱའོ།། འཕགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་དག་བཏོན ་ཟིན་ཏོ། ། ། དེ་ལ་བདག་གིས་འཕགས་མ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས ་@མ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྦུབས་དེ་དེ་བཞིན་དུ་འཛིན་ཏོ།། ། སྡོམ་ལ། མངོན་སུམ་དྲན་པ་མ་མྱོས་དང་།། དེ་བཞིན་གང་མང་ཇོ་བ་ཉིད།། རྩཝ་རྣམས ་བཀྲམ་པ་ལྟ་བུ་དང་། ། ཁས་བླང་བར་ཡང་བྱ་བའོ།། འཕགས་མ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། མངོན་སུམ་གྱིས ་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། ། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ།། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ།། གང་ཚུལ་ཤིང་མང་པོ ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་སྦྱིན་ནོ།། རྩ་བཀྲམ་པ་ལྟ་བུར་འོས་པ་ལ་རྩ་བཀྲམ་པ་ལྟ་བུ་སྦྱིན་ནོ།། གང་ཁས་བླང་བར་འོས་པ་ལ ་ཁས་བླང་བར་བྱའོ། ། རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི ་བར་བྱའོ། ། འཕགས་མ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། ། དེ་ལ་བདག་གིས་འཕགས་མ་དག་ལ་ཙཾ་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས ་དྲིའོ། ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། ་འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ།། ཕམ་པར་འགྱུར་བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མའི་ཆོས་ཉིད་ནུ་དང་། སྤང་བའི་ལྟུང ་བྱེད་ཀྱིས་ཆོས་སུམ་ཅུ་རྩ་གསུམ་དང་། ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན ་ཟིན་ཏོ། ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་བསྡུས་པ་ནི་འདི་དག་གོ།། གང་གཞན་ནས་འབྱུང་བའི་ཆོས་ཀྱི ་རྗེས་སུ་མཐུན་པའི་ཆོས་དེ་ལ་ཡང་། ཁྱེད་རྣམས་འདུམ་པ་དང་། མཐུན་པ་དང་། དགའ་བ་དང་། མི་རྩོད་པར་སེམས་ཀུན་ཏུ་བསྲུང་བ་དང་། དྲན་པ་དང་། བག་ཡོད་པས་རྣལ་འབྱོར་དུ་བྱའོ།། ་བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་འགྲོ་བ་ཡོད་པ་ཡིས།། ཉམ ་ང་བ་དག་ཇི་བཞིན་དུ། ། མཁས་པས་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངས་སུ་སྤང་།། སྐུར་པ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པའང་བསྡམ་པར་བྱ།། ཟས་ཀྱིས་ཚོད་ཀྱང་རིག་པར་བྱ།། ་བས་མཐའི་གནས་སུ་གནས་པར་བྱ།། ལག་པའི་སེམས་ལ་ཡང་དག་སྦྱོར།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུང་བ་མེད་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་གཞིབས་ནས་འཕུར ་བ་ལྟར། ། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།། མི་མཐུན་པ་དང་གཞན་རྣམས་ཀྱི།། བྱས་དང་མ་བྱས་རྣམས ་ལ་མིན། ། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།། ཉེར་ཞི་རྟག་དུ་དྲན་ལྡན་པའི།། སྐྱོབ་པ་མྱ་ངན་མེད་པ་ཡིན། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས ་དགྲ་སོགས་མི་འགྱུར་རོ། ། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ་ངན་འདའ།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས ་སུ་གདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་ཡིན།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ་ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ།། ངག་རྣམས་བསྲུང་ཞིང་ཡིན་གྱིས་རབ་བསྡམས་ཏེ།། ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག ་རབ་སྤངས་ན། ། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་།། ཤཱཀྱ་ཐུབ་པ་གོའུ་ཏ་མ ་ལྷ་ཡི་ལྷ། ། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག། སངས་རྒྱས་དཔལ་པོ་བདུན་པོ་དག། གྲགས་ལྡན་རྣམ་པ་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན། ་འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ་གུས་དང་བཅས་གྱུར་པས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས ་བསྟན་ལ་འཇུག་པར་བྱ། ། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས ་ནས། ། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་།། བསྟན་པའི་ཕལ་བར་བྱ་བའི་ཕྱིར།། སོ་སོར་ཐར་པ་འདི་བརྟེན་པས།། དགེ་འདུན་གྱིས་ནི་གསོ་སྦྱོང་བྱས།། གང་གི་ཕྱིར ་ནི་མདོ་ག་ཏན་དང་། ། གང་ཕྱི་གས་སྦྱང་བྱས་གྱུར་པས།། ཚུལ་ཁྲིམས་དེ་ནི་བསྲུངས་བྱ་སྟེ།། གཡག་རྔའི་རྩེ་མོ་ཇི་བཞིན་ནོ།། སོ་སོར་ཐར་པ་བཏོན་པ་ཡི།། བསོད་ནམས་གྲུབ་པ་གང་ཡོད་པ།། དེས་ནི ་འཇིག་རྟེན་མ་ལུས་པ། ། ཐུབ་དབང་གོ་འཕང་ཐོབ་པར་ཤོག། དགེ་སློང་མའི་སོ་སོར་ཐར་པའི་མདོ་རྫོགས་སོ།། ། དབང་ཕྱུག་དམ་པའི་མངའ་བདག། དཔལ་ལྷ་བཙན་པོའི་བཀའ་ལུང ་