| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་པཱ་ལ་ནཱ་མ་ཡོ་གི་ནཱི་ཏནྟ་རཱ་ཛ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི ་རྒྱལ་པོ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་འདོད ་ཆགས་དང་བྲལ་བའི་གཙོ་བོ་རྣམས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང་ཡང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཆང་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་གིས་རྡོ་རྗེ་ཆེན་པོའི་གནས་སུ། རྒྱུད་ཐམས་ཅད་དང་སྔགས་ཡང་དག་པར་བཤད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དང ་པདྨ་ཡང་དག་པར་སྦྱར་བས། བཙུན་མོའི་བྷ་གར་ཡོངས་སུ་མྱ་ངན་ལས་འདས་སོ།། དེ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྣལ་འབྱོར་མ་ཐམས་ཅད་མང་དུ ་གྱུར་ཏེ་གཅིག་ལ་གཅིག་ལྟ་ཞིང་། ཨེ་མའོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་ཇི་ལྟར་ཡོངས་སུ་མྱ་ངན་ལས ་འདས། དེ་ནས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ལྷ་མོ་སེམས་ཅན་བསོད་ནམས་དམན་པ་རྣམས་ནུས་པ་ལ་ཞོན་པར ་འགྱུར་བའི་ཐབས་ཅུང་ཟད་མཆིས་སམ། གསུངས་པ། རྣལ་འབྱོར་གྱི་རྒྱུད་ལ་བྱེ་བ་ཕྲག་དྲུག་ཉིད་དོ།། རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ།། མདོ་སྡེ་སོ་སོ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུའོ།། ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི་བྱེ་བ་བསྒྲེས་པའི་འབུམ་ཕྲག་ལྔའོ།། འདི་དག་ཐམས་ཅད་ནི་ཐུབ་པའི་དབང་པོས་གསུངས་སོ།། སྔགས་དང་བྲལ་ན་ནི་རྒྱུད་ཀྱི་ནུས་པ་མི་སྣང་སྟེ། རྒྱུད་ལ་ལར་ནི་ཅི ་ནས་སྔགས་བྱེ་བ་བཟླས་པར་གསུངས་སོ། ། བསོད་ནམས་འབྲིང་པོ་རྣམས་ཀྱིས་ནི་སྔགས་འབུམ་བཟླས་པས་མྱུར་བར་འགྲུབ་པར་གསུངས་སོ།། བསོད་ནམས་ཆེ་བས་ཁྲི་བཟླས་པས་ཤིན་ཏུ་མྱུར་བར་འགྲུབ ་བོ། དེ་ལྟར་རྡོ་རྗེ་ཆེན་པོ་རྒྱུད་ཐམས་ཅད་ཀྱི་བདག་པོའི་གཙོ་བོས་གསུངས་སོ།། བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཀྱིས་ནི་བྱེ་བ་བཟླས་པར་གསུངས་སོ།། སེམས་ཅན་འབད་རྩོལ་ཆུང་བ་རྣམས་ཀྱིས ་ནི་འབུམ་བཟླས་པར་བདག་སྨྲའོ། ། སེམས་ཅན་སྒོམ་པ་ལ་ཞན་པ་རྣམས་ཀྱིས་ནི་ཁྲི་ཁོ་ན་བཟླས་བྱའོ།། སེམས་ཅན་འདོད་ཆགས་ལ་ཞུགས་པ་རྣམས་ཀྱི་སྔགས་ཀྱི་བཟླས་པ་ཇི་ལྟར་ལགས། བླུན་པོ་དང་ལྐུགས ་པའི་རིགས་ཅན་རྣམས་ཀྱི་སྔགས་ཀྱི་གྲངས་ཇི་ལྟར་ལགས། ཤིན་ཏུ་སེམས་ལ་དམིགས་པ་སྔགས་ཀྱི་བཟླས་པ་ཇི་ལྟར་ལགས། འདི་ལྟར་ཕན་ཚུན་སྨྲ་བས་བཟླས་ན་དངོས་གྲུབ་གཞན་དུའང་འགྱུར་རོ།། ་གལ་ཏེ་དམན་པའི་སེམས་ཀྱིས་ཉོན་མོངས་བཞིན་པས་བྱེ་བ་བརྒྱ་བཟླས་པ་དེའི་ཚེ་བསྐལ་པ་སྐར་མ་ལྟ་བུ་བྱེ་བར་ཡང་དེ་ལ་དངོས་གྲུབ་མེད་དོ།། དེ་ལྟར་ཐོས་ནས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་བཅོམ་ལྡན་འདས ་ཀྱི་ཞལ་ལ་ལྟ་བར་བྱེད་ཅིང་ཟུར་མིག་དང་བཅས་པའི་ཆགས་པས་བལྟས་ཏེ། ཤིན་ཏུ་ཁྲོ་བས་འཇིགས་པར་བྱེད་ཅིང་སྙིང་རྗེའི་ཐུགས་འཁྲུགས་པས། བདུད་ཀྱི་དཔུང་རབ་ཏུ་བཅོམ་མོ།། དེ་ལྟར་བཞུགས ་པའི་ལྷ་མོ་ཆེན་མོ་རྒྱུད་ཐམས་ཅད་ཀྱི་བདག་པོའི་དབང་ཕྱུག་ལ་དེ་ནས་དེས་གཟིགས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབུ་ལས་སྔགས་ཕྱུང་ངོ་། ། ཨོཾ་བུདྡྷེ་སིདྡྷེ་སུ་སིདྡྷེ། ཨ་མྲི་ཏ་ཨ་ར་ཛ་བུདྡྷ་ཀ་པཱ་ལ་སྥོ ་ཊ་ནེ་སྥོ་ཊ་ཡ་ཏྲཱ་ས་ཡ་ཧོ་ཧཱུཾ་ཕཊ། དེ་ལྟར་སྔགས་ཀྱི་མཆོག་སོན་པས་ས་རིམ་པ་བདུན་གྱི་འོག་ཏུ་ཆུད་པའི་ཀླུ་རྣམས་བཅོམ་པར་བྱས་ཤིང་ཕྱེ་མར་བྱས་ནས་སླར་འོངས་ཏེ་སྣ་ཚོགས་སྡེ་མའི་ཞལ་དུ་ཞུགས་ཏེ། ་པདྨའི་ནང་ནས་བྱུང་ནས་སླར་ཐོད་པར་ཞུགས་སོ།། སྔགས་འདིའི་མཐུས་ཀླུ་རྣམས་ཞིག་སྟེ། སྐྲག་ཅིང་དུག་སྐྱུག་པར་གྱུར་ཏོ།། རྡུལ་བྱུང་བར་གྱུར་ཏོ།། ནོར་རྒྱས་ལ་སོགས་པའི་རྫུ་འཕྲུལ་ཆེན་པོའི་ཀླུ་ཐཿ ་ཅད་ལྤགས་ཏེ། སྟོབས་ཀྱི་རྒྱུ་དང་། དུང་སྐྱོང་དང་། འཇོག་པོ་དང་། མཐའ་ཡས་དང་། པདྨ་དང་། པདྨ་ཆེན་པོ་ལ་སོགས་བཀྲུ་ཆེན་པོ་རྣམས་དང་། གཞན་གང་ཡང་རུང་བ་དུག་ལས་བྱུང་བ་ཐམས་ཅ ་ཀྱང་ལྷགས་སོ། ། རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཕྱོགས་ཏེ་ཀླུ་ཐམས་ཅད་ཀྱིས་ཞུས་པ། ལྷ་མོ་བཀའ་ཅི་སྩོལ་ཅི་ཞིག་བགྱི་ཞེས་སྨྲའོ།། གསུངས་པ་དང་། གང་ཡང་སངས ་རྒྱས་ཉམས་སུ་མྱོང་བ་དེ་ལྟར་གྱིས་ཤིག། དེ་ལྟར་ཐོས་པ་ཙམ་གྱིས་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་བཅོམ་ལྡན་འདས་ཀྱིས་ཐོད་པ་ཁ་ཕྱེ་སྟེ་གླེགས་བམ་བྱུང་ངོ་།། ནམ་མཁའ་ལ་སྒྲ ་བྱུང་ངོ་། ། ལྷ་མོ་སྣ་ཚོགས་སྡེ་མ་ཟུང་།། སེམས་ཅན་ཀུན་ལ་ཕན་འདོགས་མ།། རྒྱུད་འདི་རྒྱལ་པོ་ཆེན་པོ་སྟེ།། རྣལ་འབྱོར་མ་ཡི་གོང་ན་མེད།། སངས་རྒྱས་ཐོད་པ་ཞེས་བྱ་བ།། སེམས་ཅན་ཀུན་ལ་ཕན། ་བྱེད་པའོ།། དེ་ལྟར་ཐོས་ནས་སྣ་ཚོགས་སྡེ་མས་གླེགས་བམ་ཡང་དག་པར་བཟུང་སྟེ། ཕྱག་ན་རྡོ་རྗེ་ལ་ཉེ་བར་གཏད་དོ།། ཕྱག་ན་རྡོ་རྗེ་རྒྱུད་འདི་ཟུང་།། སེམས་ཅན་ཀུན་ལ་བདེ་འབབ་པ།། རྣལ ་འབྱོར་མ་ཡི་དངོས་གྲུབ་ཀུན། ། འབྲས་བུ་མྱུར་དུ་སྟེར་བྱེད་པའི།། མནན་དང་སྤར་བ་ཡེ་ཤེས་ཆེ།། གོང་ན་མེད་པ་རྙེད་དཀའ་བ།། གསང་བ་མཆོག་གི་ཉམས་དགའ་བ།། ལུས་ཀུན་ལ་ནི་རྣམ ་པར་གནས། ། ནམ་མཁའ་ལྡིང་དང་ཆར་དབབ་དང་།། དངུལ་ཆུ་བཅུད་ཀྱིས་ལེན་པ་དང་།། བསྐྲད་དང་དབང་དུ་བྱ་ཉིད་དང་།། རྨོངས་དང་མངོན་སྤྱོད་ཉིད་དང་ནི།། དཔུང་ལ་སོགས་པ་རེངས་ཉིད་དང་།། ་དུས་སུ་ཟིན་པ་བཟློག་པ་དང་།། ཕུར་བུས་གདབ་དང་གསད་པ་དང་།། རྟག་ཏུ་སྒྲུབ་པ་བྱེད་པ་དང་།། སྣ་ཚོགས་སྔགས་རིམ་ཇི་བཞིན་དང་།། ཇི་བཞིན་རྣལ་འབྱོར་མ་བསྐྱེད་དང་།། དཔལ་ཆེན་ཧེ་རུ་ཀ་ཡི་ནི།། ། ་བསྤྱད་པ་དང་ནི་གནས་བརྒྱད་དང་།། དངོས་དང་དངོས་མེད་སྤྲོས་མེང་དང་།། སྲིད་དང་སྤྱོད་ཅིང་དགོས་མེད་དང་།། དགོངས་པས་བཤད་པ་མཆོག་ཆེན་དང་།། རྣལ་འབྱོར་མ་ཡི་མཆོག་ཆེན་དང་།། རྣལ་འན། ་མ་ཡི་འདུས་པ་དང་།། ནུས་པ་རྣམ་པ་མང་གསུངས་པ།། ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར།། གཟུགས་བརྙན་དག་པ་ཉིད་དང་ནི།། དེ་བཞིན་བསྟན་པ་སྦྱོང་བ་དང་།། དུར་ཁྲོད་འཇིགས་པ་ཆེ་བཟང ་དང་། ། རོ་ལངས་སྒྲུབ་ལ་སོགས་པ་དང་།། སྟོབས་པོ་ཆེ་རྣམས་དགུག་པ་དང་།། དེ་བཞིན་འཇིག་རྟེན་གསུམ་དགུག་དང་།། རིམས་ཀྱི་གདུང་བ་འཇིགས་ཆེན་དང་།། དགྲ་ཡི་ལ་སོགས་བཅིངས་པ་དང་།། ་དེ་བཞིན་གསད་དང་བསླུ་བ་དང་།། མི་སྣང་བྱེད་པ་མཆོག་དང་ནི།། མིག་སྨན་དང་ནི་རིལ་བུ་ཉིད།། བཅུད་ལེན་རལ་གྲི་ཉིད་དང་ནི།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། ཐོད་པ་ཙམ་གྱིས་འགྲུབ་པར་འགྱུར།། ། ་མི་སྣང་བ་ནི་མཆོག་ཆེན་དང་།། སྣ་ཚོགས་སྒྱུ་འཕྲུལ་རྣམ་འཕྲུལ་དང་།། རང་གི་གཟུགས་ནི་བསྒྱུར་བ་དང་།། གཞན་གྱི་ལུས་ལ་གཞུག་སོགས་དང་།། སངས་རྒྱས་བྱེ་བས་རབ་བསྲུངས་པའི།། སངས་རྒྱས ་བུ་མོ་མཆོག་ཆེན་རྣམས། ། ཁྲོས་པ་ཙམ་གྱིས་འགུགས་བྱེད་ན།། གཞན་དག་སྨོས་ལྟ་ཅི་ཞིག་དགོས།། མིག་འཕྲུལ་བྱེད་པ་ཉིད་དང་ནི།། དགེ་མཚན་རྣམ་པ་མང་ཤེས་པ།། འདོད་པ་ལྔ་ནི་བསྟེན་བཞིན ་པས། ། འདི་རུ་འགྲུབ་པར་གདོན་མི་ཟ།། འཇིགས་ཤིང་འཇོམས་པའི་རྩོད་ཆེན་པོ།། གཅིག་གིས་འབུམ་ལས་རྒྱལ་བར་བྱེད།། སྐྱེས་པ་གཅིག་གིས་འདོད་ཆེན་གྱིས།། བུད་མེད་འབུམ་ཕྲག་འཛག ་བྱེད་ཅིང་། ། རྡོ་རྗེ་བྱེད་པ་རྙེད་དཀའ་བ།། གཅིག་གིས་ཐམས་ཅད་འདོད་པ་སྤྱང་།། དེ་ནས་གཞན་ཡང་རབ་བཤུང་བ།། མཁའ་ལྡིང་སྦྱོར་བ་རིམ་ཇི་བཞིན།། རྒྱུད་ཀུན་ཏུ་ཡང་རྙེད། ་དཀའ་བ།། མུ་སྟེགས་རྣམས་ཀྱི་ཡུལ་མིན་པ།། རླུང་གཞན་དུ་ཡང་མ་གསུངས་སོ།། སངས་རྒྱས་ཐོང་པའི་གཞུང་ཇི་བཞིན།། རྡོ་རྗེ་མགོན་པོས་གསུངས་པ་ཡི།། མཁའ་ལྡིང་ཤིན་ཏུ་རྨད་བྱུང ་བ། འཇིག་རྟེན་གསུམ་ན་རྙེད་དཀའ་བའི།། སྦྱོར་བ་རྣམ་པ་བཅོ་བརྒྱད་གསུངས།། ཤ་ལི་ཀ་ཡི་སྦྱོར་བ་དང་།། རིག་པ་འཛིན་དང་རྒྱན་པོ་འགྱེད།། རྔ་རྡུང་བུད་མེད་འཕྲོག་པ་དང་།། ཤིན ་བསྣུན་ཞགས་པས་འཆང་བ་དང་། ། ཁུ་བྱུག་པདྨས་འབྱེད་པ་དང་།། རྟག་བྱེད་ཆུ་བླུགས་དུང་འབུད་དང་།། ཐོད་ལེ་ཀོར་འཕྲོག་སྐྱུག་པ་དང་།། རས་གཡོག་ཐལ་ལྕག་བརྡབ་པ་དང་།། ཡིག ་གསུམ་བསམ་གཏན་གྱི་ནི་གཏམ། ། འདི་རྣམས་ཀྱིས་ནི་དགུག་པར་བྱ།། མཁའ་ལྡིང་སྦྱོར་བ་བཅོ་བརྒྱད་དོ།། འཇིག་རྟེན་གསུམ་ན་རབ་རྙེད་དཀའ།། སེམས་ཅན་རྣམས་ལ་ཕན་བྱེད་པ།། རྡོ་རྗེ ་མགོན་པོ་ཉིད་ཀྱིས་གསུངས། ། དེ་ནས་གཞན་ཡང་རབ་བཤད་པ།། མཆོག་གི་ཡེ་ཤེས་ཇི་བཞིན་པ།། བྷ་གའི་དབུས་སུ་རྣམ་པར་བཞུགས།། བདེ་བ་ཆེན་པོ་སྟེར་བྱེད་པ།། དེ་ཉིད་དུ་ནི་ཀུན་གནས ་ཀྱང་། ། བྱིས་པ་རྨོངས་པས་མི་ཤེས་སོ།། དེར་ནི་བཅུད་དང་བཅུད་ལེན་ཏེ།། དེ་ཉིད་དུ་ནི་སངས་རྒྱས་བཞུགས།། དེར་ནི་དཀྱིལ་འཁོར་བཟང་པོའོ།། དེར་ནི་སློབ་མ་དབང་བསྐུར་བའོ།། དེར་ནི་ཧེ་རུ་ཀ ་དཔའ་བོ། ། ཉི་ཤུ་རྩ་བཞིའི་དབང་གཙོ་བོ།། དེར་ནི་ནམ་མཁའ་ལྡིང་འཇིགས་པ།། དེ་ཉིད་དུ་ནི་རོ་ལངས་བསྒྲུབ།། དེར་ནི་དུར་ཁྲོད་བརྒྱད་པོ་རྣམས།། སྐད་ཅིག་ཙམ་གྱིས་བསྐྱེད་པའི་རྒྱུ།། དེར་ནི ་སངས་རྒྱས་བདག་ཉིད་ཆེ། ། སྟོང་ཕྲག་གསུམ་ནི་རྣམ་པར་བཞུགས།། དེར་ནི་འཇིག་རྟེན་ཁམས་ཀུན་ཏེ།། དེ་ཉིད་བཅོམ་ལྡན་འདས་ལྷ་མོ།། སངས་རྒྱས་ལ་སོགས་བསྐྱེད་པའི་ཡུམ།། བྱང་ཆུབ ་སེམས་དཔའ་དཔལ་ཆེན་པོ། ། ཤེས་རབ་ཕ་རོལ་ཕྱིན་དཔུང་གཉེན།། དེ་ཉིད་བསོད་ནམས་ཀུན་སྟེར་མ།། དེ་ཉིད་ཐར་པ་སྟེར་བྱེད་མ།། ཕྱག་རྒྱ་ཆེན་པོ་གྲགས་ཆེན་པོ།། དངོས་གྲུབ་ཀུན་ནི་འདོད ་བྱེད་མ། ། མ་དང་ཚ་མོ་སྲིང་མོ་དང་།། བུ་མོ་བུད་མེད་རབ་བརྟན་མ།། ཤེས་རབ་མཉེས་ཤིང་འཇིགས་བྱེད་མ།། འགྲོ་དྲུག་བདེ་སྡུག་བག་ཆགས་བཅས།། འཁོར་བ་མྱ་ངན་འདས་ཉིད་དང་།། བདག ་ཉིད་ཆེན་པོ་དེ་ཉིད་དེ། ། རྣམ་རྟོག་ཀུན་ཏུ་རྟོག་པ་ཉིད།། དེ་བཞིན་འཆར་དང་ནུབ་པ་དང་།། ཉིན་མཚན་མལ་སྟན་བཟའ་བ་དང་།། ངེས་པའི་བརྟུལ་ཞུགས་རྩིས་དང་གྲངས།། རྣམ་པར་མི་རྟོག ་ཡང་དག་རྟོག། དམན་དང་མཆོག་དང་བར་མ་དང་།། གཞན་དང་གང་དང་དེ་དང་ནི།། དེ་ཉིད་བདག་ཉིད་ཆེན་པོ་གཅིག། སེམས་ཅན་ཀུན་ལ་བདེ་བ་འབབ།། དེ་ལྟར་ཐོས་ནས་ཕྱག་ན་རྡོ་རྗེ་ལ་སོགས ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འདོད་ཅན་མ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་རྣལ་འབྱོར་མ་རྣམས་དགའ་བའི་སྤྱན་གདངས་ནས་སྣ་ཚོགས་སྡེ་མ་ལ་ཡང་དང་ཡང་དུ་བཏུད་དེ། ་འདི་ལྟར་གསོལ་ཏོ།། ཨེ་མའོ་སྣ་ཚོགས་སྡེ་མ་རྣལ་འབྱོར་མ།། སེམས་ཅན་ཀུན་ལ་བདེ་འབབ་མ།། གླེགས་བམ་དོན་དང་ལྡན་གང་ཞིག། དེ་ཀུན་སངས་རྒྱས་བྱིན་བརླབས ་བཤད། ། དེ་ནས་ཕྱག་ན་རྡོ་རྗེའི་ཕྱག་གཉིས་གླང་པོ་ཆེའི་ལག་པ་ལྟར་རབ་ཏུ་བརྐྱང་སྟེ། གླེགས་བམ་ཡང་དག་པར་བླངས་སོ།། དེ་ནས་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི ་གནས་སུ་དོན་དང་བཅས་པའི་གཞུང་ཞུ་བར་གྱུར་ཏོ། ། ཕྱག་ན་རྡོ་རྗེའི་སྙིང་ཀ་ནས་བྱུང་སྟེ། སྣ་ཚོགས་སྡེ་མའི་ཐུགས་སུ་ངལ་བསོས་སོ།། དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས་རྣལ་འབྱོར ་མཆེན་མོ་ལ་འདི་ལྟར་གསོལ་ཏོ། ། སྔགས་ཀྱི་བཟླས་པ་གང་ཞིག་ལགས།། ལས་ཀྱི་ཚོགས་རྣམས་ཇི་ལྟར་འགྲུབ།། སྔོན་དུ་བསྙེན་པ་གང་ཞིག་ལགས།། མཁའ་ལྡིང་འགྲུབ་པའི་ངེས་པ་གང་། ་དངུལ་ཆུ་བཅུད་ལེན་སྣ་ཚོགས་པ།། དངོས་གྲུབ་སྟེར་བྱེད་གང་ཞིག་ལགས།། སྦར་དང་མནན་པ་གང་གསུངས་དང་།། དུས་དང་བྱ་བའི་ངེས་བཅས་དང་།། དངོས་གྲུབ་ཐོབ་དུས་གང་ཞིག་ལགས།། ་སངས་རྒྱས་ཇི་ལྟ་བུ་རུ་བརྗོད།། དེ་བཞིན་ཐོང་བ་ཇི་ལྟ་བུ།། སྣ་ཚོགས་སྡེ་མའང་ཇི་ལྟ་བུ།། ཐེག་པ་ཆེན་པོ་ཇི་ལྟ་བུ།། རྣལ་འབྱོར་མ་ཡི་རྣམ་ངེས་ཅི།། གསུངས་པ། རྒྱུད་འདིར་སྔོན་དུ་བསྙེན་པ་མེད། ་དེ་བཞིན་ཡུལ་དང་དུས་ཚེས་དང་།། གཟའ་དང་རྒྱུ་སྐར་སྦྱོར་མེད་པ།། བློ་དང་ལྡན་པས་རྟག་ཏུ་བསྟེན།། དུས་དང་བྱ་བའི་ངེས་མི་བྱ།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། ཐོས་པ་ཙམ་གྱིས ་འགྲུབ་པར་འགྱུར། ། སངས་རྒྱས་རྡོ་རྗེ་ཞེས་སུ་གསུངས།། ཐོད་པ་གྲུ་གསུམ་ཡང་དག་འབྱུང་།། སྦྱོར་བ་དང་ལྡན་ཇི་ལྟ་བུ།། སྦྱོར་བ་གསང་བར་གནས་པའི་རྩ།། དེ་ཡི་སྣ་ཚོགས་ངོ་མཚར་བྱེད།། ་སྡེ་ནི་བདེ་ཆེན་ཡེ་ཤེས་སོ།། འདི་ཉིད་ཐེག་པ་ཆེན་པོ་སྟེ།། རྣལ་འབྱོར་མ་ཡི་རྩ་ལས་བྱུང་།། དེ་ནི་རྨད་བྱུང་ཆེ་མཆོག་སྟེ།། སངས་རྒྱས་ཐོད་པའི་སྦྱོར་བ་ཉིད།། དེ་ཉིད་ཧེ་རུ་ཀ་དཔའ་བོ།། ་འཁོར་བའི་འཇིགས་ལས་སྒྲོལ་བྱེད་པ།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། སངས་རྒྱས་ཀུན་གྱིས་བདེ་བ་འབབ།། རྣལ་འབྱོར་ཆེན་མོ་སྣ་ཚོགས་བདེ།། དཔའ་དབང་བདག་མོ་དབང། ་ཕྱུག་མ།། དེ་ཡི་ཐོད་པའི་དཀྱིལ་འཁོར་ལ།། སྔགས་དང་རྒྱུད་ནི་རྣམ་པར་གནས།། དེ་ཡི་ཡེ་ཤེས་བཟང་པོ་ནི།། ལྷན་ཅིག་སྐྱེས་པ་དག་ལས་བྱུང་།། དེ་ནི་རིག་པའི་དབང་ལྔ་དང་།། ་སངས་རྒྱས་བདུན་གྱི་མཚན་ཅན་ཏེ།། སྣ་ཚོགས་སྦྱོར་དང་ཚེ་འཕེལ་དང་།། དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། འགྲུབ་པར་འདིར་ནི་གདོན་མི་ཟ།། མན ་ངག་ལམ་ལས་གང་ཤེས་པ། ། བླ་མའི་དྲིན་ལས་ཤེས་པར་བྱ།། སངས་རྒྱས་ཐོད་པའི་རྒྱུད་ཆེན་པོ་རྣལ་འབྱོར་མ་རྣམས་ཀྱི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས། དངོས ་གྲུབ་ཐམས་ཅད་དང་། ཡེ་ཤེས་གཏན་ལ་དབབ་པ་དང་། ཐོད་པ་ཁ་ཕྱེ་བ་ལས་གླེགས་བམ་བྱུང་བའི་ལེའུ་སྟེ་དང་པོའོ།། དེ་ནས་ཡང་དག་རབ་བཤད་པ།། སྔགས ་ལེའུ་ཇི་བཞིན་གསུངས་པ་སྟེ། ། མཁའ་འགྲོམ་མོ་འབྱུང་པོ་རྣམས།། སྔགས་གང་གིས་ནི་འགྲུབ་འགྱུར་བ།། དེ་ནི་བདག་གིས་རབ་བཤད་ཀྱིས།། ཁྱོད་ཀྱིས་དད་པ་བརྟན ་པས་ཉོན། ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏ་ཊ་སྥོ་ཊ་ཡ་སརྦ་ཤུ་བྷ་པྲ་དཱ་ཡི་ནི་ཧཱུཾ་ཕཊ། སྤོས་དབུལ་བའི་སྔགས་སོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་མ་ཊ་མ་ཊ་ཨ་སྭཱ་ཧཱ། མེ་ཏོག་དབུལ་བའི་སྔགས་སོ།། ཨོཾ་མ་ཧཱ་ཀ་པཱ་ལ ་བཛྲི་པ་ར་བ་ར་ཏ་ཊ་ཏ་ཊ་སྟ་ཊ་ཡ་སྟ་ཊ་ཡ་མ་ཊ་མ་ཊ་ཧཱུཾ་ཧེ་ཧྲཱིཿསྭཱ་ཧཱ། དྲི་དབུལ་བའི་སྔགས་སོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བ་ར་བ་ར་ཏ་ཊ་ཏ་ཊ། སྟ་ཊ་ཡ་སྟ་ཊ་ཡ་མ་ཊ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ་། མ་ར་མེ་དབུལ་བའི་སྔགས་སོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི། གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཁཱ་ཁཱ་ཧཱུཾ། ལྷ་བཤོས་དབུལ་བའི་སྔགས་སོ།། ཨོཾ་མ་ཧཱ་ཀ་པཱ་ལི་ནི་བཛྲ་དྷརྨ་དྷརྨ་མེ་གྷེ་བ་རེ་པྲ་བ་རེ་བ་ར་བ་ར་ཀ་ར ་ཀ་ར། ཏ་ཊ་ཏ་ཊ་ཧ་ཧེ་སྭཱ་ཧཱ། གོས་དབུལ་བའི་སྔགས་སོ།། ཨོཾ་ཧཱཾ་ཧོ་ཧཽ་ཧོ་ཧཽ་ཧཾ་ཧ། གོ་ཆའི་སྔགས་སོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨ་ཁཾ་ཀྲོ་དྷུ་ཤྲཱི་ཨཿ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྤྱན་དྲང་བའི་སྔགས་སོ།། ་། ཨོཾ་མ་ཧཱ་ཀ་པཱ་ལི་བཛྲི་ཎི་གཙྪ་གཙྪ་ཨུ་ཏིཥྛ་ཨུ་ཏིཥྛ། ཛ་ཛ་ཛ་ཧ་ཛ་ཛཾ་ཛེ། ཏྲཻ་ལོ་ཀྱོ་བི་རྦ་པཱ་ཎི་ཧཱུཾ་ཕཊ། གཤེགས་སུ་གསོལ་བའི་སྔགས་སོ།། ཨོཾ་མ་ཧཱ་ཀ་པཱ་ལ་བཛྲེ་ཙི་ཏྲ་སུ་ཙི་ཏྲེ་ཨ་ལམྦ་ནེ་ཕྲི་ན་ཡཱ། ་སརྦ་བྷཱུ་ཏ་ན་མ་ར་ཎ་ཀཱི་ལ་ཡ་དུཥྚཱན་ཨུ་ཙུ་ཊ་ཡ་སརྦ་བིགྷྣཱཾ་བི་དྲ་པ་ཡ་བྷ་ག་བ་ཏི་ཡཀྵ་རཀྵ་ས་པི་ཤཱ་ཙན་ཤོ་ཥ་ཡ་ཏ་ཊ་ཡ་སཔྟ་པཱ་ཏཱ་ལ་ག་ཏན། ས་ར་ས་ར། པྲ་ས་ར་པྲ་ས་ར། ནཱུ་ཧཱུཾ་ཧཱུཾ། ཕཊ ་ཕཊ་ཕཊ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ།། འབྲས་སཱ་ལུ་བླངས་ཏེ་འོ་མས་བཀྲུས་ལ་བུ་མོ་གཞོན་ནུ་མས་དེ་ཤིན་ཏུ་ཞིབ་པར་བཏག་པར་བྱ། དེའང་ཤེས་རབ་ཅན་གྱིས་གཟུགས ་བརྙན་བྱས་ཏེ། ཞལ་གཅིག་ཕྱག་བཞི་པ་གཞུང་བཞིན་ཅང་ཏེའུ་དང་། ཁ་ཊྭཱཾ་ག་དང་། རལ་གྲི་དང་། ཐོད་པ་འཛིན་པའོ།། དེ་ནས་རོ་བསྲེགས་པའི་སོལ་བ་ཕྱེ་མར་བྱས་ལ་རྡོ་རྗེ་གཙུག་གིས་མཉ ་བར་བྱའོ། ། དེ་ནས་དེས་གཟུགས་བརྙན་ལ་བྱུག་པར་བྱའོ།། མེ་ཏོག་དཀར་པོས་མཆོད་པར་བྱས་ཏེ། སངས་རྒྱས་ཐོད་པའི་རྣལ་འབྱོར་པས་ཧེ་རུ་ཀའི་རྣམ་པའི་སྦྱོར་བས་སྔགས་བརྒྱ་རྩ་བརྒྱད་བཟླས ་པར་བྱའོ། ། ཨོཾ་མ་ཧཱ་བཛྲ་ཧེ་རུ་ཀ་བཛྲེ། དྷ་ར་དྷ་ར། དྷུ་རུ་དྷུརུ། མ་ཧཱ་ཛྙཱ་ན་སྥོ་ཊ་ནེ་ཤཱི་གྷྲཾ་སཱ་དྷ་ཡ་སྟཾ་བྷ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། སྔགས་འདི་ཆུ་ལ་ལན་བདུན་དུ་མངོན་པར་བཟླས་ཏེ་གཟུགས་བརྙན་དེ ་བཀྲུ་བར་བྱའོ། ། ཆུ་དེས་རང་གི་གདོང་བཀྲུས་ན་མི་སྣང་བར་བྱེད་དེ། ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ་འོ།། ནགས་ཀྱི་ནང་དུ་སྟག་གིས་ཀྱང་མི་མཐོང་ངོ་།། གཞན་དག་གིས་ཀྱང་དེ་མཐོང་བར་མི་འགྱུར ་རོ། ། སྲོག་ཆགས་འབུམ་གྱི་ནང་དུ་སོང་ན་ངོ་མཚར་སྣ་ཚོགས་བྱེད་དོ།། གང་གིས་ཀྱང་མི་མཐོང་ངོ་།། ལྷའི་བུ་མོ་འཕྲོག་ཅིང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་།། འོ་མས་གདོང་བཀྲུས་པ་ཙམ་གྱིས་ནི ་མཐོང་བར་འགྱུར་རོ། ། གཟུགས་བརྙན་དེའི་སྙིང་ཀར་ཤིང་འབའ་བོ་ལས་ཕུལ་ཏེ། དུར་ཁྲོད་ཀྱི་མེ་ལ་འབའ་བོ་ལས་དང་ཚངས་པ་རྡོ་རྗེས་རབ་ཏུ་སྦར་ལ། དེའི་ཐལ་བ་ཡང་དག་པར་བླངས་ཏེ། ་ཁམ་པོར་དུ་གཞག་པར་བྱའོ།། ཡང་ན་བཛྲའི་སྡོང་དུའོ།། སྔགས་འདི་བརྒྱན་བརྒྱད་དུ་མངོན་པར་བཟླས་པར་བྱའོ།། ཨོཾ་པྲདྷ་ཀ་པཱ་མི་ནཥྚཛྫ། ཨོཾ་བཛྲ་བི་མི་སནཱ་དྷ། ་ཨོཾ་ཀ་མི་ནི་ཁི་ཧཱུཾ། ཨོཾ་པཱ་ཏཱ་ལཱ་བ་སཱི་ནཱཾ་ཨཿཧཱུཾ། ཨོཾ་ཙི་ཏྲཿསེ་ནཱ་ས་མ་ཡ་ཏིཥྛ་ཡ་ཧྲཱིཿཧཱུཾ། སྔགས་འདི་དག་ནི་སངས་རྒྱས་རྣམས་ཀྱིས་ཀྱང་ཤིན་ཏུ་རྙེད་པར་དཀའ་འོ།། ཐལ་བ་དེ་དང་རྡོ་རྗེ་གཙུག་གིས ་ལུས་བྱུག་པར་བྱས་ན། ཇི་སྲིད་དུ་ལུས་ལ་མཚོན་ཆས་ཕོག་པ་དེ་སྲིད་དུ་མི་ཚུགས་སོ།། སླར་ཞིང་དགྲ་ཐམས་ཅད་ཀྱི་མགོ་བོ་འཆད་པར་འགྱུར་རོ།། གང་སྡང་བ་ལ་བལྟས་ན་དེ་ལོང་བར་འགྱུར་རོ།། ་གང་ཞིག་སྡང་བའི་སེམས་འཛིན་པ་དེ་སྨྱོ་བར་འགྱུར་རོ།། ཐལ་བ་དེ་ཉིད་དང་མར་ཁུ་བཟང་པོས་མིག་བྱུགས་ན་དཔག་ཚད་སྟོང་མཐོང་བར་འགྱུར་རོ།། གང་ཅིའང་རུང་བའི་སའི་འོག་ན་གནས་པའི ་གཏེར་དཔག་ཚད་སྟོང་གི་འོག་ཏུ་སོན་པོའི་དངུལ་དང་། གསེར་དང་། རིན་པོ་ཆེ་གང་ན་ཡོད་པ་དེ་ཐམས་ཅད་ལ་སྲན་ལག་གིས་སྡིགས་མཛུབ་བྱས་པ་ཙམ་གྱིས་ཐམས་ཅད་མདུན་དུ་ལྷགས ་ཏེ་གསོལ་བ་འདེབས་སོ། ། ཀྱེ་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་གཏེར་ལོང་ལ་སེམས་ཅན་གྱི་དོན་གྱིས་ཤིག། དེར་གཏེར་བླངས་ན་གང་འདོད་པ་དེ་བྱེད་དོ།། ཐལ་བ་དེ་དང་གོ་ར ་ཙན་ལྷན་ཅིག་བསྣོས་ཏེ། མཛུབ་མོས་མཉེས་པས་དཔུང་གི་ཚོགས་ལངས་པའི་ནང་དུ་མཛུབ་མོ་བསྐོར་བ་ཙམ་གྱིས་འབུམ་ཕྲག་སྟོང་གིས་དཔུང་རྣམས་ཁས་ཕུབ་ཏུ་ལྟུང་བར་འགྱུར་རོ།། ་གང་འདོད་པ་དེ་བྱེད་དོ།། བཀྲུས་པ་ཙམ་གྱིས་ལངས་པར་འདི་ལ་ཐེ་ཙོམ་མེད་དོ།། ཐལ་བ་དེ་དང་ཞ་ཉེའི་ཕྱེ་མ་དང་བསྣོས་ཏེ་གཅིག་ཏུ་བྱས་ལ། རྡོ་རྗེའི་གཙུག་རྗེས་སུ་བྱིན་ཏེ་ཁབ་ལེན་གྱི ་ལྕགས་ཀྱི་ཕྱེ་མ་བསྲེ་ཞིང་གསེར་གྱི་ཕྱེ་མའང་ཅུང་ཟད་བསྲེ་བར་བྱའོ། ། རྡོ་རྗེའི་ཆུའི་ཁུ་བ་དང་ལྷན་ཅིག་ཏུ་བསྣོས་ཏེ་ཟངས་མའི་སྣོད་དུ་ཉི་མ་བདུན་གྱི་བར་དུ་གཞག་གོ། དེ་ནས་མཁྲིས་པ་ཆེན་པོ་མཉེས་ཏེ ་རྟའི་ཁྲག་དང་ལྷན་ཅིག་ཏུ་བསྣོས་ལ། ཡང་སྣོད་དེ་ཉིད་དུ་ཉི་མ་གསུམ་དུ་གཞག་པར་བྱའོ།། དེ་ནས་བཏོན་ཏེ་ལྕགས་ཀྱི་སྣོད་དུ་གཞག་པར་བྱའོ།། ཟངས་མའི་སྣོད་དུ་བཞག་པ་དེ་མེའི་ནང་དུ་བཅུག་ན་གསེར ་དང་དངུལ་དུ་འགྱུར་བར་སོམ་ཉི་མེད་དོ། ། སྲང་གཅིག་ཀྱང་སྲང་སྟོང་གི་རིན་ཐང་དུ་འགྱུར་ཏེ་རིན་པོ་ཆེ་དང་འདྲ་བར་འགྱུར་རོ།། གསེར་དེ་མ་ཤ་གཅིག་དང་དངུལ་སྲང་གཅིག་བསྲེས་ཏེ་མེ་ལ་བཞུ་ན་སྲང་སུམ ་བརྒྱའི་རིན་ཐང་གི་ཚད་དུ་འགྱུར་བར་འདི་ལ་ཐེ་ཙོམ་མེད་དོ། ། འདི་ལྟ་བུའི་སྦྱོར་བ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་རྙེད་པར་དཀའ་འོ།། འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ ་སྙིང་རྗེ་དང་ལྡན་པའི་བདག་ཉིད་ཆེན་པོ་སྟོབས་ཆེ་བ་དེ་རྣམས་ཀྱིས་ཀྱང་སྦྱིན་པར་མི་ནུས་སོ། ། འདི་ཡི་སྦྱོར་བ་རྙེད་དཀའ་བ།། སངས་རྒྱས་ཐོད་པའི་རྒྱུད་དུ་གསུངས།། རྒྱུད་གཞན་རྣམས་སུ་སྦས་པ་ཡིན།། ་འདུས་སོགས་རྣལ་འབྱོར་རྒྱུད་དུ་ནི།། སྦྱོར་བ་རྣམ་པ་མ་གསུངས་པ།། གང་ཚེ་སྔོན་དུ་བསྙེན་དེའི་ཚེ།། དེ་ཡི་སྦྱོར་བས་ཅི་ཞིག་བྱ།། བསོད་ནམས་དམན་པའི་སེམས་ཅན་གང་།། མཚམས ་མེད་ལྔ་ནི་བྱེད་པ་ཡང་། ། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། འདི་ལྟའི་སྦྱོར་བ་འགྲུབ་པར་འགྱུར།། དངོས་པོ་དེ་ཡིས་བློ་ཆེན་རྣམས།། སེམས་ཅན་དོན་ལ་གཅིག་ཏུ་བརྩོན།། ་སྲང་གཅིག་གིས་བསྲེས་བྱེ་བའི་རིན།། སྦྱོར་བ་ཀུན་ཏུ་རྙེད་པར་དཀང་།། སྦྱོར་བ་གླེགས་བམ་ལ་མི་བྲི།། བླ་མའི་དྲིན་ལས་ཤེས་པར་བྱ།། བླ་མས་དངོས་གྲུབ་བླ་མས་ཐར། ་བླ་མ་སྟོན་པ་རྣམས་ཀུན་པ།། དེས་ན་སློབ་མ་བློ་ཅན་གྱིས།། འབད་པས་བླ་མ་མཉེས་པར་བྱ།། ཐལ་བ་དེ་ཉིད་ཀྱིས་ལྟས་ལྟ་བའི་དོན་དུ་བུ་མོའི་མགོ་ལ་བླུགས་ཏེ་རྡོ་རྗེའི་གཙུག་གིས་བུ་མོ ་བཀྲུའོ། ། ཡང་ཐལ་བས་ཐིག་ལེ་བྱས་ལ། ཚངས་པ་རྡོ་རྗེས་མཎྜལ་གྲུ་བཞི་བྱས་ཏེ། དེའི་དབུས་སུ་བུ་མོ་གཞག་པར་བྱའོ།། བདུག་སྤོས་ལྔས་བདུགས་ཤིང་སངས་རྒྱས་ཐམས་ཅད ་ཀྱིས་བྱིན་གྱིས་བརླབས་ན་བུ་མོ་ལ་འབབ་པར་འགྱུར་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྟོན་ཏོ།། བུ་དོན་གྱི་འབྲས་ལ་སྔགས་འདི་ལན་བདུན་དུ་མངོན་པར་བསྔགས ་སོ། ཨོཾ་བུདྡྷ་ཀ་པཱ་ལི་ནི་དེ་ཧི། དེ་ཧི་དེ་ཧི་ད་དཱ་པ་ཡ་ད་དཱ་པ་ཡ་ཧེ་ཧེ་བྷ་ག་བ་ཏི་ཤཱི་གྷྲཾ་ཁད་གཾ་དྷ་ར་ཧི་བུདྡྷ་ཀ་པཱ་ལ་བཛྲ་སྱ་ཡ་ཛྙཱ་མ་ལཾ་བྷ་ཡ་ཧཱུཾ་སྟཾ་ཧྲི་ཕཊ་ཨ་ཕཊ། ཡུངས་ཀར་བསྣུན་པ་ཙམ་གྱིས་ནི། ་བུ་མོ་གྲགས་ཆེན་མ་ནི་རྒོད།། དེ་ཡི་ཁ་ནས་རལ་གྲི་བདུན།། འབྱུང་བ་ལ་ནི་ཐེ་ཙོམ་མེད།། སངས་རྒྱས་ཐོད་པའི་རྣལ་འབྱོར་པས་སྐད་ཅིག་མ་དེ་ཉིད་ལ་འགྲུབ་པར་འདིར་སོམ་ཉི་མེད་དོ།། དེ་ལྟར་རལ ་གྲི་གཅིག་གྲུབ་པས་བྱེ་བ་བརྒྱ་སྟོང་གི་རིག་འཛིན་འགྲུབ་པས་བསྐོར་བར་འགྱུར་རོ། ། འདི་ལྟ་བུའི་སྦྱོར་བ་ནི་འཇིག་རྟེན་གསུམ་ནའང་རྙེད་པར་དཀའ་འོ།། བུ་མོ་བཀྲུས་པ་ཙམ་གྱིས་རྣལ་མར་འགྱུར ་རོ། ། དེའི་ཐལ་བ་ལྕགས་གསུམ་གྱིས་དཀྲིས་ཏེ་རིལ་བུ་བྱས་ནས་ཁར་བཅུག་པ་ཙམ་གྱིས་ནི་མི་སྣང་བར་འགྱུར་རོ།། ཤེས་རབ་ཅན་གྱིས་སུམ་ཅུ་པའང་བསྐོར་རོ།། སངས་རྒྱས་ཐམས་ཅད ་ཀྱིས་ཀྱང་མི་གཟིགས་སོ། ། རིལ་བུ་ལག་པར་བླངས་པས་དངོས་པོ་གང་དང་གང་ལ་རེག་པ་ཙམ་གྱིས་དེ་དབང་དུ་འགྱུར་རོ།། ཐལ་བའི་སྦྱོར་བ་འདི་དག་ནི།། སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ། ་ཨོཾ་བུདྡྷ་ཀ་པཱ་ལ་ཛ་ཧཱུཾ་ཁཾ་རཾ་ཨ། འཇིག་རྟེན་གསུམ་སྒྲུབ་པའི་སྔགས་སོ།། ཨོཾ་བུདྡྷ་ཀ་པཱ་ལ་ནི་ཧྲཱི་ཧཱུཾ། དགྲ་རླག་པའི་སྔགས་སོ།། ཨོཾ་མཧཱ་ཀ་པཱ་ལ་བཛྲ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚཱ་ནབྷྱགྷ ་། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་ཤ་ཏྲུཾ་ཨ་ཧི་ཏྲཾ་ཧཱུཾ་ཕཊ། བསྐྲད་པའི་སྔགས་སོ།། སངས་རྒྱས་ཐོད་པའི་རྒྱུད་ཆེན་པོ་རྣལ་འབྱོར་མ་རྣམས་ཀྱི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས། ཐལ་བའི་སྦྱོར ་བ་དང་། ལས་སྣ་ཚོགས་གཏན་ལ་དབབ་པ་དང་། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། སྣ་ཚོགས་སྡེ་མ་ལ་བཏུད་དེ། ་འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་དོན་ལ་གཅིག་བརྩོན་པ།། ལེགས་སོ་བཅོམ་ལྡན་འདས་ལྷ་མོ།། འདི་ལྟའི་རབ་ཏུ་སྦྱོར་ཞེས་པ།། རྒྱུད་གཞན་དག་ཏུ་མ་གསུངས་ཤིང་།། སངས་རྒྱས ་ཀུན་གྱིས་རབ་སྨྲས་པ། ། དེ་ནི་བབད་དེ་གསལ་བར་མཛོད།། ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས།། ཝཱའི་ལེའུ་ནི་ཛི་ལྟ་བུ།། སངས་རྒྱས་ཐོད་པ་རྣལ་འབྱོར་མའི།། རྒྱུད ་དུ་ལྷ་རྣམས་དུ་ཞིག་གསུངས། ། དེ་རུ་གཟུགས་ནི་ཇི་ལྟ་བུ།། གུས་པ་ཡིས་ནི་ཉན་པར་འཚལ།། གསུངས་པ། རཾ་ལས་ཉི་མ་བསམ་པར་བྱ།། ཉི་མའི་སྟེང་དུ་ཧཱུཾ་བྱུང་བའི།། རྡོ་རྗེ་ནག ་བོ་སྲེག་པའི་བདག། རྡོ་རྗེ་དེ་ཉིད་འོད་ཟེར་གྱིས།། རབ་དྲ་བའི་མཚམས་བཅིང་ངོ་།། དེ་བཞིན་རྡོ་རྗེ་ནག་གྱུར་པ།། རྡོ་རྗེ་ས་གཞི་བསམ་པར་བྱ།། རྡོ་རྗེའི་ས་གཞིའི་དབུས་ཆུད་པར།། ཨ་ཡི ་རྣམ་པ་བདག་ཉིད་ཆེ། ། གྲུ་གསུམ་ཁམ་གསུམ་བདག་ཉིད་ཅན།། ཡི་གེ་ལཾ་གྱུར་ས་ཡི་ནི།། དཀྱིལ་འཁོར་གྲུ་བཞི་རབ་སེར་བའོ།། དེ་ཡི་དབུས་གནས་ས་བོན་ནི།། ཡི་གེ་ཨོཾ་སྟེ་ཆོས་བདག ་ཉིད། ། ཨོཾ་ལས་བྱུང་བའི་འཁོར་ལོ་ནི།། རྩ་རྣམས་ཀུན་གྱི་རང་བཞིན་ཅན།། རྣལ་འབྱོར་མ་ནི་རྣམ་པར་བཞུགས།། རྩཝ་ནི་དྲུག་ཅུ་ལ་རྒྱན་དང་།། སྤྲུལ་པ་དྲུག་ཅུ་རྩ་བཞི་འདབ།། ་དེས་ན་རྩ་བརྒྱ་ཉི་ཤུའོ།། རྡོ་རྗེ་སྐུ་ཡི་བདག་ཉིད་ཆེ།། ཤེས་རབ་ཅན་གྱིས་དེ་ལྟར་སེམས།། དེ་ཡི་དབུས་གནས་ས་བོན་ནི།། བཾ་དཀར་ཡི་གེ་ལས་བྱུང་བ།། ཆུ་ཡི་དཀྱིལ་འཁོར་ཟླུམ་པོའོ།། ་རྣམས་ཐམས་ཅད་ཆུ་ཡི་ནི།། དཀྱིལ་འཁོར་ལ་ནི་ཐིམ་པར་འགྱུར།། སླར་ཡང་བསམ་པར་བྱ་བ་ནི།། རཾ་དམར་ལས་བྱུང་མེའི་དཀྱིལ་འཁོར།། གྲུ་གསུམ་འབར་བའི་བདག་ཉིད་ཅན།། རབ་ཏུ ་འབར་བཞིན་པ་ཡི་ནི། ། རྩ་བའི་འཁོར་ལོ་ཡང་དག་བལྟ།། དེ་ནས་བསམ་པར་བྱ་བ་ནི།། ཡཾ་གྱུར་རླུང་གི་དཀྱིལ་འཁོར་ནི།། ཟླ་བ་ཕྱེད་པའི་རྣམ་འདྲ་སྔོ།། རྩ་རྣམས་རབ་ཏུ་གཡོ་བའི་གཟུགས།། ་ཐིམ་འགྱུར་འཁོར་ལོའི་རིག་པར་གསུངས།། དེ་དག་ཐམས་ཅད་ཐིམ་གྱུར་པ།། དེ་ཡི་དབུས་གནས་རྣལ་འབྱོར་པ།། དེ་ལྟར་ཤེས་པར་བྱེད་གང་ཞིག། སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། ་དེ་ནས་ཟླ་བ་བསམ་པར་བྱ།། ཟླ་བའི་སྟེང་དུ་ཉི་མའོ།། དེ་ཡི་དབུས་ཆུད་ས་བོན་ནི།། ཧཱུཾ་དང་ཨ་ཡི་རང་བཞིན་ནོ།། ཡི་གེ་ཀ་ཡིས་ཧ་བརྒྱན་ཏེ།། ཀ་ནི་ཧ་ལ་ཐིམ་པར་འགྱུར།། མི་ཕྱེད་པ་ཡི ་ཧ་དང་ཧཱུཾ། ། གཉིས་ཀའི་བདག་ཉིད་ཅན་བལྟའོ།། ཧ་ནི་མི་ཤིགས་ཤེས་རབ་ཀྱི།། བདག་ཉིད་དབུ་དང་ཡི་གེ་དག། གཉིས་ཀ་གཅིག་ཏུ་གྱུར་པ་ནི།། ཡི་གེ་ཧཱུཾ་གི་མཆོག་བལྟའོ།། ཧཱུཾ་ལས ་བྱུང་བའི་འོད་ཟེར་རྣམས། ། དེ་ཡི་བདེ་བ་ཆེ་བསྐུལ་ཏེ།། བ་མོ་ལྟ་བུའི་རི་བོང་ཅན།། ཉི་མར་ལྷན་ཅིག་ཞུ་གྱུར་ཅིང་།། དཀྱིལ་འཁོར་གཉིས་ཀ་གཅིག་གྱུར་པ།། ཉི་མའི་མཆོག་ཏུ་བལྟ་བར་བྱ།། ་ཡང་ནི་ཧཱུཾ་བྱུང་འོད་ཟེར་དེས།། རྩ་བའི་འཁོར་ལོ་ཐམས་ཅད་ལ།། རེག་མ་ཐག་པའི་མོད་ལ་ནི།། རྩ་ཡི་འཁོར་ལོ་ལས་འབབ་འགྱུར།། ཞུ་བ་དེ་ཡིས་ས་བོན་བཀྲུ།། ཧཱུཾ་གྱུར་པ་ལས་རྡོ་རྗེ་སྟེ། ་དབུས་སུ་དེ་ཉིད་ཀྱིས་བྱིན་བརླབས།། ས་བོན་རྡོ་རྗེ་ལས་བྱུང་བ།། དཔའ་བོ་ཁྲག་འཐུང་མདོག་སྔོན་པོ།། ཞལ་གཅིག་པ་ལ་ཕྱག་བཞི་པ།། གཙོ་བོ་ཧཱུཾ་ཞེས་འདོན་པ་སྟེ།། སྐྱིལ་ཀྲུང་ཕྱེད་པའི ་གར་གྱིས་གནས། ། གཉིས་ཀའང་ཁྲོ་བའི་བདག་ཉིད་ཅན།། སྟག་གི་པགས་པའི་ན་བཟབ་མནབས།། མགོ་བོ་རློན་པའི་འཕྲེང་བ་འཆང་།། བསོགས་སུ་མཆོད་ཕྱིར ་ཐོགས་པ་ཡི། ། ཤིན་ཏུ་བཞད་པས་འཇིགས་ཆེ་བའི།། གཙོ་བོ་སྙིང་རྗེའི་བདག་ཉིད་བལྟ།། དཔུང་རྒྱན་མགུལ་དོ་འཁོར་གདུབ་དང་།། གཅར་བུ་རུས་པའི་སྐ་རགས་འཆིང་།། གཡར་ཀ་བཅས ་པའི་རྐང་གདུབ་ཅན། ། མ་ལུས་བདུད་རྣམས་འཇོམས་པར་བྱེད།། རལ་པའི་ཅོད་པན་ཡང་དག་ལྡན།། སངས་རྒྱས་རྣམ་པ་ལྔ་ཡིས་བརྒྱན།། ཟླ་བ་ཕྱེད་པ་འཛིན་པའི་ལྷ།། དབུ་ལ་སྣ་ཚོགས ་རྡོ་རྗེས་མནན། ། འཁོར་ལོ་རྣ་ཆ་གདུ་བུ་དང་།། ཕྱག་རྒྱ་རྣམ་པ་ལྔ་ཡིས་མཚན།། ཐལ་བའི་རྡུལ་ཅན་འཇིགས་པར་བྱེད།། ཐོད་པ་གཏི་མུག་གིས་བརྒྱན་པའི།། དཔའ་བོ་འཁོར་བ་སྒྲོལ་བྱེད་པ། ་བྱང་ཆུབ་ས་བོན་རང་བཞིན་ནོ།། གཙོ་ཆེན་དེ་ཡེ་ཤེས་རབ་མ།། སྣ་ཚོགས་སྔ་མ་རྣལ་འབྱོར་མ།། གཅེར་བུ་མགོ་བོའི་འཕྲེང་བ་སྤངས།། རྒྱན་མེད་མཆོད་ཕྱིར་ཐོགས་མེད་མ།། བདེ་བ་ཀུན་གྱི་གཟུགས ་ཅན་མ། ། ཕྱག་གཉིས་སྐྲ་ནི་གྲོལ་བབོ།། ཧེ་རུ་ཀ་ལ་འཁྱུད་གནས་མ།། དེ་ལྟར་ཕ་རོལ་ཕྱིན་ལྷ་མོ།། ཁ་དོག་དམར་མོ་རྣམ་གསལ་མ།། ཞལ་ནི་ཤིན་ཏུ་རྣམ་འགྱུར་བ།། ཅུང་ཟད་མཆེ་བ་གཙིགས ་འཇིགས་མ། ། གཡས་ན་ཅང་ཏེའུ་གྲི་གུག་སྟེ།། གཡོ་ཁ་ཊྭཱཾ་ཐོད་པའོ།། རང་གི་ལུས་སྐྱེས་འོད་ཟེར་གྱིས།། རྩ་ཡི་འཁོར་ལོ་བསྐུལ་བར་བྱ།། དེ་ཡིས་བསྐུལ་བ་ཙམ་གྱིས་ནི།། རྩ་ཡི་འཁོར ་ལོའི་རང་བཞིན་ལས། ། འཛག་འགྱུར་འདིར་ནི་ཐེ་ཙོམ་མེད།། འཛག་པ་དེ་ལས་རྣལ་འབྱོར་མ།། བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག། མཆོད་པ་སྣ་ཚོགས་འཛིན་པ་ཡིས།། མགོན་པོ་ཧེ་རུ་ཀ་མཆོད ་དོ། རྡོ་རྗེ་མགོན་པོའི་ཤར་གནས་པ།། རྡོ་རྗེ་མཆེ་བ་མ་ཡིས་ནི།། ཐོད་པ་ཁྲག་གིས་བཀང་བཟུང་སྟེ།། གཟི་བརྗིད་ཆེན་པོ་གསོལ་བར་མཛད།། རྡོ་རྗེ་ཕོ་ཉ་བདག་ཉིད་ཆེ།། དབང་ལྡན་དུ་ནི ་ཅང་ཏེའུ་རྡུང་། ། རྡོ་རྗེ་གདུང་མ་དྲི་སྣོད་དང་།། མེ་ཡི་ཕྱོགས་སུ་རྣམ་པར་གནས།། རྡོ་རྗེ་ཅན་མ་གྲགས་ཆེན་མོ།། མཆོད་ཡོན་སྣོད་ཅན་བདེན་བྲལ་ན།། རྡོ་རྗེ་གཙིགས་མ་ལྷོ་ཡི་ནི།། ཕྱོགས ་ན་རྔ་བོ་ཆེ་འཛིན་གསུངས། ། རླུང་དུ་རྡོ་རྗེ་ལྟེ་བ་ས།། རི་བོང་ཅན་གྱི་སྣོད་འཛིན་ནོ།། ནུབ་ཏུ་རྡོ་རྗེ་འཇིགས་མ་ནི།། ཅེ་སྤྱང་ཕྱག་ན་འཛིན་པར་གསུངས།། བྱང་དུ་འདོད་ཆགས་རྡོ་རྗེ་མ།། ལྷ་མོའི་ཆགས ་པས་གཙོ་བོ་མཆོད། ། ད་ལྟར་ཧེ་རུ་ཀ་བསམས་ནས།། རྣལ་འབྱོར་མ་ནི་བརྒྱད་ཀྱིས་མཆོད།། སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ།། སྣ་ཚོགས་རོལ་མོ་མཆོག་གསུངས་དང་།། དྲི་ཞིམ་ལྔ་དང་མེ ་ཏོག་སྤོས། ། འདི་དག་གིས་ནི་གཙོ་བོ་མཆོད།། མཆོད་ཡོན་ཞལ་བསིལ་དེ་བཞིན་ཁྲུས།། གླུ་ཡི་མཆོག་ནི་རྣམ་མང་པོས།། མགོན་པོ་ཁྲག་འཐུང་བདག་ཉིད་ཆེ།། འདི་དག་གིས་ནི་མཆོད་པར་བྱ།། ་དཔའ་བོ་རྫོགས་པར་མཐོང་ནས་ནི།། རྩ་ཡི་འཁོར་ལོ་ལས་ནི་འཛག། འཛག་པ་དེ་ལས་རྣལ་འབྱོར་མ།། རྣམ་མང་བརྩེ་བ་ཆེར་ལྡན་པ།། བདེ་གཤེགས་ཀུན་གྱིས་བྱིན་བརླབས་མ།། སྣ་ཚོགས ་རྒྱན་གྱིས་རྣམ་པར་ཀླུབས། ། སྣ་ཚོགས་པ་ཡིན་བཟའ་མནབས།། གཟུགས་ནི་ལང་ཚོ་གཞོན་པས་བརྒྱན།། ལོ་ནི་བཅུ་དང་གཉིས་ལོན་པ།། ཕྱག་གཡས་བྱང་ཆུབ་སེམས ་བཀང་བའི། ། བུམ་པ་ཨ་མྲའི་ལྕུག་བཅས་བསྣམས།། ཞལ་ནི་རབ་བཞད་དང་བ་ཡིས།། ཧེ་རུ་ཀ་ནི་རྒྱལ་གྱུར་ཅིག། རྒྱལ་གྱུར་ཅིག་ཅེས་འདི་ལྟར་སྨྲ།། མགོན་པོས་མདུན་དུ་བལྟས་ནས་ནི།། དབང ་བསྐུར་མཆོག་སྟེ་གསོལ་བ་གདབ། ། བརྩེ་དང་ལྡན་པའི་གྲགས་ཆེན་མོ།། འཁོར་བའི་འདམ་དུ་བྱིང་བ་བདག། དབང་བསྐུར་བ་ཡིས་བདག་བསྒྲལ་ཕྱིར།། རྡོ་རྗེ་རྣལ་འབྱོར་མས་ཁྲུས་ཤིག། ་དཔེར་ན་བུ་ཚ་མེད་པའི་ཁྱིམ།། ཤི་བ་ཙམ་གྱིས་སྟོངས་པ་ཉིད།། དེ་བཞིན་དབང་དང་བྲལ་ན་ནི།། ཡེ་ཤེས་ཀུན་གྱིས་སྟོངས་པ་ཉིད།། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས།། རྒྱུད་དང་བྲལ་ན་རྡུང ་མི་རུང་། ། དེ་བཞིན་དབང་དང་བྲལ་ན་ནི།། སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། རྨོངས་པ་གང་ཞིག་དབང་མེད་པར།། བདག་ནི་དབང་བསྐུར་ཞེས་སྨྲ་བ།། ཇི་སྲིད་སངས་རྒྱས་བཞུགས ་ཀྱི་བར། ། སློབ་མར་བཅས་ཏེ་དམྱལ་བར་འགྲོ།། དེ་ལྟར་ཤེས་བྱ་རྣལ་འབྱོར་པས།། སླར་ཡང་བདག་ལ་དབང་བསྐུར་ཅིག། ཡང་དང་ཡང་དུ་ཕྱག་འཚལ་ཏེ།། ཐལ་མོ་སྦྱར་ནས་གསོལ་བ ་གདབ། ། གལ་ཏེ་དབང་བསྐུར་མེད་ན་ནི།། ཧེ་རུ་ཀ་རུ་བདག་གྱུར་ཅིག། དེ་ནས་རྣལ་འབྱོར་མ་དེ་རྣམས།། རྒྱལ་གྱུར་རྒྱལ་གྱུར་ཅེས་སྨྲ་ཞིང་།། བཅོམ་ལྡན་དབང་བསྐུར་ཁྲུས་གསོལ་ལོ།། ་ཕྱི་ནང་གསང་བར་བཅས་པ་ཡི།། དབང་བསྐུར་ཙམ་གྱིས་ནམ་མཁའ་ཡི།། དཀྱིལ་ནས་རྔ་ཡི་སྒྲ་གྲགས་ཅིང་།། མེ་ཏོག་ཙན་དན་ཆར་འབབ་འགྱུར།། དེ་ནས་རྣལ་འབྱོར་མ་དེ་རྣམས།། རྩ་ཡི ་འཁོར་ལོ་ལ་ནི་ཐིམ། ། སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས། ལྷ་བསྐྱེད་པ་དང་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། ་། རྡོ་རྗེ་སྡེ་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ།། ཅི་ཡི་ཕྱིར་ན་བདག་ཅག་རྣམས།། འོད་ཟེར་གྱིས་ནི་འཚལ་ཏེ་མཆིས།། བཅོམ་ལྡན་བདག་ལ་བཤད་དུ་གསོལ།། དེ་ནས ་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོས། རྣལ་འབྱོར་མ་སྣ་ཚོགས་སྔ་མ་ལ་འདི་སྐད་ཅེས་གསོལ་ཏོ།། ནོར་རྒྱས་ལ་སོགས་བདག་ཉིད་ཆེ།། ཀླུ་རྣམས་ཅིའི་ཕྱིར་དགུག་པ་ལགས།། རྣལ་འབྱོར ་ཆེན་མོ་བདག་ལ་གསུངས། ། དེ་ནས་སྣ་ཚོགས་སྔ་མའི་སྙིང་གི་འོད་ཟེར་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་ཀ་དང་སྤྱི་བོའི་མཐར་ཐུག་པར་ཞུགས་ཏེ། ཚིམ་པར་བྱས་ནས་སླར་ལོག་གོ། དེ་ནས་ཀླུ་དེ ་རྣམས་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། ལྷ་མོ་བཀའ་ནི་ཅི་ཞིག་སྩོལ།། ཀྱེ་ལགས་ཇི་ལྟ་བུ་ཞིག་བགྱི།། གསུངས་པ། མུ་སྟེགས་ལ་སོགས་མཁའ་ལྡིང་སྔགས། ་ཡེ་ཤེས་ལས་བྱུང་ཇི་ལྟ་བུ།། དུས་སུ་ཟིན་པ་ཇི་ལྟ་ཡིན།། ཇི་ལྟར་དུག་ནི་སྐྱེ་བར་འགྱུར།། སྦྲུལ་གྱིས་ཟིན་པ་ཙམ་གྱིས་ནི།། སླར་ཡང་སེམས་ཅན་འཆི་འགྱུར་ཞིང་།། ཞུས་པ། ཁྱབ ་འཇུག་དབང་ཕྱུག་སོགས་ལྷ་དང་། ། ཚངས་པ་ཚངས་པ་མདུན་ན་འདོན།། དེ་རྣམས་ལ་ནི་འཆི་འཕོ་མཆིས།། དུག་གི་ཉེས་པས་གནོད་པར་འགྱུར།། དེ་ལྟར་དུས་སུ་ཟིན ་ཅེས་སྨྲ། ། སྦྲུལ་གྱི་དུག་ནི་སེལ་བ་མེད།། དེ་བཞིན་སྦྲུལ་ལ་དུག་ནི་ཡོད།། སྦྲུལ་ཟིན་འཚོ་བ་མ་མི་འཚོ་བ།། བདེ་བྱེད་ལ་སོགས་རྫུ་འཕྲུལ་ཆེ།། ལྷ་དེ་རྣམས་ནི་དེ་ལྟར་སྨྲ།། སྟོང་པ ་སྟོང་ཉིད་ངེས་གསུངས་པ། ། བཅོམ་ལྡན་རྡོ་རྗེ་འཆང་བས་གསུངས།། ཆོས་རྣམས་ཐམས་ཅད་སྟོང་པ་ལ།། སྦྲུལ་གྱི་དུག་ནི་ཇི་ལྟར་ཡོད།། གང་གིས་འཛིན་ཅིང་གང་ཞིག་འཛིན།། ་དུས་དང་དུས་མིན་ཇི་ལྟར་འགྱུར།། ཇི་ལྟར་སྤྱོད་ཅིང་ཇི་ལྟར་བསྡུ།། གང་ཕྱིར་འཛིན་ཅིང་གང་དུ་འཛིན།། སེམས་ཅན་དུག་ཟིན་མི་འཆི་བ།། སྟོང་ཉིད་སྨྲ་བའི་ངེས་པ་ཡིན།། འདོད་ཆགས ་གཏི་མུག་སྟོང་པ་ཉིད། ། གྲགས་ཆེན་ཡུལ་ནི་སྟོང་པ་ཉིད།། ཡུལ་གྱི་རང་བཞིན་དྲི་མ་མེད།། དྲི་མ་དང་བྲལ་ཇི་ལྟར་དུག། སྦྲུལ་གྱིས་ཀྱང་ནི་ཅི་ཞིག་བྱེད།། ཐ་མལ་པ་ཡི་ཡུལ་ནི་སྦྲུལ།། ་ཡུལ་གྱིས་ཉེས་པ་དུག་ཉིད་དོ།། ལྷ་རྣམས་ཡུལ་རྣམས་ཀྱིས་ནི་བསྒྲིབས།། ཐམས་ཅད་དུས་སུ་ཟིན་པ་ཡིན།། ཡུལ་གྱི་ཉེས་པ་སྦྱངས་པ་ཉིད།། སྟོང་པ་ལོངས་སྤྱོད་གོས་མི་འགྱུར།། སངས ་རྒྱས་ཐོད་པའི་རྣལ་འབྱོར་པས། ། འདོད་ཀུན་ཉེ་བར་ལོངས་སྤྱོད་བྱ།། རི་གེགས་སྦྱོར་བ་རྙེད་དཀའ་དང་།། སངས་རྒྱས་ཐོད་པའི་སྦྱོར་ལྡན་པས།། འདིར་ནི་ཀླུ་རྣམས་ཐམས་ཅད་ལྤགས།། ་ཕྱིར་རབ་ངེས་ལྷ་མོ་ཀྱེ།། དུས་ཟིན་ཐེ་ཙོམ་མེད་པ་རུ།། བློ་མེད་མུ་སྟེགས་ཅན་དེ་སྨྲ།། འདི་ལྟར་སྨྲས་ཏེ་ཀླུ་རྣམས་ཀྱིས།། སྣ་ཚོགས་སྡེ་མར་ཕྱག་འཚལ་ཏེ།། རང་རང་གི་ནི་གནས་སུ་དོང་།། དེ་ནས།། ་བཅོམ་ལྡན་འདས་མས་ཡུལ་གྱི་ཉེས་པ་སྤོང་བའི་སྔགས་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཧཾ། སྟོང་དང་སྟོང་མིན་མཐའ་དག་བཅས།། སྒྱུ་མ་རྨི་ལམ་ལྟ་བུར་གཅིག། ་འཇིག་རྟེན་མཐའ་དག་བརྫུན་གྱིས་བཅིངས།། ཀྱེ་ལགས་བཤེས་མོ་འདི་ལྟར་ལྟོས།། དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས། བཅོམ་ལྡན་འདས་མའི་ཞབས་ལ་སྤྱི་བོས་གཏུགས ་ཏེ་འདི་སྐད་ཅེས་གསོལ་ཏོ། ། རི་སྐེགས་སྦྱོར་བ་རྙེད་དཀའ་བ།། ལྷ་མོ་ཡི་ནི་བཤད་དུ་གསོལ།། སེམས་ཅན་དོན་ལ་གཅིག་ཏུ་འབད།། དེ་རུ་བདག་ལ་ལྟད་མོ་མཆིས།། གསུངས་པ།། ་དཀྱིལ་འཁོར་མེད་པར་སྦྱིན་མི་བྱ།། སློབ་མ་བསྡུ་བར་མི་བྱའོ།། གཙོ་བོས་ཇི་ལྟར་གསུངས་པ་ཡི།། དཀྱིལ་འཁོར་ལས་ནི་སྨྲ་བར་བྱ།། མཐོ་ལྔ་པ་ཡི་ས་བཟུང་སྟེ།། ཁོར་ཡུག་ཏུ་ནི ་གྲུ་བཞིའོ། ། དེ་ཡི་ཕྱེད་ཀྱི་ཟླུམ་པོ་ལ།། བརྒྱད་ལས་འདམ་སྐྱེས་འདབ་མ་བརྒྱུད།། ཨོཾ་ཧཱུཾ་ཧྲཱིཿཧཱུཾ་ཁཾ་ཧཱུཾ་ཨ་ཧཱུཾ་ཏིཥྛ་ཏིཥྛ་བཛྲ་ས་མ་ཡ་ཨ་དྷིཥྛ་ཡེད། ས་སྦྱང་བའི་སྔགས་སོ།། བཛྲ་ཧེ་རུ་ཀ་བཛྲ་ས་མ ་ལ་ཧྲི་སརྦ་དུཥྚ་ས་མ་ཡ་མུ་དྲཱ་པྲ་བྷཾ་ཛ་ཧ་ཧཱུཾ་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཧཱུཾ་ཕཊ། ས་སྦྱང་བའི་དུས་སུ་གཏོར་མ་གཏང་བའི་སྔགས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨི་དཾ་སཱུ་ཏྲ་ཏིཥྛ་མ་ཙ་ལ་ཧེ་ཧེ་བུདྡྷ་ཀ་པཱ ་ལ་བཛྲ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཐ་ཐ། སྔགས་འདིས་ལན་བདུན་དུ་སྲད་བུ་ལ་མངོན་པར་བསྔགས་པར་བྱའོ།། ཐིག་སྐུད་ཀྱི་སྔགས་སོ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས ་བཞི་དང་ཡང་དག་ལྡན། ། ཁ་ཁྱེར་སྣམ་བུ་སྤངས་པ་ལ།། བ་དན་རྣམ་པ་བརྒྱད་ཀྱིས་བརྒྱན།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། རྡུལ་ཆེན་གཞན་དང་འདྲེས་མེད་པའི།། རྡུལ་ཆེན་དམར ་པོར་རྫོགས་པར་བྱ། ། དེ་རུ་བུམ་པ་བཞི་པོ་རྣམས།། གྲཝ་དང་གྲཝ་རུ་རྣམ་པར་གཞག། བུམ་པར་མཚན་མ་བྲི་བྱ་བ།། ཐོད་པ་དང་ནི་ཁ་ཊྭཱཾ་ག། གྲི་གུག་དང་ནི་ཅང་ཏེའུ་དང་།། ཅང་ཏེའུ་གནས་སུ ་རྡོ་རྗེ་བྲི། ། རྡོ་རྗེའི་སྟེང་དུ་འདམ་སྐྱེས་ཏེ།། དེ་ལྟར་བུམ་པར་བྲིས་བྱས་ནས།། ཆུ་ཡིས་ཡོངས་སུ་དགང་བར་བྱ།། བུམ་པ་ལ་ནི་རས་ཀྱིས་བརྒྱན།། རིན་ཆེན་རྣམ་པ་ལྔ་གཞུག་ཅིང་།། བུམ་པར ་ཀུན་ནས་འབྲུ་ལྔ་དང་། ། ཨ་མྲའི་ལྕུག་མས་དགབ་པར་བྱ།། དེ་ནས་འོ་མའི་སྣོད་བཞག་སྟེ།། དེ་རྗེས་སློབ་དཔོན་བློ་ཆེན་གྱིས།། སངས་རྒྱས་ཐོད་པའི་སྦྱོར་དང་ལྡན།། པདྨའི་སྟེང་དུ་ཉི་མ་སྟེ།། ་ཉི་མའི་སྟེང་དུ་ཧཱུ~ཾ་ཡིག་བསམ།། ཧཱུ~ཾ་གྱུར་པ་ལས་རྡོ་རྗེ་ནི།། སྔོན་པོ་ཧཱུཾ་གི་བདག་ཉིད་སྐྱེས།། ཧཱུཾ་དང་རྡོ་རྗེ་བྱུང་དཔའ་བོ།། ཧེ་རུ་ཀ་ནི་བདག་ཉིད་ཆེ།། སྐུ་མདོག་སྔོན་པོ་ཕྱག་བཞི་པ།། གཙོ་བོ་ཆེན ་པོ་ཞལ་གཅིག་པ། ། གཡས་ནི་གྲི་གུག་ཐོད་པ་སྟེ།། གཡོན་ན་ཁ་ཊྭཱཾ་རྡོ་རྗེའོ།། སྲུ་ལ་སི་ཡི་རུས་པས་བརྒྱན།། ཀླུ་རྣམས་སྐྲག་པར་བྱེད་པ་པོ།། སྐྱིལ་ཀྱང་ཕྱེད་པའི་གར་གྱིས་བཞུགས།། གཅེར ་འཇིགས་བྱེད་རང་བཞིན་ཏེ། ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། དབུ་སྠཱ་སེར་ཞིང་གྱེན་དུ་འབར།། ཐོད་པས་སྤྱི་བོ་བརྒྱན་བྱས་པ།། ས་འོག་བདུན་ནི་འཁྲུག་པར་བྱེད།། དཔའ་བོ་དེ་ལྟར་བསམ ་པར་བྱ། ། ཕྱིས་ནི་ཕྱོགས་ཀྱི་འདབ་མ་ལ།། ཨོཾ་དང་ཧཱུཾ་དང་ཁཾ་དང་སྭཱ།། ཡི་གེ་ཡོངས་སུ་གྱུར་པ་ལས།། རྣལ་འབྱོར་མ་ནི་རྣམ་པ་བཞི།། སྣ་ཚོགས་སྡེ་མ་འདོད་ཅན་མ།། ས་འོག་གནས་མ་རབ ་བཟང་མ། ། ལྷ་མོ་དེ་དག་མདོག་སྔོན་མོ།། གྲགས་ཆེན་ཞལ་གཅིག་ཕྱག་བཞི་མ།། ཉི་མའི་དཀྱིལ་འཁོར་རྣམ་པར་བཞུགས།། གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས།། གཡས་ན ་གྲི་གུག་ཐོད་པ་འཛིན། ། གཡོན་ན་ཁ་ཊྭཱཾ་ཅང་ཏེའུ།། རུས་རྒྱན་ལྷ་མོ་ཀུན་འཇིགས་མ།། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། སྟག་གི་པགས་པའི་ན་བཟའ་མནབས།། སྒྲ་ནི་སེར་པོ་གྱེན་དུ་འབར།། ་། ཐོད་པའི་འཕྲེང་བས་སྤྱི་བོ་བརྒྱན།། དེ་རྣམས་མགོ་བརྒྱུས་འཕྲེང་བ་ཅན།། ལྷ་མོའི་འོད་ཟེར་སྤྲོས་གྱུར་པས།། ཀླུ་རྣམས་སྐྲག་པར་མཛད་མའོ།། ཕྱོགས་ཀྱི་འདབ་བཞུགས་ཆེར་བཞད་མའོ།། ་བློ་ལྡན་མཚམས་ཀྱི་འདབ་བཟང་ལ།། ཉི་མ་བཞི་ལ་ཧཱུཾ་ཡིག་བཞི།། ཧཱུཾ་ཡིག་སོ་སོར་གྱུར་པ་ལས།། ཆང་འཚོང་མ་དང་འབྱུང་པོ་མ།། བཞིན་བཟང་ནམ་མཁར་འགྲོ་མ་སྟེ།། མཚམས་ཀྱི་འདབ ་མར་གནས་ལྷ་མོ། ། ཁ་དོག་སེར་མོ་གྲགས་ཆེན་མོ།། ཐམས་ཅད་ན་བཟའ་སེར་པོ་མནབས།། གཡས་བརྐྱང་བ་ཡི་ཞབས་ཀྱིས་གནས།། ཞལ་གཅིག་མ་ལ་ཕྱག་བཞི་མ།། ཀླུ་བརྒྱད་རྒྱན ་བྱས་ལྷ་མོ་ནི། ། གཡས་ནི་གྲི་གུག་ཅང་ཏེའུ་འཛིན།། གཡོན་ན་ཁ་ཊྭཱཾ་ཐོད་པའོ།། སྐུ་ལས་འོད་ཟེར་སེར་པོ་འཕྲོ།། ཤིན་ཏུ་སྒེག་པའི་ཉམས་དང་ལྡན།། ཅུང་ཟད་མཆེ ་བ་གཙིགས་པའི་ཞལ། ། ཐམས་ཅད་གར་བྱེད་སྐྲ་སེར་མ།། ཀླུ་རྣམས་སྐྲག་པ་སྐྱེད་བྱེད་མ།། མཚམས་ཀྱི་ཆ་རུ་རྣམ་པར་གནས།། དེ་ནས་བསམ་པར་བྱ་བ་ནི།། སློབ་དཔོན་ཧེ་རུ་ཀས་རང་གི ་ལུས་ལས་སྐྱེས་པའི་འོད་ཀྱིས་ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་རེག་པར་བྱས་ནས། སླར་ལོག་སྟེ་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་རེག་པའི ་འོད་ཟེར་ལས་ལྷ་མོའི་ཚོགས་ཡང་དག་པར་སྤྲོས་པས། ། ཧེ་རུ་ཀ་དང་རྣལ་འབྱོར་མ་བརྒྱད་ལྷན་ཅིག་ཏུ་བཀྲུས་སོ།། བཀྲུས་པ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་ཅོད་པན་དུ་གྱུར་ཏོ།། དཀྱིལ ་འཁོར་རྫོགས་པར་མཐོང་ནས་ནི། ། སློབ་དཔོན་བདག་ཉིད་ཆེན་པོ་ཡིས།། ཕྱིས་ནི་གཏོར་མ་གཏང་བར་བྱ།། ཁྱད་པར་དུ་ནི་འོ་མའོ།། སངས་རྒྱས་ཐོད་པའི་སྦྱོར་ལྡན་པའོ།། ཤེས་རབ་ཅན ་གྱིས་ཆང་བཏུང་ཞིང་། ། མར་མེ་བཞི་ནི་དབུལ་བར་བྱ།། འབྲས་བུ་བཞི་ཡང་དབུལ་བྱ་ཞིང་།། དེ་ནས་སློབ་མ་བློ་ཆེན་གྱིས།། རས་ཟུང་གསུམ་ནི་དབུལ་བར་བྱ།། དེར་ནི་གདན་ཡང་བསྟབ་པར ་བྱ་སློབ་དཔོན་བདག་ཉིད་ཆེན་པོ་ཡིས། ། དེ་རུ་རལ་འབྱོར་མ་མཆོད་དོ།། བློ་གྲོས་ཆེན་པོ་ཐུགས་དགྱེས་པས།། སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ།། དཔའ་བོ་རྣལ་འབྱོར་མཆིམ་བྱ།། མགུ ་པར་སེམས་པའི་ཡིད་ཀྱིས་ནི། ། འཁོར་ལོ་ཁྱད་པར་ཆེ་བྱ་སྟེ།། ཕྱིས་ནི་སློབ་དཔོན་བརྩེ་ཆེན་བདག། ཕྱི་རོལ་ས་རུ་བྱུང་ནས་ནི།། བདེ་བ་ཡི་ནི་གདན་བཞུགས་ཏེ།། སློབ་མས་མཎྜལ་གསུམ་བྱས་ལ།། ་བླ་མ་མེ་ཏོག་སྣ་ཚོགས་མཆོད།། ཞབས་ལ་སྤྲི་གཏུགས་འདི་སྐད་གསོལ།། སྟོན་པ་བཅོམ་ལྡན་བླ་མ་ཀྱེ།། སེམས་ཅན་དོན་ལ་གཅིག་བརྩོན་པ།། ནམ་མཁའ་ལྡིང་བཟང་སྦྱོར་བ་དང་།། ཤ་ལི། ་ཀ་ཡི་སྦྱོར་བ་འཚལ།། དུས་སུ་ཟིན་པ་བཟློག་པ་ཡི།། སེམས་ཅན་དོན་ནི་བཟང་པོ་འཚལ།། སངས་རྒྱས་ཐོད་པའི་རྣལ་འབྱོར་པ།། སྟོན་པ་ཆེན་པོས་དེ་དག་གསུངས།། བདག་གི་ཐེ་ཙོམ ་བཟློག་པ་དང་། ། སེམས་ཅན་དོན་ནི་མཐར་ཐུག་བགྱི།། བརྟན་པ་དང་ནི་རྒྱུ་བ་དང་།། ཡན་ལག་སྐྱེས་དང་བཅོས་མ་ཡི།། དུག་རྣམས་དུག་མེད་པར་བགྱི་ཞིང་།། སེམས་ཅན་ཐམས་ཅད་འཚོ། ་བགྱི་བ།། བླ་མ་ཆེན་པོ་དེ་དག་གསུངས།། དེ་ནས་སློབ་དཔོན་བརྩེ་བ་ཡིས།། བྱིན་གྱིས་བརླབས་པའི་ཐུགས་ཀྱིས་ནི།། ཁྲག་འཐུང་གོ་འཕང་གནས་པ་ཡི།། སློབ་མ་ལ་ནི་སོ་ཤིང་སྦྱིན།། སོ། ་ཤིང་སྔགས་ནི་སྦྱིན་པར་བྱ།། ཨོཾ་ཧཱུཾ་ཧེ་བྷ་ག་ཝ་ཏི་མུ་ཁཾ་པ་རི་ཤུདྡྷེ་ཀུ་རུ་སྭཱ་ཧཱ། ལན་བདུན་མངོན་པར་བསྔགས་བྱས་ལ།། སོ་དྲུང་ནས་ནི་ཁ་བཤལ་ཏེ།། སློབ་མ་ལྷག་པར་གནས་པ་བྱ།། རང ་གི་ལག་པ་དྲུག་བྱ་ཞིང་། ། མེ་ཏོག་གིས་ཀྱང་དཀྲི་བར་བྱ།། མགྲིན་པོ་ལག་པར་ཟླ་བ་བསམ།། ཟླ་བའི་ཟེར་གྱིས་ཕྱོགས་བཅུ་ཡི།། སངས་རྒྱས་སྤྱན་དྲངས་གདོན་མི་ཟ།། སངས་རྒྱས་ཚོགས་ཀུན ་ཟླ་བར་བལྟ། ། གྲགས་ཆེན་ཐམས་ཅད་རབ་ཞུགས་ཤིང་།། ཟླ་བ་ཞུ་བར་གདོན་མི་ཟ།། སློབ་དཔོན་སྐེམ་པའི་ནུས་པ་ཡིས།། སློབ་མའི་མགོ་རུ་ལག་བཞག་སྟེ། ་ལྷག་པར་གནས་པའི་གསང་སྔགས་བཟླས།། ཨོཾ་སརྦ་བུདྡྷ་ཨ་ཏྲ་ཨ་མུ་ཀ་སྱ་ཀཱ་ཡ་མ་དྷིཥྛཱ་ན། ཡནྟུ་མ་ཙ་ལ་མ་ཙ་ལ་ཏིཥྛ་ཏིཥྛ་ཧ་ར་ཧ་ར། བི་དྷ་ར་བི་དྷ་ར་དྷ་ར་དྷ་ར། ཏྲ་པ་ཏྲ་པ། བྷོ་བྷ་ག་བཱ་ཏ་སརྦ ་བུདྡྷ་ཀ་པཱ་ལ་བཛྲ་ས་ཀ་ཏཾ་མ་ལ་ཡ་ཤྲཱི་གྷྲཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཧ་ཧ། སྔགས་འདི་ལན་བདུན་དུ་བཟླས་པས་ལྷག་པར་གནས་པར་བྱའོ།། སངས་རྒྱས་དེ་དག་ཐམས་ཅད་ཀྱིས་དེའི་ལུས་པ་ཡང་དག་པར་བྱིན་གྱིས ་རློབ་པར་འགྱུར་རོ། ། ལྷག་པར་གནས་པ་ཙམ་གྱིས་རྫུ་འཕྲུལ་ཆེན་པོའི་ཀླུ་རྣམས་སྐྲག་ཅིང་དུག་གི་བུམ་པའང་འདོར་རོ།། ནོར་རྒྱས་ལ་སོགས་པའི་ཀླུ་སྟོབས་པོ་ཆེ་རྣམས་དཔྱོད་པར་འགྱུར་རོ།། ཀྱེ་མ ་སངས་རྒྱས་ཀྱིས་གསུངས་པའི། ། ལྷག་པར་གནས་པ་ཙམ་གྱིས་ནི།། འདི་ལྟའི་སྡུག་བསྔལ་ཐོབ་འགྱུར་ན།། མཁའ་ལྡིང་རྟོག་པའི་སེམས་ཅན་གྱིས།། བདག་ནི་ཇི་ལྟར་འགྲོ་བར་འགྱུར།། ད ་མཐག་ཏུ་སློབ་དཔོན་གྱིས། ། དཀྱིལ་འཁོར་ནང་དུ་མེ་ཏོག་ནི།། རྣམ་པ་སྣ་ཚོགས་དབུལ་བར་བྱ།། སྣ་ཚོགས་སྤོས་དང་ལྷ་བཤེས་དབུལ།། དུང་ཆོས་ཟངས་ཆོས་སྣོད་དག་ནི།། མན་ཛིའི་སྟང ་དུ་གཞག་པར་བྱ། ། མཆོད་ཡོན་གྱི་ནི་དོན་ཆེད་དུ།། བུམ་པ་རྣམས་ལ་ལྷག་གནས་བྱ།། ཁྲག་འཐུང་གོ་འཕང་གནས་པ་ཡིས།། རྣལ་འབྱོར་མ་བརྒྱད་བསྐོར་བ་ཡི།། ཁྲག་འཐུང་རྣམ་པ་སྤྱན་དྲང ་ཏེ། ། དཀྱིལ་འཁོར་ཇི་བཞིན་ཡང་དག་ལྡན།། མདོག་དང་མཚན་མར་ལྡན་པ་ཡི།། དེ་བཞིན་གཤེགས་རྣམས་ས་བོན་གྱི།། འོད་ཟེར་གྱི་ནི་རྣམ་པར་བསམ།། བདག་ཉིད་ཆེན་པོ་གྲགས་ཆེན་པོ།། ་བུམ་པ་རུ་ནི་ཞུགས་ཙམ་གྱིས།། དམ་ཚིག་དཀྱིལ་འཁོར་ཞུ་བར་གྱུར།། རྣལ་འབྱོར་ལྡན་པའི་སེམས་དང་ནི།། སློབ་དཔོན་གྱིས་ནི་འདི་ལྟར་བལྟ།། དེ་ནས་ཟངས་མའི་སྣོད་དུ་ཆུ་བླུགས་ཤིང་དུང ་ཕོར་ཆུས་བཀང་སྟེ། མན་ཇིའི་སྟེང་དུ་གཞག་པར་བྱའོ།། ཡང་ཕྱིར་བྱུང་ནས་སློབ་མའི་དོན་དུ་བདག་ཉིད་ཀྱིས་རས་ཀྱིས་མིག་དགབ་པར་བྱའོ།། རས་གསུམ་གོན་པར་གྱུར་པའི་སློབ་མ་ཕྱིས ་། དཀྱིལ་འཁོར་གྱི་སྒོར་བཞག་ལ་ཆུས་གཏོར་ཏེ་སྔགས་བཟླའོ།། ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཡོ་གི་ནི་མ་ཀུ་ཊ་ཨ་དྷིཥྛ་ཡཾ་ཏུ་ཨ་ཙ་ཏུ་ཧཱུཾ་སྭཱ་ཧཱ། ཅོད་པན་བྱིན་གྱིས་བརླབ་པའི་སྔགས་སོ།། དེ་ནས་སློབ ་དཔོན་གྱིས་ཀྱེ་ཁྱོད་སུ་ཞེས་སྨྲའོ། ། སློབ་མས་བདག་ནི་རྒྱལ་བའི་སྲས་ཞེས་སྨྲའོ།། དེའི་རྗེས་ལ་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་ལན་གསུམ་དུ་གཏོར་ལ། མིག་རས་བསལ་ཏེ་དཀྱིལ་འཁོར ་མཆོད་པར་བྱའོ། ། ཨོཾ་ཧེ་རུ་ཀ་བཛྲ་པུཥྤཱ་ཡཾ་པྲ་ཏཱིཙྪ་ཧཱུཾ། དབུས་སུའོ།། ཨོཾ་ཙ་ཏྲེ་ས་ནཱ་པུཥྤཱ་ཡཾ་པྲ་ཏཱིཙྪ་ཧཱུཾ། ཤཱར་དུའོ།། ཨོཾ་ཀཱ་མི་ནརི་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུཾ། ལྷོ་ཡིའོ།། ཨོཾ་པཱ་ཏཱ་ལ་བཱ་སི་ནི་པུཥྤ་མཾ ་ཐབྱི་ཏུ། ཛུབ་མོ།། ཆོས་བྱམ་མ་ཧཱུ~ཾ། ཁྱེ་འོ།། མི་སཐ་ཁྲོ་དྷི་ཙྱཻ་རྨྨ་།། སོ་བསྦྱིན་མ་ཧྲཱིཙྪ་ཧཱུ~ཾ། བད་མ་ཛུག། མམ་མཐ་ས ་རླུང་ངུའོ། ། ཨོཾ་ཨ་ཀཱ་ཤ་བཱ་སི་ནི་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུཾ། དབང་ལྡན་དུའོ།། དེ་ནས་དཀྱིལ་འཁོར་གྱི་ལྷའི་སྐུ་མདོག་ཇི་ལྟ་བུ་དང་མཚན་མ་ལ་སོགས་པ་དེ་བཞིན་དུ་སློབ་མ་ལ་བསྟན ་པར་བྱའོ། ། ཡང་དུང་ཕོར་བླངས་ཏེ་ཆུ་བཏུང་བར་བྱའོ།། དེ་འཐུངས་པ་ཙམ་གྱིས་ཀླུ་ཐམས་ཅད་སྐྲག་ཅིང་སྐྱོ་བས་དུག་སྐྱུག་པར་འགྱུར་རོ།། བརྟན་པ་དང་གཡོ་བའི་དུག་གང་ཡིན་པ་དང་།། གཞན ་ཡང་སྦྱར་བ་དང་ཉེ་བར་སྦྱར་བའི་དུག་གང་ཡིན་པ་དང་། མདའ་དུག་དང་། བྱུག་པའི་དུག་དང་། དགྲ་རྣམས་ཀྱིས་གང་སྦྱར་བ་དང་། བུད་མེད་རྣམས་ཀྱིས་གང་སྦྱར་བའི་དུག་དེ་རྣམས་ཉེ་བར་འཕོ་བར ་འགྱུར་རོ། ། གལ་ཏོ་ཀླུ་ཡིས་ཟིན་པ་ཡང་།། དེ་རུ་དེ་ནི་ངེས་པར་འགྲོ།། གཞན་ཡང་སྦྲུལ་གྱི་དུག་ཀྱང་རུང་།། ཆུ་ནི་འཐུངས་པ་ཙམ་གྱིས་ཀྱང་།། དེ་དག་ཐམས་ཅད་འཆི་བར་འགྱུར།། དེ་ཡི ་ཕྱིར་ན་དུང་གི་ཆུ། ། འདི་རུ་བཏུང་བར་ཐེ་ཙོམ་མེད།། དེ་ནས་སློབ་མ་དྲི་བར་བྱ།། འདིར་ནི་ཤ་ལི་ཀར་བྱེད་ཅིང་།། མཁའ་ལྡིང་ཤེས་པའི་སློབ་དཔོན་འགྱུར།། བསམ་པ་རྣམ་པར་དག་ཤེས ་ནས། ། ཕྱིས་ནི་བཀས་གནང་སྦྱིན་པར་བྱ།། སྟོང་ངམ་བརྒྱ་རུ་གསོལ་བ་གདབ།། དེ་ནས་སྔགས་ཀྱི་མན་ངག་སྦྱིན།། ཇི་སྲིད་སྦྲུལ་གྱིས་ཟིན་དུས་དང་།། ཇི་སྲིད་མཁའ་ལྡིང་རིགས ་ཡོད་པར། ། དེ་སྲིད་དེ་དང་དེ་ལས་ཀྱང་།། ཇི་སྲིད་དུས་སུ་ཟིན་མེད་པར།། སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། དེ་སྲིད་འབད་རྩོལ་བྱ་བ་མིན།། དུས་ཟིན་འཆི་བའང་ཤེས་བྱ་སྟེ།། ་ནམ་མཁའ་ལྡིང་གི་བྱ་བ་བྱ།། དུས་སུ་ཟིན་ནོ་ཞེས་སྨྲ་བ།། དེ་སྲིད་རྣལ་འབྱོར་ཆེ་འདི་ཞེས།། དེ་རུ་ལས་ནི་བརྩམ་པར་བྱ།། བདག་ཉིད་ཧེ་རུ་ཀར་གྱུར་ཅིང་།། རྣལ་འབྱོར་མ་བརྒྱད་ཡང ་ངག་ལྡན། ། བློ་ལྡན་སྔོན་གསུངས་གསང་སྔགས་ཀྱིས།། ཕྱིས་ནི་གཏོར་མ་སྦྱིན་པར་བྱ།། དེ་རྗེས་དཀྱིལ་འཁོར་བྱས་ནས་ནི།། སྔོན་དུ་གསུངས་པའི་གསང་སྔགས་ཀྱིས།། གནས ་དགུ་རུ་ནི་མཆོད་པར་བྱ། ། མཁས་པ་ཡིས་ནི་མཆོད་བྱས་རྗེས།། མཉམ་པར་བཞག་པས་ལས་རྣམས་བརྩམ།། གང་དུ་རྫུ་འཕྲུལ་ཆེ་ཀླུ་ཡོད།། དེ་རུ་སེམས་བཟང་འོད་ཟེར་སྤྲོ།། ཀླུ ་རྣམས་ཀྱི་ནི་སྙིང་བསྐམས་པས། ། ཅི་ཞིག་བགྱིའོ་ཞེས་ནི་སྨྲ།། གསུང་པ། ལྷ་མོ་སྣ་ཚོགས་སྡེ་མ་ཡིས།། སངས་རྒྱས་ཐོད་པར་སྔོན་དུ་གསུངས།། ཀྱེ་ཀྱེ་གྲགས་པ་ཆེ་བའི་ཀླུ།། སོང ་སྟེ་འདི་དུས་ཟིན་གྱུར་པའི། ། དུས་ཟིན་འཛིན་དང་གཟུང་བ་མེད།། དུག་མེད་སྦྲུལ་ཡང་མེད་པའོ།། གང་ཕྱིར་དོགས་པས་རྫོངས་གྱུར་པ།། དེ་ཕྱིར་སྐྱེ་བོ་རྣམས་འཆིར་འགྱུར།། དེ་ནས ་འོད་ཟེར་སླར་ལོག་སྟེ། ། སྙིང་ཀ་རུ་ནི་ཐིམ་པར་འགྱུར།། ཡང་ནི་སེམས་ནི་མཉམ་བཞག་པའི།། སློབ་དཔོན་གྱིས་ནི་ངོ་མཚར་བསྟན།། དེ་ནས་ས་ལ་མ་ལྷུང་བའི་ལྕི་བ་བླངས་ཏེ་འདབ ་ཆགས་རི་སྐེགས་གཉིས་བྱ་ཞིང་སྣོད་དཀར་པོ་བྱས་ཏེ། རོ་བསྲེགས་པའི་སོལ་བ་གཞག་པར་བྱའོ།། རོ་བསྲེགས་པའི་སོལ་བ་ལ་སྣག་ཚ་བྱས་ཏེ། སེམས་ཅན་གྱི་དོན་རིག་པས་དབེན་པར་སྔ ་བྲི་བར་བྱའོ། ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲི་ཏད་ཐ་བ་ཡ་བྷོ་ཤ་ལི་ཀ་ན་ཨ་ན་ཡ་ན་བུདྡྷ་ཀ་པཱ་ལ་བཛྲ་སྱ་ཨཱ་ཛྙཱ་མ་ལཾ་གྷེ་ཡ་ཧཱུཾ་ཧཱུཾ་ས་རཾ་ཏུ་སརྦ་དཱ་ཊཱི་ཀ་པ་ཏི་ཀ་ཙེ་ཏ། མཾ་དྷྱ་གྷི་ཏི་སརྦ་ཛི་ཨི་ན་སུ་ནཾ་ཏི་པ ་ཡ་ག་ར་རེ་ཀར་ཀོ་ཊ་ཀ་པྲ་བྷཱི་ཏ་ཡ་ནཱ་ག་རཱ་ཛ་ན་སྥུ་ཏཾ་ཏི་མུ་རྡ་ནེ་རེ་རེ་ས་སྥུ་ཨ་བ་ས་སྱཱ་མ་ཙ་ལ་ཧ་མ་བུ་ལ་ཧ་ཛ་ཨི་ཙ་ལ་ཧ་བུ་ལ་ཧི་རོ་རེ་བྷ་རུ་ཀྲི་པྲ་བྷཱི་ཏ་ཡ་ནཱ་ག་རཱ་ཛ་ན་ཨུ་ཧ་པུཊ་ཊ་མུ་དྷི་པྲ་ན་ཛ་ཨི། ཞེས་པ་ནི་ཤ་ལི་ཀའི། ་སྙིང་པོའི་སྔགས་སོ།། དེ་ནས་བློ་ཆེན་རྣལ་འབྱོར་པས།། སེམས་ནི་ཤིན་ཏུ་མཉམ་བཞག་པས།། ཡོངས་རྫོགས་ཤ་ལི་ཀ་བྱས་ལ།། ཕོ་དང་མོ་རུ་བརྟག་པར་བྱ།། སྣག་ཚ་ཡིས་ནི་བྲི་བར་བྱ།། མིག ་གི་སྔོན་དུ་མི་བཞག་ཅིང་། ། ཤ་ལི་ཀ་བཟང་པོས་ཕྱོགས་བལྟ།། དེ་ནས་ལྕུག་མ་སྔགས་ཀྱིས་བསྔགས།། ཨོཾ་ཧཾ་ཧ་ལ་ཁྱབ་འཇུག་གི་ས་བོན་ནོ།། ཨོཾ་བོ་ཚངས་པའི་ས་བོན་ནོ།། ཨོཾ་སཾ་ཞེས་བྱ་བ་ནི ་ཞི་བྱེད་ཀྱི་ས་བོན་ནོ། ། ཨོཾ་ཧ་ཧ་ཧ་ཧ་ཧ་ཧ་ཧཾ་སྭཱ་ཧཱ། མངག་པའི་སྔགས་སོ།། འདི་ལྟ་བུ་ཡི་སྔགས་ཀྱི་མཆོག། སྟོང་གསུམ་ན་ཡང་རྙེད་པར་དཀའ།། ལན་བདུན་བསྔགས་པ་ཙམ་གྱིས་ནི།། འགྲོ ་བར་འདིར་ནི་ཐེ་ཙོམ་མེད། ། ཀླུ་རྣམས་སྐྲག་པར་བྱེད་པ་ཡི།། མཁའ་ལྡིང་ཉམས་དགའ་སོང་ནས་ནི།། ཀླུ་ཡི་གནས་སུ་ཞུགས་དེའི་ཚེ།། མཁའ་ལྡིང་བྱེ་བའི་སྟོབས་དང་ལྡན།། རིང་ནས་ཀྱང ་ནི་གཤོག་རླུང་གིས། ། སྟོབས་པོ་ཆེ་ཡི་ཀླུ་རྣམས་སྐྲག། མཐོ་རིས་མི་ཡུལ་ས་འོག་དང་།། གང་ཡང་གཞན་ན་གནས་པ་དང་།། གཞན་ཡང་རུང་སྟེ་དེ་ཐམས་ཅད།། སྐྲག་ནས་ཅི་བགྱི་ཞེས་ནི་སྨྲ། ་ཀླུ་གང་གིས་ཟིན་པ་དེ་གལ་ཏེ་ཡང་ཤི་ན།། བདག་ཉིད་ཆེན་པོ་ཤ་ལི་ཀ་མཐོང་མ་ཐག་ལོང་བར་འགྱུར་རོ།། ཀླུ་དང་སྦྲུལ་དེ་དག་གིས་ཤ་ལི་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཤ་ལི་ཀ་གཞན་དུ ་གསུང་བར་མ་མཛད་ཅིག། དེ་ལྟར་ཐོས་ནས་ཤ་ལི་ཀ་མགུ་བའི་སེམས་ཀྱིས་དུག་གིས་ཟིན་པའི་མདུན་དུ་སྦྲུལ་ལོང་བ་ཁྱེར་ཏེ་འཇོག་གོ།། དེ་ནས་སློབ་དཔོན་གྱིས་བལྟས་ཏེ། སའི་གོང་བུ་བླངས་ལ ་ལི་ཀ་མངག་པའི་སྔགས་ཀྱིས་སྦྲུལ་ལོང་བ་ལ་བསྣུན་ནོ། ། སྐད་ཅིག་དེ་ཉིད་ལ་དེའི་མིག་དབྱེ་བར་འདིར་སོམ་ཉི་མེད་དོ།། དུག་གིས་ཟིན་པ་འགྱེལ་ཏེ་ཤི་བ་སྦྲུལ་གྱིས་མཐོང་ནས། དེའི་ལུས་ལ་འགྲོ ་བ་དང་འོང་བར་བྱེད་པས་དུས་སུ་ཟིན་པ་དུག་མེད་པར་འགྱུར་ཞིང་། དགའ་བའི་སེམས་ཀྱིས་ལྡང་ངོ་།། ཟིན་པ་ལངས་པ་ཙམ་ཉིད་ན་ཤ་ལི་ཀས་སྦྲུལ་བཟུང་སྟེ་མི་སྣང་བར་འགྱུར་རོ།། སྐད་ཅིག། ་མ་དེ་ཉིད་ལ་སློབ་དཔོན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་པར་བྱའོ།། སྟོང་པ་དྲི་མེད་ཀུན་རང་བཞིན།། ཆོས་རྣམས་སྟོང་པའི་རང་བཞིན་ཀྱེ།། གང་གིས་འཛིན་ཅིང་གང་ཞིག་འཛིན།། མཐའ ་དག་སྒྱུ་མའི་རང་བཞིན་ཀྱེ། ། དངོས་པོ་མ་ལུས་པ་མཐའ་དག་དང་དུག་ཀྱང་སྟོང་པ་ཉིད་དུ་སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས་ཏེ། ཞག་ཉི་ཤུ་རྩ་གཅིག་གི་མཐར་ཐུག་པར་ཇི་སྲིད་དུ་ལུས་མ ་ཞིག་པ་དེ་སྲིད་དུ་སློབ་དཔོན་གྱིས་ཡང་དག་པར་བརྩམ་པར་བྱའོ། ། དེ་ལྟར་སློབ་མ་ལ་རྗེས་སུ་གནང་བ་བྱིན་ནས་ཕྱིས་ལུང་བསྟན་པར་བྱའོ།། དེས་ལན་བརྒྱའམ་སྟོང་དུ་གསོལ་བ་བཏབ་ནས། ་དུག་འཇོམས་པའི་སྔགས་བསྟན་པར་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཱཿཧཱུཾ། དུག་བཟའ་བའི་སྔགས་སོ།། དེ་ནས་གཞན་ཡང་དོན་དུ་གཉེར་བའི་སེམས་ཅན་དེ་རྣམས་ཐམས་ཅད་ལ ་དཀྱིལ་འཁོར་བསྟན་ཏེ། དུང་ཕོར་གྱི་ཆུ་ཐུངས་པ་དེས་ནི་དུག་མེད་པར་འགྱུར་ཏེ། སྦྲུལ་གྱིས་མི་འཛིན་ནོ།། གལ་ཏེ་འཛིན་ན་དེའི་ཚེ་ཀླུ་འཆི་བར་འདིར་ཐེ་ཙོམ་མེད་དོ།། དེ་ལྟར་སློབ་མ་ཤ་ལི ་ཀའི་སྦྱོར་བ་ལ་མངོན་པར་བརྩོན་པ་ལ་བཀའ་གནང་བ་བྱིན་ཏེ། གྲོང་གང་དུ་གནས་པ་དེར་དུག་གིས་འཛིན་པ་མེད་དོ།། གལ་ཏེ་ཡོད་ན་དེའི་ཚེ་ཀླུ་འཆི་བར་འགྱུར་རོ།། དེ་ལྟར་ཐོས་ནས་སློབ་མ་རྡོ ་རྗེའི་སྦྱོར་བ་དང་ལྡན་པའི་སེམས་ཀྱིས་གང་ཅིའང་རུང་བའི་ཡོན་དེར་དབུལ་བར་བྱའོ། ། དེ་ནས་ཕྱི་རོལ་གྱི་སར་བྱུང་སྟེ། གཏོར་མ་གཏང་བར་བྱའོ།། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་སྔགས ་ཀྱིས་གཤེགས་སུ་གསོལ་ཏོ། ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲཱིཿུ་ཏིཥྛ་གཙྪ་ཧཱུཾ་གཙྪ་ཧཱུཾ་ཕཊ། དཀྱིལ་འཁོར་གཤེགས་སུ་གསོལ་བའི་སྔགས་སོ།། དེ་ནས་ཡང་དག་བཤད་པར་བྱ།། ཆུ་ཡི་སྦྱོར་བ་བླ་མེད་པ། ་གང་གིས་བྱིན་པ་ཙམ་གྱིས་ནི།། དུག་གིས་ཟིན་པ་འཚེ་བར་འགྱུར།། ཉི་མ་བདུན་དུ་འཆི་བ་དང་།། གཞན་ཡང་དུག་གིས་ཉམས་པ་རྣམས།། ཆུ་ནི་བྱིན་པ་ཙམ་གྱིས་ནི།། འདི་རུ་འཚོ་བར་ཐེ་ཙོམ་མེད ་སྔགས་འདིས་དཀྱིལ་འཁོར་བྱས་ནས་ནི། ། གནས་དགུ་རྣམས་སུ་མཆོད་པར་བྱ།། དུང་པོར་ཆུ་ཡིས་བཀང་བྱས་པ།། དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། དེ་ནས་བརྩེ་བ་ཆེན་པོ་ཡིས།། ་བདག་ཉིད་རྣལ་འབྱོར་པ་ཡིས་ནི།། རང་གི་ལག་པ་གཡོན་པ་ལ།། ཟླ་བ་ཡི་ནི་ཁྱད་པར་བསམ།། བཅུ་དྲུག་ཆ་ལས་ཡོངས་རྫོགས་པའི།། དྲི་མེད་དགེ་བའི་ལུས་ཅན་ཏེ།། དེའི་དབུས་ས་བོན ་མི་ཤིགས་དགེ། ཁ་དོག་དཀར་པོའི་ལུས་ཅན་ནོ།། ལག་དེས་སྣོད་ཀྱི་ཁ་བཅད་དེ།། དེ་ནས་གསང་སྔགས་བཟླ་བར་བྱ།། ཨོཾ་སརྦ་བི་ཥ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་ལན ་བདུན་གྱི་བར་དུ་མངོན་པར་བསྔགས་ཏེ། མི་ཤིག་པ་དང་ལྷན་ཅིག་ཟླ་བ་ཞུ་བར་གྱུར་ནས་ཆུའི་ནང་དུ་བིམ་སྟེ། ཆུ་དང་ཟླ་བ་གཅིག་ཏུ་འདྲེས་པས་ཤིན་ཏུ་དཀར་པོར་འགྱུར་རོ།། གལ་ཏེ་དུག་གིས་ཟིན་པ ་མ་ཤི་ན་དེའི་ཚེ་ཆུ་བླུད་དོ། ། ཡང་ན་ཤི་བ་ཡིན་ན་མགོ་ནས་རྐང་པའི་མཐར་ཐུག་པར་ལན་གསུམ་དུ་ཆུ་རྒྱུན་མི་འཆད་པར་བླུགས་ན་ལངས་པར་འདིར་ཐེ་ཙོམ་མེད་དོ།། དེ་ནས་ཆུ་བླུད་ན་རྣལ་མར ་འགྱུར་རོ། ། སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས། ཤ་ལི་ཀའི་སྦྱོར་བ་དང་ཆུའི་སྦྱོར་བའི་ལེའུ་སྟེ་བཞི་པའོ།། ། ་དེ་ནས་ཡང་དག་རབ་བཤད་པ།། ཤིན་ཏུ་རྙེད་དཀའི་བཅུད་ལེན་ལེའུ།། དེ་བཞིན་གཤེགས་པའི་སྙིང་པོ་མཆོག། རྣལ་འབྱོར་མ་ཡི་གོང་ན་མེད།། གཞོན་ནུ་མ་དང་ཤ་རི་ཀ། གྲུབ་མ་བྱིས ་པ་ཅན་མ་དང་། ། དེ་བཞིན་ཟོད་བཟང་ཅན་མའོ།། འདི་དག་སྨན་ནི་ཆེན་པོ་ལྔ།། སངས་རྒྱས་ལྔས་ཀྱང་རྙེད་པར་དཀའ།། འདི་དག་ཟོས་པ་ཙམ་གྱིས་ནི།། བསྐལ་པ་བྱེ་བར་དེ་འཚེའོ།། ་གཞོན་ནུ་མ་ནི་ཟླ་དྲུག་ཏུ།། དེ་བཞིན་ཤ་རི་ཀ་ཟླ་གསུམ།། གྲུབ་མ་ཟླ་བ་གཅིག་ཏུའོ།། བྱིས་ཅན་མ་ནི་ཟླ་ཕྱེད་གཉིས།། ཟོད་ཅན་མ་ཡང་ཟླ་བར་ཏེ།། ཚེ་འཕེལ་བ་ཡི་མཆོག ་ཡིན་ནོ། ། བྱ་རོག་མ་ནི་བྱ་རོག་གཟུགས།། གླང་པོ་མ་ནི་ངང་པའི་གཟུགས།། དྲོད་མ་དྲོད་ཀྱི་གཟུགས་ཅན་ཏེ།། སྔོ་བསངས་དཀར་མོ་སྔོན་མོའི་མིག། ཁ་སྦྱར་སྦྱོར་བའི་དུས་སུ་ནི།། མིག ་ལས་བྱུང་བའི་རྫས་གང་ཡིན། ། སྨན་དེའི་མིང་ནི་གཞོན་ནུ་མ།། འདི་རུ་བསྟན་པར་སོམ་ཉི་མེད།། དེ་ཡི་པདྨ་ལས་བྱུང་རྫས།། རྩ་ཡི་ནང་ན་རྣམ་པར་གནས།། གེ་སར་སྦས་པའི་སྤྱོད་ཡུལ ་ཏེ། སྨན་དེ་ཤ་རི་ཀ་རུ་གསུངས།། མེ་ཏོག་ལྡན་པའི་བུད་མེད་གང་།། ཁ་དོག་ནག་མོས་རབ་མཛེས་མ།། གང་དུ་ཐབས་ཤེས་གཉིས་འདུས་པ།། དེ་ཡི་ཁ་སྦྱར་སྦྱོར་ལས་བྱུང་།། སྨན ་དེའི་མིང་ནི་གྲུབ་མར་བཤད། ། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། བུད་མེད་རབ་མཛེས་མ་ཉམས་དང་།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། མི་ཕྱེད་ཉེ་བར་སྤྱད་པ་ཡི།། དེ་ལས་དང ་པོར་བྱུང་བའི་རྫས། ། སྨན་དེ་བྱིས་པ་ཅན་རོ་ཞེས།། བདག་ཉིད་ཆེན་པོའི་ལྷ་མོས་གསུངས།། ལྷན་ཅིག་སྐྱེས་དགའ་བྱུང་བའི་རྫས།། བྱང་ཆུབ་སེམས་མཆོག་ཆེན་མར་ཁུ།། ཆགས་པའི་ཡི ་ཆུ་དག་དང་ནི། ། བསྲེ་འགྱུར་འདིར་ནི་ཐེ་ཙོམ་མེད།། སྨན་དེའི་མིང་ནི་ཐོད་ཅན་མོའོ།། ཟླ་བ་ཉི་མའི་སྦྱོར་བ་ཡིས།། བྱ་བར་འདིར་ནི་ཐེ་ཙོམ་མེད།། ཟླ་བས་ཟླ་བར་ཉི་མས་ཉིར།། དེ་ལུས་སྐྲ་དཀ ་གཉེར་མ་ཞི། ། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། དེ་ཡི་ཚེ་ནི་རྒྱས་པར་འགྱུར།། སྨན་འདི་གྲུབ་པ་ཙམ་གྱིས་ནི།། དག་པའི་ལུས་སུ་འབྱུང་བར་འགྱུར།། དངོས་པོ་གང་དང་གང་ཡང་རུང་།། ་ལྕགས་དང་ཟངས་མའི་སྤྱོད་དག་ལ།། དངུལ་ནི་བྱུགས་པ་ཙམ་གྱིས་ནི།། དངུལ་དང་གསེར་དུ་འགྱུར་བ་ཡིན།། དེ་ནས་ཡང་དག་རབ་བཤད་པ།། དགོངས་བཤད་ཤིན་ཏུ་རྙེད་དཀའ་བ།། རྒྱུད་གཞན ་དུ་ནི་རབ་སྦས་པ། ། འབད་པས་དེ་འདིར་རབ་གསལ་བྱ།། དྲི་ཆུ་ཡེ་ཤེས་རྡོ་རྗེ་སྟེ།། དྲི་ཆེན་རྡོ་རྗེ་བཟང་པོ་ཉིད།། ཁྲག་ནི་མར་མེད་རྡོ་རྗེ་ཡིན།། ཁུ་བ་རྡོ་རྗེའི་ཐབས་བྱུང་ཉིད།། ཤ་ནི་ཆོས་ཀྱི་རྡོ་རྗེ ་ཡིན། ། དེ་ལྔ་རྣལ་འབྱོར་མ་ཡི་མཆོག། གང་གིས་དམ་ཚིག་རྙེད་དཀའ་བའི།། ཐབས་འདིར་བདག་གིས་བཤད་པར་བྱ།། བ་གླང་ཤ་ནི་འབར་བ་སྟེ།། ཁྱི་ཡི་ཤ་ལ་སྤྲོ་བར་གསུངས།། རྟ་ཡི ་ཤ་ལ་བཟའ་བར་བཤད། ། གླང་པོའི་ཤ་ལ་ཞུ་བར་གསུངས།། ཤྭ་ཆེན་ལ་ནི་བཟང་པོར་བཤད།། དེ་ལྔ་རྣལ་འབྱོར་མཆོག་ཏུ་གསུངས།། རྣལ་འབྱོར་རྣལ་འབྱོར་མ་ལྡན་པར།། གལ་ཏེ་གཅིག ་ཏུ་བྱེད་ནུས་པ། ། དེ་ཚེ་རྣམ་རྟོག་དེ་ཐམས་ཅད།། འཇིག་འགྱུར་འདིར་ནི་ཐེ་ཙོམ་མེད།། ཟན་ལ་བསོད་ནམས་ཞེས་བྱ་སྟེ།། ཚོད་མ་ལ་ནི་སྡིག་པ་ཉིད།། རོ་ལ་ཤིན་ཏུ་རྙེད་དཀའ་གསུངས།། བྱིས ་པ་ལ་ནི་འགལ་བ་ཉིད། ། གཡུང་མོ་ལ་ནི་བཟང་མོར་གསུངས།། རུས་པའི་འཕྲེང་ལ་རྫས་ཞེས་བྱ།། སྐྱེས་བུ་ལ་ནི་རྡོ་རྗེར་གསུངས།། བུད་མེད་ལ་ནི་སྣོད་བཟང་ཉིད།། དབང་པོ་གཉིས་ཀྱིས ་རབ་སྦྱོར་ལ། ། གའི་བརྗི་འཕྲེ་ཆེན་དེ་བཤད་དོ།། རབ་ཆགས་ཤིན་ཏུ་མཐོང་བ་ཉིད།། བཟུང་པ་ལ་ནི་ཆོས་ཞེས་བརྗོད།། འདྲིབ་ལ་ནི་མར་མེའོ།། ཤིན་ཏུ་འདྲིལ་མ ་ཞེས་བྱ། ། འགྲོ་བ་ལ་ནི་འཕྲེང་ཅན་མ།། འོད་ལ་ཤིན་ཏུ་འཕྲེང་ཅན་མ།། མྱུར་བ་ལ་ནི་བྱུག་ཅེས་བྱ།། དཔའ་བ་ལ་ནི་བཟང་དེ་བརྗོད།། པདྨ་རྩེ་འཇོ་འཕྲེང་ཅན་མ།། སྔགས་ཀྱིས་མཚན་ལ་རབ་ངེས ་ཤེའོ། ། བལྡག་ལ་ལྕེ་འོག་ཅེས་བྱ་སྟེ།། སོ་ལ་བཟའ་བ་སཱ་ལ་བདེ།། མིག་ལ་རོལ་རྩེད་མུ་ཏིག་རྔ།། གསང་བའི་ཡུལ་ལ་རྙེད་དཀའ་ཞེའོ།། འདི་དག་བཤད་དོ་ལག་ཆེན་པོ།། འཇིག་རྟེན་གསུམ ་ན་རབ་རྙེད་དཀའ། ། སངས་རྒྱས་ཐོད་པའི་རྣལ་འབྱོར་པ།། མེད་པར་ཕན་ཚུན་སྨྲ་མི་བྱ།། འོན་ཀྱང་བཤད་ཆེན་དེ་ཉིད་འདི།། གཅིག་ལ་གཅིག་གིས་སྨྲ་བར་བྱ།། རྒྱུད་རྣམས་ཐམས་ཅད་དུ་སྦས་པ།། ་རྒྱུད་འདི་རུ་ནི་གསལ་བར་བྱས།། ཉེ་མདུན་གྲོང་མཐའ་ལྷན་ཅིག་ཅེའོ།། འདུས་པ་ཕྱི་རོལ་ཞེས་སུ་གསུངས།། ཉེ་བའི་འདུས་པ་ནང་དེ་བཞིན།། གནས་ལ་འབྲས་བུ་ཞེས་སུ་གསུངས།། ་བའི་གནས་ལ་ཤིང་ཉིད་དོ།། གྲོང་མཐའ་ལ་ནི་ས་བོན་གསུངས།། ཉེ་བའི་གྲོང་མཐའ་མྱུ་གུའོ།། ཚོགས་པ་ལ་ནི་སྡོང་བུར་གསུངས།། གཅིག་པུ་ལ་ནི་འདབ་མ་སྟེ།། སྟོང་པ་ལ་ནི་རྩ་བཞིའོ།། ་དེ་ལྟར་དགོངས་པས་བཤད་པ་ནི།། བདེ་གཤེགས་རྣམས་ཀྱིས་མི་མཁྱེན་ནོ།། སྤྱན་མ་ལ་སོགས་རྣལ་འབྱོར་མ།། རྣམས་ཀྱི་ཁོང་དུ་མི་ཆུད་ཅིང་།། བྱང་ཆུབ་སེམས་དཔའི་ཡུལ་མིང་ཞིང་།། ་བླ་མ་གུས་པའི་རྣལ་འབྱོར་པས།། སྤྲོས་པ་ཐམས་ཅད་སྤངས་ནས་ནི།། རྫས་ལ་ཆགས་པ་མི་བྱའོ།། ཤིན་ཏུ་སྟོང་སྒོམ་རྣལ་འབྱོར་པ།། འདོད་ཆགས་ཞེ་སྡང་ཕྲག་དོག་མེད།། གཏི་མུག་དང ་ནི་ང་རྒྱལ་སྤངས། ། ཉོན་མོངས་ཐམས་ཅད་རྣམ་པར་སྤངས།། ཟ་འཐུངས་དེ་བཞིན་གླུ་ལེན་ན།། ཤིན་ཏུ་སྤྲོས་པ་སྤང་བར་བྱ།། བདེ་བས་དགའ་བ་ཉིད་དང་ནི།། ཤེས་རབ་ཐབས་ཀྱིས་བདག ་ཉིད་གསུངས། ། བླ་མེད་དེ་ཉིད་ཟླ་ཕྱེད་ཀྱིས།། འགྲུབ་པར་ཐེ་ཙོམ་མེད་པའོ།། ཀྱེ་ལགས་གྲོགས་མོ་འགྲོ་ཀུན་གང་།། མཐའ་དག་དྲི་མ་མེད་པ་ཡི།། བལྟ་དང་བྲལ་ལ་སྐྱེ་བོ་ལྟོས།། གསོག། ་གསོབ་རང་བཞིན་བརྫུ་སླུ་བ།། པད་རྩི་གྲིབ་མ་ལྟ་བུར་ལྟོས།། དབང་པོ་ལྔ་ནི་སྒྱུ་འདྲ་ཞིང་།། ལྔ་ཕུང་དག་པའི་རང་བཞིན་གྱི།། རྣལ་འབྱོར་འདི་ནི་བསྒོམས་པས་འགྲུབ།། སངས་རྒྱས་ཐོད་པའི ་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས། སྨན་བཟང་པོ་དང་དགོངས་པས་བཤད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དག་རབ ་བཤད་པ། ། དཀྱིལ་འཁོར་འཇིགས་པ་མཆོག་གསང་བར།། ཐབས་དང་ཤེས་རབ་སྒྲུབ་པ་ཡིན།། གང་གིས་སློབ་མ་དབང་བསྐུར་བ།། ཤེས་རབ་པདྨའི་ནང་དབུས་སུ།། དཔག་ཚད་བྱེ་བའི་དཀྱིལ ་འཁོར་ལ། ། གསུམ་བརྩེགས་དག་པའི་བདག་ཉིད་ལུས།། འཁོར་བའི་འཇིགས་པ་ལས་སྐྱོབ་པ།། དཀྱིལ་འཁོར་དེ་ཡི་དབུས་གནས་པར།། མཁས་པས་སློབ་མ་བཟང་དབང་བསྐུར།། ་གལ་ཏེ་བྱང་ཆུབ་བླ་མེད་འདོད།། ཕྱི་ཡི་དཀྱིལ་འཁོར་བྱ་བ་མིན།། ལྷ་རྣམས་བཤིག་པ་ཙམ་གྱིས་ནི།། སྡིག་པ་ཆེན་པོ་སྐྱེ་བར་འགྱུར།། དེས་ན་རྡུལ་ཚོན་ཙམ་གྱིས་ནི།། ་དེ་བཞིན་ལྷ་རྣམས་དག་མི་འགྱུར།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། དེ་བཞིན་པདྨ་རལ་གྲི་ཉིད།། བྱས་ན་སླར་ཡང་འཇིགས་བྱེད་པ།། སྐྱེས་བུ་ཐ་ཤལ་དམྱལ་བར་འགྲོ།། གང་གིས ་སངས་རྒྱས་སྤྱན་དྲངས་ཤིང་། ། གང་གིས་གཤེགས་སུ་གསོལ་བ་ཡིས།། རྡོ་རྗེ་སེམས་དཔའ་བྱོན་པ་དང་།། དེ་བཞིན་གཤེགས་པ་བྱོན་པ་རྣམས།། གང་ནའང་བྱོན་པ་མ་ཡིན་ནོ།། ་དྲི་མ་མེད་ཅིང་དག་པའི་ལུས།། གང་གིས་སྤྱན་དྲངས་གཤེགས་སུ་གསོལ།། དེ་ཉིད་ཀྱིས་ན་བརྟག་མེད་པར།། དེ་བཞིན་གཤེགས་པ་རྣམས་ཕྱག་བྱ།། ལོ་བཅུ་གཉིས་པའི་བུ་མོ་ནི།། ་ཚུལ་ཁྲིམས་མ་ཉམས་ཆགས་ཆུང་བའི།། ཐོས་དང་ལྡན་ཞིང་གྲགས་ཆེན་མོ།། ནད་མེད་སྙིང་རྗེ་དང་ལྡན་མ།། སེམས་ཅན་དོན་ལ་གཅིག་ནན་ཏན།། རྒོད་ཅིང་པདྨའི་སྤྱན་དང་ལྡན།། ཟླ་བའི ་ཆ་འདྲ་གདོང་མཛེས་མ། ། མུ་ཅོར་མི་སྨྲ་བརྟན་ཞིང་དུལ།། དེས་ན་སློབ་མ་བློ་ཆེན་པོ།། ཤིན་ཏུ་དད་པའི་སེམས་དང་ལྡན།། འདོད་མེད་དབང་པོ་དུལ་བ་དང་།། ཆགས་དང་ཆགས་བྲལ་རྣམ་པར ་སྤངས། ། སེམས་ཅན་དོན་ལ་ཤིན་ཏུ་སྦྱོར།། གཏི་མུཀ་ཞེ་སྡང་ཕྲག་དོག་སྤངས།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དེ་རྣམས་ལ་ནི་དེ་ཉིད་བཤད།། གསང་བ་ཕྱི་ཡི་ལྔ་དང ་ནི། བདུན་དང་བཅུ་བཞིར་བཤད་པ་དང་།། གཉིས་ཀ་གཅིག་ཏུ་འདུས་པའོ།། གསང་བའི་དེ་ཉིད་བཤད་པར་བྱ།། སློབ་མ་ལེགས་དང་ལྡན་པ་དང་།། བརྩེ་ལྡན་སེམས་གཞན་མེད་པ ་ཡིས། ། གསེར་ནི་འབུམ་ཕྲག་བཅུ་དྲུག་དང་།། ས་གཞི་ཡུལ་འཁོར་ལྡན་པ་དང་།། གླང་པོ་བུད་མེད་དམ་པ་དང་།། རལ་གྲི་འཁོར་ལོ་རྟ་དང་ནི།། ཡོངས་འདྲེན་སྐྱེས་བུ་རིན་ཆེན་རྣམས།། ་སྦྱོར་དང་ལྡན་པའི་སེམས་ཀྱིས་ནི།། དེ་ནི་བླ་མར་དབུལ་བར་བྱ།། ཤིན་ཏུ་དྲི་མེད་སེམས་ཀྱིས་ནི།། དེ་ནས་འདིར་ནི་གསོལ་བ་གདབ།། འཁོར་བའི་འདམ་དུ་བྱིང་བ་བདག། དཔུང་གཉེན ་ཁྱོད་ཀྱིས་བསྒྲལ་དུ་གསོལ། ། བདག་ནི་རྩོལ་ཆུང་སྐལ་དམན་ཞིང་།། སངས་རྒྱས་ཆོས་ནི་རྣམ་པར་སྤངས།། ཀྱེ་ཀྱེ་སྟོན་པ་བླ་མ་ཆེ།། མགོན་པོ་ཁྱོད་ཀྱིས་བརྩེ་བར་མཛོད།། དེ་ལྟར ་གསོལ་འདེབས་ཚིག་གསན་ནས། ། དེ་རུ་བླ་མ་མི་གསུང་བཞུགས།། མན་ངག་འདི་ཡི་ཆ་དག་ནི།། གླེགས་བམ་རྣམས་ལས་སྤྱོད་ཡུལ་མིན།། དཀྱིལ་འཁོར་གང་ལ་གང་གིས་བརྒྱན།། ་མཚན་མའི་དོན་གཞན་གར་བཀོད་ཀྱེ།། སུ་ཡིས་སངས་རྒྱས་སྤྱན་དྲངས་ཀྱེ།། འགྲོ་བ་བརྫུན་འདྲའི་སོམ་ཉིར་ལྷུང་།། མཐའ་དག་སྟོང་པ་གོས་མེད་ཀྱེ།། ཆུ་ནང་ཟླ་བ་ནཱི་འདྲ་བ།། དེ ་འདྲའི་དཀྱིལ་འཁོར་པད་དབུས་གནས། ། ཀྱེ་ལགས་རྣལ་འབྱོར་མ་ཚོགས་ལྟོས།། དེར་ནི་ཧེ་རུ་ཀ་གཅིག་དང་།། ཐམས་ཅད་སྐྱེད་པར་བྱེད་མ་ཡིན།། འགྲོ་ཀུན་རྨི་ལམ་སླ་བས་ན།། ་གཏི་མུག་ལས་ནི་བསྐྱེད་པ་ལྟོས།། སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས།། དཀྱིལ་འཁོར་འཇིགས་པ་བྲི་བ་དང་སློབ་མ ་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ། ། ། དེ་ནས་ཡང་དག་རབ་བཤད་པ།། རི་དང་ཕུག་དང་ཚང་ཚིང་ངམ།། ཡང་ན་དུར་ཁྲོད་དག་དང་ནི།། གདོད་ནས་གྲུབ་པའི་གནས་སུ་འམ། ་འོན་ཏེ་རྒྱ་མཚོའི་འགྲམ་དག་ཏུ།། ཕྱི་ཡི་དཀྱིལ་འཁོར་བླ་མེད་བྲི།། རྡུལ་ཚོན་སྔོན་པོ་ནི་རོ་བསྲེགས་པའི་སོལ་བ་ལས་བྱའོ།། རྡུལ་ཚོན་དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་ལས་བྱའོ།། རྡུལ་ཆེན ་ལྗང་ཁུ་ནི་ནིམ་པའི་བ་དབ་མ་ལས་བྱའོ། ། རྡུལ་ཚོན་དཀར་པོ་ནི་མིའི་རུས་པའི་ཕྱེ་མ་ལས་བྱའོ།། རྡུལ་ཚོན་སེར་པོ་ནི་ཡུང་བའི་ཕྱེ་མ་ལས་བྱའོ།། དེ་ལྟར་རྡུལ་ཆེན་ལྔ་རྣམས་ཀྱིས།། མཁས ་པས་དཀྱིལ་འཁོར་བྲི་བར་བྱ། ། ཕོ་བྲང་རིགས་གསུམ་ཟླུམ་པོ་ལ།། རྡོ་རྗེ་གསུམ་གྱིས་ཡོངས་སུ་བསྐོར།། ཕྱི་རོལ་གྲུ་བཞི་ལྷམ་པ་ཡི།། སྒོ་བཞིར་རྔ་བབས་རྣམས་ཀྱིས་བརྒྱན།། བ་དན ་རྣམ་པ་བཞི་ཡིས་བརྒྱན། ། དྲ་བ་དྲ་བ་ཕྱེད་པས་སྤྲས།། ཕྱི་རོལ་ཁ་ཁྱེར་དག་པ་དང་།། རིན་ཆེན་ཕ་གུར་ཡང་དག་ལྡན།། པདྨ་ཉི་མའི་ཉི་ཤུ་ལྔའི།། གདུན་རྣམས་ཀྱིས་ནི་ཤིན་ཏུ་མཛེས།། ་དེ་ཡི་དབུས་ཆུང་ས་བོན་ནི།། ཡི་གེ་ཧཱུཾ་གི་རང་བཞིན་སྔོ།། སྐད་ཅིག་ཙམ་གྱིས་ཧེ་རུ་ཀ། སྐུ་མདོག་སྔོན་པོ་གྲགས་ཆེན་པོ།། གཡས་ན་ཅང་ཏེའུ་གྲི་གུག་སྟེ།། གཡོན་ན་ཁ་ཊ་ཟོད་པའོ།། ་སྐྱིལ་ཀྲུང་བྱེད་པས་འཇིགས་ཆེན་པོ།། ཞལ་གྱིས་མཆེ་བ་ཅུང་ཟད་གཙིགས།། རལ་པའི་ཅོད་པན་གྱིས་བརྒྱན་ཅིང་།། སངས་རྒྱས་ལྔ་ཡི་ཅོད་པན་ཅན།། དབུ་ལ་སྣ་ཚོགས་རྡོ་རྗེ་མནན།། ་ཟླ་བ་ཕྱེད་པ་འཛིན་པའི་ལྷ།། སྐུ་ལ་ཐལ་བའི་རྡུལ་གྱིས་བྱུགས།། དཔའ་བོ་ཕྱག་བཞི་ཕྱག་མཚན་འཆང་།། ཤིན་ཏུ་ཧཱུཾ་སྒྲོགས་འཇིགས་བྱེད་པ།། གར་གྱི་སྟབས་ཀྱིས་རྣམ་པར་བཞུགས།། ་མགོ་བོ་རློན་པའི་འཕྲེང་བ་ཅན།། མཆོད་ཕྱིར་ཐོགས་པ་འཆང་བའོ།། ཐོད་པ་གཏི་མུག་རྣམ་དག་པ།། འཕྲེང་བ་བརྒྱུས་པས་བརྒྱན་པའི་ལཱ།། མགུལ་དོ་དང་ནི་འཁོར་ལོ་དང་།། རྐང་གདུབ ་དང་ནི་དཔུང་རྒྱན་དང་། ། གདུ་བུ་རྐེད་པའི་སྐ་རགས་དང་།། དཔའ་བོ་རྣ་ཆ་མཆོག་གིས་བརྒྱན།། འདི་འདྨའི་གཟུགས་ཅན་གཙོ་བོ་ནི།། ཧཱུཾ་ཞེས་ཟློས་པར་བྱེད་པའོ།། དེ་ལས་བྱུང་བའི་རྣམ ་འབྱོར་མ། ། ཉི་ཤུ་རྩ་བཞིའི་བདག་ཉིད་རྣམས།། སྐུ་མདོག་སྔོན་མོ་གྲགས་ཆེན་མོ།། ཤིན་ཏུ་འཇིགས་པའི་གཟུགས་ཅན་མ།། ཞལ་གཅིག་ཕྱག་གཉིས་ཐོད་པ་འཆང་།། སོ་སོ་། ་ཡི་ནི་མིང་ཇི་བཞིན།། དེ་རྣམས་མིང་ནི་རབ་ཏུ་བཤད།། འཕྲེང་བཟང་མ།། འདོད་ཅན་མ། འཇིགས་མ། ཐུབ་དཀའ་མ། དགེ་བའི་སྐ་རགས་ཅན་མ། གཟུགས་ཅན་མ། རྣམ་རྒྱལ་མ ་འབྱུང་གནས་མ། ཟོད་ཅན་མ། མཚོ་ཆེན་མ། བྱེད་མ། གསོད་མ། སྒྲོལ་མ། འཇིགས་མ། མཐོང་མ། མི་ང་ཕམ་མ། དགེ་མ།། མཇུར་བྱེད་མ། དུས་མཚན་མ། གྲགས་ཆེན་མ། མཛེས ་སྡུགས། ནོར་འཛིན་མ། སྦྲུལ་བཟུང་མ། གྲགས་མཐོང་མའོ།། འདི་ལྟ་བུ་མི་དཀྱིལ་འཁོར་མཆོག། ཁ་དོག་རྣམ་པ་ལྔ་ཡིས་བརྒྱན།། དེ་ཡི་དབུས་གནསཿ ་མོ་ནི། ། ཧེ་རུ་ཀ་ལ་འདི་སྟེར་མ།། སྐྱིལ་ཀྲུང་བྱེད་པའི་ཀར་བྱེད་མ།། མི་ཡི་ནུས་པའི་འཕྲེང་བས་བརྒྱན།། མུ་མོ་འོད་ཟེར་དཔག་དཀའ་ཞིང་།། སྭ་སེར་གྱེན་དུ་འབར་བ་སྟེ།། ་བདག་ཉིད་ལས་སྐྱེས་འཇིགས།། ཞལ་ནས་ཁྲོག་ནི་འཟོར་པྱོང་མ།། དཀར་མོ་ནག་མོ་ལྗང་ཀུ་མ།། ཐམས་ཅད་ཁུ་བ་ལྡན་གྱུར་མ།། རྩཝ་ཡི་དཀྱིལ་འཁོར་བསྐྱེད་དུ་ནི།། ཉི་ཤུ་རྩ་བ ་བདག་ཉིད་གསུངས། ། བདག་ཉིད་ཧེ་རུ་ཀ་གཟུགས་ལ།། ཉི་ཤུ་རྩ་བཞིའི་ལྷ་མོས་མཆོད།། ཐོད་པ་བདུད་རྩི་ལྔས་བཀང་བ།། ཧེ་རུ་ཀ་ཡིས་བཏུང་བར་བྱ།། དེ་ཡིས་འཐུངས ་ཙམ་གྱིས་ནི། ། འགྲོ་བའི་བླ་མ་བདག་ཉིད་ཆེ།། གཙོ་བོ་ལས་གཞན་ཐ་དད་གཟུགས།། རྣལ་འབྱོར་མ་ཀུན་དེ་དང་འདྲ།། དེ་ལྟར་ཧེ་རུ་ཀ་མགོན་པོས།། རྣལ་འབྱོར་མ་ཀུན་སྤྱད ་པར་བྱ། ། ཐམས་ཅད་སྤྱད་པས་ཞུ་གྱུར་ཏོ།། ཉི་མའི་དཀྱིལ་འཁོར་རྣམ་པར་གནས།། དེ་ནི་ཞུ་བར་མཐོང་ནས་ནི།། ཤིན་ཏུ་སྲིད་པ་སྒྲུབ་པའི་ཕྱིར།། སྒོ་ཡི་རྣལ་འབྱོར་མ་ཡིས་བསྐུལ། ་སྟེ་འཇིག་རྟེན་སྙན་མནན་ནོ།། ཅི་ཕྱིར་ཁྱོད་ནི་མི་དགྱེས་གྱུར།། གལ་ཏེ་ཁྱོད་བདག་ཚིག་གསན་ན།། མི་དགྱེས་གྱུར་པ་མཐའ་དག་ཟོང་།། སྲིད་འཇིགས་སྐྱེ་བོ་ཀུན་ལྷུང་བས།། སྟོང་པའི་ཐུགས་ནི་མ ་མཛད་པར། ། ཉིད་ཀྱི་དགོངས་པ་ཀུན་བསྒྲུབས་ཀྱེ།། རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས།། གལ་ཏེ་སྔོན་གཙེ་ཚིགས་གསན་ན།། འབྲས་བུ་ཡལ་བར་མ་དོར་ཅིག། ཁྱོད་མི་སྣང་ན་འགྲོ་བ་ཡི།། ་སྐྱེ་བོ་མཐའ་དག་གདུང་བས་ནོན།། ལོག་པའི་ང་རྒྱལ་མ་མཛད་པར།། སྟོང་པའི་རང་བཞིན་སྤངས་ནས་ནི།། ཁྱོད་ཀྱིས་དངོས་མེད་ཀུན་ཐོང་ལ།། རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད།། ་རྣལ་འབྱོར་མ་ནི་བཞི་པོ་ཡིས།། འདི་ལྟ་བུ་ཡི་གླུ་ཡིས་བསྐུལ།། སྔོན་བཞིན་མདོག་དང་མཚན་སོགས་ལྡན།། ཀུན་ནས་རྣལ་འབྱོར་པ་རྣམས་བསྐོར།། འཇིགས་པ་འཁོར་བ་སྒྲོལ་བྱེད་པའི། ་དཔའ་བོ་ཆེན་པོ་འདི་བཞེངས་སོ།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། དཀྱིལ་འཁོར་དང་ཧེ་རུ་ཀ་བསྐྱེད་པ་དང་བསྒོམ་པའི ་ལེའུ་སྟེ་བདུན་པའོ། ། །། དེ་ནས་ཡང་དག་རབ་བཤད་བྱ།། སྤྲིན་སྲེག་དཀྱིལ་འཁོར་མཆོག་བཟང་པོ།། ཞི་བ་དང་རི་རྒས་པ་དང་།། དེ་བཞིན་དབང་དང་མངོན་སྤྱོད་དེ།། ་སྦྱིན་སྲེག་རྣམ་པ་བཞི་རུ་གསུངས།། ཤིང་གི་སྦྱིན་སྲེག་མི་བྱ་ཞིང་།། འབྲས་དང་འབྲུ་རྣམས་ཀྱིས་ཀྱང་མིན།། བློ་ལྡན་ག་ཊཱི་ད་ར།། མེ་ཏོག་གིས་ནི་སྦྱིན་སྲེག་བྱ།། མེ་ཏོག་ལྔ་པོ ་མཆོག་ཆེན་དང་། ། འོ་མར་ཡང་དག་ལྡན་པས་བྱ།། གལ་ཏེ་ཞི་བའི་སྦྱིན་སྲེག་འདོད།། ཞི་བའི་གཟུགས་སོགས་ལྡན་པ་ཡིས།། ཞི་བའི་ཐབ་ཁུང་གྲུ་བཞི་པ།། ཟབས་དང་རྒྱར་ནི་མཐོ ་གང་བ། ། ཁ་ལ་རྡོ་རྗེ་རྩེ་ལྔ་པ།། དཀར་པོ་རྩེ་མོ་འདུས་པ་བྲི།། རྡོ་རྗེ་རྩེ་གསུམ་སྔོན་པོ་ནི།། ཞི་བ་ཧཱུཾ་བདག་འཁོར་བར་ནི།། དེ་ཡི་དབུས་སུ་འཁོར་ལོ་ལོ།། གྲུ་གསུམ ་པ་ཡི་ཡི་གེས་བརྒྱན། ། ཨེ་ཝ་མ་ཡ་མཆོག་ཆེན་གྱི།། ལྟེ་བ་རུ་ནི་བསྐྱེད་པར་གསུངས།། རྩེ་གསུམ་འཇིགས་པའི་རྡོ་རྗེས་བསྐོར།། རྡོ་རྗེའི་ནང་དུ་པདྨ་སྟེ།། པདྨའི་དབུས་སུ་ཉི་མཱ་བསམ།། ་ཉི་མའི་དབུས་སུ་ཡི་གེ་ཧཱུཾ།། ཁ་དོག་དམར་པོའི་འོད་ཆེན་པོ།། མཚམས་དང་མཚམས་སུ་རྡོ་རྗེ་ནི།། རྩེ་དགུ་སེར་པོ་བྲི་བར་བྱ།། བདག་ཉིད་ཧེ་རུ་ཀར་བལྟ་སྟེ།། ཕྱིས་ནི་སྦྱིན་སྲེག ་ཡང་དག་བརྩམ། ། ཤེས་རབ་ཅན་གྱིས་མེ་ཡི་ལྷ།། སྔགས་འདི་ཡིས་ནི་སྤུན་དྲང་ངོ་།། ཨོཾ་སརྦ་དེ་བཱ་ཧཱི་ད་པྲ་དྷེ་ནེ། ཨ་བི་ཀལྤི་སུ་ད་ཧ་ནེ་ད་ཧ་ད་ཧ་ཛཱ་ལ་ཛཱ་ལ། པྲ་ས་ར་པྲ་ས་ར། ཨཱ ་གཙྪ་ཨཱ་གཙྪ། ཡ་ཏྲི་ཀུཾ་ནེ་ཨ་ཏིཥྛ་ཡ་ཏིཥྛ་ཡ། ཏིཥྛ་ཏིཥྛ། ཀི་ལི་ཀི་ལི། ཧོ་ཧེ་ཧོ་ཧ་ཧྲཿཧྲི་ཧཱུཾ་སྭཱ་ཧཱ། མེ་ལྷ་སྤྱན་དྲང་བའི་སྔགས་སོ།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། ཤེས་རབ་ཅན ་སྔགས་ལན་བདུན་བཟླས། ། སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང་།། མདོག་དཀར་དུ་བ་དང་བྲེལ་བའོ།། མེ་ལྷ་རྒྱལ་དབང་བྱོན་ནས་ཀྱང་།། ཐབ་ཁུང་གི་ནི་དབུས་སུ་བཞུགས། ་དེ་ནས་བློ་ལྡན་སྦྱིན་སྲེག་བྱ།། དེ་རུ་སོལ་བ་བཞུགས་བྱ་བ།། ཨ་ཤྭ་ཏ་དང་ནྱ་གྲོ་དྷ།། ཨུ་དུམ་ཝ་ར་ར་ཀ་ཏི།། པ་ལ་ཤ་སྟེ་ཤིང་ལྔ་ལས།། སོལ་བྱས་དུ་མེད་འབར་བའི་མེ།། བློ་ལྡན ་ཐབ་ཁུང་དབུས་སུ་བཞུགས། ། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། པདྨ་བརྒྱན་ནི་རྩ་བརྒྱད་དང་།། དེ་བཞིན་ཨུཏྤ་ལ་ཉིད་དང་།། ཀུ་མུ་ད་དམར་དྲི་ཞིམ་འདྲ།། ཀ་ར་བཱི་ར་གཞན་ཉིས་འགྱུར།། ་བྱས་ཏེ་བསྲེགས་པས་ཞི་བར་གསུངས།། སྦྱིན་བདག་མདུན་ན་འདུག་པ་ལ།། དེ་ཚེ་དུ་བ་དབབ་པར་བྱ།། མཁས་པས་གསང་སྔགས་འདི་བཏོན་ཞིང་།། པདྨ་མར་སྦགས་བསྲེག་པར་བྱ།། ་ཨོཾ་པདྨ་རཱ་ཛེ་ཨགྣི་པྲི་ན་ཡ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཁས་པ་ཡིས་ནི་སྔགས་བཟླས་ཏེ།། ཨུཏྤལ་འོ་མས་སྦྱིན་སྲེག་བྱ།། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཏེ་ཛེ་རཱ་ཛ་བི་ནཱ་ཡ་ཤཱནྟི་ཀུ་རུ་སྭཱཧཱ། ་མཁས་པ་བདེ་གཤེགས་ཀུན་བདག་གིས།། གུ་ར་ཀུམ་ཀུ་མུ་ད་བསྔགས་བསྲེགས།། ཨོཾ་སུ་པུཥྤེ་སུ་ཀ་ར་ཙ་ལི་ཛྭ་ལ་ནཱཾ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་ཡིས་ནི།། དྲྀ ་ཞིམ་ཙན་དན་སྦྱིན་སྲེག་བྱ། ། ཨོཾ་དྷ་མེ་ཧཱ་མེ་རཱ་ཛེ་ད་ཧ་ད་ཧ་སརྦ་བགྷྣ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཀ་ར་བཱི་ར་དྲི་ཞིམ་མར།། མཁས་པས་སྔགས་རྒྱལ་བཟླས་ཏེ་སྲེག། ཨོཾ་ཀ་ལི་སུ་ཀ་ལི་ཀ་ར་ཀ་ལ་ཏྲི ་སརྦ་པཱ་པ་དཱ་ཧ་ད་ཧ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མེ་ཏོག་རེ་རེ་རེ་རེ་ལ།། གསང་སྔགས་རྒྱལ་པོ་ལན་རེ་བཟླ།། ཞི་བའི་སྦྱིན་སྲེག་བླ་མེད་པ།། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། མེ་ནི་འོ་མས་ཞི ་བར་བྱ། ། དེ་ནས་གཞན་ཡང་རྒྱས་པ་ཡི།། སྦྱིན་སྲེག་ཁྱད་པར་བཤད་པར་བྱ།། རྒྱས་ལ་ཐབ་ཁུང་ཟླུམ་པོ་སྟེ།། ཆུ་ཡི་དཀྱིལ་འཁོར་ལྟར་སྣང་བ།། ཟབས་དང་རྒྱར་ནི་མཐོ་གསུམ་སྟེ། ་ཁ་དོག་སེར་པོར་རྣམ་པར་བསམ།། དེ་དབུས་རྡོ་རྗེ་རྩེ་དགུ་པ།། སྔོ་བྲི་དེ་སྟེང་པང་འདབ་བརྒྱད།། བདག་ཉིད་ཧེ་རུ་ཀ་རྣམ་པ།། ཁྲོ་བའི་སེམས་ཀྱིས་བདག་ཉིད་ཀྱིས། ་ཤིང་བསྲེགས་པ་ཡི་སྦྱིན་སྲེག་བྱ།། གལ་ཏེ་རྒྱས་པ་མཆོག་འདོད་ན།། ཨ་མྲ་ཀན་ཐ་པ་ལ་དང་།། ཨརྒ་བིལ་བ་དུ་དུ་ར།། ཤིན་ཏུ་རྙེད་དཀའི་ཤིང་ལྔ་ལས།། སོར་བཅུ་གཉིས་ཀྱི་ཚད་ཙམ་དུ། ་སློབ་དཔོན་གྱིས་ནི་གཟུང་བར་བྱ།། མ་གས་མ་བསྐམས་མ་བཅད་ཅིང་།། བུ་ག་ཅན་གྱི་ཤིང་སྤང་ངོ་།། དེ་ཡི་དབུས་སུ་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ།། རེ་རེ ་ལ་ནི་བརྒྱ་རྩ་བརྒྱད། ། བགྲངས་ཏེ་དེ་ནས་སྦྱིན་སྲེག་བྱ།། བདག་ཉིད་ཧེ་རུ་ཀ་ཡི་ཚུལ།། སྐུ་མདོག་ནག་པོ་འོད་ཆེན་པོས།། མར་དང་ཡམ་ཤིང་ཐམས་ཅད་ནི།། སྔགས་བསྲེགས་འདིར་ནི་ཐེ་ཙམ ་མེད། ། ཨོཾ་ག་ག་ནི་ག་ག་ན་བི་ལོ་ཀ་ནེ་ཧཱུཾ་ཕཊ། ཏེ་ཛོ་རཱ་ཛ་པུཥྚི་ཀུ་རུ་སྭཱ་ཧཱ། ཤིང་རྣམས་ཀུན་གྱིས་སྔགས་འདི་ཡིས།། རེ་རེ་བཞིན་དུ་སྦྱིན་སྲེག་བྱ།། ཕྱིས་ནི་སེར་པོའི་ཆུས་ཞི་བྱ།། འདི་ལྷའི ་རྒྱས་པའི་སྦྱིན་སྲེག་ནི། ། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། རྒྱུད་གཞན་རྣམས་སུ་སྦས་པ་ནི།། རྒྱུད་འདི་རུ་ནི་གསལ་བར་བྱས།། དེ་ནས་ཡང་དག་རབ་བཤད་པ།། དབང་དུ་བྱ་བའི ་སྦྱིན་སྲེག་མཆོག། ཐབ་ཁུང་གྲུ་གསུམ་དམར་པོ་ལ།། ཟབས་དང་རྒྱར་ནི་སོར་མོ་བརྒྱད།། དེ་དབུས་པདྨ་འདབ་བརྒྱད་དམར།། ཟླ་བ་དམར་ལ་སོགས་པས་བརྒྱན།། གྲཱ་གྲཝ་རུ་ནི་རྡོ་རྗེ་དམར། ་བདག་ཉིད་ཧེ་རུ་ཀར་བསམ་པ།། དམར་པོ་ལྟར་སྣང་ཆགས་པའི་བདག། རྡོ་རྗེ་དམར་པོ་ཐོད་པ་བསྣམས།། ཡོངས་སུ་གང་བའི་ཁྲག་ཉིད་ཀྱིས།། ཁམས་གསུམ་པ་ལ་རྗེས་སུ་ཆགས།། ཨཱ། ་ཤོ་ཀ་ཡི་ཡམ་ཤིང་དང་།། གོ་རོ་ཙ་ནར་ལྡན་པ་ནི།། བློ་ལྡན་བརྒྱ་རྩ་བརྒྱད་བསྲེགས་ཏེ།། ཤིན་ཏུ་མཉམ་བཞག་སྔགས་ནི་འདོན།། ཨོཾ་ཨ་ཤོ་ཀ་ནི་སུ་ར་ཀ་ཨ་ནུ་རཱ་ག་ཡ་ཏྲཻ་ལོ་ཀྱ་བ་ཤཾ་ཀ་རཱི ་ཏྲཻ་ལོ་ཀྱ་བ་ཤ་མཱ་ན་ཡ་ཧྲཱིཿསྭཱ་ཧཱ། ཉིན་བདུན་སྦྱིན་སྲེག་བྱས་ཙམ་གྱིས།། ཁམས་གསུམ་དབང་དུ་འགྱུར་བ་ཡིན།། ཆུ་ནི་དམར་པོས་མེ་ཞི་བྱ།། དེ་ནས་ཡང་དག་རབ་བཤད་པ།། མངོན་སྤྱོད ་དང་ནི་གསད་པ་མཆོག། ཟླ་བ་ཕྱེད་པའི་ཚེ་འདྲའི་ཐབ།། ཟབས་དང་རྒྱར་ནི་ཁྲུ་གང་ཚད།། འཇིགས་ཆེན་མདོག་ནི་ལྗང་ཀུའོ།། གྲཱ་གྲཱ་རུ་ནི་རྡོ་རྗེ་བྲི།། དབུས་ཀྱི་ས་གཞི་སྟོང་པ་རུ།། བློ་ལྡན ་ཤ་ལྔས་སྦྱིན་སྲེག་བྱ། ། གསོད་པ་ཡི་ནི་སྦྱིན་སྲེག་མཆོག། མངོན་སྤྱོད་གསོད་པ་རུ་ནི་གསུངས།། དགྲ་ཀུན་བསྣུན་ཅིང་ཟློག་པར་བྱེད།། དགྲ་བོ་ཐུར་དུ་ཁ་བལྟས་ཤིང་།། ཁ་ནས་ཁྲག་ནི ་སྐྱུག་པ་ཉིད། ། ཤ་ཡི་དབུས་སུ་བསམ་པར་བྱ།། སེང་ལྡེང་སོལ་བས་མེ་བྱ་སྟེ།། མེད་ན་འབའ་འབོ་ལ་ཉིད་ཀྱི།། འབའ་འབོ་ཚེར་མས་ཤ་ཕུག་སྟེ།། བརྒྱ་རྩ་བརྒྱད་དུ་སྔགས་ཀྱིས་སྲེག། ་ཨོཾ་མཱ་ར་ཡ་མཱ་ར་ཡ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་ཤོ་དྷཱ་ནཱ་ཤ་ཡ་ཧཱུ~ཾ་ཕཊཿ། བདག་ཉིད་ཏེ་རུ་ཀར་གྱུར་ཅིང་།། སུ་མདོག་སྔོན་པོ་ཐུགས་འཁྲུགས་པས།། དགྲ་རྣམས་ཐམས་ཅང་དྲག་པར་ནི། ་ཅིག་དེ་ལ་ཐེ་ཚོམ་མེད།། ཕྲེང་མཛད་འཇིགས་ཤིང་འཇིགས་པར་བྱེད།། ཧ་ཧ་ཞེས་མཛད་འཇིགས་པར་མཛད།། གདུག་པ་ཐམས་ཅད་གསད་པར་ནི།། སྦྱིན་སྒེག་ཙམ ་གྱིས་ཐེ་ཙོམ་མེད། ། འདི་ལྟའི་གསང་པའི་སྦྱིན་སྲེག་དང་།། མངོན་སྤྱོད་ཀྱང་ནི་རྙེད་དཀའ་བ།། རྣལ་འབྱོར་ལྷ་མོས་རྟོགས་མིན་ན།། སྔགས་སྐྱེས་ཕལ་ལྔ་སྨོས་ཅི་དགོས།། དེ་ཕྱིར་སངས ་རྒྱས་ཐོད་པ་ཡི། ། རྣལ་འབྱོར་ང་རྒྱལ་དང་བྲལ་བས།། ཤིན་ཏུ་མཉམ་པར་བཞག་པའི་སེམས།། ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀར།། ལྗང་ཀུའི་ཆུ་ཡིས་མེ་ཞི་བྱ།། གང་གིས་བསྲེགས ་ཤིང་གང་ཞིག་བསྲེགས། ། གང་གི་ཞི་བ་གང་ཞི་བ།། གང་གིས་རྣམ་རྟོག་ཀུན་བཅོམ་པ།། དེ་ཡི་སེམས་ནི་མགུ་བར་བྱེད།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན ་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། སྦྱིན་སྲེག་གི་ཆོ་གའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་དག་རབ་བཤད་པ།། སྤྱོད་པའི་ལེའུ་ཤིན་ཏུ་རྙེད་དཀའ་བ ་བུད་མེད་ཤིན་ཏུ་མཆོག་གྱུར་དང་། ། རྣལ་འབྱོར་གང་གིས་སྤྱོད་ཀུན་བྱེད།། དངོས་གྲུབ་བརྒྱད་དང་ཡང་དག་ལྡན།། དེ་ནས་སྤྱོད་པ་ཡང་དག་བརྩམ།། སེམས་ཅན་དངོས་གྲུབ་གང་གང་འདོད།། ་དེ་དེའི་དངོས་གྲུབ་རྟག་ཏུ་སྟེར།། ལག་པས་ཐོད་པ་བཟུང་བྱས་ཏེ།། གཅེར་བུ་སྐྲ་གྲོལ་གྱུར་པ་ཡི།། བརྟུལ་ཞུགས་ཅན་གྱི་སྤྱོད་པས་འཁྱམ།། གང་དུ་གང་ཚེ་དེ་ཚེ་དེར།། རྟག་ཏུ་སྤྱོད་པ ་ཐམས་ཅད་བྱ། ། རྒྱན་རྣམས་ཀུན་ལས་རྣམ་གྲོལ་ཞིང་།། ནམ་མཁའ་དང་མཚུངས་གྱུར་པ་ཡི།། ཤེས་རབ་ཅན་གྱིས་ཁྱིམ་ཁྱིམ་དུ།། སློང་མོ་བྱ་བར་ཐེ་ཙོམ་མེད།། ཡིད་དང་མཐུན་པ་ཀུན་བླངས ་ནས། ། བསམ་གཏན་གནས་སུ་ཐེ་ཚོམ་མེད།། དགའ་བའི་སེམས་ཀྱིས་བསམས་ནས་ནི།། རྣལ་འབྱོར་མ་ཡིས་སློང་མོ་བསླངས།། ཆོས་ལ་གཞོལ་བའི་རྣལ་འབྱོར་པས།། ཐོད་པའི་སྟེང་དུ ་བཞག་པ་ཡི། ། རྫས་ནི་དེ་ནས་བཟའ་བར་བྱ།། རྫས་ནི་ཟོས་མ་ཐག་ཏུ་ཡང་།། ཁྱིམ་ཁྱིམ་ཐལ་ཕུང་ཤིང་དྲུང་དང་།། གང་དུ་གང་ཚེ་དེར་དེའི་ཚེ།། གང་གིས་དགའ་བའི་སེམས་དེ་ཡིས།། བློ ་གྲོས་ཆེན་པོ་གཉིད་ལོག་འཕྲེང་། ། འདི་ལྟའི་སྤྱོད་པའི་སྦྱོར་བ་ཡིས།། ཕྱག་རྒྱ་ཆེན་པོ་ངེས་པར་འཐོབ།། དེ་ལྟར་ཡང་ནི་རྒྱུད་ལས་གསུངས།། གང་དུ་ཇི་ལྟར་དེར་དེ་ལྟར།། གང་གི་དེ་ཡིས་སངས ་རྒྱས་ཏེ། ། རང་གི་རྣམ་རྟོག་དག་གིས་ཉམས།། མཐའ་དག་རང་བཞིན་རྣམ་པར་དག། སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། ་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་དག་རབ་བཤད་པ།། གཅིག་ཏུ་སེམས་ཅན་དོན་རབ་ངེས།། གསེར་དུ་ངེས་པར་བྱེད་པའི་ལེའུ།། སློབ་དཔོན་ལ་ནི་རབ་དང ་བས། ། མུ་ཏིག་དང་མི་ཉ་ཕྱིས་དང་།། དངུལ་ཆུ་དང་ནི་བྱུ་རུ་ཡིས།། གང་གི་སེམས་ཅན་ནོར་ལྡན་འགྱུར།། འདི་ནི་ཕྱི་ཡི་སྨན་མིན་ཏེ།། ཤུན་ལྤགས་ལོ་མ་མ་ཡིན་ཞིང་།། དངུལ་ཆུ་བཅུད ་ལེན་མ་ཡིན་ཏེ། ། མུ་ཟི་ལྷང་ཚེར་མ་ཡིན་ཞིང་།། ལྕགས་དང་ན་ཉེ་ཟངས་མ་ཡིན།། ལྕགས་གཞན་དག་ནི་མ་ཡིན་ཏེ།། ཐུབ་པའི་སྨན་གྱི་མཆོག་ཡིན་ནོ།། འདི་ལྟ་དུ་ཡི་ཚིག ་། ཐོས་ནས།། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེས།། ཞབས་ཀྱི་རྡུལ་གྱི་ཆ་བཏུད་ནས།། སེམས་དཔའ་གཅིག་ཏུ་དང་བརྟན་པས།། ལྷ་མོ་ལེགས་སོ་ཞེས་ནི་སྤྲས།། སྨན་གྱི་མཆོག་ནི་གང་ཡིན་ཞིང་།། ་དངོས་གྲུབ་ཀྱང་ནི་ཇི་ལྟ་བུ།། གུས་པ་ཡིས་ནི་ཉན་པར་འཚལ།། ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས།། གྲུབ་པའི་སྨན་གྱི་མཆོག་གང་ལགས།། གང་གིས་སེམས་ཅན་ནོར་ལྡན་འགྱུར།། ཚེ་འཕེལ ་བ་ལ་བརྩོན་པ་གང་། ། སྔོན་བསྙེན་ལྟོས་པ་མེད་པ་ཡིས།། སྨན་ཆེན་གྲགས་པས་འགྲུབ་པ་གང་།། གང་གིས་རྫས་རྣམས་མང་པོར་འགྱུར།། མོ་གཤམ་བུ་དང་ལྡན་གྱུར་གྲང་།། ཡང་དང་ཡང་དུ་མི་འཆི ་ཞིང་། ། ཤི་ནས་ཡང་དག་འཚེར་འགྱུར་བ།། ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས།། བཀའ་སྤྲུལ་པ། ཁྱིམ་འདི་ཉིད་དུ་གནས་པ་ཡི།། སྨན་ཆེན་པོ་ཡིས་འགྲུབ་པ་སྟེ།། དེ་ཡང་སྣོད་བཟང་མཆོག་ལ་འགྲུབ།། ་བྱིས་པ་རྨོངས་པས་མི་ཤེས་སོ།། བདག་དོན་གཅིག་པུ་ལ་འབབ་ཅིང་།། ཀྱེ་མ་གཅིག་ཏུ་དཀའ་འབད་པས།། ཇི་ལྟར་སེམས་ཅན་དོན་འགྲུབ་འགྱུར།། སྣོད་བཟང་ལ་ནི་གནས་པའི་བཅུད། ་ཟི་འབྲུ་གསང་བའི་སྤྱོད་ཡུལ་ཏེ།། རོ་བཅུད་རྩ་ཡི་ནང་གནས་པའི།། སྨན་ཆེན་རོ་བཅུད་མ་རུ་བརྗོད།། གང་གིས་ལྕགས་ནི་གསེར་འགྱུར་བར།། གཅིག་གིས་ཀྱང་ནི་གྲངས་མེད་འགྱུར།། འདི་ལྟ ་བུ་ཡི་སྨན་ཆེན་མཆོག། རོ་བཅུད་མ་ནི་དེ་བཞིན་གནས།། རབ་འབྱོར་ཆོ་ག་སྔོན་འགྲོ་བས།། སྨན་གྱི་མཆོག་ནི་འགྲུབ་པར་འགྱུར།། དེར་ནི་ཡང་དག་སྦྱོར་བ་བཤད།། དད་པ་བརྟན་པ་ཡིས་ནི ་ཉོན། ། མེ་ཏོག་ལྡན་པའི་བུད་མེད་གང་།། གཞོན་ནུ་ཁ་དོག་ནག་མོ་སྟེ།། རྒྱུད་འདི་ཐོད་པ་དང་ལྡན་ཞིང་།། ངོ་ཚ་མེད་ཅིང་ལྟོས་མེད་མ།། འདོད་པ་ཆུང་ཞིང་སེམས་ཅན་བརྩེ།། དེ་བཞིན་གཤེགས ་པ་རྣམས་སྟེན་ཅིང་། ། རྟག་ཏུ་རབ་སྦས་བརྩོག་མེད་མ།། འདི་ལྷའི་བུད་མེད་རབ་བླངས་ཏེ།། སྨན་ཆེན་མཆོག་ནི་ཡང་དག་བརྩམ།། སྐྱེས་བུ་ཤིན་ཏུ་ཆགས་ཆེ་ཞིང་།། མྱུར་དུ་བྱང་ཆུབ་སེམས ་འབབ་པ། ། གང་ཡིན་དེ་ལ་དངོས་གྲུབ་མེད།། འདི་ལྟ་བུ་ཡི་སྨན་ཆེ་པོ།། སངས་རྒྱས་ཀྱིས་ཀྱང་རབ་རྙེད་དཀའ།། ཤིན་ཏུ་བརྟན་པའི་སེམས་ཀྱིས་ནི།། བློ་ལྡན་བུད་མེད་དེ་རྣམས་བསྟེན།། ་དེ་ལྟར་ཡང་གསུངས་པ། རབ་ཏུ་བརྟན་པ་གཙོ་བོའི་གནས།། ཞེས་ནི་སྒྲུབ་པ་པོ་རྣམས་སྨྲ།། དེ་ཕྱིར་བརྟན་པའི་སེམས་ཀྱིས་ནི།། སྣོད་བཟང་འབྲས་བུ་བསྐུལ་བར་བྱ།། དེར་ནི་མེ་ཏོག་ལྡན ་བུད་མེད། ། གསེར་གྱི་སྦྱོར་བ་རྙེད་དཀའ་བརྩམ།། གྲུབ་པའི་བཅུད་ཀྱིས་བྱུག་པ་ཡིས།། ཟླ་བ་རང་གི་སྙིང་ཀར་བསམ།། སྔོན་དུ་རི་ཡི་རྒྱལ་པོས་བརྒྱན།། དེར་ནི་ཡི་གེ་ཧྲཱི་ས་བོན།། སེམས ་ཅན་དོན་ལ་གཅིག་ཏུ་འབང་། ། བློ་ལྡན་དགོས་པ་ཡང་དག་བརྩམ།། ཟངས་མའི་དངོས་པོ་སྲང་གཅིག་བཅས།། ཟླུམ་པོ་སྣོད་བཟང་ལ་བཅུག་སྟེ།། གཡོན་པ་བསྐུམ་པའི་གཡས་ཟུར ་གཞག། མེད་ན་ལྕགས་ཀྱང་བྱ་བ་ཡིན།། བརྟུན་པའི་སྦྱོར་བའི་སེམས་ཀྱིས་ནི།། དེ་ནས་བློ་ལྡན་ལས་རྣམས་བརྩམ།། རི་རབ་ཟླ་བ་ས་བོན་རྒྱལ།། ཞུ་འགྱུར ་ཆོཚོམ་མེད་པ་ཡིན། ། སྣོད་བཟང་དེར་ནི་ངལ་བསོས་པས།། འཕོ་བའི་སྦྱོར་བས་འཛག་པ་ཉིད།། བཟང་པོར་མྱུར་དུ་རབ་བླངས་ཏེ།། མཁས་པ་ཡིས་ནི་བྱུག་པར་བྱ།། རྡོག་པོ་བྱུགས་པ ་ཙམ་གྱིས་ནི། ། མེ་ཡི་ནང་དུ་གཞུག་བྱ་ཞིང་།། དེ་ནས་ཤེས་རབ་ཅན་བལྟས་ན།། གསེར་དུ་འགྱུར་བ་ཐེ་ཚོམ་མེད།། དེ་ནི་མ་ཤ་གཅིག་གིས་ནི།། སྲང་བརྒྱ་རུ་ནི་འགྱུར་བ་ཡིན།། དེ་ལྟར ་གསེར་གྱི་སྦྱོར་བ་མཆོག། འཇིག་རྟེན་གསུམ་ནའང་རྙེད་པར་དཀརའ།། གལ་ཏེ་སྨན་ཆེན་ཚད་མིན་ན།། དེ་ཚེ་སངས་རྒྱས་ཚད་མ་ཡིན།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར།། དངོས་པོ་གང་དང་གང ་གསུངས་པ། ། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། དེ་དག་ཐམས་ཅད་བདེན་པར་འགྱུར།། གང་ཞིག་འདི་ཚད་མིན་སྨྲ་བའི།། བློ་གྲོས་ཆེན་པོ་ཐོས་ལྡན་པ།། ཇི་སྲིད་སངས་རྒྱས་བཞུགས ་ཀྱི་བར། ། དེ་དག་ཐམས་ཅད་དམྱལ་བར་འགྲོ།། སྨན་འདི་ཙམ་གྱིས་མ་གྲུབ་ན།། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་།། བླ་མེད་རྣལ་འབྱོར་མ་རྣམས་ཀྱི།། དེ་དག་ཐམས་ཅད་བརྫུན་པར ་འགྱུར། ། མཚམས་མེད་ལྔ་ནི་བྱེད་པ་དང་།། སེམས་ཅན་སངས་རྒྱས་ཆོས་ལ་འཚེ།། སྨན་གྱི་མཆོག་ནི་འགྲུབ་འགྱུར་བ།། སྐད་ཅིག་དེ་ལ་ཐེ་ཚོམ་མེད།། སེམས་ཅན་དོན་ལ་གཅིག་ཏུ་འབད།། ། ་སྒོ་ལྡན་འགྲུབ་པ་ལྟ་ཅི་སྨོས།། སྨན་མཆོག་གསེར་དང་དངུལ་དུ་འགྱུར།། ཇི་སྲིད་སངས་རྒྱས་ཡེ་ཤེས་ཡོད།། མི་ནི་བསྐལ་པ་བྱེ་བར་འཚོ།། དེ་ནས་ཡང་དག་རབ་བཤད་པ།། མོ་གཤམ། ་རྣམས་ཀྱི་བུ་མེད་པ།། ཡང་དག་སྦྱོར་བས་བཀྲུས་ཙམ་གྱིས།། སྐད་ཅིག་དེ་ལ་བུ་ལྡན་འགྱུར།། སྔོན་གྱི་གཙོ་བོས་ཇི་སྐད་གསུངས།། ཁྲུས་ཀྱི་ཆོ་ག་རབ་ཏུ་བཤད།། ཁ་དོག་ལྔ་ཡི་རྡུལ་ཚོན ་ནམ། ། ཡང་ན་རྡུལ་ཚོན་དཀར་པོ་ཡིས།། དཔག་དཀའ་སྐྲག་པར་བྱེད་པ་ཡིས།། དཀྱིལ་འཁོར་འཇིགས་པར་བྲི་བར་བྱ།། དེ་ནི་བུམ་པ་ལྟོ་ཆེ་བ།། ཟླུམ་པོ་བཞི་ནི་གཞག་པར་བྱ།། ཤེས ་རབ་ཅན་གྱིས་ཆུ་ཡིས་དགང་། ། རས་ཀྱིས་ཀྱང་ནི་དཀྲི་བར་བྱ།། རང་གི་ཁྲག་གིས་མཚན་མ་བྲི།། བུད་མེད་མོ་གཤམ་དེ་ཡི་ནི།། ཁམས་ཀྱིས་གཙོ་བོར་བླངས་ནས་ནི།། མཁས་པས་བུམ། ་པའི་ཁ་ལ་བྱུག། དེ་ནས་ཁྲག་འཐུང་གོ་འཕང་ལ།། གནས་པ་སྒོམ་པའི་མཆོག་ལྡན་པས།། ནག་པོ་དམར་མོ་འཇིགས་ཆེན་པོ།། རྡོ་རྗེས་ཧཱུཾ་ལས་ཡང་དག་བྱུང་།། འཇིགས་པའི་མེ་ལྟར ་འཇིགས་བྱེད་པ། ། ཞལ་གཅིག་པ་ལ་ཕྱག་བཞི་པ།། བླ་མ་འཇིགས་པའི་གར་བྱེད་ཅིང་།། མཁས་པས་ཧཱུཾ་ནི་སྒྲོགས་བཞིན་པ།། བློ་ལྡན་བུམ་པའི་ནང་དུ་བསམ།། དེ་ནས་རལ་གྲི་འཛིན ་པ་ཡི། ། སྐྱེས་པ་བཞི་པོ་གྲགས་ཆེན་པོ།། ཁྲོ་བོ་གཞན་གྱི་སེམས་དང་ལྡན།། འཇིགས་ཆེན་སྐྱེས་བུ་དེ་རྣམས་ཀྱིས།། རལ་གྲིས་ནམ་མཁར་བསྣུན་ཅིང་གསོད།། སངས་རྒྱས་ཐོད་པའི ་སྦྱོར་བ་དང་། ། འདི་ལྟ་བུ་ཡི་སྦྱོར་ལྡན་པས།། དེ་བཞིན་དུ་ནི་བུད་མེད་བཀྲ།། སྐད་ཅིག་དེ་ལ་བཀྲུས་ཙམ་གྱིས།། བུད་མེད་བུ་དང་ལྡན་པར་འགྱུར།། སངས་རྒྱས ་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། སྨན་ཆེན་པོ་ཁྱད་པར་ཅན་དང་། མོ་གཤམ་གྱི་ཁྲུས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ།། ། ་། དེ་ནས་ཡང་དག་རབ་བཤད་པ།། མཁའ་ལྡིང་སྦྱོར་ལས་བྱུང་བའི་ལེའུ།། སྔོན་དུ་གསུངས་པའི་ཆོ་ག་ཡིས།། མཁས་པས་དཀྱིལ་འཁོར་བྲི་བར་བྱ།། བློ་ལྡན་ཧེ་རུ་ཀ་དང་ནི།། ་ཀུན་ནས་རྣལ་འབྱོར་མ་བརྒྱད་བསྐྱེད།། མཚན་མ་ཕྱག་སོགས་སྔོན་གསུང་བཞིན།། ཁ་དོག་དཀར་པོ་འབའ་ཞིག་ཉིད།། ཕྱོགས་ཀྱི་རྣལ་འབྱོར་མ་དཀར་ཞིང་།། མཚམས་ཀྱི་དམར་པོ་ཉིད ་ཡིན་ནོ། ། སྔོན་དུ་གསུངས་པའི་ཆོ་ག་ཡིས།། མཁས་པས་དཀྱིལ་འཁོར་བྱིན་གྱིས་བརླབས།། བུམ་པ་རྣམ་པ་བཞི་པོ་ལ།། སྔོན་གསུངས་ཕྱག་མཚན་བྲི་བར་བྱ།། རིག་པ་འཛིན་པའི་སྦྱོར ་བ་ཡིས། ། ཕྱིས་ནི་སློབ་མ་རྗེས་སུ་གཟུང་།། སྔོན་གྱི་ཆོ་གས་གསོལ་བཏབ་སྟེ།། སྦྱིན་དང་ཚོགས་ཀྱི་འཁོར་ལོ་དང་།། དེ་ནས་དཀྱིལ་འཁོར་མཆོད་པར་བྱ།། སླར་ཡང་གསང་སྔགས་འདི་ཡིས ་ནི། སློབ་མ་རྗེས་སུ་གཟུང་བར་བྱ།། ས་སྟེངས་ན་ནི་དུས་ཟིན་ལ།། ཅུང་ཟད་གསོ་བར་མི་ནུས་ཏེ།། ནམ་མཁའ་ལྡིང་ཅན་གྱིས་བཏང་ཞིང་།། དུས་སུ་ཟིན་ཅེས་སྨྲ་བ་ན།། སངས་རྒྱས་ཟོང ་པའི་རྣལ་འབྱོར་པ། ། བློ་ལྡན་དེ་ནས་ལས་བརྩམ་མོ།། བདག་ཉིད་ཧེ་རུ་ཀཱར་གྱུར་ཅིང་།། ཀུན་ནས་རྣལ་འབྱོར་མ་བརྒྱད་དེ།། དེ་ཀུན་སྐུ་ནི་དཀར་པོ་རུ།། ཆོ་ག་བཞིན་དུ་སྦྱར་བར་བྱ།། འབྲས ་བཏགས་རང་བཞིན་བླངས་ནས་ནི། ། རིག་པ་འཛིན་པ་གཉིས་བྱའོ།། ཤིན་ཏུ་མཉམ་པར་བཞག་པ་ཡིས།། དེ་ཡི་ལག་པར་རལ་གྲི་སྦྱིན།། དེ་ཡི་སྙིང་ཁར་སྔགས་བྲིས་གཞུག། འདབ་མ་གང ་རང་གང་དེ་ལ། ། མར་ཁུ་ཆེ་བྱས་སྣག་ཚ་དང་།། མཁས་པས་སྔགས་ནི་བྲི་བར་བྱ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲཱིཿོཾ་ཀ་པཱ་ལི་ནི་བཛྲི་ཎི་ཨ། བི་དྷྭཾ་ས་ཡ་སརྦ་ནཱ་ག་ན་ཨུ་ད་བ་ཡ་དྱ་དྷ་ར་ཎི། བི་བྷ་ཡ་ཀ་ལ་ད ་། ཤ་ན། བྷོ་བྷོ་བྷ་ག་ཝ་ཏི་བུདྡྷ་ཀ་པཱ་ལི་ནཱི་སརྦ་ན་ཎ་ཀྵ་ཡེ་ཀ་རི་ཧ་ཧ་ཧ་སྭཱ་ཧཱ། རིག་པ་འཛིན་པའི་སྔགས་སོ།། དེ་ལྟར་ཡོངས་སུ་རྫོགས་ནས་ནི།། འདབ་མ་སྙིང་ཀར་གཞུག་པར་བྱ།། གསང་སྔག ་འདི་དང་ལྕུག་མ་ཡིས། ། ལན་བདུན་བར་དུ་སྤྱན་དྲང་ངོ་།། ཨོཾ་བུདྡྷ་ཀ་པཱ་ལི་ནི་གྷ་ཊ་གྷ་ཊ། གྷ་ཌ་གྷ་ཌ་ཧྲི་ཧྲི་ཧཿཧཿཧེ་ཧེ་ཧཾ། ལན་བདུན་བསྔགས་པ་ཙམ་གྱིས་ནི།། རིག་པ་འཛིན་པ་རྣམ་པ ་གཉིས། ། བར་སྣང་དུ་ནི་ལྡིང་འགྱུར་ཏེ།། གཅིག་ནི་དུམ་བུ་དུམ་བུ་རུ།། ས་ལ་ལྟུང་བ་རུ་ནི་འགྱུར།། དུས་ཟིང་འདྲིར་ལངས་ཐེ་ཚོམ་མེད།། གཞན་ཡང་སྦྱོར་བ་རྙེད་དཀའ་གང་།། པང་བཏེག་ལ ་སོགས་བཅོ་ལྔ་པའོ། ། གླེགས་བམ་ལ་ནི་བྲི་མ་བྱས།། བླ་མའི་དྲིན་ལས་ཤེས་པར་བྱ།། སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། ་རིག་པ་འཛིན་པའི་སྦྱོར་བའི་མན་ངག་ངེས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས། རྣལ་འབྱེར་མ་སྣ་ཚོགས་སྡེ་མ་ལ་ཡང་དང ་ཡང་དུ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། རྣལ་འབྱོར་མ་ཡི་གཙོར་གྱུར་པ།། ཤེས་རབ་ཆེན་པོ་ལྷ་མོ་ལེགས།། ཁྱོད་ཀྱིས་གསུངས་པའི་སྦྱོར་བ་གང་།། འཇིག་རྟེན་ན་ཡང་རྙེད ་པར་དཀའ། ། བདག་གིས་རྒྱུད་ཀུན་མཐོང་མོད་ཀྱི།། སྦྱོར་བ་འདི་དག་རྙེད་པར་དཀའ།། རྒྱུད་འདིར་ཁྱོད་ཀྱིས་གང་གསུངས་པ།། སངས་རྒྱས་ཀུན་གྱིས་མ་བཤད་དོ།། ཨ་མའོ་སེམས ་ཅན་དོན་ལ་བརྩོན། ། ཨེ་མའི་སངས་རྒྱས་ཀུན་བསྐྱེད་མ།། ཨེ་མའོ་ཕྱག་རྒྱ་ཆེ་ལ་བརྩོན།། སྔགས་རྣམས་ཀུན་གྱི་རབ་སྦྱོར་བ།། ཤིན་ཏུ་རྙེད་པ་གང་ཡིན་དེས།། རྣལ་འབྱོར་པ་གང་ངོ་མཚར ་བ། ། སྣ་ཚོགས་བྱེད་འགྱུར་ལྷ་མོ་གསུངས།། དང་པོའི་ལེའུར་གང་གང་གསུངས།། སྦྱོར་དེ་ལྷ་མོ་བདག་ལ་ཤོད།། འདི་ལྟ་བུ་ཡི་ཚིག་གསན་ནས།། རྣལ་འབྱོར་མ་ནི་སྣ་ཚོགས་སྡེ།། བཞད ་ཅིང་ཤིན་ཏུ་བཞད་པ་ཡིས། ། ལྷ་རྣམས་ཐམས་ཅད་སྐྲག་པ་དང་།། བདུད་སྡེ་ཐམས་ཅད་འབྲོས་པ་དང་།། བགེགས་རྣམས་ཐམས་ཅད་འཇིག་པར་འགྱུར།། ཨེ་མའོ་བཞད་པའི་ངེས་པ་ཡིས།། ་རྒྱལ་བའི་མཆོག་ཀུན་ངོ་མཚར་རོ།། གསུངས་པ། རྒྱལ་མཚན་འཕྱང་བ་བླང་བྱས་ལ།། དེ་ཡི་ཤ་ཡང་བླང་བྱ་ཞིང་།། དེ་ཡི་རྐེད་ཆའི་རུས་པ་ནི།། བླངས་ནས་ཐབ་ཁུང་དུ་ནི་བྱ།། དེ་ཡི་ཐོད་པའི ་རྗེས་བཟུང་སྟེ། ། རྒྱུས་པ་སྡོང་བུར་བྱས་ཏེ་གཞག། དེ་ཡི་མར་ཁུས་དགང་བྱ་ཞིང་།། ཟབ་ཁུང་གྲུ་གསུམ་སྟེང་དུ་གཞག། གཞན་ཡང་དུད་པ་འབེབས་པ་དང་།། ཇི་སྲིད་དུད་པ ་ཆགས་ཀྱི་བར། ། སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། གསང་སྔགས་འདི་ནི་བཟླ་བར་བྱ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་བྷ་ར་བྷ་ར། དྷ་དྷ་ར་དྷ་དྷ་ར། དྷ་ར་པཱ་ཡ་དྷ་ར་པཱ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ་ཏ་པ་ཡ་ཏ་པ་ཡ། ཏཱཾ་ཏཱཾ། ཨོཾ་མཾ་སཾ་ར་དྷྭཾ་ཀུ་རུ་ཀུ་རུ་བྷོ་བྷ་ག་ཝ་ཏི་བུདྡྷ་ཀ་པཱ་ལ་སྱ་ཛྙཱ་མ་ལཾ་གྷ་ཡ་ཤཱི་གྷྲཾ་ཀ་ཛ་ལ་བ་ཏཾ། པ་ཏ་ཡ་པ་ཏ་ཡ། ཏྲཱཾ་ཏཱཾ་ཨ་ཧཱུཾ་སྟམྦྷ་ཡ། བྷོ་བྷ་ག་ཝ་ཏི་ཧཱུཾ་ཨཾ་པཊ། འདི་ལྟར ་སྔགས་ཀྱི་རྒྱལ་པོ་ཡིས། ། འཇིག་རྟེན་གསུམ་ཡང་སྐམས་པར་བྱེད།། འབྱུང་པོ་རོ་ལངས་མཁའ་འགྲོ་མ།། སྲིན་པོ་ཤ་ཟ་ལ་སོགས་དང་།། གཞན་ཡང་རུང་སྟེ་བགེགས་དེ་རྣམས།། ཐོས་པ་ཙམ ་གྱིས་འབྲོས་པར་འགྱུར། ། ཇི་སྲིད་དུད་པ་མ་བབས་པ།། དེ་སྲིད་སྔགས་ནི་བཟླ་བར་བྱ།། དུད་པ་བབས་མ་ཐག་ཏུ་ནི།། ལག་པ་གཉིས་ཀས་གཟུང་བར་བྱ།། དེ་ནས་བློ་ཆེན་རྣལ་འབྱོར་པས།། ་རོལ་རྩེད་འཕྲེང་བ་བཏུང་བར་བྱ།། བུ་མོ་ལོ་ནི་བཅུ་དྲུག་མ།། ལང་ཚེའི་གཟུགས་ལ་བརྩེ་བ་ཅན།། འདི་ནི་རྣལ་འབྱོར་པ་ཡིས་སྤྱད།། གཅིག་ཏུ་སེམས་ཅན་དོན་འབད་པ།། གཅེར་བུ་སྐྲ་གྲོལ ་གྱུར་པ་ཡིས། ། མཁས་པས་ཧེ་ཧིའི་སྔགས་བཏོན་ཏེ།། རོལ་རྩེད་འཕྲེང་མ་བཏུང་བར་བྱ།། དེ་ཡི་རྗེས་ལ་རྩེད་འཇོ་བརྩམ།། ཤིན་ཏུ་བཞད་གྱུར་ཕོད་མཛད་པའི།། བརྩེ་བ་ཆེན་པོའི་ལག་གཡོན་དུ།། དུད ་ཆེན་མཆོག་ནི་གཞག་པར་བྱ། ། སྦྱོར་བ་ལ་ནི་མཁས་པ་ཡིས།། ཕྱིས་ནི་བགས་ཀྱིས་བྱ་བ་བྱ།། པདྨ་ལས་བྱུང་རྫས་གང་ཞིག། དེ་ཉིད་ཀྱིས་ནི་དུད་པ་མཉེ།། མིང་མེད་མཐེ་བོས་མེ ་ཏོག་སྦྱིན། ། རིལ་བུ་བརྒྱ་དང་རྩ་བརྒྱད་བྱ།། རིལ་བུ་ར་རེ་རེ་རེ་ལ།། གསང་སྔགས་བརྒྱ་དང་རྩ་བརྒྱད་བཟླ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏྲཾ་ཧྲཱིཿཧཱུཾ་ཕཊ། འཇིག་རྟེན་གསུམ་ན་རྙེད་དཀའ་ཞིང་།། རྒྱུད་རྣམས་ཀུན ་ཏུ་རྙེད་དཀའ་བ། ། རྣལ་འབྱོར་མས་ཀྱང་རྙེད་དཀའ་བའི།། སྔགས་འདི་ཡིས་ནི་དུད་པ་སྒྲུབ།། སྲིན་ལག་གིས་ནི་སོར་མོ་ཡིས།། མིག་ལ་དུད་པ་བྱུགས་ཙམ་གྱིས།། སྟོང་གསུམ་རྡུལ་ཕྲན་ལྟ་བུ་ཡི།། ་སངས་རྒྱས་ཐམས་ཅད་མཐོང་བར་འགྱུར།། དཔག་ཚད་འབུམ་ཕྲག་བརྒྱད་ཅུ་ཡི།། སྟེང་དང་འོག་ནི་མཐོང་བར་འགྱུར།། ལག་པ་གཡོན་པས་མཉེས་ཙམ་གྱིས།། སྐད་ཅིག་དེ་ལ་རྣལ་མར་འགྱུར།། ་མཛུབ་མོས་བྱུགས་པ་ཙམ་གྱིས་ནི།། རྒྱུ་དང་མི་རྒྱུ་མཐོང་འགྱུར་ཏེ།། འབྱུང་པོ་ཡི་དགས་ཤ་ཟ་དང་།། གཞན་ཡང་གྲུབ་པ་རྣམས་དང་ནི།། དཔག་ཚད་བྱེ་བ་སྟོང་ཕྲག་གི། སྟེང་དང་འོག་ནི་མཐོང ་བར་འགྱུར། ། ལག་པ་གཡོན་པས་མཉེས་ཙམ་གྱིས།། རྣལ་མར་འགྱུར་བར་ཐེ་ཚོམ་མེད།། གུང་མོས་བྱུགས་པ་ཙམ་གྱིས་ནི།། ཤིན་ཏུ་ངོ་མཚར་བྱེད་འགྱུར་ཏེ།། ཕེག་བརྡབས་བདུན་གྱི་སྒྲ ་ཚད་དུ། ། ནག་པོ་འབར་བྱེད་རྩེ་མོ་ཡིས།། སྤྲིན་རྣམས་ཐམས་ཅད་འཐོར་བར་འགྱུར།། འདི་ལྟའི་དུད་པ་རྙེད་པར་དཀའ།། ལག་པ་གཡོན་པས་མཉེས་ཙམ་གྱིས།། སྐད་ཅིག་དེ་ལ་མི་རུ་འགྱུར།། ་མཐེ་བོང་གིས་ནི་དུད་པ་ཡི།། བདག་ཉིད་ཆེན་པོ་བྱུགས་ཙམ་གྱིས།། གཟུགས་བརྙན་མཚན་མ་རི་དང་ཤིང་།། གཞན་དག་གང་ཡང་རུང་བ་རྣམས།། ཁྲོ་བའི་ལྟ་བས་བལྟས་ཙམ་གྱིས།། དུམ་བུ་སྟོང་དུ་འགྱུར་བ་ཡིན།། ་གཡོན་པས་མཉེས་པ་ཙམ་གྱིས་ནི།། རྣལ་མར་འགྱུར་བར་ཐེ་ཚོམ་མེད།། མཐེའུ་ཆུང་གིས་ནི་མིག་བྱུགས་ན།། སྐད་ཅིག་དེ་ལ་མི་སྣང་འགྱུར།། སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར།། སྐད་ཅིག་སུམ་ཅུ ་གསུམ་དུ་འཁོར། ། མཛོད་པ་བུད་མེད་རྫས་ཉིད་དང་།། དངོས་པོ་གང་དང་གང་འདོད་པ།། དུད་པའི་བདག་ཉིད་ཆེན་པོ་ཡིས།། སྐད་ཅིག་དེ་ལ་འཕྲོག་པར་འགྱུར།། འདི་ལྟ་བུ་ཡི་དུད་མཆོག་གི། སྦྱོར་བ་སྣ་ཚོགས། ་ལེགས་པར་བཤད།། དེ་ནི་མིག་ལ་བྱུགས་ཙམ་གྱིས།། རང་གི་གཟུགས་ནི་སྒྱུར་བར་བྱེད།། དུད་པ་འདི་ནི་བྱུགས་ཙམ་གྱིས།། རིག་པ་འཛིན་པའི་གཙོ་བོར་འགྱུར།། བྱ་རོག་འུག་པ་བྱ་རྒོད་དང་།། སྦྲུལ་དང་ཁྱི་དང ་ཅེ་སྤྱང་དང་། ། སྟག་དང་གུང་དང་བྱི་ལ་དང་།། སྦྲང་བུ་གླང་པོ་བོང་བུ་རུ།། དེ་ལྟར་དུད་པ་ཆེན་པོ་ཡིས།། སྣ་ཚོགས་པ་ཡི་ལས་བྱེད་པའོ།། ཀུན་ལ་ལས་ཀུན་ཡོད་མོད་ཀྱི།། སྦྱོར་བ་འབའ་ཞིག་རྙེད་པར་དཀའ།། སྦྱོར ་བཔ་གླེགས་བམ་ལ་མ་བྲིས། ། བླ་མའི་ཞལ་ནས་ཤེས་པར་བྱ།། དེ་ནས་ཡང་དག་རབ་བཤད་དེ།། སྦྱོར་བ་ཤིན་ཏུ་རྙེང་དཀའ་བ།། སྔགས་དང་རུས་པའི་སྦྱོར་བ་ཡིས།། རྟག་ཏུ་སྣ་ཚོགས་ལས་བྱེད་དོ།། གླང་པོའི ་། རུས་པས་གསད་པའི་སྦྱོར་བ་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཧྲཱིཿཧཱུཾ།། རྟ་ཡི་རུས་པས་བསྐྲད་པ་རྙེད་པར་དཀའ་བ་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཁཾ་ཧྲཱིཿཧཱུཾ་ཕཊ། བ་གླང་གི་རུས་པས་དགྲའི་སྙིང་ཀར་ཕུར་བུ་གང་བ ་པར་བྱའོ། ། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཏྲ་ཧྲཱིཿ། ཁྱིའི་རུས་པས་རེངས་པ་ཆེན་པོ་བྱ་བར་གསུངས་སོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨོཾ་ཨཱུ་ཧཱུཾ་ཕཊ། རུས་པ་ཆེན་པོས་ནི་དགུག་པར་བྱའོ།། ཨོཾ་བུདྡྷ ་ཀ་པཱ་ལི་ནཱི་ཧྲཱིཿབོ་ཥཊ། བོང་བུའི་རུས་པས་རྨོངས་པར་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བྲུ་ཧཱུཾ། འུག་པའི་རུས་པས་དབང་དུ་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཏྲེ་ཧྲཱིཿཧཱུཾ། བྱ་རྒོད་ཀྱི་རུས་པས་དབྱེ་བར་བྱའོ།། ཨོཾ་བུདྡྷ་ཀ ་པཱ་ལི་ནཱི་ཧཱ་ཕཊཿཧཱུཾ། བོང་བུའི་རུས་པས་རེངས་པར་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲཱི་ཎ~ཾ་ཏྲཾ། ཅེ་སྦྲང་གི་རུས་པས་གཡུལ་ལས་རྒྱལ་བར་བྱེད་དོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བྷ་ག་ཝ་ཏི་དྷ་ར་དྷ་ར་ཧ་ཧེ་ཧོ་ཧ་ཧ། མ་ཧེའི་རུས ་པས་དགའ་ཞིང་རྩེ་བས་ལོ་བཅུ་གཉིས་སུ་ཉིན་དང་མཚན་དུ་དེའི་བྱང་ཆུབ་སེམས་མི་ལྟུང་ངོ་། ། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ར་མ་ར་མ་ཀྲི་ཊ་ཀྲི་ཊ་ཧ་ཧ། སྦྲུལ་གྱི་རུས་པས་ཤིང་རྩ་ནས་འདོན་ནོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཏ་ཊ་ཏ་ཊ། ་ཋཐ་ཏ་ཡ་ཏྲ་ཏ་ཡ། མ་ཏ་སྥོ་ཊ་ཡ་སྥོ་ཊ་ཡ་ཨུཏ་པ་ཊ་ཡ་ཧཱུཾ་ཕཊ། སྟག་གི་རུས་པས་རི་འདེགས་པར་བྱེད་དོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི། གྷ་ར་གྷ་ར། མ་ཊ་མ་ཊ། ཏྲ་ཊ་ཡ་ཏྲ་ཊ་ཡ། གྷ་ནཱ་པ་ཡ་གྷ་ཊུ་པ་ཡ། སྥུ་ཊ་སྥུ་ཊ། ་མོ་ཊ་མོ་ཊ་ཡ་སཾ་ཀྲ་མ་ཡ་ཧྲཱིཿཧཱུཾ་ཏྲཾ་ཕཊ། ལྕགས་ཀྱུས་ནི་ནགས་སྟུག་པོ་སྟོངས་པར་བྱེད་དོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲེ་ནཱ་ཤ་ཡཱ་མ་ར་ཡེ། གྷུ་ཊ་གྷུ་ཊི་ནི་སརྦ་བ་ན་ཡ་ཏི་ན་ཧྲི་ཡེ་ཡཾ་ཏ་ཌ་ཡ་བི་དྲ་པ་ཡ་ཙ་མོ་ཙ་མཾ། ་བྷྲ་མ་ཡ་བྷྲ་མ་ཡ། བྷོ་བྷ་ག་ཝ་ཏི་ཨཾ་ཨཾ་ཏ་ཊ་ཧཱུཾ་ཕཊ། སེམས་གཅིག་དྲི་མེད་མེ་ལོང་བཞིན།། གང་བསམས་དེ་ཡང་གཟུགས་བརྙན་དང་།། རྨི་ལམ་ལྟ་བུར་ཤེས་མོད་ཀྱི།། འོན་ཀྱང་རྣམ་པར་རྟོག་པས ་གསུངས། ། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པའི་གསང་བའི་ཡང་ཤིན་ཏུ་གསང་བ་ལས། སྔགས་སྣ་ཚོགས་ཀྱི་རབ་ཏུ་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། ་། དེ་ནས་ཡང་དག་རབ་བཤད་པ།། རྣམ་དག་ལེའུ་རབ་རྙེད་དཀའ།། ནེ་ནེ་མོ་དང་ཚ་མོ་དང་།། མ་དང་བུ་མོ་ཆུང་མ་ཉིད།། གལ་ཏེ་ཕྱག་རྒྱ་ཆེ་འདོད་ན།། ཤེས་རབ་ཅན་གྱིས་འདི་དག་སྤྱད།། གཡུང ་མོ་དང་ནི་གར་མཁན་མ། ། ཁྲུས་མཁན་མ་དང་གཏུམ་མོ་ཡི།། བུ་མོ་ཀོ་བ་བྱེད་པར་གསུངས།། བློ་དང་ལྡན་པས་འདི་དག་སྤྱད།། དེ་ལྔ་རྣལ་འབྱོར་མ་ཡི་མཆོག། དེ་ནས་ཡང་དག་རབ་བཤད་པ།། མ་དག་པ་ཡི ་སེམས་སྦྱང་ཕྱིར། ། མིག་ནི་སྲིང་མོར་གྱུར་པ་སྟེ།། རྣ་བ་ཚ་མོ་ཉིད་ཡིན་ནོ།། སྣ་ནི་མ་རུ་འགྱུར་པ་སྟེ།། ལྕེ་ནི་བུ་མོ་ཉིད་ཡིན་ནོ།། ཡིད་ནི་ཆུང་མར་འགྱུར་བ་སྟེ།། ལྔ་པོ་དེ་རྣམས་མཆོག་ལྷ་མོ།། ཕྱག་རྒྱ་ཆེན་པོ་རབ ་སྟེར་མའོ། ། གཏི་མུག་གར་མཁན་མ་རུ་འགྱུར།། ཞེ་སྡང་གཡུང་མོ་ཉིད་ཡིན་ནོ།། འདོད་ཆགས་ཁྲུས་མཁན་མ་ཡིན་ཏེ།། ང་རྒྱལ་གཏུམ་མོ་ཉིད་ཡིན་ནོ།། ཕྲག་དོག་ཀོ་བ་བྱེད་མའོ།། ལྔ་པོ་དེ་རྣམས་བུད་མེད ་མཆོག། གཟུགས་ལས་གཏི་མུག་སྐྱེ་བ་སྟེ།། སྒྲ་ལས་ཞེ་སྡང་སྐྱེ་བ་ཡིན།། དྲི་ལ་ལོངས་སྤྱོད་པས་འདོད་ཆགས།། རོ་ལས་ང་རྒྱལ་ཉིད་ཡིན་ཏེ།། རེག་བྱ་ལས་ནི་ཕྲག་དོག་སྐྱེ།། སེམས་ཀྱི་དག་པ་ཉིད་ཡིན། ་ནོ།། དེ་ཕྱིར་རྣལ་འབྱོར་བློ་ཆེན་གྱིས།། ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི།། སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་།། སྐྱེ་གཞན་སྲིད་པར་དངོས་གྲུབ་པ་ཐོབ།། ཇི་ལྟར་དངོས་པོ་མེད་པར་བསྒོམ།། ཇི་ལྟར་དངོས་པོ ་བསྒོམ་པར་བྱ། ། དངོས་པོ་བསྒོམ་བྱ་ཇི་ལྟར་འགྱུར།། སྲིང་མོའི་གཟུགས་ནི་ཇི་ལྟར་ཡིན།། དཀར་མོ་ལྗང་ཀུའི་སྔོན་མོའི་མདོག། འདི་ལྟའི་གཟུགས་དང་ལྡན་པར་ནི།། དག་པའི ་སེམས་ཀྱིས་བལྟ་མི་བྱ། ། ཚ་མོས་ཇི་ལྟར་སྒྲ་ཐོས་པའི།། སྒྲ་གྲགས་པ་ནི་རྣམ་གསུམ་ཉིད།། འདི་ལྟའི་སྦྱོར་དང་ལྡན་པར་ནི།། དག་པའི་སེམས་ཀྱིས་མཉན་མི་བྱ།། རབ་སྦས་སྐྱེས་མ་གང་ཡིན་དེས།། ་དེ་ནི་རྣམ་པ་གསུམ་བལྟས་པ།། ལྷ་མིན་ཡིད་དང་ལྡན་པ་ལ།། ཇི་ལྟར་འདོད་ཆགས་སྐྱེ་བར་འགྱུར།། ལྕེ་དང་ལྷན་ཅིག་ལོངས་སྤྱོད་རྫས།། རོ་དྲུག་མྱངས་པ་ཅི་འདྲ་བ།། མྱངས་པས་ལོངས་སྤྱོད་ལྡན ་པ་ཡི། ། མྱངས་པའི་གཟུགས་ནི་ཇི་ལྟ་བུ།། ཡིད་ཀྱིས་ལོངས་སྤྱོད་དགའ་དེ་ཉིད།། ཡིད་ཀྱིས་གཉིས་ཀ་སྤྱད་པས་བདེ།། དེར་ནི་རྟག་པ་ཡོད་མ་ཡིན།། དངོས་པོ་ལས་ནི་དངོས་མེད་ཡོད།། དངོས ་མེད་ལ་ཡང་དངོས་པོ་ཉིད། ། དངོས་དང་དངོས་མེད་གཉིས་ཀ་སྟོང་།། འདི་དག་སེམས་ཀྱི་དག་པ་ཉིད།། དེ་ནས་གཞན་ཡང་རབ་བཤད་པ།། ཕྱི་ཡི་ལུས་ནི་སྦྱང་ཕྱིར་རོ།། ལྷ་དང་ལྡན་པ་སྙིང་རྗེ ་སྟེ། འཁྱུད་པ་བྱམས་པར་འགྱུར་བའོ།། དྲུད་པའི་སྦྱོར་བའི་བདག་ཉིད་ནི།། དགའ་བ་ཡན་ལག་མ་ཡི་མཆོག། གཉིས་ཀ་འདུས་ལས་གང་འཛག་པ།། དེ་ནི་བདག་གིས་བཏང་སྙོམས་གསུངས།། ་དེ་ལྟར་དངོས་པོའི་སྦྱོར་ལྡན་པ།། ཇི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར།། མཐོང་བ་ལས་ནི་འདོད་ཆགས་སྐྱེ།། འཁྱུད་ལས་འབྲས་བུ་ཅུང་ཟད་ཅེས།། དྲུང་བ་ལས་ནི་དགའ་བ་སྐྱེས།། ཀུན ་གྱི་མཐའ་མར་དགའ་བྲལ་ལོ། ། དེ་ལྟར་དགའ་དང་དགའ་བྲལ་འབྲས།། ཁམས་གསུམ་པ་ལས་སྐྱེ་བར་འགྱུར།། རབ་དགའ་སེམས་ཀྱི་སྦྱོར་བ་ཡིས།། དངོས་པོ་གསུམ་གྱིས་འཆིང་མི་འགྱུར།། ་བཟའ་དང་བཏུང་བ་གང་ཅིབང་རུང་།། བདེ་བ་འབབ་པའི་ཁ་ཟས་རྣམས།། དེ་ཀུན་བཤང་དང་གཅི་སོགས་སུ།། རྣལ་འབྱོར་རིག་པས་རྟག་ཏུ་བརྟག། གང་ཅི་རུང་བའི་དགའ་རྩེད་འཇོ།། འཁྱུད་པ ་དང་ནི་འོ་བྱེད་དང་། ། ཉེད་དང་འཆིར་བ་ཉིད་ཀྱིས་ནི།། ཕྱག་རྒྱ་ཆེན་པོའང་མཐོང་བར་འགྱུར།། འདི་ལྷའི་སྒོམ་དང་ལྡན་པས་ནི།། འདི་རུ་འགྲུབ་པར་ཐེ་ཚོམ་མེད།། རྣལ་འབྱོར་མ་ལྔས་སངས ་རྒྱས་ཀྱི། ། དཔལ་དང་ཕྱག་རྒྱ་ཆེ་སྟེ་བྱེད།། རྣལ་འབྱོར་པ་ཡིས་དེ་མཆོད་ན།། འདོད་པ་རྣམས་ཀྱིས་གོས་མི་འགྱུར།། ཕྲག་དོག་ལ་སོགས་ཀྱིས་སྦགས་ཀྱང་།། དེ་ལ་ཉེས་པས་གནོད ་པ་མེད། ། རྣལ་འབྱོར་པ་ཡི་མཆོག་དེ་ཉིད།། སྲིད་པའི་ཉེས་པས་གོས་མི་འགྱུར།། ཇི་སྲིད་ཁམས་ཕྱེ་དེ་མི་གསོར།། སངས་རྒྱས་སྐུ་སྲིད་སྡིག་དང་བྲལ།། བྱང་ཆུབ་སེམས་ནི་འཛག ་མེད་པ། ། གང་ཚེ་ཕུན་སུམ་ཚོགས་པའི་ཤིང་།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། སེམས་རྣམ་པར་དག་པའི་ལེའུ་སྟེ་བཅུ ་གསུམ་པའོ། ། །། དེ་ནས་ཡང་དག་རབ་བཤད་པ།། སྣ་ཚོགས་སྡེ་མས་བསྔགས་པའི་ལེའུ།། དེ་ལྟར་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་།། རི་རབ ་ཀྱི་རྡུལ་ཕྲ་རབ་སྙེད་དང་མཚུངས་པའི་རྣལ་འབྱོར་མ་རྣམས་སྤྱན་དྲངས་ཤིང་མགུ་བའི་སེམས་ཀྱིས་སྣ་ཚོགས་བདེ་མ་ལ་བཏུད་དེ་བསྟོད་པ། ཀྱེ་མའོ་བཅོམ་ལྡན་འདས་ལྷ་མོ།། ་སངས་རྒྱས་ཐམས་ཅད་སྐྱེད་བྱེད་མ།། དཔལ་དང་གྲགས་པ་ཆེ་ཞིང་འཇིགས།། སེམས་ཅན་ཀུན་ལ་ཕན་མཛད་མ།། ལྷ་མོ་སྙིང་རྗེ་ཆེ་ལྡན་མ།། ཕྱག་རྒྱ་ཆེན་པོ་བློ་ཆེན་མ།། དོན་ཆེན་འབྲས་བུ་སྟོན ་མཛད་མ། ། སངས་རྒྱས་ཐོད་པ་ཡི་ནི་རྒྱུད།། རྡོ་རྗེ་འཆང་གིས་སྦས་པ་དང་།། སངས་རྒྱས་རྣམས་ཀྱིས་མ་གསུངས་ཤིང་།། བྱང་ཆུབ་སེམས་དཔའི་ཡུལ་མིན་པ།། གསུངས་གཅིག་གིས་ནི་གསལ། ་མཛད་དེ།། དེ་ནི་ལྷ་མོ་ཁྱོད་ཀྱིས་གསུངས།། ཨ་མའོ་སྣོད་ཆེན་ལྷ་མོ་ཁྱོད།། རྣལ་འབྱོར་མ་ཀུན་བསྡུས་བྱས་པ།། དེ་བཞིན་གཤེགས་ཀུན་ཡུལ་མིན་པ།། རྙེད་དཀའ་དངོས་གྲུབ་གང་ཡིན་པ།། ་དེ་ནི་ལྷ་མོས་གསལ་བར་མཛོད།། གསུངས་པ། རྣལ་འབྱོར་མ་ནི་ཐམས་ཅད་ཉོན།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། འདོད་ཆགས་བྲལ་དང་བདག་ཆེན་ཉོན།། སངས་རྒྱས་དེ ་བཞིན་གཤེགས་པ་ཉོན། ། ཀླུ་དང་ལྷར་བཅས་མི་རྣམས་ཉོན།། རྒྱུད་རྒྱལ་འདི་ནི་བཀླགས་ཙམ་གྱིས།། བསོད་ནམས་གང་ཡིན་དེ་ཀུན་གྱི།། བསོད་ནམས་རྗེས་རང་ཡོངས་སུ་བསྔོ།། ཕྱག ་། རྒྱ་ཆེན་པོའི་དོན་དུ་ནི།། སངས་རྒྱས་ཡོན་ཏན་རྣམ་པ་དབུལ།། སྔགས་དོན་ཟབ་མོ་རྣམས་དང་ནི།། སྦྱོར་བ་ཤིན་ཏུ་རྙེད་དཀའ་བ།། གང་ཞིག་གསལ་བྱས་བདག་བཟོད་མཛོད།། ཤིན་ཏུ་སྦས ་བའི་ཡུལ་དེ་ཡང་། ། སེམས་ཅན་དོན་དུ་གསལ་བྱས་པས།། རྒྱལ་པོའི་མཆོག་རྣམས་བདག་བཟོད་མཛོད།། དེ་ནས་ཡང་དག་རབ་བཤད་པ།། སྔགས་ཀྱི་བཟླས་པ་སྟོབས་པོ་ཆེ།། ་གལ་ཏེ་དངོས་གྲུབ་མཆོག་འདོད་ན།། སངས་རྒྱས་ཐོད་སྦྱོར་བཟང་པོ་བཟླ།། ཨོཾ་ཧྲཱིཿབུདྡྷ་ཧཱུཾ་ཀཱ་པཱུ་ལི་ནཱི་ཨཱཿའཇུག་པ་ལ་ཨོཾ། འབྱུང་བ་ལ་ཧྲཱིཿགནས་པ་ལ་བུདྡྷ། བདེ་བ་ལ་ཧཱུཾ། ནུབ་པ ་ལ་ཀ་པཱ་ལི་ནཱི། ལྡང་བ་ལ་ཨཱཿའོ།། དེ་ལྟར་བཟླས་པ་རབ་རྙེད་དཀའ།། སངས་རྒྱས་ཐོད་པའི་སྦྱོར་ཆུད་བཟླ།། དེ་ལྟར་ཡིད་ཀྱི་བཟླས་ལྡན་པས།། དངོས་གྲུབ་འཐོབ་པ་ཐེ་ཙོམ་མེད།། ་། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧྲཱིཿཧཾ་ཧཱུཾ་ཕཊ། སྙིང་པོའི་སྔགས་སོ།། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲཱི་ཎི་ཧོ་ཧཱུཾ། ཨ་དུར་ལཱཀྵེ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའི་སྔགས་སོ།། དེ་ནས་ཡང་དག་རབ་བཤད་པ། ་དབང་དུས་ཆོ་ག་ཇི་བཞིན་དུ།། སློབ་མ་དང་བརྟན་གང་ཞིག་གིས།། ཤེས་རབ་མ་ལ་གསོལ་བ་གདབ།། དྲི་ཞིམ་པ་ཡི་དངོས་པོ་ཡིས།། མཎྜལ་རྣམ་པ་ལྔ་བྱས་ཏེ།། སངས་རྒྱས་ཀུན་གྱི ་རྒྱན་བྱས་པ། ། ལྷ་མོ་ཆེ་ལ་གསོལ་བ་གདབ།། ཞལ་དུ་བཟའ་བའི་རྫས་མཆོག་བཏབ།། རྫས་དེ་རྣམས་ནི་གསོལ་བ་དང་།། ཡིད་ནི་ཚིམ་ཞིང་ཐུགས་དགྱེས་སོ།། ལྷ་མོ་དགྱེས་པར་མཐོང ་ནས་ནི། ། ཚིག་འདི་དག་གིས་སྨྲ་བར་བྱེད།། རྣམ་པར་རྟོག་པ་མང་པོ་ཡིས།། གཡོགས་པའི་བག་ཆགས་རབ་ལྡན་པ།། འཁོར་བའི་འདམ་དུ་བྱིང་བ་དག། མཛེས་མ་ཁྱོད་ཀྱིས་སྐྱོབ་པར ་མཛོད། ། གྲགས་ཆེན་སྙིང་རྗེ་ལྡན་པ་ཡི།། ལྷ་མོ་དེ་ནི་ཞི་བར་མཛོད།། དེར་ནི་རྒྱན་རྣམས་ཐམས་ཅད་དང་།། ལྷབ་ལྷུབ་རྒྱུན་རྣམས་དབུལ་བར་བྱ།། དད་པ་བརྟན ་པའི་སེམས་ཀྱིས་ནི། ། དེ་ནས་བདག་ཉིད་དབུལ་བར་བྱ།། སྣ་ཚོགས་ཟས་དང་སྣ་ཚོགས་བཏུང་།། དེ་ཡི་མདུན་དུ་དབུལ་བར་བྱ།། གང་གིས་ཤེས་རབ་མ་མཉེས་པ།། སངས་རྒྱས ་ཐམས་ཅད་ཀྱིས་ནི་མཆོད། ། འདི་ཉིད་ལ་ནི་སངས་རྒྱས་བཞུགས།། གཞན་ཡང་དངོས་གྲུབ་གཙོ་བོ་དང་།། སྙིང་རྗེ་ལྡན་པ་གཞན་གང་ཞིག། མཁའ་འགྲོ་མ་ཀུན་འདི་ལ་བཞུགས།། གང ་དུ་དབང་པོ་འགགས་གྱུར་པ། ། བདག་རྟོག་རང་བཞིན་ཉམས་པ་སྟེ།། ཀྱེ་དེ་ལྷན་ཅིག་སྐྱེས་དགར་གྱུར།། བླ་མའི་ཞལ་སྔ་གསལ་བར་ཞུས།། གང་ཞིག་འཆར་དུས་ཚེ་ན་དཔའ་བོ་དང་།། ་ཡུལ་མཉམ་ནུབ་གྱུར་དེ་ལ་ཕྱག་འཚལ་ལོ།། མཁས་པ་རྣམས་ཀྱི་སྙིང་སྦས་སུ་སད་ལ།། ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར ་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། སྔགས་ཀྱི་བཟླས་པ་དང་། ཤེས་རབ་མ་ལ་གསོལ་བ་གདབ་པ་དང་། རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་སྟེ་བཅུ་བཞི ་པའོ། ། །། འདི་གསུངས་ནས་སྣ་ཚོགས་སྡེ་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་གནས ་ན་འདུག་སྟེ། ཅིའང་མི་གསུང་བར་བཞུགས་སོ།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད་རྣལ་འབྱོར་མ་ཆེན་མོས་གསུངས་པ་མཆོག་ཏུ་གསང་བ་རྫོགས་སོ།། ། རྒྱ་གར ་